CLOSE WINDOW

S476: འཕགས་པ་དྲི་མ་མེད་པ་ཞེས་བྱ་བའི་གཟུངས
Wyliee-texts produced with ocr Programm

འཕགས་པ་མེ་ཏོག་བརྩེགས་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། རྒྱ་གར་སྐད་དུ། ཨཱརྱ་བི་མ་ལ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་དྲི་མ་མེད་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་དག་པ་ལ་བཀའ་སྩལ་པ། བློ་གྲོས་རྣམ་པར་དག་པ། ཚུལ་ཁྲིམས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ། ། བློ་གྲོས་རྣམ་པར་དག་པ། ཏིང་ངེ་འཛིན་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས་རྣམ་པར་དག་པ། བཟོད་པ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ། ། བློ་གྲོས་རྣམ་པར་དག་པ། ཕན་པའི་དངོས་པོ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས་རྣམ་པར་དག་པ། བྱམས་པ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ། ། བློ་གྲོས་རྣམ་པར་དག་པ། སྙིང་རྗེ་ཡོངས་སུ་དག་པ་དང་། དགའ་བ་ཡོངས་སུ་དག་པ་དང་། བཏང་སྙོམས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ། ། བློ་གྲོས་རྣམ་པར་དག་པ། རྣམ་པར་གྲོལ་བ་ཡོངས་སུ་དག་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས་རྣམ་པར་དག་པ། སྟོབས་ཡོངས་སུ་དག་པ་དང་། མི་འཇིགས་པ་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས་རྣམ་པར་དག་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ། ། བློ་གྲོས་རྣམ་པར་དག་པ། དེ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ་དག་པ་ལ། སུ་ཞིག་མེ་ཏོག་དང་། འཕྲེང་བ་དང་། སྤོས་དང་། གདུགས་དང་། རྒྱལ་མཚན་ལ་སོགས་པ་དང་། རོལ་མོའི་སྒྲ་དང་། བྱུག་པ་རྣམས་ཀྱིས་བསྟི་སྟང་བྱེད་པ་དེའི་བསོད་ནམས་ཀྱི་ཕུང་པོའི་མཐའ་རྟོགས་པར་མི་ནུས་ཏེ། དེའི་མཐའ་ནི་ཐེག་པ་གསུམ་པོ་ལས་ཐེག་པ་གང་ཡང་རུང་བས་མྱ་ངན་ལས་འདས་པའི་མཐར་ཐུག་པ་མ་གཏོགས་པར། བསོད་ནམས་ཀྱི་ཕུང་པོ་དེ་ཕྱི་མའི་མཐར་ཡང་ཟད་པར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྣམ་པར་དག་པ། ཇི་ལྟར་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཚད་མེད་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བའང་ཆང་མེད་དོ།། མཐའ་ཡས་སོ།། བསམ་གྱིས་མི་ཁྱབ་བོ། ། མཚུངས་པ་མེད་དོ།། གྲངས་མེད་དོ།། དཔག་གིས་མི་ལང་ངོ་།། བརྗོད་དུ་མེད་དོ།། བློ་གྲོས་རྣམ་པར་དག་པ། སུ་ཞིག་དེ་བཞིན་གཤེགས་པ་ང་ལྔར་བཞུགས་ཏེ། འཚོ་ཞིང་གཞེས་པ་ལ་བསྟི་སྟང་དུ་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། རྗེད་པ་དང་། ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་སུ་ཞིག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་ལ་བསྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། རྗེད་པ་དང་། ཡང་དག་པར་སེམས་མཉམ་པར་བཞག་སྟེ། བྱང་ཆུབ་ཏུ་གཞོལ་བའི་སེམས་བསྐྱེད་པས་ཕྱག་འཚལ་བ་དང་། ཕྱག་བྱེད་པ་དང་། བསྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། རྗེད་པར་བྱེད་པ་དང་། མཆོད་པ་དང་། གསོལ་བ་དང་། བསྔགས་པ་དང་། སྐོར་བ་བྱེད་པ་དེས་ཕན་ཡོན་ལྔར་ཤེས་པར་བྱ་སྟེ། ལྔ་གང་ཞེ་ན། དྲན་པ་དང་ལྡན་པར་འགྱུར་བ་དང་། རྟོགས་པ་དང་ལྡན་པར་འགྱུར་བ་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་ལྡན་པར་འགྱུར་བ་དང་། མྱུར་དུ་བཅོམ་ལྡན་འདས་མཐོང་བར་འགྱུར་བ་དང་། མཐོང་ནས་ཀྱང་དད་པ་སྐྱེད་པར་འགྱུར་སྟེ། ཕན་ཡོན་ལྔ་པོ་དག་ཏུ་ཤེས་པར་བྱའོ།། དེ་ནས་གཞན་ཡང་ཆོས་བཞིར་ཤེས་པར་བྱ་སྟེ། བཞི་གང་ཞེ་ན། དེ་བཞིན་གཤེགས་པས་བསྟན་པའི་ཚིག་སོ་སོར་འཛིན་པ་དང་། དེ་དག་ཀྱང་ཇི་སྐད་བསྟན་པ་དེ་བཞིན་དུ་སྒྲུབ་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བར་འགྱུར་བ་དང་། མྱུར་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་བ་སྟེ། ཆོས་བཞི་པོ་དེ་དག་ཡོངས་སུ་འཛིན་པར་འགྱུར་རོ།། བློ་གྲོས་རྣམ་པར་དག་པ། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། བདུད་དང་བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་མི་བརྫི་བར་འགྱུར་ཏེ། བཞི་གང་ཞེ་ན། རིགས་ཆེ་བ་དང་། བཙས་མ་ཐག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡིད་ལ་བྱེད་པ་དང་། ཕྱི་མའི་དུས་ན་དམ་པའི་ཆོས་འཛིན་པ་དང་། རྟག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པར་འགྱུར་བ་སྟེ། བློ་གྲོས་རྣམ་པར་དག་པ། བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། བདུད་དམ་བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་མི་བརྫི་བར་འགྱུར་རོ།། བློ་གྲོས་རྣམ་པར་དག་པ། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་གང་གིས་དེ་བཞིན་གཤེགས་པའི་མཆོད་རྟེན་མཐོང་ནས་དད་པ་བསྐྱེད་དེ། པུས་མོ་གཉིས་ཀའི་ལྷ་ང་ས་ལ་བཙུགས་ནས་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་པ་དེ་ཅི་འདྲ་བར་བདག་ཀྱང་དེ་འདྲ་བའི་ལུས་ཐོབ་པར་གྱུར་ཅིག་ཅེས་དེ་ལྟར་མོས་པ་བསྐྱེད་ན། བློ་གྲོས་རྣམ་པར་དག་པ་བསོད་ནམས་ཀྱི་ཕུང་པོ་དེའི་མཐའ་བརྗོད་པར་མི་ནུས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པའི་ཕྱིར་རོ།། བསོད་ནམས་ཀྱི་ཕུང་པོ་དེ་ནི་རྒྱལ་པོ་ཉིད་དམ། བརྒྱ་བྱིན་ཉིད་དམ། ཚངས་པ་ཉིད་དམ། ཉན་ཐོས་ཉིད་དམ། རང་སངས་རྒྱས་ཉིད་དམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱིས་ཀྱང་ཟད་པར་བྱར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྣམ་པར་དག་པ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེས་བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བཟུང་བ་ཡིན་ཏེ། བློ་གྲོས་རྣམ་པར་དག་པ། འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་གྲོང་དུ་འཇུག་གམ། གཙུག་ལག་ཁང་ངམ། གྲོང་ཁྱེར་དུ་འཇུག་ཀྱང་རུང་། དེ་བཞིན་གཤེགས་པ་ཐམས་ཅད་དུ་རྒྱུའང་རུང་། འཆག་ཀྱང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་། ཆོས་སྟོན་ཀྱང་རུང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ལྔ་འམ། ཀླུ་འམ། གནོད་སྦྱིན་ནམ། དྲི་ཟ་འམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། མི་འམ་ཅིའམ། ལྟོ་འཕྱེ་ཆེན་པོ་འམ། མི་འམ། མི་མ་ཡིན་པ་འམ། ཤིང་ངམ། རིའམ། ཁུང་བུ་འམ། བྱ་སྐྱིབས་ཀྱང་རུང་སྟེ། ཐམས་ཅད་དེ་བཞིན་གཤེགས་པ་ག་ལ་བ་དེར་ལོགས་སུ་འདུད་པ་དང་། རབ་ཏུ་འདུད་པ་དང་། ཀུན་ཏུ་འདུད་པར་མི་བྱེད་པ་དེ་གང་ཡང་མེད་དེ། ཇི་ལྟར་དེ་བཞིན་གཤེགས་པ་དགེ་བའི་རྩ་བ་ཐམས་ཅད་དང་ལྡན་པར་བྱེད་པ་དེ་བཞིན་དུ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ཡུལ་འཁོར་རམ། ཕོ་བྲང་འཁོར་ན་རྒྱུ་བ་ལ་སེམས་ཅན་རྣམས་འདུད། རབ་ཏུ་འདུད་ཀུན་ཏུ་འདུད་པར་འགྱུར་རོ། ། བཅོམ་ལྡན་འདས་འོད་དཔག་མེད་ལ་ཕྱག་འཚལ་ལོ།། ཨ་མི་ཏཱ་མ་ཏེ་པྲ་བྷེ། མ་ཧཱ་པྲ་བྷེ། པྲ་བྷ་བ་ཏི[:]པྲ་བྷ་བ་ཏི། པྲ་བྷ་བ་ཏི། པྲ་བྷ་བ་ཏི། པྲ་བྷ་བ་ཏི། པྲ་བྷ་བ་ཏི། པྲ་བྷ་བ་ཏི། པྲ་བྷཱ་བ་ཏི། པྲ་བྷ་བ་ཏི། པྲ་བྷ་བཱ་ཏི། བཅོམ་ལྡན་འདས་མཐུས་བསྟན་དུ་གསོལ། བཅོམ་ལྡན་འདས་མཐུས་བསྟན་དུ་གསོལ། ཏདྱ་ཐཱ། མ་ཏི་མཱ་ཏི། མ་ཏི་མ་མ་ན་ག་ས་ཆགས་པ་མི་མངའ་བ་གཏི་མུཀ་བསལ་དུ་གསོལ། སོ་མེ། སོ་མ། སོ་མེ། སོ་མི། སོ་མེ། སོ་མཾ། སོ་མ། སོ་མེ། སོ་མེ། སོ་མེ། སོ་མཾ། སོ་མེ་སཽ་མ་ན་སྱ་མུ་པ་ན་ཡ་སཽ་མ་ན་སྱ་མུ་པ་ན་ཡ། སཽ་མ་ན་སྱ་མུ་པ་ན་ཡ། སཽ་མ་ན་སྱ་མུ་པ་ན་ཡ། སཽ་མ་ན་སྱ་མུ་པ་ན་ཡ། སཽ་མ་ན་སྱ་མུ་པ་ན་ཡ། སཽ་མ་ན་སྱ་མུ་པ་ན་ཡ། སོ་མ་ན་སྱ་མུ་པ་ན་ཡ། སཽ་མ་ན་སྱ་མུ་པ་ན་ཡ། སཽ་མ་ན་སྱ་མུ་པ་ན་ཡ། ཤྲཱི་ཁི་ཤི་ཁཱི། ཤི་ཁི་ཤི་ཁི། ཤི་ཥི་ཤི་ཁི། ཤི་ཁི་ཤི་ཁཱི། ཤི་ཁི་ཤི་ཁི། ཞི་བར་གྱུར་ཅིག། ནད་མེད་པར་གྱུར་ཅིག། བགེགས་མེད་པར་གྱུར་ཅིག་པྲ་བྷ་བ་ཏི། མ་ཧཱ་མ་ཏྱེ། རཤྨི། རཤྨི། རཤྨི། རཤྨི། རཤྨི། རཤྨི། རཤྨི། རཤྨི། རཤྨི། རཤྨི། རཤྨི། སངས་རྒྱས་བཅོམ་ལྡན་འདས་འདི་དག་གི་མཚན་ཡང་གཟུང་བར་བྱ་ཞིང་ཕྱག་བྱའོ། ། འདི་ལྟ་སྟེ། བཅོམ་ལྡན་འདས་རིན་ཆེན་འབྱུང་གནས་དང་། བཅོམ་ལྡན་འདས་རིན་ཆེན་ཉི་མ་དང་། བཅོམ་ལྡན་འདས་རིན་ཆེན་བླ་མ་དང་། བཅོམ་ལྡན་རིན་ཆེན་འཁྲེགས་པ་དང་། བཅོམ་ལྡན་འདས་རིན་ཆེན་མེ་ཏོག་དང་། བཅོམ་ལྡན་འདས་རིན་ཆེན་འོད་འཕྲོ་དང་། བཅོམ་ལྡན་འདས་རིན་ཆེན་མཐུ་དང་། བཅོམ་ལྡན་འདས་མི་འཁྲུགས་པ་དང་། བཅོམ་ལྡན་འདས་འོད་དཔག་མེད་དང་། བཅོམ་ལྡན་འདས་དབྱངས་དཔག་མེད་དང་། བཅོམ་ལྡན་འདས་ཐུབ་དཀའ་དང་། བཅོམ་ལྡན་འདས་གྲགས་པ་མཐའ་ཡས་དང་། བཅོམ་ལྡན་འདས་རིན་ཆེན་འོད་དང་། བཅོམ་ལྡན་འདས་བདེ་ཆེན་བརྙེས་དང་། བཅོམ་ལྡན་འདས་སྐར་མའི་འོད་དང་། བཅོམ་ལྡན་འདས་བདེན་དབྱངས་དང་། བཅོམ་ལྡན་འདས་ནད་ཀྱི་དྲི་མ་བྲལ་བ་དང་། བཅོམ་ལྡན་འདས་ཟླ་བ་དཀར་དང་། བཅོམ་ལྡན་འདས་དྲི་མེད་འོད་དང་། བཅོམ་ལྡན་འདས་ཉི་མ་དཀར་དང་། བཅོམ་ལྡན་འདས་ཉི་མའི་འོད་དང་། བཅོམ་ལྡན་འདས་འོད་དཔག་མེད་དང་། བཅོམ་ལྡན་འདས་རིན་ཆེན་མཐའ་ཡས་དང་། བཅོམ་ལྡན་འདས་རིན་ཆེན་སྙིང་པོ་དང་། བཅོམ་ལྡན་འདས་རིན་ཆེན་འབྱུང་དང་། བཅོམ་ལྡན་འདས་ཟླ་བའི་སྒྲོན་མ་དང་། བཅོམ་ལྡན་འདས་པདྨའི་སྡེ་དང་། བཅོམ་ལྡན་འདས་པདྨའི་སྒྲ་དང་། བཅོམ་ལྡན་འདས་པདྨའི་མཆོག་དང་། བཅོམ་ལྡན་འདས་ཡན་ལག་མཆོག་དང་། བཅོམ་ལྡན་འདས་གསེར་འོད་དང་། བཅོམ་ལྡན་འདས་ཚངས་པའི་དབང་ཕྱུག་རྒྱལ་པོ་དང་། བཅོམ་ལྡན་འདས་གསེར་ལྟ་བུར་སྣང་བ་དང་། བཅོམ་ལྡན་འདས་གསེར་གྱི་འབྱུང་གནས་དང་། བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོ་དང་། བཅོམ་ལྡན་འདས་མེ་ཏོག་དང་། བཅོམ་ལྡན་འདས་སྤོས་ཐམས་ཅད་ཀྱི་དབང་ཕྱུག་རྒྱལ་པོ་དང་། བཅོམ་ལྡན་འདས་འཕྲེང་བའི་རྒྱལ་པོ་དང་། བཅོམ་ལྡན་འདས་དཔའ་བསྟན་པའི་སྡེ་དང་། བཅོམ་ལྡན་འདས་མཚོན་ཆ་སྤོང་དང་། བཅོམ་ལྡན་འདས་དཔལ་གྱི་སྙིང་པོ་ནོར་བུ་རིན་ཆེན་སྣང་དང་། བཅོམ་ལྡན་འདས་དཔག་མེད་རྟོགས་འོད་དང་། བཅོམ་ལྡན་འདས་སེང་གེ་སྒྲ་དང་། བཅོམ་ལྡན་འདས་སེང་གེ་དབང་ཕྱུག་རྒྱལ་པོ་དང་། བཅོམ་ལྡན་འདས་མཐུ་ཆེན་བརྩོན་འགྲུས་ངེས་འབྱུང་དང་། བཅོམ་ལྡན་འདས་སྙིང་པོས་ཟིལ་གནོན་དང་། བཅོམ་ལྡན་འདས་རྔ་སྒྲའི་རྒྱལ་པོ་དང་། བཅོམ་ལྡན་འདས་ཟླ་བ་མཆོག་དང་། བཅོམ་ལྡན་འདས་པདྨ་ཟིལ་གནོན་དང་། བཅོམ་ལྡན་འདས་འཇིག་རྟེན་སྒྲོན་མ་དང་། བཅོམ་ལྡན་འདས་མེ་དང་། བཅོམ་ལྡན་འདས་སྐྲག་བྱེད་དང་། བཅོམ་ལྡན་འདས་རིན་ཆེན་མུ་ཁྱུད་དང་། བཅོམ་ལྡན་འདས་རྟག་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་དང་། བཅོམ་ལྡན་འདས་བློ་ཡངས་དང་། བཅོམ་ལྡན་འདས་རིན་ཆེན་དཔག་མེད་སྦྲུལ་འོད་དང་། བཅོམ་ལྡན་འདས་རི་རབ་ལྟར་རྣམ་པར་གནོན་པ་དང་། བཅོམ་ལྡན་འདས་ཕྱག་ན་རིན་ཆེན་མཆོག་དང་། བཅོམ་ལྡན་འདས་རིན་ཆེན་འདུས་པའི་དཔལ་དང་། བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་འཁོར་ལོ་རིན་པོ་ཆེའི་ཚིག་གི་དཔལ་དང་། བཅོམ་ལྡན་འདས་ཀུན་ནས་རྣམ་པར་སྣང་མཛད་རྣམ་པར་དག་པ་རྙེས་པ་དང་། བཅོམ་ལྡན་འདས་ཉི་ཟླ་སྒྲོན་མ་དང་། བཅོམ་ལྡན་འདས་ལྷུན་པོ་དང་། བཅོམ་ལྡན་འདས་ལྷུན་པོ་ཆེན་པོ་དང་། བཅོམ་ལྡན་འདས་རི་རབ་དང་། བཅོམ་ལྡན་འདས་ཤིན་ཏུ་ལྷུན་པོ་དང་། བཅོམ་ལྡན་འདས་རི་རབ་ལྟ་བུའོ། ། ཏདྱ་ཐཱ། བ་ཏ་པ་ཏ། ང་མ་ད་མ། བྷ་མ་གྷ་མ་སཱད། ཤར་ཕྱོགས་ལོགས་ན་སངས་རྒྱས་བཅོམ་ལྡན་འདས་འདི་དག་ལ་སོགས་པ་འཁོར་དང་བཅས་པ་གང་དག་བཞུགས་པ་འདྲེན་པ་དེ་དག་ལ་ཕྱག་འཚལ་ལོ། ། དེ་དག་གིས་ཀྱང་བདག་འཁོར་དང་བཅས་པ་ལ་ནད་མེད་པ་དང་། ཞི་བར་མངོན་དུ་སྲུང་དུ་གསོལ། ལྷོ་ཕྱོགས་ལོགས་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་འདྲེན་པ་དེ་དག་ལ་ཕྱག་འཚལ་ལོ། ། དེ་དག་གིས་ཀྱང་བདག་ལ་ནད་མེད་པ་དང་། ཞི་བར་སྲུང་དུ་གསོལ། ནུབ་ཕྱོག་ལོགས་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་འདྲེན་པ་དེ་དག་ལ་ཕྱག་འཚལ་ལོ། ། དེ་དག་གིས་ཀྱང་བདག་ལ་ནད་མེད་པ་དང་། ཞི་བར་སྲུང་དུ་གསོལ། བྱང་ཕྱོགས་ལོགས་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུག་པ་འདྲེན་པ་དེ་དག་ལ་ཕྱག་འཚལ་ལོ། ། དེ་དག་གིས་ཀྱང་བདག་ལ་ནད་མེད་པ་དང་། ཞི་བར་སྲུང་དུ་གསོལ། འོག་གི་ཕྱོགས་ལོགས་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་འདྲེན་པ་དེ་དག་ལ་ཕྱག་འཚལ་ལོ། ། དེ་དག་གིས་ཀྱང་བདག་ལ་ནད་མེད་པ་དང་། ཞི་བར་སྲུང་དུ་གསོལ། སྟེང་གི་ཕྱོགས་ལོགས་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་འདྲེན་པ་དེ་དག་ལ་ཕྱག་འཚལ་ལོ། ། དེ་དག་གིས་ཀྱང་བདག་ལ་ནད་མེད་པ་དང་། ཞི་བར་བསྲུང་དུ་གསོལ། ཕྱོགས་འཚམས་ལོགས་ན་སངས་རྒྱས་ལྡན་འདས་གང་དག་བཞུགས་པ་འདྲེན་པ་དེ་དག་ལ་ཕྱག་འཚལ་ལོ།། དེ་དག་གིས་ཀྱང་བདག་ལ་ནད་མེད་པ་དང་། ཞི་བར་སྲུང་དུ་གསོལ། ཏདྱ་ཐཱ། བི་མ་ལེ་བི་མ་ལཱ། ཀ་རེ་བི་མ་ལ་སཾ་བྷ་བེ་སྭཱ་ཧཱ། བི་མ་ལེ། བི་མ་ལེ། བི་མ་ལེ། བི་མ་ལེ། བི་མ་ལེ། བི་མ་ལེ། བི་མ་ལེ་བི་མ་ལེ། བི་མཱ་ལ། བི་མ་ལཱ་ཀ་རེ། བི་མ་ལཱ་ཀ་རེ། བི་མ་ལཱ་ཀ་རེ། བི་མཱ་ལཱ་ཀ་རེ། བི་མ་ལཱ་ཀ་རེ། བི་མ་ལཱ་ཀ་རེ། བི་མ་ལཱ་ཀ་རེ། བི་མ་ལཱ་ཀ་རེ། བི་མ་ལཱ་ས་མུངྒ་ཏེ། བི་མ་ལཱ་སྭ་མུངྒ་ཏེ། བི་མ་ལཱ་ས་མུངྒ་ཏེ། བི་མ་ལཱ་ས་མུངྒ་ཏེ། བི་མ་ལཱ་ས་མུངྒ་ཏེ། བཱི་མ་ལཱ་ས་མུངྒ་ཏེ། བི་མ་ལཱ་ས་མུངྒ་ཏེ། བི་མ་ལ་ས་མུངྒ་ཏེ་བི་མ་ལཱ་ས་མུངྒ་ཏེ། རིག་སྔགས་འདི་ནི་རིག་སྔགས་ཆེ།། ལྷ་རྣམས་ཀྱིས་ནི་བརྗོད་པ་ཡིན།། འདི་ནི་དུས་གསུམ་བརྗོད་བྱས་ན།། ནང་རྣམས་ལས་ནི་ཡོངས་སུ་ཐར།། མི་མ་ཡིན་གྱིས་གང་བྱས་དང་།། སྡིག་པ་གང་དག་སྦྱོར་བྱས་སྒྲོལ།། དེ་དག་དྲན་པ་བརྗེད་མི་འགྱུར།། གཟུང་བ་རྣམས་ཀྱང་ཆུད་མི་ཟ།། དེ་དག་སྐྱེ་བ་རྣམས་སུ་ཡང་།། རྟག་ཏུ་སངས་རྒྱས་འབྲལ་མི་འགྱུར། ། སུ་ཞིག་དྲི་མ་མེད་པའི་གཟུངས།། འདི་ནི་དགའ་བས་འཛིན་པར་བྱེད།། ཞིང་རྣམས་ཀུན་ཏུ་རྒྱུ་བ་རྣམས།། དཔལ་ལྡན་པདྨའི་སྙིང་པོར་འབྱུང་། ། མཚན་རྣམས་ཀྱིས་ནི་ལེགས་པར་བརྒྱན།། ཡན་ལག་འོད་ཟེར་དྲ་བ་འབྱུང་།། ཏདྱ་ཐཱ། ཀུ་ཊི་ཀུ་ཊི། ཀུ་ཏཱ་ཙཱ་ལོ།། ཨེ་ལ་ཨེ་ལ། མུཥྞ། ཀོང་ཐཱ་ལོ།། ཨེ་རི་རི། རོ་མྲྀ་ཏི་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྣམ་པར་དག་པ་དང་། ལྷ་དང་མིང་དྱ། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་མེད་པ་ཞེས་བྱ་བའི་གཟུངས་རྫོགས་སོ། ། རྒྱ་གར་སྐད་དུ། ཨཱརྱ་ཙན་དན་ཨཾ་ག་ན་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་ཙན་ངན་གྱི་ཡན་ལག་ཅེས་བྱ་བའི་གཟུངས།

CLOSE WINDOW