Wylie | e-texts produced with ocr Programm |
། རྒྱ་གར་སྐད་དུ། བཛྲ་པཱ་ཎི་ནཱི་ལཱཾ་བ་ར་ཏནྟྲ། བོད་སྐད་དུ། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། གནོད་སྦྱིན་ཐམས་ཅད་ཡོངས་སུ་རྒྱུ་བ། ཤིན་ཏུ་དབེན་པ། ཤིན་ཏུ་ཡོངས་སུ་དག་པ་ན། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལས་ཀྱི་ཁྲོ་བོར་དབང་བསྐུར་བ། མཆེ་བ་གཙིགས་པ། ཡིད་ཁྲོས་པ་ལྟ་བུ། མིག་མེ་མདག་གི་ཕུང་པོ་འདྲ་བ། དབུགས་མེ་ལྕེ་ལྟར་འབར་བ། འཇིགས་པའི་ང་རོ་ཅན། ལག་པ་དང་རྐང་པ་ཀླུ་ནོར་རྒྱས་ཀྱི་བུས་བརྒྱན་པ། ཀླུ་ནག་པོ་སེ་རལ་ཁར་ཐོགས་པ། ཀླུ་དགའ་བོ་དང་ཉེ་དགའ་བོས་སྙན་བརྒྱན་པ། སྦྲུལ་འབར་བ་རིན་པོ་ཆེའི་ཅོད་པན་ཐོགས་པ། སྦྲུལ་གདུག་པ་འབར་བ་ཟ་བ། བཞིན་རྒྱས་པ། སྨིན་མ་དཔྲལ་བར་བསྡུས་པ། ཡ་སོས་མ་མཆུ་མནན་པ། གཤིན་རྗེ་ཆ་བྱང་ཅན། ལྕེ་གྲོག་ལྟར་འགྱུབ། སྦྲུལ་ཟ་བ། སུམ་པ་ཆེ་བ། ལག་པ་བརྡབས་པོའི་སྒྲས་འཇིགས་པར་བྱེད་པ། ཀླུའི་རྒྱལ་པོ་འདབ་བཟང་སྐ་རགས་སུ་བཅིངས་པ། ཨ་ལ་ལ་ཞེས་སྒྲོག་པར་བྱེད་པ་རྒྱ་མཚོའི་ཐབས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པས་རྐང་པའི་པུས་མོར་ཕྱིན་པ། དབང་པོ་དང་ཉི་མ་ཕྲག་པ་ལ་རབ་ཏུ་ཁུར་བ། ཀླུ་ཐམས་ཅད་རླག་པར་བྱེད་པའི་ག་རྒྱངས་ཆེན་པོ་དགོད་པས་ཀུན་ཏུ་འཁྲུག་པར་བྱེད་པ། ཀླུ་ཐམས་ཅད་འཆིང་བར་བྱེད་པ། འབྱུང་པོ་ཐམས་ཅད་འགུགས་ཤིང་འཆིང་བར་མཛད་པ། སྦྱོར་བ་ཐམས་ཅད་གཅོད་པར་མཛད་པ། སྦྱོར་བ་ཐམས་ཅད་ཟློག་པར་མཛད་པ། སྦྱོར་པབ་ཐམས་ཅད་གནོན་པར་མཛད་པ། ཡོན་ཏན་ཐམས་ཅད་མ་ལུས་པའི་བདག་ཉིད་དེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། གནོད་སྦྱིན་མཐུ་བོ་ཆེ་ཐམས་ཅད་དང་། གནོད་སྦྱིན་དྲག་པོ་ཐམས་ཅད་དང་། ལྷ་ཐམས་ཅད་དང་། ཀླུ་ཐམས་ཅད་དང་། དྲི་ཟ་ཐམས་ཅད་དང་། ལྷ་མ་ཡིན་ཐམས་ཅད་དང་། ནམ་མཁའ་ལྡིང་ཐམས་ཅད་དང་། མི་འམ་ཅི་ཐམས་ཅད་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་དང་། འབྱུང་པོ་དང་། ཡི་དགས་དང་། བརྗོད་བྱེད་ལ་སོགས་པ་དང་ཐབས་གཅིག་ཏུ་བཞུགས་ཏེ། འདི་ལྟར་ཉི་མ་དང་། ཟླ་བ་དང་། སྐར་མའི་ཚོགས་ལྟ་བུར་བཞུགས་སོ།། དེའི་ཚེ་སའང་ཆེར་གཡོས་སོ། ། འབྲུག་གི་སྒྲའང་བྱུང་། ཉི་མ་དང་སྐར་མའང་མི་སྣང་བར་གྱུར་ཏོ།། དེ་ནས་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་འཁོར་ཐམས་ཅད་ཀྱིས་གསོལ་པ། གོས་སྔོན་པོ་ཅན་ཁྱོད་ཅི། བདེ་གཤེགས་ཀུན་གྱི་སྤྲུལ་པ་འམ།། གལ་ཏེ་བསྡུས་པའི་སྐུ་ཡིན་ནམ།། ལས་ཀྱི་ཁྲོ་བོར་དབང་བསྐུར་རམ།། བདག་ཅག་འཁོར་དང་བཅས་པ་རྣམས།། ཇི་ལྟ་བུ་ཡི་དུས་གསུམ་བཀའ་ཉན་ཏེ། ལས་དང་བྱ་བ་ཐམས་ཅད་བཀའ་སྩལ་མཛོད།། དྲག་པོའི་ཏིང་འཛིན་བསྟན་དུ་གསོལ།། ཞེས་གསོལ་ཏོ།། གླེང་གཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས་ལག་ན་རྡོ་རྗེ་དྲག་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དུ་ཞུགས་ཏེ་འདི་སྐད་ཅེས་གསུངས་སོ། ། ཕྱག་རྒྱ་གསང་སྔགས་མཐུ་སྦྱོར་ལས།། ཁྲོ་བོའི་རྒྱལ་པོ་བསམ་པར་བྱ།། ཁྲོ་བོ་རྡོ་རྗེའི་ཏིང་འཛིན་གྱིས། བྱིན་རླབས་ཡ་མཚན་སྣ་ཚོགས་ལྡན།། ཏིང་འཛིན་དེ་ལ་དབང་ཐོབ་ནས།། ལས་རྣམས་སྒྲུབ་ལ་ཐོགས་པ་མེད།། ཞི་རྒྱས་དབང་དང་དྲག་པོ་དང་།། གསད་རྨོངས་སྣ་ཚོགས་ངེས་པར་འགྲུབ།། དེ་ཉིད་གྲུབ་པར་གདོན་མི་ཟ། ། རང་གཞན་འཕགས་དང་བླ་མ་དང་།། ཤིན་ཏུ་བླ་མ་དམ་པ་ཡང་། མཆོད་གནས་དངོས་གྲུབ་མྱུར་དུ་འབྱུང་།། གལ་ཏེ་གཞན་ལ་ཕན་འདོགས་ན།། སྐུ་དེ་སྣ་ཚོགས་སྐུ་རུ་སྣང་། སྣང་བའི་སྒྱུ་མའི་སྐུ་ཡིན་ཡང་།། གདུག་པར་འདུལ་ཕྱིར་རགས་པར་སྣང་།། སྣ་ཚོགས་དེ་ཉིད་བསམ་བྲལ་བའི།། དངོས་གཞི་ཡང་དག་ཐར་པ་གཅིག། ལེའུ་གཉིས་པའོ།། ། གཞན་ཡང་གསང་སྔགས་སྦྱོར་བ་ནི།། ད་ཧ་སྲེག་སོགས་གསང་སྔགས་ཀྱིས།། ཐོགས་མེད་ལས་རྣམས་གྲུབ་པ་ཡིན།། གཉིས་ཀྱི་འོག་མས་གསུམ་པ་བརྒྱན།། རི་ཡི་མཐའ་ནི་གསུམ་པའི་མཐའ།། ། དེ་ལ་གཉིས་ཀྱི་གོང་ལྡན་པ།། ཟུང་དང་བར་ཟུང་མིང་དང་ལྡན།། ཡང་མིང་སྐལ་ལྡན་བསམ་གཏན་ནི།། ལྕགས་ཀྱུའི་སྦྱོར་བ་རབ་ཏུ་བྱ།། ཨོཾ་བཛྲ་པཱ་ཎི་མ་ཧཱ་ཡཀྵ་ནཱི་ལཱཾ་བ་ར་ཧཱུཾ་ཕཊ། མཇུག་རྫོགས་གོང་དང་གསུམ་པའི་མཐའ། ། ལན་གཉིས་གོང་བཞིན་བརྡེགས་སྔགས་ཤེས།། གསུམ་པའི་དང་པོ་གཉིས་པ་དང་།། དྲུག་པའི་དང་པོ་ཡི་གེ་ནི།། ལན་གཉིས་གོང་བཞིན་གཏོགས་བྱེད་སྔགས།། གཉིས་ཀྱི་དང་པོ་གྷ་དང་པོས། ། དྲུག་པོ་དགའ་བའི་ས་བོན་ལྡན།། ལན་གཉིས་ལྡན་གྱུར་ལས་གྲུབ་པ།། གོང་མ་བཞིན་དུ་མཆོད་བྱེད་དོ།། ལེའུ་གསུམ་པའོ།། དེ་ནས་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་སྣ་ཚོགས་མངོན་པར་འགྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་ཅེས་གསུངས་སོ། ། ཨོཾ་བཛྲ་པཱ་ཎི་མ་ཧཱ་ལཀྵ་ནཱི་མཱཾ་བར་ད་ཧ་ནི་བཛྲ་རཱུ་པཊྚ། གང་ཞིག་ཏིང་འཛིན་རྣལ་འབྱོར་དེ། ཉེས་པ་ཀུན་ལས་རབ་ཏུ་ཐར།། ལེགས་པའི་ཡོན་ཏན་ཐམས་ཅད་འཐོབ།། འབྲས་བུ་ཡང་དག་མངོན་པར་འགྲུབ།། སྔགས་ནི་གང་ཡིན་མིང་ཡིན་ཏེ།། གདུལ་བྱའི་མཐའ་དང་ལྡན་པ་ལ།། མཐའ་མ་ལས་སྔགས་མཐའ་དང་ལྡན། ། ལེའུ་བཞི་པའོ།། ། དེ་ནས་གོས་སྔོན་པོ་ཅན་འཁོར་ལོ་མངོན་པར་འགྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་ཅེས་གསུངས་སོ།། འབྱུང་བཞིའི་སངས་རྒྱས་རབ་བསྒོམས་ནས།། སོ་སོར་ལས་ཀྱིས་སྒོམ་པ་ནི།། མེ་བརྒྱད་རླུང་གཉིས་ལྡན་པར་བསམ།། ཆུ་བརྒྱད་དངོས་པོ་ཉིད་ཡིན་ཏེ།། དེ་བཞིན་ས་བརྒྱད་ཧཱུཾ་འབྲས་ལྡན།། རླུང་བརྒྱད་མེ་གཉིས་ལྡན་པ་སྟེ། ། འབྲས་བུ་རིམ་གྱིས་གནོད་སྦྱིན་གཙོ།། སྒྲུབ་པ་སྔགས་བཞིན་མངོན་པར་འགྲུབ།། ཨི་དང་སོ་སོའི་མཐའ་དང་ལྡན།། མེ་ལ་གོང་མས་མངོན་པར་འགྲུབ།། རྒྱུན་དུ་རྩ་བའི་གསང་སྔགས་བཟླས། ། ལེའུ་ལྔ་པའོ།། ། དེ་ནས་འཕགས་པ་གོས་སྔོན་གྱིས།། ལས་བཅུ་མངོན་པར་འགྲུབ་པར་ནི།། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས།། ལས་བཅུའི་སྦྱིན་སྲེག་འདི་གསུངས་སོ།། ཞི་ལ་ཤནྟིཾ་ཀུ་རུ་སྟེ།། རྒྱས་པ་པུཥྚིཾ་ཀུ་རུའོ།། དབང་ལ་བ་ཤཾ་ཀུ་རུའོ།། དྲག་པོ་མཱ་ར་གསུམ་པར་ལྡན།། ཐབ་ཁུང་དབྱིབས་ནི་ལས་བཞི་སྟེ།། ཤིང་ནི་རིགས་དང་སྦྱར་བར་བྱ། ཞི་ལ་དཀར་པོའི་ཤིང་རྣམས་ཏེ།། རྒྱས་ལ་གསེར་ཤིང་ལ་སོགས་པའོ།། དབང་ལ་སེང་ལྡེང་ཤིང་བསྲེགས་ཏེ།། དྲག་པོ་ཚེར་མ་ཅན་གྱི་ཤིང་།། གཞན་ནི་ཙན་དན་ཤིང་ལས་བྱས།། ཐབ་ཁུང་འདབ་བརྒྱད་དབྱིབས་ཡིན་ཏེ། ། བི་དྷྭཾ་ས་ཡ། ཨུཙྪ་ཏ་ནི། མོ་ཧ་ཡ་མོ་ཧ་ཡ། སྱཱམྦྷ་ཡ་སྟམྦྷ་ཡ། ཨུདཱ་མ་ན། ཨུད་མ་ན། ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ། ཁ་ཤི་ཀ་ར་ཁ་ཤི་ཀཱ་ར། རཀྵ་ཡ་རཀྵ་ཡ། མོ་ཧ་བྷཱ་ཡ། སརྦ་ཀརྨ་ཀུ་རུ་ཧཱུཾ་ཕཊ། ལེའུ་དྲུག་པའོ།། ། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན།། གདུལ་དཀའ་བ་ནི་གདུལ་བའི་མཆོག། གསང་བའི་བདག་པོ་གོས་སྔོན་ཅན།། དྲག་པོ་ཆེན་པོ་རབ་འབར་བའི།། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། ། འཁོར་གྱི་ཀླུ་ཚོགས་དབང་བསྡུས་ཏེ།། ཉེན་རྣམས་ཟློག་པའི་ཆོ་གར་གསུངས།། གནས་ཁང་རིམ་པ་གསུམ་དག་ལ།། ཕྱི་རོལ་སྨྲ་བ་སྲེགས་དཔྲལ་བར་བྱ།། བར་དུ་ཕྱི་ནང་ཁྲུས་བྱས་ཏེ། ། མཉེས་པའི་ལས་ཀྱང་ཅི་ནུས་བྱ།། ནང་དུ་བུམ་པའི་དབང་བསྐུར་བས།། ཉེན་རྣམས་ཟློག་ལ་ཐེ་ཚོམ་མེད།། ཀྱེ་ཧོ་ཉེན་རྣམས་གདུལ་བའི་མཆོག། ཨེ་མེ་གསང་ཆེན་དྲག་པོ་ཆེ།། ཨེ་མ་མ་རུངས་འཇིགས་པ་ཅན། ། ཨེ་མ་གསང་སྔགས་རྣལ་འབྱོར་ཆེ།། ཕྱག་ན་རྡོ་རྗེ་ཁྱོད་ཕྱག་འཚལ།། ཕྱོགས་བྲལ་ཁྲོ་བོ་ཁྱོད་ཕྱག་འཚལ།། ལེའུ་བདུན་པའོ།། ། དེ་སྐད་ཅེས་གསུངས་ནས་འཁོར་ཐམས་ཅད་དགའ་བའི་རྗེས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཐམས་ཅད་ལྡན་པའི་གཏོར་མ་ལ།། རཾ་གྱིས་སྦྱངས་ནས་ཡཾ་གིས་བུས།། ཁཾ་གིས་བཀྲུས་ཏེ་དག་པ་ལ།། བཾ་ལས་བདུད་རྩི་ཆུ་རྒྱུན་བསྐྱེད།། ཡཾ་རཾ་དབབ་པའི་སྦྱོར་བར་བྱ།། ཛ་ཡིས་བཀུག་སྟེ་གཏོར་མར་བསྟིམ།། བསམ་གཏན་ལྷ་མོས་མཆོད་པ་འབུལ།། དེ་ནས་འཁོར་ལ་འདི་སྐད་བསྒོས།། ང་ནི་ཁྲོ་བོ་གོས་སྔོན་ཅན།། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། ། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས།། དབང་བསྐུར་མཆོག་ཐོབ་ང་ཡིས་སྐུ།། ཅི་སྟེ་ང་ཡིས་དམ་འདས་ན།། གཏོར་མ་དུག་གི་རང་བཞིན་གྱིས།། ཁྱེད་རྣམས་ཐལ་བ་རྡུལ་དུ་རློག། གལ་ཏེ་། དམ་ཚིག་མ་འདས་ན།། གཏོར་མ་ཡེ་ཤེས་བདུད་རྩི་ཡིས།། ཁྱེད་ཀྱི་སྒོ་གསུམ་སྒྲིབ་པ་སྦྱངས།། ངེས་པར་ལེགས་པའི་ཡོན་ཏན་ཐོབ།། ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱརྱ་ནུ་ཏ་པན་ན་ཏཱཏ་ཨཱ་ཧཱུཾ་སྭཱ་ཧཱ། ལེའུ་བརྒྱད་པའོ།། ། དེ་ནས་དཔལ་ལྡན་གོས་སྔོན་ཅན།། གདུལ་དཀའ་འདུལ་བའི་བདག་པོ་དེས།། བསམ་གཏན་འཁོར་ལོ་མེད་པ་ལ།། སྔགས་ཀྱི་ངེས་པར་བཤད་པར་བྱ།། ཏེདྱ་ཐཱ། ། བྷོ་བྷོ་པན་ནཱ་ག་ཨ་དྷི་པ་ཏ་ཡེ། ཨི་དཾ་ནཱི་ལཱཾ་བ་ར་དྷ་ར་ཤ་རཱི་རཾ། བཛྲ་པཱ་ཎཱི་ཧྲྀ་ད་ཡཾ། ཡཿས་མཱ་ཏི་ཀྲ་མ་ཐ། ཨུཏ་སཱ་ད་ནཾ། བྷ་བི་ཥྱ་ཏི། ལས་ཐམས་ཅད་པའི་སྔགས་སོ།། ལས་སོ་སོ་བ་ལ་ཀླུ་འདུལ་བའི་སྔག། ཏདྱ་ཐཱ། བུདྡྷ་བུདྡྷ། བི་བུདྡྷ་བི་བུདྡྷ། མ་ཧཱི་པྲཱཔྟ། ཧ་ར་ཧ་ར་ནཱ་གཱ་ནཱ་ན། པྲ་ཧ་ར་པྲ་ཧ་ར་ནཱ་གཱ་ནཱན། ཙྪིནྡ་ཙྪིནྡ་ནཱ་ག་ཧྲྀ་ད་ཡཱ་ནི། བྷིནྡ་བྷིནྡ་ནཱ་ག་མརྨ་ཎི། བི་ཥཱི་རྱན་ཏུ་ནཱ་ག་ཤ་རཱི་རཱ་ཎི། བི་སྥོ་ཊ་ཡ། ནཱ་ག་ན་ཡ་ནཾ་ཏཱདྱ་ཐཱ། ཧཱུཾ་ཕཊ། ནཱ་ག་བི་དཱ་ར་ཎཱ་ཡ་ཧཱུཾ་ཕཊ། ནཱ་ག་ཨུཏ་སཱ་ད་ནཱ་ཡ་ཧཱུཾ་ཕཊ། ཡི་དགས་ཐམས་ཅད་བཟློག་པ་ནི།། ནི་ལཱཾ་བ་ས་ནཱ་ཡ་ཧཱུཾ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་པ་རཱཀྲ་མ་ཡ་ཕཊ། ཀྲྀ་ཏཱནྟཱ་ཡ་ཕཊ། ཀྲྀ་ཏཱནྟ་རཱུ་པཱ་ཡ་ཕཊ། རོ་ཥ་ཎཱ་ཡ་ཕཊ། ཏྲཱ་ས་ནཱ་ཡ་ཕཊ། ཀུ་བྷ་ཌོ་ཏ་སཱ་ད་ནཱ་ཡ་ཕཊ། གཤིན་རྗེ་བཟློག་པའོ།། པྲེ་ཏ་པི་ཤཱ་ཙི་བི་ནཱ་ཤཾ་ཀ་རཱ་ཡ་ཕཊ། ཡི་དགས་ཐམས་ཅད་བཟློག་པའོ། ། ཡཀྵ་ཨ་པ་སྨཻ་ར་བི་ནཱ་ཤ་ཀ་རཱ་ཡ་ཕཊ། གནོད་སྦྱིན་ལ་སོགས་པ་བཟློག་པའོ།། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་བིགྷྣཱ་ནཱ་ཤཾ་ཀ་རཱ་ཡ་ཕཊ། བགེགས་ཐམས་ཅད་བཟློག་པའོ། ། སརྦ་ཤ་ཏྲཱུཾ་སཾ་གྷཱ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། དགེ་འདུན་གྱི་དགྲ་འདུལ་བའོ།། ནཱི་ལཱཾ་བ་ར་དྷ་ར་བཛྲ་པ་ཎཱི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། རྡོ་རྗེ་བེ་ཅོན་དྲག་པོ་ཆེ།། རྡོ་རྗེ་འཇིགས་པ་སྔགས་ཀྱི་བདག། རྡོ་རྗེ་ཁྲོ་བོ་བགེགས་ཀྱི་གཤེད། ། རྡོ་རྗེ་མི་ཐུབ་འཇིགས་པ་ཆེ།། རྡོ་རྗེ་ལས་ཀུན་གྲུབ་པ་ཆེ།། རྡོ་རྗེ་ལས་རྣམས་ཀུན་མཛད་པ།། སྔགས་ཀྱི་བདག་པོ་ཁྱོད་ཕྱག་འཚལ།། སྔགས་ཀྱི་ངོ་བོ་ཁྱོད་ཕྱག་འཚལ།། ལེའུ་དགུ་པའོ།། ། དེ་ནས་ཀླུ་དགུག་པའི་སྔགས་བསྟན་ཏེ།། རྡོ་རྗེ་ལྕགས་ཀྱུ་རླུང་གི་སྦྱོར་བས་འགྲུབ་པར་འགྱུར།། དེ་བཞིན་མེ་ཡིས་ཀྱང་ནི་འདུལ་བར་ནུས་པ་ཡིན།། དེ་ལྟར་ནུས་ཕྱིར་དགུག་པའི་སྔག་ནི་བཤད་པར་བྱ། ། ཨོཾ་བཛྲ་པཱ་ཎི་མ་ཧཱ་ཡཀྵ་ནཱི་ལཱཾ་བ་ར་ནཱ་ག་ཧྲིཿགྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ། བསམ་གཏན་དྲག་པོས་བཟླས་པ་བྱ།། བཟླས་པ་འདི་ལ་རབ་འབད་བྱ།། ཀླུ་རིགས་དུ་མ་ཐམས་ཅད་ཀུན། ། འགུགས་འགྱུར་འདི་ལས་གཞན་དུ་མིན།། ཇི་སྲིད་འགུགས་པའི་ཏིང་འཛིན་གྱིས།། ཁུགས་པར་གྱུར་པའི་ཀླུ་རྣམས་ཀུན།། ཟངས་གཞོང་ནང་དུ་སྤྱན་དྲངས་ཏེ།། ཁྲོ་བོའི་ཆེ་བ་བརྗོད་ནས་ནི།། དམ་ཚིག་བསྲེ་ཞིང་དུག་རྣམས་གཞོམ། ། སྨན་གྱི་མཆོག་གིས་གསོས་ནས་ནི།། གང་གནོད་ཕྱོགས་སུ་གཤེགས་སུ་གསོལ།། ལེའུ་བཅུ་པའོ།། ། དེ་ནས་གཞན་ཡང་བཤད་བྱ་སྟེ།། ཞི་བའི་ལས་ཀྱི་། མི་འདུལ་བའི།། ཀླུ་གཟིར་དྲག་སྔགས་བསྟན་པར་བྱ།། ཨོཾ་བཛྲ་པཱ་ཎི་མ་ཧཱ་ཡཀྵ་ནཱི་ལཱཾ་བ་ར་ནཱ་ག་ཧ་ན་ཧ་ན་ཧཱུཾ་ཕཊ། ནཱ་ག་ད་ཧ་ད་ཧ་ཧཱུཾ་ཕཊ། ནཱ་ག་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ནཱ་ག་བི་སྥོ་ཊ་ཡ་བི་སྥོ་ཊ་ཡ་ཧཱུཾ་ཕཊ། ནཱ་ག་གརྫ་གཛྲ་ཧཱུཾ་ཕཊ། ནཱ་ག་བྷིནྡ་བྷིནྡ་ཧཱུཾ་ཕཊ། བསམ་གཏན་རྡོ་རྗེ་ཐོགས་པ་ཡིས།། གདུལ་བའི་སྟེང་ན་གདབ་པར་བྱ།། འོག་ཏུ་མེ་ཡི་འཁོར་ལོ་བསམ།། མེ་ཕུང་ཆེན་པོའི་ཏིང་འཛིན་གྱིས།། མེ་འབར་གྲོག་ཆེན་དཀྱིལ་དུགཟིར། ། ཡུངས་ཀར་ཡུངས་ནག་སྐེ་ཚེ་ཡིས།། བརྡེག་ཅིང་ཁྲོ་བོའི་སྤྲུལ་པ་སྤྲོ།། ཁྲ་སྤྱང་ལ་སོགས་རྩ་ལྔའི་གསོབ།། གཅན་གཟན་སྣ་ཚོགས་མཆེ་སྡེར་དང་།། མཆུ་སྡེར་དབབ་ཅིང་སྤྲུས་པསྒོ། མྱུར་དུ་ཐར་པ་གདོན་མི་ཟ།། ལེའུ་བཅུ་གཅིག་པའོ།། ། དེ་ནས་འཕགས་པ་གོས་སྔོན་ཅན་གྱིས་ཉིད་ལ་ཉིད་ཀྱིས་མཆོད་པ་ཕུལ་བ། ཧཱུཾ་རྡོ་རྗེ་བདུག་པ་མ།། བདག་ཉིད་དྲི་ཡིས་རྒྱས་མཛད་མ། ། བཛྲ་དྷཱུ་པེ་པཱུ་ཛ་མེ་ཧཱུཾ། ཧཱུཾ་རྡོ་རྗེ་མེ་ཏོག་མ།། བདག་ཉིད་ཡོངས་སུ་བཀྲ་མཛད་མ།། བཛྲ་པུཥྤེ་པཱུ་ཛེ་མེ་ཧཱུཾ། ཧཱུཾ་རྡོ་རྗེ་དྲི་ཆབ་མ།། བདག་ཉིད་དངོས་པོ་དག་མཛད་མ།། བཛྲ་གནྡྷེ་པཱུ་ཛ་མེ་ཧཱུཾ། ཧཱུཾ་རྡོ་རྗེ་མར་མེ་མ། ། བདག་ཉིད་དཀྱིལ་འཁོར་གསལ་མཛད་མ།། བཛྲ་ཨཱ་ལོ་ཀེ་པཱུ་ཛ་མེ་ཧཱུཾ། ཇི་སྲིད་ཐམས་ཅད་མཆོད་པ་ཆེ།། ཇི་སྲིད་མཆོད་པ་བདེ་བ་ཆེ།། ཇི་སྲིད་མཆོད་པ་བླ་ན་མེད།། ཇི་སྲིད་མཆོད་པ་ཡང་དག་ཆེ། ། ཨེ་མ་ཧོ། ལེའུ་བཅུ་གཉིས་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། བཅོམ་ལྡན་གསང་བ་གོས་སྔོན་ཅན།། བསྡུ་བ་ཐབས་ཀྱི་ཏིང་འཛིན་གྱིས།། འཁོར་གྱི་ཀླུ་རྣམས་སྡུད་མཛད་ནས།། མེ་ཡི་འཁོར་ལོ་སྙོམས་ཞུགས་ཚེ།། གསང་བ་མེ་ཡི་སྔགས་བཟླས་པས།། ཀླུ་རྣམས་མ་ལུས་ཚིག་པར་མཛད།། བྲལ་ནས་དཔག་ཚད་གནས་སུ་བྲོས།། སླར་བསྡུས་བདུད་རྩི་སྨན་གྱིས་གསོས། ། ལས་བཅོལ་སོ་སོའི་གནས་སུ་འཁོད།། དེ་ནས་ཁམས་གསུམ་རྣམ་པར་རྒྱལ།། ཐལ་མོ་སྦྱར་ནས་འདི་སྐད་གསོལ།། མེ་བརྒྱད་འཁོར་ལོའི་བདག་ཉིད་ཆེ།། རྟག་ཏུ་མེ་ཡི་ཏིང་འཛིན་ལཡ་སྙོམས་ཞུགས་ཁྱོད་ནི་རྒྱལ་གྱུར་ཅིག། བདེ་བའི་རོལ་མོ་མེ་གློང་དུ།། སྲེག་མཛད་མ་བརྒྱད་ཁྱོད་ཕྱག་འཚལ།། རང་བཞིན་རྣམ་དག་ཁྱོད་ཕྱག་འཚལ།། ཆུ་ཡི་ངང་ལ་གནས་འདོད་ན།། ཆུ་བརྒྱད་ཏིང་འཛིན་ལ་གནས་ཏེ། ། དེ་ཚེ་འཁོར་གྱིས་འདི་སྐད་བསྟོད།། ཆུ་བརྒྱད་འཁོར་ལོའི་བདག་ཉིད་ཆེ།། རྟག་པ་ཆུ་ཡི་དཀྱིལ་འཁོར་ཅན།། འབྱུང་བའི་གཙོ་བོའི་ཆུ་ཡི་བདག། ཆུ་བརྒྱད་མངའ་བདག་ཁྱོད་ཕྱག་འཚལ།། རླུང་བརྒྱད་ཏིང་འཛིན་ལ་གནས་ན།། འཐོར་ཞིང་འབུད་པའི་བདག་ཉིད་ཆེ།། རླུང་ཆེན་དྲག་པོ་རྩལ་ཤུགས་ལྡན།། རླུང་ལྷ་གོས་སྔོན་ཁྱོད་ཕྱག་འཚལ།། ས་ཡི་ཏིང་འཛིན་ལ་གནས་ནས།། མི་གཡོ་བརྟན་པའི་ལས་མཛད་པ། ། གསེར་ལྡན་རོལ་མོ་སྣ་ཚོགས་ལྡན།། ས་བརྒྱད་འཁོར་ལོ་ཁྱོད་ཕྱག་འཚལ།། ལེའུ་བཅུ་གསུམ་པའོ།། ། དེ་ནུས་དཔལ་ལྡན་གོས་སྔོན་ཅན་ཕྲ་མོའི་ཏིང་འཛིན་ལ་གནས་ནས། འཁོར་གྱི་གནོད་སྦྱིན་མང་པོ་ཀུན།། ཤིན་ཏུ་ཡིད་དགའ་དང་པ་ཞུས།། ཕྲ་མོའི་ཐིག་ལེ་ཆེན་པོ་ཡིས།། ཅིར་སྣང་དངོས་པོ་གཅིག་ཏུ་འདུས།། དེ་ཉིད་མཐའ་འདས་རང་བཞིན་མེད། ། དེ་ནས་དཔལ་ལྡན་གོས་སྔོན་ཅན།། འདོད་ཆགས་ཏིང་འཛིན་ལ་གནས་པས།། འཁོར་གྱི་གནོད་སྦྱིན་མང་པོ་ཀུན།། སྔངས་དང་དུས་དང་བརྒྱལ་བ་ལས།། བསྲང་སྟེ་ཐ་མེད་དོན་བསྟན་པས། ། ཐམས་ཅད་འདོད་ཆགས་མངོན་སངས་རྒྱས།། འཁོར་གྱིས་སྐུ་ལ་མངོན་པར་བསྟོད།། ཀྱེ་ཧོ་གསང་བདག་གོས་སྔོན་ཅན།། བླ་མེད་རྫོགས་པའི་གློང་དཀྱིལ་ན།། འདོད་ཆགས་དག་པའི་བློ་ལྡན་པས། ། མངོན་པར་སངས་རྒྱས་ཁྱོད་ཕྱག་འཚལ།། ལེའུ་བཅུ་བཞི་པའོ།། ། དེ་ནས་འདུས་པའི་འཁོར་རྣམས་ཀྱིས།། འཁོར་གྱི་གཙོ་ལ་མངོན་པར་བསྟོད།། ལྕང་ལོ་ཅན་གྱི་ཕོ་བྲང་ནས། ། གསང་བའི་བདག་པོ་གོས་སྔོན་ཅན།། ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས།། དངོས་མེད་དག་པ་ཁྱོད་ཕྱག་འཚལ།། འཁོར་གྱི་ཀླུ་ཚོགས་འདུལ་བའི་ཕྱིར།། ཀླུ་བརྒྱད་སྐུ་ལ་རབ་བཙུན་ནས། ཀླུ་ཚོགས་ཞལ་དུ་གསོལ་མཛད་པ།། ཀླུ་འདུལ་བྱམས་པ་ཁྱོད་ཕྱག་འཚལ།། སྣ་ཚོགས་དག་པའི་སྐུ་མངའ་ཞིང་།། རིགས་དྲུག་སྡེ་བརྒྱད་འདུལ་བར་མཛད།། སྐྱོན་གྱིས་མ་གོས་རང་སངས་རྒྱས།། ཐོགས་མེད་ཀུན་འདུལ་ཕྱག་འཚལ་བསྟོད། ། ཇི་ལྟར་བསམ་པའི་དངོས་པོ་ཀུན།། ཁྱོད་ལས་འབྱུང་བས་མི་ཟད་གཏེར།། སྣ་ཚོགས་ཡིད་བཞིན་འཕྲུལ་པོ་ཆེ།། ཡིད་བཞིན་ནོར་བུ་ཁྱོད་ཕྱག་འཚལ། ། ནད་དང་རིམས་ཀྱི་གཤེད་པོ་མཛད།། ནོར་དང་ཟས་ཀྱི་བདག་པོ་མཛད།། འཇིགས་པ་ཀུན་ལས་སྐྱོབ་པར་མཛད།། བླ་མེད་སྐྱོབ་མཛད་ཁྱོད་ཕྱག་འཚལ།། ཞེས་བསྟོད་ནས་རྗེས་སུ་ཡི་རང་ངོ་།། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་ལ་སོགས་པའང་ཡིད་དགའ་བའི་མཆོད་པས་ཁྱབ་པར་གྱུར་ཏོ།། མི་ལ་སོགས་པའི་འཇིགས་པའི་ཉེན་དང་ལྡན་པ་ཐམས་ཅད་བདེ་བ་ལ་བཀོད་དོ།། ལེའུ་བཅོ་ལྔ་པའོ། ། །། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་རྡོ་རྗེ་བེ་ཅོན་གྱི་རྒྱུད་རྫོགས་སོ།། ། དེ་ནས་གསང་བའི་བདག་པོས་འཁོར་དེ་དག་ལ་རྣམ་པར་གཟིགས་ནས་རང་ཉིད་མཁའ་དབྱིངས་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།
CLOSE WINDOW