Wylie | e-texts produced with ocr Programm |
རྒྱ་གར་གྱི་མཁན་པོ་ག་ཡངྒ་ར་དང་། ལོ་ནུབ་དགེ་སློང་ཤཱཀྱ་མི་ཤེས་ཀྱིས་བསྒྱུར་བའོ།། རྒྱ་གར་སྐད་དུ། ཤྲཱིཀྵ་ཡབཱཀྩིཏྟ་ཏནྟྲ་རཱ་ཛཱ། བོད་སྐད་དུ། དཔལ་སྐུ་གསུང་ཐུགས་ཀྱི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་འདོད་ཆགས་ཆེ།། མཚོན་གྱུར་ལ་ནི་ཡང་དག་གནས། མགོན་པོ་ཐུགས་རྗེ་ཆེ་ལྡན་པ།། ཁྱོད་ཀྱིས་བདག་ལ་བཤད་དུ་གསོལ།། རྡོ་རྗེ་འཛིན་པས་བཀའ་སྩལ་པ།། སྐུ་ནི་བུམ་པའི་ངོ་བོ་སྟེ།། གསུང་ནི་གསང་བའི་ངོ་བོ་ཡིན།། ཐུགས་ཀྱང་ཤེས་རབ་ཡེ་ཤེས་ཏེ།། སངས་རྒྱས་སྤྱན་དང་མཱ་མ་ཀཱི། ། དམ་ཚིག་སྒྲོལ་མ་གོས་དཀར་མོས།། རྡོ་རྗེ་འཛིན་ལ་འདི་སྐད་གསོལ།། རྒྱུད་ཀྱི་དོན་ལ་རབ་གོམས་ཤིང་།། སྨྲ་བའི་ཚིག་གིས་མ་རྨོངས་ཤིང་།། གཞན་གྱི་རྩོད་པས་མི་རྫི་ཡང་།། དབང་དང་མན་ངག་མ་ཐོབ་པར། ། དབང་བསྐུར་རབ་གནས་སྦྱིན་སྲེག་སོགས།། སྔགས་སྤྱོད་ངལ་བ་དོན་མེད་དེ།། ཤི་ནས་སེམས་ཅན་དམྱལ་བར་སྐྱེ།། དེ་ཕྱིར་གཙོ་བོས་དབང་གསུམ་གྱི།། མན་ངག་ཡང་དག་བཤད་དུ་གསོལ།། རྡོ་རྗེ་འཛིན་པས་བཀའ་སྩལ་པ།། དང་པོར་བུམ་དབང་རིམ་པ་ཡང་།། གནས་ནི་ཤིན་ཏུ་བསྔགས་པ་བཙལ།། བཀྲ་ཤིས་ཡིད་དགའ་ཤིན་ཏུ་སྣུམ།། བཀྲ་ཤིས་བྱ་རྣམས་སྐད་སྙན་སྒྲོགས།། དཔག་བསམ་ཤིང་རྒྱས་ཡོད་པར་འདོད། ། གཞན་ཡང་དུར་ཁྲོད་ཤིང་གཅིག་གམ།། ཆུ་ངོགས་དག་ལ་སོགས་པ་རུ།། ས་བདག་ས་ཡི་ལྷ་མོ་ལ།། གཏོར་མ་སྦྱིན་སྲེག་མཆོད་ཡོན་གྱིས།། ས་བསླང་ཕྱིར་ནི་མཐོ་རྣམས་གཟུགས། དེ་ནས་དང་པོ་བསྙེན་པ་དབུལ།། བསྙེན་པ་གསུམ་ནི་རབ་འབྲིང་ཐ།། མཚན་མ་གྲངས་དང་དུས་སུ་གསུངས།། རེ་རེ་ལ་ཡང་གསུམ་གསུམ་སྟེ།། མཚན་མ་གཟུགས་དང་འོད་དང་སྒྲ།། གྲངས་ནི་སྟོང་དང་ཁྲི་དང་འབུམ། ། དུས་ནི་བཅོ་ལྔ་བཅུ་གསུམ་དང་།། བདུན་དུ་བསྙེན་པ་རྫོགས་པ་དང་།། ལྷ་རྣམས་བསྙེན་པས་མཉེས་བྱས་ནས།། ལྷ་དང་སློབ་མ་རྫས་རྣམས་ཀུན།། ལྷག་པར་གནས་པ་ཚུལ་བཞིན་བྱ།། བཀྲ་ཤིས་ལོ་གྲངས་ལྡན་པ་ཡི།། བུ་མོ་ཀུ་ཤའི་ཕྱོགས་མཐུན་པའི།། ཀུ་ཤ་བཙལ་ལ་མཚན་མ་བརྟགས།། སོ་ཤིང་རྩེ་མོར་མེ་ཏོག་དྲི།། སྲུང་སྐུད་ལ་སོགས་མཚན་མ་བརྟག། དབང་གི་དཀྱིལ་འཁོར་བསྐྱེད་པར་བྱ། ། དཀྱིལ་འཁོར་སློབ་མ་རབ་འཐིང་ཟ།། ཏིང་འཛིན་མེ་ཏོག་རྡུལ་ཚོན་རིམ།། གང་དང་ལྡན་པ་དེ་ཉིད་དོ།། དེ་ནས་མཆོད་རྫས་རིམ་པ་དགྲམ།། ཁཾ་བིར་མི་སྔགས་ཀྱིས་ཀྱ་།། དེ་ལ་རྡོ་རྗེས་བྱབ་པར་བྱ།། དེ་ནས་ཀུ་ཤ་ལ་སོགས་ལ།། སྤོགས་པའི་ཆོ་ག་དང་བཅས་བྱ།། གཞན་ཡང་སྔོན་དུ་འགྲོ་བའི་རྫས།། བླ་མ་མཉེས་པར་བྱ་བ་དང་།། དཀྱིལ་འཁོར་ལྷ་རྣམས་མཆོད་པའི་ཕྱིར།། རྟ་དང་གླང་པོ་མ་ཧེ་དང་། ། རིན་ཆེན་ལ་སོགས་གཏེར་རྣམས་དང་།། སྤོས་དང་མར་མེ་ལ་སོགས་པ།། བརྒྱ་འམ་སྟོང་ངམ་ཁྲི་འམ་འབུམ།། བླ་རེ་རྒྱན་དང་བ་དན་སོགས།། བྱིན་བརླབས་ཚོགས་བསགས་ཕྱི་རུ་དགོད།། དེ་ནས་སློབ་མ་གཞུག་པར་བྱ།། ཁྲུས་དང་ཡན་ལག་དྲི་ཡིས་བྱུག། ཀྱེ་ཧོ་ཁྱོད་ནི་ཇི་ལྟ་བུ།། འཇིག་རྟེན་འཁྲུལ་པ་ལས་སད་ན།། ཧེ་རུ་ཀར་གྲགས་ཆེན་པོ་ཡི།། དཀྱིལ་འཁོར་ཆེན་པོར་ཁྱོད་རོལ་ལམ།། དད་པ་དང་བཅས་སྤྲོ་བར་གྱིས། ། རྣམ་རྟོག་དང་བྲལ་རྡོ་རྗེ་སེམས།། དགའ་ཆེན་ཁྱོད་བདག་སྟོན་པ་པོ།། རྡོ་རྗེ་འཛིན་པ་དགོངས་སུ་གསོལ།། བྱང་ཆུབ་ཆེན་པོར་ལུང་སྟོན་པ།། མགོན་པོ་ཆེན་པོ་བདག་འཚལ་ལོ།། དམ་ཚིག་དེ་ཉིད་བདག་ལ་སྩོལ།། བྱང་ཆུབ་སེམས་ནི་བདག་ལ་སྩོལ།། པདྨ་ལས་བྱུང་བདག་ལ་སྩོལ།། གསང་བ་ལས་བྱུང་བདག་ལ་སྩོལ།། ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། མགོན་པོས་བདག་ནི་གཞུག་ཏུ་གསོལ། ། ལེགས་སོ་ལེགས་སོ་རིགས་ཀྱི་བུ།། རྒྱལ་སྲས་ཀུན་གྱི་ནང་ན་མཆོག། རྣམ་རྟོག་ཐམས་ཅད་འཇིག་བྱེད་པ།། གཉིས་མེད་ཁྱོད་ཀྱིས་བླང་བར་བྱ།། མི་བསྐྱོད་བཅོམ་ལྡན་དང་མཚུང་པའི་ཟིལ་གྱིས་མི་ནོན་ཁྱོད་ཀྱིས་བླང་། ། དམ་ཚིག་སྤྱོད་པ་སྤྱད་ན་ནི།། མཆོག་གི་དེ་ཉིད་ཐང་བར་བྱ།། ཐབས་དང་ཤེས་རབ་ཟུང་དུ་འཇུག། ནམ་ཡང་ཁྱོད་ཀྱིས་སྤང་མི་བྱ།། ཚངས་སྤྱོད་དེ་བཞིན་བསམ་གཏན་ལ། ། འབད་པས་སེམས་ནི་བརྟན་པར་བྱ།། ཆང་ནི་རྟག་བཏུང་ཁྲོ་མི་བྱ།། དེ་བཞིན་ཤ་ཡང་ཤེས་པར་བྱ།། གཞན་གྱི་ཕྱག་རྒྱ་བརྟེན་པར་བྱ།། འདི་ནི་དམ་ཚིག་བརྒྱད་ཡིན་ནོ།། དཀོན་མཆོག་གསུམ་ལ་སྣབས་སུ་འགྲོ། ། ཐུན་མོང་སྡོམ་དང་སེམས་བསྐྱེད་སྦྱིན།། བསྐོར་བ་ལན་གསུམ་ཕྱག་གསུམ་བྱ།། ཡོལ་བས་བར་དུ་གཅད་ནས་ནི།། མིག་ལ་སོགས་པ་ལྔ་བཀབ་ལ།། ལྷ་གྲངས་དུ་ཡོད་མེ་ཏོག་སྦྱིན།། ཀུན་བྱེད་ཆུ་ཡིས་བསལ་དག་བྱ། ། མེ་ཏོག་དང་བཅས་རྡོ་རྗེ་ཡང་།། དེ་ཡི་སྙིང་ལ་བཞག་ལ་བསྒོམ།། སློབ་དཔོན་ལ་ནི་བརྙས་བྱེད་སོགས།། ལྷུང་བའི་ཉེས་པ་བརྗོད་པར་བྱ།། ཕྱི་ཡི་རྡོ་རྗེ་འཛིན་པ་དབབ།། སྔོན་དུ་སྡིག་པ་ལན་གསུམ་དྲལ། ། མིག་གིས་གཟུགས་རྣམས་མཐོང་བ་དང་།། རྣ་བས་སྒྲ་དང་སྣ་ཡིས་དྲི།། ལྕེ་ཡིས་རོ་དང་ལུས་ཀྱིས་རེག། དངོས་གྲུབ་འཕྲིན་ལས་སོ་སོ་རུ།། མཁས་པས་ཤེས་ཤིང་བརྟག་པར་བྱ། ། མེ་ཏོག་དོར་ཏེ་ལྷ་ཡང་སྦྱིན།། འཁོར་རྣམས་གཙོ་བོའི་ཡན་ལག་ཡིན།། གཙོ་བོའི་མཚན་ཉིད་ཤེས་པར་བྱ།། ཇི་ལྟར་གསོ་བའི་སྨན་པ་ཡིས།། དབང་པོ་ལྔ་ཡི་ཟུག་རྔུ་འབྱིན།། དེ་བཞིན་སེམས་དཔའ་ཆེན་པོ་ཡིས། ། མི་ཤེས་པ་ཡི་རབ་རིབ་ཀུན།། རྒྱལ་བ་རྣམས་ཀྱིས་ཡང་དག་བསལ།། དེ་ལ་གཟུགས་བརྙན་དཀྱིལ་འཁོར་བསྟན།། དབང་གི་དཀྱིལ་འཁོར་བྱང་ཤར་དུ།། པདྨ་འདབ་མ་བརྒྱད་པ་རུ་བཞག་ལ་རིག་པའི་དབང་ལྔ་བསྐུར། ། ཆུ་ཁམས་མི་བསྐྱོད་མེ་ལོང་གིས།། རྡོ་རྗེ་རིགས་ཀྱི་འཕྲིན་ལས་འགྲུབ།། དབུ་རྒྱན་རིན་ཆེན་འབྱུང་ལྡན་ཏེ། མཉམ་ཉིད་ཡེ་ཤེས་རང་བཞིན་གྱིས། ། རིན་ཆེན་རིགས་ཀྱི་འཕྲིན་ལས་འགྲུབ།། འོད་དཔག་མེད་པ་རྡོ་རྗེའི་དབང་།། སོ་སོར་རྟོག་པའི་རང་བཞིན་གྱིས།། པདྨའི་རིགས་ཀྱི་འཕྲིན་ལས་བྱེད།། དྲིལ་བུ་དོན་ཡོད་གྲུབ་པ་སྟེ།། བྱ་བ་ནན་ཏན་ཡེ་ཤེས་ཀྱིས། ། འཕྲིན་ལས་སྣ་ཚོགས་བྱེད་པར་འགྱུར།། རིགས་ལས་དྲས་ནས་མིང་གི་དབང་།། རྡོ་རྗེ་དང་སྦྱར་རྡོ་རྗེ་སེམས།། རྣམ་སྣང་ཆེན་པོའི་ངོ་བོ་སྡེ།། ཆོས་དབྱིངས་ཡེ་ཤེས་རང་བཞིན་ལས།། དེ་བཞིན་ཉིད་ཀྱི་མཚན་ཉིད་འཛིན། ། མི་འཇིགས་སེང་གེའི་ཁྲི་སྟེངས་སུ།། རིག་བྱེད་སློབ་དཔོན་དབང་སྦྱིན་བྱ།། བདུད་བཞི་འཇོམས་པས་རྒྱལ་མཚན་བཞི།། ཆོས་རྣམས་མི་ནུབ་རྒྱལ་མཚན་འཛུགས།། ཆོས་ཀྱི་སྐུ་ཡིས་ཀུན་ལ་ཁྱབ། ། གདུགས་ཀྱིས་སྟེང་ནས་དགབ་པར་བྱ།། རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་གཉིས།། ཕྱག་རྒྱའི་དམ་ཚིག་གསུམ་ཡིན་ཏེ།། དབུགས་དབྱུང་བ་དང་ལུང་བསྟན་དང་།། རྗེས་སུ་གནང་དང་ཕྱིར་མི་ལྡོག། བརྟན་པར་བྱེད་དང་རྣམ་པ་ལྔ། ། གཞན་ཡང་རྫས་ཀྱི་བྱེ་བྲག་རྣམས།། རིན་ཆེན་བདུན་ལ་སོགས་པ་ཀུན།། ཐུན་མོང་ཡིན་པ་རང་ཡིས་གསུངས།། བུམ་པའི་དབང་ལ་རྣམ་གསུམ་སྟེ།། དཀྱིལ་འཁོར་དུ་འཇུག་དང་པོ་ཡིན། གཉིས་པ་རིག་པའི་དབང་ཡིན་ཏེ།། བརྟན་པར་བྱེད་པ་གསུམ་པའོ།། དེ་ནས་གསང་བ་བཤད་བྱ་བ།། ལུས་ནི་རི་རབ་ལྷུན་པོ་ལ།། བྱང་ཆུབ་སེམས་ཀྱི་གནས་བཅས་ནས།། བདེ་བའི་སྟན་ལ་གནས་ནས་སུ།། གསང་བའི་དབང་གིས་རྟེན་གྱུར་པ།། རིག་མ་དང་པོ་བཙལ་བར་བྱ།། དང་པོ་ཤེས་པས་བརྟག་པ་དང་།། བདག་དབང་ཡོད་པར་བླང་བ་དང་།། ཉེས་པ་དག་པར་སྣང་བ་དང་།། དཀྱིལ་འཁོར་བསྐྱེད་པར་བྱ་བ་དང་། བར་ཆོད་བགེགས་རྣམས་ཞི་བ་དང་།། སྲུང་དང་དེ་ལ་ཚོགས་ཀྱིས་མཆོད།། དྲི་ཡི་ཐིག་ལེ་དུ་མ་བྱ།། གཡོན་ན་གནས་པ་དེ་ཉིད་དང་།། སྲུབ་དང་བསྲུབ་ཐབས་སྦྱོར་བ་དང་།། བསྲུབས་ལས་བདེ་བའི་ཆུ་རྒྱུན་གྱིས།། ལུས་ཀུན་ཁྱབ་ན་གསང་བ་རུ། ། དཀར་ལ་རྩ་དམར་ལྟ་བུར་འཛག། དཀྱིལ་འཁོར་དུ་འཇུག་གོང་དང་འདྲ།། རོ་མའི་འཁོར་ལོར་དྷ་བསམས་ལ།། ལྕེ་དེ་པདྨར་བྱིན་བརླབས་ཏེ།། ལྕེ་ཡི་རྩེ་མོར་བྷ་བསམས་ལ།། སི་ཧླ་ག་པུར་འདྲེས་པ་ཡིས། ། བྷ་ལ་གཞག་སྟེ་དེ་ལ་བསྟིམ།། སོར་གཉིས་ལོངས་སྤྱོད་མཉམ་སྦྱོར་ལ།། དབུས་སུ་མི་དམིགས་བསྒོམ་པར་བྱ།། གསང་བའི་དབང་ལ་རྣམ་གསུམ་སྟེ།། རྡོ་རྗེ་གཙོ་མོས་སྦྱིན་པ་དང་།། ཁྲོ་མོ་སྦོམ་པོས་སྦྱིན་པ་དང་། ། རྡོ་རྗེ་གྲེ་ཚངས་སྦྱིན་པའོ།། ཤེས་རབ་ཡེ་ཤེས་དབང་ལ་ཡང་།། དང་པོར་ཤེས་རབ་བརྟག་པ་ནི།། ལུས་དང་ངག་དང་ཡིད་དང་གསུམ།། མཁས་པས་བརྟག་ཅིང་ཤེས་པར་བྱ།། དེ་ནས་ཁྱད་པར་ལྔ་བརྟགས་ཏེ། ། རིགས་དང་ལང་ཚེ་ལོངས་སྤྱོད་དང་།། རྒྱན་དང་གཟུགས་ཀྱི་ཁྱད་པར་ལྔ།། ཕྱི་ཡི་བརྟག་པ་ཡིན་པར་གསུངས།། སེམས་བརྟན་རྡོ་རྗེ་ཡི་ནི་རིགས།། ཁྱད་པར་ཡིན་པར་ང་ཡིས་གསུངས།། རྣམ་རྟོག་ཆུང་བའི་རྡོ་རྗེ་ཡི།། ལང་ཚེའི་ཁྱད་པར་ཡིན་པར་གསུངས།། མི་རྟོག་པས་བརྒྱན་ཤེས་པ་སྟེ།། རྡོ་རྗེའི་རྒྱན་གྱི་ཁྱད་པར་ཡིན།། དེ་ཉིད་དུས་གསུམ་དུ་མི་འགྱུར།། མི་ནུབ་ཆོས་ཀྱི་རྒྱལ་མཚན་ཏེ།། རྡོ་རྗེའི་གཟུགས་ཀྱི་ཁྱད་པར་ཡིན། ། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད།། དེ་ཡི་རོལ་ལོངས་སྤྱོད་པས།། རྡོ་རྗེའི་ལོངས་སྤྱོད་ཁྱད་པར་རོ།། ཀུན་འདར་མ་སྟེ་ཐུགས་ཀྱི་རིགས།། རིགས་ཀྱི་ཁྱད་པར་ཡིན་པའོ། ། དེ་ཉིད་མདའ་ལྷར་མཁྲང་བ་ནི།། ཐུགས་ཀྱི་ལང་ཚོའི་ཁྱད་པར་རོ།། རྩ་དེ་དམར་ལ་དངས་པ་དང་།། བྱང་ཆུབ་སེམས་ནི་དཀར་ལ་དངས།། གཉིས་སུ་མེད་ལ་དཀར་བའི་ཚུལ།། དཔེར་ན་ནོར་བུ་ཀེ་ཀེ་རུདར་ལ་བརྒྱུས་པ་ཇི་བཞིན་དུ། ། ཐུགས་ཀྱི་གཟུགས་ཀྱི་ཁྱད་པར་རོ།། ལ་ལ་ནཱ་དང་ར་ས་ནཱ།། ཨ་བ་དྷཱུ་ཏིར་གཉིས་མེད་ལ།། སྤྱོད་ཐུགས་ལོངས་སྤྱོད་ཁྱད་པར་རོ།། དང་པོར་ཕྱི་ལ་གཉིས་པ་ནང་།། གསུམ་པགསང་བའི་བརྟག་པའོ། ། ལུས་བརྟག་པ་ནི་སྐུ་ཡིན་ཏེ།། ངག་བརྟག་པ་ནི་གསུང་དུ་འགྱུར།། ཡིད་བརྟག་ཐུགས་སུ་འགྱུར་བའོ།། སྒྱུ་མ་ཙམ་གྱི་དགོངས་པའི་དོན།། ཀུན་ལ་ཁྱབ་པར་ཤེས་པར་བྱ། ལུས་ཀྱི་དྲུག་ལ་ངག་གི་དུན།། སེམས་ཀྱི་བདུན་པོ་སྒྱུ་མའི་ཚུལ།། དང་པོར་སྨིག་རྒྱུ་ཆུར་འཁྲུལ་དང་།། གཉིས་པ་སྨིག་རྒྱུ་ཉིད་ཡིན་ཏེ།། གསུམ་པ་སྨིག་རྒྱུ་མི་སྣང་བཞིན།། དེ་བཞིན་ཞལ་ནས་ཤེས་པར་བྱ།། ཚུཆུལ་བདུན་ནོ་མར་ལ་གཅིག། དྲི་ནི་བདུན་ཏེ་ཤ་ལ་གཉིས།། སྒོ་ང་བཞི་སྟེ་འོ་མ་གསུམ།། འདི་རྣམས་བཙལ་བའི་རྟེན་གྱུར་པ།། ལོ་ནི་གསུམ་བཞི་ཡིན་པར་གསུངས།། ཀ་ར་གཉིས་ཏེ་བུ་རམ་གཅིག་ཆང་ནི་གཉིས་སུ་ཤེས་པར་བྱ། ། རྒྱན་ནི་བྱེ་བྲག་སྣ་ཚོགས་སོ།། དགུན་དང་དེ་བཞིན་སྟོན་གྱི་ཤ།། ཞག་གཅིག་ན་ནི་བཅུད་དང་ལྡན།། དབྱར་དང་དཔྱིད་ཀྱི་ཤ་རྣམས་ཀྱང་།། དྲོད་དང་ལྡན་ཞིང་བཅུད་དང་ལྡན།། རང་བཞིན་ཤི་བའི་ཤ་ཡིན་ཏེ། ། འདུན་པ་བྱས་ན་དམ་ཚིག་ཉམས།། རྩ་བ་ལྔ་དང་ཡན་ལག་བཅས།། གཞན་ཡང་འབྲས་བུ་ལ་སོགས་སྨན།། མར་དང་བཅས་པས་སྦྱར་བར་བྱ།། ཤ་ཡང་མར་གྱིས་དེ་བཞིན་ནོ། བས་ཀུན་གྱི་བཅུད་སྐྱེད་དེ།། མངར་བ་ཀུན་གྱིས་རོ་རྩ་བྱེད།། བཅུད་སྐྱེད་ཤ་ནི་གཞོན་ནུ་སྟེ།། རོ་རྩ་ཤ་ནི་བཅོ་ལྔ་ཡིན།། བཅུད་སྐྱེད་ཤ་དང་མར་གཉིས་ཀྱང་།། ལྔ་དང་ལྔ་ཡི་ཆ་ཡིས་བསྲེས།། ཆང་ནི་མཉམ་པོར་གསུངས་པའོ། ། རོ་རྩ་བ་ཡི་ཤ་ལ་ཡང་།། འོ་མ་སྒོང་ཆ་མཉམ་པར།། ལྔ་གསུམ་ལྔ་གཉིས་གཙོ་བོར་བྱ།། ཁ་རའི་ཆང་ངམ་འོ་མའམ།། ཤ་དང་མཉམ་པོར་སྦྱིན་པར་བྱ།། འདི་ནི་ཡན་ལག་སྤྲོས་པ་སོ། ། དེ་ནས་མཚམས་གཅད་བསྙེན་པ་དང་།། དམ་ཚིག་སྣ་ཚོགས་བྱ་བ་ཡང་།། སྤྲོས་པ་མེད་པའི་ཡན་ལག་ཡིན།། དབང་བསྐུར་སྔོན་དུ་སྒོམ་པའི་དོན།། དབང་ཐོབ་ཕྱིར་ནི་ང་ཡིས་གསུངས།། རིག་མ་གཏད་དང་མན་ངག་སྦྱིན། ། བརྡ་རྣམས་བྱ་ཞིང་འདོད་པའི་རྟགས།། རྟག་པ་ཤིན་ཏུ་སྤྲོས་པ་མེད།། ཕྱག་དང་ཞབས་ལ་སོགས་པས་འཁྱུད།། དང་པོའི་སྦྱོར་ཐགས་ཞེས་གསུངས་སོ།། དབུ་རྒྱན་མགུལ་རྒྱན་ལ་སོགས་པ། ། སྦྱོར་ཐབས་ཆེན་པོ་ཞེས་བྱ་སྟེ།། ལངས་པ་ཙོག་པུ་གན་རྒྱལ་དང་།། ཁ་སྲུབ་འཕྲེད་དང་ལྔ་ཡིན་ཏེ།། འདི་རྣམས་ཀུན་གྱི་དགོངས་པ་ཟབ།། དགོངས་མེད་སྤྱད་པ་སྤྱོད་བྱེད་པ། ། འདི་ནི་མནར་མེད་སྐྱེ་བའི་རྒྱུ།། ཐ་མལ་པ་ལས་བརྒྱ་འགྱུར་གྱིས།། བུམ་པའི་དབང་དང་འབྲེལ་བའོ།། བུམ་པ་དང་ནི་གསང་བ་སྟེ།། གསང་བ་ལས་གཞན་གསུམ་པ་སྟེ།། དེ་ཡི་རྣམ་སྨིན་བརྗོད་མི་ལང་དཀྱིལ་འཁོར་དུ་འཇུག་རིམ་པ་ནི། ། བླ་མའི་ཞལ་ལས་ཤེས་པར་བྱ།། ཡན་ལག་བདུན་བསྒོམས་སྦྱོར་བ་དངོས།། ཁྱད་པར་རྣམ་པ་གསུམ་ལས་བྱུང་།། སྔགས་དང་། སྨན་ནི་དང་པོ་སྟེ།། གཉིས་པ་སྦྱོར་ཐབས་ཡིན་པར་གསུངས།། གསུམ་པ་ཏིང་འཛིན་ཡིན་པ་སྟེ།། སྔགས་དང་སྨན་གྱིས་ཀུན་ད་དྲང་།། རྐེད་ཤིང་ཚད་དང་གནས་པའི་ཚད།། དྲང་བའི་ཚད་རྣམས་ཤེས་པར་བྱ། ། འབྱུང་བ་བཞི་དང་རིགས་མཐུན་པའི།། རྐེད་ཤིང་རྐེང་པའི་ཚད་དང་མཉམ།། སོར་གསུམ་སོར་བཞི་དར་རམ་མེན།། གནས་པའི་ཚད་ནི་རྣམ་པ་དྲུག། རྣམ་ཐར་གསང་བའི་ཕོ་བྲང་གནས།། སྐྱེ་མཆེད་རིག་པར་གནས་པའོ། ། སྟོང་པ་རྟ་མགྲིན་འཁོར་ལོར་གནས།། ཁམས་རྣམས་གསང་བ་བདེ་སྐྱོང་གནས།། འདབ་ལ་སྤྲུལ་པའི་འཁོར་ལོ་གནས།། ཡང་དག་སྤོང་བ་སྙིང་ཁར་གནས།། ཧེ་རུ་ཀར་ནིམ་གཤེགས་ཤིང་། ། རྡོ་རྗེ་མདའ་ཡིས་མ་བརྒྱབ་པའོ།། དྲང་བའི་ཚད་ནི་སོར་བཞི་དབྱུག། དང་པོར་ཁྲུས་བྱས་གཉིས་པ་ལ།། སྨན་དང་སྣུམ་དང་དྲི་དང་གསུམ།། སུམ་ཆ་སུམ་གཉིས་སྟོད་སྨད་དུ།། ལུས་ལ་བསྐུ་ཞིང་མེ་ལ་བདུག། རྩེ་གསུམ་རྩེ་ནི་ཤིན་ཏུ་ཟབ།། བ་སྤུ་བ་དང་ལྟ་བ་དང་།། ར་མཉེ་བ་དང་ཉེའུ་ཤིང་དང་།། ར་མོ་ཤགས་དང་ཡན་ལག་བཅས།། རྡོ་རྗེ་ལ་སོགས་ལྔ་སྦྱར་དང་།། གཞན་ཡང་སྨན་དང་སྣུམ་དང་དྲི།། དར་ལ་སོགས་པའི་ནང་དུ་བླུགས།། སྒོ་གཉིས་ནས་ནི་ཐི་ལྡོས་འདུག། ཟབ་པའི་སྔགས་བཏབ་བསྒོམས་བྱས་ནས།། དང་པོར་མཚན་མ་ཤེས་པར་བྱ།། ཆགས་པའི་གཟི་ལྡན་སྣ་ཚོགས་འབྱུང་།། ཐ་མའང་གསུམ་མམ་བདུན་ན་འབྱུང་། ། དགོངས་པའི་བྱེ་བྲག་ཤེས་གྱུར་ནས།། སྔགས་དང་སྨན་གྱི་ཁྱད་པར་རོ།། དགོངས་པ་མི་ཤེས་འདོད་ཆགས་ཕྱིར།། སྨན་ལ་སོགས་པ་བཙལ་མི་བྱ།། འདི་ཡི་སྡིག་པ་བསམ་མི་ཁྱབ། ། གདུག་པའི་སྦྱོར་ཐབས་ཤེས་གྱུར་ན།། དབུས་ཀྱི་རྩ་ཡི་ཁ་འབྱེད་པ།། སྒོར་ཐབས་ཁྱད་པར་ཡིན་པར་གསུངས།། བདེ་ཆེན་གོ་བཟློག་སྦྱོར་བ་དང་།། འཁོར་ལོའི་གོ་བཟློག་སྦྱོར་བ་དང་།། སྐུ་ཡི་གོ་བཟློག་སྦྱོར་བ་དང་། ། ཡེ་ཤེས་གོ་བཟློག་སྦྱོར་བ་དང་།། འབྱུང་བ་གོ་བཟློག་སྦྱོར་བ་དང་།། ཡུམ་གྱི་གོ་བཟློག་སྦྱོར་བ་དང་།། ཐིག་ལེ་གོ་བཟློག་སྦྱོར་བ་དང་།། བསམ་གཏན་གོ་བཟློག་སྦྱོར་བ་དང་།། ཡི་གེ་གོ་བཟློག་སྦྱོར་བ་དང་། སྟོང་པའི་གོ་བཟློག་སྦྱོར་བ་དང་།། དབུགས་ཀྱི་གོ་བཟློག་སྦྱོར་བ་དང་།། དགའ་བའི་གོ་བཟློག་སྦྱོར་བ་དང་།། གཏུམ་མོའི་གོ་བཟློག་སྦྱོར་བ་དང་།། རྩ་ཡི་གོ་བཟློག་སྦྱོར་བ་དང་།། བྱང་སེམས་གོ་བཟློག་སྦྱོར་བ་དང་།། གཡ་གཡོན་གོ་བཟློག་སྦྱོར་བ་དང་། ། བརྡ་ཡི་གོ་བཟློག་སྦྱོར་བ་དང་།། རྟེན་གྱི་གོ་བཟློག་སྦྱོར་བ་དང་།། ཀུན་མཁྱེན་གྱིས་ཀྱང་མ་གཟིགས་པ།། སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་གསང་།། བྱང་ཆུབ་སེམས་དཔའ་ཀུན་གྱི་ཡུམ་སྲས་རྣམས་ཐུན་མོང་མ་ཡིན་བསྐྱེད། ། ཏིང་ངེ་འཛིན་གྱི་ཁྱད་པར་རོ།། འདི་ཡི་ཁྱད་པར་མ་དཔགས་པར།། ཟབ་པའི་དོན་ནི་ཡོད་མ་ཡིན།། དབང་བསྐུར་བ་ཡི་སྔོན་དུ་ཡང་།། གདམས་ངག་སྦྱིན་པར་གསུངས་པ་ཡིན། གདམས་ངག་དེ་ཡིས་དབང་ཐོབ་འགྱུར།། ཤེས་རབ་མ་ལ་བརྟེན་ནས་སུ།། བདེ་བའི་ཡེ་ཤེས་བསྐྱེད་པས་ནི།། ཤེས་རབ་ཡེ་ཤེས་དབང་དུ་གསུངས།། སི་ཧླ་ག་པུར་ཤེས་རབ་སྟེ།། དེ་ཡི་བདེ་བ་ཡེ་ཤེས་ཡིན།། སི་ཧླ་ཤེས་རབ་ཅེས་བྱ་སྟེ། ། ག་པུར་ཡེ་ཤེས་སུ་ནི་བཤད།། རྩ་གསུམ་འདུས་པ་ཤེས་རབ་སྟེ།། དེ་ཡི་ཐིག་ལེ་ཡེ་ཤེས་ཡིན།། ལ་ལ་ནཱ་ནི་ཡེ་ཤེས་སོ།། ར་ས་ནཱ་ནི་ཤེས་རབ་སྟེ།། རྩ་ནི་ཤེས་རབ་ཅེས་བྱ་སྟེ། ། བྱང་ཆུབ་སེམས་ནི་ཡེ་ཤེས་སོ།། མཁའ་འགྲོ་མ་ནི་ཤེས་རབ་སྟེ།། དཔའ་བོ་ཡེ་ཤེས་སུ་ནི་བཤད།། དགའ་བ་གསུམ་ནི་ཡེ་ཤེས་ཏེ།། རང་བཞིན་དགའ་བ་ཤེས་རབ་ཡིན།། འོག་ནི་ཤེས་རབ་ཅེས་བྱ་སྟེ། ། སྟེང་ལ་ཡེ་ཤེས་སུ་ཡང་བཤད།། གཡོན་པ་ཤེས་རབ་ཅེས་བྱ་སྟེ།། གཡས་པ་ཡེ་ཤེས་སུ་ཡང་བཤད།། ཆོས་དབྱིངས་ཤེས་རབ་ཅེས་བྱ་སྟེ།། ཡེ་ཤེས་བཞི་ནི་ཡེ་ཤེས་ཡིན།། ཕྱག་མཚན་མིང་དང་ཡི་གེ་རྣམས། ། གཞན་ཡང་བྱེ་བྲག་ཤེས་པར་བྱ།། ཤེས་རབ་ཡེ་ཤེས་ལ་ཡང་གསུམ།། ཚིག་ལ་བསླབ་པའང་གནང་བ་ཡིན།། གཟུགས་བརྙན་ལ་ནི་བཤད་པ་སྟེ།། མངོན་པར་རྟོགས་པས་བསྒོམ་པ་གསུངས།། ། ཨེ་བཾ་མ་ཡའི་རྣམ་པ་ཡང་།། ཨེ་ནི་ས་སྟེ་བཾ་ནི་ཆུ།། མ་ནི་མེ་སྟེ་ཡ་ནི་རླུང་།། ཨེ་ནི་སྙིང་རྗེ་བཾ་ནི་བྱ་མས།། མ་ནི་དགའ་བ་ཡ་བཏང་སྙོམས།། ཨེ་ནི་སྤྱན་པ་མཱ་མ་ཀཱི།། མ་ནི་གོས་དཀར་ཡ་སྒྲོལ་མ། ཨ་ནི་སྦྱིན་པ་བཾ་། ཚུལ་ཁྲིམས།། མ་ནི་བཟོད་པ་ཡ་བསམ་གཏན།། ཨེ་ནི་ཕྱག་རྒྱ་ཆེན་པོ་སྟེ།། བཾ་ནི་དམ་ཚིག་ཕྱག་རྒྱ་ཡིན།། མ་ནི་ཆོས་ཀྱི་ཕྱག་རྒྱ་སྟེ།། ཡ་ནི་ཤེས་རབ་ཕྱག་རྒྱའོ།། ཨེ་ནི་ཤར་ཏེ་བཾ་ལྷོ་ཕྱོགས།། མ་ནི་ནུབ་སྟི་ཡ་བྱང་ཕྱོགས། ། ཨེ་ནི་སྐུ་ཡི་ཐིག་ལེ་སྟེ།། བ་ནི་གསུང་ལ་མ་ནི་ཐུགས།། ཡ་ནི་ཡེ་ཤེས་ཐིག་ལེའོ།། ཨོཾ་ནི་སྔོན་པོ་བཾ་ལྗང་ཀུ།། མ་ནི་དམར་པོ་ཡ་སེར་པོ།། ཨེ་ནི་མཁའ་འགྲོ་བ་ལཱ་མ།། མ་ནི་དུམ་སྐྱེས་ཡ་གཟུགས་ཅན། ཨེ་ནི་ཡེ་ཤེས་མཁའ་འགྲོ་སྟེ།། བཾ་ནི་རྡོ་རྗེའི་མཁའ་འགྲོ་ཡིན།། མ་ནི་ཤ་ཟའི་མཁའ་འགྲོ་སྟེ།། ཡ་ནི་ལས་ཀྱི་མཁའ་འགྲོའོ།། ཨེ་ནི་འགོག་པ་བཾ་ནི་ལམ།། མ་ནི་སྡུག་བསྔལ་ཡ་ཀུན་འབྱུང་།། ཨེ་ནི་བདེ་ཆེན་བཾ་ལོངས་སྤྱོད། ། མ་ནི་ཆོས་ལ་ཡ་སྤྲུལ་པ།། ཨེ་ནི་མཚན་མ་བཾ་སྟོང་པ།། མ་ནི་རྣམ་ཐར་ཡ་དཔེ་བྱད།། ཨེ་ནི་རྣམ་པ་སྣ་ཚོགས་ཏེ།། བཾ་ནི་རྣམ་པར་སྨིན་པའོ།། མ་ནི་རྣམ་པར་ཉེད་པ་སྟེ།། ཡ་ནི་རྣམ་པ་མཚན་ཉིད་བྲལ། ཨེ་ནི་ཆུང་ངུ་བཾ་འབྲིང་པོ།། མ་ནི་ལྷག་པ་ཡ་ཆེར་ལྷག། ཨེ་ནི་གཡས་ནས་མེ་རྒྱུ་སྟེ།། བཾ་ནི་གཡོན་ནས་རླུང་རྒྱུའོ།། མ་ནི་འོག་ནཱས་རླུང་རྒྱུ།། ཡ་ནི་སྟེང་ནས་ཆུ་རླུང་རྒྱུ།། ཨེ་ནི་གནས་བརྟན་བཾ་ཕལ་ཆེན། མ་ནི་བཀུ་ར་བ་ཡ་ཐམས་ཅད།། ཨེ་ནི་བསྙེན་པ་བཾ་ཉེ་བསྙེན།། མ་ནི་སྒྲུབ་པ་ཡ་སྒྲུབ་ཆེན།། ཨེ་ནི་ཤར་ལྷོ་བཻ་ལྷོ་ནུབ།། མ་ནི་ཤར་མཚམས་ཡ་ནུབ་མཚམས།། ཨ་ནི་རྒྱུད་ལ་བཾ་ནི་སྔགས།། མ་ནི་ཡེ་ཤེས་ཡགས་བ.ེ་ནི་སྣང་བ་བཾ་སྣང་མཆེད། ། མ་ནི་སྣང་ཐོབ་ཡ་འོད་གསལ།། ཨེ་ནི་བདག་གི་བཟང་པོ་ཡིན།། བ་ནི་དུས་ཀྱི་བཟང་པོ་ཡིན།། མ་ནི་ཡེ་ཤེས་བཟང་པོར་གསུངས།། ཡ་ནི་རླུང་གི་བཟང་པོ་ཡིན།། ཨེ་ནི་བདག་གི་གནས་ཡིན་ཏེ། ། བཾ་ནི་རྣལ་འབྱོར་གནས་སུ་བསྟན།། མ་ནི་གཞན་གྱི་གནས་ཡིན་ཏེ།། ཡ་ནི་རྒྱད་ཀྱི་གནས་ཡིན་ནོ།། ཨེ་ནི་དགའ་བ་བཾ་མཆོག་དགའ།། མ་ནི་ལྷན་ཅིག་ཡ་དགའ་བྲལ།། ཨེ་ནི་མེ་ལོང་བ་མཉམ་ཉིད་མ་ནི་ཀུན་རྟོགས་ཡ་ནན་ཏན། ། ཨེ་ནི་ཆོས་སྐུ་བཾ་ལོངས་སྤྱོད།། མ་ནི་སྤྲུལ་སྐུ་ཡ་བདེ་ཆེན།། ཨེ་ནི་ཞི་བ་བཾ་ནི་དབང་།། མ་ནི་རྒྱས་པ་ཡ་གསོད་པ།། ཡི་གེ་བཏུས་པའི་སྔགས་ཚན་གསུམ།། ཨོཾ་ནི་སྐུ་ཡི་འཁོར་ལོ་སྟེ། ཨཱཿནི་ཆོས་གསུང་འཁོར་ལོའོ།། ཧཱུཾ་ནི་ཐུགས་ཀྱི་འཁོར་ལོ་ཡིན།། ཨོཾ་ནི་རྣམ་སྣང་ཨཱཿའོད་དཔག་མེད།། ཧཱུཾ་ནི་མི་བསྐྱོད་རང་བཞིན་ནོ།། ཨོཾ་ནི་ཕྱག་གཡོན་ཧཱུཾ་ནི་གཡས།། ཨཱཿནི་དབུས་ཀྱི་སྙིང་ཀ་ཡིན། ཨོཾ་ནི་གཡོན་གྱི་སྤྱན་ཡིན་ཏེ།། ཧཱུཾ་ནི་གཡས་པ་ཨཱཿདབུས་མ།། ཨོཾ་ནི་སྲོག་ལ་ཧཱུཾ་རྩོལ་བ།། ཨཱཿནི་གནས་པར་ཤེས་པར་བྱ།། ཨོཾ་ནི་སྐུ་ལ་ཧཱུཾ་ནི་ཐུགས། ཨཱ་ནི་གསུང་དུ་ཤེས་པར་བྱ།། ཨོཾ་ནི་ལུས་ལ་ཨཱཿནི་ངག། ཧཱུཾ་ནི་ཡིད་དུ་ཤེས་པར་བྱ།། ཨོཾ་ནི་ཐབས་ལ་ཧཱུཾ་ཤེས་རབ།། ཨཱཿནི་གཉིས་སུ་མེད་པའོ།། ཨོཾ་ནི་གཡོན་གྱི་ལ་ལ་ནཱ།། ཧཱུཾ་ནི་གཡས་ཀྱི་རས་ནཱ།། ཨཱཿནི་ཨ་བདྷཱུ་ཏི་ཡིན།། ཨོཾ་ནི་གཡས་ཀྱི་རས་ན།། ཧཱུཾ་ནི་གཡོན་གྱི་ལ་ལ་ནཱ།། ཨཱནི་དེ་བཞིན་དབུས་ན་གནས། ཨོཾ་ནི་ག་པུར་ཧཱུཾ་སི་ཧཱུཾ།། ཨཱ་ནི་དཀར་དམར་རྩ་དག་ཡིན།། ཨོཾ་ནི་མཆོག་དགའ་ཧཱུཾ་ཁྱད་དགའ།། ཨཱཿནི་རང་བཞིན་དགའ་བའི་དོན།། དགའ་བ་ལྷན་ཅིག། སྐྱེས་དགར་འགྱུར།། ལྷན་ཅིག་སྐྱེས་པ་དགའ་བར་འགྱུར།། རྒྱུ་ལ་འབྲས་བུ་སྦྱོར་བ་དང་།། འབྲས་བུ་ལ་ནི་རྒྱུ་སྦྱོར་དང་།། རྒྱུ་ལ་རྒྱུ་ཡི་སྦྱོར་བ་དང་།། འབྲས་བུ་ལ་ཡང་འབྲས་བུར་སྦྱོར།། རྒྱུ་འབྲས་གཉིས་སུ་མེད་པར་སྦྱོར། ། ཐབས་ལ་ཤེས་རབ་སྦྱོར་བ་དང་།། ཤེས་རབ་ལ་ཡང་ཐབས་ཀྱིས་སྦྱོར།། ཐངས་ལ་ཐབས་ཀྱིས་སྦྱོར་བ་དང་།། ཤེས་རབ་ཤེས་རབ་སྦྱོར་བ་དག། ཐབས་དང་ཤེས་རབ་གཉིས་མེད་སྦྱོར།། སྦྱོར་བ་འདི་ཡི་དགོངས་པ་ཡང་།། ཀུན་མཁྱེན་གྱིས་ཀྱང་རྟོགས་པར་དཀའ།། ཨ་ནི་རྣམ་སྣང་མི་བསྐྱོད་པ།། ན་རོ་རིན་ཆེན་འབྱུང་ལྡན་ཏེ།། བླ་ཚེས་འོད་དཔག་མེད་པ་ཡིན།། ཐིག་ལེ་དོན་ཡོད་གྲུབ་པའོ།། མ་ནི་བདེ་གཤེགས་ལྔ་རང་བཞིན། ། ཞབས་བསྐྱེད་དོན་ཡོད་གྲུབ་པ་སྟེ།། བ་ནི་དེ་བཞིན་འོད་དཔག་མེད།། ཧ་ནི་རྣམ་པར་སྣང་མཛད་དེ།། ཟླ་ཚེས་རིན་ཆེན་འབྱུང་ལྡན་ཡིན།། ཐིག་ལེ་མི་བསྐྱོད་རང་བཞིན་ནོ།། ཞབས་བསྐྱེད་སྒྲོལ་མའི་རང་བཞིན་དེ། ། འ་ནི་གོས་དཀར་ངོ་བོ་ཡིན།། ཧ་ནི་རྡོ་རྗེ་དབྱིངས་ཕྱུག་མ།། ཟླ་ཚེ་ས་མཱ་མ་ཀཱི་རང་བཞིན།། ཐིག་ལེ་སྤྱན་དུ་ཤེས་པར་བྱ།། འབྱུང་བ་ལྔ་དང་སྐུ་ལྔ་དང་།། འཁོར་ལོ་ལྔ་དང་དགའ་བ་ལྔ། གོ་རིམ་བཞིན་དུ་ཤེས་པར་བྱ།། ཞབས་བསྐྱེད་བྱ་བ་ནན་ཏན་ཡིན།། འ་ནི་མཉམ་ཉིད་ཡེ་ཤེས་སོ།། ཧ་ནི་ཆོས་ཀྱི་དབྱིངས་ཡིན་ཏེ།། ཟླ་ཚེས་སོ་སོར་རྟོག་པའོ།། ཐིག་ལེ་མེ་ལོང་ཡེ་ཤེས་སོ།། འདི་དག་ཀུན་གྱི་དགོངས་པའི་དོན། ། སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང་།། ཀུན་ཏུ་གསང་ཞེས་དཔྱད་པར་དཀའ། ཡི་གེའི་ཚུལ་གྱིས་རྒྱས་བཏབ་པའོ།། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དང་། མཁའ་འགྲོ་མའི་ཚོགས་ཀྱིས་མཆོད་པས་མཆོད་ནས་མི་སྣང་བར་གྱུར་ཏོ། ། མཁའ་འགྲོ་མ་དྲ་བའི་སྡོམ་པ་སྐུ་གསུང་ཐུགས་ཀྱི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། ། པཎྜི་ཧ་ག་ཡ་དྷ་ར་དང་། ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།
CLOSE WINDOW