Wylie | e-texts produced with ocr Programm |
བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེས་གཤེད་ནག་པོ་ཞེས་བྱ་བའི་དྷུད་འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་བཙུན་མོ་ཐམས་ཅད་ཀྱི་བྷ་ག་རྣམས་ལ་བཞུགས་ཏེ། གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་དང་། ཕྲ་མ་རྡོ་རྗེ་གཤིན་རྗེ་གཤེད་དང་། འདོད་ཆགས་རྡོ་རྗེ་གཤིན་རྗེ་གཤེད་དང་། ཕྲག་དོག་རྡོ་རྗེ་གཤིན་རྗེ་གཤེད་དང་། ཞེ་སྡང་རྡོ་རྗེ་གཤིན་རྗེ་གཤེད་དང་། ཐོ་བ་གཤིན་རྗེ་གཤེད་དང་། དབྱུག་པ་གཤིན་རྗེ་གཤེད་དང་། པདྨ་གཤིན་རྗེ་གཤེད་དང་། རལ་གྲི་གཤིན་རྗེ་གཤེར་དང་། མཚམས་རྣམས་སུ་རྡོ་རྗེ་ཙཾ་རྩ་ཀ་དང་། རྡོ་རྗེ་ཕག་མོ་དང་། རྡོ་རྗེ་དབྱངས་ཅན་མ་དང་། རྡོ་རྗེ་གཽ་རཱྀ་སྟེ། དེ་རྣམས་མཚམས་སུའོ།། དེ་དག་ལ་སོགས་ཏེ་གཤིན་རྗེ་གཤེད་ཀྱི་ཚོགས་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། ། དེ་ནས་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་གསོལ་བ་བཏབ་པ་དང་།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བདུད་ཐམས་ཅད་རྣམ་པར་འཇོམས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ངེས་པར་བཏོན་ཏོ། ། ཟླ་བ་རྡོ་རྗེ་སྦྱོར་བ་ཡི།། གཤིན་རྗེ་མཐར་བྱེད་བསྒོམ་པར་བྱ། ། བདུད་རྣམས་ཞི་བར་བྱ་ཕྱིར་དང་།། ཞེ་སྡང་ཐམས་ཅད་གསལ་བའི་ཕྱིར།། འོད་ཟེར་ལྔ་ཡིས་འཁྲིགས་པ་ཡི།། རྡོ་རྗེ་སྲུང་བའི་དོན་དུ་སྒོམ།། ཕྱིར་མཚམས་རྡོ་རྗེས་གཞི་དང་། ར་བ་དྲ་བ་དེ་བཞིན་ནོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བསྐྱེད་པ་པོ་བདུད་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་ལ་སོགས་པ་ཐམས་ཅད་ཀྱི་ས་བོན་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམས་ལས་ངེས་པར་ཕྱུང་བ། དབུས་སུ་ཡ་དང་ཀྵེ་མ་མེ་ད་ཡ་ཙྪ་ནི་རཱ་ཛ་ས་དོ་རུ་ཎ་ཡོ་ནི་རའོ།། ཡ་སོགས་ཡི་གེ་དང་པོ་ལས། ། གཤིན་རྗེ་གཤེད་དུ་འགྱུར་བ་ཡིན།། ཡི་གེ་ཀྵེ་ནི་གཽཏ་མུག་བརྗོད།། ཡི་གེ་མ་ནི་ཕྲ་མར་གསུངས།། ཡི་གེ་མེ་ནི་འདོད་ཆགས་ཉིད།། ཡི་གེ་ད་ནི་ཕྲག་དོག་འགྱུར།། གཤིན་རྗེ་གཤེད་སོགས་ལྔ་རུ་གྲགས།། ཡི་གེ་ཡ་ལས་ཐོ་བར་འགྱུར།། ཡི་གེ་ཙྪ་ལས་དབྱུག་པའི་གཙོ།། ལག་ན་པདྨ་ནི་ཡིག་ལས།། ལག་ན་རལ་གྲི་རཱ་ལས་ཡིན།། ཛ་ལས་ཙཙྱ་ཀ་ཞེས་བརྗོད། ། ཡི་གེ་ས་ལས་ཕག་གདོང་མ།། ཡི་གེ་དོ་ལས་དབྱངས་ཅན་བསྒྲགས།། ཡི་གེ་རུ་ལས་གཽ་རཱི་དྲན།། ཎ་ཡོ་ནི་ར་མཚམས་ཀྱི་བཞི། རྗོད་པ།། བཞི་རུ་འདོད་པ་ཡིན།། སྣ་ཚོགས་རྡོ་རྗེ་འཇིགས་རུང་བ།། ནམ་མཁའ་རྡོ་རྗེ་དཀྱིལ་དུ་བསམ།། དེ་དཀྱིལ་བཞུགས་པའི་གཤིན་རྗེ་གཤེད།། གནག་ཅིང་འབར་བ་བསྒོམ་པར་བྱ།། ཤར་དུ་གཏ་མུག་རྡོ་རྗེ་སྟེ། ། ལྷོ་རུ་དེ་བཞིན་ཕྲ་མ་ཡིན།། ནུབ་ཏུ་འདོད་ཆགས་རྡོ་རྗེ་སྟེ།། དེ་བཞིན་བྱང་དུ་ཕྲག་དོག་གོ། མཚམས་ཀྱི་རྡོ་རྗེ་རྩེ་བཞི་ལ།། ཙརྩི་ཀ་སོགས་རྣམ་པར་སྒོམ།། སྒོ་ཡི་རྡོ་རྗེ་རྩེ་བཞི་ལ། ། ཐོ་བ་ལ་སོགས་རྣམ་པར་སྒོམ།། སྣ་ཚོགས་རྡོ་རྗེའི་མཚམས་བཞི་རུ། མི་ཡི་མགོ་བོ་བཞི་དག་གོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་གཤིན་རྗེ་གཤེད་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེའི་ཛན་ལ་སྙོམས་པར་ཞུགས་ནས། ཞེ་སྡང་ཆེན་པོའི་རིགས་ཀྱི་སྔགས་གསུངས་པ། ཨོཾ་ཧྲིཿཥྚི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་གཏི་མུག་རྡོ་རྗེ་ཆེན་པོའི་སྔགས་གསུངས་པ། ཨོཾ་ཛི་ན་ཛི་ཀ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཕྲ་མ་རྡོ་རྗེའི་སྔགས་གསུངས་པ། ཨོཾ་རཏྣ་དྷྲྀཀ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་འདོད་ཆགས་རྡོ་རྗེའི་སྔགས་གསུངས་པ། ཨོཾ་ཨཱ་རོ་ལྀ་ཀ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཕྲག་དོག་རྡོ་རྗེའི་སྔགས་གསུངས་པ། ཨོཾ་པྲརྡྷ་ཏྲཱ~ཾ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བ་པོས་རྡོ་རྗེ་ཟླ་བའི་སྔགས་གསུངས་པ། ཨོཾ་མུན་ར་དྷྲྀཀ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་དབྱུག་པའི་སྔགས་གསུངས་པ། ཨོཾ་དརྞ་ཛྫ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་པདྨའི་སྔགས་གསུངས་པ། ཨོཾ་པདྨ་དྷྲྀ་ཀ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་རལ་གྲིའི་སྔགས་གསུངས་པ། ཨོཾ་ཁཌྒ་དྷྲྀ་ཀ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་ཙརྩི་ཀའི་སྔགས་གསུངས་པ། ཨོཾ་མོ་ཧ་ར་ཏ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་ཕག་མོའི་གསང་སྔགས་གསུངས་པ། ཨོཾ་དྭེ་ཁ་ར་ཏི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་དབྱངས་ཅན་མའི་སྔགས་གསུངས་པ། ཨོཾ་རཱ་ག་ར་ཏི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་གཽ་རཱི་མའི་སྔགས་གསུངས་པ། ཨོཾ་བཛྲ་ར་ཏི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་སྔགས་གསུངས་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བརྞ་ས་ཐཱ་བ་ཨཱཏྨཛ། ཨོཾ་སརྦ་ཏྲ་ཐཱ་ག་གཞག་བཛྲ་སརྦ་བ་ཨཱཏྨ་ཀཏ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙཏྟ་བཛྲ་སརྦྦ་བ་ཨཱནྟ་ཀས། དེ་ནས་བཅོམ་ལྡན་འདས་དེ་བན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཞེ་སྡང་ཆེན་པོའི་སྐུ་ངེས་པ་བསྟན་པ། ཞལ་གསུམ་ཕྱག་དྲུག་ཁྲོས་པ་ལ།། ཨིནྡྲ་ནཱ་ལ་འདྲ་བའི་མདོག། ཕྱག་ན་རྡོ་རྗེ་བསྣམས་པ་ཉིད། གཤེན་རྗེ་གཤེད་ནི་བསྒོམ་པར་བྱ།། ཞལ་གསུམ་ཕྱག་དྲུག་ཞི་བ་ལ།། གསལ་བའི་གཟུགས་དང་འདྲ་བའི་འོད།། ཕྱག་ན་འཁོར་ལོ་བསྣམས་པ་ཉིད།། གཏི་མུག་རྡོ་རྗེ་རྣམ་བསྒོམ་བྱ། ། ཞལ་གསུམ་ཕྱག་དྲུག་རྒྱས་གྱུར་པ།། གསེར་གྱི་རྣམ་པའི་འོད་དང་ལྡན།། ཕྱག་ན་རིན་ཆེན་བསྣམས་པ་ཉིད།། ཕྲ་མ་རྡོ་རྗེ་རྣམ་བསྒོམ་བྱ།། ཞལ་གསུམ་ཕྱག་དྲུག་དབང་བྱེད་པ། ། པདྨ་རཱ་ག་མཚུངས་པའི་འོད།། ཕྱག་ན་པདྨ་བསྣམས་པ་ཉིད།། འདོད་ཆགས་རྡོ་རྗེ་རྣམ་བསྒོམ་བྱ།། ཞལ་གསུམ་ཕྱག་དྲུག་ཐམས་ཅད་ལ།། རིན་ཆེན་མརྒད་འོད་དང་ལྡན། ། ཕྱག་ན་ཤུངས་ཅན་བསྣམས་པ་ཉིད།། ཕྲ་མ་རྡོ་རྗེ་རྣམ་བསྒོམ་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། མངོན་པར་རྟོགས་པའི་རིམ་པར་ཕྱེ་བ་སྟེ་ལེའུ་དང་པོའོ། ། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཆེན་པོ་ལ་བསྟོད་པ། གཤིན་རྗེ་གཤེད་པོ་རབ་འཇིགས་པ།། གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད།། སྟོན་པ་སངས་རྒྱས་ཀུན་རང་བཞིན།། རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད།། གཤིན་རྗེ་གཤེད་པོ་རབ་འཇིགས་པའི། ། ཕྲ་མ་རྡོ་རྗེའི་ངོ་བོ་ཁྱོད།། རྡོ་རྗེ་ཐུགས་དང་རབ་མཚུངས་པ།། རྡོ་རྗེ་རིན་ཆེན་ཕྱག་འཚལ་བསྟོད།། འདོད་ཆགས་རྡོ་རྗེའི་ངོ་བོ་ཁྱོད།། གཤིན་རྗེ་གཤེད་པོ་རབ་འཇིགས་པ། རྡོ་རྗེ་གསུང་དང་རབ་མཚུངས་པ།། རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད།། ཕྲག་དོག་ངོ་བོའི་རང་བཞིན་ཁྱོད།། གཤིན་རྗེ་གཤེད་པོ་ལས་ཀུན་པ།། རྡོ་རྗེ་ཆགས་དང་རབ་ཏུ་མཚུངས།། ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། ། སངས་རྒྱས་ཀུན་གྱི་དངོས་པོ་ཁྱོད།། སངས་རྒྱས་ཐམས་ཅད་གཅིག་བསྡུས་པས།། སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ།། དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། ། རྡོ་རྗེ་མིག་དང་། རྡོ་རྗེ་རྣ་བ་དང་། རྡོ་རྗེ་སྣ་དང་། རྡོ་རྗེ་ལྡེ་དང་། རྡོ་རྗེ་ལུས་དང་། རྡོ་རྗེ་ཐུགས་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་མིག་ལ་སོགས་པ་བྱིན་གྱིས་བརླབ་པའི་ཆོ་གའོ། ། དེ་ནས་ཡང་དག་བཤད་བྱ་བ།། འདོད་པའི་དོན་གྲུབ་གྲུབ་བྱེད་པའི།། གཤིན་རྗེ་གཤེད་པོ་ཉིད་མཚུངས་པ།། གཤིན་རྗེ་གཤེད་འཇིགས་པའི་དཀྱིལ་འཁོར་ལོ།། ཀྲུང་པ་གསར་པ་ལེགས་བསྒྲིམས་ལ། ། ལེགས་པའི་ཚད་ལ་མཛེས་པ་ཡིས།། སྐུད་པ་ཤེས་པས་ཐིག་གདབ་བོ།། གཤིན་རྗེ་ཚོགས་ཀྱི་དཀྱིལ་འཁོར་ལོ།། མཚན་རྣམས་ཐམས་ཅད་རབ་རྫོགས་ཤིང་།། བར་ཆད་ཐམས་ཅད་རབ་ཉམས་པ།། ཞི་བ་ལ་སོགས་རབ་འཇུག་པའི།། དཀྱིལ་འཁོར་འཁོར་ལོའི་ཆ་བྱད་ལ།། རྩེ་མོ་ལྔ་དང་ལྡན་མཉམ་པའི།། ལས་ཀྱི་རྡོ་རྗེ་དེ་ལ་བྲི། རྡོ་རྗེ་འབར་བ་འཁྲིགས་པ་ཡི།། རྡོ་རྗེ་དེ་ཡི་དབུས་སུ་བྲི།། རལ་གྲི་བྱང་གི་ཕྱོགས་སུ་བྲི།། འཁོར་ལོའི་འོད་ཀྱིས་བསྐོར་བ་ཡི། འཁོར་ལོ་ཤར་གྱི་ཕྱོགས་སུ་བྲི།། འོད་ཀྱི་འཕྲེང་བ་མཉམ་འཕྲོ་བའི། ། རིན་པོ་ཆེ་ནི་ལྷོ་རུ་བྲི།། པདྨ་རཱ་གའི་མདང་འདྲའི་འོད།། པདྨ་ནུབ་ཀྱི་ཕྱོགས་སུ་བྲི།། འོད་ཟེར་ལྔ་དང་མཉམ་ལྡན་པའི།། ཤར་གྱི་མཚམས་སུ་འཁོར་ལོ་བྲི།། ལྷོ་རུ་རྡོ་རྗེ་བྲི་བར་བྱ། ནུབ་ཏུ་པདྨའི་མེ་ཏོག་ནི།། ཡུ་བ་དང་བཅས་ཁ་བྱེ་གསལ།། འོད་ཀྱི་འཕྲེང་བ་མཉམ་འཕྲོ་བའི།། ཨུཏྤ་ལ་ནི་བྱང་ནུབ་བྲི།། ཤར་གྱི་སྒོར་ནི་ཐོ་བ་སྟེ།། དབྱིག་པ་དེ་བཞིན་ལྷོ་ཡི་སྒོར།། འདམ་ལས་སྐྱེས་པ་ནུབ་ཀྱི་སྒོར། ། བྱང་དུ་རྡོ་རྗེ་རལ་གྲིའོ།། ཤེས་པས་དཀྱིལ་འཁོར་རྫོགས་པ་ལ།། མཆོད་པ་ཁྱབ་པར་འཕགས་པ་ནི།། འདོད་པའི་ཡོན་ཏན་ལྔ་དག་གིས།། འཇིགས་པ་མེད་པར་མངོན་པབར་མཆོད། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། དཀྱིལ་འཁོར་ཆེན་པོའི་རིམ་པར་ཕྱེ་བ་སྟེ་ལེའུ་གཉིས་པའོ།། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟོད་པའི་རྒྱལ་པོ་འདིས་བསྟོད་ནས་གསོལ་བ་བཏབ་པ། སྡིག་པ་ཐམས་ཅད་འཇོམས་པ་ཡི། འཇིགས་པའི་གཤིན་རྗེ་འཇོམས་དཀྱིལ་འཁོར། ། དཀྱིལ་འཁོར་ཐམས་ཅད་ཀྱི་གཅིག།། མགོན་མོ་དཀྱིལ་འཁོར་བྲི་བར་མཛོད།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་ཆེན་པོས་ཉིད་ཀྱི་སྐུ་གསུང་ཐུགས་རྣམས་ལས་བདུད་རྩི་རྩང་བའི་ཆོ་ག་ངེས་པར་ཕྱུང་བ། ཨོཾ་ཨཱཿཧཱུཾ། རྡོ་རྗེ་མེ་ལྕེ་སྦྱོར་བ་ཡིས།། རྡོ་རྗེ་ཅན་ཀུན་མཉེས་པ་དང་།། རྫོགས་པའི་སངས་རྒྱས་ཐམས་ཅད་བཞུགས།། ཡེ་ཤེས་འབྱུང་གནས་ངོ་བོ་ཉིད། དགུག་པ་དང་ནི་གཞུག་པ་དང་།། བཅིང་དང་དེ་བཞིན་དབང་བྱ་ཉིད།། ཐོ་བ་ལ་སོགས་སྔགས་བཞི་ཡིས།། མཉམ་པར་བཞག་པས་རྣམ་པར་བསྒོམ།། མ་ཧེ་རྡོ་རྗེ་རྣམ་བསྒོམས་ལ།། དཀྱིལ་འཁོར་གཙོ་བོ་རྣམ་བསྒོམ་བྱ། ། ཟླ་བའི་དཀྱིལ་འཁོར་དབུས་གནས་པར།། གཏི་མུག་རྡོ་རྗེ་རྣམ་བསྒོམ་བྱ།། རྟ་བདུན་ལྡན་པའི་དབུས་གནས་པ།། ཟ་མ་ཞེས་བྱ་རྣམ་བསམ་བྱ།། དཀྱིལ་འཁོར་དམ་པའི་དབུས་གནས་པ། ། འདོད་ཆགས་རྡོ་རྗེ་རྣམ་བསྒོམ་བྱ།། ལས་ཀྱི་དཀྱིལ་འཁོར་དབུས་གནས་པ།། རྡོ་རྗེ་ལས་ནི་བསྒོམ་པར་བྱ།། ཞི་བའི་གཏི་མུག་རྡོ་རྗེ་སྟེ།། རྒྱས་པ་དེ་བཞིན་ཕྲ་མ་ཡིན། འདོད་ཆགས་རྡོ་རྗེ་དབང་དུ་བྷ།། རྡོ་རྗེ་ལས་ཀྱི་ཐམས་ཅད་དུའོ།། རྡོ་རྗེ་ལས་ཀྱི་སྦྱོར་བ་ཡིས།། མ་ཚོལ་མི་ཡི་ཐོད་པར་གནག། དེ་བཞིན་མི་སྨྲས་སྡོང་དུ་བྱ།། དུར་ཁྲོད་དག་ཏུ་དུ་བ་སྒྲུབ། ཨོཾཿ་སྨན་དག་ནི་དེ་བཞིན་དུ། ། མིག་སྨན་ལས་ཀྱི་སྒོམ་པ་དང་།། ལས་ཀྱི་བཟླས་པར་སྦྱོར་བ་ཡིས།། མིག་སྨན་འདི་ནི་འགྲུབ་པར་འགྱུར།། ཁྲག་དང་གུར་ཀུམ་བཟུང་བྱས་ནས།། སྒྲུབ་པ་བྱུག་པ་བསྒྲུབ་པར་བྱ། ། ལས་ཀྱི་རྡོ་རྗེ་སྦྱོར་བ་ཡི།། རྐང་པ་བྱུག་པ་འགྲུབ་པར་འགྱུར།། བདུད་རྩི་ལྔ་ནི་མཉམ་པ་ལ།། ཤ་ལྔ་དང་ནི་ལྡན་པ་ཡིས།། ལྕགས་གསུམ་དུ་ནི་བཅུག་བྱས་ན། ། ལས་ཀྱི་སྦྱོར་བས་འགྲུབ་པར་འགྱུར།། ཀན་ཏའི་ལྕགས་ཀྱི་རལ་གྲི་ནི།། ལས་ཀྱི་སྦྱོར་བ་བསྒྲུབ་པར་བྱ།། ལས་ཀྱི་རྡོ་རྗེ་སྦྱོར་བ་ཡིས།། ལས་ཀྱི་རལ་གྲི་རབ་འགྲུབ་འགྱུར།། དེ་བཞིན་གཤེས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། ལས་ཀྱི་རིམ་པར་ཕྱེ་བ་སྟེ་ལེའུ་གསུམ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་རྡོ་རྗེ་འཛིན་ཆེན་པོ་ལ་བསྟོད་པའི་རྒྱལ་པོ་འདིས་བསྟོད་ནས་གསོལ་བ་བཏབ་པ། ལས་ཀྱི་དབྱེ་བའི་བྱེ་བ་ལས།། སེམས་ཅན་འཇུག་པ་ཇི་ལྟར་འགྱུར།། རྡོ་རྗེ་ཆེན་པོས་བཤད་དུ་གསོལ། ཡོན་ཏན་རྒྱ་མཚོ་རྣམས་ཉན་ལགས།། དེ་ནས་རྡོ་རྗེ་འཛིན་རྒྱལ་པོས།། ལས་ནི་ཐམས་ཅད་རབ་སྒྲུབ་པ།། ཉེས་ཀུན་གསོལ་བའི་བདག་ཉིད་ཀྱིས།། འདི་སྐད་ཀྱི་ནི་ཚིག་གསུངས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་རྡོ་རྗེ་ཉིད་ཀྱི་མཐུས་ཕྱག་འཚལ་ཞིང་མཆོད་པ་བྱས་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཡང་དང་ཡང་དུ་ཕྱག་བྱས་ནས་བཅོམ་ལྡན་འདས་ཀྱི་གསུང་ཉན་ཏོ། ། དེ་ནས་རྡོ་རྗེ་འཛིན་རྒྱལ་པོས།། དབང་དུ་བྱ་བའི་འཁྲུལ་འཁོར་བསྟན།། གཤིན་རྗེ་གཤེད་ཀྱི་འཁོར་ལོ་མཆོག། མ་བྱུང་འབྱུང་བར་མི་འགྱུར་རོ།། བུད་མེད་དབང་དུ་བྱ་བ་དང་། ། སྲུང་བའི་དོན་དང་དེ་བཞིན་དུ།། ཞི་བའི་རོ་ཙ་ནས་བཟུང་སྟེ།། གྲོ་གའམ་དེ་བཞིན་སྨྱུག་ཤུན་ལ།། འཁོར་ལོ་གཉིས་ནི་མཉམ་ཟོས་ནས།། ན་མ་ན་མས་རྣམ་སྟོན་ལ།། ཀནག་དང་ཡུ་ཅན་མ་ཡིན་པའི། ། ཁམ་ཕོར་གཉིས་ནི་ཁ་སྦྱར་ཏེ།། མར་དང་སྦྲང་རྩིས་བཀང་བར་གཞུག། སྐུད་པ་དཀར་པོས་ཁམ་ཕོར་བཅིང་།། ཤར་དུ་མངོན་པར་ཕྱོགས་པ་ཡིས།། མེ་ཏོག་དཀར་པོས་དུས་གསུམ་གཏོར། ། ཤིན་རྗེ་མཐར་བྱེད་ཆུ་ཤེལ་འདྲ།། བདག་ཉིད་བསྒོམས་ནས་མདུན་བཀོད་ལ།། ཟླ་བའི་དཀྱིལ་འཁོར་ལ་གནས་ནས།། བསྒྲུབ་བྱ་བལྟས་ནས་དབང་བསྐུར་བྱ།། བདུད་། རྩེརྩ་ལྔ་ཡིས་གང་བ་ཡི།། བུམ་པ་དཀར་པོ་ཟླ་བ་འདྲས།། རྫོགས་སངས་དུ་མས་ཁྲུས་བྱས་ཏེ།། བལྟས་ནས་སྔགས་ཀྱི་བཟླས་པ་བརྩམ།། ཨོཾ་ན་མཿཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་བ་དཏྟ་ཡ་ཤཱནྟིཾ་ཀུ་རུ་ནཱ་མ་སྭཱ་ཧཱ། ཞི་བའི་ཆོ་ག་གསུངས་པའོ།། སྐྱེས་པ་ཞི་བའི་གུར་ཀུམ་གྱིས།། བྲི་བྱ་དེ་བཞིན་རྒྱས་པ་ཡང་།། འཁོར་ལོ་གཉིས་ནི་ཁ་ཆེ་ཡི།། སྭཱ་ཧཱ་ས་མི་ནི་བརྒྱན་པ་ཡི།། བསྒྲུབ་པའི་མིང་ནི་བྲིས་བྱས་ལ།། མར་དང་སྦྲང་རྩིས་བཀང་ནས་ནི།། ཁམ་པོར་ཁ་སྦྱར་ནང་དུ་གཞུག། སྐུད་པ་སེར་པོས་བཅིངས་ནས་ནི།། མེ་ཏོག་སེར་པོ་དུས་གསུམ་གཏོར།། བྱང་དུ་ཁ་བལྟས་མདོག་སེར་བའི། ། གཤིན་རྗེ་གཤེད་དུ་བདག་ཉིད་བསམ།། བསྒྲུབ་བྱ་ཟླ་བ་སེར་ནག་ལ།། བུམ་པ་སེར་པོས་བསྐུར་བྱ་ཞིང་།། དབང་བསྐུར་བ་ནི་བསྒོམ་བྱས་ལ།། སྤྲོས་ལས་རྒྱས་པའི་བཟླས་པ་བྱ། ། ཨོཾ་ཧྲིཿཀྵི་ཝཱི་ཀྲི་ཏཱ་ནན་ཧཱུ་ཧཱུཾ་ཕཊ་ཕཊ་སཱ་ཧཱ། དེ་བ་དཏྟ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཧྲཱིཿཥྞཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊཿབཽ་ཥཊ་དེ་བ་དཏྟ་སྱོ་པ་པུཥྚ་ཀུ་རུ་བོ་ཁཊ་སྭཱ་ཧཱ། འདི་ནི་བཅོམ་ལྡན་འདས་ཀྱིས་རྒྱས་པའི་ཆོ་ག་གསུངས་པའོ།། གྲོ་གའམ་རས་ལ་རྒྱ་སྐྱེགས་ཀྱི།། ཁུ་བའམ་ཙན་དན་དམར་པོ་འམ།། སྲིན་ལག་གི་ནི་ཁྲག་ཀྱང་རུང་། ། ཡི་གེ་ཧོ་ཡིས་བརྟེན་པ་ཡིས།། འཁོར་ལོ་གཉིས་ནི་མཉམ་པར་བྲི།། འཁོར་ལོ་ནག་པོ་སོགས་བྲལ་བའི།། ཁམ་པོར་གཉིས་ནི་ཁ་སྦྱར་དུ།། མར་དང་སྦྲང་རྩིས་བཀང་བ་གཞག། སྐུད་པ་དམར་པོ་བཅིངས་བྱས་ལ།། ནུབ་ཕྱོགས་སུ་ནི་ཁ་བལྟས་ནས།། མེ་ཏོག་དམར་པོས་མཆོད་པར་བྱ།། བདག་ཉིད་གཤིན་རྗེ་མཐར་བྱེད་པ།། ཁ་དོག་དམར་པོ་ཆེ་འབར་བ། ཟླ་བ་དམར་པོ་ལ་གནས་པའོ།། བསྒྲུབ་བྱ་ཡང་ནི་རྣམ་བསམ་བྱ།། རང་གི་ལུས་ལས་བྱུང་བ་ཡི།། འོད་ཟེར་དམར་པོའི་ལྕགས་ཀྱུ་ཡིས།། བསྒྲུབ་བྱ་འགུག་པར་བྱ་བར་བསམ།། སྔགས་ནི་སྤྲོ་ཞིང་ཁྲི་བཟླས་བྱ། ། དེས་ནི་བསྒྲུབ་བྱ་ཉམས་གྱུར་ནས།། རྐང་པ་གཉིས་སུ་ལྤགས་གྱུར་ནས།། གོས་བྲལ་སྐྲ་ནི་བཤིག་གྱུར་པ།། རྣམ་པར་བསམ་ལ་བཟླས་པ་བརྩམ།། གལ་ཏེ་དབང་དུ་མ་གྱུར་ན། ། མར་ལ་སོགས་པ་བྲལ་བྱས་ལ།། དུ་བ་མེད་པའི་སེང་ལྡེང་མས།། འཁོར་ལོ་དེ་ནི་སྒྲུབ་པོས་བསྲོ།། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ།། ཧོ་དེ་བ་དཏྟ་བ་ཤི་ཀུ་རུ་ཧོ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བཽ་ཥ་ཊ་དེ་བ་དཏྟ་སྱ་ཡ་བ་ཤ་མ་ན་ཡ་བཽ་ཥཊ། འདི་ནི་བཅོམ་ལྡན་འདས་ཀྱིས་དབང་དུ་བྱ་བའི་ཆོ་ག་གསུངས་སོ།། དུར་ཁྲོད་གོས་སམ་ཡང་ནི་ན། ། རང་བྱུང་གིས་བསྐུས་རས་ལ་ནི།། ཁྲག་དང་རྒྱ་སྐྱེགས་བསྲེས་པ་ཡི།། འཁོར་ལོ་གཉིས་ནི་མཉམ་བྲིས་ལ།། ཡི་གེ་ཛ་དང་ཡི་གེ་ཧྲིས།། མིང་ནི་རྣམ་པ་བརྟེན་བྱས་ལ།། བཙུན་མོ་ཡི་ནི་པདྨའི་སྣོད།། ཁ་སྦྱོར་ནང་དུ་བཙུད་བྱས་ཏེ།། སྐུད་པ་དམར་པོས་བཅིངས་བྱས་ལ།། མེ་ཏོག་དམར་པོས་མཆོད་པར་བྱ།། བདག་ཉིད་གཤིན་རྗེ་མཐར་བྱེད་པ།། ནུབ་ཀའི་ཉི་མ་དང་འདྲ་དམར། ། ལྕགས་ཀྱུ་དམར་པོས་བཀུག་པ་ཡི།། བསྒྲུབ་བྱ་དག་ནི་རྣམ་བསྒོམ་བྱ།། སྙིང་ལ་ལྕགས་ཀྱུས་བརྒྱབ་ནས་ནི།། སྐེ་ནས་ཞགས་པས་བཅིངས་བྱས་ཏེ།། གཅེར་བུ་སྒྲ་ནི་མ་བཅིངས་པར། ། རླུང་གི་དཀྱིལ་འཁོར་སྦྱོར་བ་ཡིས།། སེང་གེ་དམར་པོའི་སྟེང་འདུག་ལ།། རྫས་ལྔ་ཡིས་ནི་བཀྲུ་བྱ་ཞིང་། འོངས་པ་རུ་ནི་བསམ་པར་བྱ།། གལ་ཏེ་བསྒྲུབ་བྱ་མི་འོང་ན། ། སེང་ལྡེང་གི་ནི་མེ་མདག་ལ།། དེར་ནི་བཟླས་པ་བརྩམ་པར་བྱ།། བརྟུལ་ཞུགས་ཅན་གྱིས་འཁོར་ལོ་བསྲོ།། ཨོཾ་ཧྲཱིཿཥྚི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཧྲཱིཿ་མུ་ཀཾ་ཨཱ་ཀཱཪྵ་ཡ་ཧྲཱིཿོཾ་ཧྲཱིཿཥྛི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཛ། དེ་བ་དཏྟ་ཨཱ་ཀཱཪྵ་ཡ་ཛཱ། འདི་ནི་བཅོམ་ལྡན་འདས་ཀྱིས་དགུག་པའི་ཆོ་ག་གསུངས་པའོ།། དུར་ཁྲོད་གོས་ལ་མཁས་པས་ནི།། ཡུང་བ་ཡི་ནི་ཁུ་བ་ཡིས། ། འཁོར་ལོ་གཉིས་ནི་མཉམ་པར་བྲི།། ཡི་གེ་ལཾ་གྱིས་བརྟེན་པ་ཡི།། བསྒྲུབ་བྱའི་མིང་ཡང་བྲི་བར་བྱ།། ཁམ་པོར་ཁ་སྦྱོར་ནང་དུ་སྟེ།། ཁམ་པོར་སེར་པོའི་སྟེང་དུ་གནག། དེ་ལ་མཁས་པས་རེ་ཁཱ་བྲི།། རེ་ཁཱ་བདུན་ནམ་ཡང་ན་བ་ནི།། མཉམ་པར་བཞག་པས་བྲི་བར་བྱ།། རི་རབ་ལྕོག་བརྒྱད་ཅེས་གྲགས་པ།། དེ་ཡི་སྟེང་དུ་མཉམ་པར་བྲི།། ཡི་གེ་ཧཱུཾ་དང་ཡི་གེ་བཾ།། རི་རབ་དེ་ནི་བརྟེན་པར་བྱ།། དེ་ཡི་སྟེང་དུ་ལཾ་ཡིག་ལས།། དབང་ཆེན་དཀྱིལ་འཁོར་དགོད་པར་བྱ།། སྣ་ཚོགས་རྡོ་རྗེ་མནན་པ་ལ།། སྐུད་པ་སེར་པོས་བཅིངས་ནས་ནི།། གཤིན་རྗེ་གཤེད་པོ་མདོག་སེར་པོ།། དབང་ཆེན་དཀྱིལ་འཁོར་ལ་གནས་པ།། བསྒྲུབ་བྱ་སེར་པོ་རྣམ་བསམ་ལ།། རི་རབ་ཀྱིས་ནི་མནན་བྱས་པ།། ཕྱག་ན་རྡོ་རྗེས་མནན་བྱས་པ།། དབང་ཆེན་དཀྱིལ་འཁོར་གྱི་འོག་ཏུ།། མན་དར་སོགས་རི་བོ་དག། སྣ་ཚོགས་རི་བོ་རྣམས་ཀྱིས་ཀྱང་།། བསྒྲུབ་བྱ་མནན་པར་བསྒོམ་པར་བྱ།། དེ་ལ་གནས་ནས་བཟླས་པ་བྱ།། ཨོཾ་ཧྲཱིཿཥྞཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ལཾ་དེ་བ་དཏྟ་སྠཱ་ནེ་སྟམྦྷ་ཡ་ཀུ་རུ་ལོ། ། འདི་ནི་བཅོམ་ལྡན་འདས་ཀྱིས་རེངས་པར་བྱེད་པའི་ཆོ་ག་གསུངས་པའོ།། ངག་ནི་རེངས་པར་འདོད་པ་ཡིས།། དེ་བཞིན་འཁོར་ལོ་གཉིས་ཟིས་ལ།། བསྒྲུབ་བྱའི་མིང་ཡང་བྲི་བར་བྱ།། དེར་ནི་སྔགས་ཀྱང་སྤྲོས་ལ་བཟླས། ། ཨོཾ་ཧྲཱིཿཥྞཱིཿཝི་ཀྲྀ་ཏཱ་ན་ན་ཧཱུ་ཧཱུཾ་ཕཊ་ཕཊ། ལཾ་དེ་བ་རཏྟ་སྱ་ཡ་ཐཱ་སྲ་ར་ཐཱ། ཀར་ཀྲྀཏྟ་ནནྟི་བ་ར་ཡ་ཐཱ་ཨ་བི་རུ་པ་ཀཾ་དེ་བ་དཏྟོ། ཡ་ཛྙཱ་དཏྟ་ཡ་སྱ་བཱ་ཀ་སྟམྦྷ་ན་ཀུ་རུ་ལཾ། བཅོམ་ལྡན་འདས་ཀྱིས་རེངས་པར་བྱེད་པའི་ཆོ་ག་དེ་སྐད་གསུངས་སོ།། ཤིན་ཏུ་ལེགས་པར་སྤྲོས་པ་ཡིས།། འདི་ལས་གསུངས་བཞིན་དགོངས་པ་དག། གཤིན་རྗེ་གཤེད་ནག་སྦྱོར་བ་ཡིས།། ཉི་མ་གཅིག་གིས་འགྲུབ་པར་འགྱུར། ། སྔར་བཞིན་དུར་ཁྲོད་ཀྱི་རས་ལ།། འཁོར་ལོ་གཉིས་བྲིས་བརྟུལ་ཞུགས་ཅན།། སྐེ་ཚེ་དང་ནི་ཚྭ་དང་ཡང་།། དུག་དང་གཞན་ཡང་ནིམ་པ་དང་།། ཚ་བ་གསུམ་དང་ཚ་བའི་མར། ། དུར་ཁྲོད་ཀྱི་ནི་སོལ་བ་དང་།། ད་དུ་རའི་ལོ་མའི་ཁུ་བ་དང་།། ཙན་ད་ལི་འབྲས་མཛུབ་མོ་ཁྲག། ཚ་སྒོ་ཅན་གྱིས་བླངས་ཏེ།། གདོལ་པའི་རྫ་མའི་དྲེག་པ་དང་།། རབ་ཏུ་ལྟོགས་པའི་སྐྲ་གུ་ཡིས། ། བཅུ་བཞི་ལ་བྲིས་བརྟུལ་ཞུགས་ཅན།། ཁྲོས་པའི་སེམས་ཀྱིས་ཉིན་ཕྱེད་ན།། གདུག་པ་ཅན་རྣམས་གསད་པའི་ཕྱིར།། སེམས་ཅན་གནོད་པ་བྱེད་པའི་མིང་།། ཡི་གེ་ཧཱུཾ་གིས་བརྟེན་བྱས་ལ། ། བདག་ཉིད་གཤིན་རྗེ་མཐར་བྱེད་པའི།། སྦྱོར་བས་ལྷོ་ཕྱོགས་ཁ་བལྟས་ཏེ།། ཁྲོ་ཆེན་རབ་ཏུ་དྲག་པོའི་གཟུགས།། རུས་པས་མགོ་བོ་རྣམ་བརྒྱན་ལ།། མ་སེལ་བཞུགས་ལྕེ་ཕྱུང་འདྲིལ། གསུས་པ་ཆེ་ལ་རབ་འཇིགས་དང་།། སྐྲག་བྱེད་སྐ་འབར་གྱེན་དུ་འགྲེང་།། སྨ་ར་སྨིན་མ་དེ་བཞིན་སེར།། གཡས་ན་རྡོ་རྗེ་ཆེན་པོ་དང་།། གཉིས་པ་ན་ནི་རལ་གྲི་དང་།། གསུམ་པའི་ཕྱག་ན་གྲི་གུག་གོ། དང་ནི་གཡོན་པའི་བྲི་བར་བྱ།། འཁོར་ལོ་དང་ནི་པདྨ་ཆེ།། ཐོད་པ་ཉིད་ནི་གཡོན་ནའོ།། རྩ་བའི་ཞལ་ནི་ཤིན་ཏུ་གནག། གཡས་པའི་ཟླ་འོད་བཟང་པོ་འདྲ།། གཡོན་པའི་དམར་པོ་ཡིན་པར་བརྟག་རྡོ་རྗེ་རྒྱན་གྱིས་རབ་ཏུ་བརྒྱན། ། བ་སྤུ་ཁུང་ནས་འཇིགས་ཆེན་པོ།། རང་གིས་བདག་པོ་རབ་འཕྲོ་བ།། ཉི་མའི་དཀྱིལ་འཁོར་སྟེང་ན་ནི།། ཞབས་ནི་གཡོན་པ་བརྐྱང་བས་གནས་མཆེ་བ་གཙིགས་ཤིང་རྒྱགས་པ་ཡིས། ། བསྐལ་པའི་འབར་བ་མེ་དང་མཚུངས།། འདི་ལྟ་བུ་ཡི་བདག་ཉིད་ཀྱིས།། བསྒྲུབ་པར་བྱ་བ་མདུན་དུ་དགོད།། གདུག་པའི་མཚོན་གྱིས་རྒྱས་པ་ཡིས།། དྲི་མ་ཅན་ལ་ནད་ཀྱིས་གཟིར།། གོས་མེད་འདར་ཞིང་ཉམ་ཆུང་བས།། དོན་འདོད་པ་ཡི་ཚིག་སྨྲ་ཞིང་།། མཚོན་གྱིས་གཟིར་བ་བྱས་པ་ཡིས།། གནག་གི་ཐུམ་པོས་ལས་གང་བ།། གྲང་བའི་རླུང་གིས་གཙེས་འགྱུར་ཞིང་། ། མེ་ཡི་ནང་དུ་ཞུགས་པ་ལ།། མ་ཧེ་དང་ནི་སྟག་དག་དང་།། ཁྱི་དང་མཆུ་རིངས་ཅན་དག་གིས།། སངས་རྒྱས་སྡེ་ནི་མངོན་འཇིག་པའི།། སྡིག་པོ་ཆེ་དག་ཟ་བར་བྱེད།། མཐར་བྱེད་པ་ཡི་ལྷོར་གནས་པ།། ཚེར་མས་ལུས་ནི་བཀང་བ་དང་།། རྐང་པ་ཤིང་ལྕགས་སྒྲོག་གིས་བསྡམས།། དེ་བཞིན་དུམ་བུ་དུམ་བུར་བྱས།། པགས་པ་དག་ནི་བ་ཤུས་བྱས་ནས།། དེ་ལ་ཚྭ་དང་སྐེ་ཚེ་བསྐུས།། ཧཱུཾ་ཞེས་ཟེར་བ་བསྒོམ་པར་བྱ།། དེ་ཡི་ལུས་སྲུང་ལ་སོགས་པ།། ཅོད་པན་དག་ནི་མདུན་དུ་དགོད།། དེ་ཡི་གོ་ཆའང་མེད་བྱས་ནས།། སྟོང་པའི་ལུས་ནི་མདུན་དུ་བསམ། ། རང་གི་ལུས་བྱུང་ཁྲོ་བོ་ནི།། གཤིན་རྗེ་གཤེད་སོགས་བདག་ཉིད་འདྲས།། དེ་ཡི་ལུས་ལ་བརྒྱབ་ནས་ནི།། ཚིལ་བུ་རྐང་དག་འཐུང་བར་བྱེད།། དེ་ཡི་མདུན་དུ་གཤིན་རྗེ་བསྒོམས།། ལག་ན་དབྱིག་པ་སྟོབས་པོ་ཆེ།། གདུག་པ་ཅན་དེས་རྡེག་པར་བྱེད།། དེ་ཡི་རྒྱུ་མའི་འཕྲེང་བ་སོགས།། བྱ་རྒོད་ཀྱིས་ཁྱེར་མཁའ་ལ་འགྲོ།། ས་ཡི་འོག་ནས་ཀླུ་དང་ནི།། ལྷ་མ་ཡིན་ལ་སོགས་པས་བརྡེག། འདི་ལྟར་བསྒྲུབ་བྱ་ཉམས་བྱ་བ།། སྙིང་རྗེ་ལ་གནས་སེམས་ཀྱིས་ནི།། བྱེད་པས་འཁོར་བའི་གནས་བཏོན་ནས།། སངས་རྒྱས་ཞིང་དུ་འགྲོ་བར་བྱེད།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཁྱད་པར་ཅན་གྱི་འདི་ལྟ་བུའི་གསུང་ཕྱུང་བར་མཛད་དོ། ། ཨེ་མ་ཧོ་བསད་པའི་ཡང་དག་བསད།། བསད་པ་མ་ཡིན་སྡིག་ལས་བསྐོལ།། ཇི་སྲིད་བསད་ཀྱང་མ་བསད་དེ། ། སྡིག་པ་སྟོང་ཕྲག་བྱས་པ་ཡིས།། མནར་མེད་ལ་སོགས་མི་སྐྱེ་བར།། ཨེ་མའོ་སངས་རྒྱས་ཆེ་བའི་བདག། བསད་པས་བྱང་ཆུབ་ཐོབ་པར་བྱེད།། སེམས་ཅན་གསོད་པ་བསད་པ་ཉིད། ། སཱང་རྗེ་ཆེན་པོ་ཉིད་ཀྱིས་བྱས།། ཨེ་མའོ་སྙིང་རྗེ་སྟོབས་ཀྱི་མཆོག། སྙིང་རྗེ་དམན་པས་འགྲུབ་མི་འགྱུར།། ཨོཾ་ཧྲཱིཿཥྞཱིཿཝི་ཀྲྀཿཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཧཱུཾ་དེ་བ་དཏྟ་མ་ར་ཡ་ཧཱུཾ་ཕཊ། ཨོཾ་བྲིཿཥྚྲཱིཿཝི་ཀྲིཿཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་བ་དཏྟ་མཱ་ར་ཡ་ཕཊ། དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་པར་རྟོག་པ་གསོད་པའི་རྡོ་རྗེ་འཁྲུས་འཁོར་དང་། སྔགས་དང་སྨན་གྱིས་གསད་པ་ལ་སོགས་པའི་ཆོ་གའོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས།། རིམ་པར་ཕྱེ་བ་བཞི་པའོ།། །། ནས་འཁོར་ལོ་གཉིས་བྲིས་ལ།། ཡི་གེ་ཕཊ་ཀྱིས་བརྟེན་པ་ཡི།། བསྒྲུབ་བྱའི་མིང་ནི་བྲི་བྱས་ལ།། ཐོད་པ་ཁ་སྦྱར་ནང་དུ་གཞུག། སྐུད་པ་སྔོན་པོས་བཅིངས་བྱས་ཏེ།། ཉི་མ་ཕྱེད་ཀྱི་དུས་སུ་ནི།། དུར་ཁྲོད་ས་ཡི་ནང་དུ་སྦ།། གཤིན་རྗེ་བཤེད་ཀྱི་སྦྱོར་བ་ཡིས།། རྟ་དང་མ་ཧེ་ཞོན་པ་ཡིས།། ལག་ན་མཚོན་ཐོགས་བསྒྲུབ་བྱ་གཉིས།། མདུན་དུ་བསྒྲུབ་བྱ་དགོད་པར་བྱ། ། ཁྲོས་པའི་ལུས་ལ་སྤྲུལ་པའི་ཚེགས།། གཉིས་ཀའི་ཕྱོགས་སུ་བསམ་པར་བྱ།། གཉིས་ཀས་འཐབ་མོ་མང་པོ་བྱེད།། ཁྲོས་ཤིང་གདུག་པའི་སེམ་ལྡན་པའི།། སྟོབས་ལྡན་ཁྲོས་པ་བསྒོམ་པར་བྱ།། བསྒོམ་པས་བཟླས་པ་བརྩམ་པར་བྱ། ། ཨོཾ་ཧྲཱིཿཥྚིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་བ་དཏྟ་ཡ་ཛྙཱ་དཏྣེ་བི་དྭེ་ཥཱ་ཡ་ཧཱུཾ་ཕཊ། འདི་ནི་བཅོམ་ལྡན་འདས་ཀྱིས་དབྱེ་བའི་ཆོ་ག་གསུངས་པའོ།། ཆོ་ག་དག་ན་སྔ་མ་བཞིན། འཁོར་ལོ་གཉིས་ནི་བྲི་བྱས་ལ།། ཡི་གེ་ཧཱུཾ་ཕཊ་ཀྱིས་བརྟེན་པ།། ཐོད་པ་ཁ་སྦྱར་ནང་དུ་གཞུག། སྐུད་པ་ནག་པོས་བཅིངས་བྱས་ལ།། ཤ་ཟའི་ཚུལ་དུ་སྦ་བར་བྱ།། གཤིན་རྗེའི་སྦྱོར་བ་ལ་གནས་པས། མདུན་དུ་བསྒྲུབ་བྱ་བསྒོམ་པར་བྱ།། ཡཾ་བྱུང་གཞུ་ཡི་དབྱིབས་འདྲ་བའི།། རླུང་གི་དཀྱིལ་འཁོར་ནག་པོ་ལ།། དེ་སྟེང་མདོག་སྔོན་རྔ་མོ་བསྒོམ།། དེ་ལ་གདུག་པ་ཅན་བསྐྱོན་ལ། ། ལྷོ་ཡི་ཕྱོགས་སུ་ཁ་བསྟན་ཏེ།། ཁྲོ་བོའི་ཚོགས་ཀྱིས་དེ་བརྡེག་པ།། སངས་རྒྱས་ཡིན་ཡང་བཟློག་པ་དཀའ།། ཨོཾ་ཧྲིཿཥྞཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཧཱུཾ་པཊ་དེ་བ་དཏྟ་ཨུཙྪུ་ཊ་ཡ་ནཾ་ཧཱུཾ་ཕཊ། འདི་ནི་བཅོམ་ལྡན་འདས་ཀྱིས་བསྐྲད་པའི་ཆོ་ག་གསུངས་པའོ།། ཁྲོས་པས་རྣལ་འབྱོར་ལྷོར་བལྟས་ལ།། ར་ཁྲག་མེ་བསྲེགས་ཐལ་བ་དང་། དུག་གི་ཚྭ་དང་སྐེ་ཚེ་དང་།། མར་ཁུ་སྨོན་པའི་ཁུ་བ་ཡིས།། དུར་ཁྲོད་རས་ལ་འཁོར་ལོ་གཉིས།། རིམ་པ་འདི་བཞིན་བྲི་བར་བྱ།། གསད་པ་གཤིན་རྗེའི་ལུས་ལ་གནས།། དབྱེ་བ་རྟ་དང་མ་ཧེ་ཡི།། བསྐྲད་པ་རྔ་མོའི་ལུས་ལ་གནས། ། ཞི་བ་ཟླ་བའི་དཀྱིལ་འཁོར་གྱི།། རྒྱས་པ་ཟླ་བ་སེར་པོ་ལ།། བཙུན་མོ་སྙིང་ཁར་དབང་དུ་བྱ།། ར་ལ་སྨྱོན་པས་འགུགས་པར་བྱེད།། རི་བོའི་དཀྱིལ་དུ་རེབས་བྱ་གཞག། ཤ་ར་བའམ་སེང་གེས་འགུག། དེ་བཞིན་གཞན་ཡང་མཚོན་པར་བྱ།། རོ་ཙ་ན་དང་རྒྱ་སྐྱེགས་དང་།། ཁ་ཆེ་ཡི་ནི་ཁྱད་པར་གྱི།། དབང་དུ་བྱ་བ་གྲོ་གར་བྲི།། དགེ་བའི་སེམས་ཀྱིས་བཟུང་བྱས་ན།། འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད། ། ཁམ་པོར་ཁ་སྦྱར་ནང་དུ་གཞུག། ཁྭ་ཡི་སྒྲོ་ཡི་སྦུ་གུ་ཡིས།། ཉི་མ་ཕྱེད་ན་བྲི་བར་བྱ།། པདྨའི་ཁ་སྦྱོར་རོ་བསྲེགས་སར།། གཤིན་རྗེའི་རྣལ་འབྱོར་བདག་ཉིད་ཀྱིས། ཨོཾ་ཧྲཱིཿཥྚྲཱིཿལ་སོགས་གསང་སྔགས་བཟླས།། ལྷོ་ཕྱོགས་གནས་ཏེ་ཚར་གཅད་བྱ།། མཐའ་ཡ་ཡ་བོར་ཞི་བ་ལ།། ཡི་གེ་ནི་དེ་གཉིས་ཀ་དང་།། ཕྱི་གནས་དཀྱིལ་གྱི་ཡ་སྤངས་ཏེ། ཡི་གེ་ལྡག་མ་ཅི་བདེ་བར། ། མངོན་དུ་བསྙེན་པ་ཁྲི་ཙམ་བྱ།། འདིས་ནི་ལས་རྣམས་རབ་སྒྲུབ་པ།། ཡེ་ཤེས་རྡོ་རྗེས་བྱ་བ་སྟེ།། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས།། རབ་ཏུ་གྲགས་པའི་འཁོར་ལོ་འདི། ཡི་ཀེར་བྲིས་ནས་གནས་པ་དང་།། འཁོར་ལོ་བྲིས་ནས་གནས་པ་ཡི།། ཁྱིམ་དེར་འཐབ་མོ་རྟག་ཏུ་འབྱུང་།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་པཤིན་རྗེ་གཤེད་ནས་པ་རྒྱུད་ལས། འཁྲུལ་འཁོར་གྱི་གོ་རིམས་བྲི་བ་ཞེས་བྱ་སྟེ་རིམ་པར་ཕྱེ་བ་ལྔ་པའོ།། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་པའི་རྒྱལ་པོ་འདིས་གསོལ་བ་བདབ་པ། 5་གིས་རྡོ་རྗེ་ཅན་མཉེས་པ། ། ཞེ་སྡང་ཕྱག་རྒྱའི་རྣལ་འབྱོར་གྱིས།། རྡོ་རྗེའི་ཕྱག་རྒྱས་རྒྱས་བཏབ་པས།། དངོས་གྲུབ་རྒྱ་ཆེན་ཐོབ་པར་བྱེད།། དེ་ནས་རྡོ་རྗེ་འཆང་རྒྱལ་པོས།། འདི་ལྟ་བུ་ཡི་གསུང་བསྒྲགས་སོ། ། དཀྱིལ་འཁོར་གྱི་ནི་ལྷ་ཀུན་གྱི།། དབུ་ལ་གཤིན་རྗེ་གཤེད་པོ་བསྒོམ།། རྟག་ཏུ་དཀྱིལ་འཁོར་བྲི་བར་བྱ།། རྟག་ཏུ་སྦྱིན་སྲེག་གིས་ཀྱང་དགང་།། རྟག་ཏུ་དམ་ཚིག་དག་ཀྱང་གཟུང་། སྡོམ་པ་དག་ཀྱང་ཡང་དག་གཟུང་། ། དང་པོ་ལ་ནི་ཅོད་པན་དབང་།། གཉིས་པ་རལ་གྲི་སྦྱིན་པར་བྱ།། གསུམ་པ་རྡོ་རྗེ་དྲིལ་བུ་དང་།། ཟླ་བ་བཟའ་བ་བཞི་པ་སྟེ།། བཞི་པོ་འདི་ནི་དབང་ཆེན་པོ།། ནག་པོ་ཞལ་ནས་བྱུང་བ་ཡིས། ། དབང་འདི་དག་གིས་བྱེ་བྲག་གིས།། རྒྱལ་བའི་སྲས་ཀྱིས་བྱང་ཆུབ་ཐོབ།། འབྱུང་པོ་ཀུན་གྱིས་གཏོར་མའི་ལུས།། སྔགས་འདི་དེ་ནས་རབ་བཤད་བྱ།། སྔགས་ཆེན་བཟླས་པ་ཙམ་གྱིས་ན་འབྱུང་པོ་ཐམས་ཅད་འདར་འགྱུར་བ། ཨོཾ་ཨིནྡྷ་ཡ་ཧྲཱིཿཡ་མ་ཡཥྞཱིཿབ་རུ་ཎཱ་ཡ་ཝི། ཀུ་བེ་རཱ་ཡ་ཀྲྀ། ཨཱཾ་ཤཱ་ན་ཡ་ཏ། ཨགྣ་ཡེ་ཨཱ། ནེ་རི་ཏེ་ཡེ་ན། བ་ཡ་བེ་ན། ཙནྡ་ཡ་ཧཱུཾ། ཨཱ་ཀཪྵ་ཡ་ཧཱུཾ་ཟཧྨ་ཎེ་ཕཊ། བ་སུ་རྦ་རི་ཎྱཻ་ཕཊ། བཻ་མོ་ཙ་ཏྲི་ཎེ་སཱ། སརྦ་བྷཱུ་ཏེ་བྷྱོ་ཧཱ། ཧ་ཧ་ཧི་ཧི། དྷཱུ་ངྐུ། ཕོ་པོ། ཕཊ་ཕཊ་སཱཧཱ། བི་ཊ་མུ་ཏྲ་ཆུ་བསྲེགས་པས།། དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི།། ལྷ་རྣམས་ཀྱང་ནི་ཚིམ་པར་བྱས། ། ཧ་ཧ་ཞེས་ཀྱང་དྲན་པར་བྱ།། དཀྱིལ་འཁོར་རིམ་གསུམ་བྱ་བ་ནི།། བརྒྱད་དང་བཅུ་གཉིས་བཅུ་དྲུག་པའི།། དཀྱིལ་འཁོར་མཁས་པས་བྲིས་པ་ལ།། སྔགས་ནི་ཀུན་ཏུ་དགོད་པར་བྱ།། བརྟུལ་ཞུགས་ཅན་གྱིས་བཅུ་གཉིས་པར།། གྲུབ་པའི་སྔགས་རྣམས་དགོད་པར་བྱ།། རྒྱུ་དང་མི་རྒྱུའི་འཇོག་རྟེན་གསུམ།། མ་ལུས་ལུས་པ་མེད་པར་འགྲུབ།། ཨོཾ་ཡ་མ་རཱ་ཛ། ས་དོ་མ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ།། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ་ནི་རཱ། མ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ། དཀྱིལ་དུ་ཡ་བྱས་ཤར་དུ་ཀྵེ།། ལྷོ་རུ་འཇམ་པོའི་རྡོ་རྗེ་སྟེ།། ཡི་གེ་མེ་ནི་ནུབ་ཏུ་བྲི།། བྱང་དུ་དནྟ་འདའ་བ་ན།། བསྒྲུབ་བྱའི་མིང་ནི་སྦྱིན་བྱ་བ།། མཚམས་ཀྱི་སྟོབ་པ་དག་ཏུའོ།། ཧཱུཾ་གཉིས་ཀྱིས་ནི་བརྟེན་བྱས་ལ།། དགོས་པ་ཐམས་ཅད་སྒྲུབ་པར་བྱེད།། ཡ་ཙ་ནི་ར་ཛ་ས་དོ་རུ།། ན་ཡོ་ནི་ར་ལ་སོགས་པ།། ཕྱི་རོལ་རིམ་པར་གཡོན་བརྩམས་བྲི། ། དོན་ཀུན་རབ་ཏུ་སྒྲུབ་པའི་ཕྱིར།། རིམ་པ་གསུམ་པ་དེ་ལ་ནི།། ཀུན་ཏུ་ཆེར་བོར་བ་ལ།། ཤར་ནས་བརྩམས་ནས་བྲི་བར་བྱ།། ཨོཾ་ཧྲཱིཿཥྚྲྀཿལ་སོགས་པའི་སྔགས། དེ་ཡི་བར་དག་ཐམས་ཅད་ཀྱི། ཆ་བརྒྱད་བོར་བ་དག་ལ་བྲི།། ཨ་མུ་ཀཾ་ཀུ་རུ། ཨུཙྪ་ཊ་ཡ་བ་ཤིཾ་ཀུ་རུ། བི་རེ་ཥ་ཡ། ཤཱནྟིཾ་ཀུ་རུ། པུཥྚིཾ་ཀུ་རུ། འདི་ལྟར་གཡོན་ནས་ནི།། ལས་དང་རྗེས་སུ་མཐུན་པར་ནི། ། ཕྱག་འཚལ་ན་མ་ཐ་མའི་བར།། ཐ་མར་པོ་ཥ་ཊ་དང་།། ཧཱུཾ་བཊ་དང་ལྡན་ས་བོན་གྱིས།། ནི་དང་རྒྱས་དང་མཐར་དབང་བྱེད།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། འཁོར་ལོ་རྣམ་པར་བྲི་བ་ཞེས་བྱ་བ་སྟེ་རིམ་པར་བྱེ་བ་དྲུག་པའོ།། ། ཁྲག་དགུག་པ་ཡི་སྦྱོར་བ་ནི། ཞལ་གསུམ་ཕྱག་དྲུག་སྐེམ་པ་ཡི། ། ཕྱག་ན་འཁོར་ལོ་ཟླ་འོད་འདྲའོ།། མཁས་པས་ཙརྩི་ཀ་བསྒོམ་བྱ།། ཆང་དག་དགུག་པའི་སྦྱོར་བ་ནི།། ཞལ་གསུམ་ཕྱག་དྲུག་ཕག་གདོང་མ།། རབ་སྔོ་ཕྱག་ན་རྡོ་རྗེ་བསྣམས།། མཁས་པས་ཕག་མེ་བསྒོམ་པར་བྱ། ། ཤེས་རབ་བསྐྱེད་པར་བྱ་བའི་ཕྱིར།། ཞལ་གསུམ་ཕྱག་དྲུག་དམར་བ་ལ།། ཞི་བ་ཕྱག་ན་པདྨ་བསྣམས།། དབྱངས་ཅན་བརྟུལ་ཞུགས་ཅན་གྱིས་བསྒོམ།། ཁུ་བ་དགུག་པའི་སྦྱོར་བ་ནི། ། ཞལ་གསུམ་ཕྱག་དྲུག་རལ་གྲི་བསྣམས།། ནོར་བུ་མརྒད་འདྲ་བ་ནི།། གཽ་རི་མཁས་པས་བསྒོམ་པར་བྱ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གཤིན་རྗེ་གཤེར་པོ་གསད་པ་དང་དགུག་པ་ཞེས་བྱ་བའི་ཏིཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་ཙརྩི་ཀའི་སྔགས་འདི་གསུངས་སོ།། ཨོཾ་ཙརྩི་ཀེ་སིད་དྷེནྣ་ནཱི་ལ་ཧ་རི་ཎི་རཏྣ་ཏྲ་ཡ་ཨ་པ་ཀ་རི་ཎོ་རུ་དྷི་ར་ཨཱ་ཀཪྵ་ཡ་ཛཿ། སྔགས་འདི་དག་ནི་དྲན་བྱས་ན། ཁ་གདངས་པ་དག་བྱས་པ་ཡིན།། འཇིག་རྟེན་གསུམ་གྱི་ཁྲག་ཆེན་པོ།། འགུགས་པར་འདི་ལ་ཐེ་ཙོམ་མེད།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གཤིན་རྗེ་གཤེད་ཆེན་པོ་ཆང་འགུགས་པ་ཞེས་བྱ་བའི་ཏིང་། ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་ཕག་མོའི་ཆང་འགུགས་པའི་སྔགས་གསུངས་པ། ཨོཾ་བཛྲ་གྷོ་ཎེ་གྷོ་ནེ་སུ་བཛྲ་མཱ་མ་ཀཱི་བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། ཀེ་ཏུ་ཀཨཱརྱཾ། ཨཱ་ཀཪྵ་ཡ་ཛཿ་མཁན་ལག་པ་ཕྱིས་པའི་སས། ། བུམ་པ་ཁ་མཛེས་ཉེར་བྱས་ལ།། རྐུན་མའི་སྒྲ་ནི་རྟེན་བཞག་སྟེ།། སྔགས་ནི་རྗེས་སུ་དྲན་པར་བྱ།། སྔགས་འདི་ཆེ་བའི་བདག་ཉིད་འདི།། བ་ཏ་མཆོད་རྟེན་རབ་ཏུ་བསྟན།། དལ་གྱིས་དམིགས་ནས་འདབ་པར་བྱ།། ཆང་ནི་འགུགས་པར་རབ་ཏུ་གྲགས།། དེ་ནས་བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་གཤིན་རྗེ་གཤེད་རྡོ་རྗེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་། སྙོམས་པར་ཞུགས་ནས། རྡོ་རྗེ་དབྱངས་ཅན་མའི་སྔགས་གསུངས་པ། ཨོཾ་པི་ཙུ་པི་ཙུ་པྲཛྙཱ་བརྡྷ་ནི། ཛྭ་ལ་ཛྭ་ལ། མེ་དྷ་བརྡྷ་ནཾ། དྷི་རི་དྷི་རི། བུད་དྷི་བརྡྷ་ན་སྭཱཧཱ། ཆོས་ཀྱི་དང་པོ་ནས་བཟུང་སྟེ།། ཀུན་ཏུ་ཟླ་བ་ཉ་ཡི་བར། ། སྦྱར་བའི་སྐད་ནི་སྨྲ་བར་བྱ།། ཇི་སྲིད་ཟླ་བའི་རྗེས་འཇུག་པས།། རྟག་ཏུ་ཚིགས་བཅད་བརྒྱ་ཟིན་འདི་།། ངག་གི་དབང་ཕྱུག་འགྲུབ་པར་འགྱུར།། ཁམས་གསུམ་མ་ལུས་པ་དག་ནི།། མ་ལུས་ལུས་པ་མེད་པར་འགྲུབ།། དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་རྡོ་རྗེས་ཁུ་བ་འགུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྒོམས་པར་ཞུགས་ནས། ཁུ་བ་འགུགས་པར་བྱེད་པའི་གཽ་རཱིའི་སྔགས་འདི་གསུངས་སོ། ། ཨོཾ་ཨཱ་ཀཪྵ་ཎི་ཨཱརཱ་ཎི་གཽ་ར~ཾ་ཧྲཱིཿདུཥྚཱ་ཡ་དུཥྚཱ་ཡ། ཤུ་ཀྲ་མ་ཨཱ་ཀ་ར་ཡ་ཛ་ཛྲ་ཛྲ་ཧཱུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ། པདྨ་ཁ་དང་རྡོ་རྗེ་དང་།། དྲིལ་བུ་ལྕགས་ཀྱུའི་རླུང་སྦྱོར་གྱིས། བཟླས་དང་སྒོམ་པའི་སྦྱོར་བ་ནི། ཁུ་བའི་ཆོ་ག་ནི་འགུགས་པར་བྱེད།། ནགས་ཀྱི་ནང་ངམ་དབེན་པ་རུ།། ལས་འདི་དག་ནི་བསྐུལ་བྱས་ནས།། ནུབ་བདུན་ཙམ་དུ་སྦྱོར་བ་ཡིས།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གཤིན་རྗེ་གཤེད་ཆེན་པོ་རྡོ་རྗེ་ནག་པོ་འཇིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དབང་བསྐུར་བ་མཆོག་གི་དམ་ཚིག་འོད་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་བར་མཛད་དོ། ། ཨུ་དུམ་པར་མན་དར།། བ་རི་ཛེ་ཏ་ཀ་འ་ཕྲེང་དང་།། ཀར་ནི་ཀ་ཡི་འཕྲེང་བ་ནི།། བུ་ཁྱོད་ཟུང་ལ་བྱིན་གྱིས་རློབས།། རལ་གྲི་ཆེན་པོས་ཁམས་གསུམ་པའི།། སངས་རྒྱས་ཀུན་གྱིས་ཕྱག་བྱས་པ།། འབྱུང་པོ་ཐམས་ཅད་འགུགས་པར་བྱེད།། ལས་ཀྱི་རལ་གྲི་དམ་པ་འདི།། བཟུང་ན་བདུད་ལས་རྒྱལ་བར་འགྱུར།། ཤེས་རབ་ཐབས་ཀྱི་ངོ་བོ་ཉིད།། རྡོ་རྗེ་དྲིལ་བུ་སྒྲུབ་པ་འདི།། ལོང་ལ་སློབ་མ་ཡང་དག་གཟུང་།། བཏུང་བ་རིན་པོ་ཆེ་འདིས་ནི།། རྡོ་རྗེ་ལུས་ནི་རབ་ཏུ་སྒྲུབ།། ཀུན་ཏུ་ཡེ་ཤེས་བུ་ཁྱོད་ཀྱིས།། འཐུར་ཞིག་ཡེ་ཤེས་ལས་བྱུང་བ། ། སློབ་མའི་ཁར་ཡང་བླུགས་བྱ་བ།། གཤིན་རྗེ་གཤེད་ཀྱིས་བསྒྲུབས་པ་ཡིན།། རྡོ་རྗེ་སློབ་མ་བདག་ཉིད་ཆེས།། ཤིན་ཏུ་དགའ་བའི་སེམས་སུ་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་བཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། ། འགུགས་པ་ལ་སོགས་པའི་སྦྱོར་བ་རིམ་པར་ཕྱེ་བ་སྟེ་བདུན་པའོ།། །། དེ་ནས་རྡོ་རྗེ་འཛིན་རྒྱལ་པོ།། སྲུང་བའི་འཁོར་ལོ་སྦྱོར་བའི་བྱེད། བགེགས་དང་ལོག་པར་འདྲེན་པ་དང་།། གདུག་པ་ཅན་དག་བསལ་ཕྱིར་གསུངས།། དཔལ་ལྡན་རལ་གྲི་འཆང་བའི་བདག། སྲུང་བའི་འཁོར་ལོ་སྦྱོར་བར་བྱེད།། རལ་གྲི་འབར་བའི་བདག་ཉིད་ཀྱིས། ། རིག་པ་གསུམ་ལས་མཆོད་པར་བྱེད།། སེམས་ཅན་ཐམས་ཅད་སྤྱོད་པ་ཡི།། སྤྱོད་པའི་ཚུལ་དང་ཁྱད་པར་གྱིས།། ས་དང་ཕ་རོལ་ཕྱིན་པ་ལ།། ལྷ་མོ་ཁྱོད་ནི་དབང་དུ་གྱུར།། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ནི།། སློབ་དཔོན་དག་གིས་དཀྱིལ་འཁོར་བྲི།། གོས་ཀྱིས་གདོང་ནི་བཅིངས་བྱས་ལ།། དཀྱིལ་འཁོར་གྱི་ནི་མདུན་སྒོར་གཞག། ཁྱོད་སུ་ཞེས་ཀྱང་འདི་སྐད་བྲི།། སྐལ་བཟང་བདག་ཅེས་ཚིག་ཏུ་བརྗོད། ། གསོལ་བཏབ་པ་ཡི་བློ་བཟང་ལ།། ཡོལ་བའི་ནང་དུ་སྦྱིན་པར་བྱ།། དབང་བསྐུར་དོན་དུ་གུས་ཆེན་པོས།། དེ་ནས་ལན་གསུམ་ཆེད་དུ་བརྗོད།། ཇི་ལྟར་སངས་རྒྱས་ཆོས་ཆེན་པོས། ། རྡོ་རྗེ་སེམས་དཔའ་དབང་བསྐུར་ལྟར།། བདག་ཀྱང་མགོན་པོས་དབང་བསྐུར་ཞིང་།། མཆོག་ཀྱང་བདག་ལ་སྩལ་དུ་གསོལ།། དེ་བཞིན་གླུ་དང་རོལ་མོས་མཆོད།། དེ་བཞིན་ཁྲུས་། དང་བྱུག་པས་ཀྱང་།། སློབ་མ་དད་པས་བླུག་པར་བྱ།། དེ་ལ་བསྟོད་པས་ཀུན་ཀྱང་བྱ།། དེ་ནས་རྡོ་རྗེ་འཆང་གི་རྒྱལ་པོས་སྟོང་པའི་སྔག་གསུངྒ་པ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཧཾ། ཨོཾ་པུ་ཛ་བཛྲ་སྭ་བྷཱ་བ་ཨཏྨ་ཀོཧ~ཾ། ཨི་དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ6། ཞི་བ་ལ་སོགས་བྱེད་པ་ཡི།། སྦྱིན་སྲེག་དེ་ནས་བཤད་པར་བྱ།། སྦྱིན་སྲེག་གང་གིས་གྲུབ་པ་ཡི།། ལས་རྣམས་ཐམས་ཅད་རབ་སྒྲུབ་པ།། ནི་བཞི་པའི་སེམས་ཀྱིས་ཏེ། ། རྒྱས་པ་རྒྱས་པའི་སེམས་ཀྱིས་སོ།། དབང་ཡང་དེར་གཏད་སེམས་ཀྱིས་ཏེ།། གསང་དང་བསྐྲད་པ་ལ་ཡང་ངོ་།། ཞི་བའི་དཀྱིལ་འཁོར་རྣམ་པ་སྟེ།། རྒྱས་པ་ཡི་ནི་རྫིང་བུ་འདྲ། དབང་དུ་བྱ་བ་ཟླ་གམ་ལྟར།། ནམ་མཁའི་ཁམས་འདྲ་བས་ནི་གསད།། ཞི་བ་ཁྲུ་གང་ཚད་དུ་སྟེ།། དེ་བཞིན་རྒྱས་པའི་ཁྲུ་དོ་པ།། ཇི་ལྟར་རྒྱས་པ་དེ་ལྟར་དབང་།། གསད་པ་ལ་ནི་སོར་ཉི་ཤུ། ། ཞི་བ་སྟེང་དུ་ཁྲུ་ཕྱེད་ཚད།། རྒྱས་པ་ལ་ནི་ཁྲུ་ཙམ་སྟེ།། སོར་ལྔ་གཉིས་ནི་གསད་པ་ལ།། དབང་ལ་ཇི་ལྟར་དེ་བཞིན་དགུག། ཚེས་གཅིག་ལ་ནི་ཞི་བ་བྱ།། ཟླ་བ་ཉ་ལ་རྒྱས་པ་སྟེ།། བཅུ་བཞི་ལ་ནི་མངོན་སྤྱོད་དོ། ། དབང་གི་ལས་ནི་ཚེས་བརྒྱད་ལའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས།། སྦྱིན་སྲེག་གི་ཆོ་ག་རིམ་པར་ཕྱེ་བ་སྟེ་བརྒྱད་པའོ།། ། རྒྱ་མཚོའི་ས་ནི་བླང་བྱས་ལ།། ཀླུ་ཡི་གཟུགས་ཤིག་བརྩམས་བྱས་ཏེ།། ཡི་གེ་ཧཱུཾ་ཕུ་སྙིང་ཁར་ནི།། ཧྲཱིཿཥྞཱིཿལ་སོགས་བཟླས་པ་བྱ།། ཆར་ནི་མི་འབབ་དུས་དག་ཏུ།། བཟླས་པ་ཁྲི་བྱས་འབབས་པར་འགྱུར། ། སྦྲུལ་ནག་པོ་ཡཾ་ཤ་དང་ནི།། ནིམ་པའི་ལོ་མ་དང་བསྲེས་ལ།། དེ་ལ་རིལ་བུ་བྱས་ནས་ནི།། བརྟུལ་ཞུགས་ཅན་གྱིས་རྒྱ་མཚོར་གཞུག། སྔགས་ཀྱི་བཟླས་པ་ཝ་བྱས་ན། མཚོ་རླབས་རངས་བྱེད་མཆོག་ཡིན་ནོ། ། ཙན་དན་འབྲས་བུ་བརྒྱ་བླངས་ལ།། འབྲས་དང་མར་ཤས་བསྲེས་བྱས་ཏེ།། འབུམ་ཕྲག་བརྒྱ་ནི་རབ་བཟླས་ལ།། སྦྱིན་སྲེག་བྱས་ན་ལྷ་མཐོང་འགྱུར།། དུར་ཁྲོད་རོ་བསྲེགས་ཡོག་པའི་ཤིང་།། བརྟུལ་ཞུགས་ཅན་གྱིས་གཟུགས་སུ་བྲི།། སྤོང་བའི་ཁུ་བས་བསྐུ་བྱས་ལ།། སྔགས་ཁྲི་བཟླས་པས་མཛེས་ཐེབས་འགྱུར།། གྲུབ་པའི་ཡུངས་ཀར་བླངས་བྱས་ན།། འབུམ་ཕྲག་བཞི་ནི་བཟླས་བྱས་ན།། སྦྲུལ་གྱིས་བཟུང་ནས་འགྱེལ་བ་ལ།། གཏོར་ན་འཚོ་བར་ཐེ་ཙོམ་མེད། རི་གཤོང་ཆུ་ཡི་ས་བླངས་ལ།། སྔགས་ཀྱི་བཟླས་པ་འབུམ་བྱས་ནས།། མགོ་ལ་བསྐུས་པ་ཙམ་གྱིས་ནི།། མགོ་ཡི་ནད་ནི་ཉམས་པར་བྱེད། ། སྔགས་ནི་ལན་བདུན་མངོན་བཟླས་པའི།། ལག་པས་མགོ་བོ་མཉེས་ནས་ནི།། མགོ་ནི་ཟུག་གཟེར་འབྱུང་མི་འགྱུར།། དེ་ནི་འདི་ལྟར་ཐེ་ཙོམ་མེད།། བྲམ་ཟེ་ཡི་ནི་ཤ་དག་ལ།། དུར་ཁྲོད་ས་དང་ཐལ་བ་ལས། ། གཤིན་རྗེ་གཤེད་ཀྱི་གཟུགས་བྱས་ཏེ།། ཕྱག་གཉིས་ཞལ་ནི་གཅིག་པ་ལ།། རྡོ་རྗེ་ཆེན་པོ་གཡས་པ་ན།། དེ་བཞིན་མི་མགོ་གཡོན་པ་ནའོ།། མདོག་ནི་དཀར་པོ་ཆེར་འཇིགས་པ།། དེ་ཡིས་གདུག་པ་འཇོམས་པར་བྱེད། ། བདུད་རྩི་ལྔ་ནི་ཤ་ལྔ་ཡིས།། ཉིན་རེ་བཞིན་དུ་གཏོར་མ་སྦྱིན།། བདག་གི་དགྲ་བོ་ཆོམས་ཤིག་ཅེས།། རྣལ་འབྱོར་པས་བདག་གསོལ་བ་གདབ།། ནུབ་མོ་དེ་སྐད་བརྗོད་པས་ཉལ། ། དགྲ་ནི་ཐོ་རངས་འཆི་བར་འགྱུར།། ཆུ་འགགས་ལ་སོགས་པས་གཟིར་ཞིང་།། ཡང་ན་ནད་ཀྱིས་ཐེབས་པར་འགྱུར།། དགྲ་ཡི་བེ་རོ་ཙ་ན་བླང་།། མི་ཡི་རྐང་སྦུབས་ཡོངས་བཀང་སྟེ།། རབ་ཏུ་བཀང་ནས་འབུམ་བཟླས་ན། ། ཤིང་རྩེར་རྒྱུ་བའི་ཡི་དགས་མཚུངས།། ལྷ་རྫས་དངོས་གྲུབ་ཀུན་བྱེད་ཅིང་།། དགོས་པ་སྣ་ཚོགས་རབ་སྒྲུབ་བོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་བཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། འཇིགས་བྱེད་གཤིན་རྗེ་གཤེད་ཅེས་བྱ་བའི་རིམ་པར་ཕྱེ་བ་སྟེ་དགུ་པའོ།། །། རོ་ལངས་ཆེན་པོའི་སྒྲུབ་ཐབས་ནི།། དེ་ནས་ཡང་དག་བཤད་པར་བྱ། ། སྒྲུབ་པོ་བཟང་པོ་ཀུན་བྱེད་ཅིང་།། དགོས་པ་སྣ་ཚོགས་རབ་སྒྲུབ་པའི།། བཟང་པོ་མ་གོང་རྨ་མེད་ལ།། ཤིང་ལ་སྦྱངས་པས་བསྡུས་བྱས་ལ།། ཕབ་ལ་ལེགས་པར་བཀྲུ་བྱ་སྟེ། ། དེར་འདུག་སྔགས་བཟླས་བརྟུལ་ཞུགས་ཅན།། ཨེ་མ་ཧོ་ངོ་མཚར་སྔགས་ཀྱི་མཐུ།། བསམ་པ་ཆེན་པོའི་འོ་དོད་འབོད།། གཤིན་རྗེ་གཤེད་རྣལ་འབྱོར་ལྡན་པའི།། ཡིད་ཀྱིས་ཅུང་ཟད་འཇིགས་མི་བྱ། ། རྣལ་འབྱོར་ལམ་ནི་གང་འདོད་པ།། དེ་ཀུན་ཐམས་ཅད་སྟེར་བར་བྱེད།། མ་ཧེ་དང་ནི་ཀུ་བེ་ར།། སྟག་དང་དེ་ལས་གཞན་པ་དང་།། དོམ་དང་སྤྲེའུ་དག་ལ་ནི།། ཁྱི་དག་གི་ནི་ཁྱད་པར་དང་། ། དུག་དང་སྐེ་ཚེ་ཚྭ་དང་ནི།། དེ་བཞིན་ཚ་གསུམ་སོ་བ་ན་ཛ།། འདི་དག་ལེགས་པར་སྦྱར་གཟུགས་བྱ།། གཤནི་རྗེ་གཤེད་པོ་འཇིགས་པའི་གཟུགས།། དེ་ལ་རྣལ་འབྱོར་པས་གསོལ་གདབ། ། ཧྲཱིཿཧྲཱིཿལ་སོགས་སྔགས་ཀྱིས་ནི།། ཆེ་གེ་མོ་དེ་བདག་ལ་སྩོལ།། དེ་ཡི་པྲ་ཡིས་སྟེར་བར་བྱེད།། གལ་ཏེ་རྣལ་འབྱོར་ཕྲ་མ་ཕྱིན།། རྨི་ལམ་གཤིན་རྗེ་གཤེད་བརྡེག་ཅིང་།། ལྷོ་ཡི་ཕྱོགས་སུ་ཁྱེར་བར་བྱེད། ། སད་ནས་དེ་ཡི་ཕ་ཡིས་སྟེར།། ཞལ་གསུམ་ཕྱག་དྲུག་འཇིགས་པ་ལ།། ཨིནྡྲ་ནཱི་ལ་འདྲ་བའི་མདོག། ཐོ་བ་འཛིན་པའི་བརྟུལ་ཞུགས་ཅན།། ཕྱག་ཏུ་ཐོ་བ་དགོད་པར་བྱ། ། ཞལ་གསུམ་ཕྱག་དྲུག་ཁྲོས་པ་ལ།། མདོག་དམར་པོ་སྟེ་ཁྲོས་པས་འཇིགས།། འཇིགས་པ་ཡང་ནི་འཇིགས་པར་མཛད།། མཁས་པས་ཕྱག་ཏུ་དབྱིག་པ་དགོད།། ཞལ་གསུམ་ཕྱག་དྲུག་དམར་བ་ལ། ། འཇིགས་པ་ཆེན་པོ་བསྡིགས་པ་ཡི།། ཕྱག་ན་པདྨ་དམར་པོ་བསྣམས།། པདྨ་ཞེས་བྱ་མཁས་པས་བསྒོམ།། ཞལ་གསུམ་ཕྱག་དྲུག་ལྗང་ཁུ་སྟེ།། ཕྱག་ན་རལ་གྲི་བསྣམས་པ་ཡི། ལས་ཀུན་བྱེད་པར་གྱུར་པའོ།། རལ་གྲི་ཞེས་བྱ་རྣམ་བསྒོམ་བྱ།། བྷ་གར་ལིང་ག་རྣམ་བསྒོམ་ཉིད།། དཀྱིལ་འཁོར་བདག་པོ་རྣམ་པར་བསྒོམ།། ཞེ་སྡང་རྗེས་དྲན་རྣལ་འབྱོར་གྱིས།། གཏ་མུག་རྗེས་དྲན་བསྒོམ་པར་བྱ། ། གཏི་མུག་རྗེས་དྲན་ལ་དམིགས་ནས།། ཕྲ་མ་རྗེས་དྲན་བསྒོམ་པར་བྱ།། ཕྲ་མ་རྗེས་དྲན་རྣལ་འབྱོར་གྱིས།། འདོད་ཆགས་རྗེས་དྲན་བསྒོམ་པར་བྱ།། འདོད་ཆགས་རྗེས་དྲན་རྣལ་འབྱོར་གྱིས། ། ཕྲག་དོག་དྲན་བྱ་བརྟུལ་ཞུགས་ཅན།། སོ་སོའི་རིགས་ཀྱི་སྤྲིན་རྣམས་ནི།། བ་སྤུའི་ཁུང་ནས་སྤྲོ་བར་བྱ།། ཉི་མའི་དཀྱིལ་འཁོར་དབུས་སུ་ནི།། གཏུམ་པོའི་ཁྲོ་བོ་བསྒོམ་པར་བྱ།། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། ། ལྷ་མོ་བཞི་པོ་རབ་བསྒོམ་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། རྗེས་སུ་དྲན་པ་རིམ་པར་བྱེད་པ་སྟེ་བཅུ་པའོ།། ཞེ་སྡང་གིས་མནན་འགྲོ་མཐོང་ནས།། ཞེ་སྡང་གཤིན་རྗེ་གཤེད་གཟུགས་སུ།། བཅོམ་ལྡན་གཤིན་རྗེའི་དབང་དུ་མཛད།། ཞེ་སྡང་ཐམས་ཅད་ཟད་པར་བྱེད།། བིཏ་མུག་གིས་མནན་འགྲོ་མཐོང་ནས། ། གཏི་མུག་གཤིན་རྗེ་གཤེད་གཟུགས་སུ།། བཅོམ་ལྡན་གཤིན་རྗེ་གཤེད་དབང་མཛད།། གི་ཏ་མུག་ཐམས་ཅད་ཟད་པར་མཛད།། འགྲོ་བ་ཕྲ་མས་མནན་མཐོང་ནས། ། ཕྲ་མ་གཤིན་རྗེ་གཤེད་གཟུགས་སུ།། བཅོམ་ལྡན་སྙིང་རྗེ་ཅན་གྱིས་མཛད།། ཕྲ་མ་ཐམས་ཅད་ཟད་པར་མཛད།། འདོད་ཆགས་ཀྱི་ས་མནན་འགྲོ་མཐོང་ནས། འདོད་ཆགས་གཤིན་རྗེ་གཤེད་གཟུགས་སུ།། བཅོམ་ལྡན་སྙིང་རྗེ་ཅན་མཛད་ནས།། འདོད་ཆགས་ཐམས་ཅད་ཟད་པར་མཛད།། ཕྲག་དོག་གིས་མནན་འགྲོ་མཐོང་ནས།། ཕྲག་དོག་གཤིན་རྗེ་གཤེད་གཟུགས་སུ། ། བཅོམ་ལྡན་སྙིང་རྗེ་ཅན་མཛད་ནས།། ཕྲག་དོག་ཐམས་ཅད་ཟད་པར་མཛད།། བྱམས་པ་ཙརྩི་ཀར་གསུངས་ཏེ།། སྙིང་རྗེ་དེ་བཞིན་ཕག་མོའོ།། དབྱངས་ཅན་མ་ནི་དགའ་བ་སྟེ།། བཏང་སྙོམས་གཽ་རཾའི་གཟུགས་སོ། ། བདག་ཉིད་དངོས་པོ་ཐམས་ཅད་ཀྱིས།། རྫོགས་པར་བྱས་ནས་དཀྱིལ་འཁོར་གྱིས།། རྣལ་འབྱོར་སྙིང་ཁའི་ས་བོན་སྤྲོ།། འགྲུབ་པར་འདི་ལ་ཐེ་ཚོམ་མེད།། དེ་ནས་ད་ནི་བཤད་བྱ་བ། ། སྤྱོད་པ་ཡི་ནི་མཚན་ཉིད་མཆོག། གཤིན་རྗེ་གཤེད་པོ་འཇིགས་གཟུགས་ཀྱིས།། སྐུ་དང་གསུང་དང་ཐུགས་སུ་འགྲུབ།། དགོན་པ་ཆེན་པོའི་ས་ཕྱོགས་སུ།། མ་ཧེ་མཆོག་ནི་བཀུག་ལ་ཞོན།། སྦྲུལ་ནག་གིས་ནི་བརྒྱན་པར་བྱ།། ལྕགས་ཀྱི་རྡོ་རྗེ་གཟུགས་པར་བྱ།། སྐྲ་ཡང་སེར་པོ་དག་ཏུ་བྱ།། གྱེན་མཛེས་པ་ཡི་ཁྱད་པར་གྱིས།། མགོ་ལ་ཐོད་པས་ཡང་དག་བསྐོར།། སྨ་ར་ལྐོག་སྤུ་སེར་པོར་བྱ། ཧྲཱིཿཥྚྲཱིཿལ་སོགས་སྔགས་བརྗོད་ཅིང་།། ལྕགས་ཀྱི་རྡོ་རྗེ་མཁའ་ལ་གསོར།། རྡོ་རྗེ་གཤིན་རྗེ་གཤེད་སྦྱོར་བས།། སེང་གེའི་སྒྲ་ཡང་དེ་ལ་བྱ།། ནུས་པ་ཅུང་ཟད་སྐྱེས་པ་ནི།། རོལ་ཅིང་གྲོང་དུ་འཇུག་བར་བྱ། ། གར་དང་བདེ་བའི་ཆ་ཀུན་གྱིས།། དྲུག་ལས་སྐྱེས་སོགས་གླུ་བླང་བྱ།། དེ་ནས་རྒྱལ་མཚན་ཁམས་མཐོང་ན།། དེར་ནི་འོ་མ་རབ་བསྒྲུབ་བྱ།། འོ་མ་ལ་སེམས་གཅིག་གོམས་པས།། ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་བྱ། ། ཕག་མོ་ཡི་ནི་གཟུགས་གཟུང་བའི།། བཙུན་མོ་ཀུན་ལ་འཁྱུད་པ་ཡིས།། དཔའ་བོ་སེང་གེ་བཞིན་དུ་སྤྱད།། འདོད་པའི་དོན་ཀུན་རབ་ཏུ་འགྲུབ།། དེ་ནས་ད་ནི་བཤད་བྱ་བ།། ཕྱག་རྒྱ་མ་ནི་རབ་སྒྲུབ་ཐབས། ། གསང་སྔགས་ཆེན་པོ་ཡི་གེ་གཅིག། དེ་ཡི་བཟླས་པ་མངོན་བཤད་བྱ།། ཡི་གེ་ཧྲཱི་ལས་བྱུང་བ་ཡི།། མ་ཧེ་ཡང་དག་བསྒོམ་བྱ་སྟེ།། རྡོ་རྗེ་དཀྱིལ་འཁོར་ལ་གནས་པ།། མ་ཧེ་སྟེང་དུ་བསྒོམ་པར་བྱ། ། གང་ཡང་ཅུང་ཟད་གཅོད་ཅིང་འབིགས།། མཚོན་ཆ་སྣ་ཚོགས་གཟུགས་དེ་ན།། མ་ཧེ་སྣ་ཚོགས་སྒྲུབ་པ་ཡི།། བློ་དང་ལྡན་པའི་ཕྱག་ན་བསྣམས།། དེ་ནས་ཡང་དག་བཤད་བྱ་བ།། དབྱིག་པ་གཤིན་རྗེ་གཤེད་སྒྲུབ་ཐབས། ། ཡི་གེ་ཧྲི་ནི་གསང་སྔགས་ཆེ།། མ་ཧེ་ཆེན་པོ་ལ་བཅིབས་པ།། ཕྱག་ནི་འབུམ་ཕྲག་རྫོགས་པའི་ཕྱག། སྐུ་ནི་མི་རོའི་ཐལ་བས་བསྐུས།། རི་རབ་དང་ནི་མཉམ་པའི་ལུས།། གསེར་གྱིས་ས་གཞི་ཐུག་པར་མནན། ། དེ་ནས་ཡང་དག་བཤད་བྱ་བ།། བྱེ་བའི་ཕྱག་ཅན་སྒྲུབ་པའི་ཐབས།། ཡི་གེ་ཧྲཱི་ལས་བྱུང་བའི་གཙོ།། ཝི་ཀྲི་ཏཱ་ན་གསང་སྔགས་ཆེ།། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ག་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧེ་ཧོ་ཧཽ་ཧཾ་ཧ་ཕཊ་སྭཱ་ཧཱ། ། དགོས་པ་ཐམས་ཅད་སྒྲུབ་པ་ཡི།། དམ་ཚིག་སྒྲུབ་ཐབས་བཤད་པར་བྱ།། སྔགས་ཀྱིས་དུབ་པས་ཁ་ཟས་བཟའ།། ངན་པ་དང་བྲལ་རྙེད་བཀད་མིན།། ཤ་ཆེན་དང་ནིརྟ་དང་ནི། ། གླང་པོ་ཆེ་ཡི་ཁྱད་པར་དང་།། བ་གླང་གི་དང་ཁྱི་དང་ནི། བོང་བུ་རྔ་མོ་ཅེ་སྤྱང་ངོ་།། སྔོན་པོ་དང་ནི་བསྲེས་པ་ཡི།། སྣུམ་ཆེན་གྱིས་ནི་ལུས་བྱུགས་ན།། ལུས་ལ་བྱུགས་པ་ཙམ་གྱིས་ནི། ། འགྲོ་བ་ཐམས་ཅད་དབང་དུ་འགྱུར།། སྣང་མཛད་སཾ་དུ་བ་ར་དང་།། དེ་བཞིན་བིལ་བའི་ལོ་མ་དང་།། སོ་ཕག་ཕྱེ་མ་བསྲེས་པ་དང་།། གསེར་ཤིང་ལོ་མའི་ཁུ་བ་རྣམས།། འདི་ཡིས་དྲིལ་ཕྱིས་བྱས་གྱུར་ན། ། ཁམས་གསུམ་པོ་ནི་དབང་དུ་འགྱུར།། དུག་དང་ཆུ་བུར་དེ་བཞིན་མཛེ།། དྲིལ་ཕྱིས་བྱས་པས་ཉམས་པར་བྱེད།། གཅི་བ་ཆེན་པོ་བཏུང་བར་བྱ།། རྡོ་རྗེ་བདུད་རྩི་དེ་བཞིན་དུ།། འདི་ནི་རྣལ་འབྱོར་མཆོག་གཙོ་བོ། ། རང་བྱུང་མེ་ཏོག་བཏུང་བ་བཞིན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། སྤྱོད་པ་སྟོན་པ་ཞེས་བྱ་བའི་རྒྱུད་རིམ་པར་ཕྱེ་བ་བཅུ་གཅིག་པའོ། ། ། དེ་ནས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་དམ་ཚིག་རྡོ་རྗེ་སེམས་དཔའི་ངོ་བོ་ཙར་ཙི་ཀའི་རྣམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང་།། ཕག་མོའི་རྣམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། དབྱངས་ཅན་གྱིས་རྣམ་པའི་ཏིང་ངེ་འཛིན་ལའང་སྙོམས་པར་ཞུགས་པ་དང་། གཽ་རི་མའི་རྣམ་པའི་ཏིང་ངེ་འཛིན་ལའང་སྙོམས་པར་ཞུགས་ཏེ། མཆོད་པའི་གྲུ་འདི་དག་བརྗོད་པར་མཛད་དོ། ། ཨཱ་ཀྱེ་ཀྱེ་གཤིན་རྗེ་གཤེད་ནག་བླ།། སྲིན་པོའི་གཟུགས་ཅན་རང་བཞིན་ཁྱོད།། བདག་གིས་ཁྱོད་མཐོང་ཤིན་ཏུ་འཇིགས།། ཁྲོས་པའི་རང་བཞིན་འདི་ཐོང་མཛོད།། མཐོ་རིས་ས་། སྟེང་ས་འོག་བཅས།། ཁྱོད་ཀྱི་གར་གྱིས་གཡོས་པར་མཛོད།། ཨན་ཙ་ནག་པོ་བཅག་འདྲ་བའི།། ཁྲོ་ཁྱོད་རོ་ལངས་ཞི་གར་མཛོད།། རྣམ་པ་སྣ་ཚོགས་གཟུགས་སྤྲུལ་ཞིང་།། མདངས་ནག་ཚད་ནི་ཐུང་བ་ལ།། བདེ་ཆེན་ངོ་བོ་བྲོ་བར་གྱིས།། རྡོ་རྗེ་དབྱངས་ཅན་མ་གསོལ་འདེབས།། ཧྲཱིཿཥྚྲཱིཿསྔགས་དང་གར་གྱིས་ཁྱོད།། སྲིད་པ་གསུམ་གྱི་འཕྲུལ་པ་མཆོད།། སྙིང་རྗེ་ཁྲོས་པོའི་དང་གྲོལ་གར།། འགྲོ་བས་དང་ནི་མཚར་འགྱུར། ། དེ་ནས་ཡང་དག་བཤད་བྱ་བ།། བཟླས་པ་ཡི་ནི་མཚན་ཉིད་མཆོག། བཟླས་པ་གང་ཞིག་རབ་བཟླས་ན།། དངོས་གྲུབ་ཡངས་པ་ཐོབ་པ་ནི།། མྱུར་བར་མ་ཡིན་དལ་བར་མིན།། རིང་དུ་མ་ཡིན་ཐུང་ངུ་མིན། ། སྔགས་ནི་ཅུང་ཟད་ཐོས་པར་བཟླས།། གཤིན་རྗེ་སློབ་དཔོན་མི་མཆོག་གི། མ་ཧེ་མ་དང་སོ་གཉིས་དང་།། བ་ལང་དང་ནི་རྟ་དག་དང་།། བིང་བུ་རྔ་མོའི་རུས་པ་ལས།། བཟླས་པའི་འཕྲེང་བ་རབ་བསྒྲུབ་བྱ། ། ཟླ་ངོ་གཅིག་གི་བཅུ་བཞི་ལ།། བདུད་རྩི་ལྔ་དང་ལྡན་པ་ཡིས།། ཤ་ལྔ་དག་ནི་བསྡུ་བྱས་ནས།། བཟླས་ན་དངོས་གྲུབ་འགྲུབ་པའི་མཆོག། རིལ་བུ་དག་ནི་སོ་སོལ།། རྣལ་འབྱོར་པ་ཡིས་གཤིན་གཤེད་བསྒོམ། ། མཁས་པས་ནི་ཡང་མི་མགོ་སྟེ།། ཁྲག་གིས་བཀང་བའི་མགོ་བསྒོམ་བྱ།། ཁྲི་ཙམ་གྱིས་ནི་འབྱུང་པོ་རྣམས།། མཁའ་འགྲོ་མ་རྣམས་སྟོང་ཕྲག་དག། བདུད་དང་ཡི་དགས་ཚོགས་ཀྱང་འཆི། ། གཤིན་གཤེད་རྡོ་རྗེའི་སྦྱོར་བ་ཡིས།། རྣལ་འབྱོར་བདག་ཉིད་འབུམ་བཟླས་པ།། དེས་ནི་ལས་ཀུན་བྱེད་པ་ཡིན།། བྱེ་བ་བཟླས་ན་དངོས་གྲུབ་སྟེར།། བྱེ་བ་ལྔ་བཟླས་སྨོས་ཅི་དགོས། ། ཉིན་རེ་འམ་ཡང་ན་བླ་རེ་འམ།། དེ་བཞིན་ལོ་ནི་རེ་རེ་འམ།། གཏོར་མ་དྲུག་ཅུ་རྩ་བཞི་སྐྱོན།། དབྱུག་གུ་དྲུག་ཅུ་རྩ་བཞིར་ཤེས།། རྟག་ཏུ་ཅུང་ཟད་ཅི་ཟ་དང་དེ་བཞིན་ཅུང་ཟད་འཐུང་བ་དང་། ། གཞན་ཡང་བཟའ་བ་ཐམས་ཅད་ཀྱི།། ཕུན་ནི་གཤིན་རྗེ་གཤེད་ལ་དབུལ།། དེ་ནས་ཡང་དག་བཤད་བྱ་བ།། བླ་མ་ལ་ནི་ཡོན་དབུལ་བའོ།། ལས་ནི་ཐམས་ཅད་སྒྲུབ་པ་དང་། ། བདག་ཉིད་ཞི་བར་བྱེད་པའི་ཕྱིར།། བདག་ཉིད་ཀྱང་ནི་དབུལ་བ་དང་།། རྟ་དང་བ་དང་གླང་པོ་དང་།། གསེར་དང་དེ་ལས་གཞན་པ་དང་།། རང་གི་ཆུང་མ་དེ་བཞིན་བུ།། མ་དང་སྲིང་མ་ཚ་མོ་དང་། ། དེ་བཞིན་དུ་ནི་སྤྱན་ཟླ་དང་།། ན་བཟའ་སྣ་ཚོགས་དག་དང་ནི།། གདུགས་དང་རྡུལ་ཡང་མཛེས་པ་དང་།། ཁྱིམ་དང་གདན་དང་དྲི་ཞིམ་དང་།། དེ་བཞིན་གྲུ་དང་རོལ་མོ་དང་། རལ་གྲི་དང་ནི་རྒྱན་དག་དང་། ། བརྟུལ་ཞུགས་ཅན་གྱིས་བླ་མར་དབུལ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། ཉེ་བར་མཁོ་བའི་ལས་ཀྱི་ཁྱད་པར་ཐམས་ཅེས་བྱ་སྟེ་རིམ་པར་ཕྱེ་བ་བཅུ་གཉིས་པའོ། ། །། དེ་ནས་སེམས་ཅན་ཐམས་ཅད་ཀྱི།། སྡིག་པ་དག་ནི་ཇི་སྙེད་པ།། དེ་དག་གཅོད་པའི་གྲི་གུག་སྟེ།། ཞེ་དང་གཅོད་པའི་ཤུབས་ཅན་ནོ། ། དེ་ནས་ཡང་དག་བཤད་བྱ་བ།། རིང་བའི་ཐོས་པ་སྒྲུབ་པའི་ཕྱིར།། རྡོ་རྗེ་མཁའ་འགྲོ་མ་སྒྲུབ་ཐབས།། ནམ་མཁའི་ཁམས་ཀྱི་དབུས་གཏོགས་པར།། ཉི་མའི་དཀྱིལ་འཁོར་མཆོག་བསམ་བྱ། ། གནས་དེར་རྩེ་ལྔ་པ་ཡང་སྒོམ།། དེ་ཡི་སྟེང་དུ་གནས་དགོད་བྱ།། མཐིང་མདོག་ནག་པོ་འཇིགས་ཚུལ་ལ།། ཕྱག་དྲུག་འཇིགས་སུ་རུང་བ་སྟེ།། ཕྱག་ན་རྡོ་རྗེ་བསྣམ་བསྒོམ་བྱ། ། ཕྱག་གཞན་དག་ལ་གཞན་དག་དགོད།། ཤར་དུ་སངས་རྒྱས་མཁའ་འགྲོ་མ།། ཕྱག་དྲུག་གཏི་མུག་རྡོ་རྗེ་མཚུངས།། ལག་ན་འཁོར་ལོ་འཇིགས་པར་བྱེད།། བསྒོམ་བྱ་སྦྱོར་བའི་དཀྱིལ་འཁོར་དུ། ། ལྷོ་རུ་རིན་ཆེན་མཁའ་འགྲོ་མ།། ཕྱག་དྲུག་པ་མ་དང་མཚུངས་པ།། ཕྱག་ན་རིན་ཆེན་རབ་འབར་བ།། ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ།། ནུབ་ཏུ་པདྨའི་མཁའ་འགྲོ་མ། ཕྱག་དྲུག་པདྨ་འཛིན་པའོ།། བྱང་དུ་ལས་ཀྱི་མཁའ་འགྲོ་མ།། རལ་གྲི་འཛིན་པའི་དཀྱིལ་འཁོར་རིམ་པའོ།། མེ་ལ་སོགས་པ་མཚམས་བཞི་རུ།། ལྷ་མོ་བསྒོམ་བྱ་བརྟུལ་ཞུགས་ཅན།། ལཱ་སྱ་མཱ་ལེ་དེ་བཞིན་གྲཝར།། གླུ་མ་ཡི་ནི་ཁྱད་པར་རོ།། ལས་ཀྱི་ཆོ་ག་མཐོང་བ་དེས།། དེར་ནི་སྒོང་སྐྱེས་བསྒོམ་པར་བྱ།། ཐོ་བ་དབྱིག་པ་དང་པདྨ།། དེ་བཞིན་གཞན་ནི་རལ་གྲིའོ།། ཨོཾ་བཛྲ་ཌྷ་ཀི་ནི།། ཨོཾ་བུདྡྷ་ཌཱ་ཀི་ནཱི། ཨོཾ་རཏྣ་ཌཱ་ཀི་ནཱི། ཨོཾ་པདྨ་ཌཱ་ཀི་ནཱི། ཨོཾ་ཀརྨ་ཊ་ཀི་ནཱི། ལཾ་ནཾ་གཾ་མཾ། མཚམས་སུའོ།། ཨོཾ་མུད་ཀ་ར་ཛ། ཨོཾ་དཎྜ་པཱུ། ཨོཾ་པདྨ་བཾ་ཨོཾ་ཁཌྒ་གོ། འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ཅན་གྱིས་རྡོ་རྗེ་མཁང་འགྲོ་མིང་སྒྲུབ་ཐབས་གསུངས་པའོ།། རིང་པོའི་ཐོས་པ་སྒྲུབ་དོན་དུ།། རྡོ་རྗེ་མཁའ་འགྲོ་མ་བསྒོམ་བྱ།། དེ་ནི་གསང་སྔབས། ཀྱི་དངོས་གྲུབ་འགྲུབ་པར་འགྱུར་ཏེ། ཨོཾ་ཨཱ་ཀྵ་ཤ་ཙ་ར་བཛྲ་ཌཱ་ཀི་ནཱི་སྭཱཧཱ།། དེ་ནས་ཡང་དག་བཤད་བྱ་བ།། རྡོ་རྗེ་ས་འོག་སྒྲུབ་ཐབས་སོ།། ས་འོག་རྣམ་པར་བསྒྲུབ་དོན་དུ་གནོད་མཛེས་རྡོ་རྗེ་བསྒོམ་པར་བྱ། ། ཕྱག་དྲུག་མདོག་སྔོན་འཇིགས་པ་ཡི།། ཕྱག་ཏུ་གཏུན་ཤིང་དགོད་པར་བྱ།། དཀྱིལ་འཁོར་གྱི་ནི་དཀྱིལ་དག་ཏུ།། འོདི་ནི་རབ་ཏུ་དགོད་པར་བྱ།། ཤར་དུ་སྤྱན་མ་དགོད་པར་བྱ། ། དེ་བཞིན་ལྷོ་རུ་མཱ་མ་ཀཱི།། ནུབ་ཏུ་ལྷ་མོ་གོས་དཀར་མོ།། སྒྲོལ་མ་བྱང་གི་ཕྱོགས་སུ་དགོད།། མེ་ཏོག་སྤོས་དང་དེ་བཞིན་དྲི།། མར་མེ་ལ་སོགས་མཚམས་སུ་དགོད།། ཐོ་བ་ལ་སོས་སྒོ་དྲུང་སྟེ། ། སྦྲུལ་གྱིས་བརྒྱན་པའི་སྐ་རགས་བྱས།། ལས་ཀྱི་ཆོ་ག་མཐོང་ནས་ནི།། དཀྱིལ་འཁོར་འདི་ལྟར་བསྒོམ་པར་བྱ།། རྡོ་རྗེ་ས་འོག་སྦྱོར་ལྡན་པས།། རྨི་ལམ་དུ་ནི་ལམ་མཐོང་འགྱུར།། དེ་ནས་ཡང་དག་བཤད་བྱ་བ། ། བདུན་པའི་རྒྱལ་པོའི་དཀྱིལ་འཁོར་ཏེ།། མཁའ་སྤྱོད་ཉིད་ནི་རབ་སྒྲུབ་ཕྱིར།། རྟ་ཡི་མཆོག་ནི་རབ་ཏུ་སྒྲུབ།། ཕྱག་གཉིས་པ་ལ་ཞལ་གཅིག་པ།། སྐུ་མདོག་ལྗང་ཁུ་འཇིགས་པར་བྱེད། ། ཉི་མའི་དཀྱིལ་འཁོར་སྟེང་དུ་གཞག། རྟ་ཡི་གདོང་པ་རབ་མཛེས་པས།། གཡས་པ་སྲད་དུ་ཁུ་ཚུར་བཅས།། ཕྱག་གཡོན་པ་ནི་ཐོད་པའོ།། ཨོཾ་ཕྲེཾ་ཕྲུཾ་ཕུ་གི་གི་ཧི། གསང་སྔགས་འདི་ནི་མཁས་པས་བཟླ། ། རྟ་ཡི་མཆོག་ཏུ་གྱུར་པར་གྲགས།། ཤར་དུ་བ་ཌ་བིང་བསྒོམ་བྱ།། ལྷོ་ཕྱོགས་སུ་ནི་རིམ་གྲོ་མ།། ནུབ་ཏུ་བདུན་པའི་རྒྱལ་པོ་སྟེ།། བདག་པོའི་ཕྱག་དག་ཇི་ལྟ་དང་།། ཐམས་ཅད་དདང་འདྲ་པར་བསྒོམ། ། ཐག་ས་འང་མིས་ནི་ཐམས་ཅད་དུ།། གཤེགས་སུ་གསོལ་བར་རབ་ཏུ་གྲགས།། སྨུག་མོའི་གླིང་བུ་བ་ལང་དང་།། ཛ་ཟླུམ་རྫ་ཐན་མཚམས་སུ་གཞས། ཕན་ཐང་སྣ་དང་སྭཱ། དེ་བཞིན་གདང་བཟང་གདོང་ངན་ཏེ།། གཏུན་ཤིང་དང་ནི་སྟ་རེ་དང་།། ལྕགས་ཀྱུ་དང་ན་ནགས་པ་དང་།། གར་ལ་སོགས་པའི་རྣལ་འབྱོར་གྱིས།། སྒོ་བནི་ཚུན་རྣབ་ཏུ་སྡོམ།། སྔོ་ཆགས་གཡོན་པ་བསྒོམ་པར་བྱ། ། རང་གི་ཕྱག་མཚན་དེ་བཞིན་གཡས།། ཇི་ལྟར་རྟ་མཆོག་སྔགས་ཀྱིས་ནི།། རྡོ་རྗེ་ས་འོག་གི་ཡང་གཏེར།། རྟ་མཆོག་རྣལ་འབྱོར་ཉིད་ཀྱིས་ནི། ཁམས་གསུམ་ནམ་མ་ཁའི་ཁམས་སུ་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྫོགཤེད་ནག་པོའི་རྒྱུད་ལས།། དངོས་གྲུབ་ངེས་པར་བསྟན་པ་སྟེ་རིམ་པར་ཕྱེ་བ་བཅུ་གསུམ་པའོ།། དེ་ལ་འདི་ནི་སྲང་། བུ་བརྐྱང་བའི་དམ་ཚིག་གི་མཆོག་སྟེ། ཨོཾ་ཨ་ཀཱ་རོ་མུ་ཁ~ཾ་སརྦ་དྷརྨཱ་ཎཱ་ཨ་དྱ་ནུཏྤནྣ་ཏཱཏ་ཨོཾ་ཨཱཿཧཱུཾ། དཔལ་ལྡན་གཤིན་རྗེ་གཤེད་བསྒོམས་ལ།། སློབ་མ་རྣམ་སྣང་མཛད་དུ་སྒོམ།། ཡེ་ཤེས་ཐིག་མཆོག་། རྩེ་མོ་རྩེ།། ཤིན་ཏུ་མཉམ་པར་བཞག་ནས་གདབ།། དེ་ལ་འདི་ནི་དཀྱིལ་འཁོར་ཆེན་པོའི་དམ་ཚིག་གོ།། ཨོཾ་ཨཱཿཧཱུཾ། དཀྱིལ་འཁོར་ཉིས་འགྱུར་རིམ་པར་བྱ།། དེ་ཡི་སྒོ་ཡི་ཉི་ཤུའི་ཚད།། བཞི་པའི་རྣམ་ལྔ་མཉམ་བྱུགས་པའི། ། སྐུད་པ་སངས་རྒྱས་ཀྱིས་རབ་བརྟགས།། དེ་ལ་འདི་ནི་རྡོ་རྗེ་ཆེན་པོའི་གསོལ་བ་བཏབ་པའི་དམ་ཚིག་གོ།། ཨ་མ་གོ་སངས་རྒྱས་སློབ་དཔོན་ཆེ།། ཨེ་མ་གོ་ཆོས་དང་ཚོགས་ཀྱི་གཙོ། དམ་ཚིག་དམ་ཚིག་བདག་ལ་སྩོལ།། བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ།། དེ་ལ་འདི་ནི་ས་ཆེན་པོ་ཡོངས་སུ་གཟུང་བའི་ཆོ་ག་སྟེ། རྡོ་རྗེ་སིའི་ལྷ་མོ་བཀུག་ལ། ལྷ་མོ་ཁྱོད་ནི་དབང་དུ་གྱུར། ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི།། སྤྱོད་པ་ཡི་ནི་ཁྱད་པར་དང་།། ས་དང་ཕ་རོལ་ཕྱིན་པ་ལའོ།། སྒོ་ནི་དཀྱིལ་འཁོར་ཆ་བརྒྱད་དེ།། ཁྱམས་ཆེན་དང་ནི་བོར་པ་ལ།། བདག་ཉིད་ཆེན་པོས་ཤེས་པར་བྱ། ། ཡིད་དུ་འོང་ཞིང་ལེགས་སྤྲས་པའི།། མུ་ཁྱུད་སྒོམ་ཙམ་ཤེས་པར་སྱ།། ལྷ་ཡི་སྣམ་བུའང་དེ་ཙམ་མོ།། རྡོ་རྗེ་ལྷ་མོ་ལྡན་པ་ཡིས།། གླུ་དང་རོལ་མོ་གར་ཡང་དགོད།། མཆོད་སྣམ་སྒོ་ཡི་ཕྱེད་ཉིད་དེ། ། འགྲམ་དང་ངོས་ཀྱང་དེ་ཙམ་མོ།། དོ་ཤལ་སེ་མོ་དོ་དང་ནི།། ཉི་མ་ཟླ་བ་མེ་ཏོག་འཕྲེང་།། དེ་ལ་གོས་དང་འཕན་དག་གོ། རྩ་བ་ས་ཡི་ཐིག་རྒྱབ་ཏུ།། ཚོན་རྩིའི་སྣམ་བུ་དེ་ཡི་ཕྱེད།། དེ་ལ་སྙིང་པོ་ཆེན་པོ་འདིས། ། བདག་ཉིད་འཁོར་ལོ་རྣམ་པར་དགོད།། དེར་ནི་རང་གི་ཕྱག་རྒྱའང་བརྟེན།། དམ་ཚིག་ཡེ་ཤེས་གཞུག་པ་སྟེ།། དེ་ལྟར་དཀྱིལ་འཁོར་བསྒྲུབ་པར་བྱ།། ཤར་དུ་དཀར་པོ་ཆེན་པོ་སྟེ། ལྷོར་ནི་སེར་པོ་དང་ལྡན་པས།། ནུབ་ཀྱི་ཆར་ནི་དམར་པའོ།། བྱང་དུ་ལྗང་ཁུ་དང་ལྡན་པ།། ཨིནྡྲ་ནཱི་ལ་འོད་འདྲ་བའི།། དབུས་ཀྱི་ཆར་ན་ཡང་དག་བྲི།། དེ་ལ་ཕྱག་རྒྱ་དགོད་པར་བྱ།། ལས་ཀྱི་ཆོ་ག་མཐོང་ནས་ནི། ། རྟག་ཏུ་ཕྱག་རྒྱ་མཁའ་མཉམ་པ།། ཕྱག་རྒྱ་དེ་ཉིད་རྟག་ཏུ་བྲི།། དེ་ཡི་དཀྱིལ་དུ་རྡོ་རྗེ་བྲི།། ཤར་དུ་འཁོར་ལོ་ཡང་དག་བྲི།། དེ་ལྟ་བུ་ལ་སོགས་པ་བལྟ།། ཕྱག་མཚན་ཀུན་ཏུ་ཞལ་དང་མཚུངས་དེ་ལ་འདི་ཡི་དགང་གཟར་ན། ། དེ་ཡི་ཡུ་བའི་ཚད་བྱ་བ།། ཁྲུ་གང་དང་ནི་ལྡན་པར་བྱ།། དེ་ཡི་དཀྱིལ་འཁོར་རྩེ་མོ་ནི།། སོར་བཞི་པ་ལ་ཟླུམ་པོར་བྱ།། གཏིང་དུ་སོར་གཉིས་ཟབ་པ་ལ།། དེ་ལ་སོར་ཕྱེད་མ་བྱས་པའོ། ། བླུགས་གཟར་པདྨའི་འདབ་འདྲ་བའི།། ཁ་ནི་མཐེ་བོའི་ལྟོ་གང་ལ།། དེ་ལ་སོར་གཅིག་ཙམ་ཟབ་པ།། རྒྱུད་འདི་རུ་ནི་རབ་ཏུ་བསྔགས།། དཀྱིལ་འཁོར་དུ་ནི་མ་ཞུགས་དང་།། མཚམས་མེད་ལྔ་ནི་བྱས་པ་དང་། ། སེམས་ཅན་སྲོག་ནི་གཅོད་པ་དང་།། ཉ་དང་ཤ་ནི་མངོན་ཟ་དང་།། ཆང་ལ་མངོན་པར་དད་པ་དང་། ཆད་ལྟའི་བརྟུལ་ཞུགས་འཛིན་པ་དང་།། མངོན་པར་དབང་ནི་མ་བསྐུར་དང་།། ཀུན་ཏུ་འཁྱམ་ཞིང་ལྡོམ་པ་དང་།། གྲོང་གི་གྲ་མི་བྱེད་པས་ཀྱང་།། གཤིན་རྗེ་གཤེད་རྒྱུད་མངོན་གཞོལ་ན།། ནག་པོའི་ཚིག་ནི་ཇི་ལྟ་བར།། གྲུབ་པ་འདི་ལ་ཐེ་ཙོམ་མེད།། དེ་ནས་བྱམས་པ་ལ་སོགས་ཀྱིས། ། རྡོ་རྗེ་ངེས་པ་འདི་མཐོང་ནས།། རྡོ་རྗེ་བྱང་ཆུབ་སེམས་དཔའ་ཀུན།། མི་སྨྲ་བར་ནི་སྡོད་པར་འགྱུར།། དེ་ལ་འདི་ནི་རྡོ་རྗེ་དབབ་པའི་ཆོ་གའོ།། འབྱུང་བཞིའི་ས་བོན་ཆེན་པོ་ཡིས།། འཁོར་ལོ་བནི་ནི་རབ་བསྒྲུབ་བྱ། ། གནས་བཞི་རབ་ཏུ་སྦྱོར་བས་བསམ།། ནམ་མཁའ་ལ་ནི་གཡོ་བར་བྱེད།། རྐང་པ་ངག་གི་འོག་ཏུ་ཡཾ།། ལྟེ་བར་རཾ་སྟེ་སྙིང་ཁར་ལོ།། མགོ་བོ་ལ་ནི་ཡི་གེ་བཾ།། ཡི་གེ་ཡ་ནི་ནག་ཆེན་པོ། ། དྲག་ལ་རྔམ་པ་རབ་འགྱུར་བའི།། གྲུ་གསུམ་སྲེག་པའི་མེ་ལྟར་འབར།། ཉི་མའི་དཀྱིལ་འཁོར་ལྟ་བུར་དམར།། རྡོ་རྗེ་ས་གཞི་འཛིན་བཟོད་པའི།། སེར་པོ་ཆེན་པོ་གྲུ་བཞི་པ།། རི་རབ་རི་ཡིས་མནན་པ་ཡི། ། ནོར་འཛིན་དེ་ནི་བསྒོམ་པར་བྱ།། དཀར་པོ་ཟླུམ་པོ་བསིལ་ཆེན་པོ།། སྤྲིན་བཞིན་དུ་ནི་ཆར་པ་འཛིན།། རྒྱ་མཚོ་དུ་མ་ཆུས་གང་བའི།། གངས་ཀྱི་རི་བོ་ལྟར། བསིལ་བའི།། གནས་བཞི་རུ་ནི་སྦྱོར་བས་ན།། ཁར་ནི་སྣང་བ་མཐའ་ཡས་ཏེ།། སློབ་མ་རྡོ་རྗེ་བསྒོམ་པར་བྱ།། མྱུར་བ་རུ་ནི་འབེབས་པར་བྱེད།། དེ་ལ་འདི་ནི་དྲི་བའི་ཆོ་གའོ།། རྡོ་རྗེ་ཆོས་ནི་མགོན་ཆེན་པོ། ། སྣང་བ་མཐའ་ཡས་བདེ་བ་ཆེ།། གསུངས་ཤིག་འདོད་ཆགས་ཆོས་ཆེན་པོ།། དགེ་དང་མི་དགེ་ལེགས་པར་དྲི།། ཁྲུ་གང་ནས་ནི་བརྩམས་ནས་ནི།། ཇི་སྲིད་ཁྲུ་ནི་སྟོང་གི་བར།། སློབ་མ་ཆེན་པོ་འཕར་བར་འགྱུར། ། དེ་ནི་འབབ་པའི་ཆོ་གའོ།། འཇིགས་གཟུགས་རི་མོའི་མཚན་ཉིད་ནི།། དེ་ནས་ཡང་དག་བཤད་པར་བྱ།། ས་ནི་འཇམ་པོ་བླང་བྱས་ལ།། བརྟུལ་ཞུགས་ཅན་གྱིས་བཟླས་པ་བྱ།། སྲན་གྲེའུ་འོ་མ་དེ་བཞིན་ཤ།། བུ་རམ་ཏིན་ནི་ནི་ལ་སོགས།། སྣུམ་དང་ནིམ་པའི་ལོ་མ་དང་།། ན་ཏི་དེ་བཞིན་ཛ་གེ་ས།། དང་པོར་དཀར་པོར་བྲི་བར་བྱ།། ཁ་དོག་གཞན་གྱིས་དེ་ནས་བསྒོམ། རྡོ་རྒྱུས་དང་ནི་བཙག་དག་ལས།། རྒྱ་སྐྱེགས་ལྟ་བུའི་མདོག་ཏུ་འགྱུར།། ཡུང་བ་དེ་དག་རམས་དག་ལས།། དེ་བཞིན་ཁ་དོག་ལྗང་ཁུར་འགྱུར།། སྔོན་པོ་དག་ནི་རམས་ཀྱིས་བྱ།། དེ་བཞིན་དུ་བས་ནག་པོ་ཡི། ། ལྡོང་རོས་ཀྱིས་ནི་སེར་པོ་སྟེ།། དམར་པོ་དེ་བཞིན་མཚལ་གྱིས་སོ།། དེ་ལ་བིལ་བའི་སྙིང་པོ་གཞག། ཧ་ཅང་ཉུང་དང་མང་བ་ཡིན།། མངས་ན་ནག་པོར་འགྱུར་བ་སྟེ།། ཉུངས་ནདེ་བཞིན་འཐུལ་བར་འགྱུར། ། གཟུགས་ནི་ཁྲོ་དང་ཞི་བའོ།། མཚན་ཉིད་དག་ནི་བཤད་པར་བྱ།། རོལ་བཞི་པར་གསུངས་པ་སྟེ།། ཁྲོ་བ་སྦོམ་ལ་ཐུང་བར་བཤད།། སྣ་ནི་སོར་བཞི་བྱ་བ་སྟེ།། དཔྲལ་བཀོ་སྐོ་མཆུ་དེ་བཞིན། ། མགྲིན་པ་འགྲམ་པ་དེ་བཞིན་མཚན།། སོར་བཞི་དག་ཏུ་བྱ་བ་ཡིན།། ཉི་ཤུ་རྩ་བཞི་ལག་པ་ལ།། གྱེན་དུ་སོར་ནི་ཉི་ཤུ་ཡིན།། ལག་པ་རྐང་པ་གདོང་ཇི་ལྟར།། མིག་ནི་མཐེ་བོ་གང་ཙམ་སྟེ། ། རྣ་བ་གཉིས་ལ་སོར་གཉིས་བསྒྲགས།། འབྲས་བུ་གཉིས་པ་དེ་བཞིན་བཞི།། མཆུ་ནི་སོར་གཉིས་བསྡོམས་པའོ།། ལྟེ་བ་སོར་གཅིག་ཟབ་པ་ཡིན།། ལུས་ནི་མགྲིན་པ་བོར་བ་ཡི། ། གདོང་ནི་སུམ་འགྱུར་ལུས་ལ་དགོད།། རལ་པ་ཅོད་པན་དེ་ཡི་ཚད།། རིན་ཆེན་ཅོད་པན་སོར་དྲུག་པའོ།། རལ་པ་གཅིག་མ་རབ་སྒྲུབ་ཐབས།། དེ་ནས་ཡང་དག་བཤད་བྱ་བ།། གནོད་སྦྱིན་མོ་ནི་སྒྲུབ་འདོད་པས། ། རལ་པ་གཅིག་མ་རབ་སྒྲུབ་ཐབས།། ཕྱག་གཉིས་པ་ལ་ཞལ་གཅིག་སྟེ།། གྲི་གུག་དང་ནི་ཐོད་པ་ལ།། ཤིན་ཏུ་སྦོམ་ལ་མདོག་སྔོ་བ།། དཀྱིལ་འཁོར་དབུས་སུ་བསྒོམ་པར་བྱ། ། ཛཾ་བྷ་ལ་ནི་ཤར་དུ་སྒོམ།། བ་སུ་དྷི་ནི་ལྷོ་ཕྱོགས་སུ།། ཆུ་དབང་ནུབ་ཏུ་དགོད་པར་བྱ།། བྱང་དུ་རྣ་ཆག་རྐོས་རྐོ་འབྱུང་།། མེ་ལ་སོགས་པའི་མཚམས་ངག་ཏུ།། གནོད་སྦྱིན་མོ་བཞི་རྣམ་བའི་བྱ། ། ཀུ་ཏལ་ཀྱེ་སེཾན་གྱི་ཧཾ།། སུན་རྗེ་རི་ཆོ་ག་བཞིན་དགོད།། དེར་ནི་སྒོ་བ་རྣམས་བསྒོམས་ཏེ། ཁྲོ་བ་ལ་སོགས་མཉམ་པར་རོ།། འཁོར་ལོ་སྔ་མ་མཐོང་བ་བཞིན།། དེ་བཞིན་མངོན། ནི་རབ་སྦྱང་བྱ།། ཕྱག་མཚན་བདག་ནི་ལྟར་འཛིན་པ། མཁས་པས་ཕྱི་ནས་སྔགས་བཟླས་ཏེ།། ཨོཾ་ཨེ་ཀ་ཛ་ཊི་བ་སུངྒ་ར་ཎི་སྭཱ་ཧཱ། པུཀྐ་སི་ནི་རབ་སྒྲུབ་ཐབས། དེ་ནས་ཡང་དག་བཤད་པར་བྱ།། གང་ཞིག་བསྒོམས་པ་ཙམ་གྱིས་ནི།། འཇིག་རྟེན་གསུམ་ལ་འཚེ་ནུས་པ།། སྐུ་མདོག་སེར་པོ་ཞལ་བཞི་པ།། ཕྱག་བཞི་བོང་བུ་ལ་བཅིབས་པ།། པུཀྐ་སི་ཡི་ལུས་བསྒོམ་བྱ།། ཞགས་པ་ཐོ་བ་མདའ་དག་དང་།། བརྟུལ་ཞུགས་ཅན་གྱིས་གཞུ་བཅས་སྒོམ།། ཨོཾ་པུཀྐ་སི་ཨཾ་ཞེས་སྔགས་བརྗོད་དོ།། འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ནི། ། དེ་ནས་ཡང་དག་བཤད་བྱ་བ།། དེ་ཡི་མོད་ལ་མི་སྣང་བར།། འཇམ་པའི་རྡོ་རྗེ་གྲགས་འགྱུར་བ།། འབར་བའི་གསེར་འོད་འདྲ་བ་ཡི།། སེར་པོ་ཞལ་གསུམ་ཕྱག་དྲུག་པ།། གཞོན་ནུའི་གཟུགས་ནི་འཛིན་པའི་མགོན།། མི་མཐོང་བྱ་བའི་དོན་དུ་སྒོམ།། ཤར་དུ་མཛེས་མ་དགོད་པར་བྱ།། དེ་བཞིན་ལྷོ་རུ་སྒྲ་ཅན་མ།། ནུབ་དུ་སེར་པོ་བསྒོམ་པར་བྱ།། བྱང་དུ་ཉེ་བའི་སྐྲ་ཅན་མ། ། ཐམས་ཅད་ཕྱག་ན་རལ་གྲི་དང་།། འཁོར་ལོ་ལ་སོགས་གཞན་ལ་དགོད།། ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ།། སྣ་ཚོགས་རྒྱན་གྱིས་བརྒྱན་པའོ།། ས་བོན་ཡི་གེ་མཾ་ལས་བྱུང་། ། དཀྱིལ་འཁོར་གྱི་ནི་དབུས་ན་བཞུགས།། ཐམས་ཅད་ཞབས་ནི་གཡོན་བརྐྱང་བས།། རི་བོང་ཅན་གྱི་གདན་ལ་བཞུགས།། འོད་ཟེར་ཅན་དང་རི་ཁྲོད་མ།། དེ་བཞིན་ནོར་འཛིན་སྐུལ་བྱེད་མ། ། མེ་ལ་སོགས་པའི་མཚམས་བཞི་རུ།། བསྡུས་པ་དགོད་བྱ་སྙིང་པོ་ལའོ།། མྱ་ངན་མེད་དང་ཡལ་འདབ་དང་།། འབྲས་ཀྱི་སྙེ་མ་དབྱིག་པའོ།། སེར་དང་ལྗང་དང་ཡང་སེར་པོ། ། དཀར་པོའི་ལུས་ནི་བསྒོམ་པར་བྱ།། ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ།། དཀྱིལ་འཁོར་དག་ཏུ་གདབ་པར་བྱ།། ཐོ་བ་ལ་སོགས་སྒོ་བ་བཞི།། བསྒོམས་ན་མཐོང་བར་མི་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། འཇམ་པའི་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བ་སྟེ་རིམ་པར་ཕྱེ་བ་བཅུ་བཞི་པའོ།། ། འཕགས་པ་འཛང་གུ་ལིའི་སྒྲུབ་ཐབས།། དེ་ནས་ཡང་དག་བཤད་པར་བྱ།། གང་ཞིག་བསྒོམས་པ་ཙམ་གྱིས་ན།། ཆུ་ཡི་སྟེང་ནས་འགྲོ་འགྱུར་བ།། སེར་པོ་ཞལ་གསུམ་ཕྱག་དྲུག་པ།། ས་བོན་དུ་ལས་ཡང་དག་བྱུང་། ། སྐུ་ཆེན་ཕྱག་ན་སྦྲུལ་བསྡམས་པ།། རྨ་བྱཱ་ལ་ནི་ཞོན་པར་དགོད།། ཤར་དུ་རྨ་བྱ་དགོད་པར་བྱ།། དེ་བཞིན་ལྷོ་རུ་ཁྲོ་གཉེར་ཅན།། ནུབ་ཏུར་ཁྲོད་ལོ་མ་ཅན།། བྱང་དུ་རྡོ། ལྕགས་སྒྲོག་མ།། རྨ་བྱའི་སྒྲོ་དང་སྤྱི་བླུགས་དང་།། ལོ་མ་དང་ནི་ལྕགས་སྒྲོག་མ།། དེ་དག་རྣམ་པར་བསྒོམ་པར་བྱ།། སེར་དང་དམར་དང་དེ་བཞིན་ལྗང་།། ཁ་དོག་སྔོན་པོ་དབྱེ་བ་ཉིད།། མཁས་པས་འདི་ལྟར་བསྒོམ་པར་བྱ། ། དེ་བཞིན་སྔགས་འདི་དག་ཀྱང་བཟླས།། ཨོཾ་སུཛ། ཐོ་བ་ལ་སོགས་སྒོ་རུ་དགོད། མེ་ཏོག་ལ་སོགས་མཚམས་སུ་དགོད། འཛང་གུ་ལི་ཡི་སྦྱོར་བ་ཡིས། ཆུ་ཡི་སྟེང་ནས་རྟག་ཏུ་འགྲོ།། ཀུ་རུ་རབ་སྒྲུབ་ཐབས།། དེ་ནས་ཡང་དག་བཤད་པར་བྱ།། གང་གིས་བསྒོམས་པ་ཙམ་གྱིས་ནི།། ཀླུ་ཡི་བུ་མོ་རབ་འགུགས་པ།། ཁ་དོག་དམར་པོ་ཞལ་བཞི་པ། ། ཕྱག་བརྒྱད་དང་ནི་རབ་ཏུ་ལྡན།། ཧྲི་ཡི་ས་བོན་ལས་བྱུང་བས།། ཀླུ་ནི་འགུགས་པར་བྱེད་པ་ཡིན།། ཕྱག་བརྒྱད་དུ་ནི་ཀླུ་དགོད་དེ།། མཐའ་ཡས་ལ་སོགས་ཀླུ་རིག་བརྒྱད།། ལུས་ནི་སྦྲུལ་གྱིས་རབ་ཏུ་བརྒྱན།། བརྟུལ་ཞུགས་ཅན་གྱིས་མཛེས་མ་སྒོམ།། སྔགས་ནི། ཨོཾ་ཀུ་རུ་ཀུལླེ་ཧྲིཿཔུ་སྭཱ་ཧཱ། དེ་ནས་གསང་བ་བཤད་པར་བྱ།། བསྡུས་ནས་ཡིན་གྱིས་རྒྱས་པ་མིན།། གང་ཞིག་ཤེས་པ་ཙམ་གྱིས་ནི། ། ལྷ་ཡི་བུ་མོ་འགུགས་བྱེད་པ།། ཕྱག་གཉིས་པ་ལ་ཞལ་གཅིག་སྟེ།། ཕྱག་ན་མདའ་དང་གཞུ་བསྣམས་པ།། ལུས་ནི་སེར་པོ་ཆེན་པོ་ཡི།། རྡོ་རྗེ་ལུས་མེད་བསྒོམ་པར་བྱ།། ཤར་དུ་དགའ་མ་བསྒོམ་པར་བྱ།། ལྷོ་རུ་འདོད་པའི་མཛེས་མ་སྒོམ།། ནུབ་ཏུ་འདོད་པའི་ལྷ་མོ་སྒོམ།། བྱང་དུ་འདོད་པའི་ལྕགས་ཀྱུའོ།། འདོད་པའི་ལྷ་མོ་ཐམས་ཅད་ཀྱི།། ཕྱག་ཏུ་མདའ་དང་གཞུ་བསྒོམ་བྱ། ། སེར་དང་དམར་དང་དེ་བཞིན་ལྗང་།། དམར་སྒྲ་དག་ནི་བསྒོམ་པར་བྱ།། མཚམས་རྣམས་སུ་ནི་རྟག་དགོད་པ།། མི་འགག་དེ་བཞིན་མཚམས་ཀྱི་བདག། དབྱི་དང་སྤྲེའུའི་རྒྱལ་མཚན་ནི།། སྒོ་ཡི་ཕྱོགས་ཀྱི་བཤད་པར་བྱ།། འདོད་པ་འགྱིང་དང་འགྱིང་བག་ཅན།། དྲན་དང་དེ་བཞིན་མདའ་གྲི་ཅན།། ལྷ་རྣམས་དེ་དག་ཐམས་ཅད་ཀྱི།། དབུ་ལ་གཤིན་རྗེ་གཤེད་པོ་སྒོམ།། བུད་མེད་ཀྱི་ནི་པདྨ་རུ། ། རྡོ་རྗེ་ལུས་མེད་བསྒོམ་པར་བྱ།། ཡི་གེ་ཡིད་ལས་ཡང་དག་བྱུང་།། ཀུན་ཏུ་འཁོར་བར་རྣམ་པར་འགྲོ།། བསླུས་ཤིང་གཡེངས་པ་བསྒོམ་པར་བྱ།། མྱོང་ནས་བདེ་བའི་འདོད་ཡིས་ཀྱིས།། དམར་པོལ་གོས་ཀྱིས་ཡོངས་དཀྲིས་ཏེ། ། རྐང་པའི་དྲུང་དུ་ལྷུང་བར་འགྱུར།། དེར་ནི་སྔགས་ཀྱང་བཟླས་པར་བྱ།། ཡི་གེ་ཨོཾ་ནི་རིང་པོར་དྲང་།། ཡི་གེ་སཱསྠཱ་མཐའ་མར་སྦྱིན།། ཡི་གེ་སི་ཏིའི་སྔགས་བཟླས་བྱ།། ཆེ་གེ་མོ་ཞིག་བདག་དབང་གྱུར།། ཐམས་ཅད་དུ་ནི་བསྒོམ་བྱས་ནས།། ནག་པོའི་ཚིག་ནི་ཇི་བཞིན་གྱིས།། རྣལ་འབྱོར་འདོད་པས་དེ་ཐོབ་འགྱུར།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། ། ལུས་མེད་རྡོ་རྗེའི་སྒྲུབ་ཐབས་རིམ་པར་ཕྱེ་བ་སྟེ་བཅོ་ལྔ་པའོ།། །། ཧེ་རུ་ཀ་ཆེན་སྒྲུབ་པའི་ཐབས།། དེ་ནས་ཡང་དག་བཤད་པར་བྱ།། རྣལ་འབྱོར་འཁོར་བར་བཅིངས་པ་ལ།། གང་ཞིག་ཤེས་པ་མྱུར་གྲོལ་བ།། ཕྱག་གཉིས་པ་ལ་ཞལ་གཅིག་སྟེ།། ཁ་དོག་སྔོན་པོ་ཕྱེད་གར་ཅན།། རྡོ་རྗེ་ཕྱག་ཏུ་བསྒོམ་པར་བྱ།། གཞན་ཡང་ཐོད་པ་བསྒོམ་པར་བྱ། ། སྤྱན་གསུམ་སྒྲ་ནི་གྱེན་དུ་འགྲེང་།། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན།། ཁ་ཊྭཱཾ་ག་ནི་གཡོན་ཕྱོགས་སུ།། འཕྲེང་བ་དག་གིས་རྐང་པ་བརྒྱན།། ས་བོན་ཧཱུཾ་ལས་ཡང་དག་བྱུང་།། ཡི་དགས་ལ་གནས་རྟག་ཏུ་དགོད། ། སངས་རྒྱས་ལྔ་རུ་རབ་སྦྱོར་བ།། ཐོད་པ་ལྔ་ནི་དབུ་ལའོ།། ཅོད་པན་ལ་ནི་མི་བསྐྱོད་སྒོམ།། ཧེ་རུ་ཀར་གྲགས་བསྒོམ་པར་བྱ།། ཤར་དུ་ཆོས་ཀྱི་འཁོར་ལོ་མ།། སངས་རྒྱས་བྱང་ཆུབ་ལྷོ་རུའོ། ། འདོད་པ་ཀུན་གྱིས་འཁྲིས་མ་ནུབ།། བྱང་དུ་ཧེ་རུ་ཀ་ཉིད་འདྲ།། རྒྱན་ཀུན་གྱིས་ནི་རྣམ་བརྒྱན་པའི།། ཁ་དོག་སྣ་ཚོགས་རྣམ་པར་དགོད་གཟུགས་མཛེས་ཡི་དགས་ལ་བཞུགས་པ། ། གཏི་མུག་ཐམས་ཅད་ཉེར་འཇོམས་བྱེད།། ཆོས་ཀྱི་ཨ་ཤད་དབྱུག་པའི་ཐ།། དེ་བཞིན་ཡིད་བཞིན་ནོར་བུའི་ཤིང་།། ལྷ་མོ་རྣམས་ཀྱི་ཕྱག་གཡས་སུ། ། རྡོ་རྗེ་ཡང་ནི་བསྒོམ་པར་བྱ།། ཆོས་ཀྱི་འཁོར་ལོ་ཐམས་ཅད་ལ། ཐོད་པའི་སྣོད་ནི་གཡོན་པ་ལ།། སྤྱན་མ་མཱ་མ་ཀཱི་སྒྲོལ་མ།། གོས་དཀར་ཡིད་དུ་འོང་བ་རྣམས། མེ་ལ་སོགས་པའི་མཚམ་བཞི་རུ། ། འཁོར་ལོ་ཕྱི་རོལ་གཤིན་གཤེད་དོ།། ཤེས་རབ་མཐར་བྱེད་རྟ་མགྲིན་དང་།། འཁྱིལ་བར་བཅས་པར་བསྒོམ་པར་བྱ།། འཁོར་ལོ་ཡི་ནི་སྒོ་སྲུངས་ཏེ།། ཆོ་ག་ལས་ནི་མཐོང་བས་སོ།། གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། ཧེ་རུ་ཀ་སྒྲུབ་པའི་རིམ་པར་ཕྱེ་བ་སྟེ་བཅུ་དྲུག་པའོ།། །། རྣམ་པ་ལྔ་ནི་བསྒོམ་བྱས་ལ།། སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། སངས་རྒྱས་གཟུགས་ནི་བསྒོམས་པ་ཡིས།། མཁས་པས་འཁོར་ལོ་བསྒོམ་པར་བྱ།། གྲུ་བཞི་ཡི་ནི་སྦྱོར་བ་ཡིས།། འཁོར་ལོ་བསྐྱེད་པར་བྱ་བ་སྟེ།། ཙརྩི་ཀ་སོགས་གྲུ་དང་ནི།། དྲུག་པ་ལས་སྐྱེས་སོགས་པར་བྱེད། ། སྙིང་རྗེ་ཁྲོས་པའི་དང་སྒྲོལ་བཞེངས།། ཁམས་གསུམ་ཀུན་གྱི་གཏི་མུགསོལ།། དད་སྒྲོལ་གསོལ་བསམ་བཞུགས་བཞེངས།། བདུད་འདི་དག་ལས་རྒྱལ་བར་མཛོད། ། འཇིག་རྟེན་མགོན་པོ་སྟོང་ཉིད་ཅི་སྟེ་བཞུགས།། དད་སྒྲོལ་འཇིག་རྟེན་བསོད་ནམས་ཀྱིས་བཞུགས་ཤིང་།། བྱང་ཆུབ་འདོད་པའི་འཇིག་རྟེན་མགྲོན་བོས་ནས།། ཁྱོད་ནི་སྟོང་པ་ཉིད་ལ་སེམས་པར་བྱེད། ། ཇི་ལྟར་སྐར་མདའ་འཕྲོ་བ་བཞིནི།། བྱང་ཆུབ་སེམས་ལ་ཞུགས་པར་གྱུར།། རྡོ་རྗེ་འཆང་རང་ངོ་བོ་ཉིད།། སྙིང་རྗེ་དང་ནི་འདོད་ཆགས་སེམས།། དང་པོར་སྒོམ་པ་རྣལ་འབྱོར་ཏེ། ། གཉིས་པ་རྗེས་ཀྱི་རྣལ་འབྱོར་ཡིན།། གསུམ་པ་ཤིན་ཏུ་རྣལ་འབྱོར་ཏེ།། བཞི་པ་རྣལ་འབྱོར་ཆེན་པོའོ།། རྡོ་རྗེ་སེམས་དཔའ་རྫོགས་པ་ཡིན།། རྣལ་འབྱོར་ཡིན་པར་འདི་ལྟར་འདོད། ། དེ་ནི་རྒྱུ་མཐུན་ལྷ་ཡི་སྐུ།། རྗེས་ཀྱི་རྣལ་འབྱོར་ཡིན་པར་གྲགས།། འཁོར་ལོ་ཐམས་ཅད་ཡོངས་རྫོགས་པ།། ཤིན་ཏུ་རྣལ་འབྱོར་ཡིན་པར་གྲགས།། སྐུ་དང་གསུང་དང་ཐུགས་རྣམས་དང་། ། ལྷ་ཡི་མིག་སོགས་བྱིནི་རླབས་དང་།། ཡེ་ཤེས་འཁོར་ལོ་གཞུག་པ་དང་།། བདུད་རྩི་མྱང་བ་དག་དང་ནི།། མཆོད་དང་བསྟོད་པ་ཆེན་པོ་དག། རྣལ་འབྱོར་ཆེན་པོ་ཞེས་བྱའོ།། སློབ་དཔོན་ལ་ནི་བརྙས་མི་བྱ།། བདེ་གཤེགས་བཀའ་ལས་འདའ་མི་བྱ།། དེ་བཞིན་སྤུན་ལ་ཁྲོ་བ་དང་།། ཞེས་པ་བསྒྲག་པར་མི་བྱོར།། བྱང་ཆུབ་སེམས་ཀྱང་གཏང་མི་བྱ།། བདག་གཞན་ཆོས་ལ་སྨད་མི་བྱ། ། སེམས་ཅན་ལ་ནི་བྱམས་པ་དག། ནམ་ཡང་གཏང་བར་མི་བྱའོ།། ཡོངས་སུ་མ་སྨིན་སེམས་ཅན་ལ།། གསང་བ་དག་ནི་བསྟན་མི་བྱ།། བདག་སོགས་ཕུང་རྔ། ཁནས་མི་བྱ།། གྲོང་པའི་ཆོས་ནི་སུན་མི་གདོན།། གདུག་ལ་བྱམས་པ་རྟག་ཏུ་བཏང་།། ཆོས་ལ་ཚད་ནི་གནལ་མི་བྱ།། སེམས་ཅན་དད་པ་ཅན་མི་བསྡུ།། རྟག་ཏུ་དམ་ཚིག་བསྟེན་པར་བྱ། ། བུད་མེད་ཤེས་རབ་རང་བཞིན་ལ།། སྨོད་པ་ཞེས་པ་དེ་བཞིན་ནོ།། རྣལ་འབྱོར་སྤོང་མོས་དྷཱུ་མི་བྷ།། རྣལ་འབྱོར་སྤང་བར་མི་བྱ་སྟེ།། རྟག་པར་རྒྱུན་དུ་གསང་སྔགས་བཀྲ། ། རྟག་ཏུ་དམ་ཚིག་ལ་སོགས་བསྟེན།། གལ་ཏེ་བ་ག་མེད་བྱུང་གྱུར་ཏེ།། བླ་མ་དམ་ཚིག་ལ་གནོད་ན།། དེས་ནི་དཀྱིལ་འཁོར་བྲི་བྱས་ལ།། བདེ་གཤེགས་རྣམས་ལ་ཞེས་པ་བཤགས། ། སྙིང་རྗེ་ཅན་གྱིས་མི་རྟག་པར།། དད་པས་བླ་མའི་དམ་ཚིག་བསྲུང་།། ཉེས་པ་མ་ལུས་རྣམ་སྤངས་སེམས་ཀྱིས་ནི།། བསམ་གཏན་ལ་སོགས་བཟླས་པ་མཆོག་གཞོལ་བར།། རྟག་ཏུ་བླ་མ་ལ་ནི་བླ་མར་བྱ།། བརྟན་ཞིང་དུལ་ལ་སྙིང་རྗེ་གཅིག་ཏུ་སེམས།། དད་དང་ལྷག་པའི་བསམ་པས་བཟོད་པ་འཛིན།། སློབ་མ་བླ་མ་ལ་ནི་གུས་པ་དང་།། དད་པས་གཤིན་རྗེ་གཤེད་ལ་གུས་པ་ལ། ། བརྟུལ་ཞུགས་ལྡན་པས་དེ་ནི་ཡོངས་སྦྱིན་བྱ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་དགའ་བ་ཆེན་པོའི་ངོ་བོ་རྡོ་རྗེ་འཆང་གི་གསུང་ཉེ་བར་ཐོས་ནས་ཅང་མི་སྨྲ་བར་གྱུར་ཏེ། འདི་ལྟ་བུའི་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ།། བརྟུལ་ཞུགས་མཐར་ཐུག་ཐོད་པ་ཆེན་པོ་ལྟར།། འཁྲུལ་འཁོར་མཐར་ཐུག་གཤིན་རྗེ་གཤེད་ཀྱི་རྒྱུད། རྒྱུད་ཀྱི་མཐར་ཐུག་པ་འདི་འདུས་པ་སྟེ།། བྱུང་བར་མ་གྱུར་འབྱུང་བར་མི་འགྱུར་རོ།། ཨེ་མའོ་ཞི་བ་ཆེན་པོའི་ཆོས།། ཨེ་མའོ་ཁྲོ་བོ་འཇིགས་མཛད་པ།། ཨེ་མའོ་མྱ་ངན་ལས་འདས་པའི་མཆོག། ཨེ་མའོ་འཁོར་བཞི་པ་ཉིད།། ཨེ་མའོ་འདི་ན་རབ་ཏུ་མཚར།། ཞེས་པ་གང་དེ་ཡོན་ཏན་གྱུར།། བྱང་ཆུབ་མེད་ཅིང་མངོན་རྟོགས་མེད།། དངོས་པོ་མ་ཡིན་བསྒོམ་བྱ་མིན།། ཁམས་མ་ཡིན་ཞིང་རྣམ་ཤེས་མིན།། ནམ་མཁའི་ཁམས་དང་མཚུངས་པ་ཉིད།། ནམ་མཁའ་ལྟ་བུར་བདག་མེད་པ།། ཆོས་འདི་བདེ་བ་ཆེན་པོ་སྟེ།། ས་ཡང་མ་ཡིན་ཆུ་མིན་ཏེ།། མེ་མིན་རླུང་མིན་ནམ་མཁའ་མིན། ། རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས།། བསྐྱེད་པ་ཡང་ནི་རབ་གནས་ནས།། དངོས་པོ་ཐམས་ཅད་དངོས་མེད་བཤད།། དངོས་པོ་མེད་ཅེས་མ་བསྒྲགས་པ།། རྣལ་འབྱོར་སྦྱོར་བ་དང་འབྲེལ་ཕྱིར།། ཆད་པ་མ་ཡིན་རྟག་པ་མིན།། ཡན་ལག་མེད་ཅིང་ཁ་དོག་མེད།། ཐོག་མ་བར་དང་མཐར་སྤངས་པ།། དངོས་པོ་ཐམས་ཅད་མེད་པར་འགྱུར།། མཆོག་ཏུ་དགོར་བའི་མཚན་ཉིད་དོ།། དེ་ནས་བཅོམ་ལྡན་འདས་ཙརྩི་ཀ་ཆེན་པོ་ལ་སོགས་པས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ།། བསོད་ནམས་སྡིག་པ་དག་དང་མ་འབྲེལ་བས། མཆོག་ཏུ་དགའ་བ་དྲི་མེད་དག་པ་ཡི།། མགོན་པོ་དེ་བཞིན་ཉིད་ཀྱི་གཏེར་ཆེན་གཅིག་པུ་དང་།། ཀུན་ཀྱང་སྙིང་རྗེའི་སེམས་ཀྱིས་མགོན་འདི་ཡོད།། ཆོས་རྣམས་ངོ་བོ་བདེ་བ་ཆེན་པོའི་དངོས། ། མཆོག་ཏུ་དགའ་བརྗི་མཛ་བ་ཅད།། དེ་ལ་གཟུགས་མེད་བསོད་ནམས་མེད་ཅིང་སྡིག་པ་མེད།། སྐྱེ་དང་འགག་པ་དག་ནི་ཡོད་པ་མིན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེ་ནག་པོའི་རྒྱུད་ལས། བྱང་ཆུབ་ཀྱི་སེམས་ཀྱི་རིམ་པར་སྐྱེ་བ་སྟེ་བཅུ་བདུན་པའོ།། ། དེ་ནས་གཏས་དྷུ་བཤད་པར་བྱ་སྟེ། བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་དུས་སུ་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ལ་བྱང་ཆུབ་ཀྱི་བར་དུ་གཅད་པའི་ཕྱིར། ཤིན་ཏུ་འཇིགས་སུ་རུང་བའི་འཇིགས་པ་ཆེན་བོཔོ་སྟོན་ཅིང་བདུད་ཀྱི་དཔུང་ཆེན་པོ་ལྤགས་ཏེ། དེའི་དུས་ན་བདུད་ཆེན་པོ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམས་ལས་གཤིན་རྗེ་གཤེད་ཀྱི་ཁྲོ་བོ་ངེས་པར་ཕྱུང་སྟེ། བཅོམ་ལྡན་འདས་ཀྱིས་ངེས་པར་ཕྱུང་ནས་ཀྱང་ལག་ན་རྡོ་རྗེ་ཐུབ་པ་ཆེན་པོའི་བཀའ་བཞིན་བྱེད་པ་ལ། ཕྱག་ན་རྡོ་རྗེ་ཁྱོད་འདི་ལྟ་བུའི་གཤིན་རྗེ་གཤེད་ཀྱི་ཁྲོ་བོའི་གཟུགས་སུ་བསྒྱུར་ཏེ། ། བདུད་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ལྷ་རྣམས་ཀྱང་ཚེམས་ཤིག། ཆིངས་ཤིག། རྟོགས་ཤིག་ཅེས་གསུངས་སོ།། དེའི་དུས་ན་ཇི་ལྟར་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཟོས་ཏེ། སྐད་ཅིག་ལ་བཟུང་ཞིང་དོན་བཟུང་སྟེ་བསྡུས་ནས་རབ་ཏུ་ཡིད་ལ་བྱས་སོ།། ཞེས་གསང་བ་ཆེན་པོའི་བདག་པོ་ཆེན་པོ་རྡོ་རྗེ་རིགས་ཀྱི་སཅ་བོ་ནཱ་དཀུ་བེ་རའི་ཡབ་ཀྱིས་དེ་སྐད་ཅེས་གསུངས་སོ། ། ཨོ་ཅན་གྱི་ཡུལ་ནས་ཡང་དག་པར་བྱུང་བ་དངས་གྲུབ་ཐམས་ཅད་སྦེད་པར་བྱེད་པ་རྒྱུད་ཀྱི་རྟུལ་པོ་འབུམ་ཐག་བདུན་ལས་བྱུང་བ།། གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས་ལེའུ་བཅོ་བརྒྱད་པའོ།། །། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཤིན་རྗེ་གཤེད་ནག་པོའི་རྒྱུད་རྫོགས་སོ།། །
CLOSE WINDOW