CLOSE WINDOW

S400: འཕགས་པ་མི་གཡོ་བའི་གསང་རྒྱུད་ཆེན་པོ
Wyliee-texts produced with ocr Programm

། །། རྒྱ་གར་སྐད་དུ། ཨཱརྱ་ཨ་ཙ་ལ་མ་ཧཱ་གུ་ཧྱ་ཏནྟ། བོད་སྐད་དུ། འཕགས་པ་མི་གཡོ་བའི་གསང་རྒྱུད་ཆེན་པོ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་འོག་མིན་གྱི་གནས་ན་རབ་ཏུ་དགེས་ཤིང་བདུད་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། དེའི་ཚེ་ན་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། རྡོ་རྗེ་ཆོས་དང་། ཕྱག་ན་རྡོ་རྗེ་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་ལ་སོགས་ཏེ་རབ་ཏུ་དགའ་བའི་ཚོགས་དཔག་ཏུ་མེད་པ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བཛྲ་རཀྵ་རཀྵ་ཧཱུཾ་ཞེས་གསུངས་ཏེ། རྡོ་རྗེ་ཁྲོ་བོས་ཕྱོགས་མཚམས་གཏམས་སོ།། སྲུང་བའི་དོན་དུ་རབ་བརྩོན་ཞིང་།། བགེགས་ཀྱི་སྦྱོར་བ་རླག་པར་མཛད། ཧཱུཾ་ཕཊ། དེ་ནས་བཅོམ་ལྡན་འདས་ཀྱིས་ཙཾ་ཞེས་གསུངས་ཏེ། རང་གི་ཐུགས་ཀ་ནས་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་ཕྱུང་སྟེ། གཡས་ན་རལ་གྲི་གཡོན་སྡིགས་མཛུབ།། མར་སྨིན་ལྟ་བུར་ཤིམ་གནག། སྦྲུལ་དང་ཐོད་པས་ཡང་དག་བརྒྱན།། མི་བསྐྱོད་པས་ནི་བྱིན་བརླབས་ཤིང་།། བདེ་གཤེགས་འོད་ཟེར་དཔག་མེད་འཕྲོས།། དངོས་གྲུབ་བདེ་བ་ཀུན་སྩོལ་མཛད།། ཨོཾ་བཛྲ་སིདྡྷི་ཧཱུཾ། དེ་ནས་ཡང་དག་བཤད་བྱ་བ།། ཨཱ་ལི་ཀཱ་ལི་རབ་སྦྱོར་ཞིང་།། ཟླ་བ་རྡོ་རྗེ་སྦྱོར་ལྡན་པས།། ཡང་དག་རྫོགས་ཏེ་མདོར་སངས་རྒྱས།། སྣ་ཚོགས་རྡོ་རྗེའི་དབུས་སུ་ནི།། བརྐྱང་བསྐུམ་ཚུལ་དུ་ཡང་དག་གནས། ། དགའ་བྱེད་མ་ནི་མདུན་དུ་སྟེ།། རིན་ཆེན་འཕྲེང་མ་གཡས་སུ་དགོད།། གླུ་མཁན་མོ་ནི་གཡོན་དུ་སྟེ།། བརྩོན་འགྲུས་གར་བྱེད་རྒྱབ་ཏུ་གནས།། འགུགས་བྱེད་མ་ནི་ཤར་དུ་སྟེ། ། རྣམ་པར་འཆིང་མ་ལྷོ་རུ་དགོད།། གཉིས་མེད་མ་ནི་ནུབ་ཏུ་སྟེ།། རྣམ་པར་འཕེལ་མ་བྱང་དུ་དགོད།། འདི་དག་རི་བཅོམ་ལྡན་འདས་སུ་ཡོངས་སུ་རྫོགས་པའི་དམ་ཚིག་གོ། འཕགས་པ་མི་གཡོ་བའི་རྒྱུད་གསང་བ་ཆེན་པོ་ལས། སྐྱེ་མཆོག་གི་ལེའུ་སྟེ་དང་པོའོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས་དབང་བསྐུར་བའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་འོད་མེར་སྤྲོས་ཏེ། ལྷ་ཐམས་ཅད་ཀྱི་དབུལ་འོད་ཟེར་ཐིམ་པར་གྱུར་ཏོ།། རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར་ཏོ།། དེ་ནས་ཡང་དག་བཤད་བྱ་བ། ། དཀྱིལ་འཁོར་ཆེན་པོ་དམ་པ་རུ།། མཆོད་པའི་ཚོགས་ནི་རྣམ་པར་བསྟིམ།། གཟུགས་དང་སྒྲ་དང་དྲི་དང་རོ།། རེག་བྱའི་ལྷ་མོ་དཔག་མེད་དེ།། མཆོད་པའི་ཚོགས་ཀྱིས་ཡང་དག་མཆོད། ཀྱེ་ཀྱེ་མཐའ་གཉིས་རྣམ་པར་མ་གཡོགས་ཤིང་།། སྤྲུལ་པའི་གཟུགས་ཀྱིས་འགྲོ་དོན་དཔག་མེད་མཛད།། འཇིགས་བྱེད་ཆེན་པོ་འགྲོ་བ་ཀུན་སྒྲོལ་ཞིང་།། སྲིད་པ་གསུམ་ན་དགྱེས་པར་གར་མཛད་པ། ། སྲིད་པའི་རུ་བོ་སྐམས་ཤིང་མི་མཐུན་བདུད་རྣམས་འཇོམས།། སྲིད་པའི་རླུང་གི་ས་མ་གཡོས་ཐུགས་རྗེ་མི་གཡོ་མགོན།། རབ་བརྗིད་མི་གཡོ་མགོན་ལ་ཕྱག་འཚལ་བསྟོད།། བཅོམ་ལྡན་འདས་ཀྱི་བསྟོད་པ་ཆེན་པོའི་དམ་ཚིག་གོ། ། དེ་ནས་ཡང་དག་བཤད་བྱ་བ།། རྒྱལ་པོ་རྟག་ལྡན་ཐོད་པ་རུ།། ལྕགས་ཀྱུ་ལྔ་སོགས་གཞག་པར་བྱ།། རླུང་དང་མ་ཡི་དཀྱིལ་འཁོར་གཞག། ཐོད་པ་རུ་ནི་ཡང་དག་གནས། ། བཅོམ་ལྡན་འདས་ཀྱི་བདུད་རྩི་ཆེན་པོའི་དམ་ཚིག་གོ། དེ་ནས་ཡང་དག་བཤད་བྱ་བ།། ཚངས་པ་བརྒྱ་བྱིན་གཤིན་རྗེ་དང་།། ཆུ་བདག་གནོད་སྦྱིན་ཁྱབ་འཇུག་སོགས།། མེ་དང་སྲིན་པོ་རླུང་གི་ལྷ། ། འབྱུང་པོ་ས་ཡི་ལྷ་མོ་དང་།། ལྷ་མ་ཡིན་སོགས་འཁོར་བཅས་དགུག། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་པྲཱ་ཎཱཾ་ཨཱ་ཏྱ་ནུ་ཏྤནྣ་ཏཱཏྟྭ་སྭཱ་ཧཱ། ཨོཾ་ཁཱ་ཧི་ཁཱ་ཧི་པོ་ཕེཾ་སྭཱཧཱ། བདུད་རྩི་ཤ་དང་ཁྲག་ལ་སོགས། ། གཏོར་མ་ཐམས་ཅད་སྦྱིན་པར་བྱ།། འཕགས་པ་མི་གཡོ་བའི་རྒྱུད་གསང་བ་ཆེན་པོ་ལས། མངོན་པར་རྟོགས་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་ཡང་དག་བཤད་བྱ་བ། ། ཐུགས་ཀྱི་དཀྱིལ་འཁོར་དམ་པ་ནི།། ཁྲུ་བཞི་པ་ཡི་ཚད་དུ་བྱ།། གསར་པ་ལས་ནི་བཀལ་ནས་ཀྱང་།། དཀྱིལ་འཁོར་ཉིས་འཁོར་རིང་ཐུང་ལ། མཁས་པས་དཀྱིལ་འཁོར་ཐིག་གདབ་བོ།། འཁོར་ལོ་ལྟ་བུར་བྱས་ནས་ཀྱང་།། རྡོ་རྗེ་འཕྲེང་བས་ཡོངས་སུ་བསྐོར།། གྲུ་བཞིར་བགྱི་ཞིང་སྒོ་བཞིར་བགྱི།། རྟ་བབས་བཞི་དང་ཡང་དག་ལྡམ། དབུས་སུ་རལ་གྲི་ཆེན་པོར་དགོད།། ཤར་དུ་རྡོ་རྗེ་ཡང་དག་དགོད།། ལྷོ་རུ་རིན་ཆེན་འཕྲེང་བ་སྟེ།། ནུབ་ཏུ་ཆོས་ཀྱི་པི་ཝང་སྟེ།། བྱང་དུ་རྡོ་རྗེ་རྩེ་གསུམ་མོ།། སྒོར་ནི་ལྕགས་ཀྱུ་ཞགས་པ་དང་། ལྕགས་སྒྲོག་དྲིལ་བུ་མཁས་པས་གཞག། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཆེན་པོ་དགོད་པའི་དམ་ཚིག་གོ།། དེ་ནས་ཆར་པ་མི་འབབ་ན།། སྟེགས་བུ་གྲུ་བཞིའི་སྟེང་དུ་ཡང་།། དངུལ་གྱི་གཞོད་པ་བཞག་ནས་ཀྱང་། ། བག་ཟན་ལས་ནི་བྱས་པའི་གཟུགས།། པདྨ་གསུམ་བརྩེགས་དག་ཏུ་བྱ།། སྟེང་དུ་ཀླུ་ཡི་གཟུགས་བཞག་ལ།། གུར་ཀུམ་གྱིས་ནི་བྱུགས་བྱས་ལ།། མཚམ་སུ་ཨོཾ་དང་བཾ་བཀོད་དེ། ། ཙན་དན་དཀར་པོས་སྦྱིན་སྲེག་བྱ།། ཁ་དོག་མང་པོ་སྦྱོར་ལྡན་པས།། ཀླུ་ཡི་གཟུགས་ནི་ངེས་པར་དགུག། དེས་ཀྱང་འབབ་པར་མ་གྱུར་ན། ཁམ་པའི་གབ་ཚེ་དཀར་པོ་རུ། པྲི་ཡང་ཀུ་ཡི་ཁུ་བ་ཡིས།། རལ་གྲི་བརྒྱད་པོའི་འཁོར་ལོ་བྲི།། རྒྱ་མཚོའི་ངོས་ལས་ས་བླངས་ལ།། ཀླུ་ཡི་གཟུགས་ནི་མངོན་བྱས་ཏེ།། ནམ་མཁའ་ལྡིང་གི་ཁུ་བས་བྱུགས།། ཏིལ་མར་ལ་ནི་སྦྱིན་སྲེག་བྱ། ། དེ་ནས་ཡང་དག་བཤད་བྱ་བ།། ཁམ་ཕོར་སེར་པོའི་ནང་དུ་ནི།། བསྒྲུབ་བྱའི་གཟུགས་གཞུག་ལྡོང་རོས་ཀྱིས།། རི་རབ་རྩེ་མོ་བརྒྱད་པ་བྲི།། དེས་ནི་ཡང་དག་མནན་པར་བྱ། ། ཤིན་ཏུ་རྣོ་བའི་ལྕགས་དག་ལ།། ཁྲུ་དོ་ཚད་ཀྱི་རལ་གྲི་བྱ།། མཎྜལ་དཀར་པོའི་སྟེང་དུ་གཞག། ཟླ་བ་དྲུག་ནི་རིག་པ་བཟླས།། ཏིལ་མར་གྱིས་ནི་བསྐུས་བྱས་ནས།། ཟླ་བ་གཟས་ཟིན་ཚེན་བསྒྲུབ། ། ཐོགས་པས་མཁའ་ལ་ལྡིང་བར་འགྱུར།། བདུད་རྩི་ལྔ་དང་ཤ་སྣ་ལྔ།། གྲིབ་མ་དག་ལ་བསྐམས་བྱས་ཏེ།། ལྕགས་གསུམ་དག་གིས་དཀྲིས་བྱས་ཏེ།། ཤར་བལྟས་ཟས་ནི་སྨྱུང་བར་གནས། ། གཟས་ཟིན་ཚེ་ན་བྷ་གར་གཞུག། མཉམ་པར་བཞག་སྟེ་ཉི་ཤུ་བཟླས།། ཁར་བཅུ་ག་གཞན་གྱིས་མངོན་མི་འགྱུར།། བཅོམ་ལྡན་འདས་དངོས་གྲུབ་ཆེན་པོའི་དམ་ཚིག་གོ། ། དེ་ནས་ཡང་དག་བཤད་བྱ་བ།། ས་བཞི་དཀར་ལ་ཟླུམ་པ་ལ།། ཙན་དན་དཀར་པོའི་མ་སྦར་ཏེ།། སེར་སྐྱའི་མར་གྱིས་སྦྱིན་སྲེག་བྱ།། དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར། ། སྦྱངས་ཀར་གྱིས་རི་སྦྱིན་སྲེག་བྱ།། རིག་པ་འཛིན་པའི་དངོས་གྲུབ་འཐོབ།། ཏི་ལ་ནག་པོས་ནི་སྦྱིན་སྲེག་བྱ།། སྡིག་པ་ཐམས་ཅད་ཞི་བར་འགྱུར།། དུར་བའི་ཐུ་གུས་སྦྱིན་སྐྲས་བྱ། ཚེ་ལོ་རོག་འཛིན་ཐོབ་པར་འགྱུརརོ།། སེང་ལྡིང་དག་ལ་ཕུར་བུར་བྱ།། གསང་སྔགས་ཉིད་ཤུ་གཅིག་བཟླས་ནས།། འདོད་པའི་གཟུགས་ལ་དབབ་པར་བྱ།། དགྱེས་པ་སི་དངོས་གྲུབ་རྒྱ་འགྱུར། ། འཕགས་པ་མི་གཡོ་བའི་རྒྱུད་གསང་བ་ཆེན་པོ་ལས། དངོས་གྲུབ་ཀྱི་ལེའུ་སྟེ་གསུམ་པའོ།། ། དེ་ནས་བཅོམ་ལྡན་འདས་ཡོངས་སུ་དཀྱི། ནས་འཇམ་དཔལ་ལ་སོགས་པ་རྣམས་ལ་རྣམ་པར་གཟིགས་ནས། ཨོཾ་ཨཱཿཧཱུཾ། ཞེས་བྱ་བའི་སྒྲ་གསུངས་ཏེ་མི་སྣང་བར་གྱུར་ཏོ།། དེ་ནས་རབ་ཏུ་དགའ་བའི་ཚོགས་ཀྱིས་རང་གི་བདག་པོ་མཐོང་བར་མ་གྱུར་ཏེ། ཕྱོགས་བཞི་ནས་མངོན་དུ་ཕྱོགས་ནས་འདི་ཡིས་གསོལ་བ་བཏབ་བོ།། ཨེ་མ་བཅོམ་ལྡན་ངོ་མཚར་ཆེ།། སྟོང་པའི་ངང་ལས་ཅི་སྟེ་བཞུགས།། བདག་ནི་ཚངས་སྤྱོད་བྱམས་པ་སྷོ། ། མྱ་ངན་འདས་པ་ཀུན་ནས་སྤོང་།། ཨེ་མའོ་བདེ་བ་ཆེན་པོའི་སྐུ།། ཚིག་ཀུན་གྱིས་ནི་མ་སྤྲོས་པ།། བདག་ནི་རྗེས་ཆགས་སྙིང་རྗེར།། འགྲོ་བ་ཡང་དགེ་སྒྲོལ་བར་མཛད།། ཨེ་མན་དྲི་མེད་དག་པའི་སྐུ། ། སྟོང་པའི་ངངལ་མ་བཞུགས་པར།། རབ་ཏུ་དག་པས་བདག་ལ་རོལ།། འགྲོ་བའི་དོན་ལ་རྗེས་ཆགས་མཛོད།། ཨེ་མའོ་དོན་ཀུན་གྲུབ་མཛད་པ།། དག་པའི་ཡེ་ཤེས་དྲི་མེད། གྲུ། བདག་གིས་འགྲོ་ཀུན་གཟུང་བའི་ཕྱིར།། གཙོ་ག་ཁྱོད་ནི་ཡང་དག་བཞེངས།། དེ་ནས་བཅོམ་ལྡན་འདས་རབ་ཏུ་དགྱེས་ཏེ་སྐུ་ཡོངས་སུ་རྫོགས་པར་མཛད་ནས་གསང་སྔགས་ཀྱི་རྒྱལ་པོ་འདི་དག་གསུས་སོ། ། ལོ་ས་རྒྱ་མ་ཙལ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་མ་ཡ། སརྦ་ཧཱུ~ཾ་བཎྜལ་ཧཱུ~ཾ་ལཊ། གསང་སྔགས་དང་པུར་བུའི་སྔགས་སོ།། ཡོན་མཿསརྦ་བཛྲརྞ། བཛྲ་ན་ཎྜམ་མ་ཊ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཏཱ་ཊ་ཧཱུཾ། མཾ་ངཾ་ཧཾ་མཾ་ཏྲཊ་ཧཱུཾ་མ་མ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཤིན་ཏུ་རྣོ་བའི་སྔགས་ཏེ་ལས་ཐམས་ཅད་པའོ།། དེ་ནས་འཁོར་རྣམས་ཀྱིས་གསང་སྔགས་ཀྱི་དོར་ཁོང་དུ་ཆུད་པར་གྱུར་ཏོ།། འཕས་མི་གཡོ་བའི་རྒྱུད་གསང་བ་ཆེན་པོ་ལས། གསང་སྔགས་ཀྱི་ལེའུ་སྟེ་བཞི་པའོ།། །། འཕགས་པ་མི་གཡོ་བའི་རྒྱུད་གསང་བ་ཆེན་པོ་རྫོགས་སོ།། །

CLOSE WINDOW