CLOSE WINDOW

S521: བསིལ་བའི་ཚལ་ཆེན་པོའི་མདོ
Wyliee-texts produced with ocr Programm

རྒྱ་གར་སྐད་དུ། མ་ཧཱ་ཤི་ཏ་བ་ནཱི་ཀ་སུ་ཏྲ། བོད་སྐད་དུ། བསིལ་བའི་ཚལ་ཆེན་པོའི་མདོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འཇིག་རྟེན་མཁས་པ་རྫོགས་སངས་རྒྱས།། ག་གིས་ཐོག་མར་རིག་སྔགས་རྣམས། ། འཛམ་བུའི་གླིང་དུ་གསུངས་པ་ཡི།། སངས་རྒྱས་དཔལ་ལ་ཕྱག་འཚལ་ལོ།། ད་ལྟར་བྱུང་དང་འདས་པ་དང་།། མ་བྱོན་སངས་རྒྱས་གང་ལགས་པ།། ཐམས་ཅད་ལ་ཡང་བདག་ཕྱག་འཚལ། ། དེ་དག་ཀུན་ལ་སྐྱབས་སུ་མཆི།། འཁོར་ལོ་བསྐོར་བ་བླ་མེད་པ།། མར་མེ་མཛད་ལ་ཕྱག་འཚལ་ལོ།། ཆོས་ཀྱི་རྒྱལ་པོ་འོད་མཛད་པ།། ཐམས་ཅད་གནོན་ལ་ཕྱག་འཚལ་ལོ། ། ཐམས་ཅད་མཁྱེན་པ་གྲགས་ལྡན་པ།། པདྨའི་བླ་ལ་ཕྱག་འཚལ་ལོ།། སྤྱན་དང་ལྡན་པ་སྐྱོབ་མཛད་པ།། རབ་འཐོར་གཤེགས་ལ་ཕྱག་འཚལ་ལོ།། དེད་དཔོན་བླ་ན་མེད་པའོ།། གྲགས་པའི་བླ་མ་ཕྱག་འཚལ་ལོ། ། ཉི་ཟླ་ལྟ་བུར་འོད་མཛད་པ།། བདེ་མཛད་དེ་ལ་ཕྱག་འཚལ་ལོ།། ཆོས་ཀྱི་མ་ལོང་སྟོན་པ་པོ།། དོན་གཟིགས་ལ་ཡང་ཕྱག་འཚལ་ལོ།། དུལ་བའི་ཚུལ་ཁྲིམས་འཇིགས་མེད་པ།། རྒྱལ་ཞེས་བྱལ་ཕྱག་འཚལ་ལོ། ། མཚན་མཆོག་སུམ་ཅུ་རྩ་གཉིས་ལྡན།། སྐར་རྒྱལ་ལ་ཡང་ཕྱག་འཚལ་ལོ།། རྫོགས་པའི་སངས་རྒྱས་དཔལ་ལྡན་པ།། རྣམ་པར་གཟིགས་ལ་ཕྱག་འཚལ་ལོ།། འོད་ཅན་གཟི་བརྗིད་ལྡན་པ་པོ། ། གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ།། ལེགས་པར་མཆོད་པ་གྲགས་ལྡན་པ།། ཐམས་ཅད་སྐྱོབ་ལ་ཕྱག་འཚལ་ལོ།། བདུད་དཔུང་རབ་ཏུ་འཇོམས་པ་པོ།། ལོག་དང་སེལ་ལ་ཕྱག་འཚལ་ལོ། ། བྲམ་ཟེ་དཔལ་དང་ལྡན་པ་པོ།། གསེར་ཐུབ་དེ་ལ་ཕྱག་འཚལ་ལོ།། སེམས་ཅན་ཀུན་ལ་ཐུགས་བརྩེ་བ།། འོད་སྲུངས་དེ་ལ་ཕྱག་འཚལ་ལོ།། ཤཱཀྱ་སེང་གེ་འོད་མཛད་པ།། གསེར་མདོག་ཅན་ལ་ཕྱག་འཚལ་ལོ། ། སེར་སྣ་མེད་པ་ཐུགས་རྗེ་ཅན།། བྱམས་པ་ལ་ཡང་ཕྱག་འཚལ་ལོ།། སངས་རྒྱས་ཀུན་ལ་ཕྱག་འཚལ་ཏེ།། དེ་དག་ལ་ནི་བདག་སྐྱབས་མཆི།། གང་དག་གིས་ནི་ཆོས་བསྟན་པ། ། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ།། གང་ལ་སངས་རྒྱས་གུས་མཛད་པའི།། ཆོས་ལ་བདག་ནི་ཕྱག་འཚལ་ལོ།། གང་ལ་ཕུལ་ན་དོན་ཆེ་བའི།། དགེ་འདུན་ལ་ཡང་ཕྱག་འཚལ་ལོ།། ཉན་ཐོས་ཤེས་རབ་མཆོག་གྱུར་པ། ། ཤཱ་རིའི་བུ་ལ་ཕྱག་འཚལ་ལོ།། རྫུ་འཕྲུལ་ཅན་གྱི་མཆོག་གྱུར་པ།། མོའུ་འགལ་བུ་ལ་ཕྱག་འཚལ་ལོ།། ཆོས་ཀྱི་གཏམ་ལ་འཇིགས་མེད་པ།། ཀ་ཏྱའི་བུ་ལ་ཕྱག་འཚལ་ལོ།། ཉན་ཐོས་སྦྱངས་པའི་མཆོག་གྱུར་པ།། འོད་སྲུངས་ལ་ཡང་ཕྱག་འཚལ་ལོ།། སྐྱོབ་པ་ཡི་ནི་དབང་གྱུར་པ།། ཀོའུ་དི་རྒྱལ་ཕྱག་འཚལ་ལོ།། མང་དུ་ཐོས་པ་རིག་སྔགས་འཆང་།། ཀུན་དགའ་བོ་ལ་ཕྱག་འཚལ་ལོ་ལུས་ངན་དང་ནི་ཡུལ་འཁོར་སྲུང་། ། མིག་མི་བཟང་དང་འཕགས་སྐྱེས་པོ།། ཕྱོགས་བཞི་ཁོ་ར་ཁོར་ཡུག་གི། རྒྱལ་ཆེན་རྣམས་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་ནི་སྡེ་དཔོན་མཆོག། ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ། ། ཕ་མ་མཁན་པོ་སློབ་དཔོན་དང་།། ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ།། དེ་དག་ལ་ནི་ཕྱག་འཚལ་ནས།། རིག་སྔགས་འདི་ནི་གྲུབ་གྱུར་ཅིག། གང་གི་དོན་དུ་བྱ་བ་ཡི།། དོན་དེ་བདག་ལ་གྲུབ་གྱུར་ཅིག། སྡང་བར་སེམས་ཤིང་གནོད་བྱེད་པའི།། མི་མ་ཡིན་རྣམས་གུང་དུ་དང་།། གནོད་པར་འདོད་དང་གླགས་ལྷ་རྣམས།། སྟོན་པའི་བསྟན་པ་མཉན་པར་གྱིས།། བྱམས་པར་སེམས་ཤིང་པན་འདོད་པའི། ། མི་མ་ཡིན་པ་གང་ཡིན་རྣམས།། ཐམས་ཅད་འདུས་ཤིང་མཐུན་གྱུར་ནས།། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ཚིག། སྟོན་པས་རྗེས་སུ་ཡི་རང་བ།། དགའ་བའི་སེམས་ཀྱིས་བདག་ལ་ཉོན། རབསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་ནི་རྒྱལ་པོ་ཆེན་པོ་བཞིའི་སྲུང་བ་ཆེན་པོ་སྟེ། འཁོར་བཞི་པོ་རྣམས་ལ་ཡོངས་སུ་ཁྱབ་པའོ།། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ཀླུ་དང་། ནམ་མཁའ་ལྡིང་དང་། གསང་བ་པ་དང་། འབྱུང་པོ་དང་། གྲུལ་བུམ་དང་། ཡི་དགས་དང་། སྲུལ་པོ་དང་། ཤ་ཟ་དང་། ལྷ་མ་ཡིན་དང་། རླུང་ལྷ་དང་། སྐེམ་བྱེད་དང་། འཚེ་རྒྱུ་དང་། སྨྱོ་བྱེད་དང་། མི་འམ་ཅི་དང་། གྱེན་དུ་རྒྱུ་དང་། རྒྱུ་བ་དང་། འདུན་པ་དང་། ངན་བྱེད་དང་། གཟི་བྱིན་འཕྲོག་པ་དང་། བརྗེད་བྱེད་དང་། རིམས་དྲག་པོ་དང་། རིམས་ཞག་གཅིག་པ་དང་། ཞག་གཉིས་པ་དང་། ཞག་གསུམ་པ་དང་། ཞག་བཞི་པ་དང་། མི་དང་མི་མ་ཡིན་པ་སྤང་བར་སེམས་པ་དང་། གླགས་ལྟ་བ་དང་། མི་ཕན་པར་འདོད་པ་དང་། གནོད་པར་བྱེད་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མི་དགའ་བ་དང་། གནོད་པར་འདོད་པ་དང་། ཕན་པར་མི་འདོད་པ་དང་། བདེ་བར་མི་འདོད་པ་དང་། གྲུབ་པ་དང་བདེ་བར་མི་འདོད་པ་དང་། འཁོར་བཞི་པོ་རྣམས་ལ་མི་དགའ་བ་དང་། གནོད་པར་འདོད་པ་དང་། ཕན་པར་མི་འདོད་པ་དང་། བདེ་བར་མི་འདོད་པ་དང་། གྲུབ་པ་དང་བདེ་བར་མི་འདོད་པ་དང་། མིང་འདི་ཞེས་བྱ་བ་ལ་མི་དགའ་བ་དང་། གནོད་པབར་འདོད་པ་དང་། ཕན་པར་མི་འདོད་པ་དང་། བདེ་བར་མི་འདོད་པ་དང་། གྲུབ་པ་དང་བདེ་བར་མི་འདོད་པ་གང་ཡིན་པ་དེ་དག་ནི་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་ཐོས་ནས་དེངས་ཤིག། སྐྲག་པར་གྱུར་ཅིག་དངང་བར་གྱུར་ཅིག། ཀུན་ཏུ་དངང་བར་གྱུར་ཅིག། འདི་ན་མ་འཁོད་ཅིག། ངན་སེམས་དང་གནོད་སེམས་ཀྱི་མགོ་བོ་ཚལ་པ་བདུན་དུ་འགས་ས་རེ། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ཀླུ་དང་ནམ་མཁའ་ལྡིང་དང་། གསང་བ་པ་དང་། འབྱུང་པོ་དང་། གྲུལ་བུམ་དང་། ཡི་དགས་དང་། སྲུལ་པོ་དང་། ཤ་ཟ་དང་། ལྷ་མ་ཡིན་དང་། རླུང་ལྷ་དང་། སྐེམ་བྱེད་དང་འཚེ་རྒྱུ་དང་། སྨྱོ་བྱེད་དང་། མི་འམ་ཅི་དང་། གྱེན་དུ་རྒྱུ་བ་དང་། རྒྱུ་བ་དང་། འདུན་པ་དང་། ངན་བྱེད་དང་། གཟི་བྱིན་འཕྲོག་པ་དང་། བརྗེད་བྱེད་དང་། རིམས་དྲག་པོ་དང་། རིམས་ཞག་གཅིག་པ་དང་། ཞག་གཉིས་པ་དང་། ཞག་གསུམ་པ་དང་། ཞག་བཞི་པ་དང་། མི་དང་མི་མ་ཡིན་པ་སྡང་བར་སེམས་པ་མ་ཡིན་པ་རྣམས་དང་། གླགས་མི་ལྟ་བ་དང་། ཕན་པར་འདོད་པ་དང་། གནོད་པབར་མི་འདོད་པ་དག། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དགའ་བ་དང་། དོན་དུ་འགྱུར་བར་འདོད་པ་དང་། ཕན་པར་འདོད་པ་དང་། བདེ་བར་འདོད་པ་དང་། གྲུབ་པ་དང་བདེ་བར་འདོད་པ་དདང་མིང་འདི་ཞེས་བྱ་བ་ལ་དགའ་བ་དང་། དོན་དུ་འགྱུར་བར་འདོད་པ་དང་། ཕན་པར་འདོད་པ་དང་། བདེ་བར་འདོད་པ་དང་། གྲུབ་པ་དང་བདེ་བར་འདོད་པ་གང་ཡིན་པ་དེ་དག་ནི་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་ཐོས་ནས་འདིར་འཁོད་ཅིག། མ་སྨ་གཅིག། མདང་ཞིག། ཀུན་ཏུ་ངང་བར་མ་གྱུར་ཅིག། མི་འཇིགས་པ་ཁོ་ནར་གྱུར་ཅིག། མིང་འདི་ཞེས་བྱ་བའི་དོན་དང་། བན་པ་དང་། འདི་པ་དང་། བདེ་བར་གནས་པར་བྱ་བའི་ཕྱིར། བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་བདག་གིས་བསྟན་ཅིང་བཤད་པར་བྱའོ།། དེ་ལ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་བདག་ལ་སྲུང་བ་ནའདི་ཡིནཏེ། བྱུད་འཐོད་ན། ཁ་ཊ། སྱཱ་སི། བལ་ཀ་ཊེ། རོག་ཏུང་ཟག་དྷཱ། དྷ་མཻ་ཧི་ལི། དུས་ཏི། ཀྲིཿ་ཏི། ཨཱ། ཀརྞ་རཱི། མ་སྦྱ་ར་ཀ་ལ་བེ། ས་མ་ཏུར་དི་ཤ། ཡོ་ཛ་ན་ཤ་ཏ་ཨཏྨ་རཀྵ། ཨ་ནི་ཏི། གམཉྫི། སརྦ་བི་ཧི་ཐ་ཀེ་བྷྱཿན་མོ་བྷ་ག་བ་ཏི། བུརྡྷ་སྱ། སིདྡྷནྟུ་མནྟྲ་པ་དཱ། ཏ་ར་ཏུ་བིདྡྷ། བྲཧྨ་ཎོ། མནྱ་ཏྱ་སྭཧཱ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་འཇིགས་སུ་རུང་བ་སྐྱི་བུང་ཞེས་བྱེད་པ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། ། དེ་ནས་རྒྱལ་པོ་ཆེན་པོ་བཞི་པོ་ལུས་ངན་དང་། ཡུལ་འཁོར་སྲུང་དང་། མིག་མི་བཟང་དང་། འཕགས་སྐྱེས་པོ་བུ་དང་བཅས། བློན་པོ་དང་བཅས།། འཁོར་དང་བཅས། མངག་གཞུག་པ་དང་བཅས་པོ་ཉ་དང་བཅས་གཡོག་དང་འཁོར་དང་བཅས་པ་ཁ་དོག་འཕགས་པ་དག་ནམ་ཕྱེད་ན་ལྷགས་ནས་གྲོས་མཐུན་པར་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་དོང་སྟེ། རང་བཞིན་གྱི་ཁ་དོག་དང་མཐུས་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་གལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་འབའ་ཞིག་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་དོ།། ཕྱོགས་གཅིག་ཏུ་འཁོར་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་བསྟོད་པ། འཇིག་རྟེན་མཁས་པ་རྫོགས་སངས་རྒྱས།། དཔའ་ཆེན་ཁྱོད་ལ་ཕྱག་འཚལ་ལོ།། གོའུ་ཏ་མ་ཁྱོད་ཀྱིས་གང་མཁྱེན་པ།། དེ་ནི་ལྷ་རྣམས་མ་འཚལ་ཏོ། ། ལན་གཉིས་ལན་གསུམ་དུའང་རྒྱལ་པོ་ཆེན་པོ་བཞིས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་ནས་བསྟོད་པ། འཇིག་རྟེན་མཁས་པ་རྫོགས་སངས་རྒྱས།། དཔའ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། ། གོའུ་ཏ་མ་ཁྱོད་ཀྱིས་གང་མཁྱེན་བུ།། དེ་ནི་ལྷ་རྣམས་མ་འཚལ་ཏོ།། དེ་ནས་བཅོམ་ལྡན་འདས་ལ།། རྒྱལ་པོ་ཆེན་པོ་བཞིས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་ཡུལ་དང་འཕྲོད་ལགས་སམ། འཚེ་བ་དང་ལྡན་ལགས་སམ། བཙུན་པ་བཅོམ་ལྡན་འདས་སྐུ་བདེ་བ་ལགས་སམ། བསྐྲུན་མི་མངའ་ལགས་སམ། ཉམང་བ་མ་མཆིས་སམ། བཅོམ་ལྡན་འདས་ཀྱི་སྐུ་ལ་གནོད་པ་མི་མངའ་ལགས་སམ། བཅོམ་ལྡན་འདས་ལ་གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ཀླུ་དང་། ནམ་མཁའ་ལྡིང་དང་། གསང་བ་པ་དང་། འབྱུང་པོ་དང་། གྲུལ་བུམ་དང་། ཡི་དགས་དང་། སྲུལ་པོ་དང་། ཤ་ཟ་དང་། ལྷ་མ་ཡིན་དང་། རླུང་ལྷ་དང་། སྐམ་བྱེད་དང་འཚེ་རྒྱུ་དང་། སྤྱོ་བྱེད་དང་། མི་འམ་ཅི་དང་། གྱེན་དུ་རྒྱུ་དང་། རྒྱུ་བ་དང་། འདུན་པ་དང་། ངན་བགྱིད་དང་། གཟི་བྱིན་འཕྲོག་པ་དང་། བརྗེད་བྱེད་དང་། རིམས་དྲག་པོ་དང་། རིམས་ཞག་གཅིག་པ་དང་། ཞག་གཉིས་པ་དང་། ཞག་གསུམ་པ་དང་། ཞག་བཞི་པ་དང་། མི་དང་མི་མ་ལགས་པ་སྡང་བར་སེམས་པ་དང་གླགས་ལྟ་བ་དང་། ཕན་པར་མི་འདོད་པ་དང་། གནོད་པར་བགྱིད་བདག་ལས། གནོད་པར་བགྱིད་པར་སེམས་བལྟ་མ་མཆིས་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་འདས་ཀྱིས། རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་རྒྱལ་པོ་ཆེན་པོ་དགང་ལ་ནི་ཐམས་ཅད་ཡོད་དེ། ཡུལ་དང་ཡང་འཕྲོདའཚོ་བ་དང་ཡང་ལྡན། ལུས་ཀྱང་བདེ་ནད་ཀྱང་མེད། ཉམ་ང་བའང་མེད་དོ།། ཀྱེ་རྒྱལ་པོ་ཆེན་པོ་དག་ངའི་ལུས་ལ་ནི་གནོད་པའང་མེད་དོ།། ཀྱེ་རྒྱལ་པོ་ཆེན་པོ་དག་ངས་ནི་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ་ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མིར་བཅས་པའི་ནང་ན་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གནོད་པ་བྱེད་པར་སེམས་པ་ཡང་དག་པར་མ་མཐོང་ངོ་། ། ཀྱེ་རྒྱལ་པོ་ཆེན་པོ་དག་དེ་ལྟ་མོད་ཀྱི། ཁྱེད་ཀྱི་འཁོར་རྣམས་ངའི་འཁོར་ལ་གནོད་པ་བྱེད་པར་སེམས་སོ།། དེ་སྐད་ཅེས་བཀའ་སྩལ་བ་དང་། བཅོམ་ལྡན་འདས་ལ། རྒྱལ་པོ་ཆེན་པོ་བཞིས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་བདག་ཅག་གསོལ་བ་མཆིས་ཏེ། དེའི་སླད་དུ་བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། བཅོམ་ལྡན་འདས་ཉིད་ལ་ཞུ་བའི་སླད་དུ་བདག་ཅག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆིས་ལགས་སོ།། ད་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་དགོན་པ་དང་། བས་མཐའི་གནས་མལ་འདི་དག་ནི་ཤིན་ཏུ་སྡང་བའི་གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ཀླུ་དང་། ནམ་མཁའ་ལྡིང་དང་། གསང་བ་པ་དང་། འབྱུང་པོ་དང་གྲུལ་བུམ་དང་། ཡི་དགས་དང་། སྲུལ་པོ་དང་། ཤ་ཟ་དང་། ལྷ་མ་ཡིན་དང་། རླུང་ལྷ་དང་། སྐེམ་བྱེད་དང་། འཚེ་རྒྱུ་དང་། སྨྱོ་བྱེད་དང་། མི་འམ་ཅི་དང་། གྱེན་དུ་རྒྱུ་བ་དང་། རྒྱུ་བ་དང་། འདུན་པ་དང་། ངན་བྱེད་དང་། གཟི་བྱིན་འཕྲོག་པ་དང་། བརྗེད་བྱེད་དང་། རིམས་དྲག་པོ་དང་། རིམས་ཞོག་གཅིག་པ་དང་། ཞག་གཉིས་པ་དང་། ཞག་གསུམ་པ་དང་། ཞག་བཞི་པ་དང་། མི་དང་མི་མ་ལགས་པ་སྡང་བར་སེམས་པ་དང་། གླགས་ལྟ་བ་དང་། ཕན་པར་མི་སེམས་པ་དང་། གནོད་པར་བགྱིད་པ་དག་མཆིས་སོ། ། བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དེ་དག་ཀྱང་དེ་ན་གནས་ཏེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་དེ་དག་ནི་སྲོད་དང་ཐོ་རངས་ལ་མི་ཉལ་བར་སྦྱོར་བ་ལ་བརྩོན་པར་གནས་ལགས་སོ། ། བཙུན་པ་བཅོམ་ལྡན་འདས་གནོད་སྦྱིན་ནམ་སྲིན་པོ་ནས། གནོད་པར་བགྱིད་པའི་བར་གང་དག་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ལ་དད་པའི་སེམས་དང་ལྡན་པ་ནི་ཉུང་ཟད་ཅིག་མཆིས་པ་ལགས་སོ། ། གང་དག་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ལ་མ་དད་པའི་སེམས་དང་ལྡན་པ་ནི་ཆེས་མང་ལགས་ཏེ། དེ་དག་ནི་བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་སྲོང་དང་བློ་རངས་ལ་མི་ཉལ་ཞིང་སྦྱོར་བ་ལ་བརྩོན་པར་གནས་པ་རྣམས་ལ་གནོད་པར་བགྱིད་པར་སེམས་ལགས་ཏེ། དེ་དག་དགག་པའི་སླད་དུ་གནོད་སྦྱིན་མ་རུངས་པ་མ་དད་པ་རྣམས་དད་པར་བགྱི་བ་དང་། དང་པ་རྣམས་སླར་ཞིང་དད་པར་བགྱི་བ་དང་། འཁོར་བཞི་པོ་རྣམས་བདེ་ལེགས་དང་། བདེ་བར་གནས་པར་བགྱི་བ་དང་། མ་ལུས་པར་ཤིན་ཏུ་ཉམ་པར་གནོག་པར་འགྱུར་བའི་སླད་དུ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་བཤད་པར་འཚལ་ལོ། ། མི་མ་ཡིན་པ་སྡང་སེམས་ཅན།། རྒྱལ་བའི་བསྟན་ལ་མ་དད་པ།། དེ་དག་བདག་གིས་བཟློག་པར་བྱ།། རྒྱལ་ཆེན་རྣམས་ནི་བདག་ལ་ཉོན།། མདོ་ཆེན་འདི་ནི་ཐོས་ནས་ཀྱང་། ། མི་རྣམས་ལ་ནི་གནོད་མ་བྱེད།། གནོད་སྦྱིན་སྲིན་པོ་ཀླུ་རྣམས་དང་།། ནམ་མཁའ་ལྡིང་དང་གསང་བ་པ།། ཕན་པར་མི་འདོད་གང་ཡང་རུང་།། དེ་དག་ཐམས་ཅད་བཟློག་པར་བྱ།། དང་ལྷ་མིན་རླུང་ལྷ་དང་།། ལྷ་མོའི་ཚོགས་ཀྱིས་གང་བ་ཡི།། གཞལ་མེད་ཁང་མཛེས་དེ་དག་ནི།། མེ་དང་འདྲ་བར་འོད་གསལ་ཞིང་།། ཉི་མ་ཟླ་བའི་ཚུལ་འདྲ་བ།། རིན་ཆེན་ལས་བྱས་ཤིན་ཏུ་སྣང་། བསོད་ནམས་བྱས་པ་དག་གིས་གང་།། རབ་སྡང་གདོན་རྣམས་རྣམ་པར་སྤངས།། མི་ལ་གནོད་བྱེད་གང་ཡིན་པའི།། འབྱུང་པོ་གྲུལ་དུམ་སྲིན་པོ་དང་།། ཡི་དགས་སྲུལ་པོ་དེ་དག་གིས།། རྨད་བྱུང་དེ་དག་མི་མཐོང་སྟེ། ། གཟི་བྱིན་ལྡན་པའི་ལྷ་རྣམས་ཀྱི།། གྲོང་ཁྱེར་དུ་ཡང་དེ་མི་འགྲོ།། འབྱུང་པོ་ཆེན་པོ་འདུ་བ་ན།། དེར་ཡང་དེ་དག་འདུར་མི་དབང་།། སྟན་ནམ་ཡང་ན་ཆུ་ཡང་རུང་།། ཟས་དང་སྐོམ་ཡང་མི་དབང་ངོ་། ། ལུས་ངན་གྱི་ནི་ཕོ་བྲང་དུ།། ནམ་ཡང་དེ་དག་འགྲོ་མི་འགྱུར།། རྒྱལ་པོ་ཆེན་པོ་རྣམས་ཀྱི་ཚིག། འབྱུང་པོ་གང་ཞིག་མི་ཉན་པ།། དེ་ཡི་ཁ་ནས་ཁྲག་དྲོན་དག། མྱུར་དུ་རབ་ཏུ་འབབ་པར་འགྱུར་དེ་ཡི་བརླབ་གཡས་རོལ་ནས། ། པོལ་མིག་དག་ཀྱང་འབྱུང་འགྱུར་ཏེ།། དེ་ནི་ནད་ཀྱིས་འཆི་འགྱུར་ཞིང་།། གནོད་སྦྱིན་གཟུགས་ཀྱང་སྟོན་པར་འགྱུར།། འཇིག་རྟེན་སྐྱོང་གིས་བཤད་པ་ཡི།། མདོ་ལས་གང་ཞིག་འགལ་བྱེད་པ། ། འཇིགས་པ་ཐམས་ཅད་དེ་ལ་འོང་།། མགོ་བོ་ཚལ་པ་བདུན་དུ་འགས།། རྒྱལ་པོ་ཆེན་པོ་རྣམས་ཀྱི་ཚིག། གནོད་སྦྱིན་གང་དག་མི་ཉན་པ།། འབྱུང་པོ་སྲིན་པོ་གང་ཡིན་པ།། ངན་འཕྲེང་ལྷག་པའི་ངན་འཕྲེང་རྣམས།། ལྕགས་ལས་བྱས་པའི་འཁོར་ལོ་ཡི།། མཚོན་ཆ་སྤུ་གྲིའི་སོ་འདྲ་བས།། གནོད་སྦྱིན་དེ་དག་བརླག་པར་བྱ།། རྒྱལ་པོ་ཆེན་པོ་དཔལ་དང་ལྡན།། གོ་ཆ་སྲ་ཞིང་མཚོན་རྣོལ། ། སྟན་རྣམས་ལ་ནི་འཁོད་པ་དག། ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང་།། ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ།། ནུབ་ཕྱོགས་ན་ནི་མིག་མི་བཟང་།། བྱང་ཕྱོགས་ན་ནི་ལུས་ངན་པོ། ། དེ་དག་དེ་ན་འཁོད་པ་ཡི།། ཉེ་འཁོར་གནོད་སྦྱིན་འདི་རྣམས་གནས།། སེང་གེའི་གཟུགས་དང་སྟག་གི་གཟུགས།། མི་སྡུག་པ་དག་འགྲོ་ཞིང་རྒྱུ།། གླང་ཆན་གཟུགས་དང་རྣ་ཡི་གཟུགས། ། ཁ་ཅིག་མ་དེའི་གཟུགས་ཅན་ལ།། དྲེད་མོ་དང་ནི་ཝ་ཡི་གཟུགས།། ལུག་དང་སྤྱང་ཀི་ཕག་རྒོད་རྣམས།། རྣ་བ་འཕྱང་དང་རྣ་བོ་ཆེ།། རྣ་བ་གཅིག་པ་ཐ་དད་པ།། སྒྲ་ཆེར་འབྱིན་ཅིང་འཇིགས་བྱེད་པ། ། ས་གཞི་རབ་ཏུ་གཡོ་བར་བྱེད།། བོང་བུ་དང་ནི་རྔ་མོ་ཁྱི།། ཆ་ལུགས་གཞན་ཡང་ཉེ་འཁོར་འཁོད།། རྒྱལ་པོ་ཆེན་པོ་སྟོབས་པོ་ཆེ།། དེ་དག་ཕན་ཚུན་འདུ་བ་ན།། ལྷ་ཡི་ཤིང་རྟ་བཅས་པ་ཡིས།། ནམ་མཁའ་ལས་ནི་འགྲོ་བར་བྱེད།། གནོད་སྦྱིན་དག་ནི་བདག་པོ་ཡང་།། མི་རྣམས་ལ་ནི་བདེ་ལེགས་བྱེད།། སྱ་ཡ་ཐེ་དན། པ་ཀ་ཧུ་མུ་ལེ། པ་ཀཱ་ཧུ་མུ་ལེ། ཧ་ཤི་ན། ཧ་ཤི་ན། བན་མུ་ཕ་ལེ། ས་མུ་ཧ་ལེ། ཨུ་དུ་ཧ་ལེ། ས་མུ་ཧ་ལེ། པྲ་ཤ་མ་མི། རཱ་ཀཱ་ས། ཨ་མ་ནུ། ཥུ་བ་རཱི་མ། ཡཀྲཱ་ནི། བ་རཱི་མི། པྲེ་ཏ་མ་བི་ཧི། ཐ་དུ་མ་ནུཥྚ་མཱ་ས་བ་ཏ་དཱ། མཱུརྡྷན་སྤ་ཏིཥྚུ་ཏི། རྒྱལ་པོ་ཆེན་པོ་རྣམ་ཐོས་བུ།། མི་ལ་ནོན་པ་སྡེར་བཅས་པས།། འདི་སྨྲས་ནས་ནི་ཚུབ་མ་ལངས།། དེ་བཞིན་རི་ཡང་གཡོས་པར་གྱུར།། རྒྱལ་པོ་ཆེན་པོ་རྣམ་ཐོས་བུའི།། རིན་ཆེན་ཤིང་རྟ་བཅས་པ་ན། ལྷ་དང་མི་ཡི་སྒྲ་སྐད་གྲགས།། རྒྱལ་པོ་ཆེན་པོ་མཆི་བ་ནི།། དབང་པོ་རྣམས་ཀྱང་འབར་བར་འགྱུར།། སྲིན་པོ་འདོད་དགུར་བསྒྱུར་བའི་གཟུགས།། དེ་ཡི་མདུན་ན་རྒྱུག་པར་བགྱིད།། མི་མ་ཡིན་པའི་གཟུགས་རྣམས་ཀྱིས། ། འཇིགས་ཤིང་སྐྲག་པ་སྐྱེད་པར་བགྱིད།། ཆེ་ཞིང་གཏུམ་ལ་མི་བཟད་པ།། དྲག་ཅིང་མཐོང་ན་མི་སྡུག་ལ།། སྤུ་ཡང་རིང་ཞིང་སེན་མོ་རིང་།། ལག་ན་རལ་གྲི་ཐོ་བ་ཐོགས།། སོ་ནི་ཟངས་ཅན་འཇིགས་པར་བགྱིད། ། སྣ་ཆེན་རྔ་མོ་སྟག་གི་འདྲ།། དྲག་ཅིང་ལག་པ་ཁྲག་དམར་བ།། ཡན་ལག་མ་ཚང་བྱེད་ཙམ་ལུས།། མོག་སེར་ལུས་ཀྱང་ཤིན་ཏུ་སེར།། དྲི་མ་ཅན་ལ་ལུས་སྐམ་པ།། སྒྲ་བརྫེས་ལྕགས་ཀྱི་མཆུ་ཅན་ལ། ། མཚོན་ཆ་ཚབས་ཆེར་འདེབས་པར་བགྱིད།། རྣ་བ་གཞུ་འདྲ་གསུས་པོ་ཆེ།། སྦྲུལ་གྱི་གཟུགས་ཅན་བེའུ་གཟུགས།། ཕག་གི་གཟུགས་ཅན་ལྟོ་བོ་ཆེ།། མགོ་བོ་ཚ་ལ་ལག་རིང་བ།། རྣ་འཕྱང་བ་ལ་ནུ་མ་འཕྱང་།། དེ་འདྲའི་གནོད་སྦྱིན་མང་པོ་ཡི།། གཡོག་འཁོར་དག་གིས་ཡོངས་སུ་བསྐོར།། གནོད་སྦྱིན་བྱེ་བ་ཕྲག་སྟོང་རྣམས།། དེ་དག་མ་ནི་ལམ་ལོག་ཅན།། གཡོག་འཁོར་དེ་དག་ལྷན་ཅིག་ཏུ།། བདག་ནི་ཕྱག་འཚལ་སླད་དུ་མཆི།། གེའུ་ཏ་མ་དཔའ་བོ་ཁྱོད་ལ་ནི།། ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས།། ཟག་ཅིང་རྒོད་ལ་གཏུམ་པ་དང་།། མགོ་བོ་ཆེ་ལ་སྒྲ་རིང་བ།། མི་རྣམས་དང་ནི་རི་དགས་དང་།། བྱ་རྣམས་གཟི་བྱིན་འཕྲོག་པར་བགྱིད།། མེ་འབར་ཟ་དང་མང་དུ་ཟ།། མིག་གཅིག་པ་དང་མིག་སར་དང་།། སྣ་དང་རྣ་བ་བཅད་པ་དང་།། ཆད་པ་མང་པོས་བཅད་པ་དང་།། མགོ་མ་མཆིས་དང་མགོ་བཅད་དང་རདམུས་ཀྱང་སྐུར་ལ་གཉེར་མ་གདོང་། ། མིག་ལ་མེ་འབར་རྐང་མེད་པ།། མི་རྣམས་འཇིགས་པར་བགྱིད་པ་སྟེ།། བེལ་ཀ་ཆེ་ལ་རྒོད་བག་ཅན།། དེ་བཞིན་འགྲོ་ཞིང་རྒྱུ་བར་བགྱིད།། དེ་འདྲའི་གནོད་@སྦྱིན་མང་པོ་ཡི། ། གཡོག་འཁོར་དག་གིས་ཡོངས་སུ་བསྐོར།། གནོད་སྦྱིན་བྱེ་བ་ཕྲག་སྟོང་རྣམས།། དེ་དག་མ་ནི་རྐུན་མ་ལགས།། གཡོག་འཁོར་དེ་དག་ལྷན་ཅིག་ཏུ།། བདག་ནི་ཕྱག་འཚལ་སླད་དུ་མཆིས། ། གོའུ་ཏམ་དཔའ་བོ་ཁྱོད་ལ་ནི།། ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས།། བདག་ཅག་གི་ནི་གནས་རྣམས་ན།། ཤིང་རྟ་ཞེས་བགྱི་སྲིན་མོ་མཆིས།། དེ་ལ་བུ་པོ་སྟོབས་ལྡན་པ་རྔ་སྟོང་ཕྲག་བཅུ་ཡི་གྲངས་སྙེད་མཆིས། ། དེ་དག་བདག་གི་གཡོག་ལགས་ཏེ།། དེ་དག་ཕྱག་འཚལ་སླད་དུ་མཆིས།། གོའུ་ཏ་མ་དཔའ་བོ་ཁྱོད་ལ་ནི།། ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས།། བདག་ཅག་གི་ནི་གནས་རྣམས་ན། ། མགྲིན་རིངས་ཞེས་བགྱི་སྲིན་མོ་མཆིས།། སྲིན་མོ་ཤིན་ཏུ་གནག་པ་དང་།། སྲིན་མོ་ནག་མོ་ཞེས་བགྱི་དང་།། སྲིན་མོ་རབ་གནག་རྣམས་མཆིས་ཏེ།། དེ་དག་གོའུ་ཏ་མ་མཐུན་པར་བལྟ། ར་ས་ཡི་གནོད་སྦྱིན་བདག་ཉིད་ཆེ།། དེ་དགས་སྟེང་གནས་པ་སྟེ།། གཡོག་འཁོར་དེ་དག་རྣམས་ཀྱིས་ནི།། ཡོངས་སུ་བསྐོར་ཏེ་འདིར་མཆིས་ལགས།། དེ་དག་ཀུན་དང་ལྷན་ཅིག་ཏུ།། བདག་ནི་ཕྱག་འཚལ་སླད་དུ་མཆིས། ། གོའུ་ཏ་མ་དཔའ་བོ་ཁྱོད་ལ་ནི།། ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས།། བདག་གི་མདུན་ན་རྒྱུག་པ་ཡི།། ཡི་དགས་གནོད་སྦྱིན་སྲིན་པོ་རྣམས།། ལུས་ཆེན་ཤུགས་ཀྱང་དྲག་པོ་སྟེརྔ་སོ་ཡང་ཆེ་ལ་ལྔ་པོ་ཆེ། ། རྣ་འཕྱང་འཇིགས་པ་ཆེན་པོ་སྟེ།། སློམ་རྣ་ལ་རབ་ཏུ་འཕྱང་།། ཡན་ལག་དྲུག་པ་སོ་བརྟན་པ།། གུར་ཀུམ་མདོག་ཅན་ཐོ་བ་འདྲ།། སོ་ཡང་རྩུབ་ཅིང་རྣོ་བ་དང་། མདུང་ཐུང་གསལ་ཤིང་འཇིགས་པར་བགྱིད། ། གླང་ཆེན་མགོ་དང་བུམ་རྣ་ཅན།། མགོ་བོ་སྟག་དང་སེང་གེ་འདྲ།། ལྕགས་ཀྱི་སོ་ཅན་ལྕགས་ཀྱི་སྒྲ།། གདོན་རྣམས་རྣམ་པར་སྐྲག་བགྱིད་པ།། ལག་ན་ལྕགས་ཀྱི་གཏན་བུ་ཐོགས། ། ལག་ན་ལྕགས་ཀྱི་ཐོ་བ་ཐོགས།། སོ་རྣོན་ལག་པ་རིང་བ་སྟེ།། འཇིགས་པའི་གཟུགས་ཅན་ལྕགས་ཀྱི་ཆུ།། མགོ་བོ་ཆེ་ལ་སྨྲ་གཡེངས་པ།། གནག་ཅིང་མིག་སེར་སྣ་ཞོམ་པ།། བུམ་པའི་མགྲིན་དང་མིག་དམར་དང་། ། མིག་གཅིག་པ་དང་ལྟོ་བོ་ཆེ།། མཆུ་འཕྱངས་པ་དང་ལག་གཅིག་པ།། རྐང་གཅིག་པ་དང་རྐང་གཉིས་པ།། ཁ་མེད་ཁ་གཉིས་དྲག་པོ་སྟེ།། མི་རྣམས་རབ་ཏུ་འཇིགས་པར་བགྱིད།། ལག་ན་འཁར་བ་དབྱུག་པ་ཐོགས།། མདུང་རྩེ་གསུམ་པ་སྐྲག་ཅིང་འཇིགས།། སྐྲག་ཅིང་འཇིགས་པར་བྱེད་པ་སྟེ།། གདོན་རྣམས་རྣམ་པར་སྐྲག་བགྱིད་པ།། སྐྲག་པར་བགྱིད་ཅིང་སྨྲ་བར་བགྱིད།། སེམས་ཀྱང་འཁྲུལ་པར་བགྱིད་པ་སྟེ། ། སྤྲོ་བར་བགྱིད་ཅིང་རྨོངས་པར་བགྱིད།། དེ་ནས་གཟི་བྱིན་འཕྲོག་པར་བགྱིད།། དེ་དག་འཇིག་རྟེན་འཇིགས་པ་སྟེ།། སྟོབས་པོ་ཆེ་ལ་སྟེན་པར་དཀའ།། སྟོང་ཕྲག་དྲུག་ཅུ་རྩ་བཞི་པོ། ། རྒྱལ་པོ་ཆེན་པོའི་མདུན་ན་རྒྱུག། དེ་འདྲའི་གནོད་སྦྱིན་མང་པོ་ཡི།། གཡོག་འཁོར་དག་གིས་ཡོངས་སུ་བསྐོར།། གནོད་སྦྱིན་བྱེ་བ་ཕྲག་སྟོང་རྣམས།། དེ་དག་ཕྱག་འཚལ་སླད་དུ་མཆིས།། གོའུ་ཏམ་དཔའ་བོ་ཁྱོད་ལ་ནི།། ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས།། ས་ག་ལྔས་རྩེན་ཟླ་བ་དང་།། སེང་གེ་སྡེ་དང་རབ་གནོན་དང་།། མལ་སྦྱིན་བརྩོན་དྲག་པོ་དང་།། གང་པོ་དང་ནི་ནོར་འཛིན་དང་།། ཙན་དན་དང་ནི་འདོད་མཆོག་དང་།། སྣ་ཚོགས་སྡེ་དང་གཏོར་མ་ལེ།། ཡིད་བཞིན་རབ་འབྱོར་བཞིན་བཟང་དང་།། འདམ་བུ་ཅན་དང་ཤིན་ཏུ་རྒྱལ།། འདོད་པ་ཐམས་ཅད་འབྱོར་པ་དང་། ། དབང་པོ་རྒྱལ་བ་ཁྱུ་མཆོག་དང་།། ནོར་བུ་བཟང་སྲས་རྫོགས་བཟང་དང་།། འདམ་བུས་མཆོག་འདམ་བུས་དགའ།། ཁབ་ཀྱི་སྤུ་ཅན་རིང་བཟང་དང་།། ལག་མཆོག་སྐྱེ་དགུའི་བདག་པོ་དང་།། འདམ་བུའི་རྒྱུད་དང་མདུང་རིང་དང་། ། དིག་པ་སྟོབས་ཅན་ནོར་བུ་དང་།། འཇོག་པོ་ནག་པོ་ཆེན་པོ་དང་།། ལ་བ་ཅན་དང་དྲེའུ་དང་གཉིས།། ཀླུ་ཡི་རྒྱལ་པོ་ས་སྲུང་བུ།། ཡན་ལག་ཆེན་པོ་རྫུ་འཕྲུལ་ཆེ།། ནམ་མཁའ་ལྡིང་ནི་ཤུགས་ཆེན་ལྡན། ། འདབ་ཆགས་ཀུན་གྱི་མཆོག་གྱུར་པ།། བྱ་ཡི་གཟུགས་ཀྱིས་མཆི་བགྱིད་ཅིང་།། རྒྱ་མཚོ་ཀུན་ཏུ་འཁྲུག་པར་བགྱིད།། ལྷ་དང་ལྷ་མིན་དྲི་ཟ་རྣམས།། འཇིགས་པར་བགྱིད་དང་དགེ་བའང་རུང་རྔམ་དད་པ་དང་དད་པ་རྣམས། ། དེ་དག་ཐམས་ཅད་འདིར་མཆིས་ཏེ།། གོའུ་ཏ་མ་དཔའ་བོ་ཁྱོད་ལ་ནི།། ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས།། འཕྲོག་མ་ཞེས་བགྱི་གནོད་སྦྱིན་མོ།། འཇིགས་པར་བགྱིད་པ་སྟོབས་ཆེན་མོ། ། དེ་ཡི་བུ་ནི་ལྔ་བརྒྱ་རྣམས།། འཇིགས་བགྱིད་གནོད་སྦྱིན་མཐུ་རྩལ་ཅན།། བདག་ཉིད་ཀྱི་ནི་གཡོག་ལགས་ཏེ།། དེ་དག་ཕྱག་འཚལ་སླད་དུ་མཆིས།། གོའུ་ཏམ་དཔའ་བོ་ཁྱོད་ལ་ནི།། ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས། ། མག་དྷ་ན་ཐམས་ཅད་མཐོང་།། ཀ་ཤི་ནི་ནི་པདྨ་འཆང་།། ཡངས་པ་ཅན་ན་རྒྱལ་མཆོག་གནས།། གྱད་ཡུལ་ན་ནི་གྲགས་འཛིན་གནས།། རྒྱལ་པོའིཁབ་ན་ཀུ་བི་ར།། སེར་སྐྱའི་གནས་ན་དྲག་པོ་སྟེ། ། ཏ་མ་ལན་འབྱོར་པ་གནས།། མི་ཏི་ལན་ཀུན་ཏུ་རྒྱལ།། མ་མོ་ཆེན་མོ་འདི་བརྒྱད་ནི།། གནོད་སྦྱིན་རྣམས་ཀྱི་སྡེ་དཔོན་མཆོག། རྫུ་འཕྲུལ་ཆེན་པོ་སྐལ་བ་ཆེ།། སྟོབས་ཆེན་དེ་དག་ཐམས་ཅད་ནི། ། ཡིད་དགེ་དད་པའི་སེམས་དང་ལྡན།། རྫོགས་སངས་རྒྱས་ལ་སྐྱབས་མཆིས་པས།། དེ་དག་དང་ནི་འདུས་ནས་ཀྱང་།། རྒྱལ་པོ་ཆེན་པོ་སྟོབས་ཆེན་གྱིས།། ཡང་དག་རྫོགས་སངས་རྒྱས་བསྟན་ལ། ། མི་རྣམས་ལ་ནི་སྙིང་བརྩེའི་སླད།། གནོད་སྦྱིན་འབྱུང་པོ་ཡི་དགས་དང་།། སྡང་བའི་གདན་རྣམས་བཟློག་པ་དང་།། མི་མ་ཡིན་རྣམས་བཟློག་པ་ཡི།། སྲུང་བ་འདི་ནི་ལེགས་པར་བགྱིས།། དེ་ནས་རྒྱལ་པོ་རྣམ་ཐོས་བུ། ། ཐལ་སྦྱར་འདུག་སྟེ་སྨྲས་པ་ནི།། ཁོན་དང་འཇིགས་པ་ཀུན་འདས་པ།། རྣམ་གྲོལ་ཟག་པ་མི་མངའ་བ།། གོའུ་ཏ་མ་དཔའ་བོ་ཁྱོད་ལ་ནི།། ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས།། ཁྱོད་ལ་ལྷ་དང་གྲུབ་པ་དང་། ། བྲམ་ཟེ་ཐམས་ཅད་ཕྱག་འཚལ་ཏེ།། གནོད་སྦྱིན་བྱེ་བ་དྲུག་ཁྲི་དང་།། བཞི་སྟོང་དག་ཀྱང་ལྷགས་ནས་ནི།། ཁོ་ར་ཁོར་ཡུག་ཡོངས་བསྐོར་ནས།། ཐལ་མོ་སྦྱར་ཏེ་འཁོད་གྱུར་ལགས།། བདག་ནི་རྒྱལ་པོ་རྣམ་ཐོས་བུ། ། བྱང་ཕྱོགས་སྐྱོང་བར་བགྱིད་པ་སྟེ།། འཇིག་རྟེན་མགོན་པོའི་ཉེ་འཁོར་དུ།། གནོད་སྦྱིན་རྒྱུ་སྐར་སྨྱོ་བྱེད་དང་།། བརྗེད་བྱེད་དང་ནི་མི་འམ་ཅི།། སྐེམ་བྱེད་དང་ནི་རིམ་དྲག་དང་།། དེ་བཞིན་རིམས་ནད་ཞག་བཞི་པ། ། དེ་དག་བདག་གིས་བཟློག་པར་བགྱི།། སྱད་མཐེ་དན། ཨུ་ཧ་ཧམ། ཨུ་ཧ་ཧོམ། མ་ཧཱ་ཧོམ། མ་ཧཱ་ཨུ་ཧ་ཧམ། ཨུ་ཧ་མ་ཧཱ་ཧམ། ས་ལ་མུ་ཛི། ཨི་ལི་མི་ལི། @ཀི་ལེ་མི་ལེ། ཙི་རི་ཏི། ཏཱ་བྷི། ཨུཏུ་བྷཱི། དི་ཏི་ལི་ཡེ། མ་ཏྲ་མ་ལི། མ་ནིནྡ་ཡེ་སྭཱ་ཧཱ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལུས་ངན་ལྕང་ལོ་ཅན་གྱི་བདག་པོ་ཕྱོགས་སྐྱོང་བར་གྱུར་ཅིག་གནོད་སྦྱིན་དང་། རྒྱུ་སྐར་དང་། སྨྱོ་བྱེད་དང་། བརྗེད་བྱེད་དང་། མི་འམ་ཅི་དང་། གྱེན་དུ་རྒྱུ་དང་། རྒྱུ་བ་དང་། འདུན་པ་དང་། ངན་བྱེད་དང་། གཟི་བྱིན་འཕྲོག་པ་རྣམས་བཟློག་པར་གྱུར་ཅིག། ལྷའི་ནང་ན་ལྷའི་རྒྱལ་པོ་ནོར་ལྷའི་བུ་ཞེས་བགྱི་བ་མཆིས་ཏེ། དེ་ལ་བདག་ཕྱག་འཚལ་ལོ།། དེའང་བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཏེ། རྫོགས་པའི་སངས་རྒྱས་དཔའ་བོ་སྟེ།། ཀུན་མཁྱེན་ཀུན་གཟིགས་ཁྱོད་ལ་འདུད།། ཡང་དག་དཔའ་བོ་ཁྱོད་ལ་འདུད། ། ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས།། དེ་ནས་རྒྱལ་པོ་ཡུལ་འཁོར་སྲུང་།། ཐལ་སྦྱར་འདུག་སྟེ་སྨྲས་པ་ནི།། ཆོས་ཀྱི་རྒྱལ་པོ་འོད་མཛད་པ།། སངས་རྒྱས་དཔལ་ལ་བདག་ཕྱག་འཚལ།། གོའུ་ཏ་མ་དཔའ་བོཔོ་ཁྱོད་ལ་ནི། ། ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས།། གོའུ་ཏ་མ་ཁྱོད་ཀྱིས་གང་མཁྱེན་པ།། དེ་ནི་ལྷ་རྣམས་མ་འཚལ་ཏོ།། སྲིན་པོ་མཐོང་ན་རབ་འཇིགས་པ།། སྟོང་ཕྲག་དྲུག་ཅུ་རྩ་བཞི་རྣམས།། ཁོར་ཁོར་ཡུག་ཡོངས་བསྐོར་ནས། ། ཐལ་མོ་སྦྱར་ཏེ་འཁོད་གྱུར་ལགས།། བདག་ནི་རྒྱལ་པོ་ཡུལ་འཁོར་སྲུང་།། ཤར་ཕྱོགས་སྐྱོང་བར་བགྱིད་པ་སྟེ།། འཇིག་རྟེན་མགོན་པོའི་ཉེ་འཁོར་དུ།། སྲིན་པོ་རྣམས་དང་ཤ་ཟ་དང་།། དྲི་ཟ་དང་ནི་རླུང་ལྷ་རྣམས། ། དེ་དག་བདག་གིས་བཟློག་པར་བགྱི།། སྱཱད་ཡ་ཐེདན། ཨི་ཊི་མིནྟི། ཁུར་ཊེ། པུ་ར་ཊེ། མ་ཏི། བ་མི་ཏི། ཨུམ་ཏི། ཨརྠེ། མ། ནནྟེ། ཨ་ཏྱ་མི། བཀྲུ་མི། མ་བྷི། ཨི་རི་ཏི། བི་རིཏི་སྭཱཧཱ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ཕྱོགས་སྐྱོང་བར་གྱུར་ཅིག། སྲིན་པོ་དང་། ཡི་དགས་དང་། དྲི་བ་དང་། རླུང་ལྷ་དང་། མི་འམ་ཅི་དང་། གཟི་བྱིན་འཕྲོག་པ་རྣམས་བཟློག་པར་གྱུར་ཅིག། ལྷའི་ནང་ན་ལྷའི་རྒྱལ་པོ་ནོར་ལྷའི་བུ་ཞེས་བགྱི་བ་མཆིས་ཏེ། དེ་ལ་བདག་ཕྱག་འཚལ་ལོ།། དེའང་བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཏེ། རྫོགས་པའི་སངས་རྒྱས་དཔའ་བོ་སྟེ།། ཀུན་མཁྱེན་ཀུན་གཟིགས་ཁྱོད་ལ་འདུད། ། ཡང་དག་དཔའ་བོ་ཁྱོད་ལ་འདུད།། ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས།། དེ་ནས་རྒྱལ་པོ་འཕགས་སྐྱེས་པོ།། ཐལ་སྦྱར་འདུག་སྟེ་སྨྲས་པ་ནི།། འཇིག་རྟེན་མགོན་པོ་སྐྱབས་མཛད་པ། ། འཇིག་རྟེན་ཀུན་ལ་ཕན་པ་མཛད།། གོའུ་ཏ་མ་དཔའ་བོ་ཁྱོད་ལ་ནི།། ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས།། གྲུལ་བུམ་ཡི་དགས་སྲུལ་པོ་རྣམས།། སྟོང་ཕྲག་དྲུག་ཅུ་རྩ་བཞི་རྣམས། ། ཁོ་ར་ཁོར་ཡུག་ཡོངས་བསྐོར་ནས།། ཐལ་མོ་སྦྱར་ཏེ་འཁོད་གྱུར་ལགས།། བདག་ནི་རྒྱལ་པོ་འཕགས་སྐྱེས་པོ།། ལྷོ་ཕྱོགས་སྐྱོང་བར་བགྱིད་པ་སྟེ།། འཇིག་རྟེན་མགོན་པོའི་ཉེ་འཁོར་དུ།། འབྱུང་པོ་རྒྱུ་བ་གཟི་བྱིན་འཕྲོག། ཐུལ་བུམ་ཡི་དགས་སྲུལ་པོ་རྣམས།། དེ་དག་བདག་གིས་བཟློག་པར་བགྱི།། སྱཱད་ཡ་ཐེ་དན། ཨ་ལེ་ཨ་ལི་ལེ། ཀི་ལེ་ཀི་ལི་ལེ། གུ་པ་ཀུ་བས། སི་ལེ་སཽ་ལ་ལཱི་སཽ་ལི་ལི་ལི་ལི་ལི་ལི་ལི་ལི། ཧཻ་ཏི་སི་ལི་མ་ཏི། སུ་མ་ཏི། སུ་སུམ་ཏི། སུ་སུ། སུ་སུ་སུ་སུཾ། མ་ཏི། ཧི་ལི་ཤ་ལི་ཤ་སྭཱཧཱ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ཕྱོགས་སྐྱོང་བར་གྱུར་ཅིག། གྲུལ་བུམ་དང་། ཡི་དགས་དང་། སྲུལ་པོ་དང་། འབྱུང་པོ་དང་། རྒྱུ་བ་དང་། གཟི་བྱིན་འཕྲོག་པ་རྣམས་བཟློག་པར་གྱུར་ཅིག། ལྷའི་ནང་ནས་ལྷའི་རྒྱལ་པོ་ནོར་ལྷའི་བུ་ཞེས་བགྱི་བ་མཆིས་ཏེ། དེ་ལ་བདག་ཕྱག་འཚལ་ལོ།། དེའང་བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཏེ། རྫོགས་པའི་སངས་རྒྱས་དཔའ་བོ་སྟེ།། ཀུན་མཁྱེན་ཀུན་གཟིགས་ཁྱོད་ལ་འདུད། ཡང་དག་དཔའ་བོ་ཁྱོད་ལ་འདུད།། ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས།། དེ་ནས་རྒྱལ་པོ་མིག་མི་བཟང་།། ཐལ་སྦྱར་འདུག་སྟེ་སྨྲས་པ་ནི།། མུན་པར་གྱུར་པའི་འཇིག་རྟེན་ལ།། བཅོམ་ལྡན་ལམ་རྣམས་སྟོན་མཛད་པ། ། གོའུ་ཏ་མ་དཔའ་བོ་ཁྱོད་ལ་ནི།། ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས།། འཇིག་རྟེན་དག་ན་ཉི་ཟླ་འདྲ།། རིན་ཆེན་སྙིང་གི་སྟོབས་པོ་ཆེ།། ཀླུ་དང་མཁའ་ལྡིང་གསང་བ་པ།། སྟོང་ཕྲག་དྲུག་ཅུ་རྩ་བཞི་རྣམས། ། ཁོར་ཁོར་ཡུག་ཡོངས་བསྐོར་ནས།། ཐལ་མོ་སྦྱར་ཏེ་འཁོད་གྱུར་ལགས།། བདག་ནི་རྒྱལ་པོ་མིག་མི་བཟང་།། ནུབ་ཕྱོགས་སྐྱོང་བར་བགྱིད་པ་སྟེ།། འཇིག་རྟེན་མགོན་པོའི་ཉེ་འཁོར་དུ། ཀླུ་དང་མཁའ་ལྡིང་གསང་བ་པ།། ལྷ་མིན་དབང་པོ་སྟོབས་པོ་ཆེ།། དེ་དག་བདག་གིས་བཟློག་པར་བགྱི།། སྱཱད་ཡ་ཐེ་དན། དཱག་ད་ག། སུ་བ་ཏི་ཡེ། པ་ཏ། ཨ་ཊ་ཀ། མད་ཏྭེ། བི་མ་བི་ད་མ། བི་དད་མ་ཧཱ། བི་དད་མ་ནི། ཨ་བྷི་ན་མ། གཙྪ་ཌྷ་ཏེ། ད་ལ་པི་ཡཱཾ། བ་ར་སུ་རེ། རཏྲ་རྐྱེན། ཙི་ལི་ལྀ་ལི་ལི་ལི་ལི་སྭཱཧཱ། རྒྱལ་པོ་ཆེན་པོ་མིག་མི་བཟང་ཕྱོགས་སྐྱོང་བར་གྱུར་ཅིག་ཀླུ་དང་། ནམ་མཁའ་ལྡིང་དང་། གསང་བ་པ་དང་། ལྷ་མ་ཡིན་དང་། གཟི་བྱིན་འཕྲོག་པ་རྣམས་བཟློག་པར་གྱུར་ཅིག། ལྷའི་ནང་ན་ལྷའི་རྒྱལ་པོ་ནོར་ལྷའི་བུ་ཞེས་བགྱི་བ་མཆིས་ཏེ། དེ་ལ་བདག་ཕྱག་འཚལ་ལོ། ། དེའང་བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཏེ། རྫོགས་པའི་སངས་རྒྱས་དཔའ་བོ་སྟེ།། ཀུན་མཁྱེན་ཀུན་གཟིགས་ཁྱོད་ལ་འདུད།། ཡང་དག་དཔའ་བོ་ཁྱེད་ལ་འདུད།། ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས།། དེ་ནས་རྒྱལ་པོ་ཆེན་པོ་བཞིས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་འབའ་ཞིག་ལ་ཕྱག་འཚལ་ཞིང་གྲོས་མཐུན་པ་དང་། ཚིག་མཐུན་པ་དང་། སྐད་མཐུན་པར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་ནི་རྒྱལ་པོ་ཆེན་པོ་བཞིའི་སྲུང་བ་སྟེ། འཁོར་བཞི་པོ་རྣམས་ལ་ཡོངས་སུ་ཁྱབ་པ་ལགས་སོ།། གནོད་སྦྱིན་དང་སྲིན་པོ་ནས། གནོད་པ་བགྱིད་པའི་བར་དུ་བཟློག་པར་བགྱི་བ་དང་། འཁོར་བཞི་པོ་རྣམས་ལ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་དང་། བདེ་ལེགས་སུ་འགྱུར་བ་དང་། བདེ་བར་གནས་པར་བགྱིད་པ་ལགས་སོ།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས། རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་རྒྱལ་པོ་ཆེན་པོ་དག་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་བཟུང་ཟིན་ནོ།། བསིལ་བའི་ཚལ་གྱི་མདོ་ཆེན་བོངས་ཡོངས་སུ་བཟུང་ཟིན་ནོ། ། ཀྱེ་རྒྱལ་པོ་ཆེན་པོ་དག་གཞན་ཡང་ངས་ཀྱང་བསིལ་བའི་ཚལ་གྱི་མདོ་ཆེན་པོ་ལ་རྗེས་སུ་ཡི་རང་བའི་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་བརྗོད་ཀྱིས། དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་ངས་བཤད་དོ། ། བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལྟར་མཉན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་རིན་པོ་ཆེ་གཡས་པས་ན་བཟའ་ཆོས་གོས་ཕྱེ་ནས། འབྱུང་པོའི་ཚོགས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ངས་འདི་བསྟན་པར་བྱའོ།། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་དབྱེ་བར་བྱའོ།། ཐམས་ཅད་ལ་གོ་བར་། བྱའོ།། ཛདེ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རིག་སྔགས་འདི་བཀའ་སྩལ་ཏོ།། སྱཱ་ད་ཡ་ཐེ་དན། ཧི་ལཱ་ཧི་ལཱི། བྷི་སི་ནི། བ་ཀེ། ཨོཾ་ཧ་ར་ཡེ། ཏ་མ་ནི། ཏིལ་། ལབ་ཏ་ཀྵེ། ད་རི་ཏིན། ད་དྷི་ད་ན། སུཿ། ཕུཕུ་ཊ། གུ་གུ་རྦྷ། ཧི་ཙི་ཀཱན་ནུ། ན་མ་ཀེན་ཏི། སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་འདི་བཀའ་སྩལ་པ་ནས་འདི་ཀུན་ཏུ་གཡོས། འབྱུང་པོ་ཐམས་ཅད་ནི་རབ་ཏུ་འདར་ནས། ཀྱེ་མ་ཀྱི་ཧུད། ཀྱེ་མ་སྡུག་བསྔལ་ལོ་ཞེས་སྒྲ་ཆེན་པོ་བྱུང་ངོ་།། སྲིན་པོ་རྣམས་ཀྱིས་ཀྱང་འདི་སྐད་ཅེས་སྨྲས་ཏེ། འདི་ལྟར་ཡང་དག་རྫོགས་སངས་རྒྱས། ། སེམས་ཅན་ཀུན་ལ་ཐུགས་བརྩེན།། འབྱུང་པོ་ཀུན་འཇིགས་ཉེན་པ་ཡི།། རིག་སྔགས་འདི་འདྲ་གསུང་བར་མཛད།། དེ་ནས་ཀུན་མཁྱེན་སྟོན་པ་པོ།། སེམས་ཅན་ཀུན་ལ་ཐུགས་བརྩེ་བས། གནོད་སྦྱིན་སྲིན་པོ་དྲི་ཟ་དང་།། ཀླུ་དང་མཁའ་ལྡིང་གསང་བ་པ།། འབྱུང་པོ་རྒྱུ་བ་གཟི་བྱིན་འཕྲོག། གྲུལ་བུམ་ཡི་དགས་སྲུལ་པོ་དང་།། ལྷ་མིན་གཤེད་བྱེད་རོ་ལངས་དང་།། བརྗེད་བྱེད་དང་ནི་མི་འམ་ཅི། ། སྐེམ་བྱེད་དང་ནི་རིམས་དྲག་དང་།། དེ་བཞིན་བྲམ་ཟེ་སྲིན་པོ་དང་།། སྨྱོ་བྱེད་རིམས་ནང་ཞག་གསུམ་པ།། དེ་བཞིན་ཞག་ནི་བཞི་པ་རྣམས།། སྐྲག་ཅིང་རབ་ཏུ་འདར་གྱུར་ཏེ།། ཕྱོགས་བཅུར་རྒྱུག་པ་གཟིགས་ནས་ཀྱང་། ། དེ་དག་ལ་ནི་ཐུགས་བརྩེའི་ཕྱིར།། རིག་སྔགས་འདི་ནི་བརྗོད་པར་མཛད།། སྱཱད་ཡ་ཐེ་དན། ཧ་རིམ། ཁ་ཏྲི། ད་ཁ་ཁ། ཀཏྟ་མ་ཏི། སིདྡྷ་མ་ཧ་ཏ་ར། ཨུ་ཌ་ཏ་ནི། ཌ་ཊ། ད་ཊ་ལི། དྱ་མད་དྱེ། དྱ་མ་ཐ། དྷུ་དྷཱ་རི། ད་ད་རི། ད་མ་མ་རི། ཀ་རི་ཀི་ཡེ། ཀ་ཐ་བ་ར་ནི། སུ་སུ་མ་ལི་སྭཱ་ཧཱ། གསང་སྔགས་ཆེན་པོ་རིག་སྔགས་ཆེན་པོ་འདི་ལས་འགལ་བར་མ་བྱེད་ཅིག། བཅོམ་ལྡན་འདས་ཀྱི་གསུང་གི་ཆོས་ལ་ཡང་དག་པར་སོ་སོར་རྟོགས་ཤིག། ཁྱེད་ཀུན་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་ཞིང་འཁོར་བར་འགྲོ་བར། དེ་ནས་རྒྱལ་པོ་ཆེན་པོ་བཞིས། བཅོམ་ལྡན་འདས་ཀྱིས་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་སྔོན་མ་ཐོས་པ་འདི་ཐོས་ནས་སྐྲག་ཅིང་དརངས་ཏེ་མི་དགའ་ལ་སྤྱི་བུང་ཞེས་བྱེད་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་གྲོས་མཐུན་པ་དང་། ཚིག་མཐུན་པ་དང་། སྐད་མཐུན་པར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སྡང་བའི་འབྱུང་པོ་ཟད་བགྱིད་པ།། རིག་སྔགས་འདི་ནི་ལེགས་པར་གསུངས།། མི་ཡི་འཇིག་རྟེན་བདེ་བགྱིད་པའི། ། རིག་སྔགས་བདག་ཅག་བརྗོད་པར་འཚལ།། དེ་ལ་རིག་སྔགས་འདི་ལགས་ཏེ།། འཇིག་རྟེན་མགོན་པོ་བདག་ལ་གསོན།། སྱཱད་ཡ་ཐེ་ན། ཨུ་ཧུ་ཧ་ལ། ཀུ་ལི་ཛི་བ་ཨ་བྷྱ་@ཡ་མ་སུར་བི་ལ། ཨད་དྱ་བང་ཧྱེ། ནད་དྱ་བང་ཧྱེ། ཨད་དྱ་བ་ཏི། མ་རུང་བྱ། མ་རུང་དྱ་བ་ཏི། མ་རང་དྱ་བ་ལ་སྭཱ་ཧཱ། བཅོམ་ལྡན་འདས་འབྱུང་པོ་ཐམས་ཅད་བཟློག་པ་འདི་གཟུང་བར་གསོལ། སྱཱད་ཡ་ཐེད་ན། ཨི་ལི་ཨི་ལི། མི་ལི་མི་ལི། ཀི་ལི་ཀི་ལི། པ་ན་ར་ནི་ལ་བ་ཡ། བྷུ་བྷྲ་བྷུ་ར། བི་རོའུ། བུ་ཕུ་ཕུར། ག་ཥ་ལི་རོའུ། ཁ་ད་ཡ། མ་ལ། ཁུ་ལི་ལུ་ལི་པ་ཡ་སྭཱ་ཧཱ། རིག་སྔགས་ཀྱི་རྒྱལ་མོ་འདི་ནི་ལོ་གཅིག་གི་བར་དུ་མཚམས་གཅོད་པ་དང་། འབྱུང་པོ་ཐམས་ཅད་བཟློག་པ་དང་། དོན་ཐམས་ཅད་གྲུབ་པ་ལགས་སོ།། དེ་ནས་གནོད་སྤྲིན་དང་། སྲིན་པོ་དང་། དྲི་ཟ་ནས། གནོད་པར་བགྱིད་པའི་བར་རྣམས་ཀྱིས། བཅོམ་ལྡན་འདས་ཀྱི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་སྔོན་མ་ཐོས་པ་འདིའང་ཐོས། རྒྱལ་པོ་ཆེན་པོ་བཞིའི་སྲུང་བ་སྔོན་མ་ཐོས་པ་འདིའང་ཐོས་ནས་སྐྲག་ཅིང་དངངས་ལ་མི་དགའ་སྟེ། སྐྱི་བུད་ཞེས་བྱས་ནས་ས་ལ་འཛུལ། ཀུན་ཏུ་འཛུལ། ཀུན་ཏུ་རབ་ཏུ་འཛུལ་བར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ས་གཞི་རྡོ་རྗེར་སྤྲུལ་ནས། དེ་དག་ཕྱོགས་བཞིར་རྒྱུག་གོ།། དེ་ན་རྒྱལ་པོ་ཆེན་པོ་བཞིས་ཕྱོགས་བཞིར་མེ་ལྕེའི་ཕུང་པོ་ཆེན་པོ་སྤྲུལ་ཏོ། ། དེ་ནས་དེ་དག་ནམ་མཁའ་ལ་རྒྱུག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་མཁའ་གསེར་དུ་སྤྲུལ་ཏོ།། དེ་ནས་འཇིག་རྟེན་སྐྱོང་བ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལྷ་དང་དྲི་ཟས་བསྐོར་ཅིང་མདུན་དུ་བདར་ཏེ། སྟེང་གི་ནམ་མཁའ་བར་སྣང་ལ་འཕགས་ནས་གནོད་སྦྱིན་དང་སྲིན་པོ་ནས། གནོད་པར་བྱེད་པའི་བར་རྣམས་གཞོམ་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་དང་། འབྱུང་པོ་ཐམས་ཅད་བཟློག་པ་དང་། འཁོར་བཞི་པོ་རྣམས་བསྲུང་བ་དང་། བསྐྱབ་པ་དང་། སྦབ་དང་། བདེ་ལེགས་སུ་འགྱུར་བ་དང་། བདེ་བར་གནས་པར་བྱ་བའི་ཕྱིར་རིག་སྔགས་འདི་བརྗོད་དོ། ། སྱཱད་ཡ་ཐ་དན། གི་མི་གི་མི། གི་མི་གི་མི། གི་ནི་གི་ནི། གི་ནི་གཽ་ནི། ན་ཁི་ན་ཁི། ནིཥ་ནི་ཥ་ནི་ཥ། ཨུདྡྷ་ཨ་དཱ། དི་ཤ་དི་ཤ། བི་དི་ཤ་སརྦ་དི་ཤ་ཨ་དི་པ་ཏེ། གི་ར་བི་ས་ཛ་ནི། བྷུ་མི་བ་ཏི[:]ི་ལི་ལེ། ཀི་ལི་ལི། ཀི་ལི་ཀི་ལི་ལི། ཀི་ལི་ཀི་ལི་ལི། ཀི་ལི་ཀི་ལི་ལི། ཀི་ལི་ཀི་ལི་ལི། ཀི་ལི་ཀི་ལི་ལི། ཀི་ལི་ལི་ལི་ལི་ལི་ལི། ཀི་ལི་ལི་ལི་ལི་ལི་ལི་ལི་ལི། ཨད་བྱི། ནད་བྱི། ཀུ་ནད་དྷི། མ་ཧ་ཀུ་ནད་བྱི། ཀུ་ལད་དྷི་ཁུ་ཁུ། ལད་བྱི། མ་ཧ་ལུ། ལད་བྱི། ཧུ་ལུ་ཧུ་ལུ་ལུ། ཧུ་ལུ་ལུ་ལུ། ཧུ་ལུ་ལུ་ལུ་ལུ། ཧུ་ལུ་ལུ་ལུ་ལུ། ལུ་ལུ་ལུ་ལུ་ལུ་ལུ་ལུ་ལུ་ལུ། ཧ་ལ། ཧ་ཧ་ལ། ཧི་ལི། ཧི་ཧི་ལི། ཧ་ཧ་ལ། ཧུ་ལེ། ཨི་ཧ། ཧུ་ཧུ་ལེ། ཨུ་ལད་དྱི། ཧི་ལེ། ཨུ་ཧ་ཧི་ལི་ལེ། ཧི་ལ་ཧི་ལེ། ཧུ་ལི་ཧི། ཧུ་ལུ་ཧུ་ལུ། ཧུ་ལུ། ཧུ་རུ་ཧུ་ལེ། ཧ་ཧ་ཧ་ཧ་ཧ་ཧ་ཧ་སྭཱཧྨཱ། རྒྱལ་པོ་ཆེན་རྣམ་ཐོས་ཀྱི་བུ་ཕྱོགས་སྐྱོང་བར་གྱུར་ཅིག། ལྷ་རྣམས་ཀྱི་ནང་ན་ལྷའི་རྒྱལ་པོ་ནོར་ལྷའི་བུ་ཞེས་བགྱི་བ་མཆིས་ཏེ། དེ་ལ་བདག་ཕྱག་འཚལ་ལོ།། དེའང་བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཏེ། རྫོགས་པའི་སངས་རྒྱས་དཔའ་བོ་སྟེ།། ཀུན་མཁྱེན་ཀུན་གཟིགས་ཁྱོད་ལ་འདུད། ། རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག། ཤེས་རབ་ཆེན་པོ་ཁྱོད་ལ་འདུད།། གོའུ་ཏ་མ་ཁྱོད་ཀྱིས་གང་མཁྱེན་པ།། དེ་ནི་ལྷ་རྣམས་མ་འཚལ་ཏོ།། ཡང་དག་དཔའ་བོ་ཁྱོད་ལ་འདུད། ། ཆོས་བཞིན་མཐུན་པར་ལྟ་ཞིང་མཆིས།། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་ནས། གནོད་པར་བགྱིད་པའི་བར་རྣམས་མིང་འདི་ཞེས་བྱ་བའི་ལུས་ལ་བབས་པ་ལས་གུང་དུ་དེངས་ཤིག། གལ་ཏེ་མིང་འདི་ཞེས་བྱ་བའི་ལུས་ལས་མྱུར་དུ་གུད་དུ་མ་དོང་ན། དེ་དག་ལ་མྱུར་དུ་འཇིགས་པ་ཆེན་པོ་དང་། ནད་དྲག་པོས་འདེབས་པར་འགྱུར་ལ། དེའི་རྐྱེན་གྱིས་མགོ་བོ་དང་སྙིང་ཆལ་པ་བརྒྱར་འགས་པར་འགྱུར་ཏེ། དེའི་མོད་ལ་སྡུག་བསྔལ་དུ་མ་འབྱུང་བ་དང་། དྲག་པ་དང་། མཐའ་མེད་པར་འགྱུར་རོ།། འབྲུམ་བུའི་གདོན་གང་ཡིན་པ་དང་། སྐྱ་རེངས་འཆར་ཀའི་གདོན་གང་ཡིན་པ་དང་། གྲིབ་གདོན་གྱི་གདོན་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་ཐོས་ནས་མིང་འདི་ཞེས་བྱ་བའི་ལུས་ལས་མྱུར་དུ་གུད་དུ་དེངས་ཤིག། གལ་ཏེ་མྱུར་དུ་གུད་དུ་མ་དོང་ན་དེ་དག་ལ་མྱུར་དུ་འཇིགས་བ་ཆེན་པོ་དང་། ནད་དྲག་པོས་འདེབས་པར་འགྱུར་ལ། དེའི་རྐྱེན་གྱིས་མགོ་བོ་དང་སྙིང་ཚལ་པ་བརྒྱར་འགས་པར་འགྱུར་ཏེ། དེའི་མོད་ལ་སྡུག་བསྔལ་དུ་མ་འབྱུང་བ་དང་། རླག་པ་དང་། མཐའ་མེད་པར་འགྱུར་རོ།། གཟི་བྱིན་དང་ནི་ཁྲག་ཟབ། ། ཉིན་མཚན་རྒྱུ་བ་གང་ཡིན་པ།། དེ་དག་གིས་ཀྱང་ལེགས་གསུངས་པའི།། མདོ་བཤད་ཐོས་ནས་བཏང་བར་གྱིས།། ཤཾ་བ་ལུས་འཕགས་སྐེམ་བྱེད་དང་།། འབྱུང་པོ་འཇིགས་བྱེད་སྲུལ་པོ་རྣམས།། དེ་དག་གིས་ཀྱང་ལེགས་གསུངས་པའི།། མདོ་འདི་བཤད་པ་ཐོས་ནས་ཐོང་།། ལྷ་དང་ལྷ་མིན་རླུང་ལྷ་དང་།། དྲི་ཟ་དང་ནི་གདོན་གྱི་བླ།། འབྱུང་པོ་དང་ནི་ཤ་ཟ་དང་།། དེ་བཞིན་གནོད་སྦྱིན་སྲིན་པོ་རྣམས།། ཀུན་ཏུ་འཁྲུགས་ཤིང་ཀུན་ཏུ་གཡོས། ། སྐྲག་ཅིང་ཀུན་ཏུ་རབ་ཏུ་འགུལ།། གདོན་སྡང་གནོད་པ་བྱེད་པ་རྣམས།། ལྟུང་ཞིང་རབ་ཏུ་ཕམ་པར་འགྱུར།། ས་ག་ནི་དག་ཀྱང་རབ་ཏུ་གཡོས།། སྒྲ་བོ་ཆེ་དག་སྒྲོགས་པར་བྱེད།། ཡི་དགས་དང་ནི་གྲུལ་བུམ་རྣམས། ། སྡང་བའི་གདོན་ནི་ཟློག་བྱེད་པའི།། མདོ་འདི་དག་ནི་ཐོས་གྱུར་ནས།། འཇིགས་པ་དྲག་པོས་འདེབས་པར་འགྱུར།། སངས་རྒྱས་ཆོས་དང་དགེ་འདུན་ལ།། དད་པའི་གནོད་སྦྱིན་གང་ཡིན།། པ་དེ་དག་མགུ་ཞིང་ཡིད་དགའ་ནས།། ལེགས་པར་རྗེས་སུ་ཡི་རང་ངོ་།། དེ་ནས་རྒྱལ་པོ་ཆེན་པོ་བཞི་བར་སྣང་ལས་བབས་ནས།། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས།། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་གྲོས་མཐུན་པ་དང་། ཚིག་མཐུན་པ་དང་། སྐད་མཐུན་པར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་ནི་རྒྱལ་པོ་ཆེན་པོ་བཞིས་ཞབས་ལ་ཕྱག་བགྱི་བ་དང་། འཁོར་བཞི་པོ་རྣམས་སྲུང་བ་དང་། ཡོངས་སུ་སྐྱོབ་པ་དང་། གནོད་སྦྱིན་དང་། སྲིན་པོ་ནས། གནོད་པར་བགྱིད་པའི་བར་རྣམས་འཇོམས་པ་ལགས་སོ།། བཙུན་པ་བཅོམ་ལྡན་འདས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྟན་མ་དེ་དག་གིས་ཀྱང་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་གཟུང་བར་བགྱི། བཅང་བར་བགྱི། བརྗོད་པར་བགྱི། ཀུན་ཆུབ་པར་བགྱིའོ།། བཙུན་པ་བཅོམ་ལྡན་འདས་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་བདག་བསྲུང་བ་དང་བདག་སྦ་བ་དང་། གཞན་བསྲུང་བ་དང་། གཞན་སྦ་བའི་སླད་དུ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་འཛིན་པ་དང་། འཆང་བ་དང་། རྗོད་པ་དང་། ཀུན་ཆུབ་པར་བགྱིད་པ་དེ་ལ་ནི་གནོད་སྦྱིན་དང་སྲིན་པོ་ནས། གནོད་པར་བགྱིད་པའི་བར་རྣམས་ཉེ་འཁོར་དུའང་གནས་པར་མི་འགྱུར་ན། གནོད་པར་བགྱིད་པ་ལྟ་ག་ལ་སེམས་ལགས།། དེ་གང་དུ་མཚན་གཅིག་ཙམ་གནས་པ་དེར་ཡང་གནོད་སྦྱིན་དང་སྲིན་པོ་ནས། གནོད་པ་བགྱིད་པའི་བར་རྣམས་ཅ་འཁོར་དུའང་གནས་པར་མི་འགྱུར་ན། དེ་གང་དུ་རྟག་ཏུ་གནས་པ་དེར་ལྟ་སྨོས་ཀྱང་ཅི་འཚལ་ལགས། བཙུན་པ་བཅོམ་ལྡན་འདས་གང་ལ་མི་མ་ལགས་པའི་གནོད་པས་ཐེབས་པ་དེའི་མདུན་དུ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་བརྗོད་ན། དེ་མྱུར་བ་ཁོ་ནར་བདེ་ལེགས་དང་། ནད་མ་མཆིས་པ་དང་། བདེ་བར་འགྱུར་ཞིང་ཐར་པར་འགྱུར་ལ། མི་མ་ལགས་པ་རྣམས་དེ་ལ་ལོག་པ་མི་བགྱིད་ཅིང་མྱུར་དུ་གུད་དུ་མཆི་བར་འགྱུར་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་ནི་དེ་ལྟར་དོན་ཆེ་བ་ལགས་སོ།། བཙུན་པ་བཅོམ་ལྡན་འདས་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ་དགེ་བསྙེན་མ་གང་ལ་ལ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་འཛིན་པ་དང་། འཆང་བ་དང་། བརྗོད་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། སྦྱོར་བར་བགྱིད་པ་དེ་ལ་ནི་དད་པ་ཅན་གྱི་གནོད་སྦྱིན་དགེ་བསྙེན་རྣམས་རྒྱལ་པོ་ཆེན་པོ་བཞིའི་གནས་སུ་མཆིས་ནས་མིང་སྨོས་པར་བགྱིད་དེ། ཀྱེ་རྒྱལ་པོ་ཆེན་པོ་དག་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མཆེག་མོ་ཞིག་བདག་བསྲུང་བ་དང་། བདག་སྦ་བ་དང་། གཞན་བསྲུང་བ་དང་། གཞན་སྡུ་བའི་ཕྱིར་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་འཛིན་པར་བྱེད། འཆང་བར་བྱེད། རྗོད་པར་བྱེད། ཀུན་ཆུབ་པར་བྱེད། སྦྱོར་བར་བྱེད་དོ་ཞེས་སྒྲོག་པར་བགྱིད་ལགས་སོ།། བཙུན་བ་བཅོམ་ལྡན་འདས་དད་པ་ཅན་གྱི་གནོད་སྦྱིན་དགེ་བསྙེན་རྣམས་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་མཆིས་ནས། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་མདུན་དུ་གནོད་སྦྱིན་རྣམས་འདུས་ཤིང་འབྱུང་པོ་ཐམས་ཅད་ཚེཚོགས་པའི་ནང་དུའང་བསྒྲགས་ནས། དེར་དེ་དག་མངོན་པར་དགའ་བར་འགྱུར་ཏེ། བཙུན་པ་བཅོམ་ལྡན་འདས་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་ནི་དེ་ལྟར་དེན་ཆེ་བ་ལགས་སོ།། བཙུན་པ་བཅོམ་ལྡན་འདས་དགེ་སློང་ངམ། དགེ་སློང་མ་འམ། དག་བསྟེན་ནམ། དགེ་བསྟན་མ་གང་ལ་ལ་བདག་བསྲུང་བ་དང་། བདག་སྦབ་དང་། གཞན་བསྲུང་བ་དང་། གཞན་སྦ་བའི་སླད་དུ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་བདི་འཛིན་པ་དང་། འཆང་བ་དང་། རྗོད་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། སྦྱོར་བར་བགྱིད་པ་དེ་ནི་ཚངས་པར་སྤྱད་པར་བགྱིའོ།། ཆང་མི་བཏུང་བ་དང་། དྲན་པ་དང་། ཤེས་བཞིན་ཅན་དུ་མཆིས་པ་དང་། ཟས་རྣམ་པ་ལྔ་ལ་འདི་ལྟ་སྟེ། བུ་རམ་དང་། སྦྲང་རྩི་དང་། ཏིལ་དང་། ཤ་དང་། ཉ་ཤ་རྣམས་ཡོངས་སུ་སྤང་བར་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་གནོད་སྦྱིན་དང་སྲིན་པོ་ནས། གནོད་པར་བགྱིད་པའི་བར་རྣམས་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་འཛིན་པ་དང་། འཆང་བ་དང་། རྗོད་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། སྦྱོར་བ་དེ་ལ་དེའི་སྐབས་ཁོ་ནར་རླག་པ་དང་། མཐའ་མ་མཆིས་པར་བགྱིད་པ་དག་མཆིས་ཏེ། དེ་དག་གཞོམ་པའི་སླད་དུ་ཡི་དམ་འདི་བགྱི་འཚལ་ལགས་སོ།། བཙུན་པ་བཅོམ་ལྡན་འདས་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་འཛིན་པ་དང་། འཆང་བ་དང་། རྗོད་པ་དང་། ཀུན་ཆུབ་པར་བྱེད་པ་དང་། སྦྱོར་བར་བགྱིད་པ་དེ་ལ་ནི་དད་པ་ཅན་གྱི་གནོད་སྦྱིན་དགེ་བསྙེན་རྣམས་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། བྲོ་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་སྤྲོ་བ་སྐྱེད་པར་བགྱིད་དེ། བཙུན་པ་བཅོམ་ལྡན་འདས་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་ནི་དེ་ལྟར་དོན་ཆེ་བ་ལགས་སོ། ། བཙུན་པ་བཅོམ་ལྡན་འདས་གཞན་ཡང་མུ་སྟེགས་ཅན་བཅོམ་ལྡན་འདས་ཀྱི་གསུང་རབ་ལ་མ་དད་པ་དང་། མངོན་པར་མི་དགའ་བ་དང་། གནོད་པར་འཚལ་བ་དང་། སྨན་པར་མི་འཚལ་བ་དང་། གྲུབ་པ་དང་བདེ་བར་མི་འཚལ་བ་གང་ལ་ལ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་འཛིན་པ་དང་། འཆང་བ་དང་། རྗོད་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། སྦྱོར་བར་བགྱིད་པ་དེ་ལ་ནི་དོན་དེ་འགྲུབ་པར་མི་བགྱིད་དེ།། མི་མ་ལགས་པ་རྣམས་ཀྱིས་བར་མ་དོར་འགུམ་པ་དང་། སྡུག་བསྔལ་དུ་མ་འབྱུང་བ་དང་། རླག་པ་དང་། མཐའ་མ་མཆིས་པར་བགྱིད་པ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། ད་ནི་དེ་དག་ལ་གནོད་པར་འཚལ་བ་དང་། སྨན་པར་མི་འཚལ་བ་དང་། གྲུབ་པ་དང་བདེ་བར་མི་འཚལ་བ་ལགས་པའི་སླད་དུ་སྟེ། དེ་དག་ལ་ནི་ལོག་པར་ལྟ་བ་གང་ལགས་པ་དེ་རླག་པར་བགྱིད་པ་ལགས་སོ།། བཙུན་པ་བཅོམ་ལྡན་འདས་འཇིག་རྟེན་ན་སེམས་ཅན་རྣམས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་སླད་དུ་རྒྱལ་པོ་ཆེན་པོ་བཞིས་བསྲུང་བ་བགྱིས་པ་གང་ཅིའང་རུང་བའི་བསྲུང་བ་དེ་དག་གི་ནང་ན་ནི་འདི་མཆོག་དང་། གཙོ་བོ་དང་། རབ་མཆོག་ལགས་སོ།། ནས་བཅོམ་ལྡན་འདས་ལ། རྒྱལ་པོ་ཆེན་པོ་བཞིས་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ།། མི་མཆོག་གང་ཞིག་མདོ་འདི་དག། ཡོངས་སུ་རྫོགས་པས་སྲུང་བ་དང་།། བདེ་ལེགས་བགྱིད་པ་དེ་ལ་ནི།། སྲིན་པོ་རྣམས་ཀྱང་འཚོ་མི་བགྱིད། ། སུ་ཡང་རུང་སྟེ་མདོ་འདི་དག། མི་མཆོག་གིས་ནི་གསུངས་པ་བཞིན།། ཡོངས་སུ་རྫོགས་ཤིང་མ་ཆད་པར།། ཤིན་ཏུ་ཚང་བར་འཆང་བགྱིད་ན།། དེ་ལ་གནོད་སྦྱིན་ཡི་དགས་དང་།། འབྱུང་པོ་གྲུལ་བུམ་སྲིན་པོ་དང་།། སྨྱོ་བྱེད་རྒྱུ་བ་ཀླུ་རྣམས་དང་།། དེ་ལྟ་བུ་དག་འཚེ་མི་བགྱིད།། དེ་ལ་མི་མ་ལགས་དང་གདོན།། མྱུར་དུ་གུད་དུ་མཆི་བར་འགྱུར།། དེ་ལ་ཅིས་ཀྱང་མི་ཚུགས་ཏེ།། དེ་ལ་འཚེ་བར་ཡོང་མི་ནུས། ། རྒྱལ་པོ་ཆེན་པོ་བཞི་པོ་ཡིས།། བཅོམ་ལྡན་ཕྱག་འཚལ་ཞེས་བརྗོད་དེ།། སངས་རྒྱས་ཞབས་ལ་ཕྱག་འཚལ་ནས།། དེ་ཉིད་དུ་ནི་མི་སྣང་གྱུར།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་མཚན་མོ་འདས་ཏེ་ནམ་ལངས་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་བཞུགས་ཏེ། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མ་དང་སུམ་རྒྱལ་པོ་ཆེན་པོ་བཞི་བུ་དང་བཅས། བློན་པོ་དང་བཅས། འཁོར་དང་བཅས། མངག་གཞུག་པ་དང་བཅས། པོ་ཉ་དང་བཅས། གཡོག་འཁོར་དང་བཅས་པ་ཁ་དོག་འཕགས་བདག་ནམ་སྲོས་ནས་ལྷགས་ནས་གྲོས་མཐུན་པར་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་འོངས་ཏེ། @#རང་གི་འོད་ཀྱིས་སྣང་བར་བྱས་ནས་ལུས་ངན་དང་། ཡུལ་འཁོར་སྲུང་དང་། མིག་མི་བཟང་དང་། འཕགས་སྐྱེས་པོ་རྣམས་དག་ལ་བ་དེར་འོངས་ཏེ་ལྷགས་ནས། ངའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། ། ཕྱོགས་གཅིག་ཏུ་འཁོད་ནས། རྒྱལ་པོ་ཆེན་པོ་བཞིས་ངའི་ཐད་དུ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་བརྗོད་ནས་དོང་ངོ་།། ཁྱེད་ཀྱིས་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་ངས་བཤད་དོ། ། བཙུན་པ་དེ་ལྟར་འཚལ་ལོ་ཞེས་གསོལ་ཏེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མཉན་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ལ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་འདི་རྒྱས་པར་བཤད་དོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྙེན་མ་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འདིའི་ཆོ་ག་ནི་ཟས་དཀར་གསུམ་ཟ་བ་དང་། ལེགས་པར་ཁྲུས་བྱས་པ་དང་། སྨྱུང་བ་བྱས་པ་དང་ཚུལ་ཁྲིམས་དང་ལྡན་པ་དང་། བསམ་པ་རྒྱ་ཆེན་པོ་དང་ལྡན་པས་རྒྱལ་པོ་ཆེན་པོ་བཞིའི་གཟུགས་ལྡོང་རོས་སམ་བཙག་གིས་བྲིས་ལ། སྤོས་ཐམས་ཅད་དང་ལྡན་པའི་དཀྱིལ་འཁོར་གྲུ་བཞི་པ་བྱས་ནས་སངས་རྒྱས་ཀྱི་སྤྱན་སྔར་དུས་གསུམ་དུ་བརྗོད་པར་བྱའོ། ། བསིལ་བའི་ཚལ་གྱི་མདོ་ཆེན་པོ་རྫོགས་སོ།། སྔགས་རྣམས་ཡུལ་དབུས་ཀྱི་རྒྱུ་དཔེ་གཉིས་དང་བསྟན་ནས། བུ་སྟོན་ལོ་ཙྪ་བ་ཆེན་པོས་དག་པར་བཅོས་སོ།

CLOSE WINDOW