Wylie | e-texts produced with ocr Programm |
དུར་ཁྲོད་དག་དང་ཤན་པ་ཡི།། ཁྱིམ་དང་སྲིན་པོའི་གནས་རྣམས་སུ།། མངོན་སྤྱོད་ཀྱི་ནི་ལས་བྱ་བ།། ཐབ་ཁུང་ཐ་མ་བར་མ་མཆོག། ཕྱེད་དང་གསུམ་མམ།། ཁྲུ་དགུ་བ་ནི་བྱས་པ་ལས། དུར་ཁྲོད་དག་དང་ཤན་པ་ཡི།། ཁྱིམ་དང་སྲིན་པོའི་གནས་རྣམས་སུ།། མངོན་སྤྱོད་ཀྱི་ནི་ལས་བྱ་བ།། ཐབ་ཁུང་ཐ་མ་བར་མ་མཆོག། ཕྱེད་དང་གསུམ་མམ།། ཁྲུ་དགུ་བ་ནི་བྱས་པ་ལས། སྟེགས་བུ་དེ་ཡི་ཚད་བརྩིགས་ཏེ།། གྲུ་གསུམ་པ་འམ་མདུང་རྩི་འདྲ།། ལུགས་ཕྱེ་སོལ་ཕྱེ་དུག་གིས་ནི།། བསྐུས་པས་ཐབ་ཁུང་ནག་པོར་བྱ།། དབུས་སུ་རྡོ་རྗེ་རྩེ་དགུ་པ།། ནག་པོ་ཤིན་ཏུ་འབར་བ་བྲི།། སུ་རན་སྡེང་དུ་རྩེ་གསུམ་དང་། སྟེགས་བུ་དེ་ཡི་ཚད་བརྩིགས་ཏེ།། གྲུ་གསུམ་པ་འམ་མདུང་རྩི་འདྲ།། ལུགས་ཕྱེ་སོལ་ཕྱེ་དུག་གིས་ནི།། བསྐུས་པས་ཐབ་ཁུང་ནག་པོར་བྱ།། དབུས་སུ་རྡོ་རྗེ་རྩེ་དགུ་པ།། ནག་པོ་ཤིན་ཏུ་འབར་བ་བྲི།། སུ་རན་སྡེང་དུ་རྩེ་གསུམ་དང་། ། རྒྱ་གྲམ་པ་ཡི་རྡོ་རྗེས་མཚན།། དེ་ཡི་ཕྱི་རོལ་མུ་ཁྱུད་ལ།། དབྱུག་པ་དང་ནི་དགྲ་སྟ་དང་།། རལ་གྲི་ཤིན་ཏུ་འབར་བ་བྲི།། དེ་ཡི་ཕྱི་རོལ་ཀེང་རུས་ཏེ།། བདེ་གཤེགས་ལ་སོགས་ཕྱག་རྒྱས་མཚན།། དུད་སྤྲིན་མདོག་འདྲ་དྲང་སྲོང་མཆོག། ། རྒྱ་གྲམ་པ་ཡི་རྡོ་རྗེས་མཚན།། དེ་ཡི་ཕྱི་རོལ་མུ་ཁྱུད་ལ།། དབྱུག་པ་དང་ནི་དགྲ་སྟ་དང་།། རལ་གྲི་ཤིན་ཏུ་འབར་བ་བྲི།། དེ་ཡི་ཕྱི་རོལ་ཀེང་རུས་ཏེ།། བདེ་གཤེགས་ལ་སོགས་ཕྱག་རྒྱས་མཚན།། དུད་སྤྲིན་མདོག་འདྲ་དྲང་སྲོང་མཆོག། རོ་ཡི་སྟེང་བཞུགས་རྩེ་གསུམ་དང་།། གཟར་བུ་འཕྲེང་བ་རིལ་བར་ལྡན།། དེ་ལྟའི་མེ་ལྷ་སྤྱན་དྲངས་ནས།། ལྷོར་བལྟས་ཁྲོས་པའི་སེམས་ཀྱིས་བསྲེགས།། ཤིན་ཏུ་གདུག་ཅིང་ཚེར་མར་བཅས། རོ་ཡི་སྟེང་བཞུགས་རྩེ་གསུམ་དང་།། གཟར་བུ་འཕྲེང་བ་རིལ་བར་ལྡན།། དེ་ལྟའི་མེ་ལྷ་སྤྱན་དྲངས་ནས།། ལྷོར་བལྟས་ཁྲོས་པའི་སེམས་ཀྱིས་བསྲེགས།། ཤིན་ཏུ་གདུག་ཅིང་ཚེར་མར་བཅས། སྲེག་ཤིང་ཡམ་ཤིང་བྱས་ནས་ཀྱང་།། ཤ་དང་ཁྲག་དང་ལྕགས་ཕྱེ་དང་།། རུས་ཕྱེ་དུག་དང་སྐེ་ཚེ་དང་།། དྲི་ཆེན་དྲི་ཚུ་ལ་སོགས་པའི།། རྫས་རྣམས་ཀུན་ལ་དུག་གིས་ནི།། བསྒོས་པས་ལན་གྲངས་འབུམ་བསྲེགས་ནས། སྲེག་ཤིང་ཡམ་ཤིང་བྱས་ནས་ཀྱང་།། ཤ་དང་ཁྲག་དང་ལྕགས་ཕྱེ་དང་།། རུས་ཕྱེ་དུག་དང་སྐེ་ཚེ་དང་།། དྲི་ཆེན་དྲི་ཚུ་ལ་སོགས་པའི།། རྫས་རྣམས་ཀུན་ལ་དུག་གིས་ནི།། བསྒོས་པས་ལན་གྲངས་འབུམ་བསྲེགས་ནས། ། དེ་ཡི་ལོངས་སྤྱོད་འབྱོར་པ་དང་།། གཉེན་དང་འཁོར་དང་བྲན་རྣམས་དང་།། བུ་དང་ཆུང་མར་བཅས་པ་རྣམས།། སྤངས་ཏེ་སྲོག་དང་བྲལ་ནས་ནི།། སྡུག་བསྔལ་མི་བཟང་མྱོང་བར་འགྱུར།། མངོན་སྤྱོད་ཀྱི་ལས་རྫོགས་སོ། ། དེ་ཡི་ལོངས་སྤྱོད་འབྱོར་པ་དང་།། གཉེན་དང་འཁོར་དང་བྲན་རྣམས་དང་།། བུ་དང་ཆུང་མར་བཅས་པ་རྣམས།། སྤངས་ཏེ་སྲོག་དང་བྲལ་ནས་ནི།། སྡུག་བསྔལ་མི་བཟང་མྱོང་བར་འགྱུར།། མངོན་སྤྱོད་ཀྱི་ལས་རྫོགས་སོ།
CLOSE WINDOW