Wylie | e-texts produced with ocr Programm |
རྒྱུད་འདི་བསྒྱུར་ལས་ཅུང་ཟད་མ་རྫོགས་པ།། དཔལ་ལྡན་བློ་གྲོས་བརྟན་པས་རྫོགས་པར་བསྒྱུར། རྒྱ་གར་སྐད་དུ། ཤྲཱི་བཛྲ་མཎྜ་ཨ་ལང་ཀཱ་ར་ནཱ་མ་མ་ཧཱ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། བླ་མ་དང་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨ་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དང་། ནོར་བུ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱིས་བྱིན་གྱིས་བརླབས་པའི་དམ་ཚིག་གི་ཡེ་ཤེས་རྣམ་པ་སྣ་ཚོགས་པའི་ཁྱད་པར་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་ཅོད་པན་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་བསྙེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་གི་ཡེ་ཤེས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་བརྙེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་མཉམ་པ་ཉིད་ཐུགས་སུ་ཆུད་ཅིང་ལས་སྣ་ཚོགས་མཛད་པ། མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པའི་རྡོ་རྗེའི་ལས་མཛད་པ། ཐུགས་རྗེ་ཆེན་པོ་རྣམ་པར་སྣང་མཛད་ཆེན་པོ་རྟག་པ་དུས་གསུམ་དུ་གནས་པའི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟེན་ཅིང་བསྔགས་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་དང་ལྡན་པ། ཁ་དོག་རྣམ་པ་སྣ་ཚོགས་པའི་དྲིལ་བུ་བཏགས་པ། རླུང་གིས་བསྐྱོད་པའི་དར་གྱི་བ་དན་དང་། མེམོཆོག་གི་རྒྱན་པོ་དང་། དྲ་བ་དང་དྲབ་ཕྱེད་པས་ཀླུབས་ཤིང་ཉེ་བར་མཛེས་པ། ཆོས་ཀྱི་དབྱིངས་ཐམས་ཅད་ལེགས་པར་ཡོངས་སུ་དག་པ། ཆོས་ཀྱི་དབྱིངས་ཀྱི་ཁང་བཟངས་འོང་མཐའ་ཡས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཙུག་ལག་ཁང་མེ་ཏོག་གི་འཁྲི་ཤིང་མཆོག་གི་སྙིང་པོའི་རྒྱན་གྱིས་བཀོད་པ། འཇིག་ཅན་གྱི་ཁམས་ཀྱི་རྒྱུད་རྒྱ་མཚོ་རབ་ཏུ་བཀྲམ་པའི་སྤྲིན་ནམ་མཁའི་ཁམས་ཡོངས་སུ་ཁྱབ་པ། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ། མཐའ་ལས་འདས་པའི་སངས་རྒྱས་འཁྲུངས་པའི་དབུས། རྣམ་པར་སྣང་མཛད་ཀྱི་སྙིང་པོ་འོད་གསལ་བའི་གཞལ་མེད་ཁང་དེ་བཞིན་གཤེགས་པའི་གནས། རྡོ་རྗེ་སྙིང་པོའི་རྒྱན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ། དེ་བཞིན་གཤེགས་པ་མི་འཁྲུངས་མི་འགོག། འགོག་པར་མི་འགྱུར་བའི་ཡན་ལག་གི་སྤྱོད་ཡུལ། ཡང་དག་པའི་མཐའ་གསལ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ། ཆོས་ཀྱི་དབྱིངས་ཀྱི་སྙིང་པོའི་ཁང་བཟངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སྐུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོ་ས་ཆེན་པོའི་དམ་པ་ལ་བཞུགས་སོ།། དེ་ལ་སངས་རྒྱས་ཀྱི་ཞིང་ཐམ་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཞིང་མདུན་དུ་བདར་ཏེ་ཆོས་སྟོན་པར་མཛད་དོ། ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ་ཡོངས་སུ་དག་པ། ཡོངས་སུ་དཀར་བ། ཆོས་ཐམས་ཅད་ཀྱི་ཚུལ་རྣམ་པར་དག་པའི་སྒོ་སྟོན་པར་མཛད་དོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་གཉིས་སུ་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སེམས་དཔའ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཉི་མ། རྣམ་པར་རྒྱལ་བའི་དམ་ཚིག་གི་འབྱུང་གནས་རྡོ་རྗེ་སྙིང་པོ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་ཡེ་ཤེས་མཉམ་པ་ཉིད་བསྙེས་པ། རྒྱ་མཚོ་ལྟར་ཟབ་པ། ལས་སྣ་ཚོགས་པའི་ཕྱག་རྒྱའི་ཡེ་ཤེས་ཐོབ་པ། སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ནམ་མཁའ་ལྟ་བུ། སྐུ་ཆེན་པོ་རྡོ་རྗེའི་སྐུ། མཐའ་ལས་འདས་པའི་སྐུ། སྐུ་རིན་པོ་ཆེ་ཆོས་ཀྱི་སྐུ། སྤྲུལ་པའི་སྐུ། ལས་མཉམ་པ་ཉིད་ཀྱི་སྐུ། བྱང་ཆུབ་ཀྱི་སེམས་དོན་ཡོད་པ། ཡོངས་སུ་བསྡུས་པ། དགེ་བ་འཕེལ་བ། རྒྱལ་པོ་ཆེན་པོ། སྣང་བ་ཏོག། བཞད་པ་པོ། ཆོས་དང་ལྡན་པ། ཤེས་རབ་འཁོར་ལོ།། སྐད་ཐམས་ཅད་པ། སྣ་ཚོགས་པ་ཅན། སྲུང་བ་པོ། གནོད་སྦྱིན་ཅན། མཚམས་སྦྱོར་བ། གཙུག་ཏོར་དུ་གྱུར་པ། མཆོག་ལྡན། རྡོ་རྗེ་ཅན། འཁོར་ལོ་ཅན། ཡེ་ཤེས་ཅན། ཁྱབ་བདག་ཆེན་པོ། སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ནམ་མཁའི་དབྱིངས་ཐམས་ཅད་དུ་ལེགས་པར་བཞུགས་པ། དེ་བཞིན་གཤེགས་པ་ཐ་མན་ཡང་དག་པར་འདུ་བར་བྱེད་པ། རྡོ་རྗེའི་དབྱིངས་ཐམས་ཅད་ཁོང་དུ་ཆུད་པའི་ཡེ་ཤེས་སེམས་དཔའ་ནམ་མཁའི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་དང་མཉམ་པའི་རྡོ་རྗེའི་བྱིན་རླབས་ཀྱི་ཡེ་ཤེས་སྙིང་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བ་ཆེན་པོའི་དམ་ཚིག་ནམ་མཁའི་ཁམས་ཐམས་ཅད་དུ་སྤྲོས་པས། དེ་བཞིན་གཤེགས་པའི་མངོན་པར་ཤེས་པ་མངོན་པར་བྱང་ཆུབ་པར་གྱུར་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ངོ་བོ་རྣམ་པར་དག་པ། དེ་ཡིས་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ། ནམ་མཁའ་ཐམས་ཅད་ལ་ཁྱབ་པ་པོ། གཟུགས་ཐམས་ཅད་ཡོངས་སུ་མཐོང་བ། ཡེ་ཤེས་ཀྱིས་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་འདུལ་བའི་སྤྱོད་པ་མཆོག་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་དོན་ཡོད་པའི་བཀའ་ལུང་མཛད་པས་སེམས་ཅན་ཐམས་ཅད་མཉམ་པ་ཉིད་བླ་ན་མེད་པའི་ལས་སྣ་ཚོགས་པ་ཙཅན། རྣམ་སྣང་མི་འགྱུར་མི་བསྐྱོད་པ།། རིན་ཆེན་ཏོག་སྟེ་འོད་བྱེད་པ།། འོད་དཔག་མེད་པ་རྒྱལ་བའི་མགོན།། དོན་ཡོད་པ་ནི་ལས་ཀུན་བྱེད།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་རབ་ལ་རབ་ཏུ་གནས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་གཉིས་སུ་མེད་པ་བརྙེས་པ། དེ་བཞིན་གཤེགས་པ་ཐ་མ་ད་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་ཡང་དག་པར་རྗེས་སུ་ཐོབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཉིས་སུ་མེད་ཅིང་མཉམ་པ་ཉིད་དམིགས་པའི་ཡེ་ཤེས་ཡོངས་སུ་དག་པ་མཐར་ཕྱིན་པ། སྟོང་པ་ཉིད་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ཚངས་པའི་གནས་བཞི་པོ་དག་གིས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ། སངས་རྒྱས་ཀྱི་ཡུལ་མཉམ་པ་ཉིད་ལ་དམིགས་པ། དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཉིད་ལ་བྱིན་གྱིས་བརླབས་ནས། ཕྱོགས་དང་མཚམས་རྣམས་སུ་ཀུན་ཏུ་གནས་སོ། དེ་ནས་ཡང་བཅོམ་ལྡན་འང་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་གིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་སངས་རྒྱས་ཐམས་ཅད་དང་རྡོ་རྗེ་འཛིན་པ་རྣམ་སྤྱན་དྲོངས་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། འཇམ་དཔལ་གཞོན་ནུ་འཁོར་ལོ་སྒྱུར་བ་ཆེན་པོ་རབ་ཏུ་དགྱེས་པའི་ཞལ་རས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཙད་དང་རྡོ་རྗེ་འཛིན་པ་རྣམས་སྤྱན་དྲང་བའི་དོན་དུ་རྡོ་རྗེ་ས་གོལ་བརྡབས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་བསྡུ་བའི་སྙིང་པོ་ཆེན་པོ་འདི་ཆེད་དུ་བརྗོད་པ། བུདྡྷ་ས་མཱ་ཛ་ཨཱཿཧཱཿོཾ་ཧཱུཾ་བཛྲ་ས་མ་ད་ཟདེ་ནས་དེ་སྐད་ཅེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་དང་རྡོ་རྗེ་འཛིན་པ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པའི་རྒྱུད་རབ་འབྱམས་རྒྱ་མཚོའི་སྤྲིན་ཡང་དག་པར་མཐོང་ངོ་། ། དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱིས་ལྷན་ཅིག་ཡང་དག་པར་སྦྱར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བློའི་ཡེ་ཤེས་ཡོངས་སུ་བསྐྱེད་དེ་གནས་ཐམས་ཅད་དུ་རྣམ་པར་གནས་སོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རང་བཞིན་རྣལ་འབྱོར་གྱི་དབང་ཕྱུག་གིས། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་བདག་ཉིད་བྱིན་གྱིས་བརླབས་ཏེ། དེ་བཞིན་གཤེགས་པ་དེ་རྣམས་དང་རྡོ་རྗེ་འཛིན་པ་རྣམས་ལ་བཀའ་སྩལ་པ། ཀྱེ་དེ་བཞིན་གཤེགས་པ་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཁོར་ལོས་སྒྱུར་བ་ཆེན་པོའི་སྙིང་པོ་བདག་ལ་ཡོད་པ་དང་བཤད་པར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག། བྷྲཱུཾ། དེ་ནས། མི་བསྐྱོད་དེ་བཞིན་གཤེགས་པ་དང་།། རིན་ཆེན་འབྱུང་གནས་དེ་བཞིན་གཤེགས།། དེ་བཞིན་གཤེགས་པ་འོད་དཔག་མེད།། དོན་ཡོད་གྲུབ་པ་དེ་བཞིན་གཤེགས།། གཞན་ཡང་དེ་བཞིན་གཤེགས་པ་རྣམས་དང་ལྷན་ཅིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དཔལ་གྱི་བེའུ་ལ་རབ་ཏུ་ཞུགས་སོ།། ཞུགས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་འཁོར་ལོ་ལ་བདེ་བ་ཐམས་ཅད་ཡང་དག་པར་སྟོན་ནོ། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཞལ་བཞིར་གྱུར་ཏེ། ཞལ་བཞི་པོ་རྣམས་ཀྱིས་ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས་མཐའ་མེད་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཆོས་ཀྱི་ཚུལ་མངོན་པར་བཏགས་པ་འདི་ཉིད་དབྱངས་ཀྱིས་ཆེད་དུ་བརྗོད་པ་འདི་ལྟ་སྟེ། རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། ལྟ་བ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། ། དགའ་བ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། སྲེད་པ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། ། འདོད་ཆགས་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། ཞེ་སྡང་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། གཏི་མུག་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། ང་རྒྱལ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། མི་ཁོམ་པ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། ཡིད་སིམ་པ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། སྣང་བ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། ལུས་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། ངག་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། ཡིད་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། གཟུགས་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། ། སྒྲ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། དྲི་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམ་དཔའི་གནས་སོ། ། རོ་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི།། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། རེག་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། ། དངོས་པོ་ཐམས་ཅད་རྣམ་པར་དག་པའི་གནས་གང་ཡིན་པ་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ།། དེ་རྒྱུ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་དག་པ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ།། བཅོམ་ལྡན་འདས་ཀྱིས་དེ་སྐ་ཅེས་བཀའ་སྩལ་ནས།། གསང་སྔགས་ཐམས་ཅད་ཀྱི་དབང་ཕྱུག། གསང་སྔགས་ཐམས་ཅད་ཀྱི་འདྲེན་པ་པོ། སྔགས་ཐམས་ཅད་ཀྱི་བླ་མར་གྱུར་པ། ཐམས་ཅད་གཙུགཏོང་འཁོར་ལོ་སྒྱུར་བ། བསྟན་པ་ལ་བརྫི་བ་མེད་པ། འཁོར་ལོ་སྒྱུར་བའི་སྙིང་པོ་བཀའ་སྩལ་པ། བྷྲཱུཾ། འཇམ་དཔལ་གང་ལ་ལས་ཆོས་ཐམས་ཅད་བསྡུས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་འདི་ལན་ཅིག་ཙམ་ཡང་ཐོས་ན། དེའི་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་པོའི་བར་དུ་སྒྲིབ་པ་ཐམས་ཅད་ཆོད་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་ཆེན་པོ་ཉེ་བར་བསགས་ཀྱང་། ནམས་ཀྱང་དམྱལ་བ་ལ་སོགས་པའི་ངན་སོང་རྣམས་སུ་ལྷུང་བར་མི་འགྱུར་རོ། ། སྡིག་པ་རྣམས་བྱས་པ་ཙམ་ནའང་སྡུག་བསྔལ་མེད་ཅིང་ཟད་པར་འགྱུར་རོ།། གང་གིས་འདིར་འཆང་བ་དང་། ཉི་མ་རེ་རེ་འདོན་པ་དང་། ཀློག་པ་དང་། རྒྱུན་མ་ཆད་པར་ཚུལ་བཞིན་ཡིད་ལ་བྱེད་པ་དེ་ནི། སྐྱེ་བ་འདི་ཉིད་ལ་ཆོས་ཐམས་ཅད་མཉམ་པ་ཉིད་རྡོ་རྗེའི་ཏིང་ངེ་འཛིན་སོ་སོར་ཐོབ་ནས་ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཏུ་འགྱུར་རོ།། ཆོས་ཐམས་ཅད་དགའ་ཞིང་མགུ་ལ་རབ་ཏུ་དགའ་བ་མྱོང་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཆེན་པོ་སྐྱེ་བ་བཅུ་དྲུག་ན། དེ་བཞིན་གཤེགས་པ་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འགྱུར་རོ།། ཧཱུཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་སླར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞི་བའི་ཆོས་ཉིད་མངོན་པར་བྱང་ཆུབ་པ་མངོན་པར་བསྒྲུབ་པ་འདི་སྟོན་པར་མཛད་དོ། ། རྡོ་རྗེ་སྟོན་པ་ཉིད་ཀྱིས་རྡོ་རྗེ་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་བྱང་ཆུབ་ཆེན་པོ་དང་། དོན་གཅིག་པ་ཉིད་ཀྱིས་དོན་མཉམ་པ་ཉིད་མངོན་པར་བྱང་ཆུབ་པའི་བྱང་ཆུབ་ཆེན་པོ་དང་། རང་བཞིན་རྣམ་པར་དག་པས་ཆོས་ཉིད་མཉམ་པ་ཉིད་མངོན་པར་བྱང་ཆུབ་པའི་བྱང་ཆུབ་ཆེན་པོ་དང་། རྣམ་པ་རྟོག་པ་དང་རྣམ་པར་མི་རྟོག་པ་ཉིད་ཀྱིས་ལས་ཐམས་ཅད་མཉམ་པ་ཉིད་མངོན་པར་བྱང་ཆུབ་པའི་བྱང་ཆུབ་ཆེན་པོ་སྟེ། འཇམ་དཔལ་གང་ལ་ལས་ཆོས་ཀྱི་གནས་བཞི་པོ་འདི་ཉན་པར་བྱེད་པ་དང་། འཛིན་པ་དང་། འདོན་པ་དང་། སྒོམ་པར་བྱེད་ན་ཇི་སྲིད་བྱང། ཆུབ་སྙིང་པོ་ལ་གནས་ཀྱི་བར་དུ་སྡིག་པ་ཐམས་ཅད་ལ་ཀུན་ཏུ་སྤྱོད་པ་ཐམས་ཅད་ཀྱང་སྡིག་པ་ཐམས་ཅད་ལས་འདས་པར་འགྱུར་ཞིང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་བྱང་ཆུབ་པར་འགྱུར་རོ། ། ཨཱཾ། དེ་ནས་ཡང་བཅོམ་ལྡན་འདས་གདུག་པ་ཐམས་ཅད་འདུལ་བ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས། ཆོས་ཐམས་ཅད་མཉམ་པ་ཉིད་རྣམ་པར་རྒྱལ་བས་བསྡུས་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པ་བཀའ་སྩལ་པ། འདོད་ཆགས་ཀྱི་སྤྲོས་པ་མེད་པའི་ཕྱིར་འདོད་ཆགས་སྤྲོས་པ་མེང་བའོ།། ཞེ་སྡང་གི་སྤྲོས་པ་མེད་པའི་ཕྱིར་ཞེ་སྡང་སྤྲོས་པ་མེད་པའོ། ། གཏི་མུག་གི་སྤྲོས་པ་མེད་པའི་ཕྱིར་གཏི་མུག་སྤྲོས་པ་མེད་པའོ།། ཆོས་ཐམས་ཅད་སྤྲོས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་སྤྲོས་པ་མེད་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པ་མེད་པར་རིག་པར་བྱའོ། ། འཇམ་དཔལ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པ་དང་། འཛིན་ཅིང་འདོན་ལ་ཀློག་པར་བྱེད་ན། དེ་འདུལ་བའི་དབང་ཉེ་བར་བཟུང་ནས། ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་བསད་པར་གྱུར་ཀྱང་ངན་སོང་དུ་འགྲོ་བར་མི་འགྱུར་ཞིང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་འགྱུར་རོ། ། ཧཱུཾ། དེ་ནས་བཅོམ་ལྡན་འདས་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་བརྙེས་པའི་དེ་བཞིན་གཤེགས་པས་སླར་ཡང་ཆོས་ཐམས་ཅད་སྤྱན་རས་གཟིགས་དབང་ཕྱུག་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཀའ་སྩལ་པ། འདོད་ཆགས་ཐམས་ཅད་རྣམ་པར་དག་པའི་ཕྱིར་འཇིག་རྟེན་ན་ཡུལ་ཐམས་ཅད་རྣམ་པར་དག་པ་ཉིད་དུ་འཇུག་པར་འགྱུར་རོ། ། ཞེ་སྡང་ཐམས་ཅད་རྣམ་པར་དག་པའི་ཕྱིར་འཇིག་རྟེན་ན་སྡིག་པ་ཐམས་ཅད་རྣམ་པར་དག་པ་ཉིད་དུ་འཇུག་པར་འགྱུར་རོ།། ཆོས་ཐམས་ཅད་རྣམ་པར་དག་པའི་ཕྱིར་འཇིག་རྟེན་ན་ཆོས་ཐམས་ཅད་རྣམ་པར་དག་པ་ཉིད་དུ་འཇུག་པར་འགྱུར་རོ། ། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་དག་པའི་ཕྱིར་འཇིག་རྟེན་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་དག་པ་ཉིད་དུ་འཇུག་པར་འགྱུར་རོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ཕྱིར་འཇིག་རྟེན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཉིད་དུ་འཇུག་པར་འགྱུར་རོ། ། འཇམ་དཔལ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པར་བྱེད། འཛིན་ཅིང་འདོན་ལ་སྒོམ་པར་བྱེད་ན། དེ་འདོད་པ་ཐམས་ཅད་ཀྱི་ནང་ན་གནས་ཀྱང་པདྨ་ལྟ་བུར་འདོད་ཆགས་ཀྱི་སྐྱོན་གློ་བུར་བའི་དྲི་མས་གོས་པར་མི་འགྱུར་ཞིང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ།། ཧྲཱིཿདེ་ནས་བཅོམ་ལ་དན་འདས་ཁམས་གསུམ་པ་ཐམས་ཅད་ཀྱི་བདག་པོ་དེ་བཞིན་གཤེགས་པས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བའི་འབྱུང་གནས་ཡེ་ཤེས་སྙིང་པོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་སྩལ་པ། དབང་བསྐུར་བྱིན་པས་ཁམས་གསུམ་པོ་ཐམས་ཅད་ཀྱི་རྒྱལ་སྲིད་ཡོངས་སུ་ཐོབ་པར་འགྱུར་རོ།། དོན་གྱི་སྦྱིན་པས་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། ཆོས་ཀྱི་སྦྱིན་པས་ཆོས་ཐམས་ཅད་མཉམ་པ་ཉིད་ཐོབ་པར་འགྱུར་རོ།། ཟང་ཟིང་གི་སྦྱིན་པས་ཐམས་ཅད་ཀྱིས་ལུས་དང་། ངག་དང་། ཡིད་བདེ་བ་ཐོབ་པར་འགྱུར་རོ།། ཏཱཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེག་པ་ཐམས་ཅད་ཀྱི་ཡེ་ཤེ་ཀྱི་ཕྱག་རྒྱ་བརྙེས་པ་ཐམས་ཅད་ཀྱི་ཁུ་ཚུར་འཆང་བ་དེ་བཞིན་གཤེགས་པ་རྟགས་པས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྱག་རྒྱ་བྱིན་གྱིས་བརླབས་པ་རྡོ་རྗེ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ཕྱག་རྒྱ་ཡོངས་སུ་བཟུང་བས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་འགྱུར་བ་དང་། གསུང་གི་ཕྱག་རྒྱ་ཡོངས་སུ་བཟུང་བས་ཆོས་ཐམས་ཅད་ཐོབ་པའི་དོན་དུ་འགྱུར་བ་དང་། ཐུགས་ཀྱི་ཕྱག་རྒྱ་ཡོངས་སུ་བཟུང་བས་ཏིང་ངེ་འཛིན་ཐམས་ཅད་ཐོབ་པའི་དོན་དུ་འགྱུར་པ་དང་། རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་བཟུང་བས་སྐུ་དང་། གསུང་དང་། ཐུགས་ཐམས་ཅད་རྡོ་རྗེ་མཆོག་ཏུ་འགྲུབ་པའི་དོན་དུ་འགྱུར་ཏེ། འཇམ་དཔལ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པར་བྱེད། འཛིན་ཅིང་འདོན་ལ་འཆད་ཅིང་སྒོམ་པར་བྱེད་ན། དེ་དངོས་གྲུབ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་། ཡེ་ཤེས་ཐམས་ཅད་དང་། ལས་ཐམས་ཅད་དང་། སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་སེམས་དཔའ་མཆོག་གི་དངོས་གྲུབ་ཐམས་ཅད་སོ་སོར་ཐོབ་པར་འགྱུར་ཞིང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ།། ཨཱཿ། དེ་ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་སྤྲོས་པ་མེད་པའི་དེ་བཞིན་གཤེགས་བས་སླར་ཡང་རྡོ་རྗེའི་ཡི་གེའི་འཁོར་ལོ་བསྐོར་བ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་སྩལ་པ། རང་བཞིན་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་མཚན་མ་མེད་པ་ཉེ་བར་གཟུང་བའི་ཕྱིར་ཆོས་ཐམས་ཅད་མཚན་མས་དབེན་པ་དང་། སྨོན་པ་ལས་ཉེ་བར་གྲོལ་བའི་ཕྱིར་ཆོས་ཐམས་ཅད་སྨོན་པ་མེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའོ། ། ཨཾ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོའི་ནང་དུ་གནས་པའི་དེ་བཞིན་གཤེགས་པས་སླར་ཡང་འཁོར་ལོ་ཆེན་པོར་འཇུག་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་སྩལ་པ། རྡོ་རྗེ་མཉམ་པ་ཉིད་ལ་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོར་འཇུག་པར་འགྱུར་པ་དང་། དོན་མཉམ་པ་ཉིད་ལ་ཞུགས་ནས་བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་ལོར་འཇུག་པར་འགྱུར་བ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ལ་ཞུགས་ནས་དམ་པའི་ཆོས་ཀྱི་འཁོར་ལོར་འཇུག་པར་འགྱུར་པ་དང་། ལས་མཉམ་པ་ཉིད་ལ་ཞུགས་ནས་འཁོར་ལོ་ཐམས་ཅད་དུ་འཇུག་པར་འགྱུར་རོ།། ཧཱུཾ། དེ་ནས་བཅོམ་ལྡན་འདས་དེ་བ་ཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་རྒྱས་པའི་སྣོད་དེ་བཞིན་གཤེགས་པས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་དམ་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་སྩལ་པ། བྱང་ཆུབ་ཀྱི་སེམས་བསྐྱེད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་རྒྱས་པ་དང་། སེམས་ཅན་གྱི་ཁམ་ཐམས་ཅད་ཡོངས་སུ་སྐྱོབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་རྒྱས་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་རྒྱས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདྲི་བ་དང་། འདྲིར་འཇུག་པ་དང་། འཛིན་པ་དང་། འདོན་པ་དང་། རྗོད་པ་དང་། སྒོམ་པ་སྔོན་དུ་འགྲོ་བའི་ལས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་རྒྱས་པའོ།། ཨོཾ། དེ་ནས་བཅོམ་ལྡན་འདས་གདུག་པ་ཐམས་ཅད་འདུལ་བའི་ནུས་པའི་དེ་བཞིན་གཤེགས་པས་སླར་ཡང་སེམས་ཅན་ཐམས་ཅད་འདུལ་བའི་ཡེ་ཤེས་སྙིང་པོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཀའ་སྩལ་པ། སེམས་ཅན་ཐམས་ཅད་མཉམ་པ་ཉིད་པས་ཁྲོ་བ་མཉམ་པ་ཉིད་དང་། སེམས་ཅན་ཐམས་ཅད་འདུལ་བ་ཉིད་པས་ཁྲོ་བ་འདུལ་བ་ཉིད་དང་། སེམས་ཅན་ཐམས་ཅད་ཆོས་ཉིད་ཉིད་པས་ཁྲོ་བ་ཆོས་ཉིད་ཉིད་དང་། སེམས་ཅན་ཐམས་ཅད་རྡོ་རྗེ་ཉིད་པས་ཁྲོ་བ་རྡོ་རྗེ་ཉིད་དེ། དེ་རྒྱུ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་འདུལ་བའི་བྱང་ཆུབ་སྟེ། ཧཿདེ་ནས་བཅོམ་ལྡན་འདས་ཐམས་ཅད་མཉམ་པ་ཉིད་ལ་རབ་ཏུ་གནས་པའི་དེ་བཞིན་གཤེགས་པས་སླར་ཡང་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་མཆོག་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཀའ་སྩལ་པ། ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དང་། ཐམས་ཅད་ཀྱི་དོན་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཉིད་དང་། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་མཉམ་པ་ཉིད་དང་། ཐམས་ཅད་ལས་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉིད་དུ་རིག་པར་བྱའོ།། ཧྲཱིཿདེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་བྱིན་གྱིས་རློབ་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་བདག་ཉིད་ཐམས་ཅད་པས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་དང་། རྡོ་རྗེའི་སྙིང་པོས་དབང་བསྐུར་བས་སེམས་ཅན་ཐམས་ཅད་རྡོ་རྗེའི་སྙིང་པོ་དང་། རིན་པོ་ཆེ་ཐམས་ཅད་ཀྱིས་དབང་བསྐུར་བས་སེམས་ཅན་ཐམས་ཅད་རིན་པོ་ཆེའི་སྙིང་པོ་དང་། ངག་ཐམས་ཅད་ལ་རབ་ཏུ་འཇུག་པས་སེམས་ཅན་ཐམས་ཅད་ཆོས་ཀྱི་སྙིང་པོ་དང་། ལས་ཐམས་ཅད་བྱེད་པའི་སྦྱོར་བས་སེམས་ཅན་ཐམས་ཅད་ལས་ཀྱི་སྙིང་པའོ།། ཧྲཱིཿ། དེ་ནས་བཅོམ་ལྡན་འདས་མཐའ་ལས་འདས་ཤིང་མུ་མེད་པའི་མཐར་ཕྱིན་པའི་དེ་བཞིན་གཤེགས་པས་སླར་ཡང་མུ་མེད་ཅིང་མཐར་ཕྱིན་པའི་ཆོས་དང་། སླར་ཡང་འདི་རྟོག་པ་དང་ཡོངས་སུ་མཐར་ཐུག་པ་བྱིན་གྱིས་བརླབ་པའི་དོན་དུ་ཆོས་ཐམས་ཅད་མཉམ་པ་ཉིད་ཡོངས་སུ་མཐར་ཐུག་པས་བྱིན་གྱིས་བརླབས་པ་རྡོ་རྗེ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཀའ་སྩལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་མཐའ་མེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་མུ་མེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་གཅིག་པ་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མཐར་ཐུག་པའི་ཕྱིར་ཆོས་ཐམས་ཅད་ཡོངས་སུ་མཐར་ཐུག་པར་འགྱུར་པ་སྟེ། འཇམ་དཔལ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པར་བྱེད། འཛིན་ཅིང་འདོན་ལ་སྒོམ་པར་བྱེད་ན། དེ་ནི་དག་ཅིང་མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐར་ཕྱིན་པ་ལ་གན་པ་ཉིད་ཀྱིས་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བས། དེ་བཞིན་གཤེགས་པ་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་མྱུར་དུ་ཐོབ་པར་འགྱུར་རོ།། བྷྱོཿདེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཆོས་ཉིད་བསྙེས་པ། ཆོས་ཐམས་ཅད་སྤྲོས་པ་མེད་པས་སླར་ཡོང་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་བ་རྡོ་རྗེ་ཆོས་མཉམ་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་དམ་པ་ཐོག་མ་དང་། ཐ་མ་དང་། དབུས་ལས་གྲོལ་བའི་མཆོག་འདི་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་འདོད་ཆགས་ཆེན་པོ་མཆོག་ཏུ་གྲུབ་པས་བདེ་བ་ཆེན་པོ་མཆོག་ཏུ་གྲུབ་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བདེ་བ་ཆེན་པོ་མཆོག་ཏུ་གྲུབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོ་མཆོག་ཏུ་གྲུབ་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་མཆོག་ཏུ་གྲུབ་པས་བདུད་སྡེ་ཆེན་པོ་རབ་ཏུ་འཇོམས་པ་མཆོག་ཏུ་གྲུབ་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བདུད་སྡེ་ཆེན་པོ་རབ་ཏུ་འཇོམས་པ་མཆོག་ཏུ་གྲུབ་པས་ཁམས་གསུམ་པོ་མཐའ་དག་གི་དབང་ཕྱུག་མཆོག་ཏུ་གྲུབ་པར་འགྱུར་བ་དང་། བྱང་ཆུ་སེམས་དཔའ་ཅ་ཧེན་པོ་རྣམས་ཀྱི་འཇིག་རྟེན་གསུམ་པོ་མཐའ་དག་གི་དབང་ཕྱུག་མཆོག་ཏུ་གྲུབ་པས་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཡོངས་སུ་སྐྱོབ་པའི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་མཆོག་ཤིན་ཏུ་བདེ་བ་ཆེན་པོ་མཆོག་ཏུ་གྲུབ་པར་འགྱུར་རོ། ། སཾ། དེ་རྒྱུ་ཅིའི་ཕྱིར་ཞེ་ན། ཇི་སྲིད་འཁོར་བའི་གནས་སུ་ནི།། མཁས་པ་མཆོག་རྣམས་གནས་གྱུར་པ།། དེ་སྲིད་མཉམ་མེད་སེམས་ཅན་དོན། ། མྱ་ངན་མི་འདའ་བྱེད་པར་ནུས།། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས།། ཡེ་ཤེས་བྱིན་གྱིས་བརླབས་ཀྱིས་འགྲུབ།། ལས་ནི་ཐམས་ཅད་རྣམ་དག་པས།། སྲིད་པ་དག་པར་འགྱུར་ཕྱིར་རོ། ། ཆགས་སོགས་ཀྱིས་འདུལ་འཇིག་རྟེན་ནི།། ཀུན་ནས་སྲིད་པར་རྟག་སྡིག་བྱེད།། དེ་དག་རྣམ་པར་སྦྱང་དོན་དུ།། སྲིད་པའི་བར་དུ་རང་འདུལ་བྱེད།། ཇི་ལྟར་པདྨ་ལེགས་དམར་བ། ། ཚོན་གྱི་སྐྱོན་གྱིས་མ་གོས་ལྟར།། བག་ཆགས་སྐྱོན་གྱིས་སྲིད་པ་རུ།། རྟག་ཏུ་འགྲོ་ཕན་གོས་མི་འགྱུར།། འདོད་ཆགས་ཆེན་པོ་རྣམ་དག་པ།། བདེ་བ་ཆེན་པོ་ནོར་ཆེན་པོ།། ཁམས་གསུམ་དབང་ཕྱུག་ཐོབ་ནས་སུ།། དེ་དག་དོན་ནི་བརྟན་པར་བྱེད།། ཧཿའཇམ་དཔལ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་ཆོས་ཀྱི་རྣམ་གྲངས་འདི་ཉིན་རེ་བཞིན་དུ་ནང་པར་ལངས་ཏེ། གང་འདོན་པ་དང་། ཉན་པ་དང་། འཛིན་པ་དང་། རྗོད་པར་བྱེད་པ་དེས་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཐོབ་པར་འགྱུར་ཞིང་། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་བའི་དམ་ཚིག་གི་དངོས་གྲུབ་མཆོག་ཏུ་གྱུར་པ་སྐྱེ་བ་འདི་ཉིད་ལ་ཐོབ་པར་འགྱུར་རོ། ། ཧཱུཾ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་། དཔལ་ཉི་ཤུ་རྩ་ལྔ་པོ་འདི་དག་ནི་ངེས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོ་སྟེ། འདི་ལྟར། ཨོཾ་ན་མཿསརྦ་བུད་དྷཱ་བོ་དྷི་སཏྭཱ་ནཱཾ། ཨོཾ་བོ་དྷི་ཙིཏྟ་བཛྲ། ཨོཾ་ས་མནྟ་བྷ་དྲེ་ཙརྱེ་བཱི། ཨོཾ་ཙན་ཏཱ་མ་ཎི། ཨོཾ་ཨ་ནི་རོ་དྷ། ཨོཾ་ཛཏྟི་བྷི་བྷ་ཏེ། ཨོཾ་ཛཱ་ཏི་པ་རི་ཝར་ཏེ། ཨོཾ་མ་ཧཱ་རཱ་ག་དྷརྨ་ཏེ། ཨོཾ་བཱིརྱ་ཀ་བ་ཙེ། ཨོཾ་སརྦ་གཱ་མོ་ནི། ཨོཾ་བཛྲ་དྲྀརྠ་ཀ་བི་ཙ་ཧེ་ཧཱུཾ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨོཾ་ས་བྷཱ་བ་ཤུདྡྷེ། ཨོཾ་པྲཛྙཱ་པ་ར་མི་ཏཱ་ཛྙཱ་ན་བྷི་ཤུདྡྷ། ཨོཾ་ཀརྨ་བི་ཤོ་དྷ་ནརྀ་ཧཱུཾ་ཕཊ། ཨོཾ་ནི་སུམྦྷ་བཛྲི་ཎཱི་ཧཱུཾ་ཕཊ། ཨོཾ་ཀརྨ་རཱ་གེ། ཨོཾ་བཛྲ་ཧཱུཾ་བཛྲེ། ཨོཾ་སརྦ་དཱ་མ་ཎཱི། ཨོཾ་ཧྲཱིཿོཾ་ཨ་ཀཱ་རོ་མུ་། ཨོཾ་པྲཛྙཱ་པཱ་ར་མི་ཏི། ཨོཾ་ཧཿཔཾ་ཧཱུཾ། ཨོཾ་ཨཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་གྲི། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་བི་ཤོ་དྷ་ནེ། ཨོཾ་སརྦ་ཏ་ཐཱ་ག་ཧ་ཙིཏྟ་བཛྲི་ཨཿ། ཨོཾ་སྥོ་ཊ་ཡ་སརྦ་ཨ་པཱ་ཡ་བནྡྷ་ནཱ་ནི་པྲ་མོ་ཀྵ་ཡ། སརྦ་ཨ་པཱ་ཡ་ག་ཏི་བྷྱཿསརྦ་ས་མ་ཡ་བཛྲ་ཧཱུཾ་ཕཊ། སྡིག་པ་དྲལ་བའི་ཕྱག་རྒྱ་དང་སྔགས་སོ།། དེ་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མཆོག་གི་དངོས་གྲུབ་རྡོ་རྗེ་འཛིན་པ་ཆེན་པོ་འམ། ། དེ་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་རོ།། འཇམ་དཔལ་འདི་ནི་དགེ་བའི་རྩ་བམ་པ་སྐྲུན་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་གྲག་པར་མི་འགྱུར་ཞིང་། དགེ་བའི་རྩ་བ་མ་བསྐྲུན་པའི་སེམས་ཅན་གྱིས་བྲི་བ་དང་། བཀླག་པ་དང་། བརྗོད་པ་དང་། རིམ་གྲོར་བྱ་བ་དང་། བླ་མར་བྱ་བ་དང་། རྗེད་པར་བྱ་བ་དང་། མཆོད་པར་བྱ་བར་ཡང་ནུས་པ་མ་ཡིན་ནོ།། གཞན་དུ་ན་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་ཆོས་ཀྱི་རྣམ་གྲངས་འདི་ཐ་ན་ཡི་གེ་གཅིག་ཙམ་ཡང་ཐོས་ནས། སེམས་ཅན་དེ་སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྲུན་པར་རིག་པར་བྱ་ན། སླར་ཡང་མཐའ་དག་མ་ལུས་པ་རྫོགས་པ་ལྟ་ཅི་སྨོས། འཇམ་དཔལ་སེམས་ཅན་གང་ལ་ལ་གངྒཱའི་ཀླུང་གི་བྱེ་མ་བརྒྱད་ཅུ་སྙེད་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་ལ་ཕྱག་བྱས། བླ་མར་བྱས། རྗེད་པར་བྱས། མཆོད་པར་བྱས་ན། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པར་ནུས་སོ།། གང་དུ་ན་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྤྱོད་པར་འགྱུར་བའི་ས་ཕྱོགས་དེ་མཆོད་རྟེན་དུ་གྱུར་པར་འགྱུར་ཏེ། གང་ཟག་དེའང་ཕྱག་བྱ་བའི་འོས་སུ་འགྱུར་རོ།། གང་ཆོས་ཀྱི་རྣམ་གྲངས་འདི་ཡིད་ལ་གཟུང་བ་འམ། གླེགས་བམ་དུ་བྲིས་པར་གྱུར་ན། དེ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་སྐྱེ་བ་དྲན་པར་འགྱུར་རོ། ། དེ་ལ་བདུད་སྡིག་ཏོ་ཅན་གྱིས་བར་དུ་མི་གཅོད་དོ།། རྒྱལ་པོ་ཆེན་པོ་བཞི་པོ་རྣམས་དང་། གཞན་ཡང་ལྷ་རྣམས་ཀྱིས་ཕྱི་བཞིན་རྗེས་སུ་འབྲངས་ཏེ། དེ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་བྱེད་པར་འགྱུར་ཞིང་། ཚུལ་མ་ཡིན་པས་དུས་བྱེད་པར་མི་འགྱུར་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ།། མདོར་ན་སངས་རྒྱས་ཀྱི་ཞིང་གང་དང་གང་ཡིད་ལ་འདོད་པ་དེ་དང་དེར་སྐྱེ་བར་འགྱུར་རོ། ། འཇམ་དཔལ་འདི་ལྟ་བུའི་ཕན་ཡོན་མང་པོ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་ཆོས་ཀྱི་རྣམ་གྲངས་སོ། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་རྡོ་རྗེའི་སྙིང་པོ་ཐམས་ཅད་ཀྱི་རྒྱན་ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་ཆེན་པོ། མཆོག་ཏུ་གསང་བའི་དམ་ཚིག་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་དམ་པ་ཆེན་པོ། འཁོར་ལོས་སྒྱུར་བ་ཆེན་པོ་བཞིས་ཡོངས་སུ་བསྐོར་བ། རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བའི་སྙིང་པོ་འདི་ཕྱུང་ངོ་། ། མཚན་ཉིད་གཅིག་པའི་ཕྱིར་ཆོས་ཐམས་ཅད་གདོད་ནས་མ་སྐྱེས་པའོ།། ནམ་མཁའ་དང་མཉམ་པའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་དོ།། སྤྲོས་པ་ཐམས་ཅད་སྤངས་པའི་ཕྱིར་ཆོས་ཐམས་ཅད་གདོང་མ་ནས་ཡོངས་སུ་དག་པའོ། ། ཐམས་ཅད་ཀྱི་སེམས་གསལ་བའི་མཚན་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཡོངས་སུ་རྒྱས་པའོ།། ཨཿབྷྲཱུཾ་ཛཱ་ཧྲཱིཿཧཱུཾ། དེ་བཞིན་གཤེག་པ་ཐམས་ཅད་ཀྱི་རྡོ་རྗེ་ཡི་གེའི་ཚིག་འདི་བརྗོད་པ་ཙམ་གྱིས་ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པ་སངས་རྒྱས་ཀྱི་ཡུལ་ཐམས་ཅད་དེ་སྙེད་ཉིད་དུ་ཤིན་ཏུ་གསལ་བ་རྒྱ་ཆེན་པོ་སྣང་བར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སླར་ཡང་བསྡུ་བས་བྱོན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོའི་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བཤད་པར་བྱ་ཡིས་ཉོན་ཅིག། དེ་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་གྱིས་ཤིག་དང་བཤད་པར་བྱའོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཡེ་ཤེས་ལ་ཞུགས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྙིང་པོ་ཆེན་པོ་ལ་བྱིན་གྱིས་བརླབ་པར་བྱོས་ཤིག། དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསོལ་བ་བཏབ་པའི་ཚིག་ཐོས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་ཞུགས་ཏེ། བྱིན་གྱིས་བརླབས་ནས་དེ་ལས་འཐོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་རྣམ་པར་གནས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འབྱུང་གནས་རྡོ་རྗེ་སྙིང་པོའི་རྒྱན་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་ཆེན་པོ་སྙིང་པོའི་རྒྱན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་བཀོད་པ་ཆེན་པོ་བཀར་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ།། དཀྱིལ་འཁོར་ཆེན་པོ་མཆོག་གྱུར་པ།། རྡོ་རྗེ་སྙིང་པོ་གསང་ཆེན་པོ། ། དེ་བཞིན་གཤེགས་པ་ཀུན་ལྡན་དགེ། རྡོ་རྗེ་སྙིང་པོ་དང་མཚུངས་པ།། ཁམས་རྣམས་ཐམས་ཅད་རྣམ་པར་སྤྲུལ།། སངས་རྒྱས་ཀུན་གྱི་བདུད་རྩི་དང་།། གཞན་ཡང་བཅུད་ལེན་དང་མཚུངས་པ། ། དེ་བཞིན་གཤེགས་པ་ཀུན་གྱི་གསང་།། རྡོ་རྗེ་ཀུན་གྱི་རང་བཞིན་གྲོང་།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞིས་ནི་རྣམ་པར་མཛེས།། ཐིག་བཞི་དང་ནི་ཡང་དག་ལྡན། ། དུར་དང་མེ་ཏོག་ཆུན་པོས་སྦས།། གྲཝ་ཡི་ཆ་རྣམས་ཐམས་ཅད་དང་།། སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ།། རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས།། རྡོ་རྗེའི་ཐིག་རྣམས་ཀྱིས་སྤྲས་པའི། ཕྱི་རོལ་དཀྱིལ་འཁོར་ཐིག་གདབ་བྱ།། དེའི་ཡང་ཕྱི་རོལ་དུ་བྱ་བ།། དཀྱིལ་འཁོར་བདུད་རྩི་ཡི་ནི་འོད།། ཁྱད་པར་ཇི་ལྟ་བ་བཞིན་དུ།། སྔགས་པས་ཀུན་ནས་ཡོངས་བསྐོར་བྱ།། དེ་ལྟར་རྣམ་བཞིའི་རྣམ་པ་དང་།། ཇི་སྲིད་གྲོང་ནི་རྣམ་པ་བདུན།། སྦྱོར་བ་བདུན་དང་ཡང་དག་ལྡན།། དར་དང་མེ་ཏོག་འཕྲེང་བས་བརྒྱན།། སྒོ་དང་སྒོ་ཁྱུད་རིན་ཆེན་ནི།། ཡང་དག་མཐོ་བ་ལེགས་པར་གནས། ། དེ་ཡི་གྲོང་གི་ནང་དུ་ནི།། རབ་ཞུགས་འཁོར་ལོ་འདྲ་བ་རུ།། རྡོ་རྗེ་ཐིག་གིས་ཡོངས་སུ་བསྐོར།། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས།། རྡོ་རྗེ་ཀ་མདུན་གནས་རྣམས་སུ།། དཀྱིལ་འཁོར་ལྔ་ཡིས་བརྒྱན་པའོ།། དེ་ལྟར་འཁོར་ལོ་རྣམ་པ་གཉིས།། ནང་གི་དཀྱིལ་འཁོར་དང་མཚུངས་པ།། ཚད་མཛེས་པ་ཡི་སྙིང་པོ་ཆེ།། རྡོ་རྗེ་འཁོར་ལོས་རྣམ་པར་བརྒྱན།། གྲུ་བཞི་པ་དང་ཟླུམ་པོ་ཉིད། ། གྲུ་གསུམ་རྣམ་པར་ཡང་དག་བྱུང་།། ཟླ་ཕྱེད་རྣམ་པ་དང་མཚུངས་པ།། དཀྱིལ་འཁོར་རྣམ་པ་བཞི་སླར་ཡང་།། སློབ་དཔོན་རྡོ་རྗེ་ཡང་དག་འབྱུང་།། ཤེས་རབ་ཆེན་པོས་རབ་བརྟག་བྱ། ། དབུས་ཀྱི་དཀྱིལ་འཁོར་དབུས་སུ་ནི།། པདྨ་ཆེན་པོ་འངབ་བརྒྱད་པ།། པདྨ་རཱ་གའི་འོད་མཚུངས་ལ།། སངས་རྒྱས་གཟུགས་བརྙན་གཞག་པར་བྱ།། དཀྱིལ་འཁོར་གྱི་ནི་དབུས་ཉིད་དུ། ། སངས་རྒྱས་ཐམས་ཅད་བསྡུས་པའོ།། སངས་རྒྱས་ཀྱི་ནི་ངོས་ཀུན་ཏུ།། ཤེས་རབ་ཅན་གྱིས་གཞག་བྱ་བ།། དམ་ཚིག་མཆོག་བཞི་རྣམ་བཞི་ནི།། གོ་རིམས་བཞིན་དུ་ཡང་དག་བྲི། ། རྡོ་རྗེ་ཆེན་པོ་སེང་གེའི་ཁྲི།། འཁོར་ལོ་ཅར་གྱི་ཁྱབ་བདག་གཞག། གདུགས་དཀར་རྒྱལ་བའི་གཙུག་ཏོར་དང་།། གཟི་བརྗིད་ཕུང་པོ་སྐལ་བ་ཆེ།། རྣམ་པར་འཕྲོ་བྱེད་རྣམ་རྒྱལ་ཉིད། ། དེ་བཞིན་གཙུག་ཏོར་ལྔ་པོ་ནི།། སངས་རྒྱས་སྐྱོབ་པ་ཐམས་ཅད་ལ།། ཡོངས་སུ་བསྐོར་ནས་སྣམ་བུ་ལ།། དཀྱིལ་འཁོར་ཀུན་ཏུ་བྲི་བར་བྱ། རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། ། དཀྱིལ་འཁོར་དག་ནི་བའི་པོ་རུ། མི་བསྐྱོད་ལ་སོགས་རྣམ་པ་བཞི།། རྡོ་རྗེ་རྣལ་འབྱོར་དབང་ཕྱུག་བྲི།། མི་བསྐྱོད་པ་ཡི་དཀྱིལ་འཁོར་ནི། ཁྭ་འོད་ལྟ་བུའི་མདོག་ཏུ་བྱ།། རྡོ་རྗེ་སེམས་དཔའ་སོགས་རྒྱལ་པོ། ། ཀུན་མཆོགས་ཡི་དབང་ཕྱུག་རྣམས།། རྡོ་རྗེ་སློབ་དཔོན་སྟོབས་པོ་ཆེ།། ཤེས་རབ་ཆེན་པོས་དགོད་པར་བྱ།། རིན་ཆེན་འབྱུང་གནས་དཀྱིལ་འཁོར་དུ། རྡོ་རྗེ་རིན་ཆེན་སོགས་ཀྱིས་དགང་།། རྡོ་རྗེ་ཆོས་སོགས་གསང་བ་ཡི།། དཀྱིལ་འཁོར་ཚེ་དཔག་མེད་པའོ།། རྡོ་རྗེ་ལས་ལ་སོགས་ལྡན་པ།། དོན་ཡོད་གྲུབ་པའི་དཀྱིལ་འཁོར་རོ།། གཉིས་པ་འཁོར་ལོའི་དཀྱིལ་འཁོར་དུ། ། རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི།། རྣམ་གཟིགས་ལ་སོགས་སངས་རྒྱས་རྣམས།། དཀྱིལ་འཁོར་ཀུན་ཏུ་དེར་ནི་བྲི།། རྡོ་རྗེ་སྙིང་པོ་རྒྱལ་པོ་ཆེ།། ཁྱབ་བདག་གསང་བའི་ཆོས་དབང་ཕྱུག། འདོད་པའི་དོན་ཀུན་གྲུབ་པའི་ཕྱིར།། འབད་པ་ཡིས་ནི་བྲི་བར་བྱ།། བློ་གྲོས་རྒྱ་མཚོ་མི་ཟད་བློ།། བྱམས་པ་བདག་ཉིད་ཆེན་པོ་དང་།། ནམ་མཁའི་སྙིང་པོ་གྲགས་ཆེན་པོ།། ཀུན་ཏུ་བཟང་པོ་ཉིད་དག་དང་། ། ཕྱག་ན་རྡོ་རྗེ་བདག་ཉིད་ཆེ།། ཀུན་ནས་འབར་བས་འཁྲུགས་པའི་འོད།། འཇམ་པའི་དབྱངས་ནི་རིགས་ཀྱི་མཆོག། སངས་རྒྱས་སྲས་བཟང་དྲི་མ་མེད།། སྒྲིབ་པ་ཐམས་ཅད་ངེས་པར་སེལ། ། དེ་ནས་ས་ཡི་སྙིང་པོ་མཆོག། ནམ་མཁའི་མཛོད་ནི་མཛོད་དམ་པ།། ལག་ན་རིན་ཆེར་བླ་ན་མེད།། ངན་སོང་ཀུན་ནི་འཇོམས་པ་ནི།། དྲ་བ་ཅན་གྱི་འོད་ཅེས་བྱ།། དཔའ་བོ་འདི་དག་གསང་བ་ཆེ། ། དཀྱིལ་འཁོར་འདི་དག་བྲི་བར་བྱ།། འཁོར་ལོ་དེ་ནི་དོར་ནས་ནི།། བློ་གྲོས་ལྡན་པས་ཕྱིར་སོང་སྟེ།། ཤར་དུ་སངས་རྒྱས་ཐམས་ཅད་ཀྱི།། ཕྱག་རྒྱ་གོ་རིམས་བཞིན་དུ་དགོད། ། འཁོར་ལོ་མཛེས་པའི་དགེ་ལེགས་ཅན།། རྡོ་རྗེ་དཔལ་བེའུ་པད་ཅེས་བྱ།། གཙུག་ཏོར་རྣམ་པ་སྣ་ཚོགས་པ།། རྡོ་རྗེ་པདྨས་རྣམ་པར་བརྟན།། ལྷུང་བཟེད་དང་ནི་འཁར་གསིལ་དང་། ། ཆོས་གོས་ཀྱང་ནི་ཁྱད་པར་དུ།། ཤཱཀྱ་སེང་གེ་ཇི་སྲིད་པར།། སངས་རྒྱས་ཀུན་གྱིས་རབ་ཏུ་གསུངས།། གང་ཞིག་དངོས་གྲུབ་མཆོག་འདོད་པས།། དེ་རྣམས་བློ་ལྡན་བརྟན་པས་གྲི། བྱང་དུ་འཇིག་རྟེན་དབང་ཕྱུག་གི། ཕྱག་རྒྱའི་ཚོགས་མཆོག་དེ་བཞིན་ཏེ།། པདྨ་ཨུཏྤལ་ཉིད་དང་ནི།། སྤྱི་བླུགས་པགས་པའི་གཡང་གཞི་དང་།། དབྱུག་གུའི་ཤིང་ནི་མཁས་པ་ཡིས།། མ་མྱོས་པ་རུ་བྲི་བར་བྱ།། སླར་ཡང་ལྷོ་རུ་སོང་ནས་ནི།། ཕྱག་ན་རྡོ་རྗེ་བདག་ཉིད་ཆེ།། སློབ་དཔོན་བདག་ཉིད་ཆེན་པོ་ཡིས།། ཕྱག་རྒྱ་འབད་པས་བྲི་བར་བྱ།། རྡོ་རྗེ་པཊྚི་ཤ་དང་ནི།། དྲིལ་བུ་རབ་ཏུ་མཛེས་པ་དང་། ། དབྱུག་གུ་དང་ནི་ཐོ་བ་དང་།། དབྱུག་པ་རྡོ་རྗེས་མཚོན་པ་དང་།། ལྕགས་སྒྲོག་དང་ནི་རྩེ་གསུམ་ཡང་།། འདི་དག་དཔའ་བོའི་ཕྱག་རྒྱའོ།། དཀྱིལ་འཁོར་ནུབ་ཏུ་སོང་ནས་ནི།། འཇམ་པའི་དབྱངས་ནི་བློ་དང་ལྡན།། གསང་བའི་ཆོས་ནི་དམ་པའི་མཆོག། བརྩོན་འགྲུས་ཆེན་པོའི་ཕྱག་རྒྱ་བྲི།། ཨུཏྤལ་འཁོར་ལོ་རྡོ་རྗེ་དང་།། རལ་གྲི་ཡང་ནི་ཁྱད་པར་དུ།། ཐོད་པ་དང་ནི་དགྲ་སྟ་ཉིད་རྨ་བྱ་དང་ནི་སེང་གེ་ཉིད། ། ཕྱག་རྒྱ་འདི་ནི་བརྩོན་འགྲུས་ཆེ།། མཁས་པ་ཡིས་ནི་དགོད་པར་བྱ།། འཁོར་ལོའི་གྲཝ་ནི་ལེགས་གནས་པར།། རྡོ་རྗེ་སྒེག་མོ་ལ་སོགས་བྲི།། ཕྱི་ཡི་འཁོར་ལོའི་གྲཝ་རུ་ནི་རྡོ་རྗེ་བདུག་པ་ཞེས་བྱ་སོགས། ། བདག་ཉིད་ཆེན་པོ་འབད་པ་ཡིས།། མཆོད་པ་འདི་དག་བྲི་བར་བྱ།། ཕྱི་ཡི་དཀྱིལ་འཁོར་གྲཝ་རྣམས་སུ།། གཟུགས་ཀྱི་རྫུ་ལ་སོགས་མིང་། ། གཟུགས་སྨྲ་དེ་བཞིན་དྲི་དྲང་ནི།། ཁྱད་པར་དུ་ནི་རོ་ཉིད་དང་།། རེག་དང་ཆོས་ཀྱི་དབྱིངས་དག་ནི། མ་བས་པཱ་ཡིས་ནི་དགོད་པར་བྱ།། སྒོ་ཡི་རང་ནི་ཐམས་ཅད་དུ།། སྒོ་སློང་བ་ནི་དགོད་པར་བྱ། ། དེ་བཞིན་དཀྱིལ་འཁོར་གཉིས་པ་རུ།། རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི།། གོ་རིམས་བཞིན་དུ་སངས་རྒྱས་ཀྱི།། སུམ་རྣམས་འབད་པས་བྲི་བར་བྱ།། ནམ་མཁའི་སྦྱིན་ཞེས་བྱ་བ་ནི། ། སངས་རྒྱས་སྤྱན་ཞེས་བྱ་བ་དང་།། ཤེས་རབ་ཕ་རོལ་ཕྱིན་མ་ཡང་།། ཕྱག་རྒྱ་ཀུན་དང་ཡང་དག་ལྡན།། ཇི་སྲིད་དེ་བཞིན་གཤེགས་རིག་མ།། ཐམས་ཅད་ཤར་དུ་དགོད་པར་བྱ།། དེ་ནས་བློ་གྲོས་ལྡན་པ་ཡིས།། བྱང་གི་ཕྱོགས་སུ་སོང་ནས་ནི།། གོས་དཀར་མོ་དང་སྒྲོལ་མ་ཆེ།། ཁྲོ་གཉེར་ཅན་དང་གྲགས་འཛིན་མ།། ཁྱད་པར་དུ་ནི་དཔལ་བདུན་དང་།། མངའ་བདུན་དང་ན་དབྱངས་ཅན་མ། ། དེ་ལ་སོགས་པའི་ལྷ་མོ་རྣམས།། བྲན་དང་བྲན་མོར་ཡང་དག་ལྡན།། དེ་བཞིན་པོ་ཉོ་བོ་ཉ་མོ།། གསང་བའི་ཕྱག་རྒྱ་ལྷན་ཅིག་བྲི། རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི།། ལྷོ་ཡི་ཕྱོགས་སུ་རབ་ཕྱིན་ལ། ། མཱ་མ་ཀཱི་དང་ལྕགས་སྒྲོག་དང་།། ཁབ་རྩེ་རྡོ་རྗེའི་མཚན་མ་མཆོག། དེ་ལྟར་བྲིས་ནས་བློ་ལྡན་གྱིས།། ནུབ་ཀྱི་ཕྱོགས་སུ་སོང་ནས་ནི།། དེར་ནི་ཕྱིན་ནས་ཤེས་ལྡན་གྱིས།། སྐྲ་ཅན་སྟོབས་ཆེན་བྲི་བར་བྱ། ། དེ་བཞིན་འདམ་བུ་མདའི་རྒྱུ་དང་།། ལྷ་མོ་ཟླ་མཛེས་འོད་ཟེར་འདྲ།། དཀྱིལ་འཁོར་ཀུན་གྱི་མཚམས་རྣམས་སུ།། དེ་བཞིན་ཉེ་བའི་སྒྲ་ཅན་མ།། འབད་པ་ཡིས་ནི་བྲི་བར་བྱ། ། རབ་བཀྲ་ནོར་གྱི་བློ་གྲོས་དང་།། འགུགས་བྱེད་ཕོ་ཉ་ལྔ་དང་ལྡན།། གྲཝ་ཡི་ཆ་རུ་བྲི་བར་བྱ།། རྡོ་རྗེ་མདུང་རྩེ་ཞེས་བྱ་སོགས།། སྒོ་ཡི་ནང་ནི་ཐམས་ཅད་དུ།། སྒོ་སྐྱོང་བ་ནི་རྣམ་པར་བྲི། ། གཞན་གྱིས་མི་ཐུབ་ལྷ་མོ་ཆེ།། དེ་བཞིན་རལ་པ་གཅིག་མ་མཆོག། རྡོ་རྗེ་དྲེགས་མོ་ལྷ་མོ་ཆེ།། རྡོ་རྗེ་ཀུམ་བྷི་ཡང་དག་བྲི།། དེ་ནས་བློ་ལྡན་དཀྱིལ་འཁོར་ནི།། ཐམས་ཅད་ལས་ནི་འཐོན་རས་སུ། ། ཤར་གྱི་ཆ་ནི་ཐམས་ཅད་དུ།། སྔགས་པ་མཉམ་པར་བཞག་པ་ཡིས།། ཁྲོ་ཆེན་གཞན་གྱིས་མི་ཐུབ་པ།། དེ་བཞིན་མི་གཡོ་ཞེས་བྱ་དང་།། ཁམས་གསུམ། རྣམ་རྒྱལ་སྙིང་པོ་ནི།། མངའ་བདག་བརྒྱ་ཕྲག་ལྔ་ཡིས་བསྐོར།། ཤར་དུ་བྲིས་རས་སྔགས་པ་ཡིས།། དེ་ནས་བྱང་གི་ཆར་སོང་སྟེ།། རྟ་མགྲིན་ཁྲོ་བོ་ཆེན་པོ་དང་།། སྐར་མའི་སྤྱན་ནི་ཁྱང་པར་དུའོ། ། ཁྲོ་གཉེར་རིམ་པ་རྣམ་བསྒྱིངས་པ།། ཁྲོ་བོ་བློ་ལྡན་བརྩོན་འགྲུས་ཆེ།། ཕོ་ཉ་བྲན་རྣམས་ཐམས་ཅད་དང་།། མ་མོ་སྟོང་གིས་ཡོངས་བསྐོར་བར།། འཇིག་རྟེན་མགོན་གྱིས་བཀའ་སྩལ་ཏོ། ། དེ་ནས་བློ་གྲོས་ལྡན་པ་ཡིས།། ལྷོ་ཡི་ཕྱོགས་སུ་སོང་ནས་སུ།། དེར་རི་ཕྱིན་ཏེ་བརྩོན་ཆེན་པོ།། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ།། རྡོ་རྗེས་མཚན་པས་ལེགས་མཚན་པ།། ཤེས་རབ་ཆེན་པོས་དགོད་པར་བྱ། ། ཁྲོ་བོ་ཟླ་བའི་ཐིག་ལེ་དང་།། དེ་བཞིན་ཁྲོ་ཆེན་རྡོ་རྗེ་འཆང་།། ཁྲོ་བོ་གཟེགས་མ་སྟོབས་པོ་ཆེ།། ཁྲོ་བོ་བདུད་རྩི་འཁྱིལ་བ་དང་།། རྡོ་རྗེས་འོག་ས་འོག་དང་། ། དེ་བཞིན་འཇིགས་པའི་མིག་ཅན་དང་།། རྐང་པས་བསྣུན་པ་རྡོ་རྗེ་མཆོག། གསང་དང་རབ་གསང་རྗེས་འགྲོ་དང་།། བྲན་དང་པོ་ཉ་རྗེས་འགྲོ་བ།། རྗེས་འགྲོ་ཅན་བློང་བོཔོ་ནི། སྟོང་ཕྲག་གསུམ་དང་ཕྱེད་ཀྱིས་བསྐོར།། དེ་ལྟར་བྲིས་ནས་བློ་ལྡན་གྱིས།། ནུབ་ཀྱི་ཕྱོགས་སུ་ཕྱིན་ནས་ནི།། དེར་ནི་སོང་སྐྱེ་བརྩོན་ཆེན་པོ།། གཤིན་རྗེ་མཐར་བྱེད་ཅེས་བྱ་བ།། གདོང་དྲུག་པ་ལ་ལག་དྲུག་པ། ། ཁྲོ་བོ་ཡི་གེ་བདུན་ཞེས་བྱ།། ཁྲོ་བོའི་གཙོ་བོ་སྟོང་ཕྲག་ནི།། བདུན་དག་གིས་ནི་ཡོངས་བསྐོར་བའོ།། དཀྱིལ་འཁོར་ཅན་ཐམས་ཅད་དུ།། ཁྲོ་བོ་གཏུམ་པོ་ཐམས་ཅད་བྲི།། དེ་ནས་བློ་ལྡན་འོངས་ནས་སུ།། རང་རྒྱལ་རྒྱལ་བ་ཐམས་ཅད་ནི།། དཀྱིལ་འཁོར་ཀུན་ཏུ་བྲི་བར་བྱ།། དེ་ནས་སྔགས་པ་འོངས་ནས་རི།། རྒྱལ་བ་ཉན་ཐོས་བྲི་བར་བྱ།། དེ་ནས་ཐམས་ཅད་བྲིས་ནས་སུ།། དེ་རྣམས་ཚངས་སོགས་ལྷ་དེ་དག། དཀྱིལ་འཁོར་ཀུན་ཏུ་རྣམ་པར་བྲི།། དབང་ཕྱུག་ཆེ་དང་ཁྱབ་འཇུག་དང་།། ཟླ་བ་ཉི་མ་ཞེས་བྱ་དང་།། གཟའ་བརྒྱད་དང་ནི་འཇིག་རྟེན་སྐྱོང་།། རྒྱལ་ཆེན་རིས་ནི་བཞི་པོ་དང་། ། དེ་བཞིན་སུམ་ཅུ་རྩ་གསུམ་ཉིད།། འཐབ་བྲལ་རྣམས་དང་དགའ་ལྡན་རྣམས།། འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་རྣམས།། ཚངས་པ་མདུན་ན་འདོན་པ་རྣམས།། ཚངས་ཆེན་རྣམ་དང་འོད་ཆུང་རྣམས་དང་། ཚད་མེང་འོད་རྣམས་དང་། འོད་གསལ་རྣམས་དང་། དགེ་ཆུང་རྣམས་དང་། ཚད་མེད་དགེ་རྣམས་དང་། དགེ་རྒྱས་རྣམས་དང་། སྤྲིན་མེད་རྣམས་དང་། བསོད་ནམས་སྐྱེས་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ་ནོམ་སྣང་བ་རྣམས་དང་། ཤིན་ཏུ་མཐོང་བ་རྣམས་དང་། འོག་མིན་རྣམས་དང་། དག་པའི་གནས་པ་རྣམ་དཀྱིལ་འཁོར་ཐམས་ཅད་ཀྱི་མཚམས་སུ་དགོད་པར་བྱའོ། ། དེ་ནས་དབང་ལྡན་དུ་དབང་ལྡན་དང་། དབང་པོར་དབང་པོ་དང་། མེར་མེ་ལྷ་དང་། གཤིན་རྗེར་གཤིན་རྗེ་དང་། བདེན་བྲལ་དུ་བདེན་བྲལ་དང་། ཆུར་ཆུ་ལྷ་དང་། རླུང་དུ་རླུང་ལྷ་དང་། ལུས་ངན་དུ་ལུས་ངན་རྣམས་དང་། ཕྱི་རོལ་ཏུ་ཁོར་དྲུག་ཏུ་ཆེན་པོའི་རིའི་རྒྱལ་པོ་བྲི་བར་བྱའོ།། རབ་དག་གི་ནང་དུ་རྒྱ་མཚོ་ཆེན་པོ་བདུན་དགོད་པར་བྱའོ། ། ཕྱི་རོལ་གྱི་ཤར་ཕྱོགས་སུ་ཁྲོ་བོ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་ཕྱག་རྒྱ་ཆེན་པོ་དགོད་པར་བྱའོ།། ལྷོར་རྡོ་རྗེ་འཇིགས་བྱེད་ཀྱི་སྤྱན་གྱི་ཕྱག་རྒྱ་ཆེན་པོ་དགོད་པར་བྱའོ།། ནུབ་ཏུ་ཁྲོ་བོའི་རྒྱལ་པོ་ཆེན་པོ་གཤིན་རྗེ་གཤེད་ཀྱི་ཕྱག་ཆེན་པོ་དགོད་པར་བྱའོ། ། བྱང་དུ་རྟ་མགྲིན་གྱི་ཕྱག་རྒྱ་ཆེན་པོ་རྣམ་པ་དགོད་པར་བྱའོ།། དེ་ལྟ་བུའི་གྲུ་བཞི་པ་སྒོ་བཞི་པའི་དཀྱིལ་འཁོར་ཆེན་པོ་དར་དང་མེ་ཏོག་གི་ཆུན་པོ་དང་། སྒོ་ཁྱུད་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་སྒྲེང་བ། དྲ་བ་དང་དྲ་བ་ཕྱེད་པས་ཀླུབས་པོ། དེ་ལྟ་བུའི་དཀྱིལ་འཁོར་ཆེན་པོ་བྲིས་ལ་བསྒོམ་པར་བྱའོ།། དེའི་ཕྱི་རོལ་དུ་འགྲོ་བལྔ་པོ་གཞག་པར་བྱའོ། ། དེ་བཞིན་དུ་དབུས་སུ་རིའི་རྒྱལ་པོ་ལྷུན་པོའི་ཚད་དཔག་ཚད་བརྒྱ་སྟོང་ཕྲག་དུ་མ་རྣམ་པར་བསམས་ནས། དེའི་སྟེང་དུ་རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་གཞག་པར་བྱའོ། ། དེ་ལྟར་དཀྱིལ་འཁོར་རིམ་གྱིས་བཀོད་ནས་ཉེ་བར་སྤྱོད་པ་ཐམས་ཅད་ཀྱི་ཆོ་གས་མཆོད་ནས། ཉེ་བར་ཞུགས་ཏེ་དགུགས་པ་དང་། གཞུག་པ་དང་། དམ་ཚིག་གིས་བཅིངས་ནས་མཉེ་བར་བྱས་ཏེ། མཆོད་པ་དང་། དབང་བསྐུར་བ་དང་། བྱིན་གྱིས་བརླབས་པ་དང་། སྤྲོ་བ་དང་། བསྡུ་བ་ལ་སོགས་པ་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ།། དེ་བཞིན་དུ་སྒོམ་པ་ལས་བླང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དང་རྡོ་རྗེ་སེམས་དཔའི་བདག་ཉིད་ནི་རྣམ་པར་སྣང་མཛད་པ་ཞེས་བསྒོམ་པར་བྱའོ། ། དེ་ལྟ་བུ་ལས་ལངས་ནས་དེའི་སྙོམས་པ་འཆང་ཞིང་སྙིང་རྗེ་དང་། བྱམས་པའི་འདྲེན་བྱེད་དང་། མིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ལས་འདས་པ་རབ་འབྱམས་རྒྱ་མཚོའི་སྤྲིན་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་སྤྲིན་གྱིས་ཀུན་ནས་བཀང་སྟེ། དེ་བཞིན་གཤེགས་པ་རབ་ཏུ་འབབ་པས་རྡོ་རྗེ་སེམས་དཔའི་ཧཱུཾ་མཛད་ཀྱིས་ཕྱག་རྒྱ་རང་གི་ལུས་ལ་ཞུགས་ནས་ཕྱོགས་ཐམས་ཅད་ཧཱུཾ་གི་ཡི་གེའི་སྒྲས་རབ་ཏུ་བསྒྲག་པར་བྱའོ། ། བསྣུན་པ་བཞིས་རོལ་པ་དང་བཅས་པས་ཕྱག་བྱས་ལ་བཟླས་པ་བྱ་སྟེ། དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ཆོ་ག་བཞིན་དུ་རྡོ་རྗེ་སློབ་དཔོན་གྱིས་བཀུག་ནས་བཅུག་སྟེ་བཅིངས་ལ་དམ་ཚིག་ལ་བཞག་པར་བྱས་ནས། ། རྡོ་རྗེས་གྲོལ་གྱི་སྦྱོར་བ་དང་། ཀུན་ནས་འབེབས་པའི་ཕྱག་རྒྱས་བདག་ཉིད་ལ་དབབ་སྟེ། སྙིང་པོ་འདི་བཞིས་དེ་བཞིན་གཤེགས་པ་ཐམས་ཅད་དང་བདག་མཚུངས་སོ་སྙམ་དུ་བསམ་པར་བྱའོ།། དེ་ལ་འདི་ནི་ཐམས་ཅད་འབེབས་པའི་སྙིང་པོ་བཞི་པོར་འགྱུར་རོ།། ཨ་ཨཱ་ཨཾ་ཨཿ་བདག་བྱིན་གྱིས་རློབ་པ་ལ་སོགས་པ་བྱས་ནས། སློབ་དཔོན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང་བདག་མཚུངས་པ་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་པར་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལྕགས་ཀྱུའི་སེ་གོལ་གཏོགས་ནས། སངས་རྒྱས་ཐམས་ཅད་སྤྱན་དྲང་བར་བྱའོ།། དེ་ལ་སྙིང་པོ་ནི་འདི་ཡིན་ཏེ། བཛྲ་ས་མཱ་ཛཿ། ཨཱ་གཙྪ་ཨཱ་གཙྪནྟུ་སརྦ་ཏ་ཐཱ་ག་ཏ། སརྦ་བོ་དྷི་སཏྭ་པ་རི་བྲི་ཏཱཿཔྲཏྱེ་ཀཱ་ར་ཧ་ཏེཿ། ས་ཧ། ཞེས་སོ།། ཨོཾ་བཛྲ་ས་མཱ་ཛཱཿཱ་གཙྪ། ཨཱ་གཙྪ། སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ཤྭ་རཿསཏྭ་ན་ཡཻཿས་ཧ་ཨ་ཧཿ་ཧཿ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བཅས་པ། དཀྱིལ་འཁོར་ཐམས་ཅད་ཡོངས་སུ་རྫོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་དང་། རྒྱུད་དང་། གཟུངས་རྣམས་དང་ལྷན་ཅིག་དཀྱིལ་འཁོར་དུ་འདུས་ན་བྱོན་པར་འགྱུར་རོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་བདག་ཉིད་རྣམ་པར་བསྒོམས་ནས། མིང་བརྒྱ་རྩ་བརྒྱད་པ་བཏོན་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་མཆོད་པ་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་བརྟན་པར་བྱས་ནས། སྒོ་བཞི་པོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་ལས་བྱས་ཏེ། ལས་ཆེན་པོ་དམ་པའི་ཕྱག་རྒྱས་དེ་བཞིན་གཤེགས་པ་ཐམས་ཅད་གཞུག་པར་བྱའོ། ། ཨོཾ་སརྦ་ཏ་ཐཱ་ག་ཏ། སུ་ར་ཏ་བཛྲ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ་དྷི་ཏིཥྛ་ཏུ། སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་མཎྜ་ལཾ། ཞེས་སོ།། དེ་ནས་གསང་བའི་མཆོད་བབལ་སོགས་པ་རྣམས་ཀྱིས་མཆོད་པ་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་པ་བཏབ་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་གསོལ་བ་འདེབས་ལགས་ཀྱིས། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བང་གཱ་ལ་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་དུ་གསོལ། བདག་ལ་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཇི་ལྟར་བདག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་རབ་འབྱམས་རྒྱ་མཚོའི་སྤྲིན་རྣམས་ཀྱིས་ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པའི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཀུན་ནས་བཀའ་སྟི་བྱིན་གྱིས་བརླབ་པར་བགྱིའོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་ཡོངས་སུ་རྫོགས་པར་བགྱིའོ།། དེ་ནས་འདིར་རྡོ་རྗེ་སྙིང་པོའི་རྒྱན་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ་སློབ་མ་གཞུག་པའི་ཆོ་ག་རྒྱས་པར་འགྱུར་བ་ནི། དེ་ནས་གོས་དམར་པོ་ཕྲག་པར་གཟར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་བའི་ཐལ་མོ་སྦྱར་ནས་སྔགས་འདིས་སྙན་གསན་དབབ་པར་བྱ་སྟེ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ས་མ་ཡ་བཛྲ་དྷིཥྛཱ་ནཾ། ཀུ་རུ་མཱཾ། སརྦ་ཏ་ཐཱ་ག་ཏ་ས་མ་ཡེ་ཥུ་མེ་ཨ་དྷི་ཏིཥྛཱནྟུ་སརྦ་བུདྡྷ་མཱཾཿཔྲ་བེ་ཤ་ཡནྟུ། པྲ་ཏི་པཱ་ལ་ཡནྟུ་པཱུ་ཛཱཉྩ་མ་པྲ་ཡཙྪནྟུ། པྲ་བིཛྫི་སྨཻ། སརྦ་ཏ་ཐཱ་ག་ཏ་བཛྲ་མཎྜ་ཨ་ལང་ཀཱ་རེ། མ་ཧཱ་བཛྲི་མཎྜ་ལེ་པྲ་ཏ~ཾ་བ་ལ་ཡནྟུ་མནྟྲ་ཛཉྩཱ་མ་པྲ་ཡཙྪ་ཡནྟུ། དེ་ནས་སློབ་དཔོན་གྱིས་དེའི་ཐལ་མོར་མེ་ཏོག་དཀར་པོའི་འཕྲེང་བ་སྔགས་འདིས་བཏགས་ནས། ནང་དུ་མེ་ཏོག་བཞི་དང་སོར་མོའི་རྩེ་མོར་མེ་ཏོག་རེ་རེ་བཅུག་ལ། དེ་ནས་སྔགས་འདི་བརྗོད་ཅིང་གཞུག་པར་བྱའོ།། ཙཱུ་དྷ་ཧྲི། ཀྲུཾ་ཤྲུ་ཛུ་བཿཀ་པྲོ་ཁི་ཤྲཱི་ཛྫ་ཧཱུཾན་ཨ་དྷི་ཏིཥྛ་མཱཾ། སརྦ་ཏ་ཐཱ་ག་ཏ་ས་མ་ཡ་སཏྭ་པྲ་བི་ཤཱ་མི། དེ་ནས་སློབ་དཔོན་གྱིས་དེའི་གདོང་གཡོགས་བཅིངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆོས་ཀྱི་དབྱིངས་ནམ་མཁའི་ཁམས་རབ་ཏུ་ཁྱབ་པའི་སྦྱོར་བས་དེ་བཅུག་ལ། སྔགས་འདིས་མེ་ཏོག་གཏོར་བར་བྱའོ།། སྔགས་ནི། ས་མ་ཡོ་ཧཾ། ས་མ་ཡ་སྟྭཾ། ས་མ་ཡ་ཧཱུཾ། གང་ལ་མེ་ཏོག་རྣམས་ལྷུང་བ་དེ་ཉིད་དེའི་ལྷར་བྱིན་པར་བྱའོ། ། དེ་ནས་ཆོ་ག་བཞིན་དུ་སྔགས་འདིས་དབབ་པར་བྱའོ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། ཏ་ཊ་ཏ་ཊ། དྷ་མ་དྷ་མ། བཛྲ་ཧཱུཾ། བི་ཀྲྀ་ཏི་བི་དྷྱ། ཛཱི་ཧྭཱ་དུར་དརླང་མ་ཀ། ཧ་སི་ཏ་ལཾ་བོ་དྷ་ར། ཀ་ཧ་ཀ་ཧ། ཙུ་ལུ་ཙུ་ལུ། མུཉྩ་མུཉྩ། ཨནྡྲ་ཧ་ས་དར་བི་དར། བཛྲ་བཛྲོངྒ་ཏ་བཛྲ་ནེ་ཏྲེ། བཛྲ་ཤོ་ཏྲ། བཛྲ་གྷཱ་ཎ། བཛྲ་དཾཥྚ་ཀིཉྩི་རཱ་ཡི་ས་པྲ་བི་ཤ་བཛྲ་པཱ་ཎི་ད་ཡ་མ་བི་ཤ། གྷུརྞ་བྷརྫྫ། པཱུརྞྞ་པཱུརྟྟ། གྷཱརྞྞ་པ་ཡ་གྷུརྞྞ་པ་ཡ། བྷྲ་མ་ཡཱ་བྷྲ་མ་ཡཱ། པཱ་ཏ་ཡ་མོ་ཊ་ཡ། ཨ་བེ་ཤཱ་ཡ། ཛལྤ་ཛ་ཝ། ཛམྦཱ་ཡ་ཛལྤཱ་ཡ། ལ་བྷཱ་ལ་གྷུ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ཀ་ར། པྲ་བ་ར། དྷརྨ་ལབྷཱུ། བི་ཛ་ཡོ་ཧི་ཧ~ཾ་བཛྲ་ཀཱ་ར་ཧཱུཾ་ཀྲྀཏ་སྭཱ་ཧཱ། དབབ་པའི་དམ་ཚིག་གོ། དེ་ལྟར་ཕབ་ནས། ཀྱེ་ཁྱོད་ཀྱིས་གང་དགེ་བ་འམ་མི་དགེ་བ་མཐོང་ངམ་ཞེས་དྲིའོ། ། དེ་ནས་དེ་དེ་བཞིན་གཤེགས་པ་འམ། རྡོ་རྗེ་འཛིན་པ་འམ། དགེ་བའམ། མི་དགེ་བ་བདག་གིས་འདི་ལྟ་བུ་མཐོང་ངོ་ཞེས་སྨྲ་བར་འགྱུར་རོ།། དེ་ནས་སློབ་དཔོན་གྱིས་དེ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རང་བཞིན་དུ་ཡོངས་སུ་བཞག་ལ། མིག་བཅིངས་པ་བཀྲོལ་ལ། དབང་བསྐུར་བའི་དོན་དུ་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ། དེའི་དབུས་སུ་ཁ་དོག་ཐམས་ཅད་ཀྱིས་པདྨ་ཆེན་པོ་འདབ་མ་བརྒྱད་པ་ཡིད་དུ་འོང་བ་འམ། སེང་གེའི་ཁྲི་རང་ཉིད་ཀྱིས་བྲིས་ཏེ། དེ་ནས་དེ་ལ་དར་གྱི་བགོ་བ་དང་། མེ་ཏོག་བདུག་པ་ལ་སོགས་པ་རྣམས་ཀྱིས་མཆོད་ལ། ཁྱད་པར་དུ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པ་ཉེ་བར་མཁོ་བ་དང་། དུང་དང་། རྫ་རྔུ་དང་། རྔ་བོ་ཆེ་དང་། དྲུང་ལ་སོགས་པ་དང་། གར་དང་། གླུ་རྣམས་ཀྱིས་ལེགས་པར་མཆོད་ནས། ཅོད་པན་ལྔའི་དབང་བསྐུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་ལ་སྔགས་འདིས་རབ་ཏུ་གཞག་པར་བྱའོ། ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བཛྲེཥྞཱི་ཥ་ཨ་བྷི་ཥིཉྩ། ཨོཾ་བཛྲ་སཏྭ་ཨ་བྷི་ཥིཉྩ། ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ། ཨོཾ་བཛྲ་པདྨ་ཨ་བྷི་ཥིཉྩ། ཨོཾ་བཛྲ་བཛྲ་ཨ་བྷི་ཥིཉྩ། སྤྱི་བོ་དང་དཔྲལ་བ་དང་། མགྲིན་པ་དང་། སྙིང་ཁ་དང་། ལྟེ་བ་དང་། རྐེང་པ་ནས། རྗེ་ངར་གྱི་བར་དུ་ཡི་གེའི་ཕྱག་རྒྱ་བཀོད་ལ་རང་གི་ལྷའི་གཟུགས་ཀྱི་སྦྱོར་བས་བལྟ་བར་བྱའོ།། དེ་དེ་ལྟར་དབང་བསྐུར་ནས་རིགས་དང་འཐུན་པའི་མིང་བྱས་ནས་རྡོ་རྗེའི་ཚིག་རྣམས་བསླབ་པར་བྱའོ། ། དེ་ལ་རྡོ་རྗེའི་གནས་ཚིག་རྣམས་ནི་འདི་དག་སྟེ། རང་བཞིན་གྱིས་དབྱེར་མེད་པའི་ཕྱིར་རང་གི་ལུས་རྡོ་རྗེ་སེམས་དཔའི་གནས་ཏེ། རྡོ་རྗེའི་གནས་འདིས་ལྟ་བའི་ཐིབས་པོ་ཐམས་ཅད་ངེས་པར་འཇོམས་པར་འགྱུར་རོ།། རིག་པ་ལ་འཇུག་པའི་ཕྱིར་མ་རིག་པ་རྡོ་རྗེའི་གནས་ཏེ། རྡོ་རྗེའི་གནས་འདིས་དམིགས་པའི་དངོས་པོ་ཡོངས་སུ་ཤེས་པ་ལ་འཇུག་པར་འགྱུར་རོ། ། ཧཱུཾ། མངོན་པར་འདུ་བྱེད་པའི་ཕྱིར་མཚམས་མེད་པའི་མཐའ་རྡོ་རྗེའི་གནས་ཏེ། རྡོ་རྗེའི་གནས་འདིས་ལྟ་བར་གྱུར་པ་ཐམས་ཅད་དུ་ངེས་པར་རིག་པར་འགྱུར་རོ། ། ཨཾ་འདོད་ཆགས་དང་བྲལ་བའི་མཐའ་མཉམ་པ་ཉིད་ཀྱི་ཕྱིར་འདོད་ཆགས་ཀྱི་མཐའ་རྡོ་རྗེའི་གནས་ཏེ། རྡོ་རྗེའི་གནས་འདིས་འདོད་ཆགས་འདོད་ཆགས་དང་བྲལ་བའི་ཆེད་དུ་འཇུག་གོ།། ཧ། བྱམས་པའི་མཐའ་མཉམ་པ་ཉིད་ཀྱི་ཕྱིར་ཞེ་སྡང་གི་མཐའ་རྡོ་རྗེའི་གནས་ཏེ། རྡོ་རྗེའི་གནས་འདིས་ཉེས་པ་ཐམས་ཅད་གཅོད་པའི་ཆེད་དུ་འཇུག་གོ།། མེ་ཤེས་རབ་སྒྲོན་མ་མཉམ་པ་ཉིད་ཀྱི་ཕྱིར་གཏི་མུག་གི་མཐའ་རྡོ་རྗེའི་གནས་ཏེ། རྡོ་རྗེའི་གནས་འདིས་མུན་པ་བསལ་བར་བྱེད་པར་འགྱུར་རོ།། ར་སེམས་ཅན་ཐམས་ཅད་སེམས་ཅན་གཅིག་པ་སྟེ། རྡོ་རྗེའི་གན། འདིས་སེམ་ཅན་མཉམ་པ་ཉིད་ལ་འཇུག་པའི་དོན་དང་། སེམས་ཅན་གྱི་རང་བཞིན་རྟོགས་པའི་དོན་དུ་འགྱུར་རོ།། ཧྲཱི། སེམས་ཅན་ཐམས་ཅད་སེམས་གཅིག་པ་སྟེ། རྡོ་རྗེའི་གནས་འདིས་སེམས་ངེས་པ་ལ་འཇུག་པའི་དོན་དང་། སེམས་རང་བཞིན་གྱིས་འོད་གསལ་བ་མངོན་པར་རྟོགས་པའི་དོན་དུ་འགྱུར་རོ།། ཨ། སངས་རྒྱས་ཐམས་ཅད་སངས་རྒྱས་གཅིག་པ་སྟེ། རྡོ་རྗེའི་གནས་འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་དོན་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་རྗེས་སུ་རྟོགས་པའི་དོན་དུ་འགྱུར་རོ།། ཨཾ། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཏེ། རྡོ་རྗེའི་གནས་འདིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྗེས་སུ་རྟོགས་པར་འཇུག་པའི་དོན་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྗེས་སུ་རྟོགས་པའི་དོན་དུ་འགྱུར་རོ།། ཨཱ.ཱཾཿབདུད་ཀྱི་ལས་ཐམས་ཅད་སངས་རྒྱས་ཀྱི་ལས་ཏེ། རྡོ་རྗེའི་གནས་འདིས་ལས་ཐམས་ཅད་རྗེས་སུ་རྟོགས་པ་ལ་འཇུག་པའི་དོན་དང་། ལུས་ཐམས་ཅད་ལས་ཡོངས་སུ་འདས་པའི་དོན་དུ་འགྱུར་རོ།། ཧཱུཾ། ངག་ཐམས་ཅད་དེ་བཞིན་གཤེགས་པའི་གསུང་སྟེ། རྡོ་རྗེའི་གནས་འདིས་སྒྲ་ཇི་བཞིན་པ་ཐམས་ཅད་རྗེས་སུ་རྟོགས་པ་ལ་འཇུག་པའི་དོན་དང་། བརྗོད་པ་ལས་འདས་པའི་ཆོས་རྗེས་སུ་རྟོགས་པའི་དོན་དུ་འགྱུར་རོ།། དྷཾ། ཆོས་ཐམ་ཅད་མ་སྐྱེས་པ་སྟེ། རྡོ་རྗེའི་གནས་འདིས་འཆི་འཕོ་མེད་པ་ལ་འཇུག་པའི་དོན་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་ལམ་ལས་འདའ་བའི་དོན་དུ་འགྱུར་རོ།། མཾ་ཆོས་ཐམས་ཅད་མ་བྱུང་བ་སྟེ། རྡོ་རྗེའི་གནས་འདིས་འགོག་པ་མེད་པ་ལ་འཇུག་པའི་དོན་དང་། ཆོས་ཐམས་ཅད་འགོག་པ་མེད་པའི་དོན་དུ་འགྱུར་རོ།། ཁཾ། འདི་ལ་རྣམ་གནས་རྣལ་འབྱོར་པ།། བདག་གི་དེ་ཉིད་རབ་རྟོགས་ཏེ། ། བདག་གིས་དེ་ཉིད་རབ་བརྟགས་ནས།། སངས་རྒྱས་ཀུན་མཚུངས་མཉམ་མེད་འགྱུར།། དེ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་། གཏེར་ཐམས་ཅད་དང་། འཁོར་ལོ་ཐམས་ཅད་དང་། རྡོ་རྗེ་ཐམས་ཅད་དང་། རལ་གྲི་དང་། ཡིད་བཞིན་གྱི་ནོར་བུ་དང་། དངུལ་ཆུ་དང་། བཅུད་ལེན་རྣམས་དང་། གྱེན་དུ་འགྲོ་བ་དང་རྐང་འོག་དང་། མི་སྣང་བ་དང་། རིག་པ་འཛིན་པ་དང་། འཁོར་ལོས་སྒྱུར་བ་ཉིད་དང་། བརྒྱ་བྱིན་དང་། ཚངས་པ་དང་།། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ཉིད་དང་། བྱང་ཆུབ་སེམས་དཔའི་ས་རྣམས་དེ་མྱུར་དུ་འགྲུབ་པར་འགྱུར་རོ། ། ཧཱུཾ་ཡིད་ནི་རྩེ་གཅིག་གྱུར་པ་ཡིས།། སངས་རྒྱས་རྗེས་དྲན་བསྒོམས་ནུས་ནི།། ཉི་མའི་དཀྱིལ་འཁོར་དབུས་གནས་པར།། སངས་རྒྱས་སྐུ་གཟུགས་བསྒོམ་པར་བྱ། ། སྦྱོར་བ་དེ་ཡི་བཀའ་དྲིན་གྱིས།། སངས་རྒྱས་ཀུན་མཚུངས་མཉམ་མེད་འགྱུར།། ཟླ་བའི་དཀྱིལ་འཁོར་དབུས་གནས་པར།། འོད་ཀྱི་དཀྱིལ་འཁོར་རབ་གསལ་བའི་ཀུན་ཏུ་བཟང་པོ་ཕྱག་རྒྱ་ན། ། ལེགས་པར་མཉམ་པར་བཞག་པས་སྒོམ། ཡོ་ནི་བྱེད་ཀྱི་སྦྱོར་བ་ཡིས།། ཀུན་ཏུ་བཟང་པོ་འདྲ་བར་འགྱུར།། རྡོ་རྗེ་རིན་ཆེན་ཕྱག་རྒྱ་ལེགས་པར་མཉམ་པར་བཞག་པས་སྒོམ། ། རྒྱལ་པོའི་དབང་བསྐུར་ཉིད་ངམ་ནི།། ཡང་ན་དབང་ཕྱུག་ཐོབ་པར་འགྱུར།། རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ཆེ།། དེ་ནི་རང་གིས་བརྟན་པོར་བསྒོམ།། འཇིག་རྟེན་ཀུན་གྱི་དབང་ཕྱུག་ཀྱང་། ། ཐོབ་ན་དངོས་གྲུབ་གཞན་ཅི་སྔོས།། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་གང་།། དེ་བཞིན་ཉིད་ཀྱི་འོད་གསལ་པ།། རྡོ་རྗེའི་སྦྱོར་བས་དེ་བསྒོམས་པས།། རྡོ་རྗེའི་རྣལ་འབྱོར་བརྟན་པོར་འགྱུར། ། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཀྱི་མཆོག་སྒོམ་པ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཉིད་ཡིན་ནོ།། འཁོར་ལོ་སྒྱུར་བའི་ཕྱག་རྒྱ་ཆེ།། ལེགས་པར་མཉམ་པར་བཞག་པས་བསྒོམ།། ཕྱག་རྒྱུ་ཀུན་གྱི་བདག་ཉིད་ཀྱི། ། དམ་པའི་དོན་ཉིད་ཐོབ་པར་འགྱུར།། གཟི་བརྗིད་ཕུང་པོ་ཕྱག་རྒྱ་ཆེ།། དམ་པའི་དོན་དུ་བསྒོམ་པར་བྱ།། གསང་བའི་རྒྱལ་སྲིང་ཐོབ་འགྱུར་ན།། དངོས་གྲུབ་གཞནས་ཙོནིག་སྨོས། ། གདུགས་དཀར་བཙུག་ཏུ་རྐུན་པོ་ནི།། དམ་པའི་དོན་དུ་བསྒོམ་པར་བྱ།། གཙུག་ཏོར་མེ་ཤེས་ཐོབ་འགྱུར།། དངོས་གྲུབ་གཞན་སུ་ཅི་ནག་སྨོས། རྒྱལ་བའི་གཙུག་ཏོར་ཕྱག་རྒྱདེ་ནི་ཡང་དང་ཡང་དུ་བསྒོམ། ། ཆོས་ཀྱི་རྒྱལ་སྲིད་རྣམ་རྒྱལ་ཉིད། མདོར་བསྡུས་པས་ནི་ཐོབ་པར་འགྱུར།། ནམ་རྒྱལ་གཙུག་ཏོར་ཕྱག་རྒྱ་ཡིས།། དམ་པའི་ཡི་གེ་བསྒོམ་པར་བྱ། ལེགས་པར་རབ་གནས་འོད་ཟེར་ཅན།། དངོས་གྲུབ་ཡེ་ཤེས་ཐོབ་པར་འགྱུར།། དེ་ལ་སོགས་པ་མཐའ་ཡས་མཆོག། ཆོས་དབྱིངས་མཉམ་དང་མི་མཉམ་པ།། གཙུག་ཏོར་རྣམས་ཀྱིས་ལེགས་བཤད་པ། ། ཕྱག་རྒྱ་དེ་རྣམས་བདག་ཉིད་མཆོག། དེ་ལྟར་རྣལ་འབྱོར་པས་བསྒོམས་ན།། ལྷག་པའི་ལྷ་ནི་གཅིག་པུ་ཉིད།། ཐོག་མ་ཐ་མ་མེད་ཞི་བ།། རང་བྱུང་མཆོག་ཏུ་མི་འགྱུར་བ། སངས་རྒྱས་ཀུན་དང་མཉམ་སྦྱོར་བ།། རྣལ་འབྱོར་དབང་ཕྱུག་གོ་འཕང་མཆོག། སངས་རྒྱས་ཡེ་ཤེས་དྲི་མ་མེད།། བདག་ཉིད་ཆེན་པོ་ཐོབ་པར་འགྱུར།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་གྱི་དམ་ཚིག་ཡེ་ཤེས་ཀྱི་ཕྱག་རྒྱ་རྣམས་སོ། ། ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཡི་གེའི་རང་བཞིན་གྱི་ཡེ་ཤེས་དེ་ལ་བསླབ་པར་བྱའོ།། ཞེས་བྱ་བ་ནི་རྣམ་པར་དཔྱོད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་སྱེ། རྣམ་པར་འབྱེད་པའི་དོན་དུ་ཤེས་པར་བྱའོ།། ཨོཾ་བཾ། ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བཤད་དོ།། ཨོཾ་ཨ་ཨཱ་ཨཾ་ཨཿཔ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། དོན་དམ་པར་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བལྟ་བར་བྱའོ།། ཨོཾ་པཾ། ན་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་མིང་དང་། གཟུགས་དང་། ཤེས་རབ་དང་། ཆོས་དང་བཅས་པ་ལ་དབང་སྒྱུར་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བཤད་དོ།། ཨོཾ་ནཾ། ང་ཞེས་བྱ་བ་ནི་འདུལ་བ་དང་ཞི་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བཤད་དོ། ། ཨོཾ་དེ། ས་ཞེས་བྱ་བ་ནི་ཐོགས་པ་མེད་པ་ལས་ཡང་དག་པར་འདས་ཤིང་། ཡོངས་སུ་ཉོན་མོངས་པ་དང་། རྣམ་པར་སྤོང་བ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་སྒོ་ནས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་དོན་དམ་པའི་བདེན་པ་ལ་ཉེ་བར་ལེན་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་རྣམ་པར་གཞག་གོ། ། ཨོཾ་སྲུཾ། ཏ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རྗེས་སུ་འགྲོ་བའི་ཆོས་ཀྱི་དབྱིངས་ལ་འཇུག་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་རྣམ་པར་བལྟའོ།། ཨོཾ་ཏེ། ཀ་ཞེས་བྱ་བ་ནི་ལས་ཀྱི་རྣམ་པར་སྨིན་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་གསལ་བར་བྱའོ།། ཨོཾ་ཀཱཾ། མ་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུ་ཉིད་དང་། དྲན་པ་མེད་ཅིང་སྙིང་རྗེ་ཆེ་བ་དང་། ཤེས་རབ་རྣོ་བ་ལས་བྱུང་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་གསལ་བར་བཤད་དོ། ། ཨོཾ་མཱཾ། ག་ཞེས་བྱ་བ་ནི་ཟབ་མོ་གཏིང་དཔག་དཀའ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ།། ཨོཾ་ཀཾ། ཞེས་བྱ་བར་སྐྱེ་བ་དང་། རྒ་བ་དང་། འཆི་བ་ལས་ཡོངས་སུ་རྒལ་བའི་རང་བཞིན་མི་ཕྱེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ།། ཨོཾ་ཛེ་དྷ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཡོངས་སུ་མི་ཕྱེད་པའི་རྡོ་རྗེ་ཇོ་པོ་རྫོགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། ། ཨོཾ་དྷཾ། ཤ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་ཡོངས་སུ་རྫོགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ།། ཨོཾ་། ཁ་ཞེས་བྱ་བ་ནི་གང་ཟག་དང་ཆོས་ཀྱི་བདག་མེད་པ་ནམ་མཁའ་ལྟར་གསལ་ཞིང་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་རྣམ་པར་གཞག་གོ།། ཨོཾ་ཁཾ། ཀྵ་ཞེས་བྱ་བ་ནི་གཡོ་བ་སྐྱེ་བ་མེད་པས་མི་ཟད་པའི་ཡེ་ཤེས་སོ་སོར་དམིགས་ཏེ་ཆོས་ཐམས་ཅད་ཡོངས་སུ་དག་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ།། ཨོཾ་ཀྵཾ། ང་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོགས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། ། ཨོཾ་དཾ། ཐ་ཞེས་བྱ་བ་ནི་གནས་དང་གནས་མ་ཡིན་པ་ལ་མཁས་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། ། ཨོཾ་ཐཾ། ཌྷ་ཞེས་བྱ་བ་ནི་མཐར་ཕྱིན་པ་དང་། མུར་ཐུག་པ་མེད་པ་དང་། སྒྲིབ་པ་ཐམས་ཅད་རབ་ཏུ་སྤངས་པས་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པའི་མཆོག་ཏུ་བྱེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བཤད་དོ། ། ཨོཾ་ཌྷཾ། ཛྷཻཾ་ཞེས་བྱ་བ་ནི་དྲི་མའི་རྣམ་པར་དམིགས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ།། ཨོཾ་ཛྙཱ། ལུས་རྣམ་པར་བྱེད་པ་ནི་འདོད་ཆགས་དང་བྲལ་བའི་མཐའ་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་རྡོ་རྗེ་སྙིང་པོའི་ལུས་སོ་སོར་ཐོབ་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ།། ཨོཾ་ཀཾ། སེམས་རྣམ་པར་འབྱེད་པ་ནི་ཉེས་པ་དང་། རྨོངས་པ་དང་། བག་ལ་ཉལ་བ་རབ་ཏུ་སྤངས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། ། ཨོཾ་ཨཾ། ངག་རྣམ་པར་འབྱེད་པ་ནི་ངག་གི་སྤྲོས་པ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སོང་བལྟ་བར་བྱའོ།། ཨོཾ་བཾ། ཚ་ཞེས་བྱ་བ་ནི་གྲིབ་མ་མ་དམིགས་ཤིང་རང་བཞིན་གྱིས་དང་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། ། ཨོཾ་ཚེ། གྷ་ཞེས་བྱ་བ་ནི་གཅིག་ཏུ་འདྲེས་པ་མ་དམིགས་པའི་དོན་དམ་པར་གཉིས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། ། ཨོཾ་གྷཾ། ཊ་ཞེས་བྱ་བ་ནི་ཅ་ཅོ་དང་བྲལ་བ་དང་རྡོ་རྗེ་སྙེམས་པ་འཛིན་པའི་ཕྱིར་ཆོས་ཀྱི་སྒོར་བཤད་དོ།། ཨོཾ་ཊཾ། ཕ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དབུ་བ་རྡོས་པ་ལྟ་བུའི་ཚུལ་གྱིས་གསང་བའི་ཡེ་ཤེས་གསལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བཤད་དོ། ། ཨོཾ་ཕེཾ། ཌ་ཞེས་བྱ་བ་ནི་འཚེ་བ་ལས་གྲོལ་བའི་ནམ་མཁའ་ལ་འགྲོ་བ་གྲུབ་པས་སོ། སོར་ཐོབ་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ།། ཨོཾ་ཌ~ཾ། ཥ་ཞེས་བྱ་བ་ནི་ཆ་སྒོ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ།། ཨོཾ་ཥཾ། ཆོས་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ཉེ་བར་ཞི་བ་ནི་ཆོས་ཐམས་ཅད་ཀྱི་སྒོར་རྣམ་པར་གཞག་གོ། ། ཨོཾ་ཨུཾ། ཆོས་བཞིན་ནི་ངེས་པར་འབྱུང་བའི་དོན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་འཇུག་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། ། ཨོཾ་ཡཾ། དེ་ཁོ་ན་ཉིད་ནི་སྤྲོས་པ་ཐམས་ཅད་རྣམ་པར་སྤངས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་རྣམ་པར་གཞག་གོ།། ཨོཾ་ཏཾ། མ་སྐྱེས་པའི་ཆོས་རྣམ་པར་གྲོལ་བའི་མཚན་ཉིད་ཀྱི་དོན་ཡོད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བཤད་དོ། ། ཨོཾ་ཧཱུཾ། ཡོངས་སུ་གཟུང་བ་མེད་པ་ནི་འཐབ་པ་དང་རྩོད་པ་སྤང་བའི་ཆོས་ཉིད་ཡིན་པའི་ཕྱིར་ཆོས་ཐམས་ཀྱི་སྒོར་བལྟ་བར་བྱའོ། ། ཨོཾ་ཧཱུ~ཾ། ཀུན་ནས་ཉོན་མོངས་པ་མེད་པ་ནི་མཚན་ཉིད་རྣམ་པར་དག་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ།། ཨོཾ་ཀ་ཁ་ག་གྷང་། རང་བཞིན་འོད་གསལ་བའི་མཚན་ཉིད་གཟུང་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་གནས་སོ། ། ཨོཾ་ཙ་ཚ་ཛ་ཛྙཱ་ཉ། སྣང་བ་ནི་གསལ་ཞིང་འབར་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ།། ཨོཾ་ཊ་ཥ་ཌ་ཌྷཱ་ཎ། སྒོམ་པ་ནི་ཆོས་ཐམས་ཅད་ཀུན་ཏུ་སྦྱོར་བ་དང་བྲལ་བ་ཡང་དག་པར་སྡུད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། ། ཨོཾ་ཏ་ཐ་ད་དྷ་ན། གཞི་མེད་པ་ནི་ཆོས་ཐམས་ཅད་མ་འདྲེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་རྣམ་པར་གཞག་གོ། ཨོཾ་པ་ཕ་བ་བྷ་མ། བྱང་ཆུབ་ནི་ཆོས་ཐམས་ཅད་དྲི་མ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ། ། ཨོཾ་ཨ་ར་ལ་ཝ། མྱ་ངན་ལས་འདས་པ་ནི་གློ་བུར་བ་ཐམས་ཅད་ངེས་པར་དོར་བའི་མཚན་ཉིད་དང་། ཆོས་ཀྱི་དབྱིངས་སོ་སོར་ཐོབ་ཅིང་མངོན་པར་ཤེས་པ་ལྔ་དང་། ཡེ་ཤེས་མཁྱེན་པས་སངས་རྒྱས་ཀྱི་ས་ཡོངས་སུ་ཐོབ་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོར་བལྟ་བར་བྱའོ།། ཨོཾ་ཤ་ཥ་ས་ཧ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་དག་པ་རྣམ་པར་འབྱེད་པར་བྱེད་པའོ་ཞེས་སོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྒོ་རྣམ་པར་ངེས་པའོ།། །། དེ་ནས་རིགས་ཐམས་ཅད་ཀྱི་གསང་བའི་ཆོ་ག་རྒྱས་པར་གྱུར་པ་ནི། སྔོན་བཞིན་ངེས་པར་བྱས་ནས་ནི།། ཕྱོགས་ཀུན་མཉམ་པ་ཉིད་བསྒོམས་ནས། རི་རབ་ཆེན་པོ་གྲུ་བཞི་པ། རིན་ཆེན་ཀུན་གྱིས་རྣམ་པར་བརྒྱན། ། དེ་ཡི་སྟེང་དུ་རྡོ་རྗེ་ཆེ།། དེ་ཡི་སྟེང་དུ་པདྨ་གཞག། འདབ་མ་བརྒྱད་པ་ཆེས་བཀྲ་བ།། རྣལ་འབྱོར་གནས་ཞེས་རྣམ་པར་བཤད།། དབང་པོ་གཉིས་ནི་སྙོམས་འཇུག་པ། ། ཡོངས་སུ་རྫོགས་པར་བདག་ཉིད་ཀྱིས།། སངས་རྒྱས་ཐམས་ཅད་ཉིད་བསྒོམས་ན།། དེ་ནི་བསྐལ་པའི་མཐར་ཐུག་གནས།། སངས་རྒྱས་ཀུ་གྱི་ཕྱག་རྒྱ་ཆེ།། འོད་ཟེར་གསལ་བའི་དཀྱིལ་འཁོར་ཅན། ། རྣལ་འབྱོར་ཐམས་ཅད་བསྒོམ་པར་བྱ།། མཉམ་མེད་སངས་རྒྱས་ཀུན་དང་མཚུངས།། བྷ་ག་ཆེན་པོ་རྣལ་འབྱོར་ཆེ།། རྣལ་འབྱོར་པ་གནས་མི་བཟད་པ།། སངས་རྒྱས་ཀུན་བདག་བསྒོམས་ནས་ནི། ། སངས་རྒྱས་ཀུན་དང་མཚུངས་པར་འགྱུར།། ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེ།། སེམས་ཅན་ཀུན་ལ་ཐམས་ཅད་དུ།། གང་ཚེ་རྣལ་འབྱོར་པས་བསྒོམས་ན།། དེ་དངོས་གྲུབ་ལག་ན་གནས། ། རང་བཞིན་གིས་ནི་འོད་གསལ་ཆོས།། གདོད་ནས་དག་ཅིང་མ་འདྲེས་པ།། གང་ཚེ་ཡེ་ཤེས་མཐོང་བ་ཡི།། དེ་ཡི་ཚེ་ན་དག་པར་འགྱུར།། སངས་རྒྱས་ཐམས་ཅད་མདོར་བསྡུས་པ། ། སྣ་ཚོགས་ལས་ཀྱི་སྦྱོར་བ་ཡིས།། གང་ཚེ་རྣལ་འབྱོར་པ་བསྒོམ་ན།། སྣ་ཚོགས་ལས་ནི་བྱེད་པར་འགྱུར།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། ཕྱག་རྒྱ་ཆེན་པོའི་ཡེ་ཤེ་སོ།། ། འཁོར་ལོ་སྒྱུར་བ་རྒྱལ་པོ་ཆེ།། ཀུན་མཆོག་ས་ཡི་དབང་པོ་ནི།། རྡོ་རྗེ་སྦྱོར་བས་བསྒོམས་ན་ནི།། མཉམ་མེད་འཁོར་ལོ་སྒྱུར་བ་མཚུངས།། གཟི་བརྗིད་ཕུང་པོ་ཕྱག་རྒྱ་། ལེགས་པར་མཉམ་པར་བཞག་པས་བསྒོམ།། འབར་བའི་འཕྲེང་བས་འཁྲུགས་ཤིང་མཛེས།། པདྨ་རཱ་ག་མཚུངས་པའི་འོད།། རྡོ་རྗེ་སྦྱོར་བས་བསྒོམས་ནས་ནི།། རང་ཉིད་གཟི་བརྗིད་ཕུང་པོར་འགྱུར། ། གདུགས་དཀར་རྒྱལ་བའི་གཙུག་ཏོར་གྱི།། ཕྱག་རྒྱ་ཆེན་པོ་བསྒོམས་ན་ནི།། འོད་ཟེར་གསལ་བའི་སྦྱོར་བ་ཡིས།། སེམས་ཅན་དག་པ་ཉིད་དུ་འགྱུར།། རྣམ་པར་གསལ་བའི་གཙུག་ཏོར་རྒྱ། ། རལ་གྲི་འབར་བའི་འོད་ཀྱིས་འཁྲུགས།། ཟག་པ་མེད་པའི་སྦྱོར་བ་ཡིས།། མཉམ་མེད་གསལ་བའི་གཙུག་ཏོར་མཚུངས།། རྒྱལ་བའི་གཙུག་ཏོར་ཕྱག་རྒྱ་ཆེ།། ལེགས་པར་མཉམ་པར་བཞག་པས་བསྒོམ། ། རྒྱལ་བའི་གཙུག་ཏོར་སྦྱོར་བ་ཡིས།། དེ་ཡི་རྣམ་པའི་སྤྱོད་ཡུལ་འགྱུར།། རྡོ་རྗེ་དམ་ཚིག་ཡེ་ཤེས་ཆེ།། ལེགས་པར་མཉམ་པར་བཞག་པས་བསྒོམ།། ཀུན་ཏུ་བཟང་པོར་སོགས་གཟུགས་ཀྱིས། ། མཉམ་མེད་རྡོ་རྗེ་སེམས་དཔའ་མཚུངས།། ཟླ་བའི་དཀྱིལ་འཁོར་དབུས་གནས་པར།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ།། བྱང་ཆུབ་སེམས་དང་མཚུངས་པའི་འོད་གཙུག་ཏོར་ལྔ་ལྡན་སྟོབས་པོ་ཆེ། ། རྡོ་རྗེའི་སྦྱོར་བས་བསྒོམས་པ་ཡིས།། རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར།། རྡོ་རྗེ་རྒྱལ་པོའི་ཕྱག་རྒྱ་ཆེ།། དོན་དམ་པར་ནི་བསྒོམས་ན་ནི།། འགྲོ་པ་ཐམས་ཅད་འགུགས་བྱེད་ན། ། སྐྱེ་བོ་གཞན་ལྟ་སྨོས་ཅི་དགོས།། རྡོ་རྗེ་ཆགས་པའི་ཕྱག་རྒྱ་ཆེ།། ལེགས་པར་མཉམ་པར་བཞག་པས་བསྒོམ། སྐྱེ་དགུ་ཐམས་ཅད་ཆགས་འགྱུར་ན། ། བུད་མེད་གཞན་ལྟ་སྨོས་ཅི་དགོས།། རྡོ་རྗེ་ལེགས་པའི་ཕྱག་རྒྱ་ཆེ།། དམ་པའི་དོན་དུ་བསྒོམ་པར་བྱ།། ལེགས་སོ་བ་ནི་རབ་གསོལ་བས།། བུད་མེད་ཐམས་ཅད་ཚིམ་པར་བྱེད།། བྱང་ཆུབ་ཀྱིསེམས་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ། ། རྡོ་རྗེ་རིན་ཆེན་ཕྱག་རྒྱ་ཆེ།། འབར་བའི་འཕྲེང་བས་འཁྲུགས་པའི་འོད།། དཔྲལ་བའི་ཕྱོགས་སུ་གནས་པ་བསྒོམ།། དེ་ཡིས་དང་ཐོད་དབང་བསྐུར་ཐོབ། ། རྡོ་རྗེ་གཟི་བརྗིད་ཕྱག་རྒྱ་ཆེ།། ཉི་མའི་དཀྱིལ་འཁོར་མཚུངས་པའི་འོད།། སྙིང་ཁར་གནས་པ་བསྒོམ་པར་བྱ།། ཀུན་མཁྱེན་ཡེ་ཤེས་སྟོར་བར་བྱེད།། རིན་ཆེན་ཏོག་གི་ཕྱག་རྒྱ་ཆེ།། ལེགས་པར་མཉམ་པར་བཞག་པས་བསྒོམ། ། སྦྱིན་པའི་ཕ་རོལ་ཕྱིན་པ་མཆོག། སྒྲུབ་པོ་དམ་པས་རྫོགས་པར་བྱེད།། རྡོ་རྗེ་བཞད་པ་ཕྱག་རྒྱ་ཆེ།། ལེགས་པར་མཉམ་པར་བཞག་པས་བསྒོམ།། རྡོ་རྗེ་བཞད་པ་ལྟར་གྱུར་ཏེ། ། དེ་ནི་བསྐྱེ་དགུ་དགའ་བྱེད་འགྱུར།། ད་དང་བསྐུར་བའི་ཕྱག་རྒྱའི་ཡེ་ཤེས་སོ།། ། པདྨ་པད་ཆེན་པདྨ་ལ།། དག་པའི་ཆོས་ནི་མཉམ་བཞག་པས།། དམ་པའི་དོན་དུ་བསྒོམ་པར་བྱ། ། མཉམ་མོད་རྡོ་རྗེ་ཆོས་དང་མཚུངས།། ཤེས་རབ་ཡེ་ཤེས་རྡོ་རྗེ་ནོ།། བསྒོམས་པས་དེ་ནི་རྡོ་རྗེ་འཆང་།། ཤེས་རབ་ཕ་རོལ་ཕྱིན་དག་པ།། སྟོང་ཉིད་སྦྱོར་བས་བསྒོམས་ན་ནི།། དམ་པའི་དོན་དུ་བསྒོམ་བྱེད། ། མཉམ་མེད་འཇམ་དབྱངས་དང་ནི་མཚུངས།། རྡོ་རྗེ་རྒྱུ་ཡི་ཕྱག་རྒྱ་ཆེ།། ལེགས་པར་མཉམ་པར་བཞག་བསྒོམས་ནས།། ཆོས་ཀྱི་འཁོར་ལོ་ཀུན་མཆོག་རྩེ། མདོར་བསྡུས་ནས་ཡིས་བསྐོར། ། རྡོ་རྗེ་སྨྲ་བ་ཕྱག་རྒྱ་ཆེ།། དམ་པའི་དོན་དུ་བསྒོམས་ནས་ནི།། རྡོ་རྗེ་བཟླས་པའི་ནུས་པ་ཡིས།། ལྡེམ་པོའི་ངག་ནི་དེ་ཡིས་འཆང་།། ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ།། རྗེ་ལས་ཀྱི་ཕྱག་རྒྱ་ཆེ།། དམ་པའི་དོན་དུ་བསྒོམས་ན་ནི།། ཀུན་ནས་ཀུན་ནས་རང་ཉིད་ཀྱིས།། རྡོ་རྗེ་ལས་ནི་བྱེད་པར་འགྱུར།། རྡོ་རྗེ་སྲུང་བ་བྱམས་པ་ཆེ།། རྡོ་རྗེ་ཆོས་ཞེས་གྲགས་པ་སྟེ།། ཆོས་ཀྱི་སྦྱོར་བས་བསྒོམས་ན་ནི། ། རྡོ་རྗེ་སྲུང་བ་དང་མཚུངས་འགྱུར།། རྡོ་རྗེ་གནོད་སྦྱིན་བརྩོན་འགྲུས་ཆེ།། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ།། དམ་པའི་དོན་གྱིས་བསྒོམ་པར་བྱ།། རྡོ་རྗེ་གནོད་སྦྱིན་དང་མཚུངས་འགྱུར།། རྡོ་རྗེ་ཁུ་ཚུར་ཕྱག་རྒྱ་ཆེ།། ལུས་ངག་ཡིད་ཀྱིས་དེ་བཞིན་དུ།། རྡོ་རྗེའི་སྦྱོར་བས་བསྒོམས་ནས་ནི།། རྡོ་རྗེ་ཁུ་ཚུར་འཛིན་པར་འགྱུར།། ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ།། ། སྒེག་མོས་མངོན་པར་དགའ་བ་སྟེ། ། འཕྲེང་བ་ཡི་ནི་དབང་བསྐུར་བ།། གླུ་མས་མཛེས་པའི་སྒྲ་དབྱངས་བྱེད།། གར་མས་རྫུ་འཕྲུལ་ཐོབ་པར་འགྱུར།། དྲི་མས་བཟང་པོའི་དྲི་ཡིན་ཏེ། མེ་ཏོག་བྱང་ཆུབ་ཡན་ལག་ཉིད་སྒྲོན་མས་མཐའ་དག་གསལ་བའོ། ། བདུག་པས་བདུག་པ་དག་ལ་བརྩོན།། ལྕགས་ཀྱུས་དབང་ཕྱུག་འགུགས་བྱེད་ན།། སྐྱེ་བོ་གཞན་ལྟ་སྨོས་ཅི་དགོས།། ཞགས་པས་དབང་པོ་འཆིང་འགྱུར་ན་གདུག་པའི་སེམས་ཅན་སྨོས་ཅི་དགོས། ། ལྕགས་སྒྲོག་གིས་ནི་འཕྲོག་བྱེད་དང་།། ཚངས་སོགས་དབང་ཕྱུག་ཆེན་པོའང་འཆིང་།། འབེབས་པས་ཐམས་ཅད་འབེབས་འགྱུར་ན། དམན་པའི་མི་དག་སྨོས་ཅི་དགོས།། འདི་ཉིད་ཀྱི་ནི་སྦྱོར་བ་ཡིས།། ཆོས་ཀྱི་ཡི་གེ་མཆོག་གི་ནི།། ཕྱག་རྒྱའི་ཡེ་ཤེས་རབ་སྦྱོར་བས།། སྦྱར་ཏེ་མྱུར་དུ་བསྒྲུབ་པར་བྱ།། འདི་ཡི་སྦྱོར་བ་ཤེས་པར་བྱ།། ཕྱག་རྒྱའི་འཁོར་ལོ་ཁྱད་པར་དུ།། སྤྱི་གཙུག་སྙིང་ཁ་རྐང་པའི་བར།། ཡི་གེ་ཡིས་ནི་ཡོངས་གང་བར།། གཟུགས་བརྙན་གཅིག་གི་གོ་འཕང་གྱུར།། སེམས་རྩེ་གཅིག་གྱུར་བསམ་གཏན་གྱི།། ས་ལ་རབ་གནས་པདྨ་ནི།། དབང་ཆེན་གྱི་ནི་གནས་ཞེས་བཤད།། དབང་པོ་གཉིས་ནི་མཚུངས་སྦྱོར་བས།། དབང་ཕྱུག་ཀྱང་ནི་བསྒྲུབ་པར་བྱ།། དབང་ཆེན་དག་ནི་གྲུ་བཞི་པ།། དབང་ཆེན་གྱི་ནི་ལས་སུ་བཤད། ། ཆུ་ནི་ཟླུམ་པོར་ཤེས་པར་བྱ།། པདྨའི་མཚན་མས་རྣམ་པར་མཚན།། ཞི་བར་བྱེད་པའི་ལས་དང་ལྡན།། ཞི་བའི་དོན་དུ་དེ་བཤད་དོ།། མེ་ནི་གྲུ་གསུམ་ཤེས་པར་བྱ།། སུམ་མདོ་ཡི་ནི་གནས་སུ་གནས། ། དབང་དུ་བྱ་བ་སྒྲུབ་དོན་དུ།། པདྨ་རཱ་ག་འདྲ་བའི་འོད།། མངོན་སྤྱོད་ལ་ནི་བརྩོན་འགྲུས་ཆེ།། རླུང་གི་དཀྱིལ་འཁོར་བརྗོད་བྱ་སྟེ། རལ་གྲི་ཡི་ནི་ཕྱག་རྒྱའི་དབྱིབས། དབྱར་གྱི་སྤྲིན་དང་མཚུངས་པའི་འོད།། སེར་དང་དཀར་དང་དེ་བཞིན་དམར།། ནག་པོ་ཡང་ནི་ཁྱད་པར་དུ།། དང་པོའི་དཀྱིལ་འཁོར་གྱི་ནས་ནི།། ཐ་མའི་བར་དུ་རབ་ཏུ་བརྟག། དང་པོ་རྡོ་རྗེ་རབ་ཏུ་གཞག་དེ་ཡི་རྗེས་སུ་རིན་ཆེན་ཏེ། ། པདྨ་དང་ནི་ལས་རྣལ་འབྱོར།། གྲུབ་པའི་གོ་འཕང་རིམ་པར་བཤད།། ཕྱག་རྒྱ་ཐམས་ཅད་ཀྱི་ཡེ་ཤེས་སོ།། ། དེ་ནས་བཅོམ་ལྡན་འདས་རྟག་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་ཡེ་ཤེས་བཀའ་སྩལ་པ། གཉིས་དང་གཉིས་སུ་མེད་པས་ཡོངས་སུ་དག་པས་ཆོས་ཐམས་ཅད་རྣམ་པར་གྲོལ་བའི་ཕྱག་རྒྱས་རྒྱས་བཏབ་པའོ།། རྟག་པ་དང་ཆད་པ་ཡོངས་སུ་དག་པས་ཆོས་ཐམས་ཅད་ཞི་བ་དང་། མཐའ་དང་། མཐའ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ།། ཟད་པའི་སྒོ་དང་། ཟད་པའི་མཐའ་དང་། ཟད་པའི་མུར་ཐུག་པ་དང་ལྡན་པས་ཆོས་ཐམས་ཅད་ཟད་པ་དང་འདོད་ཆགས་དང་བྲལ་བའི་ཕྱག་རྒྱས་རྒྱས་བཏབ་པའོ། ། མཉམ་པ་ཉིད་ཀྱི་མཐའ་རྣམ་པར་དག་པས་ཆོས་ཐམས་ཅད་ལ་སྐུར་པ་མི་འདེབས་པའི་ཕྱག་རྒྱས་རྒྱས་བཏབ་པའོ།། མིག་ལྔ་ལས་ཡང་དག་པར་འདས་པས་ཆོས་ཐམས་ཅད་ནམ་མཁའི་ཕྱག་རྒྱས་རྒྱས་བཏབ་པའོ། ། སེམས་ཅན་ཐམས་ཅད་ནམ་མཁའི་དབྱིངས་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ནམ་མཁའི་རང་བཞིན་གྱིས་ཕྱག་རྒྱས་རྒྱས་བཏབ་པའོ། ། ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་དབྱེར་མི་ཕྱེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ།། བྱང་ཆུབ་ཀྱི་སེམས་དང་ཐ་མི་དད་པས་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི། ཕྱག་རྒྱས་རྒྱས་བཏབ་པའོ།། ཆོས་ཀྱི་དབྱིངས་མི་ཕྱེད་པའི་མཚན་ཉིད་ཡིན་པས་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ།། ངོ་བོ་ཉིད་མེད་པས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། ། འཚོ་བ་མེད་པས་ཆོས་ཐམས་ཅད་བདག་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ།། སྐད་ཅིག་མ་ཉིད་པས་ཆོས་ཐམས་ཅད་མི་རྟག་པའི་ཕྱག་རྒྱས་རྒྱས་བཏབ་པའོ། ། སྐྱེ་བ་དང་། རྒ་བ་དང་། འཆི་བའི་མཐའ་དང་ལྡན་པས་ཆོས་ཐམས་ཅད་སྡུག་བསྔལ་གྱི་ཕྱག་རྒྱས་རྒྱས་བཏབ་པའོ།། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དེ་བཞིན་ཉིད་པས་ཆོས་ཐར་ཅད་དེ་བཞིན་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། ། གདོད་མ་ནས་ཡོངས་སུ་དག་པས་ཆོས་ཐམས་ཅད་ཡང་དག་པའི་མཐའི་ཕྱག་རྒྱས་རྒྱས་བཏབ་པའོ།། འདུས་བྱས་དང་འདུས་མ་བྱས་མཉམ་པ་ཉིད་པས་ཆོས་ཐམས་ཅད་ཆེན་པོ་སྟོང་པ་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། ། སྤྲོས་པའི་དམིགས་པ་རྣམ་པར་གྲོལ་བས་ཆོས་ཐམས་ཅད་མཚན་མ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ།། རེ་བ་ཐམས་ཅད་ལས་རྣམ་པར་གྲོལ་བས་ཆོས་ཐམས་ཅད་སྨོན་པ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། ། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱིས་ན་ཆོས་ཐམས་ཅད་མི་རྟག་པའི་ཕྱག་རྒྱས་རྒྱས་བཏབ་པའོ།། ཕུང་པོ་ལྔ་ཡོངས་སུ་འདུས་པའི་མཚན་ཉིད་ཀྱིས་ན་ཆོས་ཐམས་ཅད་སྡུག་བསྔལ་གྱི་ཕྱག་རྒྱས་རྒྱས་བཏབ་པའོ།། རང་བཞིན་གྱིས་བདག་མེད་པས་ཆོས་ཐམས་ཅད་བདག་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། ། ཤིན་ཏུ་མི་གཡོ་བའི་ཕྱིར་ཆོས་ཐམས་ཅད་ཞི་བའི་ཕྱག་རྒྱས་རྒྱས་བཏབ་པའོ།། དོན་དམ་པའི་བདེན་པ་ཡང་དག་པར་འདུ་བའི་ཕྱིར་ཆོས་ཐམས་ཅད་བདེན་པའི་ཕྱག་རྒྱས་རྒྱས་བཏབ་པའོ། ། འཚོ་བ་རྣམ་པར་མི་གནས་པའི་ཕྱིར་ཆོས་ཐམས་ཅད་དྲི་མ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ།། མཆོག་ཏུ་མཐར་ཕྱིན་པའི་ཆོས་ཐམས་ཅད་འཁྲུགས་པ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། ། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་བཅད་པའི་ཕྱིར་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་གྱི་ཕྱག་རྒྱས་རྒྱས་བཏབ་པའོ།། འཇལ་བའི་དབང་དུ་བྱེད་པ་དང་དབང་དུ་བྱ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་སྒྲོ་འདོགས་པ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། ། བྱེད་པ་པོས་བྱས་པའི་ཕྱིར་ཆོས་ཐམས་ཅད་འཇིག་པའི་ཕྱག་རྒྱས་རྒྱས་བཏབ་པའོ།། རང་བཞིན་གྱིས་མ་བྱུང་བའི་ཕྱིར་ཆོས་ཐམས་ཅད་འབྱུང་པ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། ། རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་འགོག་པ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ།། འགག་པ་མེད་པའི་ཕྱིར་ཆོས་ཐམས་ཅད་གདོང་མ་ནས་སྐྱེ་བ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། ། རྟོག་གེ་ཀུན་ཏུ་སྤྱོད་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་སྤྲོས་པ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ།། གཟུགས་རྣམ་པར་ལྟ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་མཚན་ཉིད་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། ། གནས་ཡོངས་སུ་བཅད་བའི་ཕྱིར་ཆོས་ཐམས་ཅད་ཉེ་བར་སྦྱོར་བ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ།། མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ལ་རྗེས་སུ་སྦྱོར་བ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། ། མངོན་པར་འདུ་བྱེད་པ་ཐམས་ཅད་མེད་པའི་ཕྱིར་ཆོས་ཐམས་ཅད་ལས་ཀྱི་རྣམ་པར་སྨིན་པ་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ། ། སྐྱེ་བ་དང་གནས་པ་ལས་རྣམ་པར་གྲོལ་བའི་ཕྱིར་ཆོས་ཐམས་ཅད་འདུས་མ་བྱས་པའི་ཕྱག་རྒྱས་རྒྱས་བཏབ་པའོ།། ནམ་མཁའ་དང་ཁྱད་པར་མེད་པའི་ཕྱིར་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། ། མཚན་ཉིད་གཅིག་པའི་ཕྱིར་ཆོས་ཐམས་ཅད་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕྱག་རྒྱས་རྒྱས་བཏབ་པའོ། ། སྙིང་པོ་མེད་པའི་ཕྱིར་ཆོས་ཐམས་ཅད་ཕུང་པོའི་ཕྱག་རྒྱས་རྒྱས་བཏབ་པའོ།། སྙིང་པོ་དང་བཅས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ཁམས་དང་སྐྱེ་མཆེད་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། ། སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་མཉམ་པ་ཉིད་ཐོབ་པས་ཆོས་ཐམས་ཅད་ཁམས་དང་སྐྱེ་མཆེད་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ།། མཐའ་གཅིག་ཏུ་འཇིག་རྟེན་གྱི་ལམ་རྣམ་པར་དག་པའི་ཕྱིར་ཆོས་ཐམས་ཅད་འཕགས་པའི་བདེན་པ་བཞིའི་ཕྱག་རྒྱས་རྒྱས་བཏབ་པའོ། ། ལྷའི་རྗེས་སུ་བྱེད་པའི་ཕྱིར་ཆོས་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ཕྱག་རྒྱས་རྒྱས་བཏབ་པའོ།། མཐའ་གཅིག་ཏུ་ཆོས་ལ་ཕན་འདོགས་པའི་ཕྱིར་ཆོས་ཐམས་ཅད་ཆོས་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ།། ཐམས་ཅད་ཀྱི་ལས་སྣ་ཚོགས་བྱེད་པའི་ཕྱིར་ཆོས་ཐམས་ཅད་ལས་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ།། ཐམས་ཅད་དམ་ཚིག་ཐམས་ཅད་རྗེས་སུ་སྒྲུབ་པའི་ཕྱིར་ཆོས་ཐམས་ཅད་དམ་ཚིག་གི་ཕྱག་རྒྱས་རྒྱས་བཏབ་པའོ།། སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་མི་གནས་པའི་ཕྱིར་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། ། ཆོས་ཐམས་ཅད་འཇིག་རྟེན་ལས་འདས་པའི་ལམ་གྱི་ཕྱག་རྒྱས་རྒྱས་བཏབ་པའོ།། ཐེག་པ་ཆེན་པོའི་ཕྱག་རྒྱས་རྒྱས་བཏབ་པ་དང་། གསང་སྔགས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། ཕྱག་རྒྱའི་ཕྱག་རྒྱས་རྒྱས་བཏབ་པ་དང་། དཀྱིལ་འཁོར་གྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། མཉམ་པ་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། རྡོ་རྗེ་ཡེ་ཤེས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། ཡེ་ཤེས་ཐམས་ཅད་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། སོ་སོར་ཏོག་པའི་ཡེ་ཤེས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་དང་། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱི་ཕྱག་རྒྱས་རྒྱས་བཏབ་པའོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའོ།། མུཿ། འཇམ་དཔལ་ཕྱག་རྒྱའི་ཚིག་འདི་དག་ནི་མི་མཉམ་པ་དང་། མཉམ་པའི་ཡེ་ཤེས་ཀྱི་ཚིག། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཚིག། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པ་ཐེག་པ་ཆེན་པོའི་ཚིག་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་ཀྱི་ཕྱག་རྒྱ་ཉིད་ཀྱི་ཕྱག་རྒྱའི་ཚིག་གང་གིས། ཕྱག་རྒྱའི་ཚིག་འདི་རྣམས་ཀྱིས་ཀྱང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྐྱེད་པར་བྱེད་དོ། ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་ཕྱག་རྒྱས་རྒྱས་བཏབ་པའོ།། ཨ་ཨཾ་ཨཿཱཾ། སྔགས་པས་ཕྱག་རྒྱ་འདི་ལྷ་བུས་རྒྱས་བཏབ་ན། དེ་བཞིན་གཤེགས་པའི་ཡེ་ཤཱ་ཀྱ་ཕྱག་རྒྱ་ཡང་དག་པར་འདུའོ།། ཧཱུཾ། མྱུར་དུ་མ་སྐྱེས་པའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་འགྱུར་རོ།། ཁཾ། དེ་ནས་ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྦྱོར་བ་ཐམས་ཅད་ཀྱི་གསང་བ་ཆེན་པོའི་ཕྱག་རྒྱའི་ཡེ་ཤེས་སུ་གྱུར་པ་ནི། སྙིང་གི་དབུས་སུ་རྟག་བསྒོམ་བྱ།། པདྨ་ཆེན་པོའངབ་བརྒྱད་པ།། འབར་བའི་འཕྲེང་བས་འཁྲིགས་པའི་འོད། ། ཟླ་བའི་དཀྱིལ་འཁོར་དབུས་སོན་པར།། དེ་ཡི་སྦྱང་དུ་རྟག་སྒོམ་པ།། ཡི་གེ་ཡི་ནི་གཙོ་བོ་མཆོག། ཐོག་མ་ཐ་མ་མེད་ཞི་བ།། ཁ་བ་པ་མོའི་འོད་འདྲ་འོད།། དཔའ་བོ་ཀུན་ད་ཟླ་ལྟར་དཀར། ། ཉི་མའི་དཀྱིལ་འཁོར་ལྟར་འོད་གསལ།། ཞི་བའི་ཆོས་ཀྱི་རང་བཞིན་སྐུ།། ཀུན་མཁྱེན་ཡེ་ཤེས་ཀྱིས་གང་བ།། དེ་བཞིན་གཤེགས་པ་ཀུན་གྱི་གསང་།། ར་སཱ་ཡ་ན་དང་མཚུངས་མཆོག། ཁ་ཡིག་མཁའ་འདྲར་ཤེས་པར་བྱ།། ཐིག་ལེ་ནཱ་དུས་རྣམ་པར་སྤྲས།། གསང་བ་ཆེན་པོ་མཆོག་ཏུ་མཛེས།། ཐོག་མ་ཐ་མ་མེད་པའི་བདག། དེ་ཡི་སྟེང་དུ་འོད་ཟེར་ཆེ།། འབར་བའི་འཕྲེང་འཁྲུགས་པའི་འོད། ། རྡོ་རྗེ་རྡོ་རྗེ་ལྟ་བུར་གནས།། སྤྱི་བོར་རྩེ་མོ་ལྔ་དང་ལྡན།། དེ་ཡི་སྟེང་དུ་རྟག་བསམ་པ། ཡི་གེ་མཆོག་གི་གོ་འཕང་ངོ་།། མན་ངག་མཆོག་ལས་ཤེས་བྱ་སྟེ།། ག་དུ་ན་ནི་ང་མི་སྨྲ། ། སངས་རྒྱས་མཁས་པ་ཐམས་ཅད་ཀྱིས།། མདོར་བསྡུས་ནས་ནི་འདི་གསུངས་སོ།། རྣམ་པར་གྲོལ་བ་གསུམ་ཐོབ་ནས། ཐོབ་འགྱུར་འདི་ནི་གཞན་དུ་མིན།། ལྕེ་ནི་རྐར་ལ་སྦྱར་བར་བྱ། ། སྣ་ཡི་རྩེ་མོར་ཡི་གེ་ཧཱུཾ།། དབང་པོ་གཉིས་ནི་སྙོམས་འཇུག་པས།། ཕྱག་རྒྱའི་གོ་འཕང་ཚིག་གིས་ནི།། ཤེས་རབ་ལྡན་པས་རང་སེམས་སྒྲོམ།། སྣང་བ་མེད་ཅིང་སྤྲོས་མེད་པ།། ཤིན་ཏུ་མཆོག་ཏུ་ཕྲར་ཤེས་བྱ།། ཁྱབ་བདག་བསོད་ནམས་ཡེ་ཤེས་དངོས།། བསམ་བྱ་བསམ་གཏན་བརྩོན་བྱས་ཏེ།། མིག་དང་སྒྲོན་མའི་འོད་བཞིན་དུ།། ར་ཡིག་འབར་བ་དང་ལྡན་པ། མགྲིན་པ་འབད་པས་བཅུམ་ནས་ནི།། དཀར་པོ་སེར་པོ་སྔོན་པོའི་འོད།། དམར་པོ་ཡང་ནི་བདག་གིས་སྤྲོ།། འབར་བ་འདི་དག་འབད་པ་ཡིས།། འདི་དག་ཡང་དག་ཉེར་མཚོན་བྱ།། སྙིང་ཁར་གསལ་བར་བྱས་ནས་སུ། ། དེ་བཞིན་ཐམས་ཅད་སྤྱི་བོར་སོང་།། གནས་དེ་ལས་ནི་འཐོར་ནས་ཀྱང་།། དབང་པོ་ཐམས་ཅད་དགང་བར་བྱ།། དེ་ལས་འཐོན་ནས་འཇིག་རྟེན་ནི།། མཚུངས་པར་ཀུན་ནས་ཐམས་ཅད་དུ། ། སླར་ཡང་དེ་རུ་འོངས་ནས་ནི།། དེ་ནི་འཇུག་པར་རབ་ཏུ་བསམ།། ཡིད་ཀྱིས་དེ་ལྟར་བསྒོམས་ན་ནི།། རང་ཉིད་འཁོར་ལོས་སྒྱུར་ལྟ་བུར།། དབང་པོ་གཉིས་ནི་རབ་སྦྱོར་བས། ལེགས་པར་མཉམ་པར་བཞག་པས་བསྒོམ།། དབང་པོ་ལྔས་ནི་དམིགས་ནས་ཡང་།། མི་རྣམས་ལུས་ནི་དག་པར་འགྱུར།། ཇི་སྙེད་བུད་མེད་ཡོན་ཏན་དང་།། ལྡན་པ་ཀུན་ཏུ་གནས་པའི།། བཀུག་ནས་བཅུག་སྟེ་བཅིངས་ནས་སུ།། དབང་དུ་བྱ་སྟེ་བསྒྲུབ་པར་བྱ།། དེ་རྣམས་ལྷན་ཅིག་ཡོངས་བརྟེན་ནས།། སྔགས་པ་མཆོག་གི་དངོས་གྲུབ་ཐོབ།། གསང་བ་མཆོག་ཏུ་དགྱེས་པ་ན། ། ཤེས་རབ་ཕ་རོལ་ཕྱིན་པ་སྟེ།། ཞི་བའི་ཆོས་ཀྱི་རིམ་པ་མཆོག། ཤིན་ཏུ་མཉམ་པར་བཞག་པས་བསྒོམ།། རྡོ་རྗེ་སེམས་དཔའི་དངོས་གྲུབ་གང་།། དེ་འགྲུབ་གཞན་ལྷ་སྨོས་ཅི་དགོས། ། མཆོག་ནི་རྟག་པར་ཤེས་པར་བྱ།། བར་མས་ཕུན་སུམ་ཚོགས་པ་སྟེ།། སྟོང་པ་ཉིད་དང་མཚན་མེད་མཆོག། སྨོན་པ་མེད་པ་ཞེས་སུ་གྲགས།། ཆོས་ཀུན་བདག་མེད་པ་ཡི་མཆོག། ཀུན་ཁྱེན་ཡེ་ཤེས་རྫོགས་པར་བྱེད།། ས་བཅུ་ཡི་ནི་སྟོབས་དག་གིས།། ཕ་རོལ་ཕྱིན་པ་ཐམས་ཅད་ཐོབ།། རྡོ་རྗེ་སེམས་དཔའ་མཆོག་བསྒོམས་ན།། རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར།། དེ་ཉིད་འདི་ནི་བཅུད་ཀྱིས་ལེན། ། གཉིས་སུ་མེད་པའི་ཡེ་ཤེས་མཆོག། ཐེག་ཆེན་མཆོག་ཏུ་ཡིད་འོངས་པ།། སྟོང་ཉིད་བསྒོམ་པའི་བདག་ཉིད་ཅན།། གཉིས་སུ་མེད་པའི་ཡེ་ཤེས་མཆོག། གང་གིས་རྟག་ཏུ་སྒོམ་བྱེད་ན། ། དེ་ཡང་རྡོ་རྗེ་འཛིར་རྒྱལ་པོ།། ཡོན་ཏན་མཆོག་ལས་སྐྱེས་པར་འགྱུར།། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན།། བུད་མེད་ལུས་ངག་ཡིད་སྦྱོར་བས།། ཡོངས་རེག་ཨ་ལིང་གཙུམ་པས།། མཆོག་གི་དངོས་གྲུབ་ཐོབ་པར་འགྱུར།། བུད་མེད་ཁ་དོག་ལྗང་ཁུ་གང་།། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན།། དེ་ཚེ་དེ་ནི་སྔགས་པས་བསྟེན།། མཉམ་མེད་གསང་བའི་ཡེ་ཤེས་མཚུངས།། བུད་མེད། གང་ཞིག་ཁ་དོག་དཀར།། པདྨའི་འདབ་མ་འདྲ་བའི་འོད།། དེ་དང་ལྷན་ཅིག་སྔགས་པས་བསྡད།། དམ་པའི་དངོས་གྲུབ་ཐོབ་པར་འགྱུར།། བུ་མོ་གང་ཞིག་ཁ་དོག་དམར།། ཨུཏྤ་ལ་ཡི་རྒྱན་འཆང་མ། སྔགས་པས་དེ་དང་ལྷན་ཅིག་གནས།། ཤེས་རབ་ཕ་རོལ་ཕྱིན་མཚུངས་འགྱུར།། བུད་མེད་ཨིནྡྲ་ནཱི་ལ་མཚུངས།། གསང་བ་རྡོ་རྗེ་རྗེས་སུ་སྦྱོར།། རིག་འཛིན་རྣམས་ནི་རྒྱལ་པོ་ནི།། སྟོབས་ཆེན་གྲུབ་པར་དེ་འགྱུར་རོ། ། གསང་ཆེན་མ་ར་ཏ་ཀ་མཚུངས།། གང་གིས་རྟག་ཏུ་བསྟེན་པ་ནི།། དེ་ཡང་རྡོ་རྗེ་འཛིན་རྒྱལ་པོ།། མྱུར་དུ་གསང་བའི་དམ་པར་འགྱུར།། བུད་མེད་པདྨ་རཱ་ག་དང་།། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། ། དབང་པོ་གཉིས་ནི་སྙོམས་འཇུག་པས།། རྡོ་རྗེ་འཛིན་མ་ལྟ་བུར་སྒྲུབ།། སངས་རྒྱས་ཀུན་དང་མཉམ་སྦྱོར་བ།། གཉིས་སུ་མེད་པའི་ཡེ་ཤེས་མཆོག། བསམ་པས་རྟག་ཏུ་སྒོམ་པ་ནི། ། མཉམ་མེང་སངས་རྒྱས་ཀུན་དང་མཚུངས།། དྲན་པ་ཉེ་བར་གཞག་པ་བཞི།། མཆོག་གི་གནས་ཀྱིས་བསྒོམས་ན་ནི།། རྣལ་འབྱོར་མཆོག་གིས་མི་རིང་བར། རྡོ་རྗེ་འཛིན་པ་ལྟ་བུར་འགྱུར།། ཡང་ངག་སྤོང་བ་རྣམ་པ་བཞི། ། ལེགས་པར་མཉམ་པར་བཞག་པ་སྒོམ།། དབང་པོ་གཉིས་ནི་སྙོམས་འཇུག་པས།། མཉམ་མེད་འཇིག་རྟེན་དབང་ཕྱུག་མཚུངས།། སོ་སོ་ཡང་དག་རིག་པ་བཞི།། ཤིན་ཏུ་མཉམ་བཞག་བསྒོམས་ན་ནི། ། རྡོ་རྗེ་སངས་རྒྱས་ཏིང་འཛིན་མཆོག་མཉམ་མེད་འཇམ་པའི་མཆོག་དང་འདྲ།། མི་འཇིགས་པ་ནི་རྣམ་པ་བཞི། རྡོ་རྗེའི་སྦྱོར་བས་བསྒོམ་པར་བྱ།། དབང་པོ་གཉིས་ནི་སྙོམས་འཇུག་པས། ། རྡོ་རྗེ་འཛིན་པ་ལྟ་བུ་སྟེ།། རྫུ་འཕྲུལ་གྱི་ནི་རྐང་པ་བཞི།། ཤིན་ཏུ་མཉམ་བཞག་བསྒོམས་ན་ནི།། དབང་པོ་གཉིས་ནི་མཉམ་སྦྱོར་བས།། རྫུ་འཕྲུལ་ལྡན་པའི་མཆོག་ཏུ་འགྱུར། ། ཚངས་པ་ཡི་ནི་གནས་བཞི་པོ།། ཚད་མེད་པ་ཡི་སེམས་ཀྱིས་ནི།། རྡོ་རྗེ་སྦྱར་བར་བདག་བསྒོམས་ན།། རྡོ་རྗེ་འཛིན་པ་ལྟ་བུར་འགྲུབ།། སྦྱོར་བའི་བདག་ཉིད་དབང་པོ་ལྔ། དམ་པའི་དོན་གྱིས་བསྒོམས་ན་ནི།། དབང་པོ་གཉིས་ནི་སྙོམས་འཇུག་པས།། མཉམ་མེད་རྡོ་རྗེ་སངས་རྒྱས་མཚུངས།། ཡིད་ཀྱི་སྟོབས་ནི་རྣམ་པ་ལྔ།། ཤིན་ཏུ་མཉམ་བཞག་བསྒོམས་ན་ནི།། འཁོར་ལོ་སྒྱུར་བ་བརྩོན་འགྲུས་ཆེ།། སྟོབས་འཛིན་ལྟ་བུ་ཉིད་དུ་འགྱུར།། བྱང་ཆུབ་ཡན་ལག་རིན་ཆེན་བདུན།། གསང་སྔགས་སྒོམ་པས་བསྒོམས་ན་ནི།། རྟོག་པའི་ཡེ་ཤེས་སྦྱོར་བ་ཡིས།། ཁྱབ་བདག་ཆོས་ཀུན་འཛིན་པར་འགྱུར།། འཕགས་པའི་ཡན་ལག་བརྒྱད་ཀྱི་ལམ།། ཀུན་མཁྱེན་ཡེ་ཤེས་རྫོགས་བྱེད་པ།། དེ་ནི་བསྒོམས་པ་ཙམ་གྱིས་ནི།། འཇིག་རྟེན་ཤེས་ལ་རབ་ཏུ་འདའ།། རྗེས་སུ་དྲན་པ་རྣམ་པ་དྲུག། བདག་ཉིད་རྩེ་གཅིག་གིས་བསྒོམས་ན།། སྔགས་པ་རྡོ་རྗེ་འཛིན་པ་རུ།། སྔགས་པ་དུས་མི་རིང་བར་འགྱུར།། སྟོབས་བཅུ་པོ་ནི་ཡང་དག་བསྒོམས།། བསྒོམས་པའི་རྣལ་འབྱོར་དེ་ཉིད་ཀྱིས། ། བསོད་ནམས་ཡེ་ཤེས་ཡོངས་རྫོགས་ཏེ།། རྟག་ཏུ་སྟོབས་བཅུའི་དམ་པར་འགྱུར།། ཕ་རོལ་ཕྱིན་བཅུ་ཡོངས་སུ་རྫོགས།། སྟོབས་རྣམས་དང་ནི་དབང་རྣམས་དང་།། ས་རྣམས་ཀུན་གྱིས་ངེས་བསྐྱེད་ནས།། མྱུར་དུ་མཚན་མ་དག་པར་འགྱུར།། རྣམ་གྲོལ་གོས་ཀྱིས་བསྒྲིབས་ནས་སུ།། དེ་ཡི་ནུ་མ་ཤིན་ཏུ་བསྣུན།། རྫ་ངར་གྱིས་ཀྱང་དེ་བཞིན་དུ།། མཆུ་ཡིས་མཆུ་ནི་ཡོངས་སུ་བཟུང་། ། འབད་པས་དམ་དུ་ཨ་ལིང་ག། བྱང་ཆུབ་སེམས་ནི་བསྒོམ་པར་བྱ།། རྡོ་རྗེ་ཡེ་ཤེས་བརྩོན་འགྲུས་ཆེ།། རྡོ་རྗེ་དབྱིངས་སུ་བདག་བརྟེན་པས།། རྣམ་པ་སྣ་ཚོགས་ཀ་ར་ན། ། རྣལ་འབྱོར་ཤེས་པ་དེ་བསྟེན་བྱ།། བུད་མེད་རྣམས་ཀྱི་དམ་ཚིག་འགྲུབ།། རྡོ་རྗེ་སེམས་དཔའ་མཚུངས་པར་འགྱུར།། བུད་མེད་རྣམས་ཀྱི་བྷ་གས་བསྣུན།། ལིང་གཱ་མྱུར་དུ་གང་བར་འགྱུར། ། སྦྱོར་བ་འདི་ནི་མཁྱེན་པ་ཡིས།། སྟོབས་ཆེན་སངས་རྒྱསྐུ་རབ་ཏུ་གྲུབ།། གསང་བ་འདི་ནི་དམ་པ་སྟེ།། སངས་རྒྱས་ཀུན་གྱི་སྐྱོབ་པའོ།། གསང་བ་འདི་ཡི་སྦྱོར་བ་ཡིས།། ཡི་གེ་དམ་པ་འགྲུབ་པར་འགྱུར།། སངས་རྒྱས་རྣམས་ཀྱི་མ་འདྲེས་པའི།། ཆོས་སུ་གྲགས་པ་གང་ཡིན་པ།། དེ་རྣམས་སྒོམ་བྱེད་གཙོ་བོ་ནི།། དངོས་གྲུབ་ཐམས་ཅད་རབ་ཚོགས་པའོ།། མ་འདྲེས་པ་ཡི་ཆོས་བཅོ་བརྒྱད།། སངས་རྒྱས་ཆོས་སུ་གྲགས་པ་སྟེ།། དེ་རྣམས་བསྒོམ་པ་དང་ལྡན་པས།། སངས་རྒྱས་བྱང་ཆུབ་རབ་སྦྱར་བྱེད།། བསམ་གཏན་བཞི་པོ་ཐོབ་ནས་ནི།། གཟུགས་མེད་པ་ཡི་རྟག་པར་ཡང་།། འགོག་པའི་སྙོམས་པར་འཇུག་ལྡན་པས།། སངས་རྒྱས་བྱང་ཆུབ་སྒྲུབ་པ་པོ།། བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན།། ཆོས་ནི་མཆོག་ཏུ་རྨད་བྱུང་བ།། དེ་རྣམས་བསྒོམས་པ་དང་ལྡན་པས།། བྱང་ཆུབ་སེམས་དཔའི་སྐྱོབ་པའོ།། སྔགས་རྣམས་ཐམས་ཅད་རབ་འགྲུབ་ཅིང་།། སྦྱོར་བ་ཐམས་ཅད་ཐམས་ཅད་དུའོ།། དེས་ན་འབད་པ་ཐམས་ཅད་ཀྱིས།། སངས་རྒྱས་ཆོས་ཉིད་བསྒོམ་པར་བྱ།། འཇིག་རྟེན་འཇིག་རྟེན་འདས་པའི་ལམ།། ཡེ་ཤེས་རིརབ་རྙེད་དཀའ།། མཆོད་དང་དབང་བསྐུར་བྱིན་བརླབས་པས། ། རྙེད་འགྱུར་གཞན་དུ་མ་ཡིན་ནོ།། བཤགས་དང་གསོལ་བ་གདབ་པ་དང་།། བདག་ཉིད་དབུལ་བ་དེ་བཞིན་ནོ།། སངས་རྒྱས་སོགས་ལ་ཡི་རང་ཞིང་།། དེ་བཞིན་ཡོངས་སུ་བསྔོ་བ་དང་། ། བྱང་ཆུབ་སེམས་ནི་ཡང་དག་བསྐྱེད།། ཁྱད་པར་དུ་ནི་དུས་ཀུན་ཏུའོ།། ཐོག་མ་བར་དང་ཕྱེ་མ་རེད་དུ།། ཇི་ལྟ་བཞིན་དུ་རྗེས་བསྒོམས་པས།། སངས་རྒྱས་ཐམས་ཅད་བསྒྲུབ་བྱ་སྟེ། འདི་ལ་ཐེ་ཚོམ་ཡོད་མ་ཡིན།། འགྲོ་བ་སེམས་ཀྱིས་སྤྲོ་བ་ནི།། བརྟན་པའི་སྙིང་པོར་ལེགས་པར་བཤད།། སྟོང་ཉིད་དེ་བཞིན་ཉིད་ལས་ཕྱུང་།། རྡོ་རྗེ་སེམས་དཔར་དེ་བཤད་དོ།། འགྲོ་བ་ཐམས་ཅད་བཀུག་ནས་སུ། ། སངས་རྒྱས་བྱང་ཆུབ་སྦྱར་བར་བྱ།། དོན་ཡོད་ཡེ་ཤེས་དག་པ་སྟེ།། རྡོ་རྗེ་རྒྱལ་པོ་མཆོག་ཅེས་བཤད།། རྡོ་རྗེ་ཆགས་པས་ཆགས་གྱུར་ནས།། རང་བཞིན་གྱིས་ནི་བརྟན་པར་འགྱུར། ། འགྲོ་བ་མ་ལུས་ལུས་མེད་པ།། དེ་ཡི་སེམས་ནི་ཆགས་པར་བཤད།། ཆོས་རྣམས་ཀུན་གྱི་རང་བཞིན་གྱིས།། རྣམ་པར་དབེན་ཞིང་གཉིས་སུ་མེད།། གང་ཚོགས་དག་པའི་བདག་ཉིད་མཐོང་། ། དེ་ཚེ་རྡོ་རྗེ་ལེགས་པར་བཤད།། རྡོ་རྗེ་སེམས་དཔའ་བཞི་པོ་ཡིས།། མིང་དང་བརྡ་ནི་སྦྱར་བའོ།། སངས་རྒྱས་ཀུན་དང་མཉམ་སྦྱོར་བ།། སྡོམ་པ་མཆོག་ཏུ་དམ་པའོ།། ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེ།། ཚོགས་གཉིས་རྫོགས་པར་བྱས་པ་སྟེ།། ས་དང་ཕ་རོལ་ཕྱིན་མཆོག་གཙོ།། རྡོ་རྗེ་དབང་བསྐུར་ལས་བྱུང་བ།། དེ་བཞིན་གཤེགས་ཀུན་ཡེ་ཤེས་ཏེ།། རྙོག་པ་མེད་ཅིང་ཡི་གེ་མེད།། འོད་ཀྱི་དཀྱིལ་འཁོར་གཟི་བརྗིད་མཆོག། བརྟན་པ་རྟག་པ་ཉིད་དུ་འགྱུར།། ནམ་མཁའི་མཛོད་ནི་མཛོད་ཆེན་པོ།། ཆོས་རྣམས་ཐམས་ཅད་དབང་སྒྱུར་བ།། ཡིད་བཞིན་ནོར་བུ་རྡོ་རྗེ་ཆེ། ། རྡོ་རྗེ་ཏོག་ནི་བླ་ན་མེད།། ཡེ་ཤེས་སྣང་བ་རིན་ཆེན་ཆེ།། རྨད་དུ་བྱུང་བ་ངེས་པར་མཐོང་།། དེ་བཞིན་གཤེགས་ཀུན་གསང་བ་ནི།། རྡོ་རྗེ་བཞད་པ་ཞེས་སུ་གྲགས། ཆོས་ཀྱི་བདག་མེད་ལས་བྱུང་བ།། གཉིས་སུ་མེད་པའི་ཡེ་ཤེས་མཆོག། ཆོས་ཉིད་དམ་པ་བསམ་དུ་མེད།། རྡོ་རྗེ་ཆོས་ཞེས་བྱ་བར་དྲན།། རྡོ་རྗེ་བློ་གྲོས་སྣང་བ་ཆེ།། ཤེས་རབ་ཡེ་ཤེས་དྲི་ཡང་མཆོག། ཟག་མེད་ཤེས་རབ་ཆེན་པོ་པ།། དེ་ནི་རྡོ་རྗེ་རྣོན་པོར་བཤད།། སངས་རྒྱས་རྣམས་ཀྱི་ཆོས་འཁོར་ལོ།། གཉིས་སུ་མེད་ལས་བྱུང་བར་མཚོན།། ཡན་ལག་བཅུ་གཉིས་རྟེན་འབྲེལ་མིང་།། རྡོ་རྗེ་རྒྱུ་ལས་ངེས་པར་བཤད།། དགོངས་པ་སྐད་ནི་སྤྲོས་པའི་མཆོག། ཡུལ་རྣམས་ཀྱིས་ནི་བཤད་པ་སྟེ།། སངས་རྒྱས་ཀུན་གྱིས་བཟླས་པ་ཆེ།། དེ་ནི་རྡོ་རྗེ་སྨྲ་བར་བཤད།། སེམས་ཅན་ཀུན་གྱི་དོན་ལ་སྦྱར། ། སངས་རྒྱས་ཀུན་གྱི་མཆོད་པ་ཆེ།། གདོད་ནས་དག་པའི་རྣལ་འབྱོར་ཆེ།། དེ་ནི་རྡོ་རྗེ་ལས་སུ་བཤད།། བླ་ན་མེད་པའི་བྱམས་པ་ཆེ།། བསྲུང་བའི་བྱ་བ་གོང་ན་མེ་པ།། དག་པའི་ཆོས་ནི་བརྩོན་ཆེན་པོ།། རྡོ་རྗེ་བསུང་བ་ཞེས་སུ་གྲགས།། ཤེས་རབ་ཐབས་ཀྱི་ཁྲོ་བོ་ཆེ།། སངས་རྒྱས་ཀུན་དང་རྗེས་འཐུན་པ།། ཉོན་མོངས་ཐམས་ཅད་ཟ་བ་ཆེ།། དེ་ནི་རྡོ་རྗེ་གནོད་སྦྱིན་བརྗོད།། ལུས་ངག་ཡིད་ནི་ཡང་དག་སྦྱོར།། སྒྲིབ་པ་མེད་ཅིང་ཡི་གེ་བྲལ།། དེ་བཞིན་གཤེགས་པ་ཀུན་གྱི་གསང་།། དེ་ནི་རྡོ་རྗེ་མཚམས་སྦྱོར་བཤད།། རྡོ་རྗེ་ཡེ་ཤེས་རྣལ་འབྱོར་ཆེ།། སངས་རྒྱས་ཀུན་གྱི་སྟོབས་པོ་ཆེ། ། ཐོག་མ་ཐ་མ་མེད་ཞི་བ།། རིག་པ་མཆོག་ཅེས་བྱ་བར་བཤད།། དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་གླུས་དེ་བཞིན་གཤེགས་པ་ཐམས་། ཅད་ལེགས་པར་མཆོད་ནས་གླུར་བླངས་པ། ཨོཾ་སརྦ་བུདྡྷ་པ་ར་མེ་ཤཱ་ར་པུ་དྷྱ་ཤུདྡྷ། ལ་ལི་ཧོཿསུ་བྷ་གཿསུ་ར་ཏཿམ་ཧཱ་མ་ཧཱ་ཨཱ་དི་མ་ཧཱ་བོ་དྷི་ཤུཌྷ་ཤུནྟ། ཡོ་གཱི་ཤྭ་ར་ཏཱ་བྷ་བི་ཏཱ་ད་མ་ཀ་ཏ་ཐཱ་ག་ཏ། བྱང་ཆུབ་སེམས་བསྐྱེད་ལས་འཁྲུངས་པ། ། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ།། མཆོག་གི་དབང་ཕྱུག་དམ་པའི་ཆོས།། གདོད་ནས་ཞི་བ་ལ་ཕྱག་འཚལ།། བྱང་ཆུབ་སེམས་དཔའ་སྐྱོབ་པ་པོ།། རྡོ་རྗེ་ཅན་ཀུན་ལ་ཕྱག་འཚལ། ། དེ་བཞིན་གཤེགས་པ་རྡོ་རྗེ་ཆ།། སངས་རྒྱས་བྱང་ཆུབ་ལ་ཕྱག་འཚལ།། མི་དམིགས་གོ་འཕང་ལ་གནས་པ།། མཐའ་ལས་འདས་པ་ལ་ཕྱག་འཚལ།། འདྲེན་པ་རྣམས་ཀྱི་སྟོབས་པོ་ཚེཧཱུཾ་གི་ཡི་གེ་མ་ལུས་པ། ། ཐམས་ཅད་མཁྱེན་པ་མཐའ་དག་དང་།། ཤིན་ཏུ་ཡོངས་སུ་མྱ་ངན་འདས།། འཇིག་རྟེན་དབང་ཕྱུག་མགོན་བཟང་པོ།། རྡོ་རྗེ་ཡེ་ཤེས་དྲི་མ་མེད།། རྣམ་པར་དག་པ་རྡོ་རྗེ་མཆོག། དངོས་གྲུབ་ཐམས་ཅད་རབ་གསོལ་བྱེད།། རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་མགོན།། དུས་གསུམ་བསམ་པ་དབང་སྒྱུར་བ།། སེམས་ཅན་རྣམ་ལ་ཕན་དོན་དུ།། འབྱུང་བ་ཁྱོད་ལ་ཕྱག་འཚལ་འདུད། ། རྡོ་རྗེ་སྙིང་པོ་རྒྱན་ལས། དཀྱིལ་འཁོར་ཆེན་པོ་ཡོངས་སུ་རྫོགས་སོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་སླར་ཡང་འདུས་པར་གྱུར་ནས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་ཞུགས་ཏེ། བཅོམ་ལྡན་འདས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྡོ་རྗེ་སྙིང་པོའི་རྒྱན་གྱི་དཀྱིལ་འཁོར་ཆེན་པོའི་ཕྱག་རྒྱའི་དོན་ཆེད་དུ་བརྗོད་པ། དེ་ནས་ཡང་དག་བཤད་བྱ་བ། ། དཀྱིལ་འཁོར་ཆེན་པོ་དམ་པ་སྟེ།། རྡོ་རྗེ་སྙིང་པོ་ཞེས་གྲགས་པ།། སངས་རྒྱས་ཀུན་གྱི་སྐྱོབ་པའོ།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞིས་ནི་རྣམ་པར་མཛེས།། སྒོ་ཁྱུད་རྡོ་རྗེའི་གཟུགས་བརྙན་དང་། ། ཕྱག་རྒྱ་དང་ལྡན་རབ་ཏུ་མཛེས།། དཀྱིལ་འཁོར་དེ་ཡི་དབུས་སུ་ནི།། འཁོར་ལོ་གཉིས་ནི་རབ་ཏུ་གནས།། རྩིབས་བརྒྱད་པ་དང་བཅུ་དྲུག་རྩིབས།། རྣམ་པར་དབྱེ་བ་ལེགས་པར་བཏག། དབུས་ཀྱི་དཀྱིལ་འཁོར་ནང་གི་ནི།། ལྟེ་བའི་གནས་སུ་ལེགས་བརྟགས་པ།། པདྨ་ཆེན་པོ་འདབ་བརྒྱད་པ།། གེ་སར་གཏམས་པས་རབ་ཏུ་མཛེས།། དེ་ཡི་ལྟེ་བའི་དབུས་སུ་རི་ཁྱབ་བདག་རྣལ་འབྱོར་དབང་ཕྱུག་ཆེ། ། རྣམ་པར་སྣང་མཛད་བརྩོན་ཆེན་པོ།། སེམས་ཅན་ཀུན་ལ་རྗེས་བརྩེ་བས།། དེ་ཡི་ཉེ་འཁོར་ཀུན་ཏུ་ནི།། དེ་བཞིན་གཤེགས་པ་བརྒྱད།། རྣམས་དགོད།། ཤར་དུ་དགོད་བྱ་འཁོར་ལོ་ཅན།། གཙུག་ཏོར་དཀར་པོ་ནུབ་ཏུ་གནས།། གཟི་བརྗིད་ཕུང་པོ་ལྷོ་རུའོ།། རྣམ་པར་རྒྱལ་བ་བྱང་དུ་གནས།། དབང་ལྡན་རྣམ་པར་གསལ་བ་བྲི། མར་ནི་སྟེང་འགྲོ་དགོད་པར་བྱ།། སྟེང་འགྲོ་ཆེན་པོ་བདེན་བྲལ་དུ།། རླུང་དུ་རྒྱལ་བ་ཆེན་པོ་གནས།། སངས་རྒྱས་གཟུགས་བརྙན་འཛིན་པའི་མཆོག། རྣལ་འབྱོར་ལྡན་པས་འདི་དག་བྲི། ། མི་བསྐྱོད་པ་ནི་ཤར་དུ་དགོད།། ལྷོ་རུ་རིན་ཆེན་འབྱུང་ལྡན་ནོ།། ནུབ་ཏུ་འོད་དཔག་མེད་པར་འགྱུར།། བྱང་དུ་དོན་ཡོད་གྲུབ་པའི་མིང་།། ཟླ་བའི་དཀྱིལ་འཁོར་ལོ་བརྟེན་པའོ།། དབང་ལྡན་ཕྱོགས་ནས་བརྩམས་ནས་ནི།། རྡོ་རྗེ་སེམས་དཔའ་ལ་སོགས་བྲི།། ཐམས་ཅད་ཟླ་བའི་དཀྱིལ་འཁོར་གནས།། འཁོར་རྣམ་འི་དཀྱིལ་འཁོར་བའོ།། འཕྲེང་བ་རྣམ་པར་དགོད་བྱ་བ། རང་གི་ཕྱག་རྒྱ་འོད་ཟེར་འབར།། རྡོ་རྗེ་སྒེག་མོ་ལ་སོགས་པའི།། ལྷ་མོ་འབད་པས་དགོད་པར་བྱ།། རྡོ་རྗེ་བདུག་པ་ལ་སོགས་རཱི།། དེ་བཞིན་གཟུགས་ཀྱི་རྡོ་རྗེ་སོགས།། རྡོ་རྗེ་ལྕག་ཀྱུ་ལ་སོགས་པ། ། སྒོ་སྲུངས་འབད་པས་བྲི་བར་བྱ།། ཕྱི་ཡི་དཀྱིལ་འཁོར་ལ་གནས་པར།། ཀུན་ཏུ་བཟང་སོགས་རིམ་བཞིན་བྲི།། རང་གི་ཕྱག་རྒྱའི་འཁོར་རྣམས་དང་།། ཕོ་ཉ་ཡི་ནི་འཁོར་དག་དང་། ཁྲོ་བོ་རྣམས་དང་མངག་པ་དང་།། དེ་བཞིན་ཕོ་ཉ་ཕོ་ཉམ།། རྒྱ་མཚོ་ཡི་ནི་དཀྱིལ་འཁོར་ནི།། འོད་ཀྱི་དཀྱིལ་འཁོར་གསལ་བའོ།། ཕྱི་རུ་ཕྱི་རོལ་རྡོ་རྗེའི་མིང་།། དཀྱིལ་འཁོར་ལ་ནི་འབད་པས་བྲི། ། དབང་ལྡན་ཕྱོགས་ནས་བརྩམས་ནས་སུ།། འཇིག་རྟེན་སྐྱོང་བ་བརྒྱད་པོ་བྲི།། ཚངས་པ་ཁྱབ་འཇུག་དབང་ཆེན་མིང་།། དབང་པོ་ལ་སོགས་ལྷ་ཐམས་ཅད།། མ་མོ་ཀུན་དང་སྲིན་མོ་རྣམས། ། རྒྱལ་པོ་ཆེན་པོ་བཞི་དང་ཀླུ།། དེ་བཞིན་ལྷ་རྣམས་ཐམས་ཅད་དང་།། བརྩོན་འགྲུས་ཆེན་པོ་ནམ་མཁའ་ལྡིང་།། འབད་པ་ཡིས་ནི་བྲི་བར་བྱ།། དེ་ལྷའི་དཀྱིལ་འཁོར་བྲིས་ནས་སུ། ཁྱད་པར་དུ་ནི་མཆོད་པར་བྱ།། མེ་ཏོག་བདུག་སྤོས་རོལ་མོའི་ཚོགས།། དེ་བཞིན་བཟའ་དང་སྟོན་མོ་སོགས།། འཕྲེང་བའི་རྒྱན་ནི་སྣ་ཚོགས་ཀྱིས།། དེ་བཞིན་གཤེགས་རྣམས་མཆོད་པར་བྱ། ། དཀྱིལ་འཁོར་ཀུན་གྱི་ཆོ་ག་ཡིས།། མཆོད་པ་ཀུན་གྱིས་ཐམས་ཅད་ནས།། འཁོར་ལོ་ཀུན་གྱི་ཆོ་ག་ཡིས།། སངས་རྒྱས་ཐམས་ཅད་མཆོད་པར་བྱ།། དེ་ནས་སློབ་མ་ཐམས་ཅད་གཞུག། ཡོངས་སུ་དག་པ་ཁྱད་པར་དུ།། བྱང་ཆུབ་སེམས་རི་བསྐྱེད་ནས་སུ།། བྱང་ཆུབ་བསླབ་པ་རྗེས་སྤྱོད་པ།། ཆོ་ག་ཤེས་པའི་སྔགས་པས་གཞུག། འདྲེན་པ་རྣམས་ལ་མཆོག་ཏུ་གཞུག། རྡོ་རྗེའི་དབང་བསྐུར་སྦྱོར་བ་ཡིས།། དབང་བསྐུར་བ་རི་དེ་རས་སྨིན།། སེང་གེའི་ཁྲི་ཡི་སྟེང་དུ་ནི།། ངར་དང་མེ་ཏོག་ཆུན་པོས་སྦས།། དཀར་པོའི་གདུགས་དང་རིན་ཆེན་ཆེ།། བླ་རེ་ཎྱ་འབར་བ་དང་། ། དེ་ཡི་གཡས་ཀྱི་དྲུང་དུ་ནི།། མཁས་པ་ཡིས་ནི་གཞག་པར་བྱ།། བ་ངན་རྣམ་པ་སྣ་ཚོགས་དང་།། སྣ་ཚོགས་རས་ཀྱིས་རབ་མཆོད་པ།། གཡོན་གྱི་དྲུང་དུ་ཐམས་ཅད་ནས། ། འབད་པ་ཡིས་ནི་གཞག་པར་བྱ།། རིན་ཆེན་སྨན་ཀུན་གྱིས་གང་བའི།། བུམ་པ་ལེགས་པར་བཞག་བྱས་ཏེ།། རྡོ་རྗེའི་མིང་གི་དབང་བསྐུར་གྱིས།། དེ་ལ་རང་གིས་དབང་བསྐུར་བྱ།། རྡོ་རྗེ་མིང་གིས་དབང་བསྐུར་བ།། མཁས་པ་ཡིས་ནི་སླར་ཡང་བྱ།། ཀུན་གྱི་ཅོད་པན་དབང་བསྐུར་གྱིས།། ཡང་དང་ཡང་དུ་དབང་བསྐུར་བྱ།། ཆོས་ཀྱི་ཅོད་པན་དབང་བསྐུར་དང་།། སངས་རྒྱས་ཀུན་གྱི་སྐྱོབ་པ་ནི། ། སྣ་ཚོགས་ལས་ཀྱི་དབང་བསྐུར་བྱིན།། ཆོས་ཀྱི་དབྱིངས་དང་མཉམ་མཚུངས་པའོ།། ཆོས་ཀྱི་སྐུ་ཡི་དབང་བསྐུར་བ།། སངས་རྒྱས་ཀུན་གྱི་སྒྲོལ་མ་སྦྱིར།། དེ་ལྟར་སློབ་མ་དབང་བསྒྱུར་བ། ཁྱད་པར་དུ་ནི་སྔགས་པས་བྱ།། དེ་ལ་དམ་ཚིག་ཆོ་ག་ཡིས།། སྔགས་དང་ཕྱག་རྒྱས་སྦྱར་བར་བྱ།། སློབ་དཔོན་བརྙས་པར་མི་བྱ་ཞིང་།། སྒྲུབ་པོ་ཀུན་ལ་སྨད་མི་བྱ། སྔགས་ཀྱི་སྤྱོད་པ་ཐམས་ཅད་ལ།། འདའ་བར་མི་བྱསྨྲ་མི་བྱ།། འཇིག་རྟེན་པ་ཡི་ལྷ་རྣམས་དང་།། གྲུབ་མཐའི་རིགས་པ་ཐམས་ཅད་ལ།། སྨད་པར་མི་བྱ་བླང་མི་བྱ།། དེ་ལ་མངོན་པར་དགའ་བ་སྤངས། ། སྡིག་པ་ཐམས་ཅད་རྣམ་སྤངས་ཤིང་།། དེ་བཞིན་བསོད་ནམས་ཐམས་ཅད་བསྡུ།། བཟའ་དང་སྟོན་མོ་དུ་མ་ལ།། བཟའ་བར་མི་བྱ་སྨང་མི་བྱ།། འདོད་པས་བཅོམ་ལྡན་སམ་དཔའ་སྟེ། ། སངས་རྒྱས་ཀུན་གྱི་སྲས་བདག་སྐྱེས།། ཐོག་མ་ཐ་མ་མེད་ཞི་བ།། ནམ་ཡང་དོར་བར་མི་བྱའོ།། སངས་རྒྱས་ཐམཅད་ཆགས་ལས་འཁྲུངས།། དེ་བཞིན་ཞེ་སྡང་རྨོངས་ལས་འཁྲུངས། ། མཉམ་དང་མི་མཉམ་ཆོས་ཀུན་དང་།། དབུ་མའི་གནས་ལ་གནས་ནས་སུ།། དེ་ཉིད་དམ་ཚིག་ཤེས་ནས་སུ།། སངས་རྒྱས་བྱང་ཆུབ་ཡོང་མི་སྤོང་།། ལུས་ཅན་ཀུན་ལ་འཚེ་མི་བྱ།། ཁྱོད་ཀྱིས་སེར་སྣ་མི་བྱ་སྟེ།། ཕྲག་དོག་བྱ་བར་མི་བྱའོ།། དམ་པའི་ཆོས་ནི་སྤང་མི་བྱ།། བྱང་ཆུབ་སེམས་ནི་མཆོག་ཏུ་བདེ།། ཆང་གི་བཏུང་བ་སྤང་བྱ་སྟེ།། ཕ་རོལ་བུད་མེད་རྣམ་པར་སྤང་།། ཐམས་ཅད་མཁྱེན་པ་ཡོངས་མི་དོར། ། རྟག་ཏུ་སྲོག་ཆགས་གསད་མི་བྱ།། སེམས་ཅན་ཀུན་ལ་སྙིང་རྗེ་དང་།། བྱམས་པ་ཡང་ནི་རྣམ་པར་བསྒོམ།། སེམས་ཅན་རྣམས་ལ་ཕན་པ་ནི།། ཡང་དང་ཡང་དུ་ཡོངས་བསྡུ་བྱ། སངས་རྒྱས་ཀུན་གྱི་རྗེས་སྐྱོབ་པ།། དམ་ཚིག་དེ་ཉིད་འདི་དག་ནི།། སློབ་མ་རྣམས་ལ་རྗེས་བརྩེ་བས། མཁས་པ་ཡིས་ནི་བསྟན་པར་བྱ།། དེ་ནས་ཕྱག་རྒྱ་རྗེས་བཅིང་བ།། གོ་རིམས་བཞིན་དུ་བསྟན་པར་བྱ། ། ཕྱག་རྒྱ་འདི་དག་ཁྱད་པར་གྱི།། མཚན་ཉིད་ཡང་དག་རབ་བཤད་བྱ།། ཐལ་མོ་བསྟན་པར་བསྡམ་པར་བྱ།། མེ་ཏོག་ཟུམ་པའི་ཚུལ་དུ་མཛེས།། སངས་རྒྱས་དཔའ་བོ་ཐམས་ཅད་ཀྱིས།། པདྨའི་ཐལ་མོ་ཞེས་སུ་བསྒྲགས། རྩེ་མོ་ཐམས་ཅད་ལེགས་བརྐྱང་བ།། པདྨའི་ཕྱག་རྒྱ་ཞེས་སུ་བརྗོད།། རེ་རེའི་མཚམ་སུ་ངས་བཅིངས་པ།། དེ་ནི་རྡོ་རྗེ་ཐལ་མོར་བརྟགས།། སོར་མོ་ཐམས་ཅད་ངེས་བསྡམས་པ། ། རྡོ་རྗེ་བསྡམས་པས་ལེགས་བཅིངས་པ།། སོར་མོ་བརྐྱང་སྟེ་སྟེང་དུ་བསྟན།། སངས་རྒྱས་བྱང་ཆུབ་རབ་གསོལ་བྱེད།། ཁུ་ཚུར་ནང་དུ་བྱས་ནས་ནི།། གཉི་ཀ་སྦྱོར་བས་ཡོངས་སུ་བརྟག། འཁོར་ལོ་སྒྱུར་སོགས་ཕྱག་རྒྱའོ།། དམ་པ་སྦྱིན་པ་ཡིན་པར་བཤད།། སངས་རྒྱས་དཔའ་བོ་ཐམས་ཅད་ཀྱི།། དམ་ཚིག་ཕྱག་ཏུ་འདི་ཡིན་ནོ།། མིང་མེད་ནང་བཅུག་ཁུ་ཚུར་གྱིས། ། ཀུན་གྱི་རྩེ་མོར་ཡོངས་སུ་བརྟག། རྡོ་རྗེའི་རྣམ་པ་ལེགས་པར་སྦྱར།། རྡོ་རྗེ་ཆེན་པོ་ཞེས་སུ་བསྒྲགས།། མཐེའུ་ཆུང་སྲིན་ལག་ཁུ་ཚུར་ལས།། གུང་མོ་ལེགས་པར་བརྐྱང་ནས་སུ།། མཛུབ་མོས་མཐེ་བོང་ཡོངས་སུ་སྦྱར།། འཁོར་ལོས་སྒྱུར་བ་ཉིད་གསོལ་བྱེད།། བརྐྱང་བའི་རྩེ་མོ་སྦྱར་བ་ནི།། གདུགས་དཀར་ཞེས་ནི་རབ་ཏུ་གྲགས།། སྲིན་ལག་དང་ནི་མཐེ་བོང་སྦྱར།། གུང་མོ་གཉིས་ནི་བརྟག་པར་བྱ། ། གཟི་བརྗིད་ཕུང་པོའི་ཕྱག་རྒྱ་ཆེ།། གཟི་བརྗིད་ཕུང་པོ་ཉིད་གསོལ་བྱེད།། དེ་ཉིད་རལ་གྲི་ལྟ་བུར་སྦྱར།། རྣམ་པར་རྒྱལ་བ་ཞེས་སུ་གྲགས།། དེ་ཉིད་རྒྱལ་བ་ཞེས་བྱ་བ།། རྡོ་རྗེ་ལྡན་པ་དེ་བཞིན་གཤེགས།། ཁུ་ཚུར་སྙིང་པོ་ལྡན་བྱས་པས།། གཙུག་ཏོར་རྣམ་པའི་འབྱུང་གནས་ཏེ།། ཐུབ་དཀའ་སངས་རྒྱས་ཐམས་ཅད་ཀྱིས།། སྟེང་དུ་འགྲོ་བ་ཞེས་སུ་བཤད།། རྡོ་རྗེ་བསྡམས་པ་ཡོངས་སུ་སྦྱར། ། དམ་ཚིག་ཀུན་གྱི་འབྱུང་གནས་ཏེ།། གུང་མོའི་རྩེ་མོ་མཆོག་ཏུ་སྦྱར།། མཐེའུ་ཆུང་དང་ནི་མཐེ་བོང་བརྐྱང་།། ལྕགས་ཀྱུ་མདའ་ཡི་སྦྱོར་བ་ཡིས།། ལེགས་སོ་བའི་སྦྱར་བར་བྱ། ། གུང་མོ་རྡོ་རྗེ་རིན་ཆེན་རྩེ།། ཕྱེ་བ་གཟི་བརྗིད་མཆོག་གི་མཆོག། རྒྱལ་མཚན་གནས་སུ་ངེས་པར་སྦྱར།། བཞད་པའི་གནས་སུ་སྦྱར་བར་བྱ།། རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ཆེ།། དབུ་མ་པདྨ་ལྷ་བུར་བསྐུམ། ། རལ་གྲི་འཛིན་པ་འཇམ་པའི་དབྱངས།། འཁོར་ལོ་སྒྱུར་བའི་འཁོར་ལོས་སྒྱུར།། ཁ་རུ་ཕྱེ་མོའི་ཕྱག་རྒྱ་ཆེ།། རྡོ་རྗེ་སྨྲ་བ་ཉིད་དུ་འགྱུར།། ལས་ཀྱི་རྡོ་རྗེའི་ཕྱག་རྒྱ་ཆེ།། གར་མཚུངས་རྡོ་རྗེ་སྣ་ཚོགས་ཅན།། ཆོས་ཡོངས་སྡུད་པའི་སྦྱོར་བ་ཡིས།། རྡོ་རྗེ་སྲུང་བར་བརྟག་པར་བྱ།། མཆེ་བ་གཉིས་ནི་རྣམ་པར་གཙིགས།། རྡོ་རྗེ་གནོད་སྦྱིན་ཞེས་སུ་བཤད།། ཁུ་ཚུར་བཅངས་པ་ཁུ་ཚུར་གྱི། ། རྡོ་རྗེ་ཐལ་མོ་སྙིང་ཁར་གཞག། རྡོ་རྗེ་སྒེག་མོ་ཞེས་སུ་གྲགས།། ཡོངས་སུ་སྦྱར་བ་སྤྱི་བོར་གཞག། རྡོ་རྗེ་འཕྲེང་བ་ཞེས་སུ་བརྗོད།། ཐལ་མོ་སྦྱར་བ་གདོང་དུ་དགྲོལ།། རྡོ་རྗེ་གླུ་མར་རྗེས་སུ་བསྒྲགས། ། འགྱེད་ཅིང་འདུད་པའི་སྦྱོར་བ་ཡིས།། དེ་རི་རྡོ་རྗེ་གར་མར་བཤད།། པདྨའི་ཐལ་མོ་གདོང་དུ་དབྱེ།། སྤྱི་བོར་ཡོངས་སུ་སྦྱར་ལ་གཞག། སྙིང་ཁར་མཐེ་བོང་མཉམ་པ་དང་།། རབ་ཏུ་བརྐྱང་བ་བྱུག་པའོ།། ལག་པ་སྟེང་དུ་ཡོངས་བརྐྱང་བ།། གཟུགས་ཀྱི་ཕྱག་རྒྱ་ཉིད་དུ་འགྱུར།། ལག་གཉིས་རྣ་བའི་ལམ་དུ་གནག། སྒྲ་ཡི་ཕྱག་རྒྱ་ཉིད་དུ་བཤད།། དྲི་ནི་བྱུག་པའི་སྦྱོར་བ་ཡིས། ། དྲི་ཡི་ཕྱག་རྒྱ་ཞེས་སུ་བརྗོད།། གདོང་དུ་སྙིམ་པ་ཕྱེ་བ་ནི། རོ་ཡི་ཕྱག་རྒྱ་ཞེས་སུ་བརྗོད།། མཁའ་ལ་མྱུར་བའི་སྦྱོར་བ་ཡིས།། རེག་པ་རེག་པ་ཞེས་སུ་བཤད།། མཐེའུ་ཆུང་གཉིས་ནི་ཡོངས་སུ་སྦྱར། ། མཛུབ་མོ་ལྕགས་ཀྱུའི་སྦྱོར་བ་ལས།། དེ་ཉིད་ཞགས་པའི་དབྱིབས་དང་ནི།། ལུ་གུ་རྒྱུད་ཀྱི་རྣམ་པར་བརྟག། བཞི་པ་རྡོ་རྗེ་དྲིལ་བུ་ཞེས།། རྡོ་རྗེ་འབེབས་པར་རྣམ་པར་བཅག། ཕྱག་རྒྱ་ཀུན་དང་ཉེ་བའི་རྒྱུ།། བློ་གྲོས་ལྡན་པ་རང་གིས་བརྟག། ཐལ་མོ་ཡོངས་སུ་སྦྱར་ལ་བསྡུམ།། མཛུབ་མོ་གཉིས་པོ་བསྐུམ་ནས་ནི།། རིན་པོ་ཆེ་ཡི་རྣམ་པར་བཅིང་། ཀུན་ཏུ་བཟང་པོ་བློ་ལྡན་གྱིས།། དེ་ལས་རྩེ་མོ་རྩེ་མོ་བསྐུམ།། སེམས་ཀྱིས་བྱམས་པ་བསྒོམས་ནས་སོ།། མཛུབ་མོ་སྦྱར་ལ་བཅུག་ནས་ནི།། རལ་གྲིའི་རྣམ་པར་བཅག་པ་སྟེ།། འདི་ནི་ནམ་མཁའི་སྙིང་པོ་ཡི། ། ཕྱག་རྒྱར་སངས་རྒྱས་ཀུན་གྱིས་བསྔགས།། དེ་ནས་རལ་གྲིའི་མཚོན་ཆ་ཡི།། རྣམ་པར་རུ་ནི་ཉེར་གནས་པོ།། ཕྱག་རྒྱ་འདི་ནི་རྣམ་འགོག་པར།། ཐམས་ཅད་ཀྱིས་ནི་ཡོངས་སུ་བརྗོད།། གར་ནི་སྡུད་པའི་སྦྱོར་བ་ཡིས།། རྡོ་རྗེ་ཐལ་མོ་རབ་ཏུ་བརྐྱང་།། པདྨ་ལྟ་བུར་རྣམ་པར་བརྟག། པདྨའི་ལག་པ་བློ་ལྡན་གྱིས།། དེ་ཉིད་མེ་ཏོག་ཟུམ་ཚུལ་དང་།། ཨུཏྤལ་རྣམ་པ་ལྟར་མཛེས་པ།། འདི་ནི་པདྨའི་སྒྲོལ་བའི་རྒྱ། ། པདྨའི་མགོན་པོ་ཞུས་སུ་གྲགས།། མཆེ་བ་གཙིགས་པ་དང་ལྡན་པའི།། ཁ་དང་འདྲ་བར་ལེགས་པར་བརྟག། འདི་ནི་རྩཝ་མགྲིན་ཕྱག་རྒྱ་སྟེ། ཁ་ཡི་ཕྱོགས་སུ་རབ་ཏུ་བརྟག། པདྨའི་ཐལ་མོ་དཔྲལ་བ་ཡི།། ཁྲོ་གཉེར་དུ་ནི་ཉེ་བར་སྦྱར།། རྡོ་རྗེ་ཐལ་མོ་འབེབས་པ་ཆེ།། དཔལ་གྱི་སྙིང་པོ་རིན་ཆེན་ལྡན།། ཡིད་བཞིན་ནོར་བུའི་རྣམ་པ་བཟུང་།། ཐལ་མོ་ལེགས་པར་རབ་ཏུ་བརྐྱ་མི་ཟད་བློ་གྲོས་ཕྱག་རྒྱ་ཆེ། ། སངས་རྒྱས་ཀུན་གྱིས་རབ་ཏུ་བརྟགས།། གར་ནི་སྡུད་པའི་སྦྱོར་བ་ཡིས།། རིན་ཆེན་རྡོ་རྗེ་སྙིང་ཁར་གཞག། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྟེ།། ནམ་མཁའི་མཛོད་ཉིད་སྟེར་བར་བྱེད། ། རྡོ་རྗེ་ཆེན་པོ་ལེགས་པར་བརྐྱང་།། མཐེའུ་ཆུང་མཐེ་བོང་ངེས་པར་བཅིང་།། ལག་པ་གཉིས་ནི་ངེས་པར་བརྟག། བློ་གྲོས་རྒྱ་མཚོའི་ཕྱག་རྒྱར་འགྱུར།། རྡོ་རྗེ་ཐལ་མོ་སྟེང་དུ་བསྒྲེང་། ། མཛུབ་མོ་གཉིས་པོ་སྦྱར་བར་བྱ།། འདི་ནི་རྡོ་རྗེ་སྙིང་པོའི་རྒྱུ།། རྡོ་རྗེ་སྙིང་པོས་བཀའ་སྩལ་ཏོ།། ཁུ་ཚུར་ནང་དུ་བྱས་ནས་སུ།། མཛུབ་མོ་གཉིས་པོ་རྩེ་མོ་བྱ།། འདི་ནི་འཇམ་དཔལ་ཕྱག་རྒྱ་སྟེ། ། རྡོ་རྗེ་རལ་གྲི་ཞེས་སུ་བརྟག། དེ་ཉིད་ཤག་ཏིའི་རྣམ་པ་ནི།། འཇམ་པའི་དབྱངས་ནི་བློ་ལྡན་གྱིའོ།། གཤིན་རྗེ་མཐར་བྱེད་མདུང་རྩེར་འགྱུར།། མདུང་རྩེ་ཆེན་པོར་རབ་ཏུ་བརྟག། མཛུབ་མོ་བསྐུམ་པར་བྱས་ནས་ནི།། གུང་མོའི་སྟེང་དུ་ཡོངས་སུ་གཞག། ཞགས་པའི་རྣམ་པ་རབ་ལྡན་པའི།། གཤིན་རྗེ་ཡང་ནི་འཇིགས་པར་བྱེད།། དེ་ཉིད་རལ་གྲི་བྱས་པ་ནི།། སྐུ་ཅན་མ་རུ་རབ་ཏུ་བཤད། ། ཁུ་ཚུར་ཐམས་ཅད་ངེས་བཅིངས་ཏེ། མཛུབ་མོ་གཅིག་ནི་བསྐུམ་པར་བྱ།། འདི་ནི་ཉེ་བའི་སྐུ་ཅན་མ་ཡི་རྒྱར།། འཇམ་པའི་དབྱངས་ཀྱིས་བཀའ་སྩལ་ཏོ།། རྡོ་རྗེ་བསྡམ་པ་སྟེང་བཅིངས་ཏེ། ། དབུ་མ་གཉིས་ནི་རྣམ་པར་སྤངས།། མཛུབ་མོ་རྡོ་རྗེའི་རྣམ་པར་བྱ།། མཐེའུ་ཆུང་དང་ནི་མཐེ་བོང་བརྐྱང་།། འདི་ནི་རྡོ་རྗེ་འཛིན་ཆེན་པོའི།། ཕྱག་རྒྱ་དོན་ཀུན་སྒྲུབ་བྱེད་ཡིན་མཛུབ་མོ་མཐེ་བོང་བསྣམས་པ་ནི། ། མཱ་མ་ཀཱིར་ནི་ཡོངས་སུ་བཤད།། མཛུབ་མོར་ལྕགས་སྒྲོག་རྣམ་པ་ལས།། གུང་མོའི་དབུ་མ་རྡོ་རྗེར་བྱ།། འདི་ནི་རྡོ་རྗེ་ལྕགས་སྒྲོག་། རྡོ་རྗེ་ལྟ་བུར་ཡོངས་སུ་བཤད།། རྡོ་རྗེ་ཆེན་པོ་ཅེ་ལྔ་པ།། ཁྲོ་བོ་གཟིགས་མར་རྣམ་པར་བཤད།། མཆོག་གི་རྩེ་མོ་རྩེ་གཅིག་བྱ།། རྡོ་རྗེ་རྩེ་མོ་ཉིད་ཀྱི་བཤད།། ལག་ན་རིན་ཆེན་བྱུག་ཏུ་ནི། ། ལག་གཉིས་ལེགས་པར་བརྐྱང་བར་བྱ།། སོར་མོ་པདྨའི་དབྱིབས་སུ་བྱ།། སྐལ་བྱེད་ལྷ་མོར་ཡོངས་སུ་བཤད།། ཐལ་མོ་ཡོངས་སུ་སྦར་བ་ལས།། མཛུབ་མོ་དང་ནི་མཐེ་བོང་དག། མིག་གི་ཚུལ་དུ་སྦྱར་བར་བྱ། ། སངས་རྒྱས་སྤྱན་གྱིར་རྣམ་པར་བཤད།། བཀྲ་ཤིས་ཀྱིས་ནི་སྐྱིལ་ཀྲུང་བཅའ།། རྣལ་འབྱོར་རིག་པས་ལུས་བསྲངས་ཏེ།། ལག་གཉིས་ལྷུང་བཟེད་འཛིན་འདྲ་བ།། བསམ་གཏན་ཕྱག་རྒྱར་རབ་ཏུ་བཤད། ། འདི་ནི་རྣམ་པར་སྣང་མཛད་རྒྱ།། སངས་རྒྱས་ཀུན་གྱི་དོན་མཛད་པའོ།། མི་བསྐྱོད་པ་ཡི་ས་ལ་རེག། རིན་ཆེན་ཏོག་གི་མཆོག་སྦྱིན་བཤད།། བསམ་གཏན་ཕྱག་རྒྱ་འོངད་དཔག་མེད། ། ངོ་བོ་ཉིད་ཀྱི་དོན་རྟོགས་བྱེད།། དོན་ཡོད་གཟིགས་པའི་ཕྱག་རྒྱ་ནི།། མི་འཇིགས་འཇིགས་པ་མེད་པ་སྦྱིན།། བློ་ལྡན་རྣལ་འབྱོར་སྐྱིལ་ཀྲུང་གནས།། སངས་རྒྱས་ཀུན་གྱི་རང་བཞིན་བདག་མཉམ་པར་བཞག་པ་ཕྱག་རྒྱ་ཀུན། ། འཆིང་བ་འམ་ནི་འཆིང་དུ་གཞུག། འཇིག་རྟེན་པ་ཡི་ཕྱག་རྒྱ་ལ།། ལག་པ་གཅིག་ནི་རབ་བརྐྱང་སྟེ།། དབང་ལྡན་གྱི་ནི་རྩེ་གསུམ་པ།། མཐེ་བོས་མཐེའུ་ཆུང་མནན་པར་བྱ། ། ལྷ་ཡི་དབང་པོ་རྡོ་རྗེར་འགྱུར།། ལག་པ་གཡས་པས་བརྟག་པར་བྱ།། མེ་ཡི་ཨོཾ་ཡིག་ལག་པ་དག། མཐེ་བོང་གུང་མོ་ཉིད་ལ་གཞག། གཤིན་རྗེའི་རྡོ་རྗེ་དབྱུག་པ་སྟེ།། མཛུབ་མོ་དང་ནི་མཐེ་བོང་སྦྱར། ། དེ་ཉིད་ཁྱབ་འཇུག་འཁོར་ལོ་སྟེ།། འཁོར་ལོའི་ཡི་གེ་དགོད་པར་བྱ།། ལག་པ་གཅིག་གིས་ཐོད་པ་ནི།། མ་མོ་རྣམས་ཀྱིར་ཡང་དག་བཤད།། སོར་མོ་གཉིས་བསྒྲེང་རལ་གྲི་ནི།། སྲིན་པོ་བདག་ཉིད་ཆེན་པོའིའོ།། མཛུབ་མོ་མཐེ་བོང་སྦྱར་བ་ནི།། ཆུ་ལྷའི་ཞགས་པ་ཉིད་དུ་བཤད།། མཛུབ་མོ་དང་ནི་གུང་མོ་དག། རྒྱལ་མཚན་ལྷ་བུར་ལེགས་པར་བརྐྱང་།། རླུང་ལྷ་རྒྱལ་མཚན་ཕྱག་རྒྱ་ནི། ། ལག་པ་གཉིས་ཀྱིས་རབ་ཏུ་བརྟག། དབུ་མ་གཅིག་པུ་ལེགས་བརྐྱང་བ།། དབྱུག་ཏོའི་ཕྱག་རྒྱར་རབ་ཏུ་བཤད།། གནོད་སྦྱིན་ཀུན་གྱི་དབང་ཕྱུག་ནི།། ལུས་ངན་བདག་ཉིད་ཆེན་པོ་འོ། མཆོད་ཕྱིར་ཐོགས་ཀྱི་ཕྱག་རྒྱ་ནི།། ཚངས་པ་ཡི་རུ་ལེགས་པར་བཤད།། དྲག་པོའི་གསལ་ཤིང་ཞེས་བྱ་སྟེ།། ལྷ་མོའི་པ་ཊི་ས་རུ་བརྗོད།། ཚོགས་བདག་གི་ནི་སཱ་རུ་བཤད།། ཟླ་བའི་བདུད་རྩིའི་དཀྱིལ་འཁོར་རོ། ། ཉི་མའི་འོད་ཟེར་སྟོང་ཕྲག་ནི།། ལག་པ་གཉིས་ཀྱིས་བསྟན་པར་བྱ།། འོད་ཀྱི་དཀྱིལ་འཁོར་སྦྱོར་བ་ཡིས།། དབང་པོའི་རྡོ་རྗེ་མཚོན་ཆ་ལྟར།། འདི་ནི་ལྷ་རྣམས་ཀུན་གྱི་རྒྱ། ། དཔའ་བོ་ཀུན་གྱིས་རབ་ཏུ་གནང་།། དྲི་ཟ་རྣམས་ཀྱི་ཕྱག་རྒྱ་ནི།། གླུ་ལེན་ལྟ་བུར་རབ་ཏུ་བསྒྲགས།། དགའ་བྱེད་དབང་ཕྱུག་ཕྱག་རྒྱ་ཆེ།། རྫ་ཛའི་སྒྲ་དབྱངས་རབ་ཏུ་འབར།། སངས་རྒྱས་ཐམས་ཅད་རབ་མཆོད་ཕྱིར། ། ལྷ་ཆེན་པོས་ནི་རབ་ཏུ་བརྟགས།། ཏཱིང་ཏིང་ཅག་འཛིན་སྦྱོར་བ་ཡིས།། མི་འམ་ཅི་རྣམས་ཀྱིར་བརྗོད་བྱ།། པི་ཝང་བསྒྲེང་བའི་སྦྱོར་བ་ཡིས།། དབྱངས་ཅན་གྱིར་ནི་རྣམ་པར་བཤད།། རྟག་ཏུ་དུན་དུ་བྷི་སྒྲོག་པ།། རིག་པ་འཛིན་པ་རྣམས་ཀྱིར་བརྗོད།། ལག་གཉིས་གདེངས་ཀའི་ཚུལ་བྱས་པ།། ཀླུ་རྣམས་ཀྱིར་ནི་ལེགས་པར་བཤད།། གར་ནི་སྡུད་པའི་སྦྱོར་བ་ཡིས། ། འགྱེད་དང་འདུ་བའི་དེ་བཞིན་ནོ།། ལག་པ་ཞགས་པ་ངེས་བཅིངས་པས།། དེ་ནི་ཕྱག་རྒྱར་རབ་ཏུ་བཤད།། འདི་རྣམས་དམ་ཚིག་ཕྱག་རྒྱ་རུ།། དེ་བཞིན་གཤེགས་རྣམས་ལེགས་པར་གསུངས། ། ལས་ཀྱི་སྦྱོར་བ་འབད་པ་ཡི།། འདི་རྣམས་ཀྱང་ནི་ཕྱག་རྒྱར་བཤད།། ཕྱག་རྒྱ་དོར་ནས་སེམས་ཀྱིས་ནི།། རིན་ཆེན་ཡང་དང་ཡང་དུ་བསམ།། རྣམ་པར་རྟོག་མེད་གདོད་ནས་ཞི། ། ཆོས་དབྱིངས་མཉམ་ཞིང་མི་མཉམ་པ།། སྟོང་པ་མཁའ་འདྲར་ཤེས་ནས་སུ།། མཁས་པ་ཡིས་ནི་བསྒོམ་པར་བྱ།། འདི་དག་ཐམས་ཅད་མ་སྐྱེས་ཤིང་།། རྨི་ལམ་ལྟ་བུར་རབ་ཏུ་གནས། ། དྲི་ཟའི་གྲོང་ཁྱེར་ལྟ་བུར་སྣང་།། འཚོ་བའི་འཇིག་རྟེན་ཡང་དང་ཡང་།། མིག་འཕྲུལ་ལྟ་བུར་ཤིན་ཏུ་ནི།། འགྲོ་བ་ཐམས་ཅད་རབ་ཏུ་གསལ།། མི་རྟག་སྡུག་བསྔལ་སྟོང་པ་རུ།། སྲིད་པ་ཐམས་ཅད་མདོར་བསྡུས་པ། ། བདག་མེད་པ་ཞེས་མཐོང་ནས་ནི།། སངས་རྒྱས་ཀུན་དང་དཔའ་བོ་ཡིས།། སྒྱུ་མ་སྨིག་རྒྱུ་བྲག་ཆ་དང་།། ལྦུ་བ་ཆུ་ཡི་ཆུ་བུར་དང་།། གཟུགས་བརྙན་ལྟ་བུར་འཇིག་རྟེན་ནི། ། དེ་ལྟར་སངས་རྒྱས་རྣམས་ཀྱིས་དགོངས།། ཐམས་ཅད་མགལ་མེའི་འཁོར་ལོ་ལྟར།། ཟོ་ཆུན་ཁྱུད་མོ་ཇི་བཞིན་དུ།། གར་གྱི་གནས་ཀྱི་ཚུལ་འདྲ་བ།། ཟླ་བ་གཉིས་དང་མཚུངས་པར་བལྟ། ། རྟག་ཏུ་གློག་གི་འཕྲེང་བ་འདྲ།། སྦྲང་བུའི་སྒྲ་དང་མཚུངས་པར་གནས།། འཁོར་བ་ཤིན་ཏུ་བསླང་བ་སྟེ།། རྒོད་མའི་ཁ་དང་འདྲ་བར་གནས།། འདི་ལྟར་ཤེས་ཤིང་རྟོག་ནས་ནི། ། བསྒོམས་པའི་སྟོབས་ཀྱིས་རང་ཉིད་ཀྱིས།། སེམས་ནི་ལེགས་སྒྲུབ་རྣལ་འབྱོར་པ།། དེ་ལ་ཕྱག་རྒྱ་རབ་ཏུ་བཤད།། སྟོང་པ་མཚན་མ་མེད་པ་དང་།། སྨོན་པ་མེད་པའི་རང་བཞིན་ལས།། ལུས་དང་ངག་དང་ཡིད་ཀྱིས་ནི།། དམ་ཚིག་གསུམ་ནི་བརྟགས་པའོ།། ཕྱག་རྒྱ་སྔགས་དང་ལྷ་ཉིད་དང་།། དེ་ཉིད་གསུམ་ནི་རབ་ཏུ་གནས།། བདག་ཉིད་སྦྱོར་བའི་རྣལ་འབྱོར་གྱིས།། མཚན་ཉིད་གཅིག་ཏུ་རྣམ་པར་གནས། ། དེ་འདི་དམ་པའི་ཕྱག་རྒྱ་རུ།། སངས་རྒྱས་རྣམས་ཀྱིས་བཀའ་སྩལ་ཏོ།། ཕྱག་རྒྱ་ཡི་གེ་བྲལ་བ་སྟེ།། རྣམ་པ་མེད་ཅིང་སྣང་བ་མེད།། དངོས་པོ་མེད་པའི་ཆོས་རྣམས་ལ། ། དངོས་པོའི་དེ་ཉིད་དུ་ནི་བཤད།། དངོས་མེད་དངོས་པོའི་རང་བཞིན་ཡིན།། དངོས་མེད་ཉིད་ཀྱང་དངོས་པོ་ཡིན།། དངོས་དང་དངོས་མེདུ་རྣམ་པར་གྲོལ།། རྣལ་འབྱོར་ཡེ་ཤེསྣ་མཆོག་ཏུ་བདེ། རྟོག་གེ་མེད་ཅིང་སྣང་བ་མེད།། འཁྲུལ་པ་མེད་ཅིང་ཡི་གེ་མེད།། སྟོང་པ་ནམ་མཁའ་མཚུངས་པའི་སེམས།། གང་ཚེ་དེ་ལྟར་ཉིད་གྱུར་པ།། དེ་ཚེ་ཕྱག་རྒྱ་རྣམས་དང་སྔགས།། ལྷ་ཉིད་དུ་ཡང་རབ་ཏུ་བརྟག། སྔགས་ལས་ཕྱག་རྒྱ་མ་མཐོང་ཞིང་།། ཕྱག་རྒྱ་ལས་ཀྱང་སྔགས་མིན་ཅིང་།། རང་ཉིད་ལྷ་ཡི་རྣལ་འབྱོར་ནི།། གཉིས་མེད་སྔགས་དང་ཕྱག་རྒྱར་བརྟགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཕྱག་རྒྱའི་རིམ་པར་ཕྱེ་བའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སླར་ཡང་འདུས་པར་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་སྒྱུར་བ་ཆེན་པོ་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་བསྐྱེད་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་དག་གིས་གསོལ་བ་བཏབ་པའི་ཚིག་ཉེ་བར་གསན་ནས། འོག་མིན་གྱི་གནས་ནས་བྱོན་ཏེ་དགའ་ལྡན་གྱི་གནས་སུ་བཞུགས་ནས། དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་རྣམས་ལ་ཆོས་བསྟན་ནས། ཟས་གཙང་གི་རིགས་ལ་མངོན་པར་གཟིགས་ཏེ། མངོན་པར་བྱུང་བར་མཛད་ནས་བྱང་ཆུབ་ཀྱི་སྙིང་པོ་དག་ལ་ཉེ་བར་མནན་ནས་འཁོད་དེ། བདུད་བཞི་ལས་རྣམ་པར་རྒྱལ་བར་བསྟན་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པར་གྱུར་ཏེ། བཞུགས་ནས་ཀྱང་ཀུན་ནས་འཕྲོ་བའི་ཏིང་ངེ་འཛིན་སྔོན་དུ་འགྲོ་བའི་ཏིང་ངེ་འཛིན་བྱེ་བ་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་སྙོམས་པར་ཞུགས་ཏེ། སྙོམས་པར་ཞུག་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེས་གོལ་གྱི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་ཅིང་གསང་སྔགས་འདི་གསུངས་སོ། ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མཱ་ཛཿཱ་ཀཪྵ་ཡ་སརྦ་ཏ་ཐཱ་ག་ཏན་ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འཁོར་དང་བཅས་པའི་དཀྱིལ་འཁོར་ཆེན་པོ་རྣམས་ལེགས་པར་བྱོན་ཏེ་ཆོས་ཀྱི་དབྱིངས་སུ་སྤྲོས་ནས། ཕྱོགས་བཅུ་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་འབྱམས་རྒྱ་མཚོའི་སྤྲིན་རྣམས་ཁྱབ་སྟེ། ནམ་མཁའི་ཁམས་ན་གནས་པ་ཐམས་ཅད་ཏིལ་གྱི་གང་བུ་ལྷར་འཛམ་བུའི་གླིང་དུ་འཁོད་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་གིས་བཀུག་ཅིང་བཅུག་སྟེ། བཅིངས་ནས་དབང་དུ་མཛད་དེ། དེ་ཉིད་ཀྱི་ཐུགས་ཀར་རབ་ཏུ་བཞག་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་གཉིས་སུ་མེད་པའི་སྦྱོར་བས་བྱིན་གྱིས་བརླབས་ཏེ། སྔགས་འདིས་རང་གི་སེམས་སོ་སོར་རྟོགས་པར་མཛད་དོ། ། ཨོཾ་ཙིཏྟི་པྲ་ཏི་བཱ་དྷཾ་ཀཱ་རོ་མཾ། དེའི་རྗེས་ཐོགས་ཉིད་ལ་སངས་རྒྱས་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ལོངས་སྤྱོད་རྫོགས་བ་དང་། སྤྲུལ་པའི་སྐུ་ལས་ཆོས་ཀྱི་སྐུ་རང་བཞིན་གྱིས་འོད་གསལ་བ་སེམས་རིན་པོ་ཆེ་ངེས་པར་བྱུང་སྟེ་སྤྲོས་པར་མཛད་དོ།། དེ་ཉིད་སེམས་འོད་གསལ་བ། ཐུགས་རྗེ་ཆེན་པོས་ཁྱབ་པ། དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་ཀྱི་མཚན།། གཟུང་བ་དང་འཛིན་པའི་རྙོག་པ་སྤངས་པ། ནམ་མཁའ་ལྟར་གདོང་ནས་ནི་བ་དེ་ལས་ཐུགས་རྗེ་ཆེན་པོ་ལ་མངོན་པར་ཕྱོགས་པར་བྱས་ནས། སེམས་ཅན་གྱི་ཁམས་ཐམས་ཅད་ལ་རྣམ་པར་གཟིགས་ཏེ། མི་ཤེས་པས་རྒ་བ་དང་འཆི་བས་རྣམ་པར་ཁྱབ་པའི་འཇིག་རྟེན་ལ་གཟིགས་ནས། སླར་ཡང་སྔགས་འདིས་བྱང་ཆུབ།། ཀྱི་སེམས་བསྐྱེད་པ་ཉེ་བར་བསྟན་པ། ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྗེས་ཐོགས་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་སེམས་འོད་གསལ་བ་དེ་ཡོངས་སུ་རྫོགས་པའི་ཟླ་བའི་དཀྱིལ་འཁོར་ལྷར་བྱིན་གྱིས་བརླབས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་རྣམ་པར་གཞག་གོ།། ལེགས་པར་རྣམ་པར་དག་པའི་ནམ་མཁའ་ལྟར་དྲི་མ་མེད་པ། སྤྲོས་པ་ཐམས་ཅད་སྤངས་པ། མེ་ལོང་ལྟ་བུར་བསྟན་པར་བྱས་ནས་གནས་ཏེ་བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་སྔགས་འདི་བརྗོད་དོ།། ཨོཾ་ཛྙཱ་ན་རསྨི་བི་སྲ་ཛ་ཧཱུཾ། དེ་ནི་རྗེས་ཐོགས་ཉིད་ལས་འོད་ཟེར་རྣམ་པ་སྣ་ཚོགས་པ་ཟླ་བའི་དཀྱིལ་འཁོར་ལས་རྣམ་པར་ཕྱུང་ངོ་། ། དེ་ཕྱུང་ནས་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་ཞུགས་ཏེ་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་གི་སལ་བར་བྱས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རི་བོའི་རྩེ་བསྙིལ་ཏེ་རབ་ཏུ་རྟོགས་པར་བྱས་ནས་གཅིག་ཏུ་འདྲེས་ཏེ། རྡོ་རྗེའི་སྐུ་ཆེན་པོ་རྣམས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་རྗེས་སུ་ཞུགས་ནས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་རབ་ཏུ་གནས་སོ། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་སྔགས་འདིས་བྱིན་གྱིས་བརླབས་སོ།། ཨོཾ་ཏིཥྛ་བཛྲ། སླར་ཡང་སྔགས་འདིས་སྤྲོས་པ། ཨོཾ་སྥ་ར་བཛྲ། སླར་ཡང་སྔགས་འདིས་བསྡུས་སོ།། ཨོཾ་སཾ་ཧ་ར་བཛྲ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡེ་ཤེས་རྡོ་རྗེའི་སྙིང་པོ་འདི་ཆེང་དུ་བརྗོད་པ། ཨོཾ་ཛྙཱ་ན་བཛྲ་དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་སྔགས་འདིས་བྱིན་གྱིས་བརླབས་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་བཛྲ་ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་། ཐུགས་མཉམ་པ་ཉིད་བརྙེས་པས་སྔགས་འདིས་བྱིན་གྱིས་བརླབས་པ། ཨོཾ་བཛྲ་ཨཱཏྨ་ཀོཿ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བརྟན་པ་ཉིད་དུ་ཉེ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་གཟིགས་ནས་སྔགས་འདིས་བྱིན་གྱིས་བརླབ་པར་མཛད་དོ།། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་སྟ་ཐཱ་ཨ་ཧ་མ་པི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་རྒྱུ། སངས་རྒྱས་ཐམས་ཅད་ཀྱི་སྐུ་བདག་ཉིད་སེམས་ཅན་གྱི་ཁམས་ཐམས་ཅད་དུ་ངེས་པར་བསྟན་ཏོ། ། དེ་ནས་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་མཐོང་ནས། ལྷ་དང་མི་རྣམས་ཀྱིས་མངོན་པར་བྱང་ཆུབ་པས་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པ་ཞེས་སྨྲ་བ་སྒྲགས་སོ། ། དེ་ནས་ཚངས་པས་གསོལ་བ་བཏབ་སྟེ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ནས། དེ་དང་དེས་འདུལ་བའི་སྐྱེ་བོ་བཏུལ་ཏེ། གང་གིས་སླར་ལྡོག་པ་མེད་པ་ཉིད་དུ་གྱུར་ཏོ། ། འདི་རྣམས་ནི་སངས་རྒྱས་ཀྱི་བྱང་ཆུབ་སྒོམ་པའི་རིམ་པའོ།། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཏིང་ངེ་འཛིན། དེ་ལས་བཞེངས་ནས། སངས་རྒྱས་ཀྱི་བྱང་ཆུབ་བསྟན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ཉེ་བར་བསྒྲུབས་ནས་དེའི་ཐུགས་ཀ་ལས་རྡོ་རྗེ་ཕྱུང་སྟེ། ཉིད་ཀྱི་ཕྱག་ཏུ་བཞག་པར་གྱུར་ཏེ། དེ་ནས་འོད་ཟེར་རྣམ་པར་ཕྱུང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་མཛད་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཞུགས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྐུར་བྱིན་གྱིས་བརླབས་ཏེ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་དང་འཕྲེང་བས་དབང་བསྐུར་བ། ཟླ་བའི་ཁ་དོག་ལྟ་བུའི་འོད་ཟེར་ཅན་དུ་བྱིན་གྱིས་བརླབས་ཏེ་རྣམ་པར་གནས་སོ། ། དེ་ནས་ཐུགས་ཀ་ནས་ཕྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་བརྟེན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔ་དང་། རྒྱབ་དང་། དྲུང་དུ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་ཆོས་དང་། རྡོ་རྗེ་རིམ་ཆེན་དང་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོའི་འཕྲེང་བར་རྣམ་པར་གནས་སོ། ། དེ་བཞིན་དུ་སྒེག་མོ་ལ་སོགས་པ་རྣམས་དང་། བདུག་པ་ལ་སོགས་པའི་ལྷ་ཁྱད་པར་དུ་ངེས་པར་བསྐྱེད་ཅིང་། གཟུགས་ལ་སོགས་པ་རྣམས་དང་། ལྕགས་ཀྱུ་ལ་སོགས་པའི་ལྷ་རྣམས་བསྐྱེད་དེ། འདི་དག་གི་དཀྱིལ་འཁོར་བཀའ་སྩལ་པ། དེ་ནས་ཡང་དག་བཤང་བྱ་བ།། དཀྱིལ་འཁོར་ཆེན་པོ་མཆོག་གྱུར་པ། སངས་རྒྱས་དཔའ་བོ་ཐམས་ཅད་ཀྱིས།། རྡོ་རྗེ་སྙིང་པོ་ཞེས་སུ་གསུངས།། གྲུ་བཞི་པ་ལ་སྒོ་བཞི་པ།། དར་དང་མེ་ཏོག་འཕྲེང་བས་བརྒྱན།། སྒོ་ཁྱུང་དང་མི་བ་ཁྱེར་དང་།། རྦ་བབས་ཀྱིས་ནི་སོ་སོར་སྤྲས། ། དེ་ཡི་དབུས་སུ་ཁྲི་ཆེན་པོ།། ཀུན་ནས་ཡོངས་སུ་གྲུ་བཞི་པ།། དེ་ཡི་སྟེང་དུ་པད་ཆེན་པོ།། གེ་སར་ལྡན་ཞིང་རབ་མཛེས་པ།། དེ་ཡི་ལྟེ་བའི་དབུས་སུ་ནི།། སངས་རྒྱས་སྐུ་གཟུགས་དགོད་པར་བྱ། ། སངས་རྒྱས་ཀྱི་ནི་དྲུང་ཀུན་ཏུ།། སངས་རྒྱས་ཐམས་ཅད་དགོད་པར་བྱ།། སངས་རྒྱས་ཀུན་གྱི་ཉེ་འཁོར་དུ།། འཁོར་ལོ་སྒྱུར་བ་ལ་སོགས་བྲི།། ཕྱི་ཡི་གནས་ནི་ཐམས་ཅད་དུ།། སངས་རྒྱས་སྲས་པོ་རྣམ་པར་དགོད། ཁ་དོག་སེར་པོ་གཟི་བརྗིད་ཆེ།། དབང་ཆེན་དཀྱིལ་འཁོར་རབ་འབར་བ།། ཐམས་ཅད་རྣམ་པ་སྣ་ཚོགས་རྐྱེན།། བརྒྱན་པ་དེ་དག་དགོད་པར་བྱ།། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས་དབང་ཆེན་གྱི་དཀྱིལ་འཁོར་གྱི་ཆོ་གའོ། ། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་སླར་ཡང་ཆུའི་ལྷའི་དཀྱིལ་འཁོར་ཆེན་པོ་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། ། དཀྱིལ་འཁོར་ཆེན་པོ་མཆོག་གྱུར་པ།། ཆོས་ཀྱི་འཁོར་ལོ་འདྲ་བས་ན།། ཆོས་ཀྱི་འཁོར་ལོ་ཞེས་སུ་བརྗོད།། དེ་ཡི་ཕྱི་རོལ་གཉིས་པ་ལ།། ཟླུམ་པོ་རུ་ནི་རྟོགས་པར་བྱ།། རིམ་མང་པོ་སྣ་ཚོགས་པ། ། སྒོ་དང་སྒོ་ཁྱུད་བརྟག་པར་བྱ།། རྟ་བབས་རྣམ་པ་སྣ་ཚོགས་པ།། དར་དང་མེ་ཏོག་འཕྲེང་བས་བརྒྱན།། དེ་ཡི་དབུས་སུ་པད་ཆེན་པོ། གོ་སར་ལྡན་ཞིང་རབ་མཛེས་པ། འདབ་མ་བརྒྱད་ཀྱི་ཀ་བའི་མདུན།། དཀྱིལ་འཁོར་བརྒྱད་ཀྱིས་བརྒྱན་པའོ།། དཀྱིལ་འཁོར་དེ་ཡི་དབུས་སུ་ནི།། རྒྱལ་བ་ཐམས་ཅད་དཀར་པོར་མཆོག། ཁ་བ་བ་ཞོ་ལྟར་དཀར་གསལ། ། ཤེལ་དང་ཟླ་བ་ལྟ་བུའི་འོད།། ཀུན་ད་ཟླ་བ་ལྟར་དཀར་བརྟན།། ཟླ་བའི་དཀྱིལ་འཁོར་དབུས་སོན་པར།། དེ་ཡི་ཉེ་འཁོར་ཐམས་ཅད་དུ།། སངས་རྒྱས་སྲས་པོ་རྣམ་པར་དགོད། ཐམས་ཅད་ཟླ་བ་ལྟར་དཀར་ཞིང་།། ཟླ་བའི་དཀྱིལ་འཁོར་ལ་གནས་པ།། མཚོན་ཆ་སྣ་ཚོགས་ཟླ་བ་འདྲ།། ཟླ་བ་འབར་མཚུངས་མཉམ་མེད་པ།། ཆུ་ཡི་མིང་ཞེས་བྱ་བ་ཡི།། དཀྱིལ་འཁོར་དམ་པ་ཉིད་དུ་འདོད། ། རྡོ་རྗེ་སྙིང་པོ་བརྒྱན་གྱི་རྒྱུད་ཆེན་པོ་ལས། ཆུ་ལྷའི་དཀྱིལ་འཁོར་གྱི་ཆོ་གའོ།། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་མེ་ལྷ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ།། དཀྱིལ་འཁོར་ཆེན་པོ་མཆོག་གྱུར་པ།། རྡོ་རྗེ་ཡེ་ཤེས་གཟི་བརྗིད་མཚུངས།། རྡོ་རྗེ་གཟི་བརྗིད་ཅེས་སུ་བརྗོད།། གྲུ་གསུམ་རྣམ་པ་ཉིད་དུ་བྱ། ། སུམ་མདོའི་རིས་ཀྱི་རྣམ་པར་མཚུངས།། འབར་བའི་འཕྲེང་ཁྲུགས་འཇིགས་པའོ།། ཁ་དོག་དམར་པོ་སྟོབས་པོ་ཆེ།། འཇིག་པའི་དུས་ཀྱི་མེ་འདྲ་བ།། རྟག་ཏུ་པདྨ་རཱ་ག་མཚུངས། ། དེ་ཡི་དབུས་སུ་གཟི་བརྗིད་ཆེ།། ཉི་མའི་ཁ་དོག་སྟོབས་པོ་ཆེ།། རྡོ་རྗེ་རྩེ་གསུམ་སྣ་ཚོགས་པ།། སུམ་མདོའི་སྙིང་ཁར་གཞག་པར་བྱ།། བལ་པོ་སེའུའི་མེ་ཏོག་མཚུངས།། ཡ་བའི་མེ་ཏོག་དག་དང་འདྲ།། པདྨ་པདྨ་རཱ་ག་མཚུངས།། སངས་རྒྱས་དཔའ་བོ་ཡང་དགའབར།། བཟང་པོ་མཚལ་དང་མཚུངས་འདྲ་བ།། རྒྱ་སྐྱེགས་བཅུང་དང་འདྲ་བར་གནས།། དེ་ཡིཉེ་འཁོར་ཐམས་ཅད་དུ། ། དེ་བཞིན་སངས་རྒྱས་སངས་རྒྱས་སྲས།། ཁྲོ་བོ་དང་ནི་མངག་པ་དག། མཁས་པ་ཡིས་ནི་དགོད་པར་བྱ།། དེ་དག་ཐམས་ཅད་ཁ་དོག་དམར།། གཟི་བརྗིད་ཁམས་ལ་འོད་ལྡན་པ། ། འོད་ཟེར་དམར་པོ་རབ་འཕྲོ་བ།། ཉི་མའི་དཀྱིལ་འཁོར་དབུས་སོན་པར།། ཐམས་ཅད་དམར་པོའི་མཚོན་ཆ་ཅན།། དམར་པོའི་རྒྱན་གྱིས་རྣམ་པར་བརྒྱན།། དམར་པོའི་གོས་ཀྱིས་བཀབ་པའི་ལུས། ། འཕྲེང་བ་དམར་པོ་མཆོག་འཛིན་པ།། འདི་ནི་གཟི་བརྗིད་གཏེར་ཞེས་བྱ།། དཀྱིལ་འཁོར་མཆོག་ཏུ་འབར་བའོ།། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས། མེ་ལྷ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་རྫོགས་སོ། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་སླར་ཡང་རླུང་ལྷའི་དཀྱིལ་འཁོར་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། དཀྱིལ་འཁོར་ཆེན་པོ་མཆོག་གྱུར་པ།། རླུང་གི་ཁམས་དང་འདྲ་བས་ན།། རླུང་གི་དཀྱིལ་འཁོར་ཞེས་སུ་བཤད།། ཟླ་བ་ཕྱེང་པའི་རྣམ་པ་འདྲ།། དབྱར་གྱི་སྤྲིན་གྱི་འོད་དང་མཚུངས།། ཨཱཏྲ་སི་ཡི་མེ་ཏོག་འདྲ། ། ཨིནྡྲ་ནི་ལའི་འོད་དང་མཚུངས།། དེ་ཡི་དབུས་སུ་པད་ཆེན་པོ།། བཻ་ཌཱུཪྻ་ཡི་འོད་དང་འདྲ།། ཤིན་ཏུ་གནག་པའི་མིག་སྨན་མཚུངས།། སྔོན་དམར་གྱི་ནི་རྣམ་པར་གནས། ། དེ་ཡི་ལྟེ་བའི་དབུས་སུ་ནི།། སངས་རྒྱས་དཔའ་བོ་རབ་འབར་བ།། རྒྱལ་པོ་འཁྱིལ་པ་འབར་བའི་གཟི།། མཚན་མོ་ནག་མོ་ལྟ་བུར་གནས།། ཨུཏྤལ་སྔོན་པོ་འདས་མའི་ཚུལ། ། སྟོང་པ་ནམ་མཁའ་ལྟ་བུར་གནས།། དེ་ཡི་ཉེ་འཁོར་ཐམས་ཅད་དུ།། རྒྱལ་དང་རྒྱལ་བའི་སྲས་རྣམས་བྲི།། ཁྲོ་བོ་རྣམས་དང་མངག་པ་དང་།། དེ་བཞིན་པོ་ཉ་ཕོ་ཉ་མོ།། ཐམས་ཅད་སྣ་ཚོགས་བརྒྱན་གྱིས་བརྒྱན། ། དེ་བཞིན་ནག་པོའི་གོས་གྱོན་པ།། ཁ་དོག་ནག་པོ་ཐམས་ཅད་དུ།། བ་དན་རྣམ་པ་སྣ་ཚོགས་བསྣམས།། གདུགས་ནི་རྣམ་པ་དུ་མའི་དབྱིབས།། ཁ་དོག་སྣ་ཚོགས་ལེགས་འབར་བ། ། བླ་ར་རྒྱས་པ་མཉམ་པ་ནི།། ཁ་དོག་ནག་པོ་སྣ་ཚོགས་པ།། དངོས་པོ་ཀུན་གྱི་རང་བཞིན་གྱིས།། མདོར་བསྡུས་ནས་ནི་བསྒོམ་པར་བྱ།། དཀྱིལ་འཁོར་ཆེན་པོ་འདི་ལྟ་བུ། སངས་རྒྱས་ཀུན་གྱིས་རྗེས་སྐྱོབ་པ།། བྲིས་ནས་ཤེས་རབ་ཅན་གྱིས་བསྒོམས།། གལ་ཏེ་དངོས་གྲུབ་རང་འདོད་ན།། རྡོ་རྗེ་སྙི་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས། རླུང་ལྷའི་དཀྱིལ་འཁོར་གྱི་ཆོ་གའོ། ། །། དེ་ནས་བཅོམ་ལྡན་འདས་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སླར་ཡང་བསྡུ་བས་བྱོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་སྒྲུབ་པའི་ཐབས་བསྐྱེད་དུ་གསོལ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣམ་འབྱོར་གྱི་དབང་ཕྱུག་ཆེན་དེ་རྣམས་ཀྱིས་གསོལ་བ་བཏབ་པའི་ཚིག་ཉེ་བར་གསན་ནས། སྒྲུབ་པའི་ཐབས་ཀྱི་ཆོ་ག་མཆོག་ཏུ་གསང་བ་ཆེན་པོ་བཀའ་སྩལ་པ། སྒེག་མོ་སོགས་པས་མཆོད་པ་ཀུན། ། ཡང་དག་མདོར་བསྡུས་བྱས་ནས་ནི།། སངས་རྒྱས་ཀུན་གྱི་སྐུ་ཆེན་པོར།། བདག་གིས་རྟག་ཏུ་བསྒོམ་པར་བྱ།། སྔགས་ཀྱི་ཡི་གེ་ཡང་དག་ལྡན།། འདོད་པ་སྦྱར་བའི་སྐུ་རུ་བྱ། སྒྲ་དང་གཟུགས་དང་དེ་བཞིན་སྦྱོར།། ཡི་གེའི་འཕྲེང་བ་དེ་བཞིན་ཏེ།། ཟླ་བའི་དཀྱིལ་འཁོར་དབུས་གནས་པ།། སྔགས་པས་ཐམས་ཅད་རྣམ་པར་བསམ།། ཧཱུཾ། སྔགས་པས་སྙིང་ཁར་སོན་པ་བསྒོམ། ། གསང་སྔགས་དགེ་བ་བརྗོད་ནས་སུ།། དེ་བཞིན་གཤེགས་པའི་རིགས་དག་པ།། དུང་གི་སྒྲ་རུ་རབ་ཏུ་བརྗོད།། དྲིལ་བུའི་སྒྲ་ནི་རབ་གསལ་བ།། པདྨོ་རྣ་ལ་འབྱོར་དབང་ཕྱུག་གོ། དུས་མིན་སྤྲིན་གྱི་ཧཱུཾ་གི་སྒྲ།། ཙ་ཊ་ཙ་ཊའི་སྒྲ་འཕྲོ་བ།། རྡོ་རྗེ་རིན་ཆེན་དབང་ཕྱུག་གི། སྒྲ་རུ་དེ་བཞིན་གཤེགས་རྣམས་གསུངས།། ནོར་བུ་ལས་ཀྱི་རིགས་ཀྱི་ཡང་།། རྔ་ཆེན་ཟླ་རུ་རབ་ཏུ་བཤད། ། པི་ཝང་གླིང་བུ་དེ་བཞིན་གྲུ།། གར་གྱི་རྒྱན་གྱི་སྒྲ་དང་ནི།། རྫ་རྔའི་ངར་སྒྲ་ཧཱུ~ཾ་གི་སྒྲ།། སྤྱི་ཡི་ཉིད་དུ་རབ་ཏུ་བཤད།། རྟོག་པ་ཀུན་ལ་རྣམ་པར་སྦྱར།། སྒྲུབ་པའི་ཐབས་ཀྱི་ལས་རྣམས་དང་། ། དེ་ནས་གཟུགས་ཀྱི་བཟླས་པ་མཆོག། གོ་རིམས་ཇི་བཞིན་རབ་ཏུ་བཤད།། དགུག་དང་གཞུག་དང་བཅིང་བ་དང་།། ལྷ་རྣམས་དབང་དུ་བྱ་བ་སྟེ།། དེ་ལ་རང་གི་ཚུལ་རབ་སྦྱར།། སྔགས་དང་ཕྱག་རྒྱ་རབ་ཏུ་སྦྱར།། དེ་རྗེས་རྣམ་པ་ཀུན་གྱི་མཆོག། རྟག་ཏུ་ལུས་ཆེན་བསམ་བྱ་བསམ། ལྷ་ཡི་སྐུ་གཟུགས་བསྒོམ་པར་བྱ།། ལག་པའི་ཕྱག་རྒྱ་རབ་ངེས་པའི། ཕྱག་རྒྱའང་སྙིང་ཁར་སོན་ཞེས་བྱ།། རང་གི་རིགས་རིམས་ཆོ་ག་ཡིས།། དེ་ཡི་ལུས་ནི་འོད་གསལ་ཞིང་།། སྒྲོན་མའི་འོད་ལྟར་གསལ་བའི་ཁྱིམ།། དེ་ལྟར་ཀུན་ནས་ཐམས་ཅད་དུ།། ཀུན་ནས་བསྤུའི་རྩེ་དག་ནས།། འོད་ཟེར་འབར་བའི་འཕྲེང་དགེ་བས།། གཟུགས་ཀྱི་བཟླས་པ་ཞེས་སུ་བཤད།། དེ་ནས་སྦྱོར་བའི་བཟླས་པ་ནི།། གསང་སྔགས་སྒྲུབ་པོས་བརྩམ་པར་བྱ།། མཆོ་དང་བྱིན་བརླབས་དབང་བསྐུར་མཆོག། སྤྲོ་ལ་སོགས་རིམས་ཐམས་ཅད་དུ།། སྦྱོར་བའི་བཟླས་པ་གཙོ་བོ་འདི།། འབད་པ་ཡིས་ནི་རབ་ཏུ་བཤད།། སྙིང་ཁ་མགྲིན་པ་མཆུ་ལྕེ་མིན།། རྐན་དང་སྤྱི་བོ་ཉིད་མ་ཡིན། ། ནང་མིན་ཕྱི་དང་གཉིས་པར་མིན།། ཆོས་ནི་འབའ་ཞིག་ཁོ་ན་ལ།། བཟླས་པའི་སྒྲ་ཡང་འབྱུང་མ་ཡིན།། འདི་ནི་བཅོམ་ལྡན་རྣལ་འབྱོར་ཆེ།། ཤེས་རབ་ཕ་རོལ་ཕྱིན་གསལ་བ། ། སྒོམ་པའི་སྔགས་པ་དེ་ཉིད་ནི།། རྣལ་འབྱོར་པ་ཡི་གནས་སུ་བཤད།། དེ་ནས་སྟེང་དུ་མདོར་བསྡུས་ཏེ།། སྙིང་པའི་དཀྱིལ་འཁོར་རབ་ཟླུམ་པ།། ཟླ་བ་གང་བ་ལྟར་བསམ་བྱ།། དྲི་མ་མེད་ཅིང་ལེགས་པར་གནས། ། དེ་ལ་ཡི་གེ་རྣམ་པར་དགོད།། ཚིག་གི་འཕྲེང་བ་མ་ཆད་པ།། མུ་ཏིག་འཕྲེང་བ་ལྟར་བརྒྱུས་པ།། ཆར་སྤྲིན་གྱི་ནི་མེ་འདྲའི་འོད།། དེ་ཚེ་ཐམས་ཅད་གསལ་བར་བྱེད།། ལྷ་ཡི་ལུས་ནི་སྣང་བྱེད་ཅིང་།། ཛི་ལྟ་ཇི་ལྟར་ཡི་གེའི་འཕྲེང་།། མཆོག་གི་ལུས་ལ་རབ་འཇུག་པ།། དེ་ལྟ་དེ་ལྟར་སྔགས་ཀྱི་ལུས།། ལྷ་ཡི་བདག་ཉིད་ཉིད་དུ་འགྱུར།། མཐུ་སྟོབས་ལྷ་དབང་། ཐམས་ཅད་ནི།། ཚུངས་པ་ཁྱབ་འཇུག་ལས་ཆེར་ལྷག། བཟླས་པ་དེ་ཉིད་མཆོག་འདི་ནི།། སངས་རྒྱས་ཀུན་གྱིས་བསྔགས་པའོ།། ཇི་ལྟར་སེམས་ནི་བསྒོམ་པ་ཡིས།། དེ་ལྟར་དངོས་གྲུབ་མཆོག་ཏུ་འགྱུར། ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས། བཟླས་པའི་དེ་ཁོ་ན་ཉིད་ཀྱི་ལེའུའོ།། །། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དེ་བཞི་གཤེགས་པ་ཐམས་ཅད་ཀྱི་བསྟོད་པ་རིན་པོ་ཆེ་བཀའ་སྩལ་པ། མཉམ་མེད་མི་གཡོ་མཉམ་མེད་མཆོག་གི་ཆོས་ཉིད་ཅན།། ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད།། ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ།། དྲི་མེད་མི་གཡོ་མཉམ་མེད་དམ་པའི་མཆོག་ཆོས་ཅན།། ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ།། དཔེ་ནི་ནམ་མཁའ་དང་ཡང་བསྐྲུན་དུ་ཡོད་མ་ཡིན། ། དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས།། སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ།། རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང་། ། སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན།། འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ།། ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་།། ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། ། བདེ་བར་གཤེགས་པའི་གནས་སུ་གཤེགས་ཀྱང་ཨེ་མ་ཆོས་ཉིད་བཟང་།། བདེ་བར་གཤེགས་པ་གོ་འཕང་དམ་པ་བརྙེས་གྱུར་ཀྱང་། ། ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི།། ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོང་མི་འགྱུར།། ཨེ་མའོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་མཆོག་བརྙེས་པ།། ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད།། མགོན་པོ་དུས་གསུམ་སྒྲིབ་པ་མེད་པ་རབ་མཁྱེན་པས། དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་གསོལ།། འདི་དེ་སངས་རྒྱས་ཐམས་ཅད་ཀྱི།། ཡང་དག་ཡོན་ཏན་རྒྱས་པ་སྟེ།། ལན་ཅིག་ཙམ་ཞིག་བརྗོད་པས་ཀྱང་།། གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། ། བསྟོད་པའི་རྒྱལ་པོ་འདི་ཡིས་ནི།། དེ་བཞིན་གཤེགས་དེ་ཀུན་བསྟོད་ན།། རབ་ཡངས་དངོས་གྲུབ་སྩོལ་འགྱུར་ཏེ།། བསྐལ་པར་གནས་ཤིང་བསྐལ་པར་བསྐུལ། ། ལུས་ནི་གཡོ་བ་མེད་པ་རུ།། བདག་ཉིད་བརྟན་པར་བྱས་པ་ཡིས།། མགོན་པོ་ཆེན་པོ་རྣམ་སྣང་མཛད།། མི་བསྐྱོད་རིན་ཆེན་འབྱུང་གནས་དང་།། རྒྱལ་བ་དག་པ་འོད་དཔག་མེད།། དོན་གྲུབ་རྒྱལ་པོ་ཐམས་ཅད་དུ།། དངུལ་ཆུ་བཅུད་ལེན་དེ་ཉིད་དང་།། མཆོག་ཀྱང་རབ་ཏུ་གསོལ་བར་བྱེད།། དངོས་གྲུབ་ཡིད་འོང་མ་ལུས་པ།། རྒྱས་པའི་དོན་དང་ཕུན་སུམ་ཚོགས།། རབ་ཐམས་ཅད་ཡོངས་རྫོགས་པ། ། ཡིད་ལ་འདོད་པ་སྟེར་བར་བྱེད།། ཡེ་ཤེས་ཚེ་དང་སྟོབས་དང་ཤུགས། མཆོག་ཏུ་དགེ་བ་གསོལ་བར་མཛད།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟོད་པའི་རྒྱལ་པོ་ཞེས་བྱ་བ་རྫོགས་སོ། ། །། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པ་བཀའ་སྩལ་པ། ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད།། སྨྱུང་བར་གནས་པའི་ཆོ་ག་མེད།། ཇི་ལྟར་བཤད་པ་ཆོ་གས་བསླབ་པའི་གནས་ཉེ་བར་བཟུང་སྟེ། གང་ཡང་རུང་བའི་ཡང་དགའ་བར་ཇི་ལྟར་རུང་བའི་དཀྱིལ་འཁོར་བྱས་ཏེ། མེ་ཏོག་སིལ་མ་བཀྲམ་ལ། བདུག་སྤོས་ཀྱིས་བདུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཇི་ལྟར་ནུས་པའི་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་པ་བྱས་ཏེ། སྔགས་འདིས་ཡིད་ཀྱིས་ཀྱང་སྡིག་པ་བཤགས་ཏེ། ཨོཾ་སརྦ་པཱ་པཱུ་ཏ་ཀཱ་ཡི་ཀ་བཱ་ཀ་ཙིཏྟ་མ་ན་སོང་བྷཱུ་ཏཱ་ན་རཱ་ག། དྭེ་ཥ་མོ་ཧ་མ་ད་མཱ་ན་བིཥྚེ་ཎ་ཡང་ཀྲི་ཏཾ་ཏན་ཏྲཾ་ཀཱ་ལི་ཀཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཕཊ། སརྦ་པཱ་པ་སྥོ་ཊ་ཡཱ་མི་སྭཱ་ཧཱ། ཨོཾ་སརྦ་པཱན་པྲ་ཏི་དེ་ཤ་ཡཱ་མི་སྭཱ་ཧཱ། དེའི་རྗེས་ཐོགས་ལ་བདག་ཉིད་ཀྱི་དངོས་པོ་དབུལ་བར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱན་ཨཱད་མ་བྷཱ་བ་ནི་ར་ཡཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏཿཔྲ་ཏི་གྲྀཧྞན་ཏུ་མཱཾ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་པུཎྱ་ཛྙཱ་ན་སཾ་བྷ་རཱན་ཨ་ནུ་མོ་དི་ཡཱ་མི་སྭཱ་ཧཱ། ཡང་དང་ཡང་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་རང་བཞིན་གྱིས་གྲུབ་པའི་སྔགས་ཀྱིས་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མནྟ་བྷ་དྲ་མ་ཧཱ་བཛྲ་ས་མ་ཡ་མ་ཧཱ་བོ་དྷི་ཙིཏྟ་ཨུཏ་པཱ་ད་ཡ་མི་སྭཱ་ཧཱ། དེ་ནས་བྱང་ཆུབ། ཀྱི་སེམས་བསྐྱེད་པའི་རྗེས་ཐོགས་ལ་ཟླ་བའི་ཁ་དོག་ཅན་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ། ས་བཅུའི་དབང་ཕྱུག་ནེར་བུ་རིན་པོ་ཆེ་། ཆེན་པོའི་པདྨའི་སྙིང་པོ་སེང་གེའི་ཁྲིའི་སྟང་དུ་བདག་ཉིད་བསམ་པར་བྱའོ།། ཨོཾ་བུད་དྷོཧཾ། སྔགས་འདིས་བདག་ཡོངས་སུ་དག་པར་བྱས་ཏེ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་ཏ་ཐཱ་ག་ཏཱཿསྭ་བྷཱ་བ་ཤུ་དྷོཧཾ། སྔགས་འདིས་བདག་ཉིད་ཆོས་ཀྱི་དབྱིངས་ཡངས་པ། འོད་གསལ་བའི་སྣང་བ་ཤིན་ཏུ་གནས་པར་བྱས་ཏེ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོཧཾ། དེ་ནས་སྐྱེས་བུ་ཆེན་པོའི་མཚན་སུམ་དུ་རྩ་གཉིས་ཀྱིས་བརྒྱན་པར་བདག་ཉིད་བྱིན་གྱིས་བརླབས་ཏེ། འཇིག་རྟེན་ཐམས་ཅད་ལས་ཤིན་ཏུ་འདས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུར་བདག་ཉིད་སྔགས་འདིས་གནས་པར་བྱ་སྟེ། ཨོཾ་པྲ་བྷཱ་སྭ་རོཧཾ། དེ་བཞིན་དུ་རིམ་པ་འདིས་ཆོས་ཀྱི་དབྱིངས་རྒྱ་ཆེན་པོར་སྤྲོས་ནས། བདག་ཉིད་སངས་རྒྱས་ཉིད་དོ་ཞེས་ང་རྒྱལ་བསྐྱེད་ལ། བདག་སྐྱེ་དགུ་མ་ལུས་པའི་དཔུང་གཉེན་དུ་བྱས་ལ། ཆོས་ཀྱི་དབྱིངས་ཡངས་པ་འོད་གསལ་བར་ལྷན་ཅིག་གནས་པར་བྱ་སྟེ། ཉེ་བར་རྒྱས་པར་ཐུན་མཚམས་བཞིར་བཟླས་པ་བརྩམ་པར་བྱ་སྟེ། ཐུན་མཚམས་གསུམ་དུ་དུས་ཇི་ལྟ་བར་ཡི་གེ་ལ་རྗེས་སུ་གཞོལ་བའི་ཡིད་ཀྱིས་འབུམ་ཕྲག་ཉི་ཤུ་བཟླས་པར་བྱ་ཞིང་། ཉི་མ་རེ་རེར་སྟོང་ཕྲག་བརྒྱད་དམ་སྟོང་ཕྲག་རེ་བཟླས་ཏེ། ཇི་སྲིད་མཚན་མ་ཐོབ་པ་དེ་སྲིད་དུའོ།། ཙན་དན་དང་། ག་བུར་དང་། གུར་ཀུམ་ལ་སོགས་པ་རྣམས་ཀྱིས་དཀྱིལ་འཁོར་བྱས་ཏེ། ཉེ་བར་མཁོ་བ་ཐམས་ཅད་ཀྱིས་མཆོད་པ་བྱས་ནས་ཆོ་འཕྲུལ་གྱི་ཟླ་བ་འམ། ས་གའི་ཉགང་བ་ལ་མར་གྱི་མར་མེ་སྟོང་ཕྲག་བརྒྱད་སྦར་ལ། རྡོ་རྗེ་སྐྱིལ་ཀྲུང་གིས་གནས་ཏེ། སྣ་མའི་མེ་ཏོག་གམ། མེ་ཏོག་པདྨས་དེ་བཞིན་གཤེགས་པ་ཐམས་ཅད་དང་མཆོད་རྟེན་ལ་མཆོད་དེ། ཇི་སྲིད་འབྲུག་གི་སྒྲ་སྒྲོག་པ་མ་ཐོས་པ་དེ་སྲིད་དུ་བཟླས་པར་བྱའོ། ། དེ་ནས་དེ་བཞིན་གཤེགས་པའི་སྐུ་བདག་ལ་གསལ་བར་འགྱུར་བར་ཤེས་པར་བྱའོ།། དེ་ནས་སྲེག་བླུགས་འབུམ་ཕྲག་གཅིག་དགང་བར་བྱས་པས་མཚན་མ་ཐམས་ཅད་གསལ་བར་འགྱུར་རོ། ། བྱེ་བ་ཕྲག་བཞི་བཟླས་པས་དབང་ཕྱུག་ཆེན་པོ་ལ་སོགས་པའི་སེམས་ཅན་ཐམས་ཅད་དབང་པུར་གྱུར་རོ།། དེ་ནས་སྒྲུབས་པ་ཆེན་པོ་བྱེད་པར་འདོད་པས། དེ་བཞིན་གཤེགས་པའི་མཐོ་གང་བའི་ཚད་ཀྱིས་དེ་བཞིན་གཤེགས་པའི་མཆོད་རྟེན་བྱས་ལ། མཆོད་རྟེན་རེ་རེའི་མདུན་དུ་སྟོང་ཕྲག་རེ་རེ་བཟླས་པའམ། ཡང་ན་དྲིའི་མཆོད་རྟེན་གྱི་དྲུང་དུ་འབུམ་ལྷག་པའི་བྱེ་བ་ཕྲག་བདུན་བཟླས་སོ། ། བདེ་བར་གཤེགས་པའི་མཐོ་གང་བའི་ཚད་ཀྱི་མཆོད་རྟེན་ཉི་མ་རེ་རེ་ལ་རར་ཇི་སྲིད་བྱེ་བ་ཕྲག་བདུན་བཟླས་པ་རྫོགས་པ་དེ་སྲིད་དུ་བྱའོ།། ཐ་མའང་མཆོད་རྟེན་འབར་བའི་འོད་དེས་སྒྲུབ་པའི་ལུས་ལ་ཞུགས་པས་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ལ་སོགས་ནས། ཇི་སྲིད་དག་པའི་གནས་ཀྱི་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་རྣམས་མེ་ཏོག་གི་ཆར་འབེབས་པར་འོང་བར་འགྱུར་རོ། ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་ལ་སོགས་པ་འོངས་ནས་ཀྱང་བསྟོད་པར་བྱེད་ཅིང་། ཇི་སྲིད་ཨཱ་བཱི་ཙི་མནར་མེད་པའི་བར་གྱི་སེམས་ཅན་དམྱལ་བ་ཐམས་ཅད་བསིལ་བར་འགྱུར་རོ།། ཡི་དགས་རྣམས་ཀྱང་ཡི་དགས་ཀྱི་སྡུག་བསྔལ་ལས་རྣམ་པར་གྲོལ་བར་འགྱུར་རོ། ། སྡུག་བསྔལ་བ་རྣམས་ཀྱིས་སེམས་ཅན་རྣམས་ལ་གདུང་བར་མི་འགྱུར་རོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་གཟིགས་པར་འགྱུར་རོ།། དེའི་རྗེས་ལ་ལུས་དང་བ་གསེར་གྱི་མདོག་ལྟ་བུ་དང་། ལོ་བརྒྱད་གཉིས་ཀྱི་རྣམ་པ་ཅན་དང་། ཏིང་ངེ་འཛིན་དང་། ཡེ་ཤེས་ཐོབ་པ་དང་། ཁ་དོག་དང་། ཚེ་དང་། སྟོབས་དང་། ཤུགས་དང་། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་། འཇིག་རྟེན་གྱི་ཁམས་སུ་རྒྱུ་བ་དང་། འཁོར་ལོ་སྒྱུར་བ་ལྟར་ཆེ་བ་དང་། སངས་རྒྱས་ཐམས་ཅད་ཀྱིས་མངོན་པར་བསྟོད་ཅིང་སྟེང་དུ་འགྲོ་བ་དང་། རིག་པ་འཛིན་པའི་རྒྱལ་པོར་འགྱུར་བ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རིག་པ་འཛིན་པའི་རྒྱལ་པོ་རིག་པ་འཛིན་པ་བྱེ་བ་ཕྲག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་བ་དང་། ལྷའི་བུ་མོ་བྱེ་བ་ཕྲག་དུ་མས་ཡོངས་སུ་བསྐོར་བ་དང་། ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སུ་རྫུ་འཕྲུལ་གྱིས་འགྲོ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་ཆེན་པོའི་སྤྲིན་གྱིས་ལེགས་པར་མཆོད་ཅིང་གྲུབ་པ་ཐམས་ཅད་འོད་ཀྱིས་ལྷུང་བར་འགྱུར་རོ། ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བའི་སྟན་ཕྱེང་སྟེར་བར་འགྱུར་རོ།། གཟི་བརྗིད་དང་། གཟུགས་དང་། དཔ་བས་རིག་པ་འཛིན་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའི་སའང་སོ་སོར་ཐོབ་པར་འགྱུར་རོ།། སེམས་ཅན་ཐམས་ཅད་འདུལ་བ་ལ་མཁས་པར་འགྱུར་རོ།། ཕྱི་མའི་མཐར་ཚེ་བྱིར་གྱིས་བརླབས་ཏེ། སངས་རྒྱས་ཐམས་ཅད་བསྐྱེད་པ་མཐོང་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱ་བ་ངེས་པར་སྟོན་པར་འགྱུར་རོ།། མཆོད་པའི་སྤྲིན་ཐམས་ཅད་འབྱུང་བར་འགྱུར་རོ། ། བྱང་ཆུབ་སེམས་དཔ་ཆེན་པོ་ཀུན་ཏུ་བཟང་པོ་དང་། བྱམས་པ་དང་། འཇམ་དཔལ་དང་མཚུངས་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་སྒྲུབ་པའི་ཐབས་ཞེས་བྱ་བ་སྟེ་དང་པོའོ། ། སྒྲུབ་པའི་ཐབས་གཉིས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་བྱ་སྟེ། གིའུ་ཝང་དམ་ལྡོང་རོས་པདྨའི་སྣོད་དུ་བཞག་ལ། ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་བྱུང་བ་དེ་སྲིད་དུ་བཟླས་པར་བྱའོ། ། སེམས་ཅན་ཐམས་ཅད་དབང་དུ་འགྱུར་བ་དང་། མི་སྣང་བ་དང་། རིག་པ་ཐམས་ཅད་འཛིན་པ་ཉིད་དོ།། རིག་པ་འཛིན་པར་གྱུར་ནས་ཉི་མ་སྤོང་ཤར་བའི་ཁ་དོག་དང་། ལོ་བརྒྱད་གཉིས་ཀྱི་རྣམ་པར་སྒྲ་ལི་ཞིང་འཁྱིལ་བ་དང་། གདུ་བུ་དང་ལྡན་ཞིང་ལྷའི་བུ་མོ་བྱེ་བ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་། རིག་པ་འཛིན་པའི་གྲུབ་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ་དང་། བསྐལ་པ་ཆེན་པོའི་མཐར་གནས་པ་དང་། རིག་པ་འཛིན་པ་ཐམས་ཅད་ཀྱི་དབང་ཕྱུག་ཏུ་འགྱུར་རོ།། རིམ་པ་འདིས་རྩེ་གསུམ་བསྒྲུབས་ནན་དབང་ཕྱུག་ཆེན་པོར་འགྱུར་རོ། ། མཆོད་ཕྱིར་ཐོགས་བསྒྲུབས་ན་ཚངས་པར་འགྱུར་རོ།། འཁོར་ལོས་ཁྱབ་འཇུག་ཏུ་འགྱུར་རོ།། གྲོག་མཁར་གྱི་རྩེ་མོའི་ས་བཟུང་སྟེ་ས་སྲུངས་ཀྱི་བུ་བྱས་ལ། དེ་ལ་ཞོན་ཏེ་བཟླས་ན་དབང་པོར་འགྱུར་རོ། ། ཉི་མའི་དཀྱིལ་འཁོར་བྱས་ཏེ། དེའི་སྟེང་དུ་བསྟང་ན་ཉི་མ་དང་མཚུངས་པར་འགྱུར་རོ།། ཟླ་བའི་དཀྱིལ་འཁོར་གྱི་ཟླ་བའི་སྟེ། འདི་ཉིད་ཀྱིས་ལྷའི་བྱེ་བྲག་ཀྱ་གི་མཚན་མ་བཟུང་སྟེ། དེས་དེའི་ལོངས་སྤྱོད་ལ་སྤྱོད་པར་འགྱུར་རོ།། དེ་བཞིན་དུ་རིམ་པ་འདས་དངུལ་ཆུ་འམ་བཅུད་ལེན་གང་བསྒྲུབས་པ་དེ་འགྲུབ་པར་འགྱུར་རོ།། གལ་ཏེ་མ་གྲུབ་ན་དེའི་ཚེ་སྒྲུབ་པ་ལན་བདུན་བྱའོ། ། བདུན་བྱས་པས་ཅི་ནས་ཀྱང་འགྲུབ་པར་འགྱུར་རོ་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་སྒྱུར་བས་བཀའ་སྩལ་པ། འབུམ་ཕྲག་གསུམ་བཟླས་པས་རི་བོ་ལྷུན་པོའི་ཚད་ཙམ་གྱི་རི་བོའང་ཧཱུཾ་ཞེས་བརྗོད་པས་ལྟུང་བ་དང་། རྒྱ་མཚོ་སྐེམས་པ་དང་། ལྗོན་པ་དྲུང་ནས་འབྱིན་པ་དང་། བུམ་པ་ནམ་མཁའ་ལ་འཕེན་པ་དང་། གླང་པོ་ཆེ་རེངས་པར་བྱེད་པ་དང་། ཕ་རོལ་གྱི་སྡེ་མངོན་པར་འཇོམ་པར་བྱེད་པ་དང་། བར་སྣང་ན་གནས་པ་ཐམས་ཅད་ལྟུང་བར་བྱེད་དོ།། སེམས་ཅན་ཐམས་ཅད་འབེབས་པར་བྱེད་དོ།། སྒྲུབ་པ་པོ་ལས་གང་དང་གང་སྒྲུབ་པར་འདོད་པ་དེ་དང་དེ་ཐམས་ཅད་བྱེད་དོ། ། ཡང་ཟླ་བ་གཅིག་ཙམ་མི་སྨྲ་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་བདག་ཉིད་བསྒོམས་ན་སངས་རྒྱས་ཐམས་ཅད་མཐོང་བར་འགྱུར་རོ།། སྒྱུ་འཕྲུལ་དྲ་བ་ཐམས་ཅད་སྟོན་པར་འགྱུར་རོ། ། ནམ་མཁའ་ལ་གནས་ཤིང་འཆག་པར་བྱེད་དོ།། མེ་འབར་བ་དང་གློག་འགྱུ་བ་ལ་སོགས་པ་སྟོན་པར་བྱེད་དོ།། གཅིག་ཏུ་གྱུར་ནས་མང་པོར་འགྱུར་རོ།། འཇིག་རྟེན་གྱི་ཁམས་སྟོང་ཕྲག་ཀྱང་གཡོ་བར་བྱེད་དོ། ། སྒྲུབ་པ་པོས་བྱེ་བ་བདུན་བཟླས་ནས་འདི་དག་ཐམས་ཅད་བསྒྲུབ་པར་བྱའོ།། རིམ་པ་འདིས་ལྷུང་བཟེད་དང་། ཆོས་གོས་དང་། སྣམ་སྦྱར་དང་འཁར་གསིལ་ལས་གང་ཡང་རུང་བ་བཟུང་ནས། ཇི་སྲིད་རིག་པ་འཛིན་པར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ།། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བ་དང་། སྤྲུལ་པ་དུ་མ་བྱེད་པ་དང་། འདོད་ན་འཆི་བ་དང་སྐད་ཅིག་ཙམ་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉེ་བར་གནས་པར་བྱེད་དོ།། སངས་རྒྱས་ཀྱི་གཟུགས་ཀྱིས་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ཀྱང་བྱེད་དོ། ། སྒྲུབ་པའི་ཐབས་གཞན་ཡང་བདེ་བར་གཤེགས་པའི་མཐོའི་ཚད་ཀྱིས་མཆོད་རྟེན་འབུམ་ཕྲག་གཅིག་བྱས་ཏེ། རྨ་མེད་པའི་རལ་གྲི་བླངས་ཏེ་ཆོ་འཕྲུལ་གྱི་ཟླ་བ་བྱེད་ལ་ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་མཆོད་དེ། བརྒྱད་པ་འམ། བཅུ་བཞི་པ་འམ། ཉ་གང་བ་ལ་སྐྱིལ་ཀྲུང་བཅས་ཏེ་ཇི་སྲིད་དུ་རལ་གྲི་འབར་བ་དེ་སྲིད་དུ་བཟླ་བར་བྱའོ།། དེའི་རྗེས་ཐོགས་ཉིད་ལ་རྔ་བོ་ཆེ་རྣམས་ཀྱི་སྒྲ་གྲག་གོ། ། སྟེང་ནས་མེ་ཏོག་གི་ཆར་འབབ་པར་འགྱུར་རོ།། ལྡན་ཅིག་པ་ཇི་སྙེད་པ་དང་བཅས་པ་སྟེང་དུ་འགྲོའོ།། རིག་པ་འཛིན་པ་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ།། རིག་པ་འཛིན་པའི་རྒྱལ་པོ་ཆེན་པོར་འགྱུར་རོ། ། རལ་གྲིའི་རིག་པ་འཛིན་པ་ཆེན་པོའི་འཁོར་ལོ་སྒྱུར་བ་རྣམ་པ་སྣ་ཚོགས་པའི་ཆ་ལུགས་དང་རྒྱན་འཆང་བ་འདོད་དགུར་རྒྱུ་བ་དང་། སྐད་ཅིག་ཙམ་གྱིས་འཇིག་ཅེན་ཀྱི་ཁམས་ཐམས་ཅད་དུ་རྣམ་པར་དཔྱོད་པ་དང་། རྒ་ཤི་མེད་པ་དང་། ཉི་མ་རེ་རེ་ཞིང་སངས་རྒྱས་ཀྱི་བདག་ཉིད་ཆེ་བ་མཐོང་བ་དང་། མཆོད་པའི་སྤྲིན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་མཆོད་པའི་ཆར་འབེབས་པ་དང་། བསྐལ་པ་ཆེན་པོ་སྟོང་ཕྲག་ཏུ་འཚོ་བར་འགྱུར་རོ།། དེ་ནས་སྒྲུབ་པའི་ཐབས་གཞན་ཡང་འཁོར་ལོ་འམ་པ་ཊི་ས་བླངས་ཏེ། འབུམ་ཕྲག་ཉི་ཤུ་བཟླས་པ་ཡོངས་སུ་རྫོགས་པ་དང་དཔལ་གྱི་སྒོར་སོང་སྟེ། ནིམ་པའི་ལོ་མཚ་བའི་མར་ཁུ་ལ་བཏགས་པ་འབུམ་ཐག་གཅིག་སྲེག་བླུགས་བྱའོ།། ལྷ་མ་ཡིན་གྱི་འཁྲུལ་འཁོར་ཐམས་ཅད་འབྱེད་པར་འགྱུར་རོ།། མ་ཡིན་གྱི་བུ་མོ་ཐམས་ཅད་འོང་བར་འགྱུར་རོ།། གལ་ཏེ་མ་གྲུབ་ན་འབུམ་ཕྲག་གཉིས་སམ་གསུམ་དུ་སྲེག་བླུགས་བྱའོ།། ལྷ་མ་ཡིན་གྱི་བུ་མོ་ཐམས་ཅད་བསྲེགས་བཞིན་དུ་འོང་བར་འགྱུར་རོ།། འོངས་ནས་ཀྱང་སྒྲུབ་པ་པོ་ལ་ཞུ་བར་བྱེད་དེ། ཀྱེ་སྐྱེས་བུ་དབའ་བོ་འཇུག་ཏུ་གསོལ་ཞེས་སྨྲའོ།། དེ་ནས་གྲོགས་དང་བཅས་པས་འཇུག་པར་བྱའོ།། རལ་གྲིའམ་འཁོར་ལོ་དེ་བཟུང་ནས་སྒྱུ་མ་ཡིན་གྱི་རིག་པ་འཛིན་པའི་རྒྱལ་པོར་འགྱུར་རོ། ། ས་འོག་གི་རྫས་རྣམས་ཀྱི་མངའ་བདག་ལྷ་མ་ཡིན་གྱི་བུ་མོ་ཐམས་ཅད་ཀྱི་བདག་པོ་གསང་སྔགས་གྲུབ་པ་གཞན་ཐམས་ཅད་དང་། ལྷ་མ་ཡིན་གྱི་རིག་པ་འཛིན་པ་རྣམས་ཀྱི་དབང་ཕྱུག། ས་འོག་ཐམས་ཅད་ཀྱི་བདག་པོ། ལྷ་མ་ཡིན་ཆེན་པོའི་སྤྲུལ་པ་བྱེད་པ་པོ་བསྐལ་པ་ཆེན་པོར་གནས་པ། ཁྱབ་འཇུག་གི་འཁོར་ལོ་ཧཱུཾ་ཞེས་བྱ་བ་བརྗོད་པ་ཙམ་གྱིས་ལྷག་པར་བྱེད་པ། ཁྱབ་འཇུག་ཀྱང་ཧཱུཾ་ཞེས་བརྗོད་པ་ཙམ་གྱིས་རླག་པར་བྱེད་ན། གཞན་ལྷ་སྨོས་ཀྱང་ཅི་དགོས་སྒྲུབ་པའི་ཐབས་གཞན་ཡང་བདེ་བར་གཤེགས་པའི་མཆོད་རྟེན་འབུམ་ཕྲག་སུམ་ཅུ་བྱས་ཏེ། མཆོད་རྟེན་རེ་རེའི་མདུན་དུ་སྟོང་ཕྲག་བརྒྱད་བརྒྱད་བཟླ་བར་བྱའོ།། ཐམས་ཅད་ལ་ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་མཆོད་ལ། ཐ་མར་མེ་ཏོག་ཅན་གྱི་ལྕགས་ལས་བྱུང་བའི་འཁོར་ལོ་རྩིབས་དྲུག་པ་མཐོ་གང་ཙམ་པ་བཟུང་ནས་ཆོ་འཕྲུལ་གྱི་ཟླ་བ་ཕྱེད་པ་སྐྱིལ་མོ་ཀྲུང་བཅིངས་ཏེ། ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ།། དེ་བླངས་པས་རིག་པ་འཛིན་པའི་འཁོ་ལོ་རྒྱུར་བར་འགྱུར་རོ།། རིག་པའཛིན་པའི་རྒྱལ་པོ་ཐམས་ཅད་ཀྱི་མངའ་བདག་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་ཐམས་ཅད་འདུལ་བར་བྱེད་པ། བསྐལ་པ་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུར་འཚོ་བ་དང་། འཇིག་རྟེན་གྱི་ཁམས་སྐྱོང་རྫུ་འཕྲུལ་གྱིས་འདུལ་བ་དང་། མཆོད་པའི་སྤྲིན་བརྒྱ་སྟོང་ཕྲག་གིས་མཆོད་པར་བྱེད་པ་དང་། སངས་རྒྱས་སྟོང་ཕྲག་མཐོང་བར་འགྱུར་རོ།། དེ་རྣམ་ལ་ཉི་མ་རེ་རེ་ཞིང་མཆོད་པ་ཆེན་པོའི་སྤྲིན་གྱིས་མཆོད་པར་བྱེད་དོ། ། སྒྲུབ་པའི་ཐབས་རྒྱས་པ་གཞན་ཡང་མཆོད་རྟེན་འབུམ་ཕྲག་དྲུག་ཅུ་བྱས་ཏེ། སྔོན་དུ་བསྙེན་པ་བྱས་ལ་བྱེ་བ་བཟླས་པའོ།། དེ་རས་མཚན་ཉིད་ཐམས་ཅད་དང་ལྡན་པའི་རོལ་ཁྲུས་བྱས་ནས། ཉེ་བར་མཁོ་བ་ཐམས་ཅད་ཀྱིས་མཆོད་དེ། ཇི་སྲིད་མ་ལངས་པ་དེ་ཇི་སྲིད་དུ་བཟླ་བར་བྱའོ།། ལངས་ནས་དངུལ་ཆུ་དང་། བཅུད་ལེན་དང་། མི་སྣང་བ་ལ་སོགས་པ་ཐམས་ཅད་དེ་ལ་སྟེར་བར་བྱེད་དོ།། གལ་ཏེ་མི་སྟེར་ན་ཇི་སྲིད་ཁ་ལས་ལྕེ་མ་བྱུང་བ་དེ་སྲིད་དུ་བཟླ་བར་བྱའོ།། དེ་ནས་མཚོན་རྣོན་པོས་དེ་གཅད་པར་བྱའོ།། དེ་བཟུང་བས་ཉི་མ་སྟོང་གི་གཟི་བརྗིད་ཅན། རིག་པ་འཛིན་པ་ཐམས་ཅད་ཀྱི་རྒྱལ་པོ། རིག་པ་འཛིན་པ་བྱེ་བ་སྟོང་ཕྲག་དྲུག་ཅུའི་འཁོར་ཅན། ཚེ་བསྐལ་པ་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་འཚོ་བ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་གྱིས་འགྲོ་བ་དང་། རི་བོ་ལྷུན་པོ་བྱེ་བ་ཕྲག་སྟོང་སྤྲུལ་པ་དང་། གླིང་སྟོང་ཕྲག་འཕེན་པ་དང་། རྒྱ་མཚོ་སྟོང་ཕྲག་སྐེམས་པ་དང་། ལྷའི་འཇིག་རྟེན་བརྒྱ་སྟོང་ཕྲག་བསྡིགས་པ་དང་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་ལྷུང་བ་དང་། སྒྲ་ལི་ཞིང་འཁྱིལ་བ་དང་། ལོ་བརྒྱད་གཉིས་པའི་རྣམ་པ་དང་། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་བསྲེ། སྲེག་པའི་བསྐལ་པ་ན་འཇིག་རྟེན་གྱི་ཁམས་གཞན་དུ་འགྲོ་ཞིང་། རྒ་བ་དང་འཆི་བ་མེད་པར་འགྱུར་ཞེས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དེ་སྐད་ཅེས་དཀའ་སྩལ་ཏོ། ། དེ་བཞིན་དུ་ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་དང་། བུམ་པ་བཟང་པོ་དང་། ནོར་གྱི་ཆར་པ་དང་། ནམ་མཁའི་མཛོད་ཀྱི་ཏིང་ངེ་འཛིན་ཆེན་པོ་དང་། རིན་པོ་ཆེ་ཆེན་པོའི་ལག་པ་དང་། ནོར་རྒྱུན་གྱི་རྟོག་པ་ཆེན་པོ་དང་། སེམས་ཅན་གྱི་རེ་བ་ཐམས་ཅད་རྗེས་སུ་འགེངས་པ་དང་། འཁོར་ལོ་སྒྱུར་བའི་རྒྱལ་སྲིད་དང་། རིན་པོ་ཆེ་ཐམས་ཅད་ཀྱང་བསྒྲུབ་པར་བྱའོ།། དེ་ལ་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བསྙེན་བཀུར་བ་རིན་པོ་ཆེའོ། ། དེ་ནས་སྒྲུབ་པའི་ཐབས་གཞན་ཡང་ཙན་དན་དཀར་པོ་ལས་པདྨ་སོར་དྲུག་པའི་ཚད་བྱས་ལ། པདྨ་དེ་ལག་པར་བཟུང་ནས་ཟླ་བ་དྲུག་ཏུ་སྐྱིལ་ཀྲུང་བཅིངས་ཏེ། ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་མཆོད་ནས་ཐུན་མཚམས་གསུམ་མམ་བཞིར་གྲངས་མི་གཟུང་བར་བཟླས་པར་བྱའོ། ། ཟླ་བ་དྲུག་ཡོངས་སུ་རྫོགས་པ་དང་། པདྨ་འབུམ་ཕྲག་བདུན་སྲེག་བླུགས་བྱའོ།། ཟླ་བ་ཉ་ནས་སྒྲུབ་པ་བརྩམ་པར་བྱ་སྟེ། ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་མཆོད་ལ་སྐྱིལ་ཀྲུང་བཅས་ནས་མཚན་ཐོག་ཐག་བཟླས་པར་བྱའོ།། ཐོ་རངས་ཀྱི་ཚེ་རིག་པ་འཛིན་པར་འགྱུར་རོ།། སྐ་ལི་ཞིང་འཁྱིལ་བ་དང་། ལོ་བརྒྱད་གཉིས་ཀྱི་རྣམ་པར་རྒྱན་གྱི་ཚོགས་ཐམས་ཅད་ཀྱིས་བརྒྱན་པ། ཉི་མ་སྟོང་ཕྲག་ཤར་བའི་འོད་དང་མཚུངས་པ། རིག་པ་འཛིན་པ་བྱེ་བ་ཕྲག་དུ་མའི་འཁོར་ཅར། ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་བ། ཚངས་པ་ལ་སོགས་པའི་ལྷ་རྣམས་མངག་གཞུག་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྐད་ཅིག་ཙམ་གྱིས་རྣམ་པར་རྒྱུ་བ་དང་མཆོད་པའི་སྤྲིན་དུ་མས་དེ་བཞིན་གཤེགས་པ་རྣམས་རྣམ་པར་མཆོད་པར་འགྱུར་རོ། ། དེ་བཞིན་དུ་ཨུཏྤ་ལའི་སྒྲུབ་པ་དང་། ཙན་དན་དམར་པོའི་པདྨའི་སྒྲུབ་པའང་ངོ་།། སྒྲུབ་པ་གཞན་ཡང་འབྱུང་སྟེ། ཤེལ་དང་། པདྨ་རཱ་ག་འམ། མུ་ཏིག་གི་འབྲས་བུ་འམ། རིན་པོ་ཆེ་ཡོངས་སུ་རྟོག་པར་བྱེད་པ་པོས་ཡོངས་སུ་བརྟགས་པ་ལ། བདེ་བར་གཤེགས་པའི་མཐོའི་ཚད་ཙམ་པའི་མཆོད་རྟེན་འབུམ་ཙམ་བྱས་ཏེ། གང་ཡང་རུང་བར་གྲངས་མི་གཟུང་བར་ཇི་སྲིད་བདག་ཡོངས་སུ་དག་པར་མཐོང་བ་དེ་སྲིད་དུ་བཟླས་པར་བྱའོ།། དེའི་རྗེས་སུ་མངར་གསུམ་གྱིས་སྐྲག་པའི་པདྨ་འབུམ་དང་། སྣ་མའི་མེ་ཏོག་འབུམ་ཕྲག་གསུམ་དང་། ཨ་ཀ་རུའི་ཡམ་ཤིང་འབུམ་དང་། ཙན་དན་གྱི་ཡམ་ཤིང་འབུམ་ཕྲག་གསུམ་དང་། ཏིལ་དང་འབྲས་འབུམ་ཕྲག་བཞི་དང་། ཞོ་ཟན་འབུམ་དང་། མར་གྱི་སྲེག་བླུགས་སྟོང་ཕྲག་གསུམ་དང་། སྨན་ཐམས་ཅད་པའི་སྲེག་བླུགས་འབུམ་ཕྲག་གཅིག་བྱས་ལ་སྦྱིན་སྲེག་ཡོངས་སུ་རྫོགས་པ་དང་། དཀར་པོའི་ཚེས་བཅོ་ལྔ་ལ་བསྒྲུབ་པར་བྱའོ།། སྐྱིལ་མོ་ཀྲུང་བཅས་ཏེ་ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་མཆོདས་ཇི་སྲིད་ནོར་བུ་རིན་པོ་ཆེ་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། ། འབར་ནས་ཀྱང་རིག་པ་འཛིན་པ་གཞོན་ནུ་གདོང་དུ་འགྲོ་བར་འགྱུར་རོ།། སྐྲ་ལི་ཞིང་འཁྱིལ་པ་དང་། ལོ་བརྒྱད་གཉིས་ཀྱི་རྣམ་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱོགས་བཅུ་མུ་མེད་པའི་འཇིག་རྟེན་གྱི་ཁམས་རྒྱས་པར་གསལ་བར་བྱེད་པ། རིག་པ་འཛིན་པ་ཐམས་ཅད་ཀྱི་སླར་འཁོར་ལོ་སྒྱུར་བ་ཆེན་པོར་འགྱུར་རོ།། ཡིད་བཞིན་ནོར་བུའི་དངོས་གྲུབ་བྱང་ཆུབ་སེམས་དཔའ་ཆེན་པོའི་རིག་པ་འཛིན་པ་ཞེས་བརྗོད་དོ། ། སངས་རྒྱས་ཐམས་ཅད་མཆོད་ཅིང་བསྙེན་བཀུར་བར་བྱེད་དོ།། སྐད་ཅིག་ཙམ་ལ་འཇིག་རྟེན་གྱི་ཁམས་ཐམ་ཅད་ཀྱི་སེམས་ཅན་བསྐོར་ན་སླར་དེ་ཉིད་དུ་འོང་བར་འགྱུར་རོ། ། གལ་ཏེ་འདོད་ན་བྱང་ཆུབ་སེམས་དཔའི་ཚོགས་མངོན་པར་རྫོགས་པར་བྱས་ཏེ། ལུས་དེ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་མངོན་པར་རྫོག་པར་འཚང་རྒྱ་བར་འགྱུར་རོ། ། དེ་བཞིན་དུ་སྒྲུབ་ཐབས་ཀྱི་ལེའུ་ལ་བྲིས་སྐུ་དང་། ཤིང་ལྷམ་དང་། མུ་ཏིག་གི་འཕྲེང་བའང་ཡིད་བཞིན་གྱི་ནོར་བུའི་ཆོ་གས་བསྒྲུབ་པར་བྱའོ།། ཐམས་ཅད་དུ་འགྲུབ་པར་འགྱུར་རོ།། སྒྲུབ་པའི་ཐབས་གཞན་ཡང་མཆོད་རྟེན་བྱེ་བ་ཕྲག་སྟོང་བྱས་ཏེ་འབུམ་ཕྲག་བདུན་བཟླ་བར་བྱའོ།། ཡོངས་སུ་རྫོགས་པ་དང་། མེ་ཏོག་ཅན་གྱི་ལྗགས་སམ། ལྕགས་ལྔའི་རང་བཞིན་གྱི་རྡོ་རྗེ་རྩེ་ལྔ་པ་སོར་བཅུའི་ཚང་ངམ། བདེ་བར་གཤེགས་པའི་མཐོའི་ཚད་ཙམ་ཚོ་འཕྲུལ་གྱི་ཟླ་བ་ཕྱེད་ལ་མཚན་ཐོག་ཐག་ལག་པས་རྡོ་རྗེ་དེ་བཟུང་ནས་མདུན་དུ་ཁྭའི་སྟེང་དུ་ལག་པ་བཀབ་ལ། ཇི་སྲིད་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། ། དེ་ནས་བཟུང་ནས་རྡོ་རྗེའི་རིག་པ་འཛིན་པ་འཁོར་ལོ་སྒྱུར་བ་ཆེན་པོ་ཉི་མ་བྱེ་བ་བརྒྱ་ཕྲག་དང་རྗེས་སུ་འཚམ་པ་རྡོ་རྗེ་འཆང་བ་ལྟར་གཟི་བརྗིད་དང་ལྡན་ཞིང་འོང་གསལ་བར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་རྒྱུ་ཞིང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་ལ་ཅི་བསྒོ་བ་ཉན་པར་འགྱུར། ལྷ་མ་ཡིན་རྣམས་སྐྲག་པ་དང་། སྲིན་པོ་རྣམས་འཇོམས་པ་དང་། སེམས་ཅན་ཐམས་ཅད་དེའི་ཅི་བསྒོ་བ་བྱེད་པར་འགྱུར་བར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་སྒྱུར་བ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ།། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྫས་ཀྱི་བྱ་བ་བསྒྲུབ་པ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་ཡོངས་སུ་རྫོགས་སོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་སླར་ཡང་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། བཅོམ་ལྡན་འདས་ཐོག་པ་དང་ཐ་མ་མེད་པ་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་ཀ་ཀཱ་སྦྱར་བ་སྟེ། མཐའ་ཡས་པ་ལ་སྦྱར་བཞི་བྱ་བ་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེག་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་གསང་སྔགས་ཀྱི་ཀ་ཀྵ་པུ་ཏྲ་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ།། སངས་རྒྱས་ཀུན་གྱིས་རྗེས་སུ་སྐྱོབ།། གསང་སྔགས་ཀ་ཀྵ་བྱར་ཞེས་བྱ།། གསང་ཆེན་མཆོག་ཏུ་རྨད་དུ་བྱུང་། ། གླུ་བཞི་པ་ལ་ཚད་མཛེས་པ།། ཀུན་ནས་ཡོངས་སུ་བཟང་ཞིང་དག། རེ་མིག་བཞི་བཅུ་ཞེ་དགུ་པ།། མདོར་བསྡུས་ནས་ནི་སྔགས་པས་བྱ།། དང་པོའི་འཕྲེང་བཟང་གཉིས་ལ་ནི། ཨ་སོགས་བློ་གྲོས་ལྡན་པས་དགོད།། ཀ་སོགས་ལྷག་མའི་རེ་མིག་ལ།། སྔགས་པས་མདོ་རུ་བསྡུས་ཏེ་བྲི།། སྦྱོར་བ་ཇི་བཞིན་ཡི་གེ་ཀུན།། གོ་རིམས་བཞིན་དུ་དགོད་པར་བྱ། རེརིམིག་སྟོང་པ་དག་ལ་ནི།། ཀྵ་ཡིག་དང་ནི་རྡོ་རྗེ་བྲི།། རིམ་པ་འདི་དག་བཀོད་ནས་ནི།། རང་སྡེའི་འོག་ཏུ་འབར་བ་མཆོག། དང་པོ་དབྱངས་ལ་དེའི་རྗེས་སུ།། ཡི་གེ་ཕྱག་རྒྱ་མདོར་བསྡུས་པ།། ཀ་ཙ་ཊ་ཏ་པ་ཡ་ཤཱ།། དག་ཅིང་ཆུ་ཡི་དཀྱིལ་འཁོར་ལྡན།། འདི་རྣམས་མྱུར་དུ་འགྲུབ་པར་བྱེད།། པདྨའི་རིགས་ཀྱི་ལྷ་ཉིད་དོ།། དོན་ཀུན་གྲུབ་པར་ཡང་དག་ལྡན།། མེ་ཡི་དཀྱིལ་འཁོར་ཞེས་སུ་བཤད། ། འབར་བའི་མེ་དང་མཚུངས་པའི་འོད།། ཁ་ཚའ་ཐ་པ་ར་ཥཱ།། དབང་ཆེན་གྱི་ནི་དཀྱིལ་འཁོར་ལྡན།། ག་ཛ་ཌ་ད་བ་ལ་སཱ།། དངོས་གྲུབ་ཀུར་བྱེད་རླུང་གཟུགས་ལྡན།། དབྱར་གྱི་སྤྲིན་ལྷུར་ཤིན་ཏུ་འཇིགས། ། གྷ་ཛྷ་ཌྷ་དྷ་བྷ་ཝ་ཧ།། སྟེང་འགྲོས་དངོས་གྲུབ་བྱེད་པོར་བརྗོད།། སླར་ཡང་ང་ཉ་ཎ་ན་མ།། ཆོས་ཀུན་དབང་དུ་བྱེད་པ་མཆོག། ཐོག་མིའི་དབྱངས་ཡིག་གང་ཡིན་པ། དེནི་དེ་བཞིན་གཤེགས་སྟོབས་བཅུ།། ཁྱད་པར་ཡན་ལག་བཅུ་གཉིས་བཤད།། དེ་བཞིན་གཤེགས་པའི་ས་བཅུ་གཉིས།། མ་ནིང་ཡི་གེ་བཞི་པོ་སྤོང་།། རྀ་རཱྀ་ལྀ་ལཱྀ་ཞེས་བྱ་བ།། དབྱངས་དང་ས་བོན་དེ་བཞིན་སྔགས། ། དེ་དག་ཡི་གེ་རུ་ཡང་བཤད།། དབང་དུ་བྱེད་པའི་སྡེ་ཚན་ཀུན།། ཐིག་ལེ་སྒྲ་གཙུག་ཟླ་ཕྱེད་ཅེས།། རྗེས་དབྱངས་ཀྱི་ནི་འཕྲེང་ཞེས་བཤད།། སངས་རྒྱས་དེ་བཞིན་བྱང་སེམས་ཀྱིས།། ཡི་གེར་བརྗོད་པ་དེ་བཞིན་ཞིང་།། གསལ་བྱེད་ཅེས་ཀྱིས་གསལ་བའོ།། དེ་བཞིན་ཡ་ར་ལ་ཝ་རླུང་།། མེ་དང་དབང་ཚོན་ཆུ་དག་སྟེ།། འབྱུང་བ་ཆེན་པོ་ཁམས་རྣམས་སོ། ། རླུང་མེ་བདུད་རྩིའི་བཅུད་ཅེས་བཤད།། མཉམ་དང་མི་མཉམ་ཆ་དབྱེ་བས།། ཐམས་ཅད་ཉིད་ཀྱི་ལམ་ཤེས་བྱ།། ཕྱག་རྒྱ་དང་ནི་དཀྱིལ་འཁོར་སྔགས།། ཏིང་འཛིན་མདོར་བསྡུས་བཤད་པའོ། ། མི་རྟག་སྡུག་བསྔལ་སྟོང་བདག་མེད།། ཆོས་རྣམས་ཀུན་གྱི་སྡོམ་དུ་བརྗོད།། སྟོང་པ་མཚན་མེད་སྨོན་མེད་པ།། རྣམ་པར་ཐར་པ་གསུམ་དུ་བཤད།། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། ། མཁས་པ་ཡིས་ནི་ཤེས་པར་བྱ།། ད་ནི་སྔགས་ཀྱི་ཀ་ཀཱའི་སྦྱོར་བ་ལ་རབ་ཏུ་བཏུས་པ་སྦྱར་བ་དང་ཕྲལ་བ་བཤད་པར་བྱའོ།། ཡི་གེ་རྣམས་ཀྱིས་བྱང་ཆུབ་སྤྱོད།། སངས་རྒྱས་ཉིད་ཀྱང་མྱ་ངན་འདས། ། ལྷན་ཅིག་ཉིད་དུ་སྦྱར་བར་བྱ།། དབྱངས་རྣམས་ཡིག་རྣམས་བསྡུས་པར་བཤད།། མཚན་ཉིད་ཀྱང་ནི་རབ་བཤད་བྱ།། དབྱངས་ནི་བྱང་ཆུབ་གཟུགས་ཉིད་དེ།། གནན་དང་ལྷན་ཅིག་སྦྱར་བར་བྱ། ། དེ་ལ་ངེས་པར་སངས་རྒྱས་ཉིད།། སྟེར་བ་ཉིད་དུ་ལེགས་པར་བཤད།། ཐོག་མར་སངས་རྒྱས་ཐམས་ཅད་ཀྱི།། གསང་སྔགས་དྲི་མ་མེད་པ་འབྱུང་།། ཐོག་མར་དབྱངས་ནིཐིག་ལེ་ལྡན། ། རྡོ་རྗེའི་སྟེང་དུ་ཡང་དག་གནས།། འབར་བའི་འཕྲེང་ཅན་རབ་ཞི་པ། རྣམ་པར་འཕྲོ་བ་ཉིད་དུ་གནས།། ཟླ་བའི་དབུས་སུ་བསྒོམ་བྱ་བ།། ཀུན་གྱི་ཡེ་ཤེས་འོད་ཆེན་པོ།། ཀུནཿ་འགྲོ་བ་རབ་ཏུ་ཐོབ། ། ཐམས་ཅད་དུ་ཡང་རྙེད་པར་དཀའ།། དེ་ཉིད་བྲལ་བ་རྟག་པ་སྟེ།། ཡི་གེ་མེད་ཅིང་དབྱེར་མེད་པ།། བྱང་ཆུབ་སེམས་ཞེས་རབ་ཏུ་བཤད།། ངུང་དང་ཀུན་ད་ཟླ་ལྟར་དག། གཉིས་པའི་སྒྲ་དང་ཡང་དག་ལྡན། ། དེ་ནི་ཤིན་ཏུ་རིང་པོར་ཤེས།། སངས་རྒྱས་ཀུན་གྱི་སྤྱོད་པ་སྟེ།། ས་དང་ཕ་རོལ་ཕྱིན་པ་རྣམས།། དྲོ་བའི་བཞི་པ་སྦྱར་བ་ནི།། མྱ་ངན་འདས་པ་ཞེས་སུ་བསྒྲགས།། དབྱངས་དང་ཡི་གེ་ཁྱད་པར་ཅན།། མཚན་ཉིད་རབ་ཏུ་སྦྱར་བར་བྱ།། རང་གི་ཕྱག་རྒྱ་སོགས་ལྡན་པ།། སངས་རྒྱས་བྱང་ཆུབ་བ་གསོལ་བྱེད།། ད་ནི་སངས་རྒྱས་ཐམས་ཅད་ཀྱི།། སྔགས་ཀྱི་དེ་ཉིད་འདིར་བཤད་བྱ། ། ཐོག་མར་སྤྱོད་པ་བྱས་ནས་ནི།། གཉིས་པ་སྨྲ་བ་པོ་རུ་བཤད།། བཞི་པའི་དབྱངས་ཀྱིས་ཀུན་ནས་མནན།། གསུམ་པ་མེ་ཡི་མིང་ཅད་རོ།། རྒྱུ་མེད་པས་ཏེ་ཅུང་ཟད་པ། བཞི་པ་ཡིས་ནི་གསལ་བར་བྱས།། དྲུག་པའི་སྒྲ་དང་ཐ་དད་མེད།། དེ་ཡི་སྦྱང་དུ་ཐིག་ལེ་གནས།། ཆོས་ཀུན་ནམ་མཁའ་དང་མཚུངས་པར།། ཡང་དང་ཡང་དུ་བཤད་པ་ཡིན།། དེ་ནི་ལྔ་པར་ཤེས་པར་བྱ། ། ཡི་གེ་ལྔ་པ་སྟོབས་པོ་ཆེ།། ཡི་གེ་ལྔ་ཡི་སྟོབས་ལྔའི་བདག་ཉིད་ལས་སྐྱེས་གཙོ།། མཐུ་སྟོབས་ཆེན་པོ་ཁྱབ་བདག་སྲིད་པའི་བདག་ཉིད་སྐྱེས།། མཐུ་སྟོབས་ཆེན་པོ་སྲིད་གསུམ་ལས་རབ་གྲོལ་བྱེད་པ། ། ཡི་གེ་ལྔ་ནི་འགྲོ་བ་དྲུག་ལས་གྲོལ་བའི་བདག། མངོན་ཤེས་དྲུག་ཀྱང་རབ་ཏུ་སྟེར་བྱེད་དྲི་མ་མེད།། དེ་ཉིད་བཅོམ་ལྡན་སྤྱོད་པ་སྟེ།། མི་བསྐྱོད་པ་ཞེས་རབ་ཏུ་གྲགས། ། བྱང་སེམས་རྡོ་རྗེ་སེམས་དཔའ་སྟེ།། བརྟན་པའི་སེམས་དཔའ་རང་བྱུང་བ།། ཆོས་ཀུན་གྱིས་ནི་དེ་བཞིན་ཉིད།། གང་བསྒྲགས་དེ་ཉིད་ཐམས་ཅད་དུ།། འབར་བ་མེ་ཡི་ས་བོན་ལྡན།། སྤྱོད་པ་ཡི་ནི་སྟེང་དུ་གནས།། དེ་ཉིད་བཅོམ་ལྡན་རྣལ་འབྱོར་ནི།། རིན་ཆེན་འབྱུང་ལྡན་ཞེས་སུ་བཤད།། ཆོས་རྣམས་ཀུན་གྱི་བྱེད་པ་ནི།། མེད་པ་ཉིད་དུའང་བཤད་པའོ།། མེ་ཡི་ས་བོན་ཡང་དག་ལྡན།། བཞི་པའི་དབྱངས་ཀྱི་སྤྱི་བོ་རུ།། མནན་པ་རྒྱལ་བ་འོད་དཔག་མེད།། དེ་ཉིད་བཅོམ་ལྡན་རྣལ་འབྱོར་ནི།། སྣ་ཚོགས་དེ་བཞིན་གཤེགས་པ་ཀུན།། དྲུག་པའི་དབྱངས་དང་ཡང་དག་ལྡན།། དོན་ཡོད་པ་ཡི་སྙིང་པོར་གྲགས། ། སྡེ་ལྔ་པ་ཡི་བཞི་པ་ནི།། དངོས་དང་དངོས་མེད་རབ་རྟོགས་བྱེད།། འབར་བ་མེ་ཡི་ས་བོན་གྱི།། འཁོར་ལོའི་དབུས་སུ་རབ་ཏུ་གནས།། དྲུག་པའི་དབྱངས་དང་ཡང་དག་ལྡན།། ཐིག་ལེ་སྒྲ་ཡིས་རྣམ་པར་སྤྲས།། འཁོར་ལོ་སྒྱུར་བ་ཡེ་ཤེས་ཆེ།། རྣམ་པར་རྒྱས་པའི་ནོར་སྟེར་བྱེད།། གང་ཞིག་སྡེ་ལྔ་པ་ཡི་མཐའ།། སྒྱུ་མའི་ཆོས་ལ་རབ་ཏུ་གནས།། དེ་ཉིད་བཅོམ་ལྡན་རྣལ་འབྱོར་ནི། གདུགས་དཀར་ཞེས་སུ་བཤད་པའོ།། བརྒྱད་པའི་དབྱངས་དང་ཡང་དག་ལྡན།། བྱམས་པ་ཞེས་ནི་གྲགས་པ་སྟེ།། དེ་ཉིད་བཅོམ་ལྡན་རྣལ་འབྱོར་ནི།། སྤྱི་བོར་ཐིག་ལེ་མནན་པའོ།། འཇམས་པའི་དབྱངས་དང་ཡེ་ཤེས་ཆེ། ། མཱ་མ་ཀཱི་རུ་དེ་བསྒྲགས་སོ།། ལྔ་པའི་དབྱངས་དང་ཡང་དག་ལྡན།། འཇམ་པའི་དཔལ་ཞེས་རབ་ཏུ་གྲགས།། སྤྱོད་པའི་གར་མཁན་རབ་རྟོགས་མིང་།། སྡིག་པ་ཐམས་ཅད་རེངས་བྱེད་དེ། ། སྡིག་ཀུན་རྣམ་པར་སྦྱོང་བྱེད་པ།། རྣམ་པར་སེལ་བ་རྣམ་ཤེས་བྱ།། སྡེ་མཚན་ལྔ་པའི་གསུམ་པ་ནི།། ཕྱག་ན་རྡོ་རྗེ་སྟོབས་ཆེན་དང་། གཤིན་རྗེ་མཐར་བྱེད་ཁྲོ་བོ་ཆེ།། ཡི་གེ་གསུམ་ནི་སྟོབས་ཆེན་པོ། ། ཐོག་མར་དགུ་པ་ཡི་ནི་དབྱངས།། དེ་ཡི་དབུས་སྤྱོད་པ་གཞག། ཐ་མར་སྣ་ཚོགས་ཞེས་བྱ་སྦྱར།། སྐུ་གསུམ་དུ་ནི་རྣམ་པར་སྒོམ།། ཐ་མའི་སྡེ་ཚད་གསུམ་པ་ནི།། གང་ཡིན་ཀུན་ཏུ་བཟང་པོར་བཤད།། སྡེ་ཚན་དང་པོའི་གསུམ་པ་ནི།། སངས་རྒྱས་སྤྱན་ཞེས་བྱ་བའོ།། དེ་ཉིད་བཅོམ་ལྡན་མགོན་པོ་ནི།། ནམ་མཁའི་མཛོད་ཅེས་རབ་ཏུ་གྲགས།། རྡོ་རྗེ་ཁྲོ་བོ་སྟོབས་པོ་ཆེ། དེ་ཉིད་རབ་ཏུ་གྲགས་པའོ།། འདི་ཀུན་ཐམས་ཅད་སྟོང་པ་སྟེ།། རྒྱུ་ནི་རབ་ཏུ་སྤངས་པའོ།། དབྱངས་ལྔ་དང་ནི་ཡང་དག་ལྡན།། རྡོ་རྗེ་ཧཱུཾ་མཛད་ཧཱུཾ་མཛད་དེ།། གང་ཞིག་བཞི་པའི་སྡེ་དང་པོ། མེ་ཡིས་རབ་ཏུ་གསལ་བར་བྱས།། བཞི་པའི་དབྱངས་དང་ཡང་དག་ལྡན།། གཟི་བརྗིད་ཕུང་པོ་སྟོབས་པོ་ཆེ།། དེ་ཉིད་གང་དང་མ་སྦྱར་བ།། སྒྲོལ་མ་ཞེས་སུ་རབ་ཏུ་གྲགས།། བཞི་པ་ཡི་ནི་གཉིས་པ་གང་། ཤེས་རབ་ཕ་རོལ་ཕྱིན་པར་ངེས།། ཐིག་ལེ་ལྷན་ཅིག་ཡང་དག་ལྡན།། སྒྲ་དང་ལྡན་པའི་མཆོག་ཏུ་གྱུར།། སྡེ་ཚན་གཉིས་པའི་གསུམ་པ་གང་།། མེ་ཉིད་དང་ནི་ཡང་དག་ལྡན།། བཞི་པའི་དབྱངས་ཀྱིས་ཡང་དག་མནན། ། ཁམས་གསུམ་རྣམ་པར་རྒྱལ་བའི་མཆོག། དེ་ཉིད་བཅོམ་ལྡན་ཞེས་བྱ་བ།། སྤྱོད་པའི་གར་མ་ཁན་ཞེས་བྱའི་མཚན།། དེ་མི་རྗེས་ཉིད་ལ་ནི་མེད།། ད་དབྱངས་དང་ཡང་དག་ལྡན། ། མེ་དང་དབང་ཆེན་དུ་བརྗོད་བྱ།། གསུམ་པའི་དབྱངས་ཀྱིས་མནན་པ་ཡི།། སྡེ་ཚན་དང་པོའི་དང་པོའི་ཡིག། དེ་ཉིད་བཅོམ་ལྡན་མགོན་པོ་ནི།། འཇིག་རྟེན་མགོན་པོ་ཐུབ་པ་ཆེ། ། ཡེ་ཤེས་རྒྱ་ཆེ་བསྒྲུབ་པར་བྱ།། སངས་རྒྱས་བྱང་ཆུབ་རབ་གསོལ་བྱེད།། སྡེ་ཚན་ལྔ་པ་རིན་ཆེན་མཆོག། བཞི་པའི་ས་བོན་དམ་པ་དེ།། འོག་ཏུ་མེ་ཡི་ཡན་ལགའ་བར། གཉེར་ཅན་ཞེས་རབ་ཏུ་གྲགས།། དབང་ཆེན་ཡི་གེ་དག་པ་ལས།། ཐིག་ལེ་སྒྲ་ཡིས་རྣམ་པར་བརྒྱན།། སངས་རྒྱས་སྤྱན་ཞེས་རྣམ་གྲགས་པ།། སྡིག་པ་ཐམས་ཅད་འཕྲོག་པར་བྱེད།། སྡེ་ཚན་དང་པོའི་གསུམ་པ་ནི། ། ནམ་མཁའི་སྤྱན་ཞེས་བརྗོད་པའོ།། སྒྱུ་མའི་ཆོས་ལ་རབ་གནས་ནས།། གསོད་པའི་དོན་དུ་རབ་གསོལ་བྱེད།། མཱ་མ་ཀཱི་ཞེས་བྱ་བའི་མིང་།། རིག་པ་མཆོག་ཏུ་གསང་བ་སྟེ། རྒྱུ་མི་དམིགས་པའི་ཆོས་རྣམས་ཀྱི།། དྲི་མ་མེད་པོ་སྩོལ་བར་བྱེད།། གཉིས་པའི་དབྱངས་དང་ཡང་དག་ལྡན།། འཕགས་པ་མི་གཡོ་བ་ཞེས་བྱ།། དབང་ཆེན་ས་བོན་ཡང་དག་ལྡན། འགྲོ་བའི་རྡོ་རྗེ་རངས་བྱེད་ན། གདུག་སེམས་གཞན་ཀུན་ལྟ་ཅི་སྨོས། རླུང་གི་དཀྱིལ་འཁོར་སྦྱར་བྱས་པ།། རང་གི་ས་བོན་གནས་ཤིང་འཕྲོ།། འགྲོ་བ་ཐམས་ཅད་སྤོང་བྱེད་ན།། གདུགས་སེམས་ཅན་གཞན་སྤོས་ཅི་དགོས། ། དེ་ཉིད་མེ་དང་ལྡན་པས་ནི།། དབང་དང་དགུག་པའི་ལས་རྣམས་དང་།། བགེགས་དང་དགྲ་རྣམས་ནི་བ་ནི།། ཁྱད་པར་མི་གཡོ་བ་ཡིས་བྱེད།། དོན་དམ་བདེན་པའི་བྱིན་གྱིས་བརླབས། ། ནམ་སྣང་མཛད་བྱ་གནས་ལས་བྱུང་།། གཞན་གྱི་དམག་དཔུང་འཇོམ་པ་ནི།། རྒྱུ་ནི་མ་ཡིས་གསལ་བྱས་པ།། དྲུག་པའི་དབྱངས་དང་ཡང་དག་ལྡན།། ཐིག་ས་སྒྲ་ཡིས་རྣམ་པར་བརྒྱན། ། འགྲོ་བ་ཐམས་ཅད་འགུགས་པར་བྱེད།། རླུང་གི་དཀྱིལ་འཁོར་གྱིས་གྲངས་པའི།། ཏི་ས་མནདར་ལ་སོགས།། དེ་ཡིས་ཕྱེ་མར་རྙོག་པར་ངེས།། རྡོ་རྗེ་ལ་གནས་འཁོར་ལོ་སོ།། དབུས་གནས་འགྲོ་ཀུན་རེངས་པར་བྱེད།། གནས་ནས་སྐྱོད་པར་བྱེད་པ་ཡིས།། འབྱུང་པོ་རྣམས་ནི་དབང་དུ་བྱེད།། རྟག་པའི་གཟུགས་སུ་གནས་ནས་ནི།། མི་གཡོ་བ་ཡི་སྙིང་ཁར་སོན།། ཆོས་ཀྱི་དབྱིངས་མཚུངས་ཐོབ་ནས་ནི། ། བདག་གི་བདག་ཉིད་བསྒོམ་པར་བྱ།། རླུང་གིས་བོན་རིན་པོ་ཆེ།། སྤྱོད་པའི་སྟེང་དུ་ཡང་དག་ལྡན།། མེ་ལས་བྱུང་བ་མེ་ལ་གནས།། འགྲོ་བ་ཐམས་ཅད་འབེབས་པར་བྱེད། ། སྡེ་ཚན་དང་པོའི་དང་པོ་གང་།། ས་ཡི་ཡི་གེ་སྟེང་དུ་གནས།། སྡེ་ཚན་ལྔ་པའི་ཐ་མ་ནི།། དྲུག་པའི་སྒྲ་ཡི་སྟེང་དུ་གནས།། འོག་སུམ་ཡིས་བོན་ལྡན།། ཉི་མའི་དཀྱིལ་འཁོར་དབུས་སུ་སྟེ། ། ས་གསུམ་ཐམས་ཅད་འབར་བར་བྱེད།། མེ་ཡི་ཕྱོགས་སུ་གནས་ནས་ནི།། ཕྱག་རྒྱའི་བདག་ཉིད་ཐམས་ཅད་སྒོམ།། རླུང་ལྷ་མེ་ལྷ་ཡང་དག་སྦྱོར།། རྒྱུ་ནི་བྱེད་པ་མཚུངས་པའོ།། རྣམ་བསྒྱུ་། འབྱུ་པོན་བསྒྲུབ་པདྡྷཿ། དབང་ནམ་ར་བ་ལས། མཚ་ས་བྱུ་བའི་གོ་ས་ཅན་བ་ང། སུམ་ཚུགས་པའི་དོན།། རིག་པའི་ཛིན་དང་སངས་རྒྱས་ཉིད།། རྣའི་འབྱོར་ས་ཤེས་ཅན་སུམ་ཆོགས། རྩེ་བ་འདི་ལ་འགྲུབ་གྱུར་ཏེ། འདིལ་མ་ཆོམ་མི་བྱའོ།། དབྱངས་དང་མི་གི་ཐམས་ཅ་ས། མྱོང་བའི་དབྱེ་བས་རྣམ་པར་དབྱེ།། ཚིག་དང་ངག་གི་ཚད་རྣམས་དང་། ཏིང་ངེ་འཛིན་དང་སྔགས་འབྱུང་བ།། སློབ་དཔོན་མན་ངག་ལས་ཤེས་བྱ།། གནན་དུ་བྱ་བ་མ་ཡིན་ནོ།། རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བའི་རྒྱུང་ཆེན་པོ་ལས། རྡོ་རྗེཀ་ཀྭའི་སྦྱོར་བ་མདོར་བསྡུས་ཏེ་བསྟན་པ་སྟེ་རྒྱས་པར་སློབ་དཔོན་གྱིས་མངོན་པར་སྤྱད་པར་བྱའོ།། དེ་ནས་བཅོམ་ལྡན་འདས་རྣམས་སླར་ཡང་འདུས་པ་གྱུར་བས། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་གསུང་ངག་གི་དཀྱིལ་འཁོར་གསོལ་བ་བཏབ་བོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསོལ་པ་བཏབ་པའི་ཚིག་གརྗེས་ཉིད་ས། འབྲུག་གི་སྒྲ་མཐའ་ཡས་པ་ལེགས་པར་བསྒྲགས་པ་ནམ་མཁའི་མཛོད་ཀུན་ནས་རྡོ་རྗེ་རྒྱ་ཆེ་བ་ཚངས་པ་ཆེན་པོའི་སྒྲ་ཡོངས་སུ་རྫོགས་པའི་དོན་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་འཁོར་ལོའི་དཀྱིལ་འཁོར་སོ་སོར་ཡོངས་སུ་རྟོགས་པའི་དོན་དུ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གྲུབ་པ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བཀའ་སྩལ་པ། ནས་ཡང་དག་བཤད་བྱ་བ།། གསུང་གི་འཁོར་ལོའི་དཀྱིལ་འཁོར་ཆེ།། ཟླུམ་པོ་ཀུན་ནས་བཟང་པོ་སྟེ།། ཟླ་བའི་དཀྱིལ་འཁོར་ལྟ་བུར་གནས།། དེ་ཡི་སྟེང་དུ་པདདྨ་ཆེན་པོ།། འདབ་མ་བརྒྱད་ལ་གེ་སར་ཅན། ། དེ་ཡི་ལྟེ་བའི་དབུས་སུ་ནི།། ཡི་གེ་མཆོག་གི་གོ་འཕང་ཉིད།། བདག་གིས་དངོས་གྲུབ་བསྒོམ་པར་བྱ།། ངག་གི་དབང་ཕྱུག་འོད་ཆེན་པོ།། སྙིང་ཁར་ཟླ་བ་དེར་པདྨ།། དེ་ཡི་སྟེང་དུ་དུང་བརྟག་བྱ། ། དུང་གི་དབུས་སུ་ལྕེ་ཡིན་ཏེ།། རྡོ་རྗེའི་རང་བཞིན་དགེ་བའོ།། དེ་ཡི་སྟེང་དུ་རིན་ཆེན་པད།། ཡང་ན་སངས་རྒྱས་གཟུགས་བརྙན་ཡང་།། འབར་ཞིང་རྐན་གྱི་མཐར་ཁྱབ་པ། ། བདུད་རྩིའི་རྒྱུན་ནི་རབ་འབབ་པ།། པ་ཡི་ཡི་གེ་སྤྱི་ཚུགས་པ།། སངས་རྒྱས་ཀྱི་ནི་སྟེང་དུ་གནས།། བདུད་རྩིའི་ཐིགས་པ་འཛག་པ་ན།། གོ་རིམས་བཞིན་དུ་བསམ་པར་བྱ། ཟླ་བ་ཕྱེད་དང་ཟླ་བ་གསུམ།། ཟླ་བ་བཞི་འམ་ཟླ་བ་ཉིད།། ཟླ་བ་བརྒྱད་དུ་རབ་མཆོག་བསྒོམས།། དཀྱིལ་འཁོར་བཟང་པོ་བསྒྲུབ་པར་བྱ།། སྐྱིལ་ཀྲུང་གིས་ནི་ཉེར་གནས་ཏེ།། དང་པོའི་སྦྱོར་བའི་དབང་ཕྱུག་སྐྱེས། ། ཆོས་ཀྱི་དབྱིངས་ནི་མཐའ་དག་ཏུ།། ཐམས་ཅད་དུ་ནི་ཡོངས་སུ་གང་།། སངས་རྒྱས་གཟུགས་བརྙན་བསྒོམ་པར་བྱ།། ཆོས་དབྱིངས་མཉམ་དང་མི་མཉམ་པ། སངས་རྒྱས་ཀུན་གྱི་རྗེས་སྐྱོབ་པའི།། ཇི་སྙེད་རིག་པ་ཐམས་ཅད་ནི།། ལུས་དང་ངག་དང་ཡིད་རྣམས་ཀྱི།། ཕྱག་རྒྱ་དེ་རྣམས་བདག་ཉིད་མཆོག། དེ་རྣམས་ཐམས་ཅད་བདག་ཉིད་ཀྱི།། ལུས་ཀྱི་དཀྱིལ་འཁོར་ལ་འཇུག་བསམ། ། དུང་གི་སྒྲ་ནི་གསལ་བ་བསམ།། པདྨའི་ཁམས་ལ་ཡང་དག་བརྟེན།། པདྨའི་གེ་སར་ཐིག་ལེ་ལས།། སྒྲ་ཡི་རང་བཞིན་རྡུལ་ཕྲན་རྣམས། མགྲིན་པར་སོན་ནས་སྒྲ་གྱུར་ཏེ།། སྒྲ་ནི་དབྱངས་ཉིད་ལྷག་པའོ།། སླར་ཡང་ལྕེ་རུ་སོན་པ་དང་།། ཡི་གེ་མཆོག་ཏུ་དགེ་བའོ།། ལྕེ་ཡི་ཡི་གེ་ཆེར་འབར་བ།། གཅིག་ནས་གཅིག་ཏུ་རྡོ་རྗེའི་ཚུལ།། ཀུན་ནས་རབ་ཏུ་འོད་གསལ་བ། ། རྡོ་རྗེའི་ངག་ནི་དམ་པའི་དོན།། སྒྲ་ཡིས་ནམ་མཁའ་ཀུན་གང་བར།། སྒྲུབ་པོས་མདོ་རུ་བསྡུས་ཏེ་བཟླ།། དེ་བཞིན་དུ་ནི་སྙིང་ཁར་སྒྲའམ།། ལྕེ་ལ་འོད་ཟེར་ངེས་འཕྲོས་ནས། མཆུ་འམ་སོ་ལ་རབ་བཀྲ་བའི།། གལ་ཏེ་འོད་ཟེར་མཐོང་ན་ནི།། དེ་ཚེ་གྲུབ་པར་རྣམ་པར་ཤེས།། གྲུབ་པའི་ངག་ནི་དམ་པའི་དོན།། ཡང་ན་ལྷ་ནི་གཞན་པ་ཡི།། ངག་གི་སྒྲུབ་ཐབས་ཆེན་པོ་མཆོག། རང་ལྕེ་རྡོ་རྗེའི་རང་བཞིན་བསམ།། བདག་ཉིད་རྡོ་རྗེ་སེམས་དཔའང་།། འབར་བའི་སྒྲོན་མ་དང་མཚུངས་པ།། རང་གི་སྙིང་གི་དབུས་ཀྱི་ཆ།། ཡི་གེ་མཆོག་ཏུ་ཕྲ་བ་ཡི།། ཨ་མི་ཡི་གེ་མངའ་བདག་མཆོག། རྣམ་པར་བཀྲ་བ་ཉི་མ་བཞིན།། རང་གི་ལྟེ་བའི་མཐར་ཐུག་མཚུངས།། ཡི་གེ་ཡི་གེར་ཡོངས་སུ་གཞོལ།། ཕྲ་མོ་མཉམ་པའི་མཐར་ཐུག་ནི།། འབར་ཞིང་ཐིག་ལེ་དང་མཚུངས་ཤིང་། སྙིང་གི་དཀྱིལ་འཁོར་གསལ་བྱེད་པ།། དེ་ཡི་འབར་བ་རབ་ཕྲ་བ།། ཇི་སྲིད་ཀན་གྱི་བར་དུ་སོ།། སླར་ཡང་ཡི་གེ་ཐམས་ཅད་ནི།། ཡང་དང་ཡང་དུགསལ་བྱེད་ཅིང་།། ལྕེ་ལ་རྡོ་རྗེ་འབར་བ་ནི། ། རྡུལ་ཕྲན་ལྟ་བུར་བྱེད་བཞིན་པའི།། རྡོ་རྗེ་འབར་བ་སྟོང་ཕྲག་དག། ཡང་དང་ཡང་དུ་རྣམ་པར་འདོན།། འཇིག་རྟེན་ཀུན་ཏུ་དེ་སོང་སྟེ།། ཆོས་དབྱིངས་མཉམ་དང་མི་མཉམ་པ།། མི་གེའི་རང་བཞིན་རྣམ་བཀྲ་བ། ། རང་གིས་འགྲོ་བ་སྣང་བྱས་ཏེ།། སླར་ཡང་འོང་ནས་རང་གནས་སུ།། འཇུག་པ་རུ་ནི་ཡོངས་སུ་བརྟག། ཇི་སྲིད་ཕྱོགས་ཀུན་སོང་བ་ཡི།། ཡི་གེ་ཁ་རུ་རབ་ཏུ་འཇུག་ལུས་ལ་ལུས་ཅན་གྱི་གཟུགས་བརྙན། ། སེམས་ཀྱིས་ཕྱག་རྒྱ་ལེགས་པར་བསམ།། དེ་ནས་སྒྲ་དང་ཡི་གེ་ནི།། ལྟེ་བར་སོང་སྟེ་ཡོངས་སུ་གནས།། ལྟེ་བ་རུ་ནི་པདྨ་མཆོག། པདྨར་རྡོ་རྗེ་དྲི་མེད་མཛེས། ། དེ་ཡི་སྟེང་དུ་དུང་ཆེན་པོ།། རབ་ཏུ་འཕྲོ་བ་ཉིད་དུ་གནས།། དེ་ལས་འབར་བའི་རྣམ་པའི་སྒྲ།། བྲང་གི་གནས་ནས་ཡོངས་སུ་བྱུང་།། སླར་ཡང་མགྲིན་པར་སོན་ནས་སུ།། རྡོ་རྗེ་ལྕེ་ལ་ཡང་དག་རེག། འགྲམ་པ་སྦྱར་བའི་དབུས་སུ་ནི།། སངས་རྒྱས་གཟུགས་བརྙན་དྲི་མ་མེད།། ཁ་བ་བཞོ་ལྟར་དཀར་འོད།། བཅུད་ལེན་བདུད་རྩིའི་ཐིགས་པ་འདྲ།། རྡོ་རྗེའི་ལྕེ་ནི་མཐའ་དག་རྣམས།། ཡང་དང་ཡང་དུ་གསལ་བར་བྱེད།། ཏིང་ངེ་འཛིན་གྱི་རྩར་སོང་སྟེ།། སླར་ཡང་སྙིང་པ་ཉིད་དུ་སོང་།། ཐིག་ལེ་ལས་ནི་གུག་ཀྱང་གྱུར།། གུག་ཀྱང་རི་མོ་རིང་པོ་ཅན།། ཆ་ཤཱས་རྣམ་བཞི་འདུས་པ་ལས་ད་ནི་ཡི་གེར་རྣམ་པ་ཤེས། ། ཡི་གེ་ལས་ནི་གླ་སྐྱེ་ཞིང་།། སྒྲ་ལས་ནད་དེ་ལས་དབྱངས།། དབྱངས་ལས་ངག་ཏུ་རྣམ་པར་འགྱུར།། ཡི་ག་ལས་ནི་ཆ་ཤས་ཚོགས། ཚིག་རྐང་དང་ནི་དག་ག་རྒྱས་ཚིག་རྐང་ལས་ནི་ཚིགས་བཅད་དང་། ། དེ་བཞིན་དུ་ནི་གཱ་ཟ་དང་།། འཕྲེང་འཛིན་རྒྱན་ཆགས་དེ་བཞིན་ཏེ།། འདི་ལྟར་སྔགས་དང་རིག་སྔགས་དང་།། རང་གི་སྙིང་པོར་རབ་འཇུག་འགྱུར། དེ་ནས་བཟླས་པའི་རྣལ་འབྱོར་ཆེ།། བློ་གྲོས་ལྡན་པས་བརྟན་བྱས་ཏེ།། དགུག་དང་གཞུག་དང་བཅིང་བ་དང་།། དབང་དུ་བྱས་ཏེ་བསྒྲུབ་པར་བྱ།། བཟླས་པ་འདི་ཡི་སྦྱོར་བ་ཡིས།། ཐམས་ཅད་དུ་ནི་བརྟན་པར་བྱ། ། ཡིད་བཞིན་གྱི་ནི་དག་འགྲུབ་བོ།། རྨད་བྱུང་མཆོག་ཏུ་རྙེད་དཀའ་བའི།། ཡང་ན་ལྷ་ནི་གཞན་པ་ཡི།། ངག་འགྲུབ་ཐམས་ཅད་སྐྱོབ་རྣམས་ཀྱིས།། ཡི་གེ་གཅིག་པ་གསང་ཆེན་པོ། ངག་གི་སྒྲུབ་ཐབས་མཆོག་ཏུ་དགེ། སངས་རྒྱས་ཀུན་གྱི་བདག་ཉིད་ནི།། ལེགས་པར་མཉམ་པར་བཞག་པས་བསྒོམ།། རང་ཉིད་ཟླ་བར་རྡོ་རྗེ་ཆེ།། འབར་བའི་འཕྲེང་བ་འཁྲུགས་པའི་འོད།། དེ་ལ་བསྟན་བཅོས་ཐམས་ཅད་ནི།། ངེས་པ་གདོན་པ་ཉིད་དུ་བྱ།། ངག་གྲུབ་པ་ཡི་ཡེ་ཤེས་འདིས།། ཐམས་ཅད་མཁྱེན་པ་ཐོབ་པར་བྱེད།། བསྟན་བཅོས་ཐམས་ཅད་རབ་འདོན་ཅིང་།། དེ་ཉིད་ཀྱང་ནི་འཆང་བར་བྱེད། ། སེམས་ཅན་ཀུན་གྱིས་ཐམས་ཅད་དུ།། དངོས་པོ་ཅུང་ཟད་གང་བསམ་པ།། དེ་དག་ཐམས་ཅད་རྣམ་ཤེས་ཏེ།། སྐད་ཅིག་ཙམ་ལ་སྨྲ་བར་བྱེད།། རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བ་ལས། ངག་གི་སྒྲུབ་པའི་ཐབས་རྫོགས་སོ། ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་སླར་ཡང་འདུས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམ་ཅད་ཀྱི་ཐམས་ཅད་ཀྱི་ཐུགས་ཆེན་པོ་མཆོག་གི་དབང་ཕྱུག་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་སྔགས་ཀྱི་མཛོད་ཀྱི་ཆོ་ག་རྒྱས་པའི་སྒྲུབ་པའི་ཐབས་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་དབང་ཕྱུག་གིས་གསོལ་བ་བཏབ་པའི་ཚིག་ཉེ་བར་གསན་ནས། དེ་དེ་བཞིན་ནོ་ཞེས་བཀའ་སྩལ་ནས། དེ་ནས་བཅོམ་ལྡན་འདས་ཀུན་ནས་འཁོར་ལོའི་དབང་ཕྱུག་གི་རྒྱལ་པོ་ཆེན་པོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་སྔགས་ཀྱི་མཛོད་ཀྱི་སྒྲུབ་པའི་ཐབས་ཀྱི་རིམ་པར་ཕྱེ་བའི་ཆོ་ག་རྒྱས་པ་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། ། འཁོར་ལོ་སྒྱུར་བའི་སྒྲུབ་པའི་ཐབས།། འཁོར་ལོ་རྩིབས་བརྒྱད་པའམ་ཡང་ན།། རྩིབས་བཅུ་དྲུག་པ་རྣམ་པར་བྲི།། ལྟེ་བར་དེ་བཞིན་གཤེགས་པ་དགོད།། འཁོར་ལོའི་འཕྲེང་བས་རྣམ་པར་བརྒྱན། ། མཐའ་རུ་རིན་ཆེན་རྣམ་པ་བདུན།། མཁས་པ་ཡིས་ནི་སྤེལ་བར་བྱ།། དེ་ཡི་ལྟེ་བར་བདག་ཉིད་ནི།། འཁོར་ལོ་སྒྱུར་བ་སྟོབས་པོ་ཆེ།། སངས་རྒྱས་ཀུན་གྱི་སྐུ་ཆེན་པོ་ཆོས་ཀྱི་དབྱིངས་དང་མཚུངས་པའི་མཆོག། དེ་ཡི་ཕྱག་རྒྱ་བགྲངས་ལས་འདས།། སྐད་ཅིག་མ་ནི་ཉིད་ལ་འཐོན།། འགྲོ་བ་ཐམས་ཅད་སྣང་བྱས་ནས།། སྔགས་ཀྱི་དབང་ཕྱུག་ཉིད་ལ་གཞུག། འཁོར་ལོའི་དངོས་གྲུབ་གཟི་བརྗིད་ཆེ།། འཁོར་ལོ་སྒྱུར་བ་བདག་ཉིད་འགྱུར།། ཆུང་དང་ཚེ་དང་དབང་ཕྱུག་དང་།། རང་དབང་འདོད་དགུར་སྤྱོད་པ་དང་།། ཀུན་ཏུ་འགྲོ་བ་ཉིད་དང་ནི། ཀུན་གྱི་དབང་ཕྱུག་ཕུན་ཚོགས་འབྲས།། རྒ་དང་འཆི་བ་མེད་ཐོབ་ཅིང་།། ངེས་པར་འཁོར་ལོ་སྒྱུར་དང་མཚུངས།། གསེར་གྱི་འཁོར་ལོ་རིན་པོ་ཆེ།། དེ་བཞིན་དངུལ་དང་ཤུལ་ཉིད་དང་། ། མེ་ཏོག་ཅན་གྱི་ལྕགས་ཀྱང་རུང་།། རང་གི་ལག་གིས་བཟུང་ནས་སུ།། དབང་ཆེན་དཀྱིལ་འཁོར་དབུས་སུ་ནི།། སངས་རྒྱས་ཐམས་ཅད་བསྒོམ་པར་བྱ།། འཁོར་ལོ་སྒྱུར་བ་གཟི་བརྗིད་ཆ་མཚན་རྣམས་ཀྱིས་ནི་རྣམ་པར་བརྒྱན། ། དེ་ལྟར་བདག་ཉིད་བསྒོམས་ནས་ནི།། འཁོར་ལོས་སྒྱུར་བ་ཉིད་དུ་འགྱུར།། དེ་ལ་དེ་ཡི་སྔགས་ཀྱི་ཚིག་ཏུ་གྱུར་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཨ་བ་ལོ་ཀི་ཏི། མུརྟྟི་ཙཀྲ་ལ་ཎི་ཛྭ་ལ་ཛྭ་ལ་དྷུ་ན་བི་དྷུ་ནཱ་ཏྲཱ་ས་ཡ་མཱ་ར་ཡ། ཨུཙྪུ་ཊ་ཡ་ཧ་ན་བྷཉྫ་པྲོ་ཁི་ནཱི་ཀཱཎྚ་ལི་ནི་ཨ་བ་རཱི་ཛི་ཏཱ་སྟཱ་དྷཱ་རི་ཎི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། རྩ་བའི་སྔགས་སོ།། ཨོཾ་ཨི་ཨ་པ་ན་ཛིདྷིདྷ་ཀ་སྭཱ་ཧཱ། སཱིང་པོའོ། ། ན་མཿསརྦྦ་བུདྡྷཱ་ནཱ~ཾ། ཨ་པྲོ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ་ཨ་པ་རཱ་ཛེ་ཏཱ་དྷ་ཀི་སྭཱ་ཧཱ། ཆོ་གའི་སྦྱང་པའོ།། འཁོར་ལོ་སྒྱུར་བ་རང་གྲུབ་སྟེ།། སངས་རྒྱས་ཉིད་ཀུན་ཐོབ་ནས་ནི།། ཡེ་ཤེས་ཚེ་དང་སྟོབས་དང་དང་ཤུགས། ། ཡང་ན་དབང་ཕྱུག་དམ་པ་ཀུན།། དཔའ་བོ་ཐམས་ཅད་སྟེར་བྱེད་ན།། དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས།། འཁོར་ལོ་སྒྱུར་བའི་སྒྲུབ་པའི་ཐབས་སོ།། ཉི་མའི་དཀྱིལ་འཁོར་བྲི་བར་བྱ། ། ནམ་མཁའ་ལ་ནི་ཡོངས་སུ་སྒོམ།། གཟི་བརྗིད་ཕུང་པོ་ཡེ་ཤེས་ཆེ།། སངས་རྒྱས་ཐམས་ཅད་ཐོབ་པར་འགྱུར།། གཉིས་སུ་མེད་འབྱུང་སེམས་ཀྱི་མཆོག། དཀྱིལ་འཁོར་མོག་ཏུ་རྨད་བྱུང་བ། ། དེ་ནི་མེ་མིར་ཤེས་པར་བྱ།། སངས་རྒྱས་བྱང་ཆུབ་རབ་སྒྲུབ་བྱེད།། དེ་ཡང་འཁོར་ལོ་འཛིན་རྒྱལ་པོ།། འཁོར་ལོ་སྒྱུར་བ་ལེགས་འབར་བ།། དེ་ལ་དེ་བཞིན་རིན་ཆེན་བདུན་འཁོར་ལོའི་འཕང་བས་རྣམ་པར་བརྒྱན། ། འཁོར་ལོའི་དཀྱིལ་འཁོར་དབུས་གནས་པར།། ཉི་མ་རེ་རང་བཀྲ་ཤིས་སྒོམ།། གཟི་བརྗིད་ཕུང་པོ་སྐུ་ཆེན་པོ།། སུམ་ཅུ་རྩ་གཉིས་མཚན་འཆང་བ་འབར་བའི་འཕྲེ་འཁྲུགས་དཔའ་བ་ནི། ། སྡང་བ་ཤར་བ་ལྟ་བུར་གནས།། དེ་ཡི་ཕྱག་རྒྱ་རྟག་ཏུ་བསམ།། ནམ་མཁའི་རྣམ་པར་ལེགས་པར་གནས།། ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པ།། འོད་ཟེར་འཕྲེང་བས་རྣམ་པར་ཁྱབ། ། དེ་དང་བདག་ཉིད་རྡོ་རྗེར་སྒོམ།། སངས་རྒྱས་བྱང་ཆུབ་རབ་སྒྲུབ་བྱེད།། ཀུན་ཏུ་ཀུན་ནས་ཐམས་ཅད་དུ།། དངོས་པོ་ཀུན་ལས་འབྱུང་བར་འགྱུར།། ཡེ་ཤེས་ཚེ་དང་སྟོབས་དང་ཤུགས། ། ཀུན་ཏུ་འགྲོ་བ་ཉིད་དང་ནི།། སངས་རྒྱས་ཐམས་ཅད་ཉིད་དག་དང་།། རྡོ་རྗེ་ཅན་ཀུན་ཉིད་དང་ནི།། གཟི་བརྗིད་མཆོག་ཀུན་ཐོབ་གྱུར་ནས།། གཟི་བརྗིད་ཕུང་པོ་འདྲ་བར་འགྱུར། ། དེ་ལ་སྔགས་ཀྱི་ཚིག་ཏུ་གྱུར་པ་ནི། ཨོཾ་ཏ་ཐཱ་ག་ཏོཥྞཱི་ཥ་ཨ་བ་ལོ་ཀི་ཏ་སུནྡྷ་ཏིཛྲེ་རཱ་ཤི་ཛྭ་ལཱ་ཛྭ་ལ། དྷ་ཀ་དྷུ་ཀ། དཱ་ར་དཱར། བིནྡྷ་བནྟི། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། རྩ་བའི་སྔགས་སོ།། ཨོཾ་ཏ~ཾ་ཛི་རཱ་སི་སྭཱ་ཧཱ། སྙིང་པོའོ།། ཨོཾ་ཛྭ་ལ་ཏེ་ཛོ་ར་སི་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ།། དག་པའི་སྔགས་ཚིག་འདི་རྣམས་ཀྱིས།། ཉི་མའི་ཡེ་ཤེས་རབ་ཏུ་གསལ།། ཀུན་ཏུ་འགྲོ་བ་བསྒྲུབ་པར་བྱ། རིག་པ་འཛིན་པ་ཉིད་ཐོབ་འགྱུར།། གཟི་བརྗིད་དཕུང་པོའི་གསང་སྔགས་ཀྱི་སྒྲུབ་པའི་ཐབས་སོ།། ཀུན་ནས་སྣང་བ་ཞེས་བྱ་མཆོག། ཡི་གེ་གསུམ་པ་སྟོབས་བོ་ཆེ། གསེར་གྱི་ཁ་དོག་ལེགས་འབར་ཞིང་།། གཙུག་ཏོར་སྟེང་སོན་འོད་གསལ་བ།། སྔགས་པ་རང་བདག་གིས་བསྒོམ་བྱ།། ཀུན་ནས་སྣང་བ་ལྟ་བུར་འགྱུར།། ཨོཾ་ཨཱཿཧཱུཾ། གསང་སྔགས་རྩེ་མོ་དམ་པ་ནི། ། བསྒོམས་པ་ཙམ་གྱིས་ཐམས་ཅད་དུ།། བརྟན་པ་དང་ནི་གཡོ་བ་ཡི།། འགྲོ་ཀུན་ཀུན་ནས་སྣང་བར་འགྱུར།། ཀུན་ནས་སྣང་བའི་གཙུག་ཏོར་གྱི་སྒྲུབ་པའི་ཐབས་སོ། ། ཆོས་ཀྱི་འཁོར་ལོ་ཕྱག་རྒྱ་ཆེ།། ལེགས་པར་མཉམ་པར་བཞག་པས་བསྒོམ།། སངས་རྒྱས་ཀུན་ཉིད་ཀུན་གྱི་མཆོག། ཆོས་ཀྱི་འཁོར་ལོ་རབ་སྐོར་བྱེད།། འཁོར་ལོ་འདི་ནི་རྩིབས་བཅུ་གཉིས། ། རྩིབས་བཅུ་གཉིས་པ་ཡོངས་སུ་གནས།། རྣམ་གསུམ་གསུམ་ནི་ཡོངས་བསྐོར་བ།། བྱ་བའི་དོན་དུ་དག་པ་སྟེ།། སངས་རྒྱས་རང་བཞིན་སྐུ་ཆེན་པོ།། ནམ་མཁའི་ཁྲུགས་ན་གནས་པ་སྟེ། ། ཆོས་ཀྱི་དབྱིངས་ནི་ཁྱབ་པ་ནི།། ལེགས་པར་མཉམ་པརབཞགས་པས་བསྒོམ།། འགྲོ་བ་བརྟན་དང་གཡོ་བ་ནི།། འདི་ཀུན་ཅན་ཅིང་འབྲེལ་འབྱུང་བ།། འདི་ནི་ཆོས་ཀྱི་ཕྱག་རྒྱ་ཆེ། ། སངས་རྒྱས་བྱང་ཆུབ་རབ་སྒྲུབ་བྱེད།། དེ་ཡི་སྔགས་སུ་གྱུར་པ་ནི། ཨོཾ་དྷུ་ན་པ་ཏ་ཡ་ཙིནྡ་ཙཀྲེ་ཎ་བཛྲི་ཎི་ཧཱུཾ། གསང་སྔགས་འདི་ནི་དཔལ་ལྡན་མཆོག། ཆོས་ཀྱི་འཁོར་ལོ་གཉིས་མེད་འཆར། ། སྐད་ཅིག་ཙམ་གྱིས་ཐམས་ཅད་དུ།། དམ་པའི་ཆོས་ནི་རབ་སྦྱོར་བྱེད།། ཆོས་ཀྱི་འཁོར་ལོ་སྒྲུབ་པའི་ཐབས་སོ།། པདྨ་རཱ་གའི་རྣམ་པ་འདྲ།། སངས་རྒྱས་སྐུ་གཟུགས་ལེག་འབར་བ། ། རྣལ་འབྱོར་སྦྱོར་བའི་མཆོག་བསྒྲུབས་ན།། ཉོན་མོངས་རྡོ་རྗེ་འདྲ་བར་འགྱུར།། སྙིང་ནས་རྡོ་རྗེ་གཟུགས་བརྙན་འདྲ།། འབར་བའི་འཕྲེང་བ་འཁྲུགས་པའི་འོད།། དེ་ཡི་སྙིང་ལ་རྡོ་རྗེ་མ། དྲི་མ་མེད་པ་སྐྱེས་པར་འགྱུར།། ཉོན་མོངས་རྟག་ཏུ་ཡོངས་ཟད་ཅིང་།། དགྲ་རྣམས་ཀུན་ལས་རྒྱལ་བར་བྱེད།། བདེན་པ་བཞི་ནི་རྟོགས་པས་ན།། བདེན་པའི་ཡེ་ཤེས་ཐོབ་པར་འགྱུར།། སྔགས་ནི། ཨོཾ་ཀྵེ་ཤ་ཨ་ཤ་ནི་ཧཱུ~ཾ་ཕཊ། འདི་ནི་ཉོན་མོངས་རྡོ་རྗེའི་སྔགས།། དྲག་ཅིང་དྲག་པོས་གཞན་གནོན་པའོ།། སངས་རྒྱས་ཉིད་ཀྱང་སྦྱར་བྱེད་ན།། དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས།། ཉོན་མོངས་རྡོ་རྗེ་སྒྲུབ་པའི་ཐབས་སོ། ། ། དབང་ཆེན་དཀྱིལ་འཁོར་ལ་གནས་པའི།། སངས་རྒྱས་རང་བཞིན་སྟོབས་པོ་ཆེ།། བདུད་བཞི་ལས་ནི་རྣམ་རྒྱལ་བ།། ལེགས་པར་མཉམ་པར་བཞག་པས་བསྒོམ།། བདེན་པ་བཞི་ཡི་ཁུ་ཚུར་རྗེ། ། སྲས་དང་ངག་དང་དེ་བཞིན་ཡིད།། བུ་ཚུར་སངས་རྒྱས་ཐམས་ཅད་ཀྱི།། གཉིས་མེད་སྐྱེ་བའི་མཚན་ཉིད་དེ།། རྡོ་རྗེའི་དབུས་སུ་བསྒོམ་པར་བྱ།། རང་ཉིད་སངས་རྒྱས་ཡིན་ནོ་ཞེས། བརྟན་དང་གཡོ་བའི་འགྲོ་བ་ནི།། འདི་དག་ཐམས་ཅད་མ་སྐྱེས་པ།། རྡོ་རྗེ་ཁུ་ཚུར་བསྒོམས་ན་ནི།། རྡོ་རྗེ་ཁུ་ཚུར་འདྲ་བར་འགྱུར།། དེ་ལ་སྔགས་སུ་གྱུར་པ་ནི།། ཨོཾ་བི་ཛ་ཡ་ཧཿ། དེ་བཞིན་གཤེགས་པའི་ཁུ་ཚུར་ཆེ། ། ཤེས་རབ་ཕ་རོལ་ཕྱིན་གསལ་བ།། སྔགས་པས་རྟག་ཏུ་བསྒོམས་ན་ནི།། ཤེས་རབ་ཕ་རོལ་ཕྱིན་པ་འཐོབ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་གྱི་སྒྲུབ་པའི་ཐབས་སོ། ། ། དངོས་པོ་ཐམས་ཅད་གྱེན་འཕགས་པ།། གདོད་ནས་ཞི་ཞིང་མཚན་ཉིད་མེད།། སངས་རྒྱས་རང་བཞིན་སྐུ་ཆེན་པོ།། དཀྱིལ་འཁོར་ཆེན་པོའི་དབུས་སུའོ།། རྡོ་རྗེ་རྡོ་རྗེའི་བདག་ཉིད་སྒོམ།། འབར་བ་ལྟ་བུའི་གཟི་བརྗིད་ཀྱིས།། འདི་ཡིས་འཇིག་རྟེན་ཐམས་ཅད་ཀྱི།། འཁོར་ལོས་སྒྱུར་བ་ཉིད་དུ་ནི།། འཇིག་རྟེན་ཀུན་གྱིས་ཐམས་ཅད་དུ།། ཀུན་ནས་ཕུན་སུམ་ཚོགས་པ་ཀུན། ། བཀུག་ནས་གུས་པར་སྦྱིན་པར་བྱ།། སྔགས་ནི། ཨོཾ་ཛྭ་ལ་ཛྭ་ལ་དཱི་པྱཱ་དི་པྱཱ་ཨུཏྨ་ཎོཥྞཱི་། ཥ་དྷུ་ན་དྷུ་ན་ཧཱུཾ། སྟེང་འགྲོའི་གཙུག་ཏོར་ཞེས་བྱ་བ།། སངས་རྒྱས་དཔའ་བོ་ཀུན་གྱིས་གསུངས། འདི་ནི་བསྒྲུབས་པ་ཙམ་གྱིས་ནི།། སངས་རྒྱས་ཉིད་ཀྱང་རྙེད་དཀའ་མིན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་གྱི་སྒྲུབ་པའི་ཐབས་སོ།། ། སངས་རྒྱས་རང་བཞིན་ཕྱག་རྒྱ་ཆེ། ལེགས་པར་མཉམ་པར་བཞག་པས་བསྒོམ།། ཚད་སྐྱོབ་གདུགས་དཀར་ཆེན་པོ་ནི།། ཆོས་དབྱིངས་མཉམ་དང་མི་མཉམ་པ།། ཟླ་བའི་དཀྱིལ་འཁོར་དབུས་གནས་པར།། ཟླ་བའི་ཁ་དོག་ཆེར་འབར་ཞིང་། ། ཆུ་ཡི་དཀྱིལ་འཁོར་རྣམ་དག་པ།། དྲི་མེད་པུཎྜ་རི་ཀར་གནས།། རི་མོ་བདུན་གྱིས་ཡོངས་སུ་གང་།། བཅུད་ཀྱིས་ལེན་གྱི་མཆོག་ལྟ་བུར།། སངས་རྒྱས་ཀུན་བདག་བསྒོམ་པར་བྱ།། དངོས་གྲུབ་འདི་ཡི་སྦྱོར་བ་ཡིས།། སེམས་ཅན་རྣམས་ལ་ཐམས་ཅད་དུ།། རེ་བ་ཐམས་ཅད་ཡོངས་རྫོགས་པ།། འདི་ནི་གཙུག་ཏོར་གདུགས་དཀར་ཆེ།། སྔགས་ནི། ཨོཾ་མ་མ་མ་མ་ཧཱ་ནི། ནི་བསྒྲུབས་པ་ཙམ་གྱིས་ནི།། ཡེ་ཤེས་ཚེ་དང་སྟོབས་མགྱོགས་འགྲོ།། དཔའ་བོ་ཐམས་ཅད་ཐོབ་འགྱུར་ཞིང་།། སངས་རྒྱས་ཉིད་ཀྱང་རྙེད་དཀའ་མིན།། གདུགས་དཀར་པོའི་སྦུབས་པའི་ཐབས་སོ།། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི།། འབར་བའི་འཕྲེང་འཁྲུགས་རལ་གྲི་ནི།། སྔགས་པས་སྙིང་ཁར་བསྒོམ་པར་བྱ།། རང་གི་བདག་ཉིད་སངས་རྒྱས་ཞེས།། སངས་རྒྱས་རང་བཞིན་སྤྲིན་ཆེན་པོས། ། ནམ་མཁའི་མཐོངས་རྣམས་ཡོངས་གང་བ།། བདག་ཉིད་གཉིས་མེད་ངོ་བོ་ཡིས།། རྣལ་འབྱོར་གཅིག་ཏུ་བསྒོམ་པར་བྱ།། སྔགས་ཀྱི་ཡི་གེ་འཁོར་ལོ་ཆེ།། འབར་བའི་འཕྲེང་བ་འཁྲུགས་པའི་འོད། ། སྔགས་པ་སྙིང་ཁར་བསྒོམ་པར་བྱ།། རྒྱལ་བ་དམ་པ་ཉིད་དུ་འགྱུར།། སྔགས་ནི། ཨོཾ་ཛྭ་ལ་ཛྭ་ལོཥྞཱི་ཥ་ཛྭ་ལ་ཛྭ་ལ་བནྡྷ་བནྡྷ། དམ་དམ། དྲུམ་དྲུ་མ། ད་ཧ་ད་ཧ་ན་ཧཱུཾ་ཕཊ། རྒྱལ་བའི་གཙུག་ཏོར་རལ་གྲི་ཆེ། ། ཤེས་རབ་ཡེ་ཤེས་དྲི་མ་མེད།། སྔགས་པས་ཀུན་ནས་བསྒོམས་ནས་ནི།། རྒྱལ་བའི་གཙུག་ཏོར་འདྲ་བར་འགྱུར།། རྒྱལ་བའི་གཙུག་ཏོར་གྱི་སྒྲུབ་པའི་ཐབས་སོ།། སངས་རྒྱས་ཀུན་གྱི་རང་བཞིན་སྐུ།། འབར་བའི་འཕྲེང་བ་འཁྲུགས་པའི་འོད།། སེང་གེའི་ཁྲི་ཡི་སྟེང་དུ་བསམ།། ཡང་ན་རྡོ་རྗེའི་གདན་ལ་གནས།། ཀུན་ཏུ་གཙུག་ཏོར་ཚེ་འབར་བ།། སྙིང་ཁར་ཡོངས་སུ་བསྒོམ་པར་བྱ། ། སངས་རྒྱས་ཀུན་གྱི་བདག་ཉིད་ནི།། ཡི་གེ་དམ་པ་ཡི་ནི་གནས། ཐོག་མ་ཐ་མ་མེད་ཞིག།། ཆོས་ཀྱི་སྐུ་ནི་མཆོག་ཏུ་ཆེ།། དེ་ནི་བསྒྲུབས་པ་ཙམ་གྱིས་ནི། ཀུན་ཏུ་གཙུག་ཏོར་སྟོབས་པོ་ཆེ།། སྐད་ཅིག་དེ་ལ་འགྲུབ་འགྱུར་ཏེ།། རྡོ་རྗེ་སངས་རྒྱས་ཀུན་གྱི་བཀའ་བཞིན་ནོ།། སྔགས་ནི། ཨོཾ་བཛྲ་བནྡྷ་ཧཱུཾཿགསང་སྔགས་འདི་ནི་དམ་པ་གཙོ།། སངས་རྒྱས་ཐམས་ཅད་དབང་བསྐུར་བྱེད། ། རྟག་ཏུ་རྣལ་འབྱོར་པས་བསྒོམས་ན།། དེ་ནི་ཀུན་གྱིས་དབང་བསྐུར་རོ།། ཀུན་གྱི་གཙུག་ཏོར་གྱི་སྒྲུབ་པའི་ཐབས་སོ།། རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བའི་རྒྱུད་ཆེན་པོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་གྱི་སྒྲུབ་ཐབས་ཀྱི་ཆོ་ག་རྒྱས་པའི་རིམ་པར་ཕྱེ་བ་ཡོངས་སུ་རྫོགས་སོ།། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་སླར་ཡང་འདུས་པར་གྱུར་ཏེ། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ཀྱི་གསང་སྔགས་ཀྱི་སྒྲུབ་པའི་ཆོ་ག་རྒྱས་པར་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆུན་པོས་དེ་དག་གིས་གསོལ་བ་བཏབ་པའི་ཚོགགས་ན་ནས། དེ་མ་ཐག་པ་ཁོ་ནར་དེ་བཞིན་གཤེགས་པ་ཐམས་ཅད་དུ་བདག་ཉིད་བྱིན་གྱིས་བརླབས་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསང་སྔགས་ཀྱི་རིམ་པར་ཕྱེ་བ་བཀའ་སྩལ་པ། ཤེས་རབ་ཡེ་ཤེས་རྡོ་རྗེ་ཆེ།། སྙིང་ཁར་ཡོངས་སུ་བསྒོམས་ནས་སུ། རལ་གྲི་སྔོན་པོ་ཕྱག་ན་བསྣམས།། དབང་ཆེན་དང་ནི་མེ་ལས་འཁྲུངས།། ཡེ་ཤེས་ཆེན་པོ་གཟི་བརྗིད་ཆེ།། འཁྲུལ་པ་མེད་ཅི་ཡི་གེ་བྲལ།། སངས་རྒྱས་ཀུན་བདག་ཤེས་རབ་མཆོག། ཉོན་མོངས་ཐམས་ཅད་ཟད་པར་བྱེད། ། རྡོ་རྗེ་ཀུན་བདག་བཀོད་པ་པོ།། ཀུན་ཏུ་འགྲོ་བའི་དམ་པའི་དོན།། དབྱེར་མེད་མཆོག་ཏུ་གསང་བ་པོ།། རིམ་པ་མཆོག་གི་བདག་ཉིད་འདི།། ཞལ་དྲུག་པ་ལ་ཕྱག་དྲུག་མཆོག། མངོན་ཤེས་དྲུག་ལྡན་ཡི་གེ་དྲུག། རྗེས་དྲན་དྲུག་གི་སྦྱོར་བ་ཡིས།། ཕྱག་དྲུག་དམ་པ་སྟོབས་པོ་ཆེ།། གཟི་བརྗིད་ཡང་ན་སྟོབས་ཀྱིས་ཀྱང་།། ཀུན་ནས་ཡོངས་སུ་གསལ་བ་བོ།། གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། ། ནམ་མཁའི་ཁྲུགས་ན་རྣམ་པར་གནས།། ཡང་ན་ཕྱག་གཉིས་ཤེས་པར་བྱ།། ཏིང་ངེ་འཛིན་གནས་སྡིག་པ་བཅོམ།། དཔའ་བོ་པདྨ་ལ་གནས་པ།། ཟླ་བའི་མདོག་ཅན་འོད་པོ་ཆེ།། རྣམ་འབྱོར་པ་ཡཱི་ཡེ་ཤེས་ཕྲ། ། ཤེས་རབ་ཕ་རོལ་ཕྱིན་པ་འབར།། གདོད་ནས་མ་སྐྱེས་པ་ཞེས་བསམ།། སངས་རྒྱས་བྱང་ཆུབ་རབ་གསོལ་བྱེད།། སངས་རྒྱས་རྣམས་ཀྱི་ཡེ་ཤེས་མཆོག། འཇམ་པའི་དབྱངས་ཞེས་རབ་ཏུ་གྲགས།། དེའི་སྔགས་ནི།། ཨོཾ་བཱཀྱ་དཾ་ན་མཿ། གསང་སྔགས་འདི་ནི་མཆོག་ཏུ་གསང་།། གསང་ཆེན་གྱི་ནི་དམ་པར་བཞེད།། རྣམ་ཐར་གསུམ་གྱི་སྒོལ་གནས། ། ཕ་རོལ་ཕྱིན་དྲུག་བཏུ་གསལ།། རང་ཉིད་ཤེས་རབ་ཡིན་ནོ་ཞེས།། སྔགས་པས་རྟག་ཏུ་བསྒོམ་པར་བྱ།། དབང་པོ་དྲུག་ནི་རབ་བསྒྱུར་ཏེ།། སངས་རྒྱས་ཉིད་ནི་རྣལ་འབྱོར་ལས། པདྨ་རཱ་ག་ལྟ་བུའི་མདོག། སྟོན་ཟླ་ལྟ་བུར་ཆེར་གསལ་བ།། སེམས་དཔའ་ཆེན་པོ་གསེར་གྱི་མདོག། སྟོབས་པོ་ཆེ་ནི་བསྒོམ་པར་བྱ།། འདི་ནི་བསྒྲུབས་པ་ཙམ་གྱིས་ནི། ཤེས་རབ་དྲི་མ་མེད་པར་འགྱུར།། བསྟན་བཅོས་ཐམས་ཅད་རབ་སྨྲ་ཞིང་།། དབང་ཕྱུག་ཐམས་ཅད་མདུན་ན་གནས།། ཀུན་གྱི་རྒྱལ་པོ་སྔགས་པ་ཉིད།། རང་ཉིད་ཀུན་གྱི་རྒྱལ་མོ་མཚུངས།། རིག་པ་འཛིན་པ་ཐམས་ཅད་དང་།། བྱང་ཆུབ་ཀུན་གྱི་ཕ་རོལ་སོན།། དབང་ཕྱུག་ཀུན་དང་བདེ་བ་ཆེ།། ཆོས་རྣམས་ཀུན་གྱི་ཡོན་ཏན་མཆོག། རྡོ་རྗེ་འཛིན་པ་ཐམས་ཅད་དང་།། ཡང་ན་སངས་རྒྱས་ཐམས་ཅད་ཀྱི། ། ཀུན་ཏུ་འགྲོ་བ་ཐོབ་འགྱུར་བ།། དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས།། དངུལ་ཆུ་བཅུད་ལེན་དེ་ཉིད་དང་།། རྐང་པས་སྤྱོད་པ་དྲི་མེད་མཆོག། རིལ་བུ་དང་ནི་མི་སྣང་བ།། ཐམས་ཅད་དུ་ནི་སྦྱར་བར་འགྱུར། ། དཔལ་ལྡན་འཇམ་པའི་མཆོག་འདི་ནི།། ཆོས་ཀྱི་གསུང་གི་མཆོག་ལས་འཁྲུངས།། སངས་རྒྱས་རྣམས་ཀྱི་ཚངས་པའི་དབྱངས།། འཇམ་པའི་དབྱངས་ཞེས་རབ་ཏུ་གྲགས།། འདི་ནི་བསྒྲུབས་པ་ཙམ་གྱིས་ནི། ། བསམ་པའི་ཕུན་སུམ་ཚོགས་ཀུན་གྱི།། སངས་རྒྱས་ཀུན་ཏུ་བརྟན་འགྲོ་ན།། གཞན་པའི་ལྷ་ལྟ་སྨོས་ནི་དགོས།། འཇམ་པའི་དབྱངས་ཀྱི་སྒྲུབ་པའི་ཐབས་སོ།། ། སྙིང་ཁར་པདྨ་ཆེན་པོ་ལ།། ཟླ་བའི་དཀྱིལ་འཁོར་ཡོངས་སུ་གནས།། འཇིག་རྟེན་དབང་ཕྱུག་དཔའ་བོ་ཆེ།། ཐུགས་རྗེ་ཆེན་པོའི་ཐུགས་ལྡན་པ།། ཕྱག་བཞི་པ་ལ་ཞལ་བཞི་པ། དྲུང་དང་ཀུན་ད་ཟླ་ལྟར་དག། ཆོས་ཀྱི་དབྱིངས་ལས་ཡང་དག་བྱུང་།། ཆུ་ཡི་དཀྱིལ་འཁོར་ཆེན་པོ་ལ།། བདག་ཉིད་འཇིག་རྟེན་དབང་ཕྱུག་ཆེས།། དེ་ལ་གནས་པ་དགེ་བསྒོམ།། རང་བཞིན་གྱིས་ནི་འདི་དག་ཀུན། ། གདོད་ནས་མ་སྐྱེས་མ་བྱུང་བ།། གསང་སྔགས་ཆེན་པོ་འདི་ཡིས་ནི།། སྙིང་ཁར་ཡོངས་སུ་བསྒོམ་པར་བྱ།། འཇིག་རྟེན་དབང་ཕྱུག་འཁོར་ལོ་ཚ།། ཀུན་ཏུ་རྣམ་པར་འཕྲོས་པ་ཡིས། ། འབར་བའི་འཕྲེང་བས་འཁྲིགས་ཤིང་ཞི།། རལ་པའི་ཐོར་ཚུགས་འཛིན་པ་པོ།། རལ་པའི་དབུས་སུ་དཔའ་བོ་ཆེ།། འོད་དཔག་མེང་པོ་ལྡན་པའི་བདག། སྟོན་ཀའི་ཟླ་བ་ལྟར་བུར་གསལ། ། ཀུན་ཏུ་ནམ་མཁའ་ཡོངས་གང་བ།། གསང་སྔགས་སྦྱོར་བ་དག་བསྒོམ་པར་བྱ།། རང་ཉིད་འཇིག་རྟེན་གསུམ་རྣམ་རྒྱལ།། ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པ།། པདྨའི་ལུས་ཀྱི་ཡང་དག་གང་། ། ཀུན་ཏུ་པདྨ་རྣམས་ལ་ནི།། ཟླ་བའི་དཀྱིལ་འཁོར་ཡང་དག་གནས།། ཁམས་གསུམ་རྣམ་པར་རྒྱལ་བའི་སྐུ།། ཁྱད་པར་དུ་བདག་དགང་བར་བྱ།། འགྲོ་བ་བརྟན་དང་གཡོ་བ་ཀུན་སྣང་དང་མི་སྣང་དངོས་པོ་ནི། ། ཡང་དང་ཡང་དུ་བལྟ་བར་བྱ།། གདུལ་བྱ་མ་ལུས་སེམས་ལ་ནི།། སྟོབས་པོ་ཆེས་ནི་དགང་བར་བྱ།། ཁ་དོག་དབྱིབས་ནི་འདི་བཞིན་དུ།། སྣ་ཚོགས་གཟུགས་ལ་ཆེར་འབར་བ། ། ཀུན་ནས་ཡོངས་སུ་བསྡུས་ནས་ནི།། སྔགས་པའི་མདུན་དུ་གཞག་པར་བྱ།། དེ་ནས་སྔགས་པས་དེ་མ་ཐག། སླར་ཡང་རྩེ་གཅིག་སེམས་ཀྱིས་ནི།། དགུག་དང་གཞུག་དང་བཅིང་བ་ལས། ། དབང་དུ་བྱ་བ་བསྒྲུབ་པར་བྱ།། འཇིག་རྟེན་དབང་ཕྱུག་ཐུབ་ཆེན་པོ།། བཅོམ་ལྡན་རྣལ་འབྱོར་ཅན་གྲུབ་ན།། དཔའ་བོ་ཐམས་ཅད་སྩོལ་འགྱུར་ཞིང་། རང་གི་དངོས་གྲུབ་མཆོག་རྣམས་དང་།། རྣལ་འབྱོར་ཐམས་ཅད་འཛིན་ཉིད་དང་།། རྣམ་པར་རྒྱས་པའི་ནོར་སྟེར་འགྱུར།། རིག་པ་འཛིན་དང་འཁོར་ལོ་ཅན།། ས་དང་ཕ་རོལ་ཕྱིན་སོགས་དང་། སངས་རྒྱས་རྣམས་ཀྱང་སྩོལ་འགྱུར་ན།། དངོས་གྲུབ་གཞན་ལྷ་སྤོས་ཅི་དགོས།། དེའི་སྔགས་ནི། ཨོཾ་ཨཱ་རོ་ལི་ཀ། གསང་སྔགས་དཔལ་ལྡན་མཆོག་འདི་ནི།། རང་ཉིད་ཁམས་གསུམ་རྣམ་པར་རྒྱལ་ལོངས་སྤྱོད་ཐམས་ཅད་བཀུག་ནས་ནི། ། སྐད་ཅིག་ཙམ་གྱིས་རྣམ་པར་སྦྱར།། པདྨའི་སྒྲུབ་པའི་སྦྱོར་བ་ཡིས།། བདག་ཉིད་འཇིག་རྟེན་དབང་ཕྱུག་སྒྲུབ།། འཇིག་རྟེན་གསུམ་གྱི་རྒྱལ་སྲིད་ནི།། སྲིང་པར་བཀུག་ནས་རྣམ་པར་སྟེ། ། འཇིག་རྟེན་དབང་ཕྱུག་གི་སྒྲུབ་པའི་ཐབས་སོ།། ། ཐམས་ཅད་རྡོ་རྗེའི་རང་བཞིན་གཟུགས།། མ་ཡི་དཀྱིལ་འཁོར་དགེ་བ་སྟེ།། དེ་ཡི་དབུས་སུ་བྱ་བ་དཀྱིལ་འཁོར་རླུང་དང་རབ་མཚུངས་པ། ། དེ་ཡི་དབུས་སུ་དེ་འདྲ་བསམ།། ཉི་མ་ཡི་ནི་དཀྱིལ་འཁོར་རོ།། དེ་ཡི་དབུས་སུ་གཟི་བརྗིད་ཆེ།། འཆར་བ་ལྟ་བུའི་གཟི་བརྗིད་ཅན།། རྡོ་རྗེའི་ལག་པ་གཟི་བརྗིད་ཅན། ། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན།། ཚངས་པའི་ཡུལ་ས་ཐམས་ཅད་དུ།། ཀུན་ནས་ཡོངས་སུ་གསལ་བར་བྱེད།། ཧཱུཾ་གི་ཡི་གེ་སྒྲ་ཟབ་མོ།། དྲབར་གྱི་སྤྲིན་དང་མཚུངས་པའི་འོད། ། རྒྱལ་པོ་འཁྱིལ་བ་དང་མཚུངས་པ།། ཟར་མ་ཡི་ནི་མེ་ཏོག་འདྲ།། འབྱུར་བ་དམར་པོས་འཁྲིགས་ཤིང་འཇིགས།། བསྐལ་པའི་མེ་དང་འདྲ་བར་གནས།། ཞལ་བཞི་པ་ལ་མཆེས་བཞི། འཇིག་པའི་དུས་ཀྱི་ཐལ་བ་འདྲ།། སྤྲིན་གྱི་སྒྲ་དང་མཚུངས་པ་ཡི།། ཧཱུཾ་གི་ཡི་གེ་བཞི་དང་ལྡན།། རྡོ་རྗེ་ཧཱུཾ་མཛད་ཅེས་བྱ་བ།། རྣལ་འབྱོར་པས་ནི་རྟག་ཏུ་སྒོམ།། སྔགས་ཀྱི་ཚིག་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨ་ན་ཡ་ཧོ་བྷ་ག་བཱན་བིདྡྷ་རཱ་ཛ་ཧཱུཾ་ཕཊ། རྡོ་རྗེ་འཛིན་པའི་རྒྱལ་པོ་འདི།། ཀུན་མཆོག་སྲིད་པའི་དབང་ཕྱུག་གིས།། འཇིག་རྟེན་གསུམ་ཡང་འགུགས་བྱེད་ན། ། བུད་མེད་གཞན་ལྟ་སྨོས་ཅི་དགོས།། ཚངས་པ་ཁྱབ་འཇུག་དབང་ཆེན་སོགས།། ཆུང་མ་དང་བཅས་ཕྱག་རྒྱར་བཅས།། དེ་དག་ཐམས་ཅད་འགུགས་བྱེད་ན་སྡུག་བསྔལ་ཅན་གཞན་སྨོས་ཅི་དགོས། ། ཉི་མའི་དཀྱིལ་འཁོར་དབུས་གནས་པར།། རྡོ་རྗེའི་གཟུགས་བརྙན་སྙིང་ཁར་སོན།། དབང་པོ་གཉིས་ནི་མཉམ་སྦྱོར་བས།། རྡོ་རྗེ་ཅན་གྱིས་སྔོན་དུ་སྒྲུབ། བསམ་པ་ཐམས་ཅད་རྫོགས་བྱེད་པ།། བཅོམ་ལྡན་རྡོ་རྗེ་ཅན་འགྲུབ་འགྱུར།། རྒྱལ་པོ་ཐམས་ཅད་སྦྱིན་གྱུར་ན།། དངོས་གྲུབ་གཞན་ལྷ་སྨོས་ཅི་དགོས།། སྔགས་ནི་འདིར། ཨོཾ་ཙ། ཧཱུཾ་ཛཿགསང་སྔགས་འདི་ཡི་སྦྱོར་བ་ཡིས།། དམ་པའི་དོན་དུ་བསྒྲུབ་པར་བྱ།། ལོངས་སྤྱོད་ཇི་སྙེད་ཐམས་ཅད་རྣམས།། དེ་སྐད་ཐམས་ཅད་རྣམ་པར་སྟེ།། རྡོ་རྗེ་འཛིན་པ་སྒྲུབ་པའོ།། དབང་ཆེན་དཀྱིལ་འཁོར་ལ་གནས་པའི།། བྱམས་པ་ཆེན་པོའི་བདག་ཉིད་སྐུ།། སྙིང་ཁར་ཟླ་བའི་གཟུགས་བརྙན་འོད།། རྡོ་རྗེ་འབར་བའི་འཕྲེང་བ་ལྡན།། འཇིག་རྟེན་ཁམས་ནི་འབྱམ་ཀླས་པ། ། རང་བཞིན་གཅིག་ཏུ་བྱས་ནས་ནི།། རྡོ་རྗེ་ཡིས་ནི་སྤྲོ་བ་དང་།། དབང་བསྐུར་བ་ཡི་རང་བཞིན་དགེ། གསེར་གྱི་ཁ་དོག་ལེགས་འབར་བ།། རལ་པའི་ཐོར་ཙུགས་འཛིན་པ་པོ།། རལ་པའི་དབུས་སུ་མཆོད་རྟེན་ཆེ།། དུང་དང་ཀུན་ད་ཟླ་འོད་བཟང་།། བསྒོམས་ནས་སེམས་ཅན་ཐམས་ཅད་ལ།། བརྟེན་པའི་དོན་དུ་དབང་བསྐུར་བྱ།། ཡང་ན་སེམས་ཅན་ཐམས་ཅད་ལ།། བུ་གཅིག། ལྟ་བུར་རྣམ་པར་སྤྲོ།། སྒོམ་པའི་སྦྱོར་བས་བསྒོམས་ན་ནི།། གཉིས་མེང་མ་རྒྱལ་བ་ལས་རྒྱལ།། སྤྲོ་བ་དང་ནི་བསྡུ་བ་དང་། ཐིམ་སོགས་ཕྱོགས་དབྱེས་རྣམ་པར་དབྱེ།། བྱམས་པ་ཀུན་ཏུ་རྣམ་པར་སྤྲོ། ཆོས་དབྱིངས་མཉམ་དང་མི་མཉམ་པ།། ཐམས་ཅད་བདག་དང་བདག་གི་བར།། འདས་ཤིང་ཤིན་ཏུ་དྲི་མ་མེད།། རི་རབ་ལྟ་བུར་བརྟན་པའི་སེམས།། འཁྲུལ་པ་མེད་ཅིང་ཡི་གེ་བྲལ།། དེ་ལྟར་སེམས་ནི་བརྟན་བྱས་ནས། མཉམ་མེད་སེམས་ཅན་ཀུན་དང་མཉམ།། བདག་ཉིད་བྱམས་པ་ཡིན་ནོ་ཞེས།། དགའ་ལྡན་གནས་པའི་ཚུལ་འཛིན་པ།། ཅུང་ཟད་ལི་ཞིང་འཁྲིལ་པའི་སྒྲ།། པདྨ་རཱ་ག་མཚུངས་པའི་འོད་རིན་ཆེན་སེམས་ནི་རྣམ་དག་པས། ། རང་བདག་ཉི་ནི་བསྒོམ་པར་བྱ།། འདིའི་གསང་སྔགས་རང་བཞིན་གྱིས་གྲུབ་པ་ནི། ཨོཾ་ཨི་ཛི་ཏཉྫ་སརྦ་སཏྭ་ས་མ་ཡ་མ་ནུ་ག་ཏ་སྭཱ་ཧཱ། གསང་སྔགས་བདག་ཉིད་རྒྱལ་པོ་འདི། ། བྱམས་པ་ཞེས་ནི་གྲགས་པ་སྟེ།། ཆོས་ཀྱི་དབྱིངས་དང་མཚུངས་པར་ཁྱབ།། བྱམས་པའི་ཐུགས་ནི་ཡིད་དུ་འོང་།། དང་པོའི་སྦྱོར་བའི་རྣལ་འབྱོར་གྱི།། སྒྲུབ་པའི་ཐབས་མཆོག་བསྒོམ་པར་བྱ། ། ཨོཾ་མཻ་ཏྲེ་ཡ་ཏཱི། འདི་ནི་བསྒྲུབས་པ་ཙམ་གྱིས་ཀྱང་།། དགའ་ལྡན་དུ་ནི་གནྡ་པར་འགྱུར།། སྒྲིབ་པ་ཀུན་དང་བྲལ་བའི་བདག། རང་ཉིད་ལྷ་ཡི་བུ་དང་མཚུངས། བྱམས་པའི་སྦྱོར་བས་བསྒོམས་ན་ནི།། འདི་ནི་བྱམས་པ་ལྟེ་བྱར་འགྱུར།། བྱམས་པའི་སངས་རྒྱས་ཞིང་དུ་ནི།། རང་བཞིན་གྱིས་ནི་སྐྱེ་བར་འགྱུར།། དེ་མདུན་ཆོས་ནི་ལེགས་མཉན་ནས།། ས་དང་རོལ་ཕྱིན་པ་དང་། ། དབང་དང་ཏིང་འཛིན་ཐོབ་ནས་ནི།། དེ་ནི་བྱང་ཆུབ་སེམས་དཔར་འགྱུར།། མཐར་ཡང་སངས་རྒྱས་ཐམས་ཅད་ནི།། བྱམས་པའི་ཡིད་ཀྱིས་ཐོབ་པར་འགྱུར།། བྱམས་པའི་སྒྲུབ་པའི་ཐབས་སོ། ། རང་གི་ལུས་ནི་ཐམས་ཅད་ནི།། ནམ་མཁའ་མཚུངས་པ་ཉིད་དུ་སྒོམ།། ཆོས་བདག་མེད་པ་བསྐྱེད་ནས་ཀྱང་།། རང་ཉིད་ནམ་མཁའི་སྙིང་པོར་འགྱུར།། གསང་སྔགས་འདི་ཡི་སྦྱོར་བ་ཡིས། ། མཁའ་མཚུངས་དཔེ་ལས་རྣམ་པར་འདས།། ནམ་མཁའི་འོད་ཟེར་གྱུར་པ་ཡིས།། སེམས་ཅན་རང་གི་སེམས་ལས་སྤྲོ།། ཐམས་ཅད་སེམས་ལས་སྤྲོས་ནས་ནི།། སླར་ཡང་རིམ་ཀྱིས་བསྔོ་བར་བྱ། ནམ་མཁར་མཉམ་པར་འགྲོ་བ་བལྟ།། རང་གི་དེ་ཉིད་ཀྱིས་སྦྱར་བྱ།། རིན་ཆེན་དཀྱིལ་འཁོར་དབུས་གནས་པར།། རིན་ཆེམ་ཁ་དོག་འོད་ཆེན་པོ།། རྒྱན་རྣམས་ཀུན་གྱིས་ལུས་བརྒྱརྟན་པ། ལག་ན་རིན་ཆེན་སྟོབས་པོ་ཆེ།། རིན་ཆེན་སྦྱོར་བ་བསྒོམ་པ་ཡིས།། ནམ་མཁའི་དམ་པ་འགྲུབ་པ་ཡིན།། སྔགས་ནི། ཨོཾ་ཨཱ་ཀཱ་ཤ་གནྡྷ་ཡ་སྭཱཧཱ། ནམ་མཁའི་སྙིང་པོ་སྟོབ་པོ་ཆེ། བཅོམ་ལྡན་རྣལ་འབྱོར་འགྲུབ་པར་འགྱུར། ། རང་གི་དངོས་གྲུབ་ཐམས་ཅད་ནི།། སྟེར་བར་འགྱུར་ཏེ་དཔྱད་མི་དགོས།། དཔའ་བོ་སངས་རྒྱས་ཐམས་ཅད་ཀྱི།། དངོས་གྲུབ་ཇི་སྙེད་བཀའ་སྩལ་པ།། ནམ་མཁའི་སྙིང་པོ་བསྒྲུབས་པ་ཡིས། ། དེ་དག་ཐམས་ཅད་མྱུར་དུ་སྟེར།། ནམ་མཁའི་སྙིང་པོ་སྒྲུབ་པའི་ཐབས་སོ།། སངས་རྒྱས་ཀུན་གྱི་རང་བཞིན་སྐུ།། རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡིས།། ཀུན་ཏུ་བཟང་པོ་འོད་བཟང་པོ། ། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི།། སྔགས་པས་རྟག་ཏུ་བསྒོམ་པར་བྱ།། དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར།། རང་གི་ལུས་ནི་ཇི་སྙེད་པའི།། རང་གི་ཕྲ་རབ་རྡུལ་རྣམ་ཀྱིས། དེ་དག་ཐམས་ཅད་མཚུངས་པར་བྱ།། སངས་རྒྱས་སྐུ་ཡི་སྐུ་ཉིད་དུ།། ཡང་ན་བ་སྤུའི་ཁུང་རྣམས་སུ།། རང་གི་འཁོར་ལོས་ཡོངས་བསྐོར་ནས།། སངས་རྒྱས་ཀུན་དང་མཚུངས་བྱས་ཏེ།། བདག་ནི་ཀུན་ཏུ་བཟང་པོ་ཞེས།། ཡི་གེ་ལྔ་པ་ཞེས་སུ་བཤད།། འདི་ཡི་སྔགས་ཆེན་བཟླས་པར་བྱ།། ཡང་ན་འདིར་ནི་ལྷ་གཞན་གྱི།། རྟག་ཏུ་སྔགས་སུ་གྱུར་པའོ།། ཨོཾ་སྭཱ་ཧྲཱིཿཀཱ་ཡ་སྭཱ་ཧཱ། གསང་སྔགས་རྒྱལ་པོ་ཆེ་གསང་ཞིང་།། གདོང་ནས་དག་ཅིང་རང་བྱུང་བ།། འདི་ནི་བསྒྲུབས་པ་ཙམ་གྱིས་ནི།། ཤེས་རབ་དྲི་མ་མེད་པར་འགྱུར།། དེ་ཡི་ཡེ་ཤེས་དྲི་མེད་ཅིང་།། གཟུགས་མཛེས་པ་ནི་དེ་དང་མཚུངས། ། བསྟན་བཅོས་ཐམས་ཅད་རབ་སྨྲ་བ།། ཀུན་བཟང་མཆོག་ཏུ་བདག་འགྱུར་རོ།། ཀུན་ཏུ་བཟང་པོའི་སྒྲུབ་པའི་ཐབས་སོ།། ། ཟླ་བའི་དཀྱིལ་འཁོར་དབུས་གནས་པར། ། རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡི།། སྒྲིབ་པ་ཐམས་ཅད་རྣམ་སེལ་བ།། དམ་པའི་དོན་དུ་བསྒོམ་པར་བྱ།། གསང་སྔགས་འདི་ཡི་སྦྱོར་བ་དང་།། བཅུད་ཀྱིས་ལེན་གྱིས་བདེ་བླག་ཏུ། ། རིང་པོ་ཉིད་དུ་མི་ཐོགས་པར།། སྒྲིབ་པ་རྣམ་སལ་མཚུངས་པར་འགྱུར།། སྔགས་འབྱུང་བ་ནི། ཨོཾ་སརྦ་ནི་ཝར་ཎ་བིཥྐམྦྷི་སྭཱ་ཧཱ། ཨོཾ་ནི་ས་རཱ་ཡ་སྭཱ་ཧཱ། གཙོ་བོ་གསང་སྔགས་འདི་འཛིན་ལ། ། རྣམ་པར་སེལ་བ་གྲགས་པ་སྟེ།། ཐམས་ཅད་སྒོམ་པའི་སྦྱོར་བ་ཡིས།། ཕྱག་རྒྱ་ཀུན་གྱིས་ཐམས་ཅད་དུ།། གདོད་ནས་སྐྱི་མང་རང་བཞིན་གྱིས།། གདོད་ནས་དག་ཅིང་འགྱུར་བ་མེད།། དེ་ལྟར་ཆོས་འདི་ཤེས་ནས་ནི།། ལྷ་ཉིད་དང་ནི་མཉམ་བྱས་ནས།། རྙོག་པ་མེད་ཅིང་ཟག་མེད་པའི།། རྗེས་སུ་རྣལ་འབྱོར་གྱིས་བསྒྲུབ་བྱ།། ཨུཏྤལ་སྔོན་པོའི་འདབ་མ་ལྟར།། གསལ་བའི་རྣམ་པར་གནས་པའོ། ། དབང་ཆེན་དཀྱིལ་འཁོར་ལ་བཞུགས་པའི།། མེ་ཡིས་ཡོངས་སུ་བསྐོར་བ་ཡི།། ཕྱག་ན་རལ་གྲི་གཟི་བརྗིད་ཆེ།། ཡང་ནས་ཡང་དུ་སེམས་བྱེད་ཅིང་།། དངོས་གྲུབ་འདི་ནི་གཟི་བརྗིད་ཆེ།། རྣམ་སེལ་མཆོག་གི་དབང་ཕྱུག་ནི།། མཐའ་ལས་འདས་པའི་དངོས་གྲུབ་མཆོག། ཐམས་ཅད་ནས་ནི་སྩོལ་བ་ཉིད།། རྣམ་པར་སེལ་བ་སྒྲུབ་པའི་ཐབས་སོ།། ། དབང་ཆེན་དཀྱིལ་འཁོར་སྟེང་དུ་ནི། ། རྡོ་རྗེ་ཡི་ནི་དབུས་ན་བཞུགས།། གསེར་གྱི་མདོག་ཅན་སྐུ་ཆེན་པོ།། འབར་བ་ལྟ་བུའི་གཟི་བརྗིད་ཅན།། སྙིང་ཁར་རྡོ་རྗེའི་ཕྱག་རྒྱ་གནས།། ས་སྙིང་ཞེས་བྱར་བདག་ཉིད་སྒོམ། ། རང་གི་ལྷག་པའི་ལྷ་སྦྱོར་བས།། རང་གི་གསང་སྔ་ག་བརྗོད་པར་བྱ།། ས་སྙིང་ཞེས་བྱར་བདག་བསྒོམས་ནས།། སྔགས་ཀྱི་ཡི་གེ་མཆོག་བདེ་འདི།། ཨོཾ་ཀྵི་ཧཿརཱ་ཛཿསྭཱ་ཧཱ། བསམ་ཡས་སྔགས་མཆོག་འདི་ཡིས་ནི།། དངོས་གྲུབ་ཐམས་ཅད་རབ་གསོལ་མཛད།། ས་ཡི་སྙིང་པོ་ཞེས་གྲགས་པ།། དམ་པའི་དོན་དུ་རྣལ་འབྱོར་པས།། སའི་སྙིང་པོའི་སྒྲུབ་པའི་ཐབས་ཟད་པ་མེད་ཅིང་འཁྲུལ་པ་མེད། ། ཟག་མེད་མཆོག་གི་ཤེས་རབ་ཅན།། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི།། ཤེས་རབ་རྡོ་རྗེའི་བདག་ཉིད་དགེ། བློ་གྲོས་མི་ཟད་རྙེད་དཀའ་བ། འབད་པ་ཡིས་ནི་བསྒོམ་པར་བྱ།། མ་ཡི་དཀྱིལ་འཁོར་དབུས་སུ་ནི།། གསེར་གྱི་མདོག་དང་ལྡན་པའི་གཟུགས།། རྒྱལ་པོ་ཆེན་པོ་ཟླ་བའི་འོད།། འོད་ཀྱི་དཀྱིལ་འཁོར་རབ་ཏུ་གསལ།། སྔགས་ནི།། ཨོཾ་ཨ་ཀྵ་ཡ་མ་ཏི་སྭཱ་ཧཱུཾ། སྔགས་ཀྱི་ཡི་གེ་གསང་བ་འདི།། ཐམས་ཅད་བློ་གྲོས་གསལ་བར་བྱེད།། ཡེ་ཤེས་མི་ཟད་འདོད་པ་ཡིས།། འབད་པ་ཡིས་ནི་བསྒྲུབ་བྱ་སྟེ།། དངོས་གྲུབ་ཀུན་གྱི་མཆོག་ཤེས་བྱ། ། ཤེས་རབ་ཡེ་ཤེས་དྲི་མེ་མཛེས།། སངས་རྒྱས་ཉིད་ཀྱང་ཐོབ་གྱུར་ན།། དངོས་གྲུབ་གཞན་ལྟ་ཅི་ཞིག་སྨོས།། བློ་གྲོས་མི་ཟད་པའི་སྒྲུབ་ཐབས་སོ།། ། ཀུན་ནས་ཤེས་རབ་ཆེན་པོ་ཅན། ། ཟླ་བའི་དཀྱིལ་འཁོར་ལ་བརྟེན་པར།། གསེར་གྱི་ཁ་དོག་གཟི་བརྗིད་ཆེ།། རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པའི།། གཞོན་ནུའི་གཟུགས་ཅན་རྟག་བསམ་བྱ།། རེ་བ་ཐམས་ཅད་རྫོགས་པར་མཛད། ། རང་གི་ལྷག་པའི་ལྷར་སྦྱོར་བ།། ནམ་མཁའི་བདག་པོ་བདག་ཡིན་ནོ།། ལུས་ངག་ཡིད་ཀྱིས་ཐམས་ཅད་དུ།། ཐམས་ཅད་རིག་པས་བརྟན་པར་བྱ།། ཤིན་ཏུ་དྲི་མེད་བྱང་ཆུབ་སེམས།། རང་སྙིང་མེ་ལོང་ལྟ་བུར་བསམ། ། དེ་ནས་ཡི་གེའི་ཚིག་བཀོད་དེ།། མཁའ་མཛོད་བདག་ཅེས་བདག་ཉིད་ཀྱིས།། བསྒོམས་ནས་རྡོ་རྗེ་རྡོ་རྗེའི་བདག། མཁའ་ལ་རིན་ཆེན་འབྱུང་གནས་དང་།། ཡིད་བཞིན་ནོར། བུ་དཔག་བསམ་ཤིང་།། དེ་བཞིན་བུམ་པ་བཟང་པོ་སོགས།། འཇིག་རྟེན་ཀུན་གྱི་དབང་ཕྱུག་གིས།། ཉེ་བར་མཁོ་བ་ཐམས་ཅད་འབབ།། འཇིག་རྟེན་ཀུན་གྱི་རྫས་ཐམས་ཅད།། ཇི་སྙེད་ཡོད་པ་དེ་དག་ཀུན། ། འདིར་ནི་སྐད་ཅིག་ཙམ་ཉིད་ལ།། དངོས་གྲུབ་དམ་པ་སྩོལ་བར་འགྱུར།། ། ཨོཾ་ག་གཱ་ན་གཉྫ་གཾ་སྭཱ་ཧཱ། ནམ་མཁའ་མཛོད་ཀྱི་དངོས་གྲུབ་ཆེ།། ནོར་གྱི་རྒྱུན་གྱི་རབ་འབེབས་པ།། ནམ་མཁའི་མཛོད་ནི་སྟོབས་པོ་ཆེ། ། སྐད་ཅིག་ཙམ་གྱིས་བྱེད་པར་འགྱུར།། ནམ་མཁའ་མཛོད་ཀྱི་སྒྲུབ་པའི་ཐབས་སོ།། རིན་ཆེན་དཀྱིལ་འཁོར་ལས་བྱུང་བ། རིན་ཆེན་ཕུང་པོ་ཆར་རབ་འབེབས། ། རིན་ཆེན་གཟི་བརྗིད་མཆོག་ཏུ་རོལ།། ལག་ན་རིན་ཆེ་དང་བསྒྲུབ་བྱ།། ལག་ན་རིན་ཚོན་ཕྱག་རྒྱ་ཆེ།། ཟླ་བའི་དཀྱིལ་འཁོར་དབུས་གནས་པར།། རྡོརྗེ་སྦྱོར་བས་བསྒོམ་པར་བྱ།། བདག་ཉིད་རིན་ཆེན་ཞེས་བྱ་དང་། ། རིན་ཆེན་ཐམས་ཅད་སྒྲོལ་བར་མཛད།། ཐམས་ཅད་རྡོ་རྗེ་བཞིན་བདག་ཉིད།། པྲི་ཡང་ཀུ་མདོག་སྔོ་བསངས་འོད།། དབང་ཆེན་དང་ནི་མེ་ལས་བྱུང་།། ཕྱག་ན་རིན་ཆེན་ཆེར་གསལ་བ། ། རབ་ཏུ་འབད་དེ་བསྒོམ་པར་བྱ།། ཨོཾ་རཏྣ་པཱ་ཎི་ར་མུ་སྭཱ་ཧཱ། གསང་སྔགས་འདི་ནི་བརྩོན་འགྲུས་ཆེ།། རབ་ཏུ་འབད་དེ་བསྒྲུབས་ན་ནི།། འགྲོ་བ་ཀུན་གྱི་ལག་ཏུ་ནི། རིན་ཆེན་ཐམས་ཅད་རབ་སྩོལ་བྱེད།། ལག་ན་རིན་པོ་ཆེའི་སྒྲུབ་པའི་ཐབས་སོ།། ། ཆོས་ཀྱི་དབྱིངས་དང་མཚུངས་པའི་སེམས།། བདུད་རྩིའི་ཆུ་ཡིས་རབ་གང་བ།། སྟོང་གསུམ་ཞེས་ནི་བསམ་པར་བྱ། ། པདྨ་གཅིག་གི་སྟེང་ན་གནས།། དེ་ཡི་སྟེང་དུ་གཟི་བརྗིད་ཆེ།། ཆུ་ལྷ་ཡི་ནི་གཟུགས་ཀྱི་མཆོག། དེ་སྐང་དུ་ཡང་གསང་ཆེན་པོ།། མེ་ཡི་དཀྱིལ་འཁོར་དམ་པ་སྟེ།། དེ་ཡི་སྟེང་དུ་བརྩོན་འགྲུས་ཆེ། ། རྩེ་མོ་བརྒྱ་པའི་རྡོ་རྗེ་བྱུང་།། དེ་ཡི་སྟེང་དུ་པད་ཆེན་པོ།། འདབ་མ་བརྒྱ་པ་འོད་གསལ་བ།། དེ་སྟེང་རྟག་ཏུ་བསམ་པ་ནི།། བྱང་ཆུབ་སེམས་དཔའ་སྟོབས་པོ་ཆེ། རྒྱ་མཚོའི་བློ་གྲོས་ཞེས་གྲགས་པ།། འབར་བའི་འཕྲེང་བ་འཁྲིགས་པའི་འོད།། དུང་དང་ཀུན་ད་ཟླ་བའི་མདོག། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན།། དེ་ཡི་ལག་ན་ཕྱག་རྒྱ་ཆེ།། རྡོ་རྗེ་དུང་དུ་རབ་ཏུ་གྲགས། ། རང་གི་ལྷག་པའི་ལྷ་སྦྱོར་བས།། རང་ཉིད་རྡོ་རྗེ་ཡིན་ནོ་ཞེས།། རྒྱ་མཚོའི་བློ་གྲོས་ཤེས་རབ་ཆེ།། སླར་ཡང་གསང་སྔགས་བཟླ་བར་བྱ།། སྔགས་ནི། ཨོཾ་སཱ་ག་ར་མ་ཏི་སར་སྭཱཧཱ། སྔགས་འདི་མཆོག་དང་གཙོ་བོ་སྟེ།། ཤེས་རབ་ཡེ་ཤེས་དྲི་མེད་མཛེས།། རྡོ་རྗེའི་སྦྱོར་བས་མྱངས་ན་ནི།། ཤེས་རབ་རྒྱ་མཚོའི་བློ་གྲོས་མཚུངས།། རང་ཉིད་སངས་རྒྱས་འཇམ་པའི་། དབྱིངས།། ཐུགས་རྗེ་འཇིག་རྟེན་དབང་ཕྱུག་རྒྱལ།། དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས།། རྒྱ་མཚོའི་བློ་གྲོས་ཀྱི་སྒྲུབ་པའི་ཐབས་སོ།། དབང་ཆེན་དཀྱིལ་འཁོར་ལྔ་གནས་པའི་ཨུཏྤལ་སྔོན་པོ་འདབ་འདྲའི་འོད། ། རྡོ་རྗེ་སྙིང་པོ་བརྩོན་འགྲུས་ཆེ།། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི།། ཇི་སྙེདས་སྟེངས་མཐའ་དག་ཏུ།། ཁྱབ་ལ་སྡུག་ཅིང་མཐོ་བ་ཡི།། སྲ་ཞིང་སྙིང་པོ་རྣམ་དག་པའི།། མཆོག་གི་ཡི་གེ་འགྱུར་མེད་པ།། ས་བཅུའི་དབང་ཕྱུག་མགོན་པོ་ནི།། ཆོས་ཀྱི་སྤྲིན་ལ་སྤྱོད་མཛད་པ།། བསམ་ཡས་སཱ་ནི་ཡང་དག་བརྙེས།། ཨིནྡྲ་ནཱི་ལ་མཚུངས་པའི་འོད། ། དེ་ཡི་སྔགས་གྱུར་མཛེས་པ་ནི།། ཡི་གེ་མཆོག་ནི་སྟེང་དུ་འབརོ།། ཐུགས་ཀར་རྡོ་རྗེ་ཆེར་གསལ་བ།། རང་ཉིད་རྣམ་པར་འཕྲོ་བ་བཞིན།། སྔགས་ནི། ཨོཾ་བཛྲ་གརྦྷ་ཧཱུཾ། འདི་ནི་སྔགས་མཆོག་གཙོ་བོ་སྟེ།། སངས་རྒྱས་བྱང་ཆུབ་རབ་སྒྲུབ་བྱེད།། ཡེ་ཤེས་ཡངས་པ་སྩོལ་མཛད་ཅིང་།། རྣམ་པ་ཀུན་ཏུ་ཕུན་ཚོགས་ཀུན།། སངས་རྒྱས་ཉིད་ཀུན་སྣོལ་མཛད་ན། དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས།། དགུག་དང་གཞུག་དང་བཅིང་བ་དང་།། དབང་དུ་བྱ་བ་སྒྲུབ་པར་བྱེད།། བདག་ཉིད་རྡོ་རྗེ་ཡིན་ནོ་ཞེས།། ང་རྒྱལ་རབ་ཏུ་བསྐྱེད་ནས་ནི།། རྡོ་རྗེ་སྙིང་པོ་བཞིན་དུ་གཞན། ། བདག་གི་རྣལ་འབྱོར་བསྒོམ་པར་བྱ།། ཐུགས་ཀྱི་རྡོ་རྗེ་ཉིད་གྱུར་ནས།། ཆོས་ཀྱི་དབྱིངས་དང་མཉམ་པ་ཐོབ།། དེས་ན་རྣམ་པ་ཐམས་ཅད་ཀྱི།། རྡོ་རྗེ་སྙིང་ཡང་དག་བྱུང་། ། རྡོ་རྗེ་སྙིང་པོ་མཁའ་རྡོ་རྗེ།། སྦྱིན་བྱེད་རྩེ་མོ་དྲུག་པས་བསྒྲུབ།། རྡོ་རྗེ་སྙིང་པོ་སྒྲུབ་པའི་ཐབས་སོ།། དབང་ཆེན་མེད་ལས་ཡང་དག་བྱུང་།། ནོར་བུ་རིན་ཆེན་འདྲ་བའི་ལུས། ཟླ་བའི་དཀྱིལ་འཁོར་ལ་གནས་པའི།། ཉི་མའི་དཀྱིལ་འཁོར་མཚུངས་པའི་འོད།། རིན་ཆེན་འབྱུང་བ་སེམས་ཆེན་པོ།། འགྲོ་བ་སྣང་བར་བྱེད་དེ་གནས།། པདྨ་མཁའ་འདྲའི་རྣམ་པ་ཅན།། ཕྱག་རྒྱ་དེ་ཡི་སྙིང་ཁར་གནས།། རིན་ཆེན་སྦྱོར་བས་བསྒོམ་པར་བྱ།། རིན་ཆེན་ཆར་པ་འབབ་པར་འགྱུར།། སྔགས་ནི། ཨོཾ་རཏྣ་ཀཿཧྲཱི་རཏྣ་ད་ད་སྭཱ་ཧཱ། རིན་ཆེན་འབྱུང་གནས་རྒྱལ་པོ་འདི། མཆོག་རྣམས་ཀྱི་ནི་སའི་དབང་ཕྱུག། སྦྱོར་བ་ཀུན་གྱིས་བསྒྲུབ་པར་བྱ།། རྒྱ་ཆེའི་ནོར་རྣམས་སྩོལ་བར་འགྱུར།། རིན་ཆེན་འབྱུང་བའི་སྒྲུབ་པའི་ཐབས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རྡོ་རྗེའི་རྒྱན་གྱི་རྒྱུད་ཆེན་པོ་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྒྲུབ་པའི་ཐབས་སོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སླར་ཡང་འདུས་ཏེ་གཤེགས་ནས། ། བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པའི་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཆེན་པོ་ལ་གསོལ་བ་བཏབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཁྲོ་བོ་བཅོམ་ལྡན་འདས་སྐྱེད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཁྲོ་བོ་འཁོར་ལོ་སྒྱུར་བ་ཆེན་པོས་དེ་སྐད་ཅེས་གསོལ་བ་བཏབ་མ་ཐག་ཁོ་ནར།། རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་གསང་བ་ལས་ཆེས་གསང་བ་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ།། ཁྲོ་བོ་ཡི་ནི་དཀྱིལ་འཁོར་མཆོག། རླུང་ཁམས་རབ་ཏུ་གསལ་བ་ལ།། མེ་ནི་དབུས་ནས་དབུས་སུའོ།། དེ་ཡི་དབུས་སུ་རྡོ་རྗེ་ཆེ། འོད་ཟེར་ལྔ་ཡི་འཕྲེང་བས་མཛེས།། དེ་ཡི་མདུན་དུ་བྱ་བ་ཡང་།། མདུང་རྩེ་འབར་བ་ཆེན་པོ་ཡི།། དེ་ཡི་གཡས་ཀྱི་ཆ་རུ་ནི།། རྡོ་རྗེ་ཆེན་པོ་འབར་འཕྲེང་ཅན།། གཡོན་ཉིད་དུ་ནི་བཙོན་ཆེ།། རིག་པའི་འཕྲེང་བས་རྣམ་པར་སྤྲས།། རྒྱབ་ཏུ་རལ་གྲིའི་ཕྱག་རྒྱ་ནི།། རིན་ཆེན་འབར་བས་རྣམ་པར་བརྒྱན།། ཕྱི་ངོས་རྣམས་སུ་རྣམ་ཁྲོས་པའི།། ཁྲོ་བོ་ཐམས་ཅད་དགོད་པར་བྱ།། དེ་ཡི་སྔགས་ཀྱི་ཡི་གེ་གསང་། ། གསང་ཆེན་མཆོག་ཏུ་འབར་བའོ།། གཞལ་དུ་མེད་ཅིང་གྲངས་མེད་མཆོག། ཆོས་དབྱིངས་མཉམ་དང་མི་མཉམ་པ།། ཡི་གེ་གཅིག་པ་གསང་ཆེན་པོ།། རྒྱུ་ཡི་དོན་དུ་རྟོགས་པར་བྱེད། ། དབྱངས་ལྔ་དང་ནི་ཡང་དག་ལྡན།། ཐིག་ལེ་སྒྲ་ཡིས་རྣམ་པར་བརྒྱན།། དེ་ཉིད་གསང་བའི་མགོན་པོ་ནི།། དབྱངས་བདུན་པར་ནི་བཤད་པ་ཡིན།། ཧེ་རུ་ཀ་དཔལ་རྡོ་རྗེ་མ།། འཇིགས་པའི་ཐལ་བ་མཆོག་ཏུ་འབར།། སེམས་དཔའ་སྔོན་པོ་འབར་བའི་བདག། འབར་བའི་མེ་ཡི་དཀྱིལ་འཁོར་བཞིན།། འཇིག་པ་ཆེན་པོའི་དུས་ཅན་གྱི།། ཆར་སྤྲིན་དང་ནི་འདྲ་བའི་འོད།། པདྨ་རཱ་གའི་རྣམ་པ་འདྲ།། འབར་བ་ཀུན་གྱིས་རྣམ་པར་བརྒྱན།། དུར་ཁྲོད་མེ་བཞིན་ཤིན་ཏུ་ཡང་།། གསལ་བའི་སྒྲ་ལྡན་སྟོབས་པོ་ཆེ།། རྣོ་བའི་རྡོ་རྗེ་ཆེར་འབར་བ། ཐོད་པའི་ཅོད་པན་སྟེང་དུ་འབར།། འཇིག་པ་ཆེན་པོའི་དུས་ཅན་གྱི།། རྒོད་མ་ཁ་ཡི་མེ་ལྟར་གནས།། སྨིན་འཁྱོག་རྣམ་པར་འཁྲུག་པ་ཅན།། གཡོན་བརྐྱང་བ་ཡི་ཞབས་ཀྱིས་བཞུགས།། ཁྲོ་བོ་ལ་སོགས་ཉམས་དང་ལྡན། ། རྣམ་པ་སྣ་ཚོགས་འཁྲུགས་པའི་གདོང་།། གར་དང་སྡུད་པར་ཡང་དག་ལྡན།། འཇིག་རྟེན་སྣང་བ་གར་མཛད་པ།། ཕྱག་ནི་བརྒྱ་ཕྲག་སྟོང་དང་ལྡན།། གཅིག་ཏུ་འགྱུར་ཞིང་རྣམ་པ་མང་། ། རྣམ་སྣང་ཞལ་ལྡན་དེ་དག་གི། སྔོ་སེར་ལ་སོགས་ཐ་དད་ལྡན།། ཞབས་ཀྱང་རྣམ་པ་དུམ་ལྡན།། སྣ་ཚོགས་མདོག་ལྡན་རྣམ་པར་འཁྲུག། དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ། ། ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ།། ཤིན་ཏུ་གདུག་ཅིང་དྲག་རྣམས་ལ།། སྒྱུ་འཕྲུལ་དྲ་བ་ཞེས་བྱར་གནས།། ཕྱག་དྲུག་ཞལ་དྲུག་སྣང་བ་ཅན།། ཞབས་དྲུག་པ་སྟེ་གསུས་པ་ཆེ།། ཆར་ཧྲཱིན་མདོག་འདྲ་ཆེར་གནག་པ། ། དུས་མཐའི་མ་དང་འདྲ་བར་གནས།། མདོག་ཆེན་རྒྱལ་པོ་འཁྱིལ་པ་འདྲ།། ཟར་མ་ཡི་ནི་མེ་ཏོག་མཚུངས།། ཁྲོ་བོ་ཐོད་པའི་འཕྲེང་བ་འཆང་།། གླ་ཤིན་རྗེ་མཐར་བྱེད་སྟོབས་པོ་ཆེ། ། དེ་ལ་སྔགས་ཀྱང་། ཨོཾ་ཨཱཿཧཱུཾ་ཕཊ། ཨོཾ་ཡ་མ་མཐ་ན་ཧཱུཾ་ཕཊ། ཨོཾ་ཧྲཱིཿཥྛཱཿབི་ཀྲི་ཏཱན་ན་ཧཱུཾ་སརྦ་ཤ་ཏྲུན་ན་ཤ་ཡ་སྟཱམྦྷ་ཡ་ཧཱུ~ཾ་ཕཊ། སྔགས་ཀྱི་རྒྱལ་པོ་བདག་ཉིད་འདི།། ཁྱབ་བདག་གདུལ་དཀའ་འདུལ་བ་པོ། ། གཤིན་རྗེ་མཐར་མཛད་ཁྲོ་བོ་ཆེ།། སངས་རྒྱས་ཀུན་གྱི་བདག་ཉིད་གཙོ།། སངས་རྒྱས་ཐམས་ཅད་སྤྱན་འདྲེན་ཅིང་།། དབང་དུ་ཡང་ནི་མཛད་པར་གནས།། རྟག་ཏུ་གདུལ་དཀའ་འདུལ་མཛད་ཅིང་། ། རྡོ་རྗེ་སྣང་མཛད་ལེགས་པར་འདུལ།། ཤིན་ཏུ་གདུག་པ་དྲག་རྣམས་ལ།། ཞི་བ་ཉེ་བར་མི་སྦྱར་ཏེ།། ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས།། དེ་བཞིན་གཤེགས་རྣམས་ཁྲོ་བོར་མཛད། ། ཐུགས་རྗེ་ཁྲོ་བོའི་ངང་ཚུལ་ཅན།། འཇིག་རྟེན་གསུམ་ཡང་ངེས་སྲེག་མཛད།། དེ་བས་འབད་པ་ཐམས་ཅད་ཀྱིས།། ཤེས་རབ་ཐབས་ཀྱི་བདག་ཉིད་སྐུ།། ཐུགས་རྫས་ཁྲོ་བོ་མ་ལུས་མཆོག། གདུག་པ་འདུལ་བ་མཛད་པ་བསྐྱེད།། གཤིན་རྗེ་མཐར་མཛད་ཀྱི་སྒྲུབ་པའི་ཐབས་སོ།། དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ།། ཁྲོ་བོ་གཟེགས་མ་ཞེས་སུ་གྲགས། ། དམར་པོ་འབར་བའི་ཁྲོ་བོ་ཆེ།། འཇིག་པ་ཆེན་པོའི་དུས་དང་འདྲ།། ཨུཏྤལ་སྔོན་པོའི་འདབ་མ་བཞིན།། དེ་ཡི་ཁ་དོག་རྣམ་པར་བསམ།། དྲག་པོ་ཆེན་པོ་ཞལ་བཞི་པ།། འབར་བའི་འཕྲེང་བ་འཁྲིག་པའི་འོད། ། སྤྱན་གསུམ་པ་ལ་ཁྲོ་གཉེར་བསྙེར།། ཕྱག་དྲུག་པ་ལ་མཆོག་ཏུ་འབར།། མེ་ཡི་ཁམས་དང་འདྲ་བའི་མདོག། ལི་ཁྲིའི་མདོག་ལྟར་ཤིན་ཏུ་འབར།། དེ་ཡི་ཁྲོ་གཉེར་བསྙེར་བ་ཡིས། ། གདུག་པ་འདུལ་མཛད་འབྱིན་པར་བྱེད།། ཁྲོ་བོའི་རྒྱལ་པོ་གཉིས་པ་ནི།། ཡང་དང་ཡང་དུ་བསམ་པར་བྱ།། མ་ལུས་ས་རྣམས་ཐམས་ཅད་དུ།། སོན་པའི་བདག་ཉིད་ཆེན་པོ་དེས་འགུགས་པ་དང་ནི་དབང་བྱེད་ན། ། སྐྱེ་བོ་གཞན་ལྟ་སྤྲོས་ཅི་དགོས།། སྔགས་ནི། ཨོཾ་ཀ་ཎི་དྷ་ནི་ཧཱུཾ་ཕཊ། ཁྲོ་བོ་འདི་ཡི་སྔགས་འཛིན་པ།། འཇིག་རྟེན་གསུམ་མཆོག་སྟོབས་པོ་ཆེ། ། ས་རྣམས་ཐམས་ཅད་སྲེག་བྱེད་ན།། སྐྱེ་བོ་གཞན་ལྔ་སྨོས་ཅི་དགོས།། ཁྲོ་བོ་གཟེགས་མ་སྒྲུབ་པའི་ཐབས་སོ།། དེ་ཉིད་བཅོམ་ལྡན་ནལ་འབྱོར་ཏེ།། རྡོརྗེ་སེམས་དཔའ་དེ་བཞིན་གཤེགས། ། པདྨ་གར་གྱི་དབང་ཕྱུག་གྱུར།། རྟ་མགྲིན་ཞེས་སུ་བཤད་པ་ཡིན།། རྟག་ཏུ་འཆར་ཀའི་མདོག་འདྲ་བ།། རྒྱ་སྐྱེགས་མདོག་ལྟར་དམར་བ་པོ།། ཆུ་དང་གཟི་བརྗིད་ཅན་རིག་པ། ། མེ་ཡི་དཀྱིལ་འཁོར་དག་དང་ལྡན།། འདོད་ལྡན་རྣམས་ལ་འདོད་པ་འབྱུང་།། གདུག་པ་ཅན་རྣམས་གདུགས་པ་འབྱུང་།། ཞི་བ་ལ་ཡང་ཞི་བ་འབྱུང་།། སྟོབས་ལྡན་རྣམས་ལ་སྟོབས་ཀྱིས་སྦྱོར། ། ཞལ་བཞི་པ་ལ་ཞབས་བཞི་པ།། བསམ་གཏན་བཞི་དང་མཉམ་པོར་ལྡན།། ཕྱག་བཞི་པ་ལ་བརྩོན་འགྲུས་ཆེ།། སེང་གེ་ལྟར་གནས་མཆེ་བ་བཞི།། རྟ་མགྲིན་རྒྱལ་པོ་ཆེན་པོ་ནི། ། ངོམ་པའི་དབང་ཕྱུག་བསྒྲུབ་པར་བྱ།། སྐད་ཅིག་ཉིད་ལ་བསླངས་ནས་ནི།། ཐམས་ཅད་སློང་བ་བསྒྲུབ་པར་བྱ།། སྔགས་ནི། ཨོཾ་ཨ་མྲི་ཏོདྦྷ་བོད་བྷ་བ་ཧཱུཾ་ཕཊ། ཨོཾ་ཨ་མི་ཏོང་བྷ་བ་ཧཱུཾ་ཕཊ། གཡས་དང་གཡོན་གྱི་སྦྱོར་བ་ཡིས།། གཡོན་བརྐྱང་བ་ནི་རབ་ཏུ་སྨྲ།། ཁྲོ་བའི་སྐྱིལ་མོ་ཀྲུང་བྱས་ནས།། འཇིག་རྟེན་ཐམས་ཅད་རབ་ཉིད་བྱ།། པདྨའི་དབང་ཕྱུག་རྒྱལ་ཛཀུན་མཆོགས་ཡི་དབང་ཕྱུག་སྟེ། ། རྟ་ཡི་མགྲིན་པ་སྟོབས་པོ་ཆེ།། སྟོབས་ཀྱི་སྦྱོར་བས་བསྒྲུབ་པར་བྱ།། དབང་ཕྱུག་ཆེན་པོ་ལ་སོགསཿ།། ཚོགས་ཀྱི་བདག་པོ་གཞན་དག་དང་། མི་དང་གདུགས་པའི་བསམ་པ་ཅན།། ས་རྣམས་ཐམས་ཅད་དགུག་པར་བྱ།། རྟ་མགྲིན་སྒྲུབ་པའི་ཐབས་སོ།། དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ།། གཅིག་པུ་ཉིད་ནི་ལྷག་པའི་ལྷ། ཤེས་རབ་ཐབས་ཀྱི་བདག་ཉིད་གྱུར།། ཁྲོ་བོ་མཆོག་ཏུ་མི་འགྱུར་བ།། ཀུན་སྦྱོར་བདག་གི་རྣལ་འབྱོར་གྱིས།། ཐུགས་རྗེས་ཁྲོ་བོའི་དབང་དུ་སོང་།། དེ་ནས་སངས་རྒྱས་ཐམས་ཅད་ཀྱི།། སྣ་ཡི་རྩ་མོར་ཡིད་ཀྱིས་ནི། ། གཡོ་བ་མེད་པར་བསམ་པར་བྱ།། སློབ་དཔོན་མི་གཡོ་ཁྲོ་བོ་ཆེ།། དེ་བཞིན་གཤེགས་པ་ཐམས་ཅད་བརྟན།། རལ་གྲི་ཞགས་པ་འཛིན་པ་གང་།། ཐོག་མ་ཐ་མ་མེད་པའི་མཆོག། པྲི་ཡང་ཀུ་ལྟར་ལྡང་བའི་གཟུགས།། འཁྲིགས་ཤིང་བྱིས་པ་ལྟ་བུར་གནས།། མ་ལུས་པ་ཡི་ས་རྣམས་ཀུན།། ཆོས་དབྱིངས་མཉམ་དང་མི་མཉམ་པ།། ཁྲོ་བོ་མངག་པ་བྲན་དང་ནི། པོ་ཉས་ཀྱང་ནི་རྣམ་པར་བརྒྱན།། སྐྱེ་བོ་ཀུན་གྱིས་ཡོངས་སུ་གང་།། སངས་རྒྱས་ཀུན་གྱི་སྤྱན་སྔ་ན།། བཀའ་ལུང་ཡང་ནི་ཡོངས་སུ་སྒྲོལ།། ཟད་པའི་དུས་དང་འདྲར་གནས་སོ།། སྔགས་ནི་རམཿས་མཎྜ་བཛྲ་ཎཱ་ཙཎྜ་མ་ཧཱ་རོ། དམ་མྲྀ་ཊ་ཡ་ཧཱུ~ཾ། ཏྲ་ཀ་རྦཱ་མ~ཾ། ཁྲོ་བའི་གཟི་བརྗིད་ཆེན་པོ་འོད།། གཟུགས་མང་མངའ་བ་སྟོབས་པོ་ཆེ།། འགྲོ་བ་ཐམས་ཅད་འགྲགས་པར་བྱེད།། དབང་དུཡ་ནི་མཛད་པར་གནས། ། རླུང་དང་མེ་ལས་ཡང་དག་བྱུང་།། འབར་བ་ལྟ་བུའི་གཟི་བརྗིད་ཅན།། སྔགས་དང་ཕྱག་རྒྱ་སོགས་ཀུན་མཆོག། ལུས་དང་ངག་ཡིད་དེ་བཞིན་ནོ། ། དགུག་དང་གཞུག་དང་བཅིང་བ་དང་།། དབང་དུ་བྱས་ནས་བསྒྲུབ་པར་བྱ།། དེ་ལ་སོགས་པ་མཐའ་ཡས་མཆོག། ནམ་མཁའི་ཁམས་ཀྱི་མཐའ་ཀླས་མཆོག། ཁྲོ་བོ་ཕྱག་རྒྱ་རང་འབྱུང་བ། དྲག་པོ་ཐོག་མ་ཐ་མ་མེད།། རྣམ་པར་འཕྲོ་བ་བཞིན་དུ་གནས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཁྲོ་བོའི་དཀྱིལ་འཁོར་འདི་ཡོངས་སུ་རྫོགས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སླར་ཡང་འདུས་ཏེ་གཤེགས་ནས། བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུངས་ཐམས་ཅད་ཀྱི་དབང་ཕྱུག་གི་རྒྱལ་པོ་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་གཟུངས་རྣམས་ཐམས་ཅད་ཀྱི་དཀྱིལ་འཁོར་བསྐྱེད་པར་མཛད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་གཟུངས་ཀྱི་དཀྱིལ་འཁོར་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ།། གཟུངས་རྣམས་ཀྱི་ནི་དཀྱིལ་འཁོར་དག། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་ཀྱིས་ནི་རྣམ་པར་མཛེས།། ཐིག་བཞི་དང་ནི་ཡང་ངག་ལྡན། ། དཀྱིལ་འཁོར་དམ་པ་རབ་ཏུ་བཤད།། དེ་ཡི་དབུས་སུ་པད་ཆེན་པོ།། ལོ་མ་ཀུན་གྱིས་ཤིན་ཏུ་མཛེས།། ཉི་ཤུ་རྩ་ལྔའི་འདབ་པ་ལྡན།། རྡོ་རྗེ་རིན་ཆེན་ལེགས་པར་བརྒྱན།། དེ་ཡི་དབུས་སུ་རྟག་བྲི་བ། ། དཔག་མེད་ཤེས་རབ་ཕ་རོལ་ཕྱིན།། དེ་ཡི་ཉེ་འཁོར་ཐམས་ཅད་དུ།། སྣ་ཚོགས་ལས་ནི་འབར་རྣམས་ལ།། ཉི་ཤུ་རྩ་ལྔའི་དབྱེ་བ་ཡིས།། ཤེས་རབ་ཕ་རོལ་ཕྱིན་མ་བྲི།། ཤར་གྱི་འདབ་མ་ནས་བརྩམས་ཏེ།། ཐོག་མཐའ་ཉིད་ཀྱང་བརྟག་པར་བྱ།། ཕྱག་རྒྱའི་ཡི་གེ་ཅི་རིགས་པར།། གོ་རིམས་བཞིན་དུ་རྣམ་པར་དགོད།། ཕྱོགས་ཆའི་དབྱེ་བ་ཐ་དད་ཀྱིས།། ཁ་དོག་དབྱེ་བ་ཐམས་ཅད་དུ། ། རྣམ་དབྱེ་མཆོག་ཏུ་སྣ་ཚོགས་པ།། ཆོས་དབྱིངས་མཉམ་དང་མི་མཉམ་པ།། དེ་ལས་འོད་ཟེར་བསམ་མི་ཁྱབ།། སྔོ་སེར་ལ་སོགས་དབྱེ་བ་ཡིས།། ཤེས་རབ་སྣང་བའི་དཀྱིལ་འཁོར་གྱིས། ། འགྲོ་བ་ཐམས་ཅད་གསལ་བར་བྱ།། འདུས་པར་གྱུར་ནས་དེ་དག་ཀུན།། ལྷ་ཉིད་ཀྱི་ནི་གཟུགས་ཇི་བཞིན།། ཤེས་རབ་ཆེན་པོ་གཟུགས་ཆེན་པོ།། འབར་བཅས་མཛེས་པའི་གཟི་བརྗིད་ཅན། ། དེ་ཡི་ལྟེ་བའི་དཀྱིལ་དུ་ནི།། སྔགས་ཀྱི་དཀྱིལ་འཁོར་ཀུན་ནས་བརྟེན།། སྐུ་ནི་གསེར་གྱི་མདོག་དང་འདྲ།། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན།། རང་གི་ཏིང་འཛིན་ལ་ཞུགས། ། དུ་མའི་གཟུགས་ཀྱི་གཟུགས་ལྡན་པ།། ཤེས་རབ་ཕ་རོལ་ཕྱིན་མ་ནི།། སེམས་ཅན་ཁམས་ནི་རྣམ་སྦྱོང་མཛད།། ཀུན་ནས་སེམས་ཅན་རྣམས་ཀྱི་ཡུམ།། སེམས་ཅན་ཀུན་གྱི་ཐམས་ཅད་དུ། ། ཐམས་ཅད་ལུས་ལ་མཉམ་པར་ཁྱབ།། སེམས་ཀྱི་རྒྱུན་བཞིན་ལེགས་པར་ཞུགས།། ཟག་པ་མེད་ཅིང་བོསམ་མི་ཁྱབ།། དྲི་མ་མེད་ཅིང་ངང་གིས་སྟོང་།། ནམ་མཁའ་དང་ནི་མཚུངས་འདྲ་བ། ། དངོས་དང་དངོས་མེད་རྣམ་པར་སྤངས།། ཐོག་མ་ཐ་མ་མེད་ཅིང་ཞི།། ཆོས་རྣམས་ཀུན་གྱི་དབང་ཕྱུག་སྐུ།། སྡིག་པ་ཀུན་ལས་རྣམ་པར་གྲོལ།། བདེན་པ་གཉིས་ལ་རྣམ་པར་གནས། ། དམ་པ་དང་ནི་དམ་པའི་དོན།། ཆོས་ཀྱི་སྐུ་རུ་དེ་བཤད་དོ།། དབང་པོ་ཀུན་ཀྱང་རྣམ་པར་ཤེས།། སེམས་ཅན་ཐམས་ཅད་ཐམས་ཅད་དུ།། ཡིད་ཀྱི་རྣམ་ཤེས་ཞེས་སུ་བཤད། ། ཤེས་རབ་བློ་དང་བློ་གྲོས་ལྡན།། ལྷག་མཐོང་དང་ནི་ཡེ་ཤེས་ཀུན།། ཀུན་ནས་ཉོན་མོངས་རྣམ་པར་བྱང།། རྟག་དང་ཆད་པའི་མཐའ་དང་ལྡན།། མཐའ་གཉིས་པོ་ནི་རྣམ་པར་སྤངས། ། ཀུན་རྫོབ་དང་ནི་དམ་པའི་དོན།། རྣམ་པ་གཉིས་སུ་དེ་རབ་བརྟགས།། ཇི་ལྟར་བུད་ཤིང་ལ་བརྟེན་ནས།། མེ་ཡི་ས་བོན་གནས་པ་དང་།། ཏིལ་ལ་ཏིལ་མར་ཇི་བཞིན་ནོ།། བུར་ཤིང་རོ་བཞིན་རབ་ཏུ་བརྟག། མེ་ཏོག་དྲི་ནི་ཇི་བཞིན་ནམ།། ཞོལ་མར་གསར་ཇི་བཞིན་དུ།། རྣལ་འབྱོར་པ་ཡིས་ཡེ་ཤེས་སྲུབ།། བདུད་རྩི་ལྟ་བུའི་སྙིང་པོ་འབྱུང་།། གཙུབ་ཤིང་དང་ནི་གཙུབ་སྟན་ལ། ། ཇི་བཞིན་གཙུབ་པས་མེ་འབྱུང་སྟེ།། དེ་བཞིན་ཡེ་ཤེས་རྣལ་འབྱོར་པས།། བསྲུབས་པས་ཡོངས་སུ་བརྟག་པར་བྱ།། ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ལ།། ཡང་ནས་ཡང་དུ་སྲུབ་པར་བྱེད། ། མུན་པ་ཐམས་ཅད་རྣམ་སེལ་བའི།། ཉི་མའི་འོད་ཟེར་ཇི་བཞིན་བདག། ནམ་མཁའི་དྲི་མ་མེད་བརྟེན་ནས།། ཉི་མ་ཟླ་བ་བཞིན་དུ་གནས།། འཆར་བ་ཡི་ནི་གསལ་བྱེད་པ།། འབར་བ་སྟོང་ཕྲག་གི་ནི་སྣོད། ། མུན་པ་ཀུན་འཇོམས་སྐར་མ་ལ།། ཀུན་ནས་ཀྱང་ནི་མཛེས་པ་ཡིན།། རྣལ་འབྱོར་པས་ནི་ཇི་ལྟར་སེམས།། མཁའ་བཞིན་ཤིན་ཏུ་དྲི་མ་མེད།། གཟུང་འཛིན་ལས། ནི་ངེས་པར་གྲོལ།། མཉམ་དང་མི་མཉམ་དངོས་པོ་ཀུན།། དེ་ནས་རྣལ་འབྱོར་པ་རྣམས་ཀྱིས།། ཡེ་ཤེས་ཉི་ཟླ་མཚུངས་པའི་འོད།། ཤེས་རབ་ཕ་རོལ་ཕྱིན་བསྒོམས་ཏེ།། གསང་སྔགས་འདིས་ནི་བསམ་པར་བྱ། ། རང་བཞིན་གྱི་ནི་དག་པའི་དངོས།། རང་བཞིན་མེད་པར་རྣམ་པར་གནས།། རང་བཞིན་གྱིས་ནི་འོད་གསལ་ཀུན།། གདོད་ནས་མ་སྐྱེས་རྙོག་པ་མེད།། ཡི་གེ་དེ་ཉིད་དེ་ལྟ། བུ། གནས་དང་མི་གནས་རྣམ་པར་སྤངས།། སྡེ་ཚན་བཞི་པའི་གཉིས་པ་ལ།། ཐིག་ལེ་སྒྲ་ཡི་རྣམ་པར་བརྒྱན།། དེ་ཉིད་བཅོམ་ལྡན་མགོན་པོ་སྟེ།། ཤེས་རབ་ཕ་རོལ་ཕྱིན་མར་བཤད།། ཨོཾ་པྲཉྫ་སྭཱ་ཧཱ། ཨོཾ་ཤྲུ་ཏཱི་སྨྲྀ་ཏི་བི་ཛ་ཡེ་སྭཱཧཱ། སངས་རྒྱས་རྣམས་ཀྱི་ཤེས་རབ་འདིས།། བསམ་པ་ཐམས་ཅད་རྫོགས་པར་བྱེད།། ཨོཾ་ཡཾ། འདི་ནི་སངས་རྒྱས་ཀུན་གྱི་ཡུམ།། འདི་ནི་འཁོར་ལོ་རྣམ་པར་སྦྱར། ། འདི་ནི་དངོས་གྲུབ་ཐམས་ཅད་དང་།། གྲུབ་པ་འདི་ནི་བྱེད་པར་གནས།། བསྟན་བཅོས་རབ་ཏུ་འཆད་བྱེད་དང་།། ཤེས་བྱ་ཐམས་ཅད་ཁྱད་པར་དུ།། ཐམས་ཅད་མཁྱེན་པའི་ཆོས་རྣམས་ཀུན། ། དབང་ཕྱུག་དམ་པས་ཤེས་པར་འགྱུར།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་པའི་ཐབས་སོ།། ། ཤེས་རབ་ཕ་རོལ་ཕྱིན་གཉིས་པ།། རྫུ་འཕྲུལ་ཆེན་པོ་མཁའ་དང་མཉམ། ། གསེར་གྱི་མདོག་ཅན་འབར་བ་ཅན།། ཟླ་བའི་གདན་ལ་ལེགས་པར་བཞུགས།། བརྩོན་འགྲུས་ཆེན་པོ་བསམ་གཏན་བྱ།། སྔགས་ཀྱི་ཡི་གེ་རྣམ་པར་བརྒྱན། ། མཆོག་ཏུ་རྣལ་འབྱོར་མ་རྣམས་ཀྱིས།། སངས་རྒྱས་སྤྱན་ཞེས་བཏགས་པ་ཡི།། དེ་ཡི་གསང་སྔགས་རབ་བཤད་བྱ།། ཉོན་ཅིག་ས་རྣམས་འདོད་པ་རྣམས།། སྔགས་ནི། ཨོཾ་རུ་རུ་། སཱུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། འདི་དེ་མཆོག་ཏུ་གསང་བ་ནི།། རྣལ་འབྱོར་མ་ལ་མཆོག་ཏུ་བཤད།། དབང་ཆེན་ཡི་གེའི་མཐར་ཐུག་པ།། བསྒོམས་པས་དགེ་བ་རབ་ཏུ་སྟེར།། ཆོས་ཀྱི་ཕྱག་རྒྱ་འདི་ཤིན་ཏུ།། སེམས་ཅན་ཐམས་ཅད་དབང་དུ་བྱེད།། དཔུང་དང་བཅས་པ་མྱུར་བཀུག་སྟེ།། བྲན་དུ་གྱུར་ནས་ཉེ་བར་གནས།། ཕྱག་རྒྱ་གཅིག་པའི་ལྷ་མོ་ཆེ།། རོལ་ཅིང་གཡོ་བའི་ཞལ་མངའ་བ། ། སྒེག་པ་ལ་སོགས་ཉམས་དང་ལྡན།། རོལ་ཅིང་སྣང་བའི་གར་མཛད་པ།། སངས་རྒྱས་སྤྱན་ནི་འགྲུབ་པར་འགྱུར།། མིག་གི་ཕྱག་རྒྱ་རབ་ཏུ་སྦྱར།། མིག་གི་ཕྱག་རྒྱ་འདི་ཤིན་ཏུ། ། འཇིག་རྟེན་གསུམ་ཡང་གར་བྱེད་དོ།། སངས་རྒྱས་སྤྱན་གྱི་ཕྱག་རྒྱའི་སྒྲུབ་པའི་ཐབས་སོ།། །། ཆུ་ཡི་དཀྱིལ་འཁོར་དགྱེས་པ་ན།། བཅུད་ཀྱིས་ལེན་དང་མཚུངས་པའི་མཆོག། མཐའ་ཡས་རྒྱས་ཤིང་ཡངས་པ་ཡི།། དྲི་མ་མེད་པའི་མཁའ་ལ་གནས།། དཀྱིལ་འཁོར་དེ་ཡི་དབུས་སུ་ནི།། ལྷ་མོ་མཆོག་ཏུ་མཛེས་པ་མོ།། འདམ་བུ་མངའ་རྒྱུའི་མདོག་ལྟར་དཀར། ། གྲུབ་མ་རལ་པའི་ཅོད་པན་འཆང་།། འགྲོ་བ་མཐའ་དག་སྣང་མཛད་མ།། རྟག་ཏུ་ནམ་མཁའ་བཞིན་དུ་གནས།། སྔགས་ནི། ཨོཾ་ཀ་ཊེ་བི་ཀ་ཊེ་ཀ་ཊྭཱ~ཾ་ཀཊྚེ་སྭཱཧཱ། གོས་དཀར་མོ་ཡི་ཕྱག་རྒྱ་ནི། ། དུང་དང་ཀུན་ད་ཟླ་བ་འདྲ།། སྔགས་ཀྱི་ཡི་གེ་འཕྲེང་བ་ཆེ།། པདྨའི་རྒྱལ་པོ་རབ་ཏུ་གནས།། འགྲོ་བ་མཐའ་དག་སྡང་མཛད་ན།། སྒྲུབ་པ་པོས་ནི་བསྒྲུབ་པར་བྱ།། དམ་པའི་ལྷ་མོ་འགྲུབ་པར་འགྱུར།། པདྨའི་དཀྱིལ་འཁོར་སྒྲུབ་པའི་ཐབས།། ཞི་བའི་རོ་དང་ཡང་དག་ལྡན།། ཞི་བའི་ཡི་གེ་མཉམ་པར་ལྡན། ཞི་བར་མཛད་ཅིང་འཇིག་རྟེན་གྱི།། ས་གསུམ་སྒྲུབ་པར་བྱེད་པའི་ཐབས། གོས་དཀར་མོའི་སྒྲུབ་པའི་ཐབས་སོ།། སྔོ་བསངས་དཀར་མོ་སྣ་ཚོགས་གཟུགས།། རྣམ་པ་སྣ་ཚོགས་རྒྱན་གྱིས་བརྒྱན།། ཟླ་བའི་དཀྱིལ་འཁོར་དབུས་གནས་པ།། སྒེག་པའི་ཉམས་ཀྱིས་ཡོངས་གང་བ། ། འགྲོ་བ་མཐའ་དག་སྐྱོབ་མཛད་མ།། ཐུགས་རྗེའི་ཐུགས་དང་ལྡན་པ་ཅན།། རབ་ཏུ་འབད་དེ་བསྒྲུབ་པར་བྱ།། རོལ་པ་ཡི་ནི་ཡི་གེ་མཆོད།། སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཆོས་ཀྱི་ཕྱག་རྒྱ་མཐའ་ཡས་མཆོག། སྒྲོལ་མས་ལེགས་པར་རབ་ཏུ་གནས།། གསང་ཆེན་བཞིན་དུ་ཐམས་ཅད་ལ།། བཅུད་ཀྱིས་ལེན་དང་འདྲ་བའི་མཆོག། ཀུན་ཏུ་ཀུན་ཚེ་ཐམས་ཅད་དུ། ། དངོས་གྲུབ་ཐམས་ཅད་སྩོལ་བར་མཛད།། སྒྲོལ་མའི་སྒྲུབ་པའི་ཐབས་སོ།། ། དཀྱིལ་འཁོར་ཆེན་པོའི་དབུས་སུ་ནི།། རྣལ་འབྱོར་དབང་ཕྱུག་ཆེན་མོ་མཆོག་ཕྱག་བཞི་སྤྱན་ནི་གསུམ་པ་དང་། ། རལ་པའི་ཅོད་པན་ངག་གིས་གནས།། འདམ་བུ་མདའ་རྒྱུའི་མདོག་ལྟར་དཀར།། དཔའ་བ་ལ་སོགས་ཉམས་ཀྱིས་བརྒྱན།། བརྩོན་འགྲུས་ཆེན་མོ་འཇིགས་སེལ་མ། ། ཟླ་བའི་དཀྱིལ་འཁོར་དབུས་གནས་པར།། རབ་ཏུ་འབར་བའི་མེ་བཞིན་དུ།། ཤིན་ཏུ་གསལ་བའི་གཟི་བརྗིད་ཅན།། ཧཱུཾ་གི་ཡི་གེ་ཟབ་མོའི་སྒྲ།། ས་གསུམ་པོ་ནི་འཁྲུག་པར་མཛད། ། ཁྲོ་གཉེར་ཅན་ཞེས་ལེགས་པར་གྲགས།། སྔགས་ཀྱི་འཕྲེང་བས་རྣམ་པར་བརྒྱན།། སྔགས་ནི། ཨོཾ་བྷ་ཡ་ནཱ་ས་ནི་ཏྲཱ་ས་ནི་ཏྲཱ་སེ། ཏྲ་ས་ཡ། བྷྲྀ་ཀུ་ཊི་ཏ་ཌཱི་ཏྭེ་ཏཱ་ཌི་བེ་ར་ཤྭ་ཏེ་ཤེཿ་ཛཛིཊི་ནི། ཨོཾ་ཊཀྐི་ཧཱུཾ་ཛཿསྭཱ་ཧཱ། གསང་སྔགས་འདི་ནི་བརྩོན་འགྲུས་ཆེ།། གསང་སྔགས་ཀུན་གྱི་བ་གཉིད་མཆོག། འགྲོ་བ་ཀུན་ཀྱང་འགུགས་བྱེད་ན།། གདུག་པའི་སེམས་ལྟ་སྨོས་ཅི་དགོས།། ཁྲོ་གཉེར་ཅན་གྱི་སྒྲུབ་པའི་ཐབས་སོ།། ཉི་མའི་དཀྱིལ་འཁོར་དབུས་གནས་པར།། ཟླ་བའི་དཀྱིལ་འཁོར་རྡོ་རྗེ་ལྡན།། རྡོ་རྗེའི་འཕྲེང་བས་ཡོངས་སུ་བསྐོར།། གཟི་བརྗིད་དཀྱིལ་འཁོར་ཀུན་ནས་དཀྲིས། ། དེར་གནས་རྟག་ཏུ་ལྷ་མོ་ནི།། སྟོབས་ཆེན་པྲི་ཡང་ཀུ་ལྟར་ལྡང་།། ཕྱག་བཞི་པར་དེ་བསམ་པར་བྱ།། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན།། རྣལ་འབྱོར་མ་རྣམས་ཆེར་ཞིག། དངོས་གྲུབ་ཐམས་ཅད་རབ་སྩོལ་བ།། སྔགས་ཀྱི་ཡི་གེ་འཕྲེང་བ་ཆེ།། རྡོ་རྗེའི་དབུས་སོང་རབ་ཏུ་གནས།། ཁྲོ་བོ་ཧཱུཾ་མཛད་གང་བའི་མཐའ།། དཔའ་བའི་ཉམས་ལ་སོགས་པར་ལྡན།། ལྷ་མོ་འཇིག་རྟེན་གསུམ་རྨོངས་བྱེད། ། དངོས་གྲུབ་ཆེན་པོ་རབ་སྩོལ་མ།། སྐད་ཅིག་ཙམ་གྱིས་འགྲོ་བ་ཀུན།། ངེས་པར་དབང་དུ་བྱེད་པར་འགྱུར།། རྡོ་རྗེའི་རླུང་གི་འཕྲེང་བ་ཆེ།། རྡོ་རྗེའི་འཁོར་ལོ་རབ་ཏུགནས། ། འཇིག་པ་ཆེན་པོའི་མེ་ལྟར་དྲག། སྣང་བ་ཆེན་མོ་སྟོབས་མོ་ཆེ།། པདྨ་རཱ་གའི་རྣམ་པ་འདྲ།། རྡོ་རྗེ་འབར་བས་རྣམ་པར་བརྒྱན།། མཚན་ནི་མཱ་མ་ཀཱི་ཞེས་བྱ།། ལྷ་མོ་འཇིག་རྟེན་གསུམ་གྱིས་མཆོད། ། སྔགས་ནི། ཨོཾ་ཀཱ་ལ་དྷཱ་ཏྲི་ཡ་ན་མ། ཤཾ་ཀ་རཱ། ཤཱནྟིཾ་ཀ་རེ། གྷུནྡ་གྷུནྣ་གྷུནྡ་ནི། གྷཱ་ཏ་ཡ་གྷུ་ཊི་ནི་སྭཱཧཱ། ཨོཾ་ཀུ་ལན་དྷཱ་རི། བན་དྷ་བན་དྷ་ཧཱུ~ཾ་ཕཊ། གསང་སྔགས་འདི་ནི་དོན་གྱི་མཆོག། སངས་རྒྱས་ཀུན་གྱིས་གསུངས་པ་ཡིན།། ས་གསུམ་པོ་ནི་འགུགས་བྱེད་ཅིང་།། ཚངས་པ་ལ་སོགས་ལྷ་རྣམས་ཀུན།། འགྲོ་བ་ཐམས་ཅད་འགུགས་བྱེད་ལ།། རང་གི་དབང་དུ་གནས་པའང་ཡིན། མཱ་མ་ཀཱིའི་སྒྲུབ་པའི་ཐབས་སོ།། རླུང་གི་དཀྱིལ་འཁོར་དྲག་པོ་ལ།། རྡོ་རྗེ་ལུ་གུ་རྒྱུད་ཀྱིས་བསྐོར།། དེ་ཡི་དབུས་སུ་སྣང་བ་ཆེ།། ཟླ་བའི་གཟུགས་ཀྱིས་རྣམ་པར་བརྒྱན།། དེས་སྤྲོས་པ་ལས་བདག་ཉིད་ནི།། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ།། ཕྱག་བཞི་མ་ལ་ལྷ་མོ་དེ།། རྡོ་རྗེ་ཡི་ནི་རྒྱུན་གྱིས་བརྒྱན།། དམར་པོ་འབར་བ་དེ་ཡིས་ནི།། ས་གསུམ་པོ་ནི་འཆིང་བར་མཛད།། ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། ། བཀུག་ནས་དབང་དུ་མཛད་པར་གནས།། དངོས་གྲུབ་ཐམས་ཅད་འཛིན་པ་དང་།། དེ་ཡི་ཐུགས་ཀར་རྡོ་རྗེ་ཆེ།། འབར་བའི་འཕྲེང་བ་འཁྲིགས་པའི་འོད།། འབར་བ་ལྕགས་སྒྲོག་གི། རྣམ་པ་རྡོ་རྗེའི་མཚན་མས་མཚན།། ངེས་པར་ཕྱུང་ནས་དེ་དག་ཀུན།། ཆོས་དབྱིངས་མཉམ་དང་མི་མཉམ་པའི།། འཇིག་རྟེན་ཁམས་ནི་མཐའ་དག་ཏུ། ། ཀུན་ནས་རྣམ་པར་བཀང་ནས་ཀྱང་།། བསྒོམ་བྱ་རྡོ་རྗེ་ཐམས་ཅད་དུ།། ཁྲོ་བོ་དང་ལྡན་སྤྲོ་བའི་ཞལ།། ལྟོ་བ་འཕྱང་ཞིང་སྐུ་ཆེ་བ།། མཆེ་བ་བཞི་ཡིས་རྣམ་པར་བརྒྱན།། འབར་བ་། ཡི་ནི་འཕྲེང་བ་གསལ།། གཟུགས་མཛེས་དྲག་པོའི་གཟུགས་དང་ལྡན།། སྔགས་ནི། ཨོཾ་བཛྲ་ཤྲི་ཁ་ལཱ་ཡ་དྷི་པ་ཏ་ཡེ། མ་ཧཱ་བ་ལཱ་ཡ། མ་ཧཱ་བི་ཏཱ་རཱ་ཛཱ་ཡ་ཏཱ་པྲ་ཛྭ་ལི་ཏཱ། ཧ་སྠུ་ཡ་ན་མོ་ནཱི་ལ་ཀརྞྞ་ཡ་ཀི་རཱ་ཏ་རཱུ་པ་ལམྦོ་ད་རཱ་ཡ། བྷྲྀ་ཀུ་ཊཱི་མུ་ཁཱ་ཡ། མཱ་ཛཱ་ར་མུ་ཁཱ་ཡ། མཱ་ཛཱ་ར་མུ་ཁཱ་ཡ། ཙ་ཏུ་དཾཥྚི་ཀཱ་རཱ་ལཱ་ཡཱ། ཨེ་ཏྱེ་ཧེ་ཨ་སྱ་ཤ་རཱ་རི། མ་ནུ་པྲ་བ་ཤྩ། ཤི་རྀ་གྲྀཧྞ་གྲཱི་བཱ་གྲྀཧྞཱ་ཧ་སྟཾ་པ་དཾ་གྲྀཧྣ་བི་ཥ། ཨཱ་བེ་ཤ་ཡཱ། ཀ་པ་ཡ། ཀཾ་པ་ཡ། བྷྲ་མ་ཡ་བྷཱུ་མ་ཡ། མཎྜ་ལ་མ་དྷྱ། བི་རྒུརྦ་བི་རྒུརྦ། ཙུརྟྟ་ཙཱུརྡྷ་ཀུཊྚ་ཀུནྡ། སྥོ་ཊ་ཡ་སྥོ་ཊ་ཡ། མཪྻཱརྟཱ། ནི་ཀྲིམྦྷཿ་ཧྲྀ་ད་ཡ། ཙྪིནྡ། བ་ལཱ་བ་ལ། ཀིཉྩ་རཱ་ཡ་སི། དེ་བ། ནཱ་ག། ཡཱཾཀྵ། རཱཀྵ་ས་པི་ཤཱ་ཙཱན་སཱ་དྷ་ཡ། ས་མ་ཡ་ཡ་མ་ནུ་སྨཱ་རཽ། ཛཱ་ཏི་མ་ནུ་སྨཻ་ར་ཧཱ་ཧཱ། ནི་དྷྲྀ་ནིདྡྷི། ནི་ཤི་ནི་ཤི། བཛྲ་ཤྲི་བ་ལ། ཨཱ་ཛྙཱ་པ་ཡ་ཏི་སྭཱཧཱ། ཨོཾ་བཛྲེ་རེ་ཎི་ཧཱུཾ་ཕཊ། ཨོཾ་བཛྲེ་ཎི་ཧཱུ~ཾ་ཕཊ། ཨོཾ་བཛྲ་ཀཱ་ལི་ཧཱུ~ཾ་ཕཊ་སྭཱ་ཧཱ། གསང་སྔགས་འོངའི་མྱོར་བ་ཡིས།། བཅུད་ཀྱིས་ལེན་ནི་བདེ་བ་དང་།། འགྲོ་བ་ཐམས་ཅད་འབས་པ་དང་། ། གདུག་པ་རྣམས་ནི་འཆིང་བ་དང་།། ཚངས་པ་ལ་སོགས་ལྷ་རྣམས་དང་།། ལྷ་དང་ལྷ་མིན་ལྟོ་འཕྱེ་ཆེ།། འཇིག་རྟེན་སྐྱོང་དང་ཀླུ་རྣམས་ཀྱང་།། རང་གི་གནས་ནས་བསྐྱོད་ནས་ནི། ། གྲུབ་པ་ཀུན་གྱི་དངོས་གྲུབ་ནི།། དངོས་གྲུབ་འགུགས་པར་འདོད་པ་ཡིས།། ཐམས་ཅད་གུས་པས་སྦྱིན་པར་བྱེད།། བུད་མེད་གཟུགས་ཀྱིས་བསྒྲུབ་པར་བྱ།། རྡོ་རྗེལ་གུ་རྒྱུད་མོའི་སྒྲུབ་པའི་ཐབས་སོ། ། ། ཟླ་བའི་དཀྱིལ་འཁོར་དབུས་གནས་པར།། པདྨ་དམར་པོ་རབ་ཏུ་གརས།། ཕྱག་བཞི་པ་ལ་དུ་མའི་གཟུགས།། དུང་དང་ཀུན་ཟླ་བ་འདྲ། ཐུགས་ཀྱི་རྡོ་རྗེའི་དེ་ཉིད་ཡིན།། རྡོ་རྗེའི་དཀྱིལ་འཁོར་དབུས་སུ་ནི།། ཞི་བ་ལ་སོགས་ཉམས་དང་ལྡན།། ཆོས་རྣམས་ཀུན་གྱི་བདག་སྐྱེས་མཆོག། རྣལ་འབྱོར་པས་ནི་རྟག་ཏུ་སྒོམ།། སངས་རྒྱས་བྱེ་བ་ཡང་དག་འབྱུང་། ། དར་བདག་ཡང་དག་སྒོ་བ་ནི།། སྐུལ་བྱེད་མ་ཞེས་ཡོངས་སུ་གྲགས།། སྔགས་ཀྱི་འཕྲེང་བའི་ཡི་གེ་ལྡན།། ཀུན་ནས་རྣམ་པར་འཕྲོ་བྱེད་པ།། ནམ་མཁའི་ཁམས་ནི་ཡོངས་གང་བྱ། ། ཇི་སྲིད་དེ་ཡི་སྤྱོད་ཡུལ་ཡང་།། དེ་སྲིད་དེ་ཡི་འོད་ཟེར་བསྒོམས།། རྣལ་འབྱོར་ཡེ་ཤེས་ཀྱིས་རབ་སྤྲུལ།། སྔགས་ནི། ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སྭཱ་ཧཱ། འདི་ཡི་སྔགས་ཀྱི་མཆོག་གཙོ་བོ། ། སངས་རྒྱས་ཀུན་གྱིས་མཆོད་པ་པོ།། མཚུངས་པ་མེད་པའི་དངོས་གྲུབ་སྟེར།། ལྔ་དང་ལྷ་མིན་བཅས་པས་མཆོད།། འདི་ཡིས་སྡིག་ཀུན་འཛད་བྱེད་ཅིང་།། ཕུར་སུམ་ཚོགས་ཀུན་རབ་སྩོལ་མཛད། ། པདྨའི་ཕྱག་རྒྱ་ཡང་དག་ལྡན།། སངས་རྒྱས་ཉིད་ཀྱང་སྟེར་བྱེད་པའོ།། སྐུལ་བྱེད་མའི་སྒྲུབ་པའི་ཐབས་སོ།། ། གསང་བ་མཆོག་གི་དགྱེས་པ་ན། ། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས།། སངས་རྒྱས་ཀུན་བདག་དགྱེས་པ་ནི།། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག། འདི་ནི་རང་བྱུང་བཅོམ་ལྡན་འདས།། གཅིག་པུ་ཉིད་ནི་ལྷག་པའི་ལྷ། ། སངས་རྒྱས་ཀུན་དང་མཉམ་སྦྱོར་བ།། མཁའ་གྲོ་མ་ཡི་དྲ་བའི་སྡོམ།། འདོད་ཆགས་མེད་ཅིང་ཆགས་བྲལ་མེད།། དབུ་མར་དམིགས་པར་མི་འགྱུར་རོ།། བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། ། འདི་ནི་གཉིས་མེད་ཐེག་པའི་མཆོག། སྒྱུ་མ་དག་ནི་ཐམས་ཅད་ལས།། བུད་མེད་སྒྱུ་མ་ཁྱད་པར་འཕགས།། ནུས་པ་ཡི་ནི་རང་བཞིན་གྱིས།། རང་བཞིན་ཉིད་ཀྱིས་དེ་གྲུབ་བོ་འཇིག་རྟེན་གསུམ་གྱི་བུད་མེད་འདིས། ། བསྐུར་བར་བྱ་བ་འོས་པ་ཡིས།། ངན་སྤྱོད་རྣམས་ཀྱིས་ཀྱང་འགྲུབ་སྟེ།། རྙེད་པ་ཀུན་དང་བདེ་དང་སྤྲོ།། ཐམས་ཅད་བུད་མེད་སྒྱུ་མས་འགྲུབ།། རང་གི་ངོ་བོ་ཡོངས་བསྒྱུར་བ།། སྣ་ཚོགས་སྒྱུ་མའི་ཕྱག་རྒྱ་འདིས།། ཤེས་རབ་ཕ་རོལ་ཕྱིན་མར་བཤད།། ཀུན་ལ་སྣ་ཚོགས་ཕྱག་རྒྱ་ནི།། ཀུན་ལ་སྣ་ཚོགས་སྡོམ་པ་ཡིས།། སངས་རྒྱས་ཀུན་དང་མཉམ་པར་སྦྱོར། ། སྟོང་པ་ཉིད་ཀྱི་དེ་ཉིད་བསྐུལ།། ཀུན་ལ་ཀུན་ནས་ཐམས་ཅད་དུ།། རྣམ་ཀུན་ཀུན་ཚེ་རང་ཉིད་ཀྱི།། སངས་རྒྱས་ཐམས་ཅད་བརྟན་དང་གཡོ།། ཐམས་ཅད་དངོས་པོ་རང་ཉིད་འགྱུར། ། སེམས་དང་སེམས་ཅན་ཏིང་འཛིན་དང་།། བྱང་ཆུབ་སྤྱོད་པ་སྣ་ཚོགས་ཉིད།། ས་དང་ཕ་རོལ་ཕྱིན་སྤྱོད་པ།། དབང་ཉིད་དུ་ཡང་དེ་བཤད་དོ།། བདུད་དང་བདུད་ལྷས་རྒྱལ་བ་ཉིད། ། སངས་རྒྱས་རྡོ་རྗེ་དེ་བཞིན་གཤེགས།། ཐོག་མཱ་ཐ་མ་མེད་ཞི་བ།། བྱང་ཆུབ་སངས་རྒྱས་བཅོམ་ལྡན་དེའོ།། རྡོ་རྗེ་རྡོ་རྗེ་འཛིན་པ་ཉིད།། པདྨ་དེ་བཞིན་པདྨ་འཛིན། ། ནོར་བུ་ནོར་བུ་འཛིན་པ་ཉིད།། སྣ་ཚོགས་དེ་བཞིན་སྣ་ཚོགས་འཛིན།། རལ་གྲི་རལ་གྲི་འཛིན་རྒྱལ་པོ།། འཁོར་ལོ་དེ་བཞིན་འཁོར་ལོ་འཛིན།། འཇིག་རྟེན་གསུམ་རྒྱལ་ཉིད་དང་ནི། འདི་རྣམས་ཀྱི་ཡང་རིགས་ཉིད་འགྱུར།། དེ་ཉིད་ཆགས་དང་ཆགས་བྲལ་བ།། འདོད་དང་ཐར་པ་རུ་ཡང་འགྱུར།། དུས་གསུམ་དང་ནི་སྲིད་གསུམ་མཆོག། འཇིག་རྟེན་གསུམ་དང་ཁམས་གསུམ་པ། ། བརྟན་པ་ཐམས་ཅད་དེ་ཉིད་དེ།། རྣམ་པ་སྣ་ཚོགས་ཉིད་དུ་འགྱུར།། གཡོ་བ་ཀུན་ནས་སྣ་ཚོགས་པ།། ཐམས་ཅད་དུ་ནི་དེ་འགྱུར་རོ།། དེ་ལ་སོགས་པ་མཆོག་གི་མཆོག་ཆོས་དབྱིངས་མཉམ་དང་མི་མཉམ་པ། ། ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ།། དངོས་པོ་ཀུན་ཏུ་དེ་འགྱུར་རོ།། དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ།། གཅིག་པུ་ཉིད་ནི་ལྷག་པའི་ལྷ།། ནམ་མཁ་ཀུན་གྱི་སྐབས་ན་དཔལ། ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། དཔལ་ལྡན་སྒྱུ་མ་ཆེན་པོ་འཆང་།། རྣམ་སྣང་རྟག་པ་ཐམས་ཅད་དུ།། རྣལ་འབྱོར་དབང་ཕྱུག་གཙོ་ཆེན་ཁྱབ།། སངས་རྒྱས་འཁོར་ལོ་ཅན་མི་བསྐྱོད། ། ཚེ་དང་རིན་ཆེན་འབྱུང་སྟོབས་ཆེ།། ཚེ་དཔག་མེད་པ་ཀུན་ནས་མཆོག། དོན་ཡོད་སྣ་ཚོགས་མཛད་པ་དང་།། རྡོ་རྗེ་སེམས་དཔའ་བལྟ་ན་སྡུག་དགུག་པ་མཆོག་གི་སྦྱོར་བ་དང་། ། ལོགས་པར་མཛད་པ་དེ་ཉིད་ཡིན།། རིན་ཆེན་སྒྲོལ་མ་དེ་བཞིན་ཏོག། རྡོ་རྗེ་བཞད་པ་སྣང་བ་ཆེ།། རྡོ་རྗེ་ཆོས་དང་རྣོ་བ་ཆེ།། སྒྱུ་དང་སྨྲ་མཆོག་བདུད་རྩི་དང་། ལས་དང་གོ་ཆ་གནོད་སྦྱིན་ཆེ།། ཁུ་ཚུར་དེ་བཞིན་གཤེགས་པ་ཀུན།། དེ་ཉིད་བཅོམ་ལྡན་རྣལ་འབྱོར་འདི།། རྡོ་རྗེ་སེམས་དཔའ་སྟོབས་པོ་ཆེ།། རྡོ་རྗེ་ཧཱུཾ་མཛད་ཧཱུ~ཾ་མཛད་དང་། རྟ་མགྲིན་ཞེས་ནི་རྣམ་པར་གྲགས།། ཧེ་རུ་ཀ་དཔལ་རྡོ་རྗེ་ཆེ།། མཆོག་གི་དབང་ཕྱུག་གཤིན་རྗེ་གཤེད།། ཁྲོ་བོ་གཟེགས་མ་སྣང་བ་ཆེ།། རྡོ་རྗེ་མ་ནི་འོད་ཆེན་པོ།། གཟུངས་རྣམས་ཀྱི་ནི་མཆོག་གཅིག་པུ། ། ཏིང་ངེ་འཛིན་ལས་དབང་སྒྱུར་མ།། ཤེས་རབ་ཕ་རོལ་ཕྱིན་མཆོག་གཙོ།། ས་དང་ཕ་རོལ་ཕྱིན་པ་སྟོབས།། ཚངས་པའི་གནས་པ་ཆེན་པོ་བཞི།། དབང་ནི་མཆོག་ཏུ་འབར་བ་དང་། ། དྲན་པ་ཉེ་བར་གཞག་པ་བཞི།། དབང་པོ་རྣམ་དང་སྟོབས་རྣམས་དང་།། རྗེས་དྲན་དྲུག་པོར་གྱུར་པ་གང་།། བསྒོམ་པར་བྱ་བར་རབ་ཏུ་གནས།། དེ་ཉིད་བཅོམ་ལྡན་གཅིག་པུ་ཉིད།། བྱང་ཆུབ་ཡན་ལག་བདུན་བཏགས་པ།། མཐའ་གཅིག་ཡོངས་སུ་རྫོགས་པར་འགྱུར།། སུམ་ཅུ་རྩ་གཉིས་མཆོག་གི་མཚན།། འཇིག་རྟེན་འདས་པའི་ལམ་པོ་ཆེ།། འཕགས་ལམ་ཡན་ལག་བརྒྱད་བཏགས་པ། ། སྟོབས་བཅུ་ཡི་ནི་བཅུ་པ་ཉིད།། སངས་རྒྱས་ཆོས་ཀྱི་བདག་ཉིད་གནས།། བྱང་ཆུབ་ཕྱོགས་ཀྱི་ཆོས་ཆེན་པོ།། རྣམ་པར་དབྱེ་བ་སུམ་ཅུ་བདུན།། མཐར་གྱིས་གནས་པའི་སྙོམས་འཇུག་ནི། ། དགུ་ལ་གནས་པར་གྱུར་པ་དང་།། བསྡུ་བའི་དངོས་པོ་ཆེན་པོ་བཞིས།། སེམས་ཅན་བསྡུ་བས་བསྡུས་པ་དང་།། སོ་སོ་ཡང་དག་རིག་པ་བཞི།། དེ་བཞིན་སྲུང་བ་མི་མངའ་བ། ། སྐལ་པ་ཆེན་པོའི་མི་འཇིགས་པ།། མཆོག་ཏུ་གྱུར་པ་ཉིད་དང་ནི།། བསམ་གཏན་གཟུགས་མེད་བཞི་ཕྲག་གཉིས།། ཚད་མེད་པ་ཡང་དེ་བཞིན་ནོ།། བྱང་ཆུབ་སེམས་ཀྱི་སྤྱོད་པ་དང་། ། བདེན་པ་བཞི་ནི་སྟོན་པ་པོ།། ཀུན་ནས་ཉོན་མོངས་རྣམ་པར་བྱང་།། ཟག་བཅས་ཟག་པ་མེད་པའི་མཆོག། དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ།། དབང་ཕྱུག་མཆོག་གི་དབང་ཕྱུག་དང་། ། སྐྱེ་དགུའི་བདག་པོ་སྐྱེ་དགུའི་མགོན།། མཆོག་གི་བདག་ཉིད་ཅེས་སུ་བརྗོད།། ཀུན་རྫོབ་བརྗོད་པ་ཐམས་ཅད་དང་།། སྒྲ་རྣམས་ཀྱི་ནི་སྤྱོད་ཡུལ་འགྱུར།། བརྗོད་དུ་མེད་ཅིང་སྤྲོས་པ་བྲལ། ། སྟོང་པ་མཁའ་མཉམ་མཚུངས་པ་མེད།། ཚིག་མཐའ་སྒྲ་ཡིས་རྣམ་དགོད་པ།། འཇིག་རྟེན་ཐ་སྙད་ཚུལ་དུ་རྟོགས།། དེ་ཚེ་ལུས་སོགས་དབྱེ་བ་ཡིས།། ས་རྣམས་ཀྱིས་ནི་ཡོངས་སུ་བརྟགས། ། སྐུ་ནི་སྤྲུལ་པ་ཉིད་དུ་འགྱུར།། ལོངས་སྤྱོད་རྫོགས་པ་ཡང་དག་བརྙེས།། རྡོ་རྗེའི་སྐུ་དང་དེ་བཞིན་དུ།། ཡེ་ཤེས་སྐུ་སོགས་ཡོངས་སུ་བརྟགས།། མཐའ་ཡས་སྐུ་དང་ཆུ་ཆེན་པོ། ། རིན་ཆེན་སུ་ནི་འོད་བྱེད་པ།། པདྨའི་སྐུ་ནི་སྣང་བ་ཆེ།། ཐམས་ཅད་སྤྱ་ནི་ལས་བཟང་བྱེད།། རྟོགས་པར་བྱ་བ་ལས་ཀྱི་སྐུ།། རྣམ་པ་གསུམ་དུའང་བར་བྱ། ། དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ།། བྱང་ཆུབ་སེམས་ནི་འོད་གསལ་བ།། ཀུན་ཏུ་འོད་ཀྱི་ས་ཆེན་པོ།། ཉི་མའི་དཀྱིལ་འཁོར་གཟི་བརྗིད་ལྡན།། གཉིས་པ་བདུད་རྩིའི་འོད་ཅེས་བྱ། ཟླ་བའི་འོད་ནི་འོད་གསལ་བ།། གསུམ་པ་ནམ་མཁའི་འོད་ཅེས་བྱ།། མཁའ་བཞིར་ལེགས་པར་རབ་ཏུ་གནས།། རྡོ་རྗེ་འོད་མཐའ་གང་ཞིགས།། བཞི་པ་དེ་ནི་ཡིད་འོང་བ། བསམ་པ་བརྟན་པའི་སྦྱོར་བ་ཡིས།། རྡོ་རྗེ་ཞེས་ནི་ཡོངས་སུ་བསྒྲགས།། ལྔ་པ་རིན་ཆེན་འོད་ཅེས་བྱ།། དབང་བསྐུར་བར་ནི་རབ་ཏུ་གནས།། དྲུག་པ་པདྨོ་འཆང་ཞེས་བྱ།། པད་བཞིན་རབ་ཏུ་རྣམ་པར་སྣང་། ། རང་བཞིན་གྱིས་ནི་ཆོས་ཉིད་དག། བདག་པོ་མེད་ཅིང་ཡོངས་བཟུང་མེད།། བདུན་པ་ལས་ཀྱི་འོད་ཅེས་བྱ།། སངས་རྒྱས་འཕྲིན་ལས་མཛད་པ་ཆེ།། བརྒྱད་པ་དཔེ་མེད་པ་ཞེས་བྱ། ། དཔེ་ནི་དེ་ལ་ཡོད་མ་ཡིན།། དགུ་པ་དཔེ་དང་བྲལ་ཞེས་བྱ།། དཔེ་རྣམས་ཐམས་ཅད་རབ་འཇུག་པ།། བཅུ་པ་ཤེས་རབ་འོད་ཅེས་བྱ།། སངས་རྒྱས་ས་ནི་བླ་མ་མེད།། བཅུ་གཅིག་ཀུན་མཁྱེན་ཉིད་ཅེས་བྱ།། ས་ཆེན་པོ་ནི་འོད་གསལ་བ།། བཅུ་གཉིས་སོ་སོར་བདག་རིག་པ།། རྣལ་འབྱོར་ཡེ་ཤེས་ཡོངས་རྫོགས་ཉིད།། ས་ཆེན་པོ་ནི་འདི་དག་རྣམས། སངས་རྒྱས་རྣམས་ཀྱིས་དོན་དམ་དུ།། སངས་རྒྱས་དང་ནི་སངས་རྒྱས་ཆོས།། རྣལ་འབྱོར་ཡེ་ཤེས་གང་བརྗོད་པ།། ཐམས་ཅད་ཉིད་ནི་མཐའ་ཡས་མཆོག། ཆོས་དབྱིངས་མཉམ་དང་། མི་མཉམ་པ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས། སྔགས་ཀྱི་དེ་ཁོ་ན་ཉིད་དོ།། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པ་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་པ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དེ་དག་གིས་གསོལ་བ་བཏབ་པའི་ཚིག་གི་དེ་མ་ཐག་ཉིད་དུ། དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་དུ་དམིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། ། མཉམ་པར་བཞག་པའི་དེ་མ་ཐག་ཏུ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ལ་རྗེས་སུ་བཅུག་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལུས་དང་། ངག་དང་། ཡིད་མཉམ་པ་ཉིད་དུ་བྱིན་གྱིས་བརླབས་ནས་རྣམ་པར་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་བདག་ཉིད་རྟོགས་ནས་ཏིང་ངེ་འཛིན་ལས་བཞེངས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཇམ་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་ཡོད་དོ་ཞེས་གསུངས་ནས་ཅང་མི་གསུང་བར་བཞུགས་པར་གྱུར་ཏོ། ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་བཏུད་དེ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསྟན་དུ་གསོལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་གང་དུ་ཞུགས་པས། སེམས་ཅན་ཐམས་ཅད་ཐབས་ཆུང་ངུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་བ་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ལེགས་སོ་ལེགས་སོ།། འཇམ་དཔལ་ཁྱོད་གང་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ལ་རྗེས་སུ་ཞུགས་པ་ནི་འཇམ་དཔལ་ཁྱོད་ལེགས་སོ་ལེགས་སོ། ། དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བཤད་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེས་བྱིན་ཀྱིས་ཆུ་པ་ཞེས་བྷཱ་བ་ཏིང་ང་འཛིན་ལ་སྙོམས་པསྒྲུགས་ནས། དམ་ཚིག་ནན་པོདྷརྣམ་མྦྷ་བྱ་ཚོལ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ནས་བྱ་བའི་དཀྱི་འཁོར་འདི་བཀའ་སྩམ་པ། དེནས་དཀྱིལ་འཁོར་ཆེན་པོ་མཆོག། ཡང་དག་རབ་ཏུ་བཤད་བྱ་བ།། དམ་ཚིག་ཆེན་པོ་རྡོ་རྗེ་མཆོག། སྙིང་པོ་ཆེན་པོའི་རྒྱན་ཅེས་བྱ།། གྲུ་བཞི་པ་ལ་སྒྲོ་བཞི་པ།། རྟ་བབས་བཞིས་ནི་མཛེས་པར་བྱས། ། ཐིག་བཞི་དང་ནི་མཉམ་པར་ལྡན།། འོད་ཟེར་འབར་བས་འཁྲིགས་པའི་འོད།། རྡོ་རྗེ་སྙིང་པོ་ཡོངས་བསྐོར་བ།། བྱང་ཆུབ་ཤིང་གིས་ཉེ་བར་མཛེས། དཀྱིལ་འཁོར་གྲཝ་རྣམས་དང་།། སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ།། རྡོ་རྗེ་རིར་ཆེན་རྣམས་ཀྱིས་སྦས།། རྡོ་རྗེ་པདྨ་ཐམས་ཅད་ལ།། ལས་ཀྱི་རྡོ་རྗེ་ཐམས་ཅད་དུ།། འབར་བའི་འཕྲེང་བ་འཁྲིགས་པའི་འོད། ། དྲིལ་བཅས་སྣ་ཚོགས་མཆོག་དང་ལྡན།། རྒྱལ་མཚར་བསྒྲེང་བ་རླུང་བསྐྱོད་པའི།། གོས་དང་མེ་ཏོག་ཆུན་པོས་སྤྲས།། ཟླ་བ་ཕྱེད་པས་ཉེ་བར་མཛེས།། རལ་གྲི་རྡོ་རྗེ་ཨུཏྤ་ལ།། ལྕགས་ཀྱུ་ལ་སོགས་སྣ་ཚོགས་བརྒྱན།། ཆུ་ཡིས་དཀྱིལ་འཁོར་ཡོངས་བསྐོར་བ།། ཁོར་ཡུག་བཞིན་དུ་རྣམ་པར་གནས།། དེ་ལའང་སྒོ་དང་སྒོ་ཁྲུང་སོགས་མཁས་པ་ཡིས་ནི་སྤོ་བར་བྱ། ། དེ་ཡི་ནང་དུ་བྲི་བར་བྱ།། འཁོར་ལོ་ཆེན་པོ་རབ་ཏུ་གནས།། ཆ་བརྒྱད་ཀྱིས་ནི་ཡོངས་སུ་བསྐོར།། དཀྱིལ་འཁོར་ལེགས་པར་རྣམ་པར་སྤྲས།། རྡོ་རྗེའི་ཐིག་གིས་ཡོངས་སུ་བསྐོར།། རྡོ་རྗེའི་འཁོར་ལོ་ཆེར་འབ་བ།། དེ་ཡི་དབུས་སུ་སྙིང་པོ་ཆེ། རྡོ་རྗེའི་སྙིང་པོ་ཞེས་སྲ་བཤཱ་།། དེ་ཡི་སྟེང་དུ་རྡོ་ཛཿ། རྡོ་རྗེ་པདྨ་རབ་ཏུ་གནས།། པདྨའི་སྟེང་དུ་རྡོ་རྗེ་ཆེ།། འཁོར་ལོའི་དཀྱིལ་འཁོར་དག་གིས་བརྒྱན།། དུང་དང་ཀུན་ད་ཟླ་བ་དཀར།། སངས་རྒྱས་ཀུན་གྱི་གདན་དུ་བཤད།། དེ་ཡི་སྟེད་དུ་ལེགས་བཞུགས་བྱ། ། ཁྱབ་བདག་རྣམ་པར་སྣང་མཛད་ཆེ།། ཟླ་བའི་མདོག་ལྡན་འཛུམ་བཅས་པ།། ཏིང་འཛིན་ལྡན་གནས་སྡིག་པ་བཅོམ།། རྡོ་རྗེའི་འབྲང་བས་རྣམ་པར་སྤྲས། སྣ་ཚོགས་འབར་བས་འཁྲིགས་པའི་འོད།། རིན་ཆེན་ཆེན་པོའི་འཕྲེང་བ་ཆེས།། སྨྲས་པ་རྣམ་པར་དགོད་པར་བྱ།། དེ་སྔགས་རྟག་ཏུ་ཤེས་བྱ་བ།། ཡི་གེ་ཡི་ནི་མཆོག་གཙོ་བོ།། ཤ་སའི་སྡེ་པ་གསལ་བྱེད་ནི། ། མཆོག་གི་དབང་ཕྱུག་རྒྱུ་གཅིག་པུ།། དྲུག་པའི་དབྱངས་ཀྱིས་ལེགས་གསལ་བ།། ཐིག་ལེ་ནཱ་དས་ལེགས་པར་བརྒྱན།། རྟེན་ཅིང་འབྲེལ་འབྱུང་འཁོར་ལོ་ཡི།། དོན་ཅན་རབ་ཏུ་བསྐྱང་བར་བྱ། ། དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཅན།། གཅིག་པུ་ཉིད་ནི་ལྷག་པའི་ལྷ།། ཆོས་ཀྱི་སྐུ་ནི་ཡེ་ཤེས་ཆེ།། རྡོ་རྗེ་རྣལ་འབྱོར་དབང་ཕྱུག་བཤད།། དེ་ནས་ཡང་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་། ཡེ་ཤེས་ཀྱི་འོད་ཟེར་དང་།། དེ་བཞིན་གཤེགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་གནོན་པ་དང་དེབཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ཉིད་དུ་རང་གིས་བདག་ཉིད་བྱིན་གྱིས་བརླབས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ནས་ཕྱོགས་བཞིར་འཁོད་དོ། ། དབང་ཆེན་དཀྱིལ་འཁོར་མི་བསྐྱོད་པ།། མེ་ཡི་དཀྱིལ་འཁོར་ཡེ་ཤེས་འོད།། ཆུ་ཡི་དཀྱིལ་འཁོར་འོད་དཔག་མེད། ། རྡོ་རྗེས་རྣམ་གནོན་རླུང་དཀྱིལ་འཁོར།། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་དམ་ཚིག་ལས་འབྱུང་བ་སེམས་དཔའ་བྱིན་གྱིས་རློབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྙིང་པོ་རྒྱན་གྱི་སྙིང་པོ་འདི་ཉིད་ཀྱི་ཐུགས་ཀ་ནས་ཕྱུང་བའོ། ། ཨོཾ་བཛྲ་སཏྭ། དེ་ནས་འདི་རྣམ་པར་ཕྱུང་བ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་རྡོ་རྗེའི་འོད་ཟེར་རྣམས་ཕྱུང་སྟེ། རྡོ་རྗེའི་འོད་ཟེར་དེ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ་གསལ་བར་གྱུར་ནས། དེ་ནས་རྡོ་རྗེའི་འོད་ཟེར་དེ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུས་འཇིག་རྟེན་གྱི་ཁམས་རྣམས་སུ་གཤེགས་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་མཛད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་མངོན་པར་རྫོགས་ནས། སླར་ཡང་གཅིག་ཏུ་འདུས་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྐུར་གྱུར་ནས། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་རྡོ་རྗེ་སྙིང་པོའི་ཐུགས་ཀར་གནས་ཏེ་ཆེད་དུ་བརྗོད་པ་འདིས་ཆེད་དུ་བརྗོད་པ། ཨེ་མའོ་རྡོ་རྗེ་སྙིང་པོ་བདག། སངས་རྒྱས་ཡེ་ཤེས་བླ་ན་མེད།། སྙིང་པོ་ཡེ་ཤེས་རྣམ་དག་པ། ། རྡོ་རྗེ་སེམས་དཔའ་ཉིད་གྱུར་ནས།། བྱང་ཆུབ་སེམས་དཔའ་བརྟན་བསྐྱེད་དེ།། སངས་རྒྱས་ཡེ་ཤེས་བླ་ན་མེད།། གང་ཞིག་བརྟན་ཕྱིར་ལུས་མིན་ཡང་།། སངས་རྒྱས་སྐུ་ཉིད་དུ་འགྱུར་རོ། ། དེ་ནས་རྡོ་རྗེའི་སྐུ་བྱང་ཆུབ་སེམས་དཔའ་ཆེན་པོ་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་འཐོན་ཏེ། བཅོམ་ལྡན་འདས་མི་བསྐྱོད་པའི་ཉེ་འཁོར་ཐམས་ཅད་རྣམ་པ་བཞིས་ཕྱེ་སྟེ་དཀར་པོ། ། སེར་པོ། དམར་པོ། ལྗང་ཁུའི་མདོག་ཏུ་མངོན་པར་སྤྲུལ་ནས་རང་གི་སྔགས་ཀྱི་ཡི་གེས་ཟླ་བའི་དཀྱིལ་འཁོར་ལ་བརྟེན་ཏེ་གནས་པར་གྱུར་ཏོ།། དགུག་པའི་ཏིང་ངེ་འཛིར་རི། ཨོཾ་བཛྲ་རཱ་ཛཿ། རྗེས་སུ་ཆགས་པའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་རཱ་ག། དེ་བཞིན་གཤེགས་པ་ཐམས་ཅད་ལ་ལེགས་པར་མཛད་པའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་ས་དྡྷ། དེ་བཞིན་དུ་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ལ་དབང་བསྐུར་བའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་རཏྣ། ཉི་མའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་ཏེ་ཛ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནམ་མཁའ་མཛད་ཀྱི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་ཀེ་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཞད་པ་ཆེན་པོའི་ཏིང་ངེ་འཛིན་ནི།། ཨོཾ་བཛྲ་ཧཱ་ས། དེ་བཞིན་དུ་འོད་དཔག་མེད་པའི་དཀྱིལ་འཁོར་ཡང་ཐུགས་རྗེའི་ང་ངེ་འཛིན་ནི། ཨོཾ་བཛྲ་དྷརྨཱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་རི།། ཨོཾ་བཛྲ་ཏྲཱཀྵི། དམ་པའི་ཆོས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་ཧ་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་དཔའ་སྨྲ་བའི་ཏཱིང་ངེ་འཛིན་ནི། ཨོཾ་བཛྲ་བྷཱ་ཥ། དེ་བཞིན་དུ་རྡོ་རྗེ་དོན་ཡོད་པའི་དཀྱིལ་འཁོར་ལ། ལས་སྣ་ཚོགས་པའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་ཀརྨ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་རཀྵ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོའི་ཏིང་ངེ་འཛིན་ནི།། ཨོཾ་བཛྲ་ཡཀྵ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་། ཐུགས་ཁུ་ཚུར་བཅིངས་པའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་སནྣི། དེ་རས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་དམ་རིག་རྡོ་རྗེ་དབྱིངས་ཀྱིས་བྱིན་གྱིས་བརླབས་པ་ཞེས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་ཐུགས་ཀ་ནས་འདི་ཕྱུང་ངོ་།། ཨོཾ་བཛྲ་དྷཱ་ཏུ་ཧཱུཾ། རང་གི་རིག་པ་མཆོག་ནི། ཨོཾ་བཛྲ་དྷཱུ་ཏཱི་ཤྭ་རི་ཧཱུཾ་བཛྲིཿ། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའི་དམ་ཚིག་ཡེ་ཤེས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་བྱིན་གྱིས་བརླབས་པ་ཞེས་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་ཐུག་ཀཱ་ནས་རང་གི་རིག་པ་མཆོག་འདི་ཕྱུང་བ། ཨོཾ་ཨ་ཀོ་བྷྱཿཾ། ཨོཾ་ཛྙཱ་ན་མུཥྚི་ཙིདྡྷ་བཛྲེ་བཛྲ་ཎི་ཧཱུཾ། དེ་ནས་ད་ཨེ་བཞིན་གཤེགས་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་པོ་ཆེའི་དམ་ཚིག་གི་ཡེ་ཤེས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་གྱིས་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཉིད་ཀྱི་ཐུགས་ཀ་ནས་རང་གི་རིག་པ་མཆོག་འདི་བ་ཀ་སྩལ་པ། ཨོཾ་རཏྣ་སཾ་བྷཱ་བ་ཏཱཾ། ཨོཾ་བཛྲ་ཛྙཱ་ན་གརྦྷ་ཏི་ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆོས་ཀྱི་དམ་ཚིག་གི་ཡེ་ཤེས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཉིད་ཀྱི་ཐུགས་ཀ་རས་རང་གི་རིག་པ་མཆོག་འདི་བཀའ་སྩལ་པ། ཨོཾ་ཨ་མི་ཏཱ་བྷྱ་ཧྲཱིཿོཾ་བཛྲ་དྷ་རི་ཎི་ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་རྣམ་པར་གནོན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལས་ཀྱི་དམ་ཚིག་གི་ཡེ་ཤེས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ། རང་གི་རིག་པ་མཆོག་འདི་བཀའ་སྩལ་པ། ཨོཾ་ཨ་མོ་གྷ་སིདྡྷི་ཨཾ། ཨོཾ་བཛྲ་མ་ཧཱ་བ་ལེ་ཧཱུཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་རྣམ་པར་གཟིགས་ཤིང་། དེ་བཞིན་གཤེག་པ་ཐམས་ཅད་མཉམ་པ་ཉིད་རྣམ་པར་སྤྲོས་པའི་སྙིང་པོ་འདི་བཀའ་སྩལ་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཏྭ་ཛྙཱ་ན་བཛྲ་ཧཱུཾ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་དག་བཤད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཐམས་ཅད་མཐོང་བར་གྱུར་ཏོ། ། དེ་ནས་ཕྱག་ནི་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་བདག་ཉིད་རྟོག་ན་རྡོ་རྗེ་མཉམ་པ་ཉིད་སྤྲོས་པའི་སྙིང་པོ་བཀའ་སྩལ་པ། ཨོཾ་བཛྲ་ས་མ་ཏཱ་ཛྙཱ་ན་བུདྡྷ་ཧཱུཾ། དེ་ནས་འདི་བཤད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རྣམས་ཕྱག་ན་རྡོ་རྗེར་མཐོང་བར་གྱུར་ཏོ། དེ་ནས་ཕྱག་ན་རྡོ་རྗེའི་ཐུགས་ཀ་ནས་ཆོས་ཐམས་ཅད་མཉམ་པ་ཉིད་སྤྲོས་པའི་སྙིང་པོ་འདི་ཕྱུང་ངོ་།། ཨོཾ་སརྦ་དྷརྨ་ས་མ་ཏཱ་ཛྙཱ་ན་བཛྲ་ཧཱུཾ། དེ་ནས་འདི་རྣམ་པར་ཕྱུང་བ་ཙམ་གྱིས་ཀྱང་སླར་ཡང་ཕྱག་ནི་རྡོ་རྗེའི་ཐུགས་ཀར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དཀྱིལ་འཁོར་ཐམས་ཅད་བྱིན་གྱིས་བརླབས་པ་མཛད་ནས། དཀྱིལ་འཁོར་ཐམས་ཅད་དུ་འཁོད་པ་མཐོང་ངོ་།། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་ཐུགས་ཀ་ནས་དེ་བཞིན་གཤེག་པ་ཐམས་ཅད་མཉམ་པ་ཉིད་སྤྲོས་པའི་སྙིང་པོ་འདི་ཕྱུང་ངོ་། ། ཨོཾ་སརྦ་སཏྭ་ས་མ་ཧཱ་པྲ་པཉྩ་བུདྡྷ་ཧཱུཾ། དེ་ནས་འདི་ཕྱུང་བ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཕྱག་ན་རྡོ་རྗེ་རྣམ་པར་བྱུང་སྟེ། སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་གནས་ནས་བཀའ་ནོད་ཅིང་འཁོད་དོ།། @#་ལྡན་དེ་བཞིན་གཤེགས་པ་ཀུན། ། བདག་གིས་ཇི་ལྟར་བསྒྲུབ་པར་བགྱི།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་ལ་བྱིན་གྱིས་རློབ་པར་བྱོས་ཤིག། དེ་དེ་བཞིན་ནོ་ཞེས་གསོལ་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་དཀྱིལ་འཁོར་ཐམས་ཅད་བྱིན་གྱིས་བརླབས་ཏེ་བརྟན་པར་གྱུར་ནས། རྡོ་རྗེ་སྒེག་མོ་ལ་སོགས་པའི་ལྷ་རྣམས་ཕྱུང་སྟེ། ལྷ་མོ་དེ་རྣམས་དཀྱིལ་འཁོར་ཐམས་ཅད་ཀྱི་གྲཝ་རྣམས་སུ་དེ་བཞིན་དུ་རྣམ་པར་གནས་སོ། ། སྒོ་རྣམས་སུ་སྒོ་སྐྱོང་མ་རྣམས་དང་། མཚམས་རྣམས་སུ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་བཤད་དོ།། དེ་དག་གི་སྔགས་སུ་གྱུར་པ་ནི། ཨཽ་བཛྲ་མེ་གྷེ་ཊཾ་ཊཾ། འཁོར་ལོའི་མཚམས་སུ་གཞག་པར་བྱའོ།། ཨོཾ་སྣེ་ཧ་བཛྲི་ཎི་ཧཾ། ཨོཾ་ཤ་རང་བཛྲ་ཨཾ་ཨཾ། ཨོཾ་བཛྲི་ཎི་ཀཱི་ལི་ཀཱི་ལི་ཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པ་ཆེན་པོའི་མཆོད་པ། ཕྱིའི་དཀྱིལ་འཁོར་གྲཝ་དང་མཚམས་རྣམས་དྲི་རྡོ་རྗེ་ལ་སོགས་པའི་ལྷ་མོ་རྣམས། དེ་བཞིན་གཤེགས་པའི་ཉེ་བར་གནས་པར་དགོད་པར་བྱའོ།། ཨོཾ་བཛྲ་གནྡྷེ་ཧཱུཾ། ཨོཾ་མ་དྷུ་བིཛིཿ། བྷྲཱུཾ་གྷྲཾ། ཨོཾ་མ་རོད་བྷ་བ་བཛྲི་ཎི་ཧཱུཾ། ཨོཾ་བཛྲ་ཤ~ཾ་ཤི་ར་ཧོ་ཧོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རོལ་པ་ཆེན་པོའི་ལྷ་མོའི་སྒོའི་མཚམས་རྣམས་སུ་གཟུགས་ལ་སོགས་པའི་ཨོཾ་བཛྲ་རཱུ་པ། ཨོཾ་བཛྲ་ག། ཨོཾ་བྱཱདྡྷཱ་རཱ་སྱཻ། ཨོཾ་བཛྲ་སཪྻཱ། ཉེས་པར་བྱེད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤིན་ཏུ་དགའ་བ་རྡོ་རྗེའི་སྙིང་པོ་ན། ཨོཾ་སམ་ཧོ། སུ་ར་ཏ་སྟྭཾ། དགའ་བདེ་ཆེན་པོའི་རྡོ་རྗེ་སྙིང་པོ་འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཀུན་ནས་མཉེས་པས། དཀྱིལ་འཁོར་ཐམས་ཅད་ལ་བརྟན་པར་གྱུར་ནས། དངོས་གྲུབ་ཐམས་ཅད་སྩོལ་བར་མཛོད། དགུག་དང་ལེགས་པར་རབ་གནས་དང་།། ཇི་བཞིན་གནས་སུ་སྦྱར་བ་ཉིད།། ཀུན་ནས་དགྱེས་མཛད་སངས་རྒྱས་ཀུན།། དངོས་གྲུབ་ཐམས་ཅད་རབ་སྦྱིན་དག། སྔགས་ཀྱི་ཚིག་རྣམས་ཀྱང་། ཨོཾ་ཨེ་ཧྱེ་ཧི་བྷཱ་གཱ་ཝཱཪྴ་བཛྲ་ཨཾ་ཀུ་ཤ་ཛཿ། ཨོཾ་པྲ་བེ་ཤ་ཡ་ཧཱུཾ། སརྦ་ཏ་ཐཱ་ག་ཏ། ཨོཾ་ས་མ་ཡ་བྷརྞྞ་ཏིཥྛ་པླ་ག་ཝན། ཨོཾ་ཏུཥྱ་ཧོ་བྷ་ག་ཝཱན་བཛྲ་ཨ་བི་ཤ་ཨཿའདི་དག་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་སྒོའི་འཕྲིན་ལས་སོ། ། དེ་ལྟ་བུའི་དཀྱིལ་འཁོར་འདྲི་བ་ལ་བྱམས་པ་དང་། འཇམ་དཔལ་དང་། ཀུན་ཏུ་བཟང་པོ་དང་། སྤྱན་རས་གཟིག་དབང་ཕྱུག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དགོད་པར་བྱའོ། ། སྔོན་དུ་བཤད་པའི་དཀྱིལ་འཁོར་གྱི་ཆོ་གས་སློབ་མ་བཅུག་སྟེ། དབང་བསྐུར་བ་ལ་སོགས་པ་བྱས་ནས། སློབ་པ་དང་བཅས་པས་ཐབས་ཅིག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཉེ་བར་མཁོ་བ་ཐམས་ཅད་ཀྱིས་མཆོད་པར་བྱའོ། ། དེ་ལ་དང་པོ་ཁོ་ནར་རེ་ཞིག་དཀྱིལ་འཁོར་ཐམས་ཅད་ཀྱི་སློབ་དཔོན་ནི་དམ་ཚིག་ཐམས་ཅད་ཤེས་པ། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དངོས་གྲུབ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། དབང་བསྐུར་བ་ཐམས་ཅད་ཐོབ་པ། རྡོ་རྗེ་རྣམ་འབྱོར་གྱི་དབང་ཕྱུག་ལྟ་བུ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་ལ་བསླབ་པར་བྱའོ།། དེ་ནས་འདིར་དམ་ཚིག་གི་ཕྱག་རྒྱ་བཅིངས་པར་འགྱུར་པ་རི། སྐྱིལ་ཀྲུང་བཅིངས་ནས་དྲི་ལ་སོགས་པ་རྣམས་ཀྱིས་ལག་པ་གཉིས་བྱུགས་ནས་ཕྱག་རྒྱ་བཅིངས་པ་རབ་ཏུ་བསྒྲུབ་པར་བྱའོ།། ལག་པ་གཉིས་རྡོ་རྗེ་བསྡམས་པ་བྱས་ཏེ། སོར་མོ་ཕན་ཚུན་བཅིངས་ནས་སྐྱིལ་ཀྲུང་གི་དབུས་སུ་རྡོ་རྗེ་བསྡམས་པར་བཞག་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའོ།། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་གར་གྱི་ཚོགས་ཀྱི། སྦྱོར་བས་སོ།། རྡོ་རྗེ་བསྡམས་པ་དེ་ཉིད་རྐེང་པའི་ཕྱོགས་སུ་བཟུང་བ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱའོ།། རྡོ་རྗེ་བསྣམས་པ་ལས་མཛུབ་མོ་ལྕགས་ཀྱུ་ལྷུར་བཟུང་བ་ནི་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱའོ།། དེཉིད་མངའ་འཕེན་པ་ལྟ་བུའི་སྦྱོར་བ་ནི་རྡོ་རྗེ་མདའི་ཕྱག་རྒྱའོ།། དེ་ཉིད་ལ་ལེགས་སོ་བ་སྦྱིན་པས་རྒྱབ་ཏུ་འཇོག་པ་ནི་རྡོ་རྗེ་ལེགས་པའིའོ།། བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱ་རྣམས་སོ།། རྡོ་རྗེ་བསྡམས་པ་དེ་ཉིད་དཔྲལ་བར་འཇོག་པ་ནི་རྡོ་རྗེ་ནིན་གྱི་ཕྱག་རྒྱའོ། ། རྡོ་རྗེ་བསྡམས་པ་ལ་འོད་ཀྱི་དཀྱིལ་འཁོར་གྱིས་སྦྱོར་བ་ནི་རྡོ་རྗེ་ཉི་མའི་འོད་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱའོ།། རྡོ་རྗེ་བསྡམས་པ་སྤྱི་བོར་སྦྱར་བ་ནི་ཏོག་གི་ཕྱག་རྒྱའོ། ། ཁའི་ཐད་དུ་བསྐོར་བ་ནི་རྡོ་རྗེ་བཞད་པའི་ཕྱག་རྒྱའོ།། རྡོ་རྗེ་བསྡམས་པ་དེ་ཉིད་ཁར་བྱས་པ་ནི་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱའོ།། དེ་ཉིད་སྙིང་ཁར་བྱས་པ་ནི་རྡོ་རྗེ་རལ་གྲིའི་ཕྱག་རྒྱའོ། ། དེ་ཉིད་འཁོར་ལོ་ལྟར་ཡོངས་སུ་བསྐོར་བ་ནི་རྡོ་རྗེ་རྒྱུའི་ཕྱག་རྒྱའོ།། དེ་ཉིད་སྙིང་ཁར་བསྒྲེང་བ་ནི་རྡོ་རྗེ་སྨྲ་བའི་ཕྱག་རྒྱའོ།། ཆོས་ཀྱི་ཕྱག་རྒྱ་རྣམས་སོ།། རྡོ་རྗེ་བསྡམས་པ་དེ་ཉིད་གར་ཉིད་དུ་སྟོན་པ་ནི་ལས་སྣ་ཚོགས་པའི་ཕྱག་རྒྱའོ། ། ལག་པ་གཉིས་སྤྱི་བོ་དང་། སྙིང་ཁ་དང་། མགྲིན་པར་འཇོག་པ་ནི་རྡོ་རྗེ་སྲུང་བའི་ཕྱག་རྒྱའོ།། རྡོ་རྗེ་བསྡམས་པ་ལས་འགྲམ་པ་གཉིས་སུ་འཇོག་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། ། རྡོ་རྗེ་བསྡམས་པ་དེ་ཉིད་སྙིང་ཁར་བཙིར་བ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའོ།། དེ་བཞིན་དུ་སྒེག་མོ་དང་བདུག་པ་མ་ལ་སོགས་པའི་སྦྱོར་བས་ལྷ་མོ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་ལ་རབ་ཏུ་སྦྱར་བར་བྱའོ། ། རོལ་ཅིང་རྣམས་འཁོར་དགོད་པ་དང་།། སྒེག་དང་སྙིང་རྗེའི་བདག་ཉིད་དང་།། དཔའ་དང་ཁྲོ་སོགས་ཆོས་བདག་ཉིད།། རང་ཉིད་ཞི་བའི་ཉིད་ཉམས། ། ཕྱག་རྒྱ་ཐམས་ཅད་རབ་སོགས་པ།། གལ་ཏེ་དངོས་གྲུབ་མཆོག་འདོད་ན།། རང་ཉིད་རྡོ་རྗེའི་གར་བྱེད་དམ།། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི།། ཕྱག་རྒྱ་བཅིང་བ་རབ་ཏུ་སྦྱར། ཐམས་ཅད་གྲུབ་པར་འདོད་སོགས་ཀྱིས།། སྐྱིལ་ཀྲུང་སངས་རྒྱས་ཐམས་ཅད་ཀྱི།། དེ་ཕྱིར་གཉིས་མེད་རྡོ་རྗེ་ཅན།། སངས་རྒྱས་རྣམས་ཀྱི་དྲང་པོའི་སྐུ།། སྒེག་པའི་སྦྱོར་བས་རྡོ་ཅན། སངས་རྒྱས་རྣམས་ཀྱིས་ཞི་བའི་སྤྱན།། བསྙེམས་བཅས་རྡོ་རྗེ་ནན་གྱིས་དགོངས།། སངས་རྒྱས་རྣམས་དང་རྡོ་རྗེ་ཅན།། ཏིང་འཛིན་དབྱེ་བ་ལས་ཤེས་བྱ།། འཁྲུགས་པའི་ལྷ་སྟངས་ཁྲོ་རྣམས་ཀྱིས།། བཙུན་མོ་རྣམས་ཀྱིས་རོལ་པ་ཉིད།། འཇིག་རྟེན་པ་ཡི་ལྷ་རྣམས་དང་།། སྡིག་སྤྱོད་རྣམས་ཀྱི་ལྷ་སྟངས་སྟེང་།། ཆོས་རྣམས་ཀུན་གྱི་རྗེས་འཇུག་པའི། ། ཤུགས་ཀྱི་ལྷ་སྟངས་ཕྱག་རྒྱའོ།། ཚོགས་དང་ཕོ་ཉ་ཕོ་ཉ་མོའི།། ལྟ་སྟངས་རྣམ་པ་སྣ་ཚོགས་ཉིད།། མཆུ་ཡི་ཕྱག་རྒྱ་ཡོངས་ལྡན་པ།། གཡོ་བ་མེད་ཅིང་མི་འགུལ་བ། ། སངས་རྒྱས་རྣམས་ཀྱི་ཕྱག་རྒྱ་མཆོག། སངས་རྒྱས་བྱང་ཆུབ་རབ་སྦྱིན་བྱེད།། མཚམས་སྦྱོར་ཅུང་ཟད་ཡང་དག་ལྡན།། རྣམ་འགྱུར་མེད་ཅིང་མཚུངས་མེང་གནས།། རོལ་པའི་ཡི་གེ་ཡང་དག་ལྡན།། མཆུ་ཡི་ཕྱག་རྒྱ་རྡོ་རྗེ་ཅན།། རྣམ་འགྱུར་ཅན་དང་འཁོར་བ་ཅན།། ཁྲོ་བས་སོ་ནི་ཡོངས་སུ་བསྡམ།། འདི་ནི་ཁྲོ་བའི་ཕྱག་རྒྱར་བཤད།། མཆུ་ཡི་ཕྱག་རྒྱ་གཟུགས་མཛེས་ཅན། ། འཇིག་རྟེན་པ་རྣམས་མཆུའི་ཕྱག་རྒྱ།། རྣམ་འགྱུར་འཇིག་ཅིང་གཟུགས་དང་བྲལ།། ཤིན་ཏུ་གནག་དཀའི་འདོད་ཆགས་དང་།། སྡང་དང་རྨོངས་ལས་ཐམས་ཅད་དུ།། རོལ་ཅིང་རྣམ་འཁོར་དང་ལྡན་པ།། གཡོ་བཅས་རབ་ཏུ་འཕྲོ་བ་ཡང་།། མཆུ་ཡི་ཕྱག་རྒྱར་ཤེས་པར་བྱ།། ལྷ་མོ་པོ་ཉིའི་ཚོགས་ཀྱི་ཡང་།། དེ་ལ་སོགས་པ་མཐའ་ཡས་མཆོག། ལྷ་སྟངས་མཆུ་ལ་སོགས་པའི་མིང་། ། ཕྱག་རྒྱ་ཐམས་ཅད་མདོར་བསྡུས་པ། སྐྱོབ་པ་རྣམས་ཀྱིས་ཀུན་ཤེས་བྱ།། ཇི་སྲིད་སྐུ་ཡི་དབྱེ་བ་དང་།། དབང་པོ་ལ་སོགས་རབ་དབྱེ་དང་།། དེ་དག་ཕྱག་རྒྱ་མཐ་ཡས་མཆོག། སངས་རྒྱས་ཀུན་གྱིས་བརྟགས་པ་ཉིད།། སྣ་ཚོགས་སྐུ་ནི་གཟི་བརྗིད་ཆེ།། ཚད་མེང་ཡོན་ཏན་འབྱུང་བའི་གནས།། སངས་རྒྱས་རྣམས་ཀྱི་ཕྱག་རྒྱ་མཆོག། སངས་རྒྱས་བྱང་ཆུབ་རབ་སྤྱིར་བྱེད། ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས། དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་གསང་བ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་ཡོངས་སུ་རྫོགས་སོ།། །། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས། སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་མངོན་པར་དབང་བསྐུར་བ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་བཀའ་སྩལ་པ། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག། ཡང་དག་རབ་ཏུ་བཤད་བྱ་བ།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞིས་ནི་མཛེས་པར་བྱས། སྣ་ཚོགས་ཁམས་ནི་བསམ་ཡས་མཆོག། དར་དང་མེ་ཏོག་རྒན་པོས་བརྒྱན། ། རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས།། སྣ་ཚོགས་པདྨོ་དེ་བཞིན་གཞན།། དཀྱིལ་འཁོར་དེ་ཡི་དབུས་སུ་ནི།། སངས་རྒྱས་སྐུ་གཟུགས་ཡིད་འོང་བ།། མགོན་པོ་སུམ་ཅུ་རྩ་གཉིས་མཚན། ། འབར་བ་མཆོག་གིས་བརྒྱན་པ་པོ།། དེ་སྔགས་རྟགས་སུ་ཤེས་བྱ་བ།། དང་པོའི་དབྱངས་དང་གཉིས་པའོ།། དེ་ཡི་ཉེ་འཁོར་ཐམས་ཅད་དུ།། འཁོར་ལོ་ཅན་བརྒྱད་བྲི་བར་བྱ། ། དཀྱིལ་འཁོར་དེ་ཡི་དབུས་སུ་ནི།། འཁོར་ལོ་ཀུན་ཏུ་འབར་བ་གཞག། འཁོར་ལོའི་ལྟེ་བའི་དབུས་སུ་ནི།། པདྨའི་རྒྱལ་པོ་རབ་ཏུ་གནས། སྒེག་སོགས་སངས་རྒྱས་ཐམས་ཅད་ནི། ། ཇི་ལྟར་སྔོན་བཞིན་བྲི་བར་བྱ།། ཉེ་བར་མཁོ་བའི་མཆོད་ཀུན་གྱིས།། དེ་བཞིན་གཤེགས་པ་མཆོད་པར་བྱ།། དགུག་སོགས་ཆོ་གའི་སྦྱོར་བ་ནི།། དཀྱིལ་འཁོར་སྔ་མ་ཇི་བཞིན་ནོ། ། དཀྱིལ་འཁོར་ཉེ་བར་སྤྱོད་པ་ཀུན།། ཆོ་ག་འདིར་ནི་འབྱུང་བར་འགྱུར།། དཀྱིལ་འཁོར་ཆེན་པོའི་རྟོག་པའོ།། །། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་ཡང་དག་རབ་ཏུ་བཤད་བྱ་བ། ། འཇིག་རྟེན་གསུམ་ལས་རྣམ་རྒྱལ་ཞེས།། བྱ་བ་རྡོ་རྗེ་ཧཱུཾ་མཛད་གྲགས།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞིས་ནི་མཛེས་པར་བྱས།། དེ་ཡི་ནང་དུ་འཁོར་ལོ་ནི། ། དཀྱིལ་འཁོར་བརྒྱད་པ་ལྟ་བུའོ།། དེ་ཡི་དབུས་སུ་ཁྲོ་བོ་ཆེ།། འཇིག་རྟེན་གསུམ་ལས་རྣམ་རྒྱལ་ཡང་།། ཁྲོ་གཉེར་ལྡན་ཞིང་སྨིན་མ་འཁྱོག། སྤྱན་གསལ་འབར་བ་ཆེན་པོ་པ། ། ཅུང་ཟད་མཆེ་བ་གཙིགས་པའི་ཞལ།། རྣམ་པར་དགོད་ཅིང་སླར་ཁྲོ་བ།། གཡོན་བརྐྱང་བ་ཡི་ཞབས་ཀྱིས་ནི།། དཀའ་བཟློག་དབང་ཕྱུག་ཆེན་པོ་གནོན།། སངས་རྒྱས་འཕྲེང་བ་སོགས་པས་སྤྲས། ། ཨིནྡྲ་ནི་ལ་མཚུངས་པའི་འོད།། ཕྱག་བཞི་པ་ལ་སྤྱན་གསུམ་པ།། ཞལ་བཞི་པ་ལ་ཐུབ་པར་དཀའ།། བེ་ཅོན་དང་ནི་ཞགས་པར་བརྗོད།། དང་པོ་ན་ནི་རྡོ་རྗེ་བཤད། ། གཉིས་པ་ཞུགས་པ་སྡིགས་མཛུ་བ་ཅན།། ཕྱག་གཉིས་ཁུ་ཚུར་དམ་པ་མཆོག། ཁུ་ཚུར་གཉིས་ནི་རབ་ཏུ་བརྟག། མཐེའུ་ཆུང་གཉིས་ནི་མཉམ་སྦྱོར་བ།། ལུ་གྲ་རྒྱང་། ཀྱིས་རྣམ་པར་སྤེལ།། སྙིང་ཁར་ཕྱག་རྒྱ་ལེགས་བཞག་ནས།། སྡིགས་མཛུབ་གཉིས་ཀྱིས་བསྡིགས་པར་མཛད།། འཇིག་རྟེན་གསུམ་རྒྱལ་ཞེས་བྱ་བའི།། ཕྱག་རྒྱ་མཆོག་ཏུ་ཐུབ་པ་དཀའ། ། སྔགས་ནི་མིང་གི་དེ་ཉིད་ལྡན།། འབར་བའི་འཕྲེང་བ་མཉམ་པར་འཁྲིགས།། དཀྱིལ་འཁོར་དེ་ཡི་གནས་རྣམས་སུ།། ཆ་རྣམས་ཀུན་ཏུ་ཐམས་ཅད་ནས།། ཕྱག་རྒྱ་ཐམས་ཅད་མཉམ་པར་བྲི། ། ཟླ་བའི་དཀྱིལ་འཁོར་མཉམ་གནས་པར།། རལ་གྲི་འཁོར་ལོ་གཞུ་དང་མདའ།། དེ་བཞིན་དུ་ནི་དགྲ་སྟ་ཉིད།། དེ་ལ་སོགས་པའི་མཐའ་ཡས་མཆོག། མདོར་བསྡུས་ནས་ནི་ཕྱག་རྒྱ་དགོད། ། དེ་ལྟར་ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་རྣམ་པར་བཀོད་ནས་ཉེ་བར་མཁོ་བའི་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་བྱའོ།། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་རོ། ། ། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག། ཡང་དག་རབ་ཏུ་བཤད་བྱ་བ།། སངས་རྒྱས་དཔའ་བོ་ཐམས་ཅད་ཀྱིས།། འགྲོ་བ་འདུལ་བ་ཞེས་སུ་བཤད།། གྲུ་བཞི་པ་ལ་སྒོ་བཞི་པ། ། དར་དང་མེ་ཏོག་ཆུན་པོས་བརྒྱན།། དེ་དབུས་ཀྱིལ་འཁོར་ཆེན་པོ་ནི།། ཆུ་ཞེས་བྱ་བའི་མིང་ཅར་ནོ།། དེ་ཡི་དབུས་སུ་པད་ཆེན་པོ།། འདབ་མ་བརྒྱད་པ་ཡིད་འོང་བ། དེ་ཡི་ལྟེ་བའི་དབུས་སུ་ནི།། འགྲོ་བ་འདུལ་བ་ཞེས་བྱ་བ།། ཟླ་བའི་འོད་ཅན་ཟླ་བའི་མདོག། རལ་པའི་ཅོད་པན་འཛིན་པ་ཅན།། ཕྱག་བཞི་པ་ལ་ཞལ་བཞི་པ་རྒྱུན་རྣམས་ཀུན་གྱིས་བརྒྱན་པ་པོ། ། སངས་རྒྱས་འཕྲེང་བ་སོགས་པས་སྤྲས།། སྐུ་རྣམས་ཐམས་ཅད་ཀུན་ནས་སྒོ།། མཐའ་ཡས་རབ་འབྱམ་རྒྱ་ཆེ་བའི།། ཆོས་དབྱིངས་མཉམ་དང་མཉམ་ལ། ། དེ་ཡི་སྔགས་སུ་ཡོངས་གྲགས་པ།། ཤཥ་འི་སྡེ་ཡི་མཐར་དགེ་བ།། ཀྵ་ཡིག་དོན་ལྡན་སྔོན་བྱུང་བ།། རྒྱུ་ཡི་དོན་དུ་རབ་སྒྲུབ་བྱེད།། བཞི་པའི་དབྱངས་ཀྱིས་སྤྱི་བོར་མནན།། མེ་ཡིས་ས་བོན་གསལ་བར་བྱེད།། ཐིག་ལེ་སྒྲ་ནི་མཆོག་ཏུ་སྦྱིན།། འཇིག་རྟེན་དབང་ཕྱུག་ཅེས་བྱའི་མཚན།། དེ་ཡི་ཕྱག་རྒྱ་ཡང་དག་བཤད།། པདྨོའི་ཐལ་མོ་རབ་ཏུ་བརྐྱང་།། བྲིས་པའི་ཕྱག་རྒྱར་ཡང་དག་བཤད། ། དབྱུག་གུ་རིལ་བ་སྤྱི་བླུགས་བྲི།། མདུན་དུ་བགྲང་འ་ཕྲེང་པདྨ་ཡི།། རྒྱལ་པོ་ཟླ་བའི་དཀྱིལ་འཁོར་གཞག། དེ་ལ་སོགས་པ་མཐའ་ཡས་མཆོག་ཕྱག་རྒྱ་མཆོག་ཏུ་འབར་དེ་དག། འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ།། ཇི་ལྟ་རིགས་པར་དགོད་པར་བྱ།། འགྲོ་བ་འདུལ་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་རྒྱལ་པོའོ།། ། ། དེ་ནས་དཀྱིལ་འཁོར་ཆེན་པོའི་མཆོག། གཞན་ནི་རབ་ཏུ་བཤད་པར་བྱ།། དཔའ་བོ་རིན་ཆེན་སྙིང་པོ་ཡི།། རྡོ་རྗེ་རིན་ཆེན་ཞེས་སུ་བཤད།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞིས་མཛེས་པར་བྱ། ། དེ་ཡི་དབུས་སུ་རིན་ཆེན་ནི།། ཡན་ལག་བརྒྱད་པ་མཆོག་ཏུ་འབར།། དེ་དབུས་རིན་ཆེན་པདྨ་ནི།། རིན་ཆེན་འཕྲེང་བས་རྣམ་པར་མཛེས།། དེང་བུས་པདྨ་རཱ་ག་འམ་རིན་ཆེན་རྡོ་རྗེ་ཆེར་འབར་བ། ། སངས་རྒྱས་ལྔ་ཡི་ཅོད་པན་ཅན།། རིན་ཆེར་འཕྲེང་བས་རྣམ་པར་མཛེས།། མདུན་གྱི་ཀུན་གྱི་དབང་བསྐུར་གཙོ།། རིན་ཆེན་དེ་ཡི་གཙོ་བོ་མཆོག། གཡས་སུ་པདྨ་རཱ་ག་སྟེ། ། རྒྱབ་ཏུ་ཨིནྡྲ་ནཱི་ལའོ།། ཡིད་བཞིན་ནོར་བུ་རིན་ཆེར་གཡོན།། ཕྱག་རྒྱ་རྣམ་པ་སྣ་ཚོགས་མཆོག། སྣ་ཚོགས་རིན་ཆེད་རྣམ་པར་བརྒྱན།། དཀྱིལ་འཁོར་ཀུན་གྱི་གྲཝ་ནི་གནས་རྣམས་སུ་ནི་གཞག་པར་བྱ། ། སངས་རྒྱས་དཔའ་བོ་ཐམས་ཅད་ཀྱི།། དེ་ཡི་སྔགས་སུ་ཡོངས་གྲགས་པ།། བཞི་པའི་སྡེ་ཡི་དང་པོ་གང་།། མེ་ཡི་ས་བོན་གྱིས་གསལ་བྱས། དབྱངས་ཀྱི་གཉིས་པས་ཀུན་ནས་མནན།། དབང་སྒྱུར་བ་ནི་སྟང་དུ་གནས།། དེ་ཡི་ཕྱག་རྒྱ་ཡང་དག་བཤད།། རིན་ཆེན་སྙིམ་པ་རྒྱབ་བསྐུམས་ཏེ།། རིན་ཆེན་རྣམ་པ་ལེགས་བྱུང་བ། ། དེ་ནི་རྡོ་རྗེ་རིན་ཆེན་རོ།། རྡོ་རྗེ་རིང་པོ་ཆེའི་དཀྱིལ་འཁོར་རོ།། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག། ཡང་དག་རབ་ཏུ་བཤད་བྱ་བ།། གྲུ་བཞི་པ་ལ་སྒོ་བཞི་པ་རྟ་བབས་བཞིས་ནི་མཛེས་པར་བྱས། ། ཐིག་བཞི་དང་ནི་ཡང་དག་ལྡན།། རྡོ་རྗེ་འཕྲེང་བས་རྣམ་པར་མཛེས།། དེ་ཡི་དབུས་སུ་ཞལ་བཞི་པ།། འཁོར་ལོ་བཞིན་དུ་ཡོངས་བསྐོར་བའོ།། དེ་ཡི་དབུས་སུ་པད་ཆེན་པོ།། ཁ་དོག་སྣ་ཚོགས་ཡོངས་འབར་བ།། དེ་ཡི་དབུས་སུ་བརྩོན་ཆེན་པོ།། རྡོ་རྗེ་སྣ་ཚོགས་ཡོངས་སུ་བྲི།། རྡོ་རྗེ་ཁུ་ཚུར་འཛིན་མཛེས་པ། རྒྱན་རྣམས་ཀུན་གྱིས་བརྒྱན་པའོ།། ཁ་དོག་སྣ་ཚོགས་གཟི་བརྗིད་ཆེ།། སངས་རྒྱས་འཕྲེང་བས་རྣམ་པར་མཛེས།། དེ་ཡི་སྔགས་ནི་ཡང་དག་བཤད།། བཅུ་གཉིས་པ་ཡི་དབྱངས་ཀྱི་མཐའ། ། མྱ་ངན་འདས་དོན་ལེགས་གསལ་བྱས།། སྒེག་སོགས་རིག་མ་ཐམས་ཅད་ཀྱིས།། དེ་བཞིན་རང་གི་ཕྱག་རྒྱ་ཡིས།། རྡོ་རྗེའི་ཐིག་ལེ་ཡོངས་སུ་ལྡན།། སྣ་ཚོགས་བཀྲ་བ་མཆོག་ཏུ་འབར། ། དེ་ཡི་དབང་བསྐུར་ཕྱག་རྒྱ་ཡིས།། མཆོད་པ་ཀུར་གྱིས་ཐམས་ཅད་ནས།། ཀུན་ནས་ཡོངས་སུ་བསྐོར་བ་ཡིས།། ལས་ཀྱི་དཀྱིལ་འཁོར་བྲི་བར་བྱ།། ལས་ཀྱི་དཀྱིལ་འཁོར་རོ། ། ། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག། ཡང་དག་རབ་ཏུ་བཤད་བྱ་བ།། ཤེས་རབ་ཡེ་ཤེས་ཀྱི་འཁོར་ལོ།། སྔགས་ཀྱི་ཡི་གེས་རྣམ་པར་བརྒྱན།། དེ་ཡི་དབུས་སུ་པང་ཆེན་པོ། ། འདབ་མ་བརྒྱད་པ་ཤིན་ཏུ་མཛེས།། དེ་ཡི་ལྟེ་བའི་དཀྱིལ་དུ་ནི།། གཞོན་ནུ་སྣ་ཚོགས་གཟུགས་ལྡན་པ།། སྐུ་མདོག་དམར་ཞིང་འཛུམ་བཅས་པ།། སྣ་ཚོགས་གཟུགས་ཅན་རལ་གྲི་ཅན། ། ཕྱག་བཞི་པ་ལ་ཞལ་བཞི་པ།། རལ་གྲིའི་འཕྲེང་བས་རྣམ་པར་བརྒྱན།། གསང་སྔགས་ཆེན་པོའི་ཡི་གེ་ལྔ།། དེ་ཡི་དྲུང་དུ་ལེགས་པར་གནས།། དབྱིངས་ཀྱི་བཅུ་གཉིས་གསང་སྔགས་ནི། ། ཐུགས་ཀཱ་རུ་ནི་ཡང་དག་གནས།། ཕྱི་རོལ་ཉིད་ནི་གྲུ་བཞི་མཛེས།། ཐིག་བཞི་དང་ནི་ཡང་དག་ལྡན།། རྟབབས་བཞི་དང་མཉམ་པར་སྦྱོར།། སྒོ་བཞི་ཡིས་ནི་ཤིན་ཏུ་མཛེས། ། ཤེས་རབ་ཕ་རོལ་ཕྱིན་པ་ཉིད།། དེ་ལ་དཀྱིལ་འཁོར་དབུས་སུ་ནི།། གལ་ཏེ་དངོས་གྲུབ་མཆོག་འདོད་ན།། འབད་པ་ཡིས་ནི་བྲི་བར་བྱ།། སྔོན་དུ་བཤད་པའི་ཆོ་ག་ཡིས།། མཆོད་སོགས་ཆོ་ག་རྒྱས་པ་ཉིད།། བཞུགས་པའི་ཆོ་ག་དེ་བཞིན་དུ།། ཇི་ལྟར་དཀྱིལ་འཁོར་འདིར་མཐོང་བཞིན།། ཤེས་རབ་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ།། ། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག། ཡང་དག་རབ་ཏུ་བཤད་བྱ་བ།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞིས་ནི་མཛེས་པར་བྱས།། ཐིག་བཞི་དང་ནི་ཡང་དག་ལྡན།། ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། དེ་ཡི་ནང་དུ་བྲི་བྱ་བ།། ཆོས་ཀྱི་འཁོར་ལོ་བླ་ན་མེད།། རྟེན་ཅིང་འབྲེལ་འབྱུང་འཕྲེང་བ་ནི།། འབད་པ་ཡིས་ནི་བྲི་བར་བྱ།། འཁོར་ལོའི་དབུས་སུ་བརྩོན་ཆེན་པོ།། རྡོ་རྗེའི་རྒྱུ་རི་སྟོབས་པོ་ཆེ། ཕྱག་བཞི་པ་ལ་ཞལ་བཞི་པ།། རྒྱན་རྣམས་ཀུན་གྱིས་བརྒྱན་པ་པོ།། ཁ་དོག་ནག་པོ་གཟི་བརྗིད་ཆེ།། ཆོས་ཀྱི་འཁོར་ལོ་རབ་བསྐོར་མཛད།། དེ་ཡི་སྔགས་གྱུར་མཛེས་པ་ནི།། རྒྱུ་ཡི་དོན་དུ་སོ་སོར་བསྐྱེད།། དབྱངས་དྲུག་དང་ནི་ཡང་དག་ལྡན།། ཐིག་ལེ་ཕྱི་མོས་རྣམ་པར་བརྒྱན།། རང་གི་ཡི་གེའི་འཕྲེང་བ་ཆེ།། འཁོར་ལོ་གཉིས་ཀྱི་རྣམ་པར་བརྒྱར།། དེ་ཡི་མཐུ་དུ་དྲུང་ཡིན་ལ། ། རྒྱབ་ཏུ་ཞགས་པར་བརྗོད་པར་བྱ།། རྡོ་རྗེའི་ཐལ་མོ་ཕྱག་རྒྱ་ཆེ།། འཁོར་ལོ་བཞིན་དུ་རབ་ཏུ་གནས།། མཆོད་པ་ཐམས་ཅད་རབ་ཏུ་བརྟག། སྟལྟར་དཀྱིལ་འཁོར་སྔ་མ་བཞིན།། དེ་ལྷའི་དཀྱིལ་འཁོར་བྲིས་ནས་ནི།། ཆོས་ཀྱི་དཀྱིལ་འཁོར་བླ་ན་མེད།། ཐོག་མར་ཆོས་ཀྱི་འཁོར་ལོ་བསྐོར།། དངོས་གྲུབ་ཐམས་ཅད་ཡང་དག་འབར། ། ཆོས་ཀྱི་འཁོར་ལོའི་དཀྱིལ་འཁོར་རོ།། །། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག། ཡང་དག་རབ་ཏུ་བཤད་བྱ་བ།། ཐོག་མའི་དཀྱིལ་འཁོར་སྦྱོར་བ་ཡིས།། དཀྱིལ་འཁོར་ཀུན་གྱི་ཐིག་གདབ་བོ། ། དེ་ཡི་དཀྱིལ་དུ་སྣང་བ་ཆེ།། མཁའ་བཞིན་ཤིན་ཏུ་འོད་གསལ་བ།། སེམས་དཔའ་ཆེན་པོ་ནམ་མཁའི་མཛོད།། དམ་པའི་རྒྱལ་པོ་རབ་ཏུ་བཞུགས།། ཟླ་བའི་མདོག་ཅན་གཟི་བརྗིད་ཆེ།། སྣ་ཚོགས་མཚོན་ཆ་འཛིན་པའི་མཆོག། གཞོན་ནུས་རབ་ཏུ་བརྗིད་པའི་ཞལ།། ནམ་མཁའི་མཛོད་ཅེས་རབ་ཏུ་གྲགས།། སངས་རྒྱས་འཕྲེང་བ་སོགས་པས་སྤྲས། ། རྡོ་རྗེ་དཀྱིལ་འཁོར་བརྒྱན་པར་མཛད།། འདི་ཡི་གསང་སྔགས་གཟི་བརྗིད་ཆེ།། དབྱངས་དགུ་པ་ལ་ཐིག་ལེ་དང་།། ནཱ་ད་ཡིས་ནི་རྣམ་པར་བརྒྱན།། སྡེ་ཚན་དང་པོའི་གསུམ་པ་ལ། ཐིག་ལེ་ནཱ་དས་རྣམ་པར་བརྒྱན།། དེ་ཡང་གཙོ་བོའི་གསང་སྔགས་འགྱུར།། ནམ་མཁའི་མཛོད་ནི་རབ་བགོར་མཛད།། དེ་ལྟའི་དཀྱིལ་འཁོར་བྲིས་ནས་ནི།། སྔགས་ཀྱི་འཕྲེང་བ་མཆོག་ལྡན་པ། ། མ་ལུས་པ་ཡིས་རྣམས་ཀུན།། ཐམས་ཅད་ནས་ནི་ནམ་མཁའི་མཚུངས།། ཏོག་ནི་ཕྱག་རྒྱ་གྱུར་པ་དེའི།། དེ་བཞིན་དུ་ནི་ངེས་པར་བཅིང་།། དེ་ལྷའི་དཀྱིལ་འཁོར་བྲིས་ནས་ནི། ། ནམ་མཁའ་ཡི་ནི་མཛོད་དེ་ལ།། གལ་ཏེ་བདག་ནི་གྲུབ་འདོད་ན།། མཆོད་པ་ཀུན་གྱིས་རྣམ་པར་མཆོད།། ནམ་མཁའི་མཛོད་ཀྱི་དཀྱིལ་འཁོར་རོ།། ། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག། ཡང་དག་རབ་ཏུ་བཤད་བྱ་བ།། དཀྱིལ་འཁོར་སྔ་མའི་སྦྱོར་བ་ཡིས།། དཀྱིལ་འཁོར་ཐམས་ཅད་ཐིག་གདབ་བོ།། དཀྱིལ་འཁོར་དེ་ཡི་དབུས་སུ་ནི།། ཁྲོ་བོའི་དཀྱིལ་འཁོར་གྲུ་བཞི་པ། ། དེར་ཡང་རྡོ་རྗེ་མ་ཡི་མཆོག། དཀྱིལ་འཁོར་གྱི་ནི་མཆོག་ཏུ་འདོད།། དེ་ཡི་དབུས་སུ་གཟི་བརྗིད་ཆེ།། རྡོ་རྗེ་གནོད་སྦྱིན་བླ་ན་མེད།། ཕྱག་བཞི་པ་ལ་ཞལ་བཞིག་པདྨའི་རྒྱལ་པོ་ལ་རབ་གནས། ། རྒྱན་རྣམས་ཀུན་གྱིས་བརྒྱན་པའི་ལུས།། བདུད་རྣམས་ཐམས་རླབ་འཇོམས་མཛད།། དེ་སྔགས་ཡི་གེར་གྱུར་པ་ནི།། ཤ་ཥའི་སྡེ་ཚན་མཐར་དགེ་བ། རྒྱུ་ཡི་དོན་དུ་ལེགས་གསལ་བྱ།། ཟོ་བོའི་དཀྱིལ་འཁོར་ཆེན་པོ་བསྐོར།། སྔགས་ཀྱི་ཡི་གེ་འཕྲེང་བ་ཆེ།། འབད་པ་ཡིས་ནི་བྲི་བར་བྱ།། དེ་ལྷའི་དཀྱིལ་འཁོར་བྲིས་ནས་ནི།། རྡོ་རྗེ་གནོད་སྦྱིན་དེ་ཡིས་ནི། ། གལ་ཏེ་གྲུབ་པ་མཆོག་འདོད་ན།། སྒྱུ་མ་ཐམས་ཅད་གཞོམ་པར་བྱ།། རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་ཆེན་པོའོ།། ། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་ཡང་དག་རབ་ཏུ་བཤད་བྱ་བ། ། གྲུ་བཞི་པ་ལ་སྒོ་བཞི་པ། ཎ་བབས་བཞིས་ནི་མཛེས་པར་བྱས།། དེ་ཡི་དབུས་སུ་འཁོར་མོ་ཆེ།། ལྕགས་ཀྱུ་མིས་ནི་རྣམ་པར་མཛེས། དབུས་སུ་བཅོམ་ལྡན་རྡོ་རྗེ་རྒྱལ།། ལྕགས་ཀྱུ་ལ་ནི་རབ་ཏུ་བཞུགས།། ཕྱག་བཞི་པ་ལ་སྦྲུལ་བཞི་པ།། རྒྱན་རྣམས་ཐམས་ཅད་རབ་ཏུ་འབར།། རྡོ་རྗེ་ལྕགས་ཀྱུ་ཁུ་ཚུར་ཆེ།། འབར་འཕྲོ་བས་རྣམ་པར་བརྒྱན། ། འགྲོ་བ་ཐམས་ཅད་འགུགས་པར་མཛད།། སྔགས་ཀྱི་ཡི་གེས་ལེགས་པར་སྦྱར།། ཤ་ཥའི་ལྔ་ཡི་དྲུང་གནས་པ།། བྱིང་བའི་རྒྱུ་རུ་ལེགས་པར་གནས། དབྱངས་དྲུག་པ་ཡིས་ལེགས་པར་བྱ།། ཟླ་བྱེད་ཐིག་ལེས་ལེགས་པར་བརྒྱན།། ལྕགས་ཀྱུའི་ཕྱག་རྒྱ་ལེགས་པར་སྦྱར།། འགུགས་པར་བྱེད་ལ་དོན་ཡོད་པའོ།། དེ་ལྟར་དཀྱིལ་འཁོར་བྲིས་ནས་ནི། ། རྡོ་རྗེ་ལྕགས་ཀྱུ་མཆོག་ཏུ་དགེ། དགུག་པ་ལ་སོགས་ཐམས་ཅད་ལ།། འགྲོ་བ་འདུལ་བ་ཡོངས་སུ་བསྡུ།། དོན་མོང་རྒྱལ་པོའི་དཀྱིལ་འཁོར་རོ།། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག། ཡང་དག་རབ་ཏུ་བཤད་བྱ་བ།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞིས་ནི་མཛེས་པར་བྱས།། ཐིག་བཞི་དང་ནི་ཡང་དག་ལྡན།། དངོས་གྲུབ་དཀྱིལ་འཁོར་བྲི་བར་བྱ། ། དཀྱིལ་འཁོར་དེ་ཡི་དབུས་སུ་ནི།། དཀྱིལ་འཁོར་ལྕགས་ཀྱུའི་རྣམ་པ་ཅན།། དེ་ཡི་དབུས་སུ་གྲུ་གསུམ་གྲགས།། ལྕགས་ཀྱུ་མཆོག་ཏུ་དགེ་བའོ།། དེ་ཡི་དབུས་སུ་སེམས་དཔའ་རྡོ་རྗེ་རྒྱལ་པོ་སྟོབས་པོ་ཆེ། ། ཕྱག་བཞི་པ་ལ་ཞལ་བཞི་པ།། རྒྱན་རྣམས་ཀུན་གྱིས་བརྒྱན་པ་པོ།། གཟི་བརྗིད་ཆེན་པོ་དཀར་དང་དམར།། ནགས་པ་ལྕགས་ཀྱུ་འཛིན་དགེ་བ། ཡི་གསང་སྔགས་ཡང་དག་བཤད།། དོན་ཡོད་འབྲས་བུ་སྩོལ་བ་པོ།། སྡེ་ཚན་གཉིས་པའི་གསུམ་པ་ནི།། ཉིས་འགྱུར་ཉིད་དུ་རྣམ་པར་གནས།། དེ་ཡི་ཐིག་ལེ་མྱ་ངན་འདས།། སྔགས་ཀྱི་འཕྲེང་བ་གཞན་གྱིས་བསྐོར། ། སྒེག་མོ་ལ་སོགས་མཆོད་པ་ཆེ།། འབད་པ་ཡིས་ནི་བྲི་བར་བྱ།། སྒོ་སྐྱོང་བ་དང་མཆོད་པ་ཡང་།། སྦྱོར་བ་ཇི་བཞིན་རྣམ་པར་དགོད།། དེ་ལྷའི་དཀྱིལ་འཁོར་བྲིས་ནས་ནི། ། མཆོད་པ་ཐམས་ཅད་ཡོངས་སུ་སྒྲུབ།། རྡོ་རྗེ་རྒྱལ་པོའི་དཀྱིལ་འཁོར་རོ།། ། དེ་ནས་ཀྱིལ་འཁོར་ཆེན་པོ་མཆོག། ཡང་དག་རབ་ཏུ་བཤད་བྱ་བ། སངས་རྒྱས་དཔའ་བོ་ཐམས་ཅད་ཀྱིས།། རྡོ་རྗེ་ཆགས་པ་ཞེས་སུ་བཤད།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞིས་ནི་མཛེས་པར་བྱས།། ཐིག་བཞི་དང་ནི་ཡང་དག་ལྡན།། ཆགས་པའི་དཀྱིལ་འཁོར་བྲི་བར་བྱ། ། ཐམས་ཅད་དམར་པོས་རབ་དྲེགས་པ།། དབང་དུ་བྱེད་པའི་དམ་པ་ཡིན།། དེ་ཡི་དབུས་སུ་པད་ཆེན་པོ།། འདབ་མ་བརྒྱད་པ་གེ་སར་བཅས།། དེ་ཡི་ལྟེ་བའི་དབུས་སུ་ནི། ། རྡོ་རྗེ་ཆགས་པ་བྲི་བར་བྱ།། པདྨ་རཱ་ག་མཚུངས་པའི་འོད།། ཕྱག་བཞི་པ་ལ་ཞལ་བཞི་པ།། སྤྱན་གསུམ་འོད་ཀྱི་འཕྲེང་བ་ཅན།། དེ་ཡི་ཕྱག་རྒྱ་མཆོག་ཏུ་ནི།། མཛེས་པ་ཡི་ནི་མདའ་གཞུར་འགྱུར། ། རྒྱན་རྣམས་ཀུན་གྱིས་མཛེས་པའི་ལུས།། འགྲོ་བ་ཀུན་ལ་ཆེས་མཆོག་གྱུར།། དེ་ཡིས་གསང་སྔགས་མཛེས་གྱུར་པ།། རྡོརྗེ་རྗེས་ཆགས་མཆོག་གི་བདེ། ། ཤ་ཥའི་སྡེ་ཡི་མཐར་གྱུར་པ།། ཀྵ་ཡི་ཡི་གེའི་སྔོན་དུ་གནས།། དབྱངས་དགུ་པ་དང་ཡང་དག་ལྡན།། སྔགས་ཀྱི་འཕྲེང་བས་ཡང་དག་བརྒྱན།། མེ་ཏོག་མངའ་ནི་ཡོངས་སུ་འཕེན། ། རེ་བ་ཐམས་ཅད་ཡོངས་རྫོགས་མཛད།། དེ་ལྷའི་དཀྱིལ་འཁོར་བྲིས་ནས་ནི།། སངས་རྒྱས་ཐམས་ཅད་རབ་མཆོད་བྱེད།། རྡོ་རྗེ་ཆགས་པའི་དཀྱིལ་འཁོར་རོ། ། །། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག། ཡང་དག་རབ་ཏུ་བཤད་བྱ་བ།། རྡོ་རྗེ་ལེགས་པ་ཞེས་གྲགས་པ།། གཉིས་སུ་མེད་པའི་དགའ་བའང་འཕེལ།། གྲུ་བཞི་པ་ལ་སྒོ་བཞི་པ། ། རྟ་བབས་བཞིས་ནི་མཛེས་པར་བྱས།། དེ་ཡི་དབུས་སུ་ཆེར་མཛེས་པའི།། དཀྱིལ་འཁོར་དམ་པ་གྲུ་བཞི་པ།། དེ་ཡི་དབུས་སུ་པད་ཆེན་པོ།། ཟེ་འབྲུ་ཡིས་ནི་ཉེ་བར་མཛེས། ། དེ་ཡི་ལྟེ་བའི་དཀྱིལ་དུ་ནི།། ཟླ་བའི་གཟུགས་བརྙན་ཡང་དག་འབར།། དེར་གནས་དཔའ་བོ་བསམ་པར་བྱ།། རྡོ་རྗེ་ལེགས་པ་སྟོབས་པོ་ཆེ།། དུང་དང་ཀུན་ད་ཟླ་བ་དཀར། ཁ་བ་བཞོའི་འོད་ལྟར་མཛེས།། ལེགས་སོ་སྩོལ་བ་ཚིམ་པར་མཛད།། ཏིང་ངེ་འཛིན་དབང་མང་པོ་སྒྱུར།། རྡོ་རྗེ་སྒེག་མོ་སོགས་མཆོད་པ།། དེ་བཞིན་མེ་ཏོགས་དུག་པ་སོགས།། སྒོ་ནི་སྐྱོང་བ་ཉིད་ཀྱང་ནི། ། རབ་ཏུ་འབད་དེ་བྲི་བར་བྱ།། དེ་ཡི་སྔགས་གྱུར་མཛེས་པ་ནི།། གསང་བ་ཆེན་པོ་མཆོག་ཏུ་འབར།། ཧ་ཡི་ཡི་གེ་སྔོན་གང་དེ།། སེམས་ཅན་དོན་ནི་རབ་སྒྲུབ་བྱེད།། ཐིག་ལེ་གཉིས་དང་ཡོངས་སུ་ལྡན།། ལེགས་སྩོལ་བས་ནི་རྣམ་པར་གནས།། དེ་ལྷའི་དཀྱིལ་འཁོར་བྲིས་ནས་ནི།། མཆོད་པ་ཐམས་ཅད་རབ་ཏུ་བསྐོར།། བདག་ཉིད་དག་པས་བཞུགས་པ་སོགས། ། ཐམས་ཅད་ཡོངས་སུ་སྤྱད་པར་བྱ།། རྡོ་རྗེ་ལེགས་པའི་དཀྱིལ་འཁོར་རོ།། ། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག། ཡང་དག་རབ་ཏུ་བཤད་བྱ་བ།། རྡོ་རྗེ་གཟི་བརྗིད་ཅེས་སུ་གྲགས། ། རྡོ་རྗེ་ཉི་མས་བློ་གྲོས་ལྡན།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞིས་ནི་མཛེས་པར་བྱས།། ཐིག་བཞི་དང་ནི་ཡང་དག་ལྡན།། དཀྱིལ་འཁོར་དམ་པ་བྲི་བར་བྱ།། དེ་ཡི་ནང་དུ་བྲི་བྱ་བ། ། རྡོ་རྗེ་ཉི་མ་འོད་ཆེན་པོ།། རྡོ་རྗེ་ཉི་མའི་སྟེང་དུ་ནི།། གྲུ་གསུམ་རྣམ་པ་ལས་བྱུང་བ།། དེ་ཡི་དབུས་སུ་གཟི་བརྗིད་ཆེ།། འབར་བ་ཡི་ནི་མེ་ལྟ་བུ།། པདྨ་ཆེན་པོ་འདབ་བརྒྱད་པ། ཟེ་འབྲུ་ཡིས་ནི་ཤིན་ཏུ་མཛེས།། དེ་ཡི་ལྟེ་བའི་དཀྱིལ་དུ་ནི།། རྡོ་རྗེ་གཟི་བརྗིད་སྟོབས་པོ་ཆེ།། བཟང་པོའི་མཚལ་དང་མཚུངས་པའི་འོད།། རྒྱུ་སྐྱེགས་ཁུ་བ་མཚུངས་པའི་མདོག། ཕྱག་བཞི་པ་ལ་ཞལ་བཞི་པ། ། རྒྱན་རྣམས་ཀུན་གྱིས་བརྒྱན་པའོ།། དེ་ཡི་སྔགས་སུ་ཡོངས་གྲགས་པ།། ཀུན་ནས་སངས་རྒྱས་མཚུངས་པའོ།། དབྱངས་ཡིག་བཅུ་གཅིག་པ་ཡི་མཐའ།། ཉི་མའི་དཀྱིལ་འཁོར་དབུས་སུ་ནི། ། སྔགས་ཀྱི་འཕྲེང་བས་ཡོངས་སུ་བསྐོར།། རང་གི་ཕྱག་རྒྱའི་མཚན་མ་ལྡན།། དེ་ལྟར་དཀྱིལ་འཁོར་བྲིས་ནས་ནི།། སངས་རྒྱས་ཐམས་ཅད་རབ་མཆོད་བྱ། རྡོ་རྗེ་གཟི་བརྗིད་དཀྱིལ་འཁོར་རོ།། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག། ཡང་དག་རབ་ཏུ་བཤད་བྱ་བ།། ཡིད་བཞིན་ནོར་བུའི་རྒྱལ་མཚན་མིང་།། བདག་ཉིད་ཆེན་པོ་རྡོ་རྗེའི་ཏོག། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞིས་ནི་མཛེས་པར་བྱས།། ཐིག་བཞི་དང་ནི་ཡང་དག་ལྡན།། ཟླ་བའི་དཀྱིལ་འཁོར་བྲི་བར་བྱ།། དཀྱིལ་འཁོར་དེ་ཡི་དབུས་སུ་ནི། མཆོག་ཏུ་འབར་བ་ཡི་ནི་རླུང་།། ཟླ་བ་ཕྱེད་པའི་རྣམ་པ་འདྲ།། རིན་ཆེན་རྒྱལ་མཚན་ཡོངས་བསྒྲེང་བ།། དེ་ཡི་དབུས་སུ་སེམས་དཔའ་ཆེ།། རྒྱན་རྣམས་ཀུན་གྱིས་བརྒྱན་པའོ།། ཞལ་བཞི་པ་ལ་གཟི་བརྗིད་ཆེ། ། ཨིནྡྲ་ནཱི་ལ་མཚུངས་པའི་འོད།། རིན་ཆེན་ཆར་པ་རབ་ཏུ་འབེབས།། ཕྱག་བཞི་པ་ལ་སྣང་བ་ཆེ།། དེ་ཡི་གསང་སྔགས་གཟི་བརྗིད་ཆེ།། སྡེ་ཚན་བཞི་པའི་དང་པོ་ལ།། མེ་ཡིས་རབ་ཏུ་གསལ་བྱས་པ།། ཏོག་གི་ཕྱག་རྒྱས་ཡོངས་སུ་བསྐོར།། སྔགས་ཀྱི་འཕྲེང་བས་རྣམ་པར་བརྒྱན།། དེ་ལྷའི་དཀྱིལ་འཁོར་བྲིས་ནས་ནི།། སངས་རྒྱས་ཐམས་ཅད་རབ་མཆོད་བྱ།། རྡོ་རྗེ་ཏོག་གི་དཀྱིལ་འཁོར་རོ།། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག། ཡང་དག་རབ་ཏུ་བཤད་བྱ་བ།། རྡོ་རྗེ་བཞད་པ་ཞེས་གྲགས་པ།། རྡོ་རྗེ་བཞད་པ་མཚུངས་པའི་འོད། ། གྲུ་བནི་པ་ལ་སྒོ་བའིག། རྒྱུ་བབས་བཉིས་ནི་མཛེས་པར་བྱས།། དག་པ་ནི་དང་ནི་ཡང་དག་ཟན།། དཀྱིལ་ཆེན་པོ་ཟླ་བཱར་བྱ།། དཀྱིལ་འཁོར་དང་རྒྱས་རྣམ་པན། ཨི་ནི་མཚུངས་པའི་འོད། ། དེ་བཞིན་ནུ་ནི་གཟི་བརྗིད་ཅན།། ཕྱོག་རྒྱ་འཁོར་ལོས་རྣམ་པར་མཛེས།། དཀྱིལ་འཁོར་དེ་མི་དབུས་སུ་ནི།། སྐྱོན་ཀའི་ཟླ་བ་འདྲ་བའི་འོད།། འགྲོ་བ་མཐའ་དག་སྣང་མཛད་པ། ། རྒྱན་རྣམས་ཀུན་གྱིས་བརྒྱན་པ་བོ།། ཕྱག་བཞི་པ་ལ་ཞལ་བཞི་པ།། དབང་ཕྱུག་ཐམས་ཅད་ཡང་དག་ལྡན།། དེ་ཡི་གསང་སྔགས་སྔགས་ཆེན་པོ།། རྒྱུ་ཡི་དོན་དུ་གྲུབ་པར་བྱ། ། སྟོང་པ་མངོན་བརྗོད་བསམ་མི་ཁྱབ།། རང་མིང་རྟོགས་པས་མཚན་པའོ།། དེ་ལྷའི་དཀྱིལ་འཁོར་བྲིས་ནས་ནི།། སངས་རྒྱས་ཐམས་ཅད་རབ་མཆོད་བྱ།། རྡོ་རྗེ་བཞད་པའི་དཀྱིལ་འཁོར་རོ། ། ། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག། ཡང་དག་རབ་ཏུ་བཤད་བྱ་བ།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞིས་ནི་མཛེས་པར་བྱས།། ཐིག་བཞི་དང་ནི་ཡང་ངག་ལྡན། ། དངོས་གྲུབ་དཀྱིལ་འཁོར་ཡང་དག་བྲི།། དེ་ཡི་སྟེང་དུའང་པདྨ་ཆེ།། པདྨ་མཱ་ལས་ཡང་དག་བྱུང་། གླུ་གསུམ་མཆོག་ཏུ་མཛེས་པ་པོ།། ཨུམ་མདོའི་རིས་ཀྱིས་རྣམ་པར་བརྒྱན། ཆོས་དབྱིངས་ཡི་གེའི་དེ་ཁོན།། ཐམས་ཅད་གཟི་བརྗིད་བདག་ཉིད་དགེ། དེ་ཡི་བདག་གི་དེ་ཉིད་ནི།། འགྲོ་བའི་མར་ཀ་ཏའདྲ།། ཕྱག་བཞི་པ་ལ་ཞལ་བཞི་པ།། རྒྱམ། ཀུན་གྱིས་བརྒྱན་པ་པོ།། གཉིས་པའི་མདོག་ཏུ་གྱུར་པ་ནི།། བདྨ་རཱ་གཱ་མཚུངས་པའི་འོད།། ཇི་སྲིད་ངག་གི་འཁོར་མ་ན།། སྨྲ་བའི་དབྱེ་བས་རབ་ཏུ་གནས། ཐམས་ཅད་སོ་སོར་གསལ་བར་བྱེད།། སྤྲིན་གྱི་དཀྱིལ་འཁོར་མཆོག་རྨང་བྱུང་།། དེ་ལྷའི་དཀྱིལ་འཁོར་བྲིས་ནས་ནི།། སངས་རྒྱས་ཐམས་ཅད་རབ་མཆོད་བྱ།། རྡོ་རྗེ་སྨྲ་བའི་དཀྱིལ་འཁོར་རོ།། ། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག། ཡང་དག་རབ་ཏུ་བཤད་བྱ་བ།། དཀྱིལ་འཁོར་སྔ་མའི་སྦྱོར་བ་ཡིས།། དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ།། དེ་ཡི་དབུས་སུ་གོ་ཆ་ཆེ། ། རིན་ཆེན་ཀུན་གྱིས་རྣམ་པར་བརྒྱན།། དེ་ཡི་དབུས་སུ་བརྩོན་ཆེན་པོ།། རྡོ་རྗེ་སྲུང་བ་ཡང་དག་བྲི།། ཕྱག་བཞི་པ་ལ་ཞལ་བཞི་པ།། རྒྱན་རྣམས་ཀུན་གྱིས་བརྒྱན་པ་པོ།། ཁ་དོག་སྣ་ཚོགས་གཟི་བརྗིད་ཆེ། ། ཐམས་ཅད་སྲུང་བ་མཆོག་ཏུ་དགེ། ཕྱག་རྒྱ་སྔགས་དང་ཡང་དག་ལྡན།། གསང་བ་ཆེན་པོའི་གོ་འཕང་མཆོག། དེ་ཡི་གསང་སྔགས་གཟི་བརྗིད་ཆེ།། ཤ་འི་སྡེ་ཡི་མཐར་གནས་མཆོག། མགོན་པོའི་རྒྱུར་ནི་མངོན་པར་བརྗོད།། སྟེང་དུ་ནཱ་དས་བརྒྱན་པར་བྱ།། ཀུན་ནས་ཁ་དོག་བུ་མ་ཡིས།། ཡོངས་སུ་བསྐོར་བར་བསྒོམ་པར་བྱ།། སྔགས་ཀྱི་འཕྲེང་བ་ཡོངས་སུ་ལྡན། ། གློག་གི་འཕྲེང་བས་རྣམ་པར་བརྒྱན།། དེ་ལྷའི་དཀྱིལ་འཁོར་བྲིས་ནས་ནི། མཆོད་པ་ཐམས་ཅད་རབ་བསྒྲུབ་བྱ།། རྡོ་རྗེ་སྲུང་བའི་དཀྱིལ་འཁོར་རོ།། དཀྱིལ་འཁོར་ཆེན་པོ་མཆོ། ཡང་དག་རབ་ཏུ་བཤང་བྱུག། གྲུ་བཞི་པ་ལ་སྒོ་བྱིནི་པ།། རྟ་བབས་བཞིས་ནི་མཛེས་པར་བྱས། ཐིག་པའི་དང་ནི་ཡང་དག་ལྡན། ཁ་ཚུར་དཀྱིལ་འཁོར་ཞི་བ་བྱ། དཀྱིལ་འཁོར་དེ་ཡི་དབུས་སུ་རི།། རྡོ་རྗེ་པདྨ་ཡིད་འོང་བ།། གཟི་བརྗིད་ཆེན་པོ་གསེར་གྱི་མདོག། འདབ་མ་བརྒྱད་པ་ཡིད་འོང་བ།། དེ་ཡི་སྟེང་དུ་གཟི་བརྗིད་ཆེ།། རྡོ་རྗེ་ཁུ་ཚུར་སྟོབས་པོ་ཆེ། ཕྱག་བཞི་པ་ལ་ཞལ་བཞི་པ།། སྣ་ཚོགས་རྒྱན་གྱིས་བརྟན་པ་པོ།། ཀུན་དདུང་དང་ཟླ་བ་དཀར།། ཁུ་ཚུར་དེ་བཞིན་གཤེགས་ཀུན་གྱི།། སྐུ་དང་གསུང་དང་ཐུགས་ཁུ་ཚུར།། རྡོ་རྗེ་ཉིད་དུ་མཉམ་ཉིད་མཆོག། གཉིས་སུ་མེད་པ་མཆོག་གསང་བ།། ཁུ་ཚུར་གྱིས་ནི་སྡུད་པར་བཤད།། དེ་སྔགས་མཆོག་ཏུ་དགའ་བ་ནི།། བརྗོད་དུ་མེད་ཉིད་སྩོལ་མཛད་པ།། སྡེ་ཚན་ལྔ་པའི་གསུམ་པ་ནི།། འབར་བའི་འོད་ཀྱི་དཀྱིལ་འཁོར་ཅན། ། སངས་རྒྱས་རྣམས་ཀྱི་རྡོ་རྗེའི་སྐུ།། འདི་ཡི་སྔགས་ལ་རྣམ་པར་གནས།། དེ་ལྷའི་དཀྱིལ་འཁོར་བྲིས་ནས་ནི།། རྡོ་རྗེ་ཁུ་ཚུར་མཆོད་པར་བྱ།། རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་སོ།། དེ་ལ་སོགས་པ་མཐའ་ཡས་མཆོག། དཀྱིལ་འཁོར་མཆོག་ཏུ་འབར་བ་ནི།། ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པའི།། སངས་རྒྱས་བྱང་ཆུབ་སྩོལ་བར་མཛད།། དེ་ནས་ཡང་དག་བཤད་བྱ་བ། ། འཇིག་རྟེན་པ་ཡི་དཀྱིལ་འཁོར་མཆོག། དེ་བཞིན་གྲུ་བཞི་བྲིས་ནས་ནི།། སྒོ་ཁྱུད་ལ་སོགས་རྣམ་པར་སྤངས། རྩེ་གསུམ་པཊྚི་ས་དང་ནི།། དུང་དང་པདྨ་སོགས་པས་བརྒྱན། ། ཐོག་མར་དབང་ཕྱུག་ཆེན་པོ་དགོད།། རྩེ་གསུམ་པ་ཡི་ཕྱག་རྒྱར་ལྡན།། ཁྱུ་མཆོག་ལ་ཞོན་མིག་གསུམ་པ།། སྟག་གི་པགས་གྱོན་ཕྱག་བཞི་པ།། ཐལ་བས་བྱུགས་ཤིང་མགོ་བོ་ལ། ། རལ་པའི་ཚོགས་ནི་རབ་འཕྱང་བ།། ཆུ་ཡི་དཀྱིལ་འཁོར་དབུས་སུ་ནི།། དེ་བཞིན་གཤེགས་པ་ཐམས་ཅད་ལ།། ཕྱག་འཚལ་བ་ནི་འདི་བྲིའོ།། དེ་ཡི་སྔགས་ནི། ཨོཾ་ཏྲི་ས་སུཾ་ཧཱུཾ་ཕཊ། གསང་སྔགས་འདི་ནི་ཆེར་གསང་བ།། བདག་ཉིད་ཆེན་པོ་དབང་ཕྱུག་ཆེའི།། དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་རོ།། ། དཀྱིལ་འཁོར་ཆེན་པོ་དེ་ཉིད་ལ་དབང་ཕྱུག་ཆེན་པོའི་གནས་སུ་ནག་པོ་ཆེན་པོ་གཞག་པར་བྱའོ། ། ལག་པ་སྟོང་གིས་གར་བྱེད་པ་དང་ལྡན་པའི་དགའ་བྱེད་དབང་ཕྱུག་དང་ལྷན་ཅིག་ཕྱག་བཞི་པ། སྤྱན་གསུམ་པའོ།། ལག་པ་སྟོང་གིས་གནས་བའོ། ། རང་གི་སྔགས་ནི། ཨོཾ་མ་ཧཱ་ཀཱ་ལ་ཧཱུཾ་བྷྱོཿ། ཨོཾ་ནན་དི་ཀེ་ཤྭ་ར་ཧཱུཾ་བྷྱོ། འདི་བཟླས་ར་དངོས་གྲུབ་ཐམས་ཅད་བྱེངོ།། དགའ་བྱེད་དབང་ཕྱུག་དང་ནག་པོ་ཆེན་པོའི་དཀྱིལ་འཁོར་རོ།། དེ་ཉིད་ཀྱི་ནི་ཆོ་ག་ཡིས།། དཀྱིལ་འཁོར་གྲི་བཞི་ཐིག་གང་བ་བྱ། དོར་ནི་པདྨ་ཡང་དག་བྲི།། པདྨའི་དབུས་སུ་སྦྲང་ཅིར་བྱེད།། ལ་སོགས་མིང་པོ་གསུམ་བྲིའོ།། གཞུ་ཡི་ཕྱག་རྒྱ་ཡོངས་སུ་འཛིན། ། སྦྲང་རྩིར་བྱེད་དང་རྒྱལ་བར་བྱེད།། དེ་བཞིན་ཉིད་དུའང་སྒྲུབ་བྱེད་དོ།། མེ་ཏོག་མདའ་དང་ཡོངས་སུ་ལྡན།། རང་གི་མིང་གཏོགས་མཚན་མ་ཅན།། སྔགས་ནི། མ་དྷྱ་ཨོཾ་སཱ། དྷ་ན་སྭ། གསང་སྔགས་འདི་ནི་འདོད་གཟུགས་ཅན།། དབང་དུ་བྱེད་པ་ཐམས་ཅད་སྒྲུབ།། སྦྲང་རྩི་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་རོ།། དཀྱིལ་འཁོར་གྲུ་བཞི་པ་བྲིས་ནས་དབུས་སུ་ཐིག་བཞི་གདབ་བོ། ། དབུས་སུ་ཏུམ་པུ་རུའོ།། ཤར་གྱི་འདབ་མར་རྒྱལ་བའོ།། ལྷོ་རུ་རྣམ་པར་རྒྱལ་བའོ།། ནུབ་ཏུ་མི་ཐུབ་པའོ།། བྱང་དུ་གཞན་གྱིས་མི་ཐུབ་པའོ།། དེ་ལྷ་བུའི་དཀྱིལ་འཁོར་བྲིས་ནས་གོ་རིམས་ཇི་ལྟ་བ་བཞིན་དུ་གསང་སྔགས་དགོད་པར་བྱའོ།། ཨོཾ་ཏུམ་བུ་རུ་ཧཱུཾ། ཨོཾ་ཛ་ཡ་ཧཱུཾ། ཨོཾ་བི་ཛ་ཡེ་ཧཱུཾ། ཨོཾ་ཨ་ཛི་ཏེ་ཧཱུཾ། ཨོཾ་ཨ་པ་རཱ་ཛི་ཏེ་ཧཱུཾ། དགའ་བ་འདི་དག་ལག་གཡོན་དུ།། ཁུ་ཚུར་གཡོན་པས་རབ་གྲུབ་སྩོལ།། འདི་ཡི་ཕྱག་རྒྱ་ཉིད་གྱུར་པ།། སངས་རྒྱས་ཀུན་གྱིས་རབ་ཏུ་བརྟགས།། ལག་པར་དགོད་པ་རབ་བཤད། བྱ། གོ་རིམས་ཇི་ལྟ་བ་བཞིན་དུ།། ཏུམ་བུ་རུ་ནི་མཐེ་བོར་དགོད།། སྡིགས་མཛུབ་ལ་ནི་རྒྱལ་བ་གནས།། རྣམ་རྒྱལ་གུང་མོ་ཉིད་ལའོ།། མི་ཐུབ་དེ་བཞིན་མིང་མེད་ལ།། གཞན་གྱིས་མི་ཐུབ་མཐེའུ་ཆུང་ལ། ། ལག་པའི་དབུས་སུ་ཡི་གེ་ཨོཾ།། དགོད་བྱ་དེ་ཉིད་ལག་པའི་རྒྱབ།། རྡོ་རྗེ་འབྲང་བའི་མཐར་ཐུག་ཏུ།། དགོད་པར་བྱ་བ་མཆོག་ཏུ་བཤད།། སྦྱོར་དང་རྣམ་པར་དབྱེ་བ་ཡང་། ། ཕྱག་རྒྱ་ཀུན་སྤྱོད་ཡོངས་སུ་བསྡུ།། སོ་སོར་བརྟན་པར་བྱ་བ་ཉིད།། སོར་མོ་རྣམས་ལ་ཁྱད་པར་དུ།། དབང་དང་དགུག་དང་རྨོངས་ལ་སོགས།། རེངས་བྱེད་ལ་སོགས་གོ་རིམས་བཞིན། ། ལས་རྣམས་ངག་ནི་ཐམས་ཅད་དུ།། སྔགས་པས་མཉམ་པར་བཞག་སྟེ་བྱ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སླར་ཡང་འདུས་ཏེ་གཤེགས་ནས། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བའི་མཚན་རྣམས་ཀྱིས་ལེགས་པར་བསྟོད་པ་མཛད་དེ། བཅོམ་ལྡན་འདས་མཉེས་པར་མཛད་པ། བྱང་ཆུབ་སེམས་ནི་རྡོ་རྗེ་ཚེ།། སངས་རྒྱས་དེ་བཞིན་གཤེགས་པ་ཀུན།། དགྲ་བཅོམ་འདོད་ཆགས་བྲལ་བ་དང་།། ལེགས་པ་ཆོས་ཀྱི་འབྱུང་གནས་མཆོག་བློ་གྲོས་དག་པ་ཡེ་ཤེས་ཆེ། ། ཐམས་ཅད་མཁྱེན་པ་ཀུན་རིག་མཆོག། མཆོག་གི་དབང་ཕྱུག་དཔའ་བོ་ཆེ།། ཐོག་མ་ཐ་མ་མེད་ཁྱབ་བདག། མ་འདྲེས་མ་འདྲེས་པ་ཡི་དོན། ། ཤིན་ཏུ་ཕྲ་བ་མཆོག་སྦྱིན་རྒྱལ།། རྡོ་རྗེ་ཅན་ཆེན་རྣལ་འབྱོར་ཆེ།། རྡོ་རྗེ་རྣལ་འབྱོར་དབང་ཕྱུག་མཆོག། མི་བསྐྱོད་པ་དང་མི་ཟད་མགོན།། ཆོས་དབྱིངས་གཞན་དང་གཞན་མིན་པ། རིན་ཆེན་འབྱུང་གནས་རྡོ་རྗེ་མཆོག། དབང་བསྐུར་ཀུན་གྱི་བླ་མའི་བླ།། ཐེག་ཆེན་ཆེ་བའི་མཆོག་གི་མཆོག། དཔའ་བོ་མཆོག་ཏུ་དཔའ་བའི་མཆོག། ཟབ་ཅིང་ཡངས་ལ་ཕྲ་བ་དང་།། ཐམས་ཅད་ཐམས་ཅད་དེ་བཞིན་གཤེགས། ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེ།། ཚད་སྐྱོབ་དཀར་པོ་སྟོབས་པོ་ཆེ།། གཟི་བརྗིད་ཕུང་པོ་གཟི་བརྗིད་ཆེ།། ཕུལ་བྱུང་ཕུལ་ལས་ཕུལ་དུ་བྱུང་།། རྒྱུ་མེད་མཆོག་གི་མཆོག་དཔའ་མཆོག། གཟི་མཆོག་གཟི་བརྗིད་བྱེད་མཚུངས་པ།། རྒྱལ་བ་རྒྱལ་བ་མཆོག་ཉིད་དང་།། ལེགས་པའི་རྒྱལ་པོ་བདག་ཉིད་ཆེ།། རྡོ་རྗེ་སེམས་དཔའ་སེམས་ཆེར་པོ།། རྡོ་རྗེ་རྒྱལ་པོ་ལྕགས་ཀྱུ་ཆེ།། རྡོ་རྗེ་ཆགས་པ་མངའ་ཆེན་པོ།། རྡོ་རྗེ་ལེགས་པ་ལེགས་གྲུབ་མཛད།། རྡོ་རྗེ་རིན་ཆེན་ཆེ་མཆོག་མཆོག། རྡོ་རྗེ་གཟི་བརྗིད་ལེགས་བརྗིད་མཛད།། རྒྱལ་མཚན་ཆེན་པོ་རིན་ཆེན་ཏོག། རྡོ་རྗེ་བཞད་པ་ལེགས་བཞད་མཛད།། འཇིག་རྟེན་དབང་ཕྱུག་པདྨ་ཆེ།། ཤེས་རབ་ཡེ་ཤེས་ལེགས་རྣོ་མཛད།། ཆོས་ཀྱི་འཁོར་ལོ་ཆོས་ཆེན་པོ།། སེམས་དཔའ་སླ་པ་ལེགས་བཞད་མཛད། ། སྣ་ཚོགས་ལས་ནི་རྒྱལ་པོ་ཆེ།། རྡོ་རྗེ་སྲུང་བ་ལེགས་སྲུང་མཛད།། ཁྲོ་བོ་ཆེན་པོ་གནོད་སྦྱིན་ཆེ།། རྡོ་རྗེ་མཚམས་སྦྱོར་མཚམས་སྦྱོར་སེལ།། ཕྱག་འཚལ་སངས་རྒྱས་ཀུན་ཁྱོད་ལ། ། དང་པོའི་རྣལ་འབྱོར་དབང་ཕྱུག་མཆོག། ལེགས་སོ་རྡོར་ཅན་རྣལ་འབྱོར་ཆེ།། དེ་བཞིན་གཤེགས་པ་ཐམས་ཅད་དག། སྙིང་པོའི་རྒྱན་ཅེས་མཚན་གསོལ་བ།། འདི་དག་ཐམས་ཅད་ལེགས་པར་གསུངས། ། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས།། ཡེ་ཤེས་སྙིང་པོ་ཤིན་ཏུ་མཛེས།། གསང་བ་ཆེན་པོ་མཆོག་ཏུ་གསང་།། སྭ་བྱ་ཤིན་ཏུ་རྙེད་དཀའ་བ།། ཤེས་རབ་ཕ་རོལ་ཕྱིན་པའི་མདོ། ། བརྗོད་དུ་མེད་ཅིང་ཡི་གེ་བྲལ།། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཀྱིལ་འཁོར་འབྱུང་བ་ཞེས་བྱ་བའི་རྟོག་པ་རྒྱས་པ་འདི་ཡོངས་སུ་རྫོགས་སོ། ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སླར་ཡང་འདུས་ཏེ་གཤེགས་ནས། བཅོམ་ལྡན་འདས་ཐོག་མ་དང་མ་མེད་པའི་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་བོ། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དེ་དག་གིས་གསོལ་བ་བཏབ་པའི་ཚིག་ཉེ་བར་གསན་ནས། སངས་རྒྱས་ཐམས་ཅད་ཀྱི་ཡུལ་འཇུག་པ་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་མ་ཐག་ཏུ་བཅོམ་ལྡན་འདས་མའང་སྙོམས་པར་ཞུགས་སོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འདི་སྐད་ཅིག་ཉིད་ལ་འཇམ་དཔལ་གཞོན་ནུར་གྱུར་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཡེ་ཤེས་རྡོ་རྗེ་ལ་ཞུགས་པར་གྱུར་ཏོ། ། ཞུགས་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཤེས་རབ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གསེལ་བར་མཛད་ཅིང་བརྟན་པར་གྱུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དེ་ལས་འཐོན་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཆོས་ཀྱི་དབྱིངས་ཀྱི་མཐས་ཀླས་པ་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་སྣང་བར་མཛད་ནས། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱིའང་ཤེས་རབ་དང་ཡེ་ཤེ་རྣམ་པར་སྦྱངས་ཏེ། བྱང་ཆུབ་ཀྱི་སེམས་བསྐྱེད་ནས་བཀུག་ཅིང་རྗེས་སུ་མཉེས་པར་བྱས་ནས་ལེགས་པར་མཛད་ནས་རྣམ་པར་གནས་ཏེ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལེགས་པར་ཡོངས་སུ་རྫོགས་པར་མཛད་ནས། མངོན་པར་དབང་བསྐུར་ཏེ་གཟི་བརྗིད་དང་། ཏོག་དང་། བཞད་པ་དང་། དེ་དག་ལ་ངེས་པར་སྦྱར་ཏེ་མཆོག་གི་དབང་ཕྱུག་ཆེན་པོ་ལས་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཆོས་རྟོགས་པ་ལའང་རབ་ཏུ་གནས་ནས། རྣོན་པོ་དང་། རྒྱུ་དང་། སྨྲ་བའི་སེམས་དཔའ་རྣམས་ལའང་ཐུགས་བརྟན་པར་མཛད་དེ་ཡོངས་སུ་དག་ནས། ཡང་པདྨའི་སེམས་དཔའི་ཏིང་ངེ་ལ་རང་བཞིན་གྱིས་དག་པའི་དབང་ཕྱུག་ཆོས་ཉིད་གཞི་མེད་པ་ལ་སྦྱར་ནས་སྣ་ཚོགས་པའི་ལས་ཀྱི་བདག་པོ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བསྲུང་བ་དང་། ཁྲོ་བོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་མཚམས་སྦྱོར་བ་རྣམ་སེམས་ཅན་གྱི་ཁམས་མཐའ་དག་ཡོངས་སུ་སྨིན་པ་དང་། བྱིན་གྱིས་བརླབས་ཏེ་སླར་ལོག་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་རྗེས་སུ་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཡེ་ཤེས་ལ་བཞུགས་ནས་ཆེད་དུ་བརྗོད་པ་འདི་ཚད་དུ་བརྗོད་དོ།། ཨེ་མའོ་ཟག་མེད་ཤེས་རབ་བདག། སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། ། ཤེས་རབ་ཤིན་ཏུ་དྲི་མེད་སེམས།། སེམས་དཔའི་ལུས་སུ་བདག་གྱུར་ཏོ།། དྲི་མེད་སངས་རྒྱས་ཐམས་ཅད་ཀྱི།། དངོས་དང་དངོས་མེད་རྣམས་དཔྱད་ན།། ཨེ་མའོ་ཆོས་ནི་བསམ་མེད་ཉིད། ། བདག་གི་དབང་དུ་རྣམ་པར་གནས།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་བཅོམ་འདས་ཀྱི་ཐུགས་ཀ་ནས་འཐོན་ནས། བྱང་ཆུབ་སེམས་དཔའ་བཅུ་དྲུག་གི་ལུས་སུ་མངོན་པར་སྤྲུལ་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཡོངས་སུ་བསྐོར་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉེ་འཁོར་ཀུན་ཏུ་ཉི་མའི་དཀྱིལ་འཁོར་དང་། འོད་ཀྱི་དཀྱིལ་འཁོར་དང་། བྱིན་གྱིས་བརླབས་པ་ཟླ་བའི་དཀྱིལ་འཁོར་ལ་འཁོད་པར་གྱུར་ནས། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོར་བསྟན་པའི་ཆོས་ཀྱི་ཚིག་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་དེ་ཡོངས་སུ་ཞུ་བར་སེམས་པ་ནི་ལེགས་སོ་ལེགས་སོ།། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་ངས་བཤད་དོ། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་དུ་བདག་ཉིད་བྱིན་གྱིས་བརླབས་ནས་སྔགས་ཀྱི་ཚིག་འདི་དག་བཀའ་སྩལ་པ། དྲན་པ་ཉེ་བར་གཞག་པ་བཞི་ནི་ནང་གི་ལུས་དང་། ཕྱིའི་ལུས་དང་། ཕྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ། ། ལུས་ལ་ཀུན་འབྱུང་བའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ།། ལུས་ལ་ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། ། ལུས་ལ་མི་གནས་པའི་རྣམ་པར་སྤྱོད་ཅིང་འཇིག་རྟེན་དུ་གང་ཡང་ཉེ་བར་ལེན་པ་མེད་དོ།། ནང་གི་ཚོར་བ་དང་། ཕྱིའི་ཚོར་བ་དང་། ཕྱི་ནང་གི་ཚོར་བ་དང་། ནང་གི་སེམས།། ། དང་ཕྱིའི་སེམས་དང་། ཕྱི་ནང་གི་སེམས་དང་། ནང་གི་ཆོས་དང་། ཕྱིའི་ཆོས་དང་། ཕྱི་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་བརྩོན་འགྲུས་ཅན་ཤེས་བཞིར་དང་ལྡན་པ། དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ། ། ཆོས་ལ་ཀུན་འབྱུང་བའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ།། ཆོས་ལ་ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། ། ཆོས་ལ་མི་གནས་པའི་རྣམ་པར་སྤྱོད་ཅིང་འཇིག་རྟེན་དུའང་ཉེ་བར་ལེན་པ་མེད་དོ།། རྟག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལུས་དང་། ངག་དང་། སེམས་དང་། ཆོས་མཉམ་པ་ཉིད་ཀྱིས་གནས་སོ། ། ཨོཾ་ཀཱཾ། ཨོཾ་ཙ་ཏཱ་རི་སྨི་དྷུ་བསྠ་ནཱ་ནཱ་ཧཱུཾ། ཡང་དག་པར་སྤོང་བ་བཞི་ནི་སྡིག་ཏོ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་དེ་མི་དམིགས་པའི་ཚུལ་གྱིས་འདུན་པ་སྐྱེད་ཅིང་རྩོལ་ལོ། ། བརྩོན་འགྲུས་རྩོམ་མོ།། སེམས་ཀྱིས་རབ་ཏུ་འཛིན་ཏོ།། སྨོན་ལམ་ཡང་དག་པར་འདེབས་སོ།། སྡིག་ཏོ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤངས་པའི་ཕྱིར་འདུན་པ་ལ་སོགས་པ་དང་། དགེ་བའི་ཆོས་མ་སྐྱེས་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ།། འབད་དོ།། བརྩོན་འགྲུས་རྩོམ་མོ།། སེམས་ཀྱིས་རབ་ཏུ་འཛིན་ཏོ།། སྨོན་ལམ་ཡང་དག་པར་འདེབས་སོ།། དགེ་བའི་ཆོས་སྐྱེས་པ་རྣམས་འཕེལ་ཞིང་ཤིན་ཏུ་རྒྱས་པར་བྱ་བ་དང་། ཡངས་པར་བྱ་བའི་ཕྱིར་དང་། སྐོམ་པ་ཡོངས་རྫོགས་པར་བྱ་བའི་ཕྱིར་འདུན་པ་སྐྱེད་དོ།། དབང་པོ་བརྩོན་འགྲུས་རྩོམ་མོ། ། སེམས་རབ་ཏུ་འཛིན་ཏོ།། སྔོན་ལམ་ཡང་དག་པར་འདེབས་སོ།། ཆོས་རྣམས་ཐམས་ཅད་དོན་དམ་པར་མི་སྤོང་བ་དང་། མི་སྤོང་བ་མ་ཡིན་པའི་ཆེད་དུ་རྟོགས་པར་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་འདི་བཀའ་སྩལ་ཏོ། ། ཨོཾ་སམྱ་ཀ་པྲ་ཧཱ་ཎ་སརྦ་ཏ་ཐཱ་ག་ཏཱ་ས་མཱ་ཏཱ་ཨ་དྷིཥྛ་ཨཿར་ཧཱུཾ། ཡང་དག་པར་སྤོང་བ་བརྗོད་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའོ། ། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པར་བྱའོ།། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྒོམ་པར་བྱེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པ་དང་། ཀུན་རྫོབ་ཀྱི་སྒོའི་ཆོས་ཐམས་ཅད་སྒྱུ་མ་སྒྱུ་མའི་མཚན་ཉིད་དུ་འཇུག་གོ། ། ཞེས་བཅོམ་ལྡན་འདས་ཆོས་ཐམ་ཅད་ཀྱི་འཁོར་ལོ་སྒྱུར་བས་བཀའ་སྩལ་ཏོ།། ཨོཾ་རིདྡྷི་པྲཱ་ད་པཱ་ར་མི་ཏ་ལ་པཱ་པ་ར་ཧཱུཾ་ཧཱུཾ། རྫུ་འཕྲུལ་གྱི་རྐང་པའི་ཕ་རོལ་ཏུ་ཕྱིན་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། དབང་པོ་ལྔ་ནི་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ།། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་ལ་དབང་བསྐུར་བ་སྤྲོས་པ་མེད་པའི་དབང་པོ་འདི་དག་བཀའ་སྩལ་ཏོ།། ཨོཾ་ཨིནྡྲི་ཡཱ་བ་བོདྡྷ་པྲཱ་ཛྙེ་ཨི་ཥེ་ཛྙཱ་ནཱ་ནཱ་མ་ནྟ་ནཱ་པ་ག་ཏཱ་ཡ་ཨཱཿཧཱུཾ། དབང་པོ་མཉམ་པ་ཉིད་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། སྟོབས་ལྔ་ནི་དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སོ་ཞེས་བཀའ་སྩལ་ཏོ།། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་ལ་གནས་པ། སྟོབས་ཐམས་ཅད་རྟོགས་པ། སྤྲོས་པ་ཐམས་ཅད་བྲལ་བགདོད་མ་ནས་དག་པས་འདི་བཀའ་སྩལ་པ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བ་ལ་ཨཿཧཱུཾ་ཧཱུཾཿས། སྟོབས་འཕེལ་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཚངས་པའི་གནས་པ་བཞི་ནི། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སོ།། ཨོཾ་བྲཧྨ་བཱི་ཧཱ་ར་དྷིཥྛ་ནཱ་ཀཾ་མཾ་དྲུཀྵཾ་ཧཱུཾ་ཧཱུཾ། ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཀའ་སྩལ་ཏོ། ། ཚངས་པའི་གནས་པ་བྱིན་གྱིས་རློབ་པའོ།། སོ་སོ་ཡང་དག་པར་རིག་པ་བཞི་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་དོངོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པའོ་ཞེས་བཅོམ་ལྡན་འདས་ཆོས་ཐམས་ཅད་སྒྱུ་མའི་མཚན་ཉིད་དུ་སོ་སོ་ཡང་དག་པར་རིག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ཞེས་བཀའ་སྩལ་ཏོ།། ཨོཾ་པྲ་ཏི་སམྦི་དཿས་ནྟུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ།། རྗེས་སུ་དྲན་པ་དྲུག་གང་ཞེ་ན། སངས་རྒྱས་རྗེས་སུ་དྲན་པ་དང་ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པའོ།། ཆོས་ཐམས་ཅད་གཅིག་ཏུ་རྗེས་སུ་དྲན་པ་ནི་ཆོས་ཐམས་ཅད་དོན་དམ་པ་སྟོང་པ་ཉིད་ཅེས་བྱའོ། ། མཚན་ཉིད་དང་མཚན་ཉིད་མེད་པ་རྣམ་པར་སྤྱོད་པས་མཉམ་པ་ཉིད་ཀྱི་སྒོ་ཞེས་བྱ་བ་འདི་ཏིང་ངེ་འཛིན་ལ་དབང་སྒྱུར་བས་བཀའ་སྩལ་ཏོ།། ཨོཾ་སརྦ་ཨ་ནུ་སྨི་ཏི་བུདྡྷེ་སཾ་པ་དཱ་དི་ཤི་ཧཱུཾ་ཧཱུཾ་ཧཱུཾ། རྗེས་སུ་དྲན་པ་དྲུག་གི་ཤེས་རབ་བོ།། བྱང་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། བྱང་ཆུབ་ཀྱི་ཡན་ལག་མཉམ་པ་ཉིད་སྐྱེ་བ་མེད་པའི་མཚན་ཉིད་ཅེས་བྱ་བ་ཤཱ་རབ་ཀྱི་ཕ་། རོལ་ཏུ་ཕྱིན་པ་བཀའ་སྩལ་ཏོ།། ཨོཾ་སརྦ་ཏཱ་བོ་དྷྱཾ་ག་ས་མ་ཏཱ་སུ་པྲ་ཏིཥྛ་ཏེ་དྲུཾ་པཾ། འཕགས་པའི་ལམ་ཡན་ལག་བརྒྱད་གང་ཞེ་ན། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་སྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ།། ལམ་ཟང་མི་ཤེས་པའི་བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་འཇུག་པ་ལེགས་པར་སོ་སོར་རིག་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། ། ཨོཾ་ཨཱརྱ་ཐཱཾ་ག་མཱརྒ་མཊ། འཕགས་པའི་ལམ་ཡན་ལག་བརྒྱད་པ་མཉམ་པ་ཉིད་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། ཏིང་ངེ་འཛིན་གསུམ་ནི། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའོ།། དེ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། སྟོང་པའི་རྣམ་པ་དང་། གསོག་དང་། གསོབ་ཀྱི་རྣམ་པ་དང་། རང་བཞིན་མེད་པའི་རྣམ་པས་ཆོས་ཐམས་ཅད་མཚན་ཉིད་གཅིག་ཏུ་རྟོགས་པ་སེམས་རྩེ་གཅིག་པ་སྟེ། འདི་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བརྗོད་དོ། ། དེ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། གང་ལ་མཚན་མར་མི་བྱེད་པ་དང་། འདོད་པ་མེད་པ་དང་། ཤེས་པ་མེད་པ་དང་། ཞི་བའི་རྣམ་པ་དང་། རྣམ་པར་བྲལ་བའི་རྣམ་པར་སེམས་རྩེ་གཅིག་པ་སྟེ། འདི་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ།། དེ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་སེམས་རྩེ་གཅིག་པ་སྟེ། དེ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ།། ཆོས་ཐམས་ཅད་རྟོགས་ནས་སྨོན་པར་མི་བྱེད་དེ། ལྷ་འམ་ལྷ་ལས་གཞན་གང་ཡང་རུང་བ་དོན་དུ་མི་གཉེར་ཞིང་གསོལ་བ་འདེབས་པར་ཡང་མི་འདོད་པ་སྟེ། དངོས་པོ་ཐམས་ཅད་ལ་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་ཡིས་ཀྱང་ངོ་།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཀྱིས་ཏིང་འཛིན་གྱི་སྒོ་གསུམ་ཉེ་བར་རྟོགས་པར་བྱའོ། ། ཨོཾ་ཁ་ས་མཿསརྦ་དྷཱརྨ། ཁཾ། དེ་ལ་སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། སྡུག་བསྔལ་འགོག་པ་སོ་སོར་མཁྱེན་པའི་སྟོབས་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། མངོན་པར་ཤེས་པ་ལྔ་མཁྱེན་པའི་སྟོབས་སོ། ། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་སོ་སོར་རྟོགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཨོཾ་ད་ཤ་བ་ལ་ས་མ་ཏེ་ཐཾ། སྟོབས་བཅུ་མཉམ་པ་ཉིད་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རྣམ་པར་ཐར་པ་བརྒྱད་གང་ཞེ་ན། གཟུགས་ཅན་གྱིས་གཟུགས་རྣམ་མཐོང་བ་དེ་ནི་རྣམ་པར་ཐར་པ་དང་པོའོ། ། ནང་གཟུགས་མེད་པའི་འདུ་ཤེས་དང་ལྡན་པས་ཕྱི་རོལ་གྱི་གཟུགས་རྣམས་མཐོང་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ།། བཟང་བར་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ།། གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཀྱིཐོགས་པའི་འདུ་ཤེས་རྣམས་ནབ་པར་བྷཱུ་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་རྣམ་མཁའ་མཐའ་ལས་སོ་ཞེས་ཏེ། མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པའོ།། དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པའོ། ། དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པའོ།། དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ།། དེ་རྣམ་པ་ཐམས་ཅད་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པའོ།། ཆོས་ཐམས་ཅད་སྤྲོས་པ་མེད་པའི་མཚན་ཉིད་ཀུན་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་བྱང་བ་མེད་པ། བསམ་གཏན་མེད་ཅིང་བསམ་གཏན་མེད་པ་མ་ཡིན་པ། སྙོམས་པར་འཇུག་པ་མེད་ཅིང་སྙོམས་པར་འཇུག་པ་མེད་པ་མ་ཡིན་པ་འདི་བཀའ་སྩལ་ཏོ། ། ཨོཾ་ས་མནྟ་བྷ་དྲེ་སརྦ་བྷ་བ་བི་ཤུད་དྷེ་དྷཱ་ཥ་ཁ~ཾ། གནས་དང་གནས་མ་ཡིན་པ་དང་བྲལ་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། མི་འཇིགས་པ་བཞི་གང་ཞེ་ན། བདག་གིས་ཡང་དག་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་བཅས་ན། ཆོས་འདི་རྣམས་མངོན་པར་རྫོགས་པར་ས་མ་རྒྱས་སོ་ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པའམ། སྐྱེ་དགུའི་ཚོགས་གཞན་ཅིའང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ་ཞེས་བྱ་བའི་རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས་དེ་ལ་བདག་མེད་པ་ཐོབ་པ་དང་། ངག་ཚ་བ་མེད་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པར་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའ་འོ། ། འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ།། ཚངས་པའི་འཁོར་ལོ་འཇིག་རྟེན་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། གཞན་སུས་ཀྱང་རུང་སྟེ།། ཆོས་དང་ལྡན་པ་བསྐོར་བར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ།། བདག་ཟག་པ་ཟད་དོ་ཞེས་དམ་བཅས་ནས། དེ་ལ་ཟག་པ་འདི་རྣམས་ཡོངས་སུ་ཟད་པར་མ་གྱུར་ཏོ་ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་མེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། སྐྱེ་དགུའི་ཚོགས་གཞན་སུའང་རུང་སྟེ། འཇིག་རྟེན་ན་ཆོས་དང་འཐུན་པར་ཞེས་བྱ་བའི་བར་དུའོ།། གང་ཡང་བདག་གིས་བར་ཆད་ཀྱི་ཆོས་སུ་བསྟན་པ་དེ་དག་ལ་བསྟན་ན་བར་ཆད་ཀྱི་ཆོས་སུ་མི་འགྱུར་རོ་ཞེས་བྱ་བ་རྒྱས་པར་སྦྱར་རོ།། གང་ཡང་བདག་གིས་ལམ་འཕགས་པའི་ངེས་པར་འབྱུང་བའི་ལམ་དུ་བཤད་པ་དེ་ཡིས་ངེས་པར་འབྱུང་བར་མི་འགྱུར་ཏེ། ཡང་དག་པར་སྡུག་བསྔལ་ཟད་པ་དང་། ཡང་དག་པར་སྡུག་བསྔལ་མཐར་བྱ་བར་ག་ལ་འགྱུར་ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷ་འམ། བདུད་དམ། ཚངས་པ་འམ། སྐྱེ་དགུའི་ཚོགས་སུའང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ་ཞེས་བྱ་བའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་བ་ལ་སོགས་པ་ཇི་ལྟར་གྱུར་པ་ཐམས་ཅད་ཡོངས་སུ་སྤྲོས་ཏེ་བརྗོད་པར་བྱའོ། ། མི་འཇིགས་པ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་སྒྱུ་མའི་མཚན་ཉིད་དེ་ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་བྲལ་བའི་ཕྱིར་རོ།། ། ཨོཾ་བཻ་ཤཱ་ར་དྱ་ས་མ་ཏཱ་ཐཱ་པ་ཏྭཱ་ཨ་ཨཱཿ། ཨཾ་ཨཱཿ། མཐར་གྱིས་གནས་པའི་མཉམ་པ་ཉིད་ཀྱི་སྙོམས་པར་འཇུག་པ་དགུ་གང་ཞེ་ན། འདོད་པས་དབེན་པ། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ།། དེ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དངས་ཏེ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། ། དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་སུ་གནས་ཏེ། དྲན་པ་དང་ལྡན་ཞིང་ཤེས་བཞིན་ཅན་ལུས་ཀྱིས་བདེ་བ་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་ལྡན་པའི་བདེ་བ་ལ་རྣམ་པར་དཔྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ།། དེ་བདེ་བའང་སྤངས། སྡུག་བསྔལ་བའང་སྤངས་ཤིང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བའང་མེད། སྡུག་བསྔལ་བའང་མེད། བཏང་སྙོམས་པ་དང་དྲན་པ་ཡོངས་སུ་དག་པ། བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ།། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ།། དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡོས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ།། དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་སོས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ།། དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ།། དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ།། རྣམ་པར་ཐར་པ་བརྒྱད་པོ་དང་མཉམ་པ་ཉིད་རྗེས་སུ་ཐོབ་ནས་དངོས་པོར་རྟོག་པར་མི་བྱེད། དངོས་པོ་མེད་པར་རྟོག་པར་མི་བྱེད། ཆོས་ཐམས་ཅད་གཉིས་སུ་མེད་པར་རྟོགས་སོ།། འདི་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མཉམ་པ་ཉིད་དོ།། ཨོཾ་ཨ་ནནྟ། བི་མོ་ཀྵ་མུ་ཁེ་ཤུམ། དངོས་པོ་ཐམས་ཅད་མཐར་གྱིས་གནས་པའི་རྣམ་པར་ཐར་པ་མཉམ་པ་ཉིད་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། མི་མཉམ་པ་དང་མཉམ་པའི་ཕ་རོལ་ཏུ་ཕྱིན་པ་དང་། སྤྲོས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཡང་དག་པའི་དོན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པ་དང་། རིན་པོ་ཆེའི་ཕ་རོལ་ཏུ་ཕྱིན་པ་དང་། པདྨའི་ཕ་རོལ་ཏུ་ཕྱིན་པ་དང་། ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བརྟན་པའི་རྗེས་སུ་རྟོགས་པའི་སྦྱོར་བས་སོ།། ཨོཾ་སརྦ་པཱ་ར་མི་ཏཱ་ཨརྠ་པ་རི་པཱུ་ར་ཎི། ཨོཾ་པྲཾ་ཧཱུཾ་ཏཾ། ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། དེ་ལ་ས་བཅུ་པོ་གང་ཞེ་ན། རབ་ཏུ་དགའ་བ་ཞེས་བྱ་བའི་ས་དང་། དྲི་མ་མེད་པ་ཞེས་བྱ་བ་དང་། འོད་བྱེད་པ་ཞེས་བྱ་བ་དང་། བོང་འཕྲོ་བ་ཞེས་བྱ་བ་དང་། སྦྱང་དཀའ་བ་ཞེས་བྱ་བ་དང་། མངོན་དུ་གྱུར་པ་ཞེས་བྱ་བ་དང་། རིང་དུ་སོང་བ་ཞེས་བྱ་བ་དང་། མི་གཡོ་བ་ཞེས་བྱ་བ་དང་། ལེགས་པའི་བློ་གྲོས་ཞེས་བྱ་བ་དང་། ཆོས་ཀྱི་སྤྲིན་ཞེས་བྱ་བ་དང་། ས་ཐམས་ཅད་དོན་གཅིག་སྟེ། འདི་ལྟར་ཡེ་ཤེས་ཀྱི་དོན་ཏོ།། ཡེ་ཤེས་ཀྱང་ཅིའང་མེད་པ། ཉོན་མོངས་པ་མེད་པ་ཡི་གེ་མེད་པ། དོན་ཡོད་པ། གདོད་མ་ནུས་དག་པ། དྲི་མ་མེད་པ། འོད་གསལ་བ། བརྗོད་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ།། ཨོཾ་བྷུ་མ་བི་ཤོ་དྷ་ནི་སརྦཱ་ནཱ་པ་རི་པཱུ་ར་ཎི་བཾ་བྲུཾ། ས་ཡོད་སུ་སྦྱོང་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། བྱང་ཆུབ་སེམས་དཔའི་གནས་པ་བཅུ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དང་། གཞོན་ནུར་གྱུར་པ་དང་། ལས་དང་པོ་པ་དང་། རྣལ་འབྱོར་སྤྱོད་པ་དང་། སྐྱེ་བ་ནས་སྐྱེ་བར་སྦྱོར་བ་དང་ལྡན་པ་དང་། བསམ་པ་དང་ལྡན་པ་དང་། ཕྱིར་མི་ལྡོག་པ་དང་། དབང་བསྐུར་བ་ཐོབ་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་གནས་པ་དང་མི་གནས་པ་དོར་བ་སྟེ། དོན་དམ་པར་གནས་པ་གཅིག་ཡིན་པའི་ཕྱིར་ཏེ། འདི་ལྟར་གནས་པ་མེད་པའོ།། ཨོཾ་སརྦ་བྱ་བ་སྭ་ན་བི་ག་ཏེ་ཧཱུཾ། རྣམ་པར་གནས་པ་མེད་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བྱང་ཆུབ་ཆུབ་སེམས་དཔའ་རྣམས་ཀྱི་དབང་བཅུ་གང་ཞེ་ན། ཚེ་ལ་དབང་བ་དང་། ལས་ལ་དབང་བ་དང་ཡོ་བྱད་ལ་དབང་བ་དང་། མོས་པ་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། རྫུ་འཕྲུལ་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་དང་། ཆོས་ལ་དབང་བ་དང་། སེམས་ལ་དབང་བའོ།། དབང་བ་དང་མི་དབང་བ་རང་བཞིན་གྱིས་རྣམ་པར་གྲོལ་བ་ཐམས་ཅད་ལ་དབང་བ། དབང་ཕྱུག་ཐམས་ཅད་ལ་དབང་རྗེསུ་ཐོབ་པ། ཆོས་ཐམས་ཅད་ལེགས་པར་སོ་སོར་རྟོགས་པ་ཉིད་ཀྱི་ཕྱིར་རོ། ། ཨོཾ་སརྦ་བ་ཤི་ཏེ་ཏྲཱ་ཏྲཱཾ་ཧཱུཾ། ཐམས་ཅད་ལ་དབང་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་ཞེ་ན། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་འོ།། ཅ་ཅོ་མ་མངའ་འོ།། དགོངས་པ་ཉམས་པ་མི་མངའ་འོ།། ཐུགས་མཉམ་པར་མ་གཞག་པ་མི་མངའ་འོ།། འདུ་ཤེས་སྣ་ཚོགས་མི་མངའ་འོ།། ས་བརྟགས་པའི་བཏང་སྙོམས་མི་མངའ་འོ།། འདུན་པ་ཡོངས་སུ་ཉམས་པ་མི་མངའ་འོ།། བརྩོན་འགྲུས་ཡོངས་སུ་ཉམས་པརྨི་མངའ་འོ། ། དྲན་པ་ཡོངས་སུ་ཉམས་པ་མི་མངའའོ།། ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མི་མངའ་འོ།། ཤེས་རབ་ཡོངས་སུ་ཉམས་པ་མི་མངའའོ།། རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མི་མངའའོ། ། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཡོངས་སུ་ཉམས་པ་མཱི་མངའ་འོ།། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ། མ་འོངས་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ། ། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ།། སྐུའི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། ། གསུང་གྱི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་།། ཐུགས་ཀྱི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ་ཡེ་ཤེས་ཀྱི་རྗེ་སུ་འབྲང་ངོ་། ། འདི་ཆོས་རྗེས་སྨྲ་བའི་བསྒྱུར་འཕྲོ་ལགས།། རྒྱ་དཔལ་གཏུགས་ཤིང་སློབ་དཔོན་རབ་བཞི་བཤེས་གཉེན་གྱི་འགྲེལ་པ་དང་ཡང་བསྟུན་ནས་ཞུས་དག་བྱས་ཤིང་། མི་བཅོས་སུ་མི་རུང་བཻ་རེ་རེ་ཙམ་འགྲེལ་པ་དང་བསྟུན་ནས་བཅོས་ཤིང་། ཞུ་ཐུག་གཡར་ཁྲལ་དུ་བླངས་ནས། བུ་སྔོན་གྱིས་བགྱིས་པའོ།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། དེ་ལ་ས་བཅུ་རྣམས་ཅི་ཞེ་ན། རབ་ཏུ་དགའ་བ་ཞེས་བྱ་བའི་ས་དང་། དྲི་མ་མེད་པ་ཞེས་བྱ་བ་དང་། འོད་འཕྲོ་བ་ཞེས་བྱ་བ་དང་། ཐུབ་པར་དཀའ་བ་ཞི་བྱ་བ་དང་། མངོན་དུ་གྱུར་པ་ཞེས་བྱ་བ་དང་། རིང་དུ་སོང་བ་ཞེས་བྱ་བ་དང་། མི་གཡོ་བ་ཞེས་བྱ་བ་དང་། ལེགས་པའི་བློ་གྲོས་ཞེས་བྱ་བ་དང་། ཆོས་ཀྱི་སྤྲིན་ཞེས་བྱ་བའོ།། ས་རྣམས་ཐམས་ཅད་དོན་གཅིག་པ་སྟེ། འདི་ལྟ་སྟེ། ཡེ་ཤེས་ཀྱི་དོན་ནོ།། ཡེ་ཤེས་ཀྱང་དོན་དམ་པར་ཅིའང་མེད་པ། ཉོན་མོངས་པ་མེད་པ། འགྱུར་བ་མེད་པ། དོན་ཡོད་པ། གདོད་མ་ནས་དག་པ། དྲི་མ་མེད་པ། འོད་གསལ་བ། བརྗོད་དུ་མེད་པའོ་ཞེས་པའི་དོན་གང་ཡིན་པའོ།། ཨོཾ་བྷཱུ་མི་བི་ཤོ་དྷ་ནི་སརྦཱརྠ་པ་རི་པཱུ་ར་ཎི་བི་བྷྱཱཾ། ས་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་གཞག་པ་བཅུ་རྣམས་ཅི་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དང་། བྱིས་པར་གྱུར་པ་དང་། ལས་དང་པོ་པ་དང་། རྣལ་འབྱོར་སྤྱོད་པ་དང་། སྐྱེ་བ་བསྐྱེད་པ་དང་། སྦྱོར་བ་ཕུན་སུ་ཚོགས་པ་དང་། བསམ་པ་ཕུན་སུམ་ཚོགས་པ་དང་། ཕྱིར་མི་ལྡོག་པ་དང་། དབང་བསྐུར་བ་ཐོབ་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་གཞག་པ་ནི་དོན་དམ་པ་ཐུནས་པར་གནས་པ་དང་ཐཱས་། རྣམ་པ་གགས་པ་ག་ཉིད་ཀྱི་ཕྱིར་མ་། ཚུལ་གཞག་པ་མ་བག། མོསས་པ་བསྟན་པག་གཞག་པ་མེད་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་བཅུ་རྣམས་ཅི་ཞེ་ན། ཚལ་དབང་བ་དང་། ལས་ལ་དབང་བ་དང་། ཡོ་བྱད་ལ་དཔ་བདང་། མོས་པ་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། རྫུ་འཕྲུལ་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། སྟོབས་ལ་དབང་བ་དང་། ཆོས་ལ་དབང་བ་དང་། སེམས་ལ་དབང་བའོ། ། དབང་རྣམས་ཐམས་ཅད་ཀྱང་དོན་དམ་པར་དབང་མེད་པ། རང་བཞིན་རྣམ་པར་དབེན་པ། ཀུན་རྫོབ་ཏུ་དབང་ཕྱུག་ཐམས་ཅད་ལ་དབང་རྗེས་སུ་ཐོབ་པ་སྟེ། ཆོས་ལེགས་པར་སོ་སོར་རྟོགས་པ་ཉིད་ཀྱི་ཕྱིར་རོ། ། ཨོཾ་སརྦ་བ་ཤི་ཧེ་དྦྷ་བྷྲཱུཾ་ཧཱུཾ། དབང་ཐམས་ཅད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་བ་བཅོ་བརྒྱད་རྣམས་ཅི་ཞེ་ན། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་དང་། ཅ་ཅོ་མེད་པ་དང་། དཀོད་པ་ཉམས་པ་མེད་པ་དང་། ཐུགས་མཉམ་པར་མ་གཞག་པ་མེད་པ་དང་། ཐ་དད་པ་ཉིད་ཀྱི་འདུ་ཤེས་མེད་པ་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་དང་། འདུན་པ་ཉམས་པ་མེད་པ་དང་། བརྩོན་འགྲུས་ཉམས་པ་མེད་པ་དང་། དྲན་པ་ཉམས་པ་མེད་པ་དང་། ཏིང་ངེ་འཛིན་ཉམས་པ་མེད་པ་དང་། ཤེས་རབ་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བ་ཉམས་པ་མེད་ཅིང་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཉམས་པ་མེད་པ་དང་འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་དང་། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་དང་། ད་ལྟར་གྱི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་དང་། སྐུའི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྡོད་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། གསུང་གི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། ། ཐུགས་ཀྱི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཡུལ་ཐམས་ཅད་དུ་དུས་ཐམས་ཅད་ཀྱི་ཚེ་ཐམས་ཅད་མཉམ་པ་ཉིད་ལ་ལེགས་པར་རབ་ཏུ་གནས་པ་སྟེ། སྟོང་པ་ཉིད་ལ་ཡང་དག་པར་རྗེས་སུ་རྟོགས་པ་ཉིད་ཀྱི་ཕྱིར་ན་ཤེས་རབ་ཡོངས་སུ་དག་པའོ། ། ཨོཾ་ཨཱ་མ་ཎི་ཀ་བུདྡྷ་དྷརྨ་ས་མ་ཏྲེ་ཨཿབཱི་ར་ཧཱུཾ་ཁཾ། མ་འཛེས་པ་མཉམ་པ་ཉིད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ། དེ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྣམས་ཅི་ཞེ་ན། ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོས་མཚན་པ་ཉིད་དེ། འདིའི་ཕྱག་དང་ཞབས་ཀྱི་མཐིལ་དག་ལ་འཁོར་ལོ་རྩིབས་སྟོང་ཅན་ལྟེ་བ་དང་བཅས་པ་མུ་ཁྱུད་དང་བཅས་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའོ། ། ཕྱག་དང་ཞབས་ཀྱི་མཐིལ་ལེགས་པར་གནས་པ་སྟེ། ཞབས་ཀྱི་མཐིལ་ཐམས་ཅད་ཀྱིས་ས་གཞི་ལ་རེག་ཅིང་། དེའང་འདིའི་མཐོ་བ་ནི་དམའ་བ་དང་། དམའ་བ་ནི་མཐོ་བའོ།། ཕྱག་དང་ཞབས་ཀྱི་སོར་མོ་དང་པའི་རྒྱལ་པོ་ལྟ་བུར་དྲ་བས་འབྲལ་བ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་དག་དང་། ཞབས་དེ་དག་གསེར་གྱི་མདོག་ཅན་གྱི་རི་བོའི་འཕྲེང་བ་རྣམས་ཀྱིས་རྐང་པ་བརྒྱད་པ་བཞིན་དུ་མཛེས་པའོ། ། ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་ཉིད་དེ། བཅོམ་ལྡན་འདས་འདིའི་ཕྱག་དང་ཞབས་དག་རས་བལ་འཇམ་པོ་བཞིན་དང་། སྐྱེས་ནས་ཟླ་བ་ལོན་པའི་བྱིས་པ་བཞི། དུ་གཞོན་ཤཱ་ཅན་དང་། ཀཱ་ཙ་ལིན་དཱ་ལྟར་འཇམ་པ། རེག་ན་བདེ་བའོ།། བདུན་མཐོ་བར་གྱུར་ཏོ།། ཕྱག་གཉིས་དག་དང་། ཞབས་གཉིས་དག་དང་། ཕྲག་གོང་དག་དང་། མགྲིན་པའི་ཕྱོགས་གཅིག་དག་གིས་སོ།། སོར་མོ་རིང་བ་སྟེ། འདིའི་ཞབས་ཀྱི་སོར་མོ་རྣམས་རིམ་གྱིས་རིང་བ་ཉིད་དོ།། ཅིང་པ་ཡངས་པ་སྟེ། འདིའི་རྟིང་པ་ཆེ་ཞིང་ཞབས་ཀྱི་རྗེས་སུ་འཚམས་པར་ཡངས་པར་འགྱུར་རོ།། སྐུ་ཆེ་ཞིང་དྲང་བ་ཉིད་དེ། འཕྱེ་བོ་མ་ཡིན་ཞིང་ཞོམ་པ་མ་ཡིན། མ་ཚང་བ་མ་ཡིན། འཐས་པ་མ་ཡིན། ལེགས་པར་སྐྱེས་པ་རྣམ་པ་ཐམས་ཅད་པ་བདུན་དང་ལྡན་པའི་སྐུ་སྟེ། མཐོ་བ་འདིའི་སྲིད་དང་རྗེས་སུ་འཚམ་པའི་ཞེང་དུ་འགྱུར་རོ།། ཞབས་འབུར་མི་མངོན་པ་ཉིད་དེ། འདིའི་པུས་མོ་དང་ལོང་བུ་མཐོ་བ་འགྱུར་རོ། ། བ་སྤུའི་རྩེ་མོ་གྱེན་དུ་ཕྱོགས་པ་སྟེ། འདིའི་བསྤུ་རྣམས་རྩེ་མོ་གྱེན་དུ་ཕྱོགས་པར་འགྱུར་ཞིང་། བ་སྤུ་རྣམས་གཡས་ཕྱོག་སུ་འཁྱིལ་ལ་འཁོར་བ་མིག་སྨན་གྱི་མདོག་ཅན་རྣམས་ཏེ།། དེ་རྣམས་ཀྱི་གསེར་གྱི་མདོག་ཅན་གྱི་སྐུ་མདོག་གསལ་བར་བྱེད་དོ།། བྱིན་པ་རི་དགས་ཨ་ནྱ་ཡའི་ལྟ་བུ་སྟེ། བཅོམ་ལྡན་འདས་ཀྱི་བྱིན་པ་དག་ཟླུམ་པ་རི་དགས་ཨེ་ནྱ་ཡ་རྣམས་ལྟ་བུའོ།། ཕྱག་རིང་བཞིན་མཛེས་པ་སྟེ། རྒྱས་ཤིང་མ་བཏུང་བ་ཉིད་དུ་ཕྱག་མཐིལ་དག་གིས་རང་གི་པུས་མོའི་ལྷ་ང་ལ་རག་པའོ།། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་སྟེ། སྦུབས་ཀྱིས་རབ་ཏུ་གཡོགས་པ་གླང་པོ་ཆེའི་གསང་གནས་ལྟ་བུར་འགྱུར་རོ། ། སྐུ་མདོག་གསེར་འདྲ་བ་སྟེ། འདིའི་ཁ་དོག་གསེར་ལྟ་བུར་འགྱུར་རོ།། པགས་པ་སྲབ་པ་སྟེ། ཤིན་ཏུ་འཇམ་པ་གསེར་ཤོག་ལྟར་འཇམ་པའི་པགས་པ་ཅན་དུ་འགྱུར་ཞིང་། རྡུལ་མེད་པའི་ན་བཟའ་འཛིན་པའོ།། སྥུ་རེ་རེ་ནས་སྐྱེས་པ་སྟེ། འདིའི་བ་སྤྲེའི་ཁུང་བུར་སྤུ་རྣམས་རེ་རེར་འགྱུར་རོ།། སྨིན་མའི་དབུས་ན་མཛོད་སྤུ་ཅན་ཏེ། འདིག་སྨིན་མ་དག་གི་དབུས་ན་རས་སྐུད་ལེགས་པ་ལྟ་བུ་དུང་བཅག་པའི་ཁ་དོག་ཅན་གཡས་ཕྱོགས་སུ་འཁྱིལ་བར་འགྱུར་ཏེ། མཛོད་སྤུ་ཉིད་ཀྱིས་ཞལ་གསེར་གྱི་ཁ་དོག་ལྟ་བུ་ཤིན་ཏུ་གསལ་བར་བྱེད་དོ།། སྐུ་སྟོང་སེ་ག་ལྟ་བུ་སྟེ། འདིའི་སྐུ་སྟེང་དུ་ཡངས་པ་སེང་གེ་ལྟ་བུར་འགྱུར་རོ།། དཔུང་མགོ་ཟླུམ་པ་སྟེ། ཡོངས་སུ་ཟླུམ་པའི་མགྲིན་པ་ཅན་དུ་འགྱུར་རོ།། ཐལ་གོང་རྒྱས་པ་སྟེ། འདིའི་ཆེ་བར་རྒྱས་པར་འགྱུར་ཞིང་གསེར་ཤོག་བཞིན་དུ་རྣམ་པར་གསལ་བའི་མགྲིན་པ་ཅན་ནོ། ། ཡན་ལག་སོ་སོ་རྣམས་སུ་རོ་རྣམས་མྱོང་བར་བྱེད་དོ་ཞེས་པས་ན། རོ་བྲོ་བའི་མཆོག་དང་ལྡན་པ་ཉིད་དེ། རྩ་རྣམས་ཡིན་པ་དེ་རྣམས་ཀྱི་མཆོག་ཏུ་རླུང་དང་། མཁྲིས་པ་དང་། བད་དཀན་ལ་སོགས་པ་རྣམས་ཀྱིས་མ་དཀྲུགས་པ་ཉིད་ཀྱི་ཕྱིར་ཡང་དག་པར་གསལ་བའོ།། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་སྟེ། སྐྱེས་བུ་ཆེན་པོའི་ཆུ་དང་ཞེང་དག་མཉམ་པའོ། ། དབུ་གཙུག་ཏོར་དང་ལྡན་པ་སྟེ། དབུ་ཟླུམ་པར་འགྱུར་ཞིང་གཙུག་ཏོར་གདུགས་ལྟ་བུས་ཡས་བཀབ་པ་གཙུག་ཏོར་ཡང་ཤིན་ཏུ་མཐོ་བའོ།། ལྗགས་རིང་བ་སྟེ། སྙན་གྱི་མཐའི་བར་དུ་ལྗགས་ཀྱི་རྩེ་མོས་རེག་པར་བྱེད་ཅིང་དབུ་སྐྲའི་མཐར་ཐུག་པར་ཡང་། དཔྲལ་བའི་མཐར་ལྗགས་ཀྱིས་ཁེབས་པའོ།། ཚངས་པའི་དབྱངས་ཏེ། འཁོར་སྟོང་ཕྲག་དུ་མར་དབྱངས་ནང་དུ་ཇི་ལྟ་བ་དེ་ལྟར་ཕྱི་རོལ་དུའང་ཐོས་ཤིང་། བྱ་ཀ་ལ་བིང་ཀའི་བཞིན་དུ་སྙན་པ་ཉིད་དུ་འགྱུར་རོ།། འགྲམ་པ་སེང་གེའི་ལྟ་བུ་སྟེ། འགྲམ་པ་དག་སེང་གེའི་བཞིན་དུ་ཟླུམ་པར་འགྱུར་རོ།། ཚེམས་དཀར་བ་སྟེ། དུང་དང་། ཀུན་དདང་། ཟླ་བའི་ཁ་དོག་ཅན་གྱི་ཚེམས་རྣམས་སོ།། ཚེམས་མཉམ་པ་སྟེ། ཧ་ཅང་དམའ་བ་མ་ཡིན། མཐོ་བ་མ་ཡིན། མི་མཉམ་པ་མ་ཡིན་པའི་རྩེ་མོ་ཅན་གྱི་ཚེམས་རྣམས་སུ་འགྱུར་རོ།། ཚེམས་ཐགས་བཟང་བ་སྟེ། ཆོམས་རྣམས་པར་མེད་པའོ།། ཚེམས་བཞི་བཅུ་མངའ་བ་སྟེ། ཚེམས་འོག་ཏུ་ཉི་ཤུ་དང་། སྟེང་དུ་ཚེམས་ཉི་ཤུའོ།། སྤྱན་མཐོན་མཐིང་སྟེ། སྤྱན་དག་གི་སྔོན་པོ་གང་ཡིན་པ་དེ་ཤིན་ཏུ་རྣམ་པར་དག་པར་འགྱུར་ཏེ། རི་མོ་དམར་པོ་རྣམས་ས་དང་མ་འདྲེས་པ་ཉིད་དུ་ཕྱིར་ལ། གང་དཀར་པོ་ཡིན་པ་དེ་དཀར་པོ་ཁོ་ན་ཤིན་ཏུ་རྣམ་པར་དག་པར་འགྱུར་རོ།། རྫི་མ་པའི་ལྟ་བུ་སྟེ། སྤྱན་གྱི་རྫི་མ་རྣམས་ཁྱུ་མཆོག་གི་བཞིན་དུ་འོག་མ་ཡིན་པ་དེ་རྣམས་འོག་ཁོ་ན་དང་། གང་སྟེང་མ་ཡིན་པ་དེ་རྣམས་སྟེང་ཁོ་ནར་གནས་པ། མ་འཛིངས་པ། ལེགས་པར་གཞོལ་བའོ།། སེམས་ཅན་འགའ་ཞིག་རྣམས་ཀྱིས་དེ་བཞིན་གཤེགས་པ་གསེར་གྱི་མདོག་ཅན་དུ་མཐོང་བ། འགའ་ཞིག་རྣམས་ཀྱིས་ཤེལ་གྱི་མདོག་ཅན་དུ་མཐོང་བ། འགའ་ཞིག་རྣམས་ཀྱིས་པདྨ་རཱ་གའི་མདོག་དང་། འགའ་ཞིག་རྣམས་ཀྱིས་ཨིནྡྲ་ནཱི་ལའི་ཁ་དོག་དང་འགའ་ཞིག་རྣམས་ཀྱིས་མུ་ཏིག་དམར་པོའི་ཁ་དོག་ཅན་དང་། འགའ་ཞིག་རྣམས་ཀྱིས་དུང་དང་། ཀུན་ད་དང་། ཟླ་བ་ལྟར་དཀར་བ་དང་། འགའ་ཞིག་གིས་ཁ་དོག་སྣ་ཚོགས་པ་དང་། འགའ་ཞིག་གིས་ནམ་མཁའི་ཁ་དོག་དང་། འགའ་ཞིག་གིས་ཁྲུ་ཕྱེད་དང་བཅུ་གསུམ་པའི་ཚད་དང་། ཇི་སྲིད་དུ་དཔག་ཚད་འབུམ་གྱི་ཚད་དམ་དཔག་ཚད་བྱ་བའི་ཚད་དང་། ཇི་སྲིད་དུ་འཇིག་རྟེན་གྱི་ཁམས་རབ་འབྱམ་རྒྱ་མཚོའི་སྤྲིན་མཐའ་ཡས་པ་རྣམས་སུ་སྡང་བར་མཛད་པའི་འོད་ཀྱི་དཀྱིལ་འཁོར་ཅན་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བས་ཡོངས་སུ་རྒྱས་པར་མཛད་པ་དང་། ཇི་སྲིད་དུ་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པའི་རྒྱ་མཚོ་རྣམ་པར་སྣང་བར་བྱེད་ཅིང་། ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པའི་བར་དུ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་གདུལ་བྱའི་དབང་ལས་ཐམས་ཅད་སྣང་བར་བྱེད་ཅིང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དབྱངས་ཀྱིས་རྣམ་པར་རིག་པར་མཛད་པ་དང་། སྟོང་གཉིས་དང་། གསུམ་དང་། ཇི་སྲིད་ནམ་མཔའི་མཐར་ཐུག་པའི་བར་ཐམས་ཅད་ཀྱི་འོད་དང་དབྱངས་ཀྱིས་སྣང་བར་བྱས་ནས། རྣམ་པར་རིག་པར་མཛད་པ་ད་ཅོས་དང་ཐང་ཅི་རང་། དོན་འཐུན་པ་དང་། དོན་བྱ་བའི་བསྡུ་བའི་དངོས་པོ་བཞི་རྣམས་ཀྱིས་སེམས་ཅན་རྣམས་ལ་ཕན་འདོགས་ཤིང་། ཕན་བཏགས་ནས་བྱང་ཆུབ་ཆེན་པོ་ལ་རབ་ཏུ་དགོད་པར་མཛད་དོ།། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མཉམ་པ་ཉིད་ཀྱིས་ཆོས་རྣམས་ཐམས་ཅད་མཉམ་ཞིང་མཉམ་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་མངོན་པར་འགྲུབ་པར་བལྟ་བར་བྱའི།། མཚན་མ་ཡིན་པ་མངོན་པར་འགྲུབ་པ་ནི་མ་ཡིན་ནོ།། བྱང་ཆུབ་མཚན་ཉིད་མེད་པ་ཉིད་ཀྱི་ཕྱིར་ཆོས་རྣམས་ཐམས་ཅད་མཚན་ཉིད་མེང་པ་སྟེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་མཉམ་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་དང་། ཆོས་རྣམས་ཐམས་ཅད་ཀྱང་མཚན་ཉིད་གཅིག་པ་སྟེ། འདི་ལྟ་སྟེ། ནམ་མཁའི་མཚན་ཉིད་ཅན། སྟོང་ཉིད་ཀྱི་མཚན་ཉིད་ཅན། ཞི་བའི་མཚན་ཉིད་ཅན་རྣམས་སོ་ཞེས་པའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་པར་ལཀྵ་ཎ་ས་མ་ཏ་དྷརྨ་ཏེ་ཨོཾ། མཚན་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དཔེ་བྱད་བརྒྱད་ཅུ་རྣམས་ཅི་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེན་མོ་ཟངས་ཀྱི་མདོག་ལྟ་བུར་འགྱུར་ཏེ། སེན་མོ་སྣུམ་པ་དང་། སེན་མོ་མཐོ་བ་དང་། སེན་མོ་རྣམས་ཟླུམ་པར་གྱུར་པ་དང་། སོར་མོ་རྣམས་རིམ་གྱིས་ཕྲ་བ་དང་། སོར་མོ་རྣམས་རྒྱས་པ་དག་རྩ་མི་མངོན་པ་དང་། རྩ་རྣམས་མདུད་པ་མེད་པ་དང་ལོང་བུ་མི་མངོན་པ་དང་། ཞབས་མི་མཉམ་པ་མེད་པར་མཚུངས་པ་དང་། གླང་པོ་ཆེའི་སྟབས་སུ་གཤེགས་པ་དང་། སེང་གེའི་སྟབས་སུ་གཤེགས་པ་དང་། གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་དས་དྲང་པོ་གཤེགས་པ་དང་། མཛེས་པར་གཤེགས་པ་དང་། རིམ་གྱིས་གཤེག་པ་དང་། ཆེ་ཞིང་ཡངས་ལ་ཡོངས་སུ་གྱུར་པའི་པུས་མོའི་ལྷ་ང་ཅན་དང་། མཚན་ཡོངས་སུ་རྫོགས་པ་དང་། གོམ་པ་སྙོམས་པ་དང་། སྐུ་རྣམ་པར་དག་པ་དང་། སྐྲ་འཇམ་པ་དང་། སྐྲ་རྣམ་པར་དངས་པ་དང་། སྐྲ་ཞུམ་པ་མེད་པ་དང་། སྐ་དགུ་པ་མེད་པ་དང་། ཀུན་ཏུ་སྤྱོད་པ་གཙང་བ་དང་། ཁྱུ་མཆོག་ལྟར་ཀུན་ནས་རབ་ཏུ་དང་བ་ཅན་དང་། གཟིགས་པ་ཡོངས་སུ་དག་ཅིང་མངོན་པར་འདོད་པ་ལ་མཉམ་པའི་འོད་ཅན་དང་། དཀུ་ཟླུམ་པ་དང་། དཀུ་སྐབས་ཕྱིན་པ་དང་། དཀུ་མ་རྙོངས་པ་དང་། སྐུ་རྐང་གཞུའི་ལག་བཅངས་ལྟ་བུ་དང་། ལྟེ་བ་ཟབ་པ་དང་། ལྟེ་བ་མི་གཡོ་བ་དང་། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་དང་། ལྟེ་བ་ཐོགས་པ་མེད་པ་དང་། ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་དབྱེས་པ་དང་། པག་པ་སྐྱོན་དང་བྲལ་བ་དང་། གནག་བག་དང་སྨེ་བ་མེད་པ་དང་། སྐུ་བརྟན་པ་དང་། ཕྱག་ཤིང་བལ་ལྟ་བུ་དང་། ཕྱག་ཡངས་པ་དང་། ཕྱག་གི་རི་མོ་སྣུམ་པ་དང་། ཕྱག་གི་རི་མོ་མི་ཡོ་བ་དང་། མཆུ་བིམ་པ་ལྟ་བུ་དང་། ཞལ་ཧ་ཅང་མི་རིང་བ་དང་། མཉེན་ཞིང་སྲབ་ལ་དམར་བའི་ལྗགས་དང་། གླང་པོ་ཆེའི་ང་རོ་ཅན་དང་། སྙན་ཅིང་མཉེན་པའི་དབྱངས་དང་། སྒྲ་ཕུན་སུམ་ཚོགས་པ་དང་། དབྱངས་འཇམ་པ་དང་། ཤངས་མཐོ་བ་དང་། མཆེ་བ་ཟླུམ་པ་དང་། མཆེ་བ་དཀར་བ་དང་། མཆེ་བ་བྱིན་གྱིས་ཕྲ་བ་དང་། སྤྱན་གཙང་བ་དང་། སྤྱན་ཡང་པ་དང་། སྤྱན་མཐོན་མཐིང་དང་། རྫི་མ་གནག་པ་དང་། སྨིན་མ་སྟུག་པ་དང་། སྲིན་མ་འཇམ་པ་དང་། སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདུབ་མ་ལྟ་བུ་དང་། སྨིན་ཚུགས་རིང་བ་དང་སྨིན་མའི་སྒྲ་ནག་པ་དང་། སྨིན་མའི་སྒྲ་ཕྲ་བ་དང་། སྨིན་མ་རྗེས་སུ་འཐུན་པ་དང་། ཁ་དོག་མ་ཉམས་པ་དང་། སྙན་མི་མཉམ་པ་མེད་པ་དང་། སྙར་སྐྱོན་དང་བྲལ་བ་དང་། དབང་པོ་ཐམས་ཅད་མ་ཉམས་ཤིང་སྐྱོན་དང་བྲལ་བ་དང་། སྐུ་ཡོངས་སུ་རྫོགས་ཤིང་མཐོ་ལ་མཆོག་ཏུ་གནས་པའི་ཞལ་གདོང་དང་དཔྲལ་བ་ཅན་དང་། དབུ་ཤིན་ཏུ་རྒྱས་པ་དང་། དབུ་སྐྲ་གནག་པ་དང་། དབུ་སྐྲ་སྐྱུག་པ་དང་། དབུ་སྐྲ་འཇམ་པ་དང་། དབུ་སྐྲ་དྲི་ཞིམ་པ་དང་། དབུ་སྐྲ་མཉམ་པ་དང་། དབུ་སྐྲ་སྣུམ་པ་དང་། དབུ་སྐ་མ་འཁུམས་པ་དང་། དབུ་སྐྲ་མ་འཁྲུགས་པ་དང་། དཔལ་བེའུ་དང་། བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་བས་བརྒྱན་པ་དང་། རྒྱལ་མཚན་ཡང་དག་པར་གནས་པ་དང་། དཔྲལ་བ་དུང་ལྟ་བུ་དང་། དབུ་མཆོག་ཏུ་མཐོ་བ་དང་། གཙུག་ཏོར་ཡར་འཕགས་པ་དང་། དབུ་གདུགས་ཀྱི་རྣམ་པ་ཅན་དང་། ཀུན་ནས་མཛེས་པ་སྟེ། དེ་བཞིན་གཤེགས་པ་རྣམས་ནི་ཚད་མེད་པའི་དཔེ་བྱད་ཅན། མཉམ་པ་ཉིད་ལ་ལེགས་པར་རབ་ཏུ་གནས་པ། གསལ་བྱེད་དང་གསལ་བྱེད་མ་ཡིན་པ་མཉམ་པ་ཉིད་ལ་ལེགས་པར་རབ་ཏུ་གནས་པ། ཆོས་ཐམས་ཅད་གསལ་བྱེད་མེད་པར་མཉམ་པ་ཉིད་ལ་ལེགས་པར་རབ་ཏུ་གནས་པ། མཚན་དང་དཔེ་བྱད་ཐམས་ཅད་སྒྱུ་མའི་ཆོས་དང་ལྡན་པ་ལ་ལེགས་པར་རབ་ཏུ་གནས་པ། དུས་གསུམ་གྱི་དཔེ་བྱད་མཉམ་པ་ཉིད་རྡོ་རྗེ་ལྟ་བུ་མཉམ་པ་ཉིད་ཐོབ་པ། སྟོང་པ་ཉིད་ཀྱི་ཆོས་ཐམས་ཅད་དང་དཔེ་བྱུད་མཉམ་པ་ཉིད་ཐོབ་པ། གཉིས་སུ་མེད་པའི། དོན་ལ་གནས་པར་ཡང་དག་པར་ཞུགས་པ་རྣམས་སོ་ཞེས་པའོ།། ཨོཾ་ཨ་ནུ་བཉྫ་ན་ས་མ་ཏཱ་སུ་པྲ་ཏིཥྛི་ཏ་བཛྲ་ཛྙཱ་ན་ཧཱུཾ་ཛྫ་ཨ~ཾ། དཔེ་བྱང་མཉམ་པ་ཉིད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པར་གྱུར་ནས། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཅན་ལ་ལེགས་སོ་ཞེས་བྱ་བ་རྣམས་ཀྱིས་མཉེས་པར་མཛད་དོ། ། ཨོཾ་བྱང་ཆུབ་སེམས་ཆེན་ཁྱོད་ལེགས་སོ།། སངས་རྒྱས་ཀུན་གྱི་བདག་ཉིད་མཆོག། སངས་རྒྱས་ཆེན་པོ་ཁྱོད་ལེགས་སོ།། ཏིང་འཛིན་དབང་དུ་འཇུག་པ་ཡི།། རྡོརྗེ་ཡེ་ཤེས་ཁྱོད་ལེགས་སོ། ། རྡོ་རྗེ་སེམས་དཔའ་ཁྱོད་ལེགས་སོ།། ཚད་མེད་ཆེད་དུ་ཁྱོད་ལེགས་སོ།། ཤེས་རབ་དམ་པའི་ཆེང་དུ་ཡང་།། མདོ་སྡེ་འདི་ནི་ལེགས་པར་བཤད།། སངས་རྒྱས་སྔ་མས་མ་གསུངས་པའོ། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་ཅན་གྱི་དབང་ཕྱུག་ཆེན་པོས། དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ལ་ཕྱག་འཚལ་བ་བཞིའི་མངོན་པར་དགོས་པར་མཛད་དོ། ། སངས་རྒྱས་ཁྱོད་ལ་ཕྱག་འཚལ་ལོ།། ཆོས་ཀྱི་སྐུ་ཡི་མཆོག་གི་མཆོག། གདོད་མའི་སྔགས་ཀྱི་དོན་ཉིད་ལ།། རྡོ་རྗེ་ཡེ་ཤེས་སྟོབས་ཆེན་ལ།། ཤིན་ཏུ་སྒྲིབ་མེད་ཞི་བ་ལ། ། རྡོ་རྗེ་ཆོས་རྣམས་ལེགས་གནས་པ།། ཐེག་པ་ཆེན་པོའི་གོ་འཕང་ཐོག། ཐུགས་རྗེའི་བདག་ཉིད་ཅན་གྱི་ལྷ།། གདོད་ནས་དག་བྱ་དཔའ་བོ་ན། ། དབང་ཕྱུག་དམ་པ་མཆོག་གི་མཆོག། དནྡྷ་ས་མཆོག་ཏུ་འགྱུར་བ་མེད།། བདེ་གཤེགས་དེ་རྣམས་ལ་ཕྱག་འཚལ།། ཞེས་པའོ།། ལོ་སྐུ་སྟེ་ཨཾ་མཾ་ཧཱུཾ་ཧཱུཾ་ན་མོ་སྟུ་སྟཾ་སྭཱ་ཧཱ། འདི་ནི་བརྗོད་པ་ཙམ་ཞིག་གིས།། སངས་རྒྱས་ཐམས་ཅད་རབ་མཆོད་པའོ།། ཞེས་པའོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས། ། དེ་བཞིན་གཤེགས་པ་ཐམས་ཅད་བོས་ནས་འདི་སྐད་ཅེས་གསུངས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་བསྐྱེད་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཐམ་ཅད་སླར་ཡང་འདུས་པ་མཛད་ནས། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་ཅན་གྱི་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་ཁྱོད་ཉིད་ཀྱིས་རིགས་ཐམས་ཅད་འཁོར་ལོར་བསྐྱེད་པར་མཛད་དུ་གསོལ། དན་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་གསོལ་བ་བཏབ་པའི་གསུང་གི་དེ་མ་ཐག་ཁོ་ནར། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བོས་ཏེ་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་གཤེག་པ་རྣམས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོ་ཉོད་ཅིག་ཅེས་ཏེ། དེ་ནས་འདི་ལས་ཡང་དག་བཤད།། བྱང་ཆུབ་དཀྱིལ་འཁོར་བླ་ན་མེད།། རྡོ་རྗེ་ཡེ་ཤེས་གསང་བ་མཆོག། སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱིའོ།། དབེན་པའི་ས་གཞི་ཉམས་དགའ་བ། མེ་ཏོག་འཕྲེང་བས་རྣམ་བརྒྱན་པ། ཀུན་ཏུ་སྣ་ཚོགས་ཆ་བཟང་བ། ཀུན་ཏུ་སྣ་ཚོགས་སྡོམ་པ་ནི། ། ཀུན་ནས་སྣ་ཚོགས་བྱ་བ་རྣམས།། དམ་པའི་དོན་དུ་བསྒྲུབ་པར་བྱ།། རི་ཡི་མཆོག་གམ་གྲོང་ཁྱེར་ནི། མེ་ཏོག་འབྲས་བུས་རྣམ་བརྒྱན་རེར་གནས་སྔགས་པས་དངོས་གྲུབ་མཆོག། གལ་ཏེ་འདོད་ན་ཡང་དག་བྲི།། གཙུག་ལག་ཁང་དང་དགོན་པའི་གནས།། རི་སྟངས་རྣམས་སུ་ཀུན་ནས་སངས་རྒྱས་ཀུན་གྱི་བྱ་བ་རྣམས། ། དམ་པའི་དོན་དུ་བསྒྲུབ་པར་བྱ། མ་མོ་གནས་དང་ཞི་བའི་གནས། དུར་ཁྲོད་ལྷ་ཡི་གནས་སུ་ནི། རྡོ་འཛིན་དཔལ་བྱ་བ་རྣམས། དོན་དམ་པར་ནི་བསྒྲུབ་པར་བྱ།། པདྨའི་སྐྱང་མོས་ཚལ་ཀུན་དང་། ཆུ་བོ་འདུས་པ་རྣམས་སུ་ཡང་། ཕྱག་ན་པདྨ་དཔལ་དམ་པའི་དོརན་དུ་བསྒྲུབ་པར་བྱ། ། རྒྱལ་པོའི་ཕོ་བྲང་ཉམས་དགའ་དང་།། རྒྱལ་པོའི་སྐྱེད་ཚལ་རྣམས་སུ་ནི། རྡོ་རྗེ་རི་ཆེར་དེ་ཡིས་ནི། རིན་ཆེན་བྱ་བ་རྣམས་བསྒྲུབ་བྱ། ། རྟགས་གཅིག་པ་དང་བ་ལང་ལྷས།། ཆུ་ཀླུང་འདུས་པ་རྣམས་སུ་ཡང་།། སྣ་ཚོགས་བྱ་བ་ཐམས་ཅད་རྣམས།། དམ་པའི་དོན་དུ་བསྒྲུབ་པར་བྱ། ། དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་།། ལྷ་རྣམས་གནས་མཆོག་ཀུན་ཏུའོ།། ནམ་མཁའ་འམ་ནི་ཕྱོགས་གཞན་དུ།། གང་དུ་མཉམ་པར་བཞག་པ་དེར། རྟག་པར་བསོད་ནམས་མཆོག་གྱུར་པ།། བྱ་བ་ཐམས་ཅད་བསྒྲུབ་པར་བྱ།། ཕྱོགས་ཀུན་མཉམ་ཉིད་གནས་དཀྱིལ་འཁོར།། ཤེས་རབ་ཅན་གྱིས་ཐིག་གདབ་བྱ།། ཤར་ལྷོ་རུབ་དང་བྱང་རྣམས་ཀྱི། ། ཕྱོགས་སུ་དཀྱིལ་འཁོར་ཐིག་བརྒྱད་པོ།། དེ་ཡི་ཕྱི་རུ་འཁོར་ལོ་རི།། ཁ་དོག་ལྔ་པ་ཆེར་འབར་བའོ།། གྲུ་བཞི་པ་ལ་སྒོ་བཞི་པ།། ཨུ0f7fབབས་བཞི་ཡིས་མཛེས་པ་སྟེ། སྣ་ཚོག་གོས་དང་མེ་ཏོག་འཕྲེང་།། རྔ་ཡབ་སོགས་ཀྱིས་རྣམ་བརྒྱན་པ།། དཀྱིལ་འཁོར་ཀུན་ལ་གནས་པ་ཡི།། སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ།། རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས།། དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ། ། དཀྱིལ་འཁོར་དེ་ཡི་དབུས་ནི།། གལ་ཏེ་དངོས་གྲུ་མཆོག་འདོད་ན།། ཟླ་བའི་དཀྱིལ་འཁོར་ལ་གནས་པ།། སངས་རྒྱས་གཟུགས་བརྙར་བྲི་བར་བྱ།། ཤར་དུ་བཅོམ་ལྡན་འཁོར་ལོ་ཅན། ། རྡོ་རྗེ་སེམས་དཔའ་ཡང་དག་ལྡན།། འཁོར་ལོ་སྒྱུར་བ་ཐམས་ཅད་ནི།། སྒེག་པར་བཅས་པ་ཀུན་བྲི་བྱ།། ལྷོ་རུ་གཙུག་ཏོར་དཀར་པོ་ནི།། རིན་ཆེན་འབར་བ་ཡང་དག་ལྔ། གཙུག་ཏོར་དཀར་པོའི་དབུས་སུ་རི།། རྡོ་རྗེ་གཟི་བརྗིད་ལ་སོགས་བྲི།། བྱང་དུ་བརྩོན་འགྲུས་ཆེན་པོ་ནི།། གཟི་བརྗིད་ཕུང་པོ་སྟོབས་པོ་ཆེ།། སྣ་ཆོག་རྡོ་རྗེ་སོགས་བཅས་པ།། རིམ་པ་ཀུན་ནས་བྲི་བར་བྱ། ། རྡོ་རྗེ་རྣལ་འབྱོར་ཅན་གྱི་ནི།། དབང་ཕྱུག་མགོན་པོའི་ནུབ་ཕྱོགས་སུ།། གཙུག་ཏོར་རྒྱལ་བ་བརྩོན་འགྲུས་ཆེ།། རྡོ་རྗེ་ཆོས་སོགས་དམ་བཅས་པ།། ཐམས་ཅད་སྔགས་པས་བྲི་བར་བྱ། གལ་ཏེ་དངོས་གྲུབ་མཆོག་འདོད་ན།། དཔལ་ལྡན་ཕྱོགས་སུ་འཕགས་པ་གནས།། མེ་མཚམས་སུ་ནི་མེར་འཕགས་སོ།། བདེན་བྲལ་དུ་ནི་རྣམ་རྒྱལ་ཉིད།། རླུང་དུ་དེ་བཞིན་རྣམ་འཕྲོ་བའོ།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། ། སེམས་དཔའ་ཀུན་གྱི་མདུན་དུ་ནི།། ཟླ་བའི་དཀྱིལ་འཁོར་དབུས་གནས་པ།། གསལ་ཞིང་འབར་འཁྲིགས་འོད་ཟེར་ཅན།། མཁས་པས་དཀྱིལ་འཁོར་རྣམས་སུ་ནི།། མཆོད་པ་རྣམས་ནི་བཞག་བྱས་ཏེ། ། སྒེག་མོ་ལ་སོགས་མཆོད་པ་ཆེ།། དེ་བཞིན་གཟུགས་སྒྲ་ལ་སོགས་དང་།། བདུག་པ་ལ་སོགས་གསང་ཆེན་ནོ།། སྒོ་སྐྱོང་བ་ནི་བཞི་ཡིན་ནོ།། ཕྱི་ཡི་དཀྱིལ་འཁོར་གནས་རྣམས།། ཀུན་ཏུ་བཟང་པོ་ལ་སོགས་བྲི།། དེ་ལྟར་དཀྱིལ་འཁོར་བྲི་བྱ་སྟེ།། མཆོད་པ་བྱས་ནས་སྔ་མ་བཞིན།། དེ་བཞིན་འཇུག་པ་སོགས་བྱས་ལ།། སྒྲུབ་པའི་ཐབས་ནི་བརྩམ་པར་བྱ།། རྡོ་རྗེ་རྣལ་འབྱོར་དབང་བྱུག་སོགས། ། དཀྱིལ་འཁོར་མངོན་སུམ་མཐོང་བ་ལས།། སྔ་པ་རྟག་པ་ཇི་བཞིན་དུ།། ཕྱི་ནས་དེ་བཞིན་བྲི་བར་བྱ།། བསོད་ནམས་ལྡན་པས་དཀྱིལ་འཁོར་རྣམས།། ཐམས་ཅད་ཚོན་གྱིས་རབ་བརྟག་པ། རང་གི་ལྷག་པའི་ལྷ་ངོ་བོས།། དཀྱིལ་འཁོར་ཐམས་ཅད་བྲི་བྱར་འགྱུར།། རང་ལྷའི་བདག་ཉིད་རྣལ་འབྱོར་གྱིས།། དཀྱིལ་འཁོར་ཐམས་ཅད་རབ་ཏུ་གྲུབ།། ཆོ་ག་དམན་དང་ལྷག་པས་ཀྱང་། ། འགྲུབ་པར་འགྱུར་ཏེ་སྒྲོན་མ་ཡིན།། ཀུན་ཏུ་སྣ་ཚོགས་སྐལ་བཟང་བ།། ཀུན་ནས་སྣ་ཚོགས་འཁོར་ལོ་ཅན།། འཁོར་ལོ་སྒྱུར་བ་བདག་ཉིད་ཆེ།། རིན་ཆེན་བདུན་གྱིས་མ་རོད་པ་ཆེ།། ཡོངས་སུ་རྫོགས་པའི་ཟླ་བ་ལྟར། ། དཀྱིལ་འཁོར་བདུད་རྩི་འབྱུང་ཞེས་བྱ།། སངས་རྒྱས་རྡོ་རྗེ་འཛིན་སོགས་ཀྱིས།། དཀྱིལ་འཁོར་འདི་ནི་བཤད་བྱས་པའོ།། ཕྱག་ན་པདྨ་བདག་ཉིད་ཚེའི།། པདྨའི་རྣམ་པར་ཤེས་པར་བྱ།། རིན་པོ་ཆེ་ཡི་རིན་ཆེན་རྣམས། ། དཀྱིལ་འཁོར་སྣ་ཚོགས་རྣམ་པའོ།། དཀྱིལ་འཁོར་དམན་ཞིང་དམ་ཚིག་རྣམས།། དོར་བ་བྱས་པ་དེ་ཉིད་ནི།། གསང་བ་ཤེས་པ་མ་ཡིན་ན།། སྒྲུབ་པའི་ཐབས་ནི་འགྲུབ་མི་འགྱུར།། དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། ། དཀྱིལ་འཁོར་ཐམས་ཅད་ལྟ་བ་ནི།། གལ་ཏེ་དངོས་གྲུབ་མཆོག་འདོད་ན།། གདོན་མི་ཟ་བར་རྟག་ཏུ་བྱ།། བླ་མ་ལ་ནི་ཡོན་ཕུལ་ནས།། རྗེས་སུ་རིམ་པས་བསྒྲུབ་པར་བྱ།། བརྟན་པ་འམ་ནི་གཡོ་བ་ཡི། ། རྫས་རྣམས་ཇི་སྙེད་ཐམས་ཅད་དེ།། རྩ་བ་མེ་ཏོག་འབྲས་བུ་སོགས།། བུ་མོ་ལེགས་པར་བརྒྱན་བྱས་དང་།། འདོད་པའི་ཆུང་མ་ཕུལ་བྱས་ནས།། སླར་ཡང་རིན་གྱིས་བསླ་བར་བྱ། ། གྲོང་དང་དེ་བཞིན་གཙུག་ལག་ཁང་།། ཀུན་དགའ་ར་སོགས་རྒྱལ་སྲིད་མཆོག། གང་ལ་སྦྱིན་བྱ་ཅུང་ཟད་ཡོད།། འཚོ་བ་དེ་ནི་སྦྱིན་པར་བྱ།། བདག་གི་དངངོ་པོ་ཡོངས་གཏོང་པ།། སངས་རྒྱས་ཐམས་ཅད་རབ་མཆོད་པའོ། ། ཐ་མ་ལ་ནི་ཡོན་ཕུལ་ནས།། གསང་བ་དམ་པ་རྨད་བྱུང་བ། མངོན་པར་དབང་བསྐུར་དེ་ནས་བྱ།། འདབ་མ་བརྒྱད་པ་ཡིད་འོང་ལ།། སློབ་མ་བཞག་ནས་ཡན་ལག་ཀུམ་ཕྱག་རྒྱ་ཀུན་ནས་བཅིངས་བྱས་ནས་ཁམས་ཀུན་རང་བཞིན་རྩ་བ་དང་། ། ས་བོན་འབྲས་བུ་དུད་པ་ཡི།། བུམ་པ་རྣམས་ཀྱིས་དབང་བསྐུར་ཏེ།། སངས་རྒྱས་འཕྲེང་བའི་དབང་བསྐུར་ལས།། སྤྱི་བོ་དང་ནི་དཔྲལ་བ་དང་། ། གཞོགས་དང་དེ་བཞིན་རྒྱབ་ཏུ་ཡང་།། སངས་རྒྱས་རིན་ཆེན་ཆེན་པོ་ཀུན།། ཅོད་པན་མཆོག་ཏུ་མི་འགྱུར་རོ།། དཔལ་ལྡན་སངས་རྒྱས་གཙུག་ནོར་བུ།། གདུགས་དཀར་སྟེང་ན་གནས་པའོ།། རྒྱལ་སྲིད་ཀུན་གྱི་དབང་བསྐུར་གྱིས། ། ཡང་དང་ཡང་དུ་དབང་བསྐུར་བྱ།། དཔལ་ཀུན་གྱིས་ནི་མངོན་མཐོ་བ།། ཞེས་བྱའི་དབང་བསྐུར་བཤད་པའོ།། ཁམས་ཀུན་རང་བཞིན་གླང་པོ་དང་།། རྟ་ནི་མཆོག་ཏུ་འབར་བ་འམ།། སེང་གེའི་གདན་གནས་དབང་བསྐུར་བ། ། དཔལ་གྱི་སྔགས་ནི་རྗོད་བྱེད་ཅིང་།། དཔལ་གྱིས་མངོན་མཐོ་ཞེས་བྱ་འམ།། དམ་པའི་དོན་གྱིས་དབང་བསྐུར་བ།། བཀྲ་ཤིས་སམ་ནི་དཔལ་བེའུ།། གང་ཡང་བྲིས་ནས་དབང་བསྐུར་བྱ། ། སངས་རྒྱས་དཔའ་བོ་ཐམས་ཅད་ཀྱིས།། རྣམ་རྒྱལ་དབང་བསྐུར་ཞེས་བཤད་དོ།། ཙན་དན་ནུ་དང་བུང་བ་ཆེ།། གཞན་གྱིས་མི་ཐུབ་སྨན་བླུགས་ལ།། ཀུན་ནས་དབང་བསྐུར་ཆེད་དུ་ནི།། རྟག་ཏུ་ཤེས་རབ་ཅན་གྱིས་བཏབ། ། གཞན་གྱིས་མི་ཐུབ་དབང་བསྐུར་མཆོག། དཀྱིལ་འཁོར་གང་གང་བྲིས་བྱས་ནས།། ཕྱག་རྒྱ་གང་དང་གང་བཀོད་པ།། དེར་ནི་དེ་དང་དེ་བརྟག་བྱ།། དེ་རྣམས་ཕྱག་རྒྱངམ་པར་བཤ། དང་། @##། བསྐུར་ཆེད་དུ་སངས་རྒྱས་རྣམས།། ལྷ་དེ་རྣམས་ནི་ཡིད་དུ་འོང་།། སྨན་གྱི་དམ་པ་མཆོག་གྱུར་པ།། སངས་རྒྱས་ཀུན་གྱིས་རབ་བཤད། ཙན་དན་དང་ནི་རྒྱ་སྤོས་དང་། ག་པུར་དེ་བཞིན་གུར་ཀུམ་དང་། ས་ཀ་རུ་དང་ལྷ་ཡི་ཤིང་། ། ཙན་དན་དམར་པོ་ཉིད་དང་ནི།། སཾ་ཧ་བྱཱ་གྷྲི་དེ་བཞིན་མཆོག། ཀུན་ནས་ཧཱས་དེ་བ་དང་།། གི་རི་ཀཎྛ་ཚངས་མཆོད་སྦྱིན།། སྨན་གྱི་དམ་པ་རྣམས་སུ་བཤད།། ལྷ་གནས་ཀུན་གྱི་སྦྱོར་བ་ཡིས།། སངས་རྒྱས་མཆོད་པ་རབ་འཇུག་ཅིང་། ། དང་པོ་རྡོ་རྗེ་དབང་བསྐུར་བ།། ཤེས་རབ་ཐམས་ཅད་རབ་འཇུག་བྱེད།། རིན་ཆེན་དམ་པའི་དམ་པ་ནི།། གསེར་ལ་སོགས་ཀྱིས་ཐམས་ཅད་ནས།། སྨན་ཀུན་དང་ནི་ས་བོན་ཀུན།། འབྲུ་རྣམས་ཐམས་ཅད་བཟང་པོ་ནི། ། སངས་རྒྱས་བྱིན་བརླབས་རྣལ་འབྱོར་ལས།། དབང་བསྐུར་དོན་དུ་རབ་བཅག་བྱ།། སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ།། དབང་བསྐུར་དམ་པ་འོད་འབར་བའོ།། སངས་རྒྱས་ཀུན་ནས་སངས་རྒྱས་འགྱུ་ཞེས་པའོ། ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དུ་ཇི་ལྟར་རྙེད་པ་ཡོངས་སུ་རྫོགས་སོ།། ། རིགས་གཟུགས་སྐལ་བཟང་མང་ཐོས་བློ་འབྱོར་སོགས།། ཕུན་ཚོགས་ལྡན་པ་དཔལ་ལྡན་ཆོས་རྗེ་ཡིས།
CLOSE WINDOW