Wylie | e-texts produced with ocr Programm |
ཤྲཱི་གུ་ཧྱ་སརྦ་ཙྪིནྡ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག། ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་སྙོམས་པར་ཞུགས་སོ།། དེ་ནས་བྱང་ཆུབ་སེ། ས་དཔའ་རྡོ་རྗེ་སྙིང་པོ་ལ་སོགས་པའི་འཁོར་རྣམས་ཀྱིས་གཡོན་ཕྱོགས་ནས་བསྐོར་བ་ལན་གསུམ་བྱས་ནས་ཕྱི་ནང་གསང་བའི་མཆོད་པས་མཆོད་ནས་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་ཧོ་བཅོམ་ལྡན་རྡོ་རྗེ་འཛིན།། གསང་བ་ཞེས་པ་ཇི་ལྟར་ལགས། ། དེ་ཡི་གཅོད་པ་ཇི་ལྟར་ལགས།། རྒྱུད་ཀྱི་དོན་ནི་ཇི་ལྟར་ལགས།། དེ་ཡི་རྒྱལ་པོའང་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གསང་། བཞེས་པ་རྣམ་པ་བཞི།། དང་པོ་བུམ་དབང་དང་འབྲེལ་བའི།། བསྐྱེད་པའི་རིམ་པའི་རྣལ་འབྱོར་ཏེ།། རྟེན་དང་བརྟེན་པར་སྒོམ་པ་ནི།། སྣོད་བཅུད་གཟུང་འཛིན་རྣམ་རྟོག་རྣམས།། སྤོང་ཕྱིར་ང་ཡིས་གསུངས་པ་ཡིན། ། དེ་ཡི་ཁྱད་པར་དགོངས་པའི་དོན།། དང་པོ་སྟོང་ཉིད་ལ་སོགས་པ།། རྒྱུད་གཞན་དུ་ནི་ང་ཡིས་གསུངས།། རྟེན་དང་བརྟེན་པའི་བྱེ་བྲག་ལ།། དང་པོ་རྟེན་གྱི་དགོད་པ་ཡང་།། ཐུགས་ཁའི་ཡི་གེ་ཧཱུཾ་ལས་ནི། ། མར་མེ་གཅིག་ལས་གཉིས་ཀྱི་ཚུལ།། ཁ་དོག་ནག་པོའི་ཨེ་འཕྲོས་པས།། གྲུ་གསུམ་རྒྱ་ཆེ་གཏིང་རིང་བསམ།། གྲུ་གསུམ་སྐུ་གསུང་ཐུགས་ཡིན་ཏེ།། དུག་གསུམ་འཇོམ་པ་དགོངས་པའི་དོན། ། ལོགས་ནི་རྣམ་ཐར་གསུམ་ཡིན་ཏེ།། ལུས་ངག་ཡིད་གསུམ་ལས་བྱུང་བའི།། མི་དགེ་བཅུ་འཇོམས་དགོངས་པའི་དོན།། ཆོས་ཀྱི་སྐུ་ནི་དྲི་མེད་ཀྱིས།། རང་བཞིན་གྱིས་ནི་ཀུན་ལ་ཁྱབ།། དེཕྱིར་རྒྱ་ཆེན་དགོངས་པའི་དོན།། འཕགས་པ་ཉན་ཐོས་རང་རྒྱལ་དང་།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་།། ཆོས་སྐུ་རྟོགས་པ་མ་ཡིན་པས།། གཞིང་རིང་བ་རུ་དགོངས་པས་བཤད།། དེ་ནས་ཐུགས་ཁའི་ཧཱུཾ་ལས་ཡང་། ། ཧཱུཾ་འཕྲོས་པ་ལས་རྡོ་རྗེར་གྱུར།། རྡོ་རྗེ་གུར་དུ་གྱུར་པ་ཡང་།། དང་པོ་ཆེ་ཡི་བར་ཆོད་དང་།། གཉིས་པ་ཐར་པའི་བར་ཆོད་དེ། བགེགས་ནི་རྣམ་པ་གཉིས་ཡིན་ཏེ།། ཕྱི་མ་བགེགས་དང་ནང་གི་བགེགས། ། ཕྱི་ཡི་ཚེ་ཡི་བར་ཆོད་བྱེད།། ནང་གིས་ཐར་པའི་བར་ཆོད་བྱེད།། བར་ཆོད་རྣམ་པ་གཉིས་བསྲུང་བས།། རྡོ་རྗེ་གུར་གྱི་དགོངས་པའི་དོན།། མཾ་ལས་བྱུང་བའི་གོང་དང་འདྲ། ། དབྱིབས་ནི་ཟླ་གམ་ལྟ་བུ་སྟེ།། རྣམ་པར་རྟོག་པ་སྤོང་བ་དང་།། མི་རྟོག་པ་ནི་སྐྱེ་བ་ལ།། དབང་དུ་བྱེད་པས་དབང་གི་དོན།། བ་དན་བཞི་ཡི་དགོངས་པ་ཡང་།། ཆོས་རྣམས་དུས་གསུམ་གནས་པ་ཡི། ། དགོངས་པ་ཡིན་པའང་ང་ཡིས་གསུངས།། རཾ་ལས་མེ་ཡི་དཀྱིལ་འཁོར་ནི།། ཟུར་གསུམ་དྲག་པོའི་དགོངས་པ་ཡིན།། རྡོ་རྗེ་རྩེ་གསུམ་སྐུ་གསུམ་དོན།། བཾ་ལས་ཆུ་ཡི་དཀྱིལ་འཁོར་ཏེ། ། ཟླུམ་པོ་སྤྲོས་པ་ཞི་བར་གསུངས།། བུམ་པ་ཆོས་སྐུའི་ཡན་ལག་བཞི།། ལཾ་ལས་གསེར་གྱི་ས་གཞི་སྟེ།། གྲུ་བཞི་རྒྱས་པའི་རང་བཞིན་ཏེ།། རྡོ་རྗེ་རྩེ་ལྔ་ཡེ་ཤེས་ལྔ།། དེ་སྟེང་རི་རབ་རྩེ་མོ་བརྒྱ་ད། ། རྣམ་ཐར་བརྒྱད་ཀྱི་དགོངས་པ་ཡིན།། སྣོད་བཅུད་རྣམ་རྟོག་མི་མངའི་རྟགས།། དུར་ཁྲོད་བརྒྱད་ནི་གཡས་དང་གཡོན།། གོ་རིམ་བཞིན་དུ་དགོད་པར་བྱ།། རེ་རེའི་བྱེ་བྲག་རྣམ་རྟོག་ཡང་། བླ་མའི་ཞལ་ལས་ཤེས་པར་བྱ།། གཉེན་པོའི་སྟོབས་ནི་ཡོངས་སུ་རྒྱས།། ཤིང་རྣམས་རིམ་བཞིན་རྟག་ཏུ་དགོད།། རྣམ་རྟོག་མི་དགེ་བཅུ་ཡི་དོན།། འཇོམས་པའི་རྟགས་སུ་ཕྱོགས་སྐྱོང་དགོད།། འདོད་ཆགས་ཞེ་སྡང་མ་རིག་པ།། གདུག་པ་འཇོམས་ཕྱིར་ཀླུ་བརྒྱད་དགོད།། ཐུགས་རྗེ་ཆེན་པོ་དང་ལྡན་པ།། གཟུགས་སྐུ་གཉིས་ཀྱི་ང་རྒྱལ་གྱིས།། ལུས་དང་ངག་གིས་སེམས་ཅན་གྱི།། དོན་མཛད་ཕྱིར་ནི་ཆར་སྤྲིན་མདོག། ནང་དང་གསང་བ་དེ་བཞིན་ནོ།། དེ་བཞིན་མཐར་ཐུག་བཞི་པ་ཡང་།། སྙན་ནས་བརྒྱུད་པ་ཤེས་པར་བྱ།། དེ་ནས་ནང་དུ་གཞལ་ཡས་ཁང་།། བྲུཾ་ལས་འཁོར་ལོ་རྩིབས་བརྒྱད་དེ། ། རྩིབས་བརྒྱད་རྣམ་ཤེས་བརྒྱད་ཀྱི་དངོས།། ཡོངས་སུ་གྱུར་པས་རྣམ་སྣང་སྐུ།། ཕྱི་ནས་བལྟས་པས་ནང་དུ་གསལ།། དེ་བཞིན་ནང་ནས་ཕྱི་རུ་གསལ།། ཐམས་ཅད་གཅིག་ཏུ་སྣང་བའི་དོན།། རིན་ཆེན་སྣ་ལྔ་སྤུ་ལྔའི་དོན། ། ཁ་དོག་ལྔ་ནི་རིགས་ལྔའི་དོན།། གྲུ་བཞི་ཚངས་པའི་གནས་བཞིར་གསུངས།། ལོགས་བཞི་བསྡུ་བའི་དངོས་པོ་སྟེ།། སྒོ་བཞི་དྲན་པ་ཉེར་གཞག་བཞི།། ཀ་བ་བརྒྱད་ནི་རྣམ་ཐར་བརྒྱད། ། གདུང་བཞི་ཡེ་ཤེས་བཞི་ཡི་དོན།། ཧཱ་ར་ཎ་ལ་སོགས་པ་ཀུན།། སྟོབས་ལ་སོགས་པ་ཡིན་པར་གསུངས།། དེ་ནས་ནང་དུ་གདན་རྣམས་ནི།། པདྨའི་ས་བོན་དབྱངས་ལས་སྐྱེ། འདོད་ཆགས་ལ་སོགས་ཉོན་མོངས་ཀྱིས།། མ་གོས་རྟགས་སུ་པདྨའི་གདན།། དེ་སྟང་ཉི་མ་ཟླ་བ་སྟེ།། ཐབས་དང་ཤེས་རབ་གཉིས་ཀྱི་བརྡ།། དང་པོར་རོ་ནི་ང་བདག་གམ།། རྣམ་རྟོག་འཇོམས་ཕྱིར་གསུངས་པ་ཡིན། ། ཡན་ལག་བཞི་ལྡན་གཙོ་བོའི་གདན།། འཁོར་ལ་རེ་རེ་གདན་དུ་སྦྱིན།། གཙོ་བོའི་ཡན་ལག་ཡིན་པའི་ཕྱིར།། དགོངས་པའི་དོན་དང་བཅས་པ་ཡི།། རྟེན་གྱི་དཀྱིལ་འཁོར་རྫོགས་པའོ། ། དེ་ནས་ལྷ་རྣམས་བསྐྱེད་པ་ནི།། སྐྱེ་བ་བཞི་ཡི་ཚུལ་ཡིན་ཏེ།། སྐད་ཅིག་ལས་བྱུང་བརྫུས་པའི་ཚུལ།། དཔེར་ན་ཆུ་གཉིད་ལས་ནི་ཉ།། རྐྱེན་ལས་སྐྱེ་བ་དྲོད་གཤེར་ཚུལ།། དཔེར་ན་ཉི་མས་པདྨ་བཞིན། ། སྤྲོ་ཞིང་བསྡུ་བ་སྒོང་སྐྱེས་ཚུལ།། དཔེར་ན་རྡོ་ལས་ཟངས་བཞིན་ནོ།། སྦྱོར་བ་ལས་བྱུང་མངལ་སྐྱེས་ཚུལ།། ཡ་ར་ལ་བསྲེག་ཅིང་མར་ལ་གསོ།། དཔེར་ན་སྠ།། ཚོཚིལ་ལས་ནི་ལུགས།། ཕོ་བྲང་རྣམ་པར་སྣང་མཛད་རྫོགས།། རྗེས་སུ་སྐྱེད་པ་ཧེ་རུ་ཀ། དབང་བསྐུར་བཅོམ་ལྡན་མི་བསྐྱོད་པ།། བསྟོད་པ་རིན་ཆེན་འབྱུང་ལྡན་ཡིན།། མཆོད་པ་དོན་ཡོད་གྲུབ་པའོ།། བདུད་རྩི་མྱང་བ་འོད་དཔག་མེད།། ཡན་ལག་དྲུག་ལས་བྱུང་བ་ཡི།། དངོས་གྲུབ་འདི་ནི་ཁྱད་པར་འཕགས།། དེ་ནས་བཟླས་པའམ་སྒོམ་པ་ནི།། དབང་པོ་རབ་འབྲིང་ཐ་མའི་སྟེང་།། རབ་ཀྱིས་ཡོངས་སུ་རྫོགས་པ་ཡི། ། སྒོམ་པའམ་བཟླས་པ་བྱ་བར་གསུངས།། འབྲིང་གིས་གཙོ་བོ་ཡབ་ཡུམ་ཡིན།། མཐའ་མ་དབུ་མའི་སྤྱན་ལ་འཇུག། དབུ་མའི་སྤྱན་ལ་བརྟན་གྱུར་ནས།། སུམ་ཅུ་རྩ་བདུན་རྫོགས་པར་སྒོམ། ། འབྲིང་པོ་ཡིས་ཀྱང་དེ་བཞིན་ཏེ།། གནས་པ་རྩ་དང་གཡོ་བ་རླུང་།། བཀོད་པ་སེམས་དང་དམན་པ་དབྱིབས།། ཟབ་པ་སྔགས་དང་ཐིག་ལེ་དང་།། མཐར་ཐུག་ཆོས་དང་ཡན་ལག་བདུན། ། འདི་ཡིས་བསྟན་པ་ཤིན་ཏུ་ཟབ།། གོང་དུ་གསུངས་པ་ཐམས་ཅད་ཀྱང་།། རྣམ་པ་བནི་རུ་ཤེས་པར་བྱ།། རེ་རེ་ལ་ཡང་བཞི་བཞི་སྟེ།། དུ་མའི་ཚུལ་ནི་ཤིན་ཏུ་ཟབ།། ཕྱི་དང་ནང་ནི་སྔགས་ཀྱི་དོན།། གཟུགས་བརྙན་དཀྱིལ་འཁོར་ཕྱི་ཡི་དོན།། ཕྱི་ལ་ལྟོས་ནས་ནང་ཡིན་ཏེ།། དེ་ཉིད་གསང་བ་གསང་བའི་དོན།། ལས་སུ་རུང་བ་མཐར་ཕྱིན་དོན།། གཟུགས་བརྙན་དཀྱིལ་འཁོར་ཕྱི་ཡི་དོན།། ནང་དུ་དཀྱིལ་། འཁོར་མཚན་ཉིད་ནི།། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ལ།། རེ་རེ་ལྷ་རུ་བྱིན་བརླབས་ལ།། ལྔ་འམ་དྲུག་གམ་སུམ་ཅུ་བདུན།། གཡས་གཡོན་སྟེང་འོག་སྒོ་ལ་སོགས།། བླ་མའི་ཞལ་ལས་ཤེས་པར་བྱ།། རྡོརྗེ་སྙིང་པོས་ཡང་གསོལ་པ།། སུམ་ཅུ་རྩ་བདུན་ཞེས་བྱ་བའི།། ཡོངས་སུ་རྫོགས་པ་ཇི་ལྟར་ལགས།། བསྐྱེད་པ་ཞེས་པ་ཇི་ལྟར་ལགས།། དེ་ཡི་རིམ་པ་ཇི་ལྟར་ལགས།། གཞན་ཡང་རྟེན་གྱི་དཀྱིལ་འཁོར་དང་། ། ཐུན་དང་ཐུན་མཚམས་ཇི་ལྟར་ལགས།། ལྷ་སྤྱོད་ཟུང་དུ་ཇི་ལྟར་འཇུག། དཔའ་བོས་བདག་ལ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སུམ་ཅུ་རྩ་བདུན་ཡང་དག་རྒྱུ།། འབྲས་བུ་གཉིས་མེད་ཡེ་ཤེས་བསྐྱེད།། དེ་ཕྱིར་འབྲས་བུ་སྔོན་འགྲོ་བའི།། རྒྱུ་ནི་གཙོ་བོར་གྱུར་པ་ཡིན།། ཧེ་རུ་ཀར་གྱུར་གཅིག་ལ་ཡང་།། རྒྱུ་རྣམས་ཡོངས་སུ་རྫོགས་པ་སྟེ།། གནས་ནི་ཉི་ཤུ་རྩ་བཞི་སོགས།། ། བླ་མའི་ཞལ་ནས་ཤེས་པར་བྱ།། རྒྱུ་ནོར་པ་ལས་མ་ཡིན་ཏེ།། གྲོ་ལས་ནས་ཀྱི་མྱུ་གུ་མིན།། མ་ཚང་བ་ལས་མ་ཡིན་ཏེ།། འབྲུ་ཉམས་པ་ལས་མྱུ་གུ་མེད།། རྒྱུ་མེད་པ་ལས་མ་ཡིན་ཏེ།། ནམ་མཁའི་མེ་ཏོག་ལས་ནིདྲི་རྒྱུ་དེ་རྐྱེན་མེད་པ་ལས་མེད། ། ནགས་སྲེག་མེ་ལ་རླུང་མེད་བཞིན།། དེ་ལྟར་ཡན་ལག་བཞི་ལྡན་པའི།། ལས་དང་པོ་ཡིས་རྣམ་རྟོག་སྤང་།། ལྷ་ཡི་རྣལ་འབྱོར་ལ་གནས་པས།། བསྐྱེད་པ་ཞེས་ནི་གསུང་པ་ཡིན། ། ཕྱི་དང་ནང་དུ་དུ་མའི་ཆ།། དེ་ཡི་རིམ་པར་བཤད་པ་ཡིན།། རྟེན་གྱི་དཀྱིལ་འཁོར་བྱེ་བྲག་ཀྱང་།། ཁྱམས་དང་བླ་གབ་མེད་པ་དང་།། བླ་གབ་བཅས་དང་རྣམ་པ་གསུམ།། མོས་པའི་དབང་དུ་གསུངས་པ་ཡིན། ། འཁོར་ལོ་བཞི་ཡི་དབྱེ་བ་ཡིས།། ཉིན་ཐུན་བཞི་རུ་གསུངས་པ་ཡིན།། མཚམས་ཀྱང་བཞི་རུ་ཤེས་པར་བྱ།། དབྱུག་གུ་ཆུ་ཚོད་འཕོ་བ་དང་།། ཐུན་བརྒྱད་སྒོམ་པའི་རྣལ་འབྱོར་པ། ། ཐུན་དང་མཚམས་ནི་མཉམ་པར་གསུངས།། མཚམས་ཀྱི་ཚེ་ན་རྣལ་འབྱོར་པ།། དབང་པོ་འབྲིང་དང་ཐ་མ་ཡིས།། ལྷ་རྣམས་རྫོགས་པར་སྤྲོ་བྱས་པས།། མར་མེ་གཅིག་ལས་གཉིས་ཀྱི་ཚུལ། ། མཆོད་པ་ལ་སོགས་ཚུལ་བཞིན་བྱ།། ལྟ་བ་ཞེས་པ་མཉམ་གཞག་སྟེ།། རྗེས་ཐོབ་སྤྱོད་པ་རུ་ནི་བཤད།། བསྐྱེད་པའི་རིམ་པ་སྒོམ་པ་ལ།། རྒྱན་དྲུག་འཆང་བའི་སྤྱོད་པ་གནང་།། གསང་བའི་དབང་དང་འབྲེལ་བ་ལ། ། རྒྱན་དང་བདུད་རྩིའི་སྤྱོད་པ་གནང་།། རྡོ་རྗེའི་རིགས་དང་རིན་ཆེན་རིགས།། པདྨའི་རིགས་དང་ལས་ཀྱི་རིགས།། སྤྱོད་པ་གནང་བར་ང་ཡིས་གསུངས།། ཤེས་རབ་ཡེ་ཤེས་དང་འབྲེལ་བས། ། གོང་དུ་གསུངས་པ་ཐུན་མོང་སྟེ།། ཁྱད་པར་ཕྱག་རྒྱའི་སྤྱོད་པ་གནང་།། ལྟ་བ་མི་ལྡན་སྤྱོད་པ་དང་།། སྤྱོད་པ་མི་ལྡན་ལྟ་བ་གཉིས།། འདི་ནི་གསང་སྔགས་དམ་ཚིག་སྟེ།། མནར་མེད་སེམས་ཅན་དམྱལ་བར་སྐྱེ། ། དེ་ཕྱིར་ལྷ་མེད་སྤྱོད་པ་སྤང་།། སྲིན་པོ་ཁྲོས་པའི་སྤྱོད་པའོ།། སྤྱོད་མེད་ལྷ་འདི་སྤང་བ་སྟེ།། དཀའ་ཐུབ་ཀྱིས་ནི་ལུས་གདུངས་ཤིང་།། ཕུང་སོགས་རྣམ་སྣང་ལ་སོགས་པ། བརྙས་པ་རྟོག་གེ་སྐམ་པོ་ཡིན།། དེས་ན་ལྷ་སྤྱོད་ཟུང་དུ་འཇུག། གླང་ཆེན་བཞེངས་ཀྱང་མཉམ་པར་བཞེངས།། གླང་ཆེན་བཞུགས་ཀྱང་མཉམ་པར་བཞུགས།། རྡོ་རྗེ་སྙིང་པོས་ཡང་ཞུས་པ།། བདུད་རྩི་ཞེས་པ་ཇི་ལྟར་ལགས། ། དེ་ཡི་སྤྱོད་པ་ཇི་ལྟར་ལགས།། དེ་ཡི་ཡོན་ཏན་ཇི་ལྟར་འབྱུང་།། རྒྱན་ལ་སོགས་པའི་དོན་རྣམས་ཀུན།། གཙོ་བོས་བདག་ལ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། བདུད་རྩི་རྣམ་པ་གསུམ་དུ་གསུངས།། དང་པོར་ཕྱི་ཡི་བདུད་རྩི་བསྟེན།། བདུད་རྩི་ལྔ་དང་ཤ་ལྔ་ལ།། ལྕགས་ཀྱུ་ལྔ་ནི་དགོད་པ་སྟེ།། བརྒྱད་དང་བཅུ་བཞི་དང་པོར་འཛག། སི་ཧླ་མི་བསྐྱོད་ལུད་སྐམ་བླང་། ། བཅུ་གཉིས་བཅུ་དྲུག་དང་པོར་འཛག། ཧེ་རུ་ཀ་དང་རྣམ་སྣང་དང་།། ལུད་སྐམ་སྙིང་པོ་བླང་བར་བྱ།། ཡར་གྱི་ངོ་དང་མར་གྱི་ངོ་།། བརྒྱད་དང་བཅུ་བཞི་བཅོ་ལྔ་ལ།། ཐམས་ཅད་བཟང་པོའི་དུས་སུ་གསུངས། ། སེང་གེའི་གཟུགས་ནི་དཀར་པོ་བཟང་།། ལུས་ངག་སྡོམ་ཞིང་ཉེས་པ་མེད།། འདི་ནི་ཤ་ཡི་སྒྲུབ་པའི་རྟེན།། གླང་པོ་གླང་པོ་ཆེན་པོ་སྟེ།། ཀེ་ཧ་ཀེ་ཡི་རྒྱུ་ཉིད་ལ།། གླ་རྩི་ལ་སོགས་འབྱུང་བའི་ཤ། ། བ་གླང་གི་ཝང་ལྡན་པའི་ཤ།། རྟ་ནི་རྩཝ་ཡི་རྒྱལ་པོ་སྟེ།། ཁ་དོག་དཀར་མིན་དམར་བ་མིན།། དབྱི་བས་དང་ཁ་དོག་མི་འགྱུར་ཤ།། མི་ནི་སྐྱེ་བ་བདུན་པའི་ཤ།། ལུས་ངག་ཡིད་ལ་མཁས་པས་བརྟག། བཟའ་བའི་སྣོད་ནི་དུམ་བུ་གཅིག། དེ་ཡི་ནང་དུ་བསྒྲུབ་པར་བྱ།། རབ་འབྲིང་ཐ་མའི་མཚན་མ་ནི།། འབར་དང་དུད་པ་སྤྲོ་བ་རྣམས།། མཚན་མ་ཕྱི་ཡི་ཡིན་པར་བཤད།། གཞན་སྐྱེས་དོན་ནི་རྒས་ཆེན་སེལ། ། སྐད་མ་ཕྱིན་ན་དངོས་གྲུབ་མེད།། སྐད་ཕྱུང་བས་ནི་ཚངས་པར་འགྱུར།། ནང་གི་བདུད་རྩི་རང་བྱུང་ཡིན།། དྲིལ་ཅན་བུ་ག་དགུ་ལམ་ནས།། འཛག་པའི་བདུད་རྩི་རྒྱུན་ཆད་ནས།། ཏིལ་གྱི་འབྲུ་བཞིན་གང་བསྲེ། ། ཨ་བ་དྷཱུ་ཏཱི་དབུགས་ཆུད་པས།། སྟེང་གི་དྲུག་པའི་རྒྱུ་བ་ཡིན།། སིཧླ་ག་པུར་དབུས་ན་གནས།། འོག་གི་དྲུག་པརྒྱུ་བ་ཡིན།། འདི་ནི་གསང་བའི་བདུད་རྩི་སྟེ།། སྒྲ་དཀར་གཉེར་མ་འཆི་བ་སྤོང་།། སྤྱོད་པའི་རྣལ་འབྱོར་རྣམ་པ་གཉིས།། གང་ཟག་མཆོག་དང་ལས་དང་པོ།། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་།། རིགས་སུ་འཛིན་པ་སྤང་བའི་ཕྱིར།། ཕྱི་ཡི་དྲུག་པའི་བདུད་རྩི་སྦྱིན། ། ལས་དང་པོ་ལ་ཕྱི་ནང་གཉིས།། འདི་ཡི་ནུས་པའང་དུ་མ་སྟེ།། སྐྲ་དཀར་མེད་ཅིང་རྣམ་རྟོག་འཇོམས།། དཀྱིལ་འཁོར་བཞི་ལ་རབ་ཏུ་གནས།། ལྔ་པ་གོམས་པར་གྱུར་པ་ཡ་སི།། དྲུག་པ་གཟུང་བར་གསུངས་པ་སྟེ།། ཀུན་རྫོབ་སྟེང་གི་སྣ་རྩེ་ནས།། སོར་བཞི་ནས་ནི་དབུས་སུ་གཞུག། ལྟེ་བའི་གནས་ནས་དབུགས་གནས་པ།། སྟེང་གི་དྲུག་པ་ཟིན་པ་ཡིན།། འདི་ཡི་ནུས་པའང་དུ་མ་སྟེ། ། སྲེད་པ་མེད་ཅིང་ཡང་བའོ།། འདབ་ཆགས་རྒྱལ་པོ་ཇི་བཞིན་དུ།། ནམ་མཁར་འཕུར་ཞིང་ལྷུང་བ་མེད།། མཆོག་དང་ཆད་པའི་དབུས་གནས་པ།། འོག་གི་དྲུག་པ་ཡིན་པར་བཤད།། གང་ཟག་མཆོག་ལ་གསུངས་པ་ཡིན།། འདི་ཡི་ནུས་པའང་དུ་མ་སྟེ།། དྲིལ་ཅན་བུ་ག་འགག་པར་བྱེད།། རྒྱན་གྱིས་དང་པོ་ཞེ་སྡང་བཇོམས།། དུར་ཁྲོད་ཆེན་པོ་སིཧླ་ལིང་།། རུཉྫ་འདུལ་བ་རིམ་པའོ། ། བདུད་རྩིས་རྣམ་རྟོག་ལ་སོགས་འཇོམས།། འཕྲིན་ལས་བཞི་ནི་ཐུན་མོང་ཡིན།། ཕྱག་རྒྱས་འདོད་ཆགས་རྣམ་པར་དག། རྡོ་རྗེ་སྙིང་པོ་ཡང་གསོལ་བ།། དྲུག་པ་ཞེས་པ་ཇི་ལྟ་བུ།། གང་ཟག་མཆོག་ནི་ཇི་ལྟ་བུ། ། འདོད་ཆགས་ཇི་ལྟར་རྣམ་པར་དག། དཔའ་བོས་བདག་ལ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གཡས་གཡོན་སྟེང་འོག་བཞི་ལས་ནི།། ལྔ་པ་ནམ་མཁའ་འབྱུང་བ་ཡིན། ། ལྔ་པ་རང་བཞིན་མེད་པ་སྟེ།། དྲུག་པ་ཞེས་ནི་གསུངས་པ་ཡིན།། དགའ་བ་མཆོག་དགའ་ལྷན་ཅིག་དགའ།། བྲལ་བའི་དགའ་བ་སྔོན་འགྲོ་བས།། ལྔ་པ་བདེ་བ་ཆེན་པོ་འབྱུང་།། བདེ་ཆེན་རང་བཞིན་མེད་པར་དག། འོག་གི་སྒོ་ཡི་དྲུག་པ་ཡིན།། དེ་ཕྱིར་དྲུག་པ་འདོད་པས་ཀྱང་།། བཞི་པ་སྔོན་དུ་སོང་བ་ཡིས།། ལྔ་པ་ཡོངས་སུ་རྫོགས་པ་སྒོམ།། དཔེར་ན་ཟངས་ཀྱི་དངོས་པོ་ལ།། གསེར་འགྱུར་རྩི་ཡི་ནུས་པ་ཡིས། ། ཟངས་ཉིད་གསེར་དུ་འགྱུར་བ་སྟེ།། ཟངས་ལས་མ་གཏོགས་གསེར་ཉིད་དང་།། ལྔ་པ་ལས་གཞན་དྲུག་པ་ནི།། སངས་རྒྱས་ཀྱིས་ཀྱང་མ་གསུངས་སོ།། ལོ་དང་ཟླ་བ་ཟླ་བ་ཕྱེད།། ཉིན་ཞག་དུས་དྲུག་དུས་གཉིས་ལ། ། སྐད་ཅིག་རེ་ཙམ་དྲུག་ལ་འབྱུང་།། ལས་དང་པོ་ཡི་སྤྱོད་ཡུལ་མིན།། དཔེར་ན་ཆུ་ཡི་སྣོད་ནང་དུ།། བདུད་རྩི་ཐིགས་པ་གཅིག་གཞག་པ།། ཆུ་རུ་ཉམས་སུ་མྱོང་བ་ལས།། གཅིག་ཤོས་ཉམས་སུ་མྱོང་བ་མེད། ། ཆུ་ལ་བརྟེན་ནས་བདུད་རྩི་ཡང་།། ཉམས་སུ་མྱོང་བར་བྱེད་པ་སྟེ།། དེ་བཞིན་སྤྲོས་བཅས་ལྔ་པ་ལ།། བརྟེན་ནས་སྤྲོས་མེད་དྲུག་པ་འབྱུང་།། རྒྱུད་གཞན་དུ་ནི་ང་ཡིས་གསུངས།། མཚན་མ་ལྔ་འམ་རོ་བརྒྱད་དམ།། ས་བརྒྱད་ནོན་ནས་མངོན་ཤེས་ལྡན།། ལས་ཀྱི་ཕྱག་རྒྱ་ཡོངས་སུ་སྤངས།། ཡེ་ཤེས་ཕྱག་རྒྱ་ལ་གནས་ཤིང་།། ཕྱག་རྒྱ་ཆེན་པོ་ལ་འཇུག་པ།། འདི་ནི་གང་ཟག་མཆོག་ཡིན་ཏེ། ། འདི་ཡིས་དྲུག་པ་ཟིན་པར་བཤད།། འདོད་ཆགས་ཞེས་པ་འཁོར་བ་སྟེ།། རྣམ་དག་མྱ་ངན་འདས་པར་གསུངས།། དེ་ནས་གསང་བ་གཉིས་པ་ཡང་།། གསང་བའི་དབང་དང་འབྲེལ་པ། སྟེ། རྟེན་ཅིང་འབྲེལ་པ་ཟབ་མོའི་དོན།། དང་པོ་ལྷ་ཡི་ང་རྒྱལ་བྱ།། མཁའ་འགྲོ་རྩ་རུ་ཤེས་པར་བྱ།། དཔའ་བོ་བྱང་ཆུབ་སེམས་སུ་ཤེས།། འཁོར་ལོའི་གནས་དང་འཁོར་ལོ་དང་།། དེ་ནས་བསྒྲུབ་བྱ་ཤེས་པར་བྱ། ། བདེ་བ་ཆེན་པོའི་འཁོར་ལོ་ནས།། ཚངས་མདོའི་བར་དུ་སོར་མོའི་ཚད།། བཅུ་ཚན་བཞི་དང་བརྒྱད་ཡིན་ཏེ།། སོར་གསུམ་ལ་ནི་འཁོར་ལོ་རེ།། སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིན།། དབང་གི་གནས་དང་འཁོར་ལོའི་གནས། ། བླ་མའི་ཞལ་ནས་ཤེས་པར་བྱ།། ཚངས་མདོ་མེ་ལ་གཞང་ཁ་རླུང་།། སོར་གསུམ་སོར་བཞི་མཁས་པས་རྟག། གནས་གསུམ་གསང་བའི་གནས་ཡིན་ཏེ།། དེ་བཞིན་གནས་གསུམ་རིག་པའོ། ། སོར་བཞི་རྟ་མགྲིན་གནས་ཡིན་ཏེ།། སོར་བརྒྱད་གསང་བ་བདེ་སྐྱོང་གནས།། རྣལ་འབྱོར་པ་དང་རྣལ་འབྱོར་མའི།། ལུས་ཀྱི་རྟེན་གྱི་བྱེ་བྲག་ལས།། སོར་མོ་བཞི་བཅུ་བརྒྱད་གཉིས་ལས།། བརྒྱད་ནི་གསང་བའི་འཁོར་ལོའི་གནས། ། བཞི་བཅུ་ལས་ནི་འཁོར་ལོ་གཞན།། བླ་མའི་ཞལ་ནས་ཤེས་པར་བྱ།། ཐམས་ཅད་རྒལ་ཚིགས་དབྱུག་གུ་སྟེ།། ཕྱི་དང་ནང་དུ་མཁས་པས་བརྟག། འཁོར་ལོ་ལ་ཡང་རྣམ་པ་གཉིས། ། དང་པོར་འཁོར་ལོ་གཉིས་པར་རྩ།། རྐྱེན་དང་གསང་བ་རང་བཞིན་དང་།། དབང་དང་རྣམ་པ་བཞི་རུ་གསུངས།། རྐྱེན་ལ་གཉིས་ཏེ་གསང་བ་བཞི།། རང་བཞིན་བཅུ་དྲུག་དབང་ནི་གཉིས།། ཙཎྜ་ལཱི་ནི་ཉི་ཤུ་བཞི། ། འཁོར་ལོ་བཞི་རུ་སྦས་པ་སྟེ།། ཚོགས་ནང་བླ་མ་མཐོང་ན་རྒྱབ་ཀྱིས་ཕྱོགས།། མན་ངག་གཞན་དུ་སྤེལ་ཞིང་འཕྱར་ལ་དགའ།། འདོད་ཆགས་སྤྱོད་ཕྱིར་སྦས་པའི་རིམ་པ་ནོད།། གབ་པའི་དོན་ལ་རྒྱབ་ཀྱིས་ཕྱོགས་ཤིང་སྐུར་པ་འདེབས། ། གསང་སྔགས་བར་དུ་གཅོད་ཅིང་རྣལ་འབྱོར་གཞན་ལ་གཤེ།། འདི་ནི་མནར་མེད་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ།། སངས་རྒྱས་སྟོང་དང་རྩ་གཅིག་རྫོགས་པ་ཚེ་ཡི་ཚད། ། འདི་ལ་སྦས་ཀྱི་ཐམས་ཅད་ལ།། ང་ཡིས་སྦ་བར་མ་གསུངས་སོ།། དེ་ཕྱིར་རྒྱུད་གཞན་དུ་ནི་སྦས།། རྒྱུད་འདིར་ང་ཡིས་རྒྱས་པར་བཤད།། སུམ་ཅུ་རྩ་གཉིས་གཡས་གཡོན་ཆ།། དྲུག་ཅུ་རྩ་བཞི་གྲངས་སུ་སྦས།། སུམ་ཅུ་རྩ་གཉིས་ལས་ནི་ཟུང་།། བཅུ་དྲུག་གྲངས་སུ་སྦས་པ་ཡིན།། སུམ་ཅུ་རྩ་གཉིས་ཕྱོགས་དང་མཚམས།། བརྒྱད་ཀྱི་གྲངས་སུ་སྦས་པའོ།། སྤྱི་གཙུག་འཁོར་ལོ་སྤྱི་བོར་སྦས། ། གསང་བ་བདེ་སྐྱོང་ལྟེ་བར་སྦས།། བཅུ་དྲུག་ལས་ནི་རུང་འགྱུར་བ།། བརྒྱད་ཀྱི་གྲངས་སུ་སྦས་པ་ཡིན།། བཅུ་དྲུག་ལས་ནི་གཡས་གཡོན་ཆ།། སུམ་ཅུ་རྩ་གཉིས་གྲངས་སུ་སྦས།། བཅུ་དྲུག་ལས་ནི་བནི་བཞིར་འགྱུར། ། དྲུག་ཅུ་རྩ་བཅོའ་གྲངས་སུ་སྦས།། མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ།། རོ་དྲུག་ལ་ནི་ལོངས་སྤྱོད་པས།། རོམ་ལོངས་སྤྱོད་འཁོར་ལོ་སྔས།། རྟ་མགྲིན་འཁོར་ལོ་མགྲིན་པར་སྦས།། བཅ་ལས་གཡས་གཡོན་གཉིས་ཀྱི་ཆ། ། བཅུ་དྲུག་གྲངས་སུ་སྦས་པ་ཡིན།། བརྒྱད་ལས་གཡས་གཡོན་སྟེང་འོག་བཞི།། སུམ་ཅུ་རྩ་གཉིས་གྲངས་སུ་སྦས།། བརྒྱད་ལས་གཡས་གཡོན་སྟེང་འོག་བཞི།། མཚམས་བཞི་དང་ནི་བརྒྱད་ཀྱི་ཆ།། དྲུག་ཅུ་རྩ་བནི་གྲངས་སུ་སྦས།། ཚངས་མདོའི་མ་ནི་མེ་ལ་སྨྲས།། སྙིང་ཀ་ཆོས་ཀྱི་འཁོར་ལོ་རུ།། ཆོས་ཀུན་རིག་པས་རིག་པར་སྤྲས།། དྲུག་ཅུརྩ་བཞི་ལས་ནི་ཟུང་། ། སུམ་ཅུ་རྩ་གཉིས་གྲངས་སུ་སྦས།། དྲུག་ཅུ་རྩ་བཞི་ལས་ནི་བཞི།། བཅུ་དྲུག་གྲངས་སུ་སྦས་པ་ཡིན།། དྲུག་ཅུ་རྩ་བཞི་ལས་ནི་བརྒྱད།། བརྒྱད་ཀྱིས་གྲངས་སུ་སྦས་པའོ།། གཞང་ཁ་རླུང་ནི་རླུང་ལས་སྦས། ། གསང་བའི་གཏུམ་མོ་གཏུམ་མོར་སྦས།། འཁོར་ལོ་རེ་ལ་འཁོར་ལོ་བཞི།། ཕྱི་རུ་སྲོག་གི་རྣམ་པར་འཁྱུད།། ཆུ་དང་ཆུ་བྲན་ཆུ་བོ་རྣམས།། སྣ་ཚོགས་དུ་མར་འབབ་བྱེད་ཀྱང་།། རྒྱ་མཚོ་ཆེན་། པོར་རོ་གཅིག་འགྱུར།། ལྟེ་བར་རོལ་པ་བདེ་ཆེན་སྐུ།། རྣམ་པར་ཐར་དང་སྟོང་པ་དང་།། དེ་བཞིན་མཚན་དང་དཔེ་བྱུད་ལྡན།། སྙིང་ལ་ཆོས་ཀྱི་སྐུ་ཡིན་ཏེ།། རྣམ་ཐར་ལ་སོགས་དེ་བཞིན་ནོ།། མགྲིན་པ་ལོངས་སྤྱོད་དེ་དང་འདྲ། ། བདེ་ཆེན་སྤྲུལ་པའང་དེ་བཞིན་ནོ།། མཚན་རྣམས་སྟེང་ལ་སྟོང་པ་འོག། དང་པོར་བདེ་ཆེན་ཁ་སྦྱོར་ཡིན།། རྣམ་ཐར་སྟེང་ལ་དཔེ་བྱད་འོག། བདེ་ཆེན་ཁ་སྦྱོར་གཉིས་པ་ཡིན།། གཞན་ནི་ཞལ་ལས་ཤེས་པར་བྱ། ། སྟོབས་བཅུ་རྣམ་དག་ཁ་སྦྱོར་བཅུ།། རླུང་ནི་སྒྲོལ་མའི་ངོ་བོ་སྟེ།། རྩ་དྲུག་དབུགས་ཀྱི་རང་བཞིན་གང་། མེ་ནི་གོས་དཀར་རང་བཞིན་ཏེ།། ཟུང་རྩ་གསུམ་ནི་དྲོད་ཀྱིས་གང་།། རང་བཞིན་གྱིས་ནི་གནས་པ་ལ། ། བརྒྱད་དང་ལྔ་ཡི་མཚན་ཉིད་ལ།། བརྒྱད་ལ་དབྱངས་ཀྱི་དང་པོ་བརྒྱད།། ལྔ་ལ་ཀཱ་ལི་དང་པོ་ལྔ།། རིག་པའི་ཕོ་བྲང་མཐའ་ཅན་ལྔ།། རྟ་མགྲིན་དབྱངས་ཡིག་གཡོན་དང་གཡས།། གཉིས་མཐར་བཞག་འདབ་དགུ་ཡིན།། གསང་བའི་བདེ་སྐྱོང་འཁོར་ལོ་ནི།། མ་ནིང་བཞི་དང་ཨ་གཉིས་དབུས།། བྱང་ཆུབ་སུམ་ཅུ་རྩ་བདུན་ཡིན།། དེ་ནས་རྩ་ཡི་མཚན་ཉིད་ཀྱང་།། ཕྱི་ཡི་སྟོང་ཕྲག་བདུན་ཅུ་གཉིས། ། ཤ་ལ་གནས་ནས་ཚིལ་བུ་སྐྱེད།། ནང་གི་བརྒྱ་དང་ཉི་ཤུ་ནི།། ཚིལ་ལ་གནས་ནས་རྐང་སྐྱེད་པའོ།། གསང་བ་སུམ་ཅུ་རྩ་གཉིས་ནི།། རུས་པར་གནས་ཤིང་ག་པུར་སྐྱེད།། དེ་ཁོ་ན་ཡི་རྩ་གསུམ་ནི། གསང་བར་གནས་ཤིང་བདེ་བསྐྱེད།། ཁང་པ་སྟོང་ཕྲག་བདུན་ཅུ་གཉིས།། ཁང་པ་རེ་ལ་ཁང་པ་གསུམ།། ཁང་པ་དེར་གནས་སྲིན་དུའི་རིགས།། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ།། གྲངས་ནི་འབུམ་དུ་ཤེས་པར་བྱ། ། ནང་དང་གསང་བའི་རྩལ་ཡང་།། སྲིན་བུའི་རིགས་ནི་གྲངས་སུ་གསུངས།། དེ་ཁོ་ན་ཡི་རྩ་གསུམ་ལས།། འདོད་ཆགས་སྐྱེད་པའི་སྲིན་བུ་དགུ།། ཉིན་དང་མཚན་མོ་མཚམས་དང་གསུམ།། དགྲ་རུམཁས་པས་ཤེས་པར་བྱ། ། རྩ་དེར་གནས་པའི་ག་པུར་ཡང་།། བདུད་རྩི་སྦྱོར་བ་ལས་བྱུང་བ།། བདུད་རྩི་ལ་སོགས་གོང་དུ་གསུངས།། ཡཾ་ལས་རླུང་གི་དཀྱིལ་འཁོར་དང་།། རཾ་ལས་མེ་ཡི་དཀྱིལ་འ་བསམ། ། དེ་སྦེང་ཨ་ལས་ཀ་པཱ་ལ།། པཾ་ལས་པདྨ་འདབ་བརྒྱད་བསམ།། ནང་དུ་ཟླ་བའི་དཀྱིལ་འཁོར་བསམ།། དེ་རུ་ཤ་ལ་སོགས་པ་དགོད།། གཙོ་བོའི་སྟེང་དུ་སོར་བཞི་འམ།། མཐོ་གང་ཙམ་དུ་བསམ་པ་ནི། ། ཡི་གེ་གོ་བཟློག་བསམ་པར་བྱ།། སྔོན་པོ་དམར་པོ་དཀར་པོ་སྟེ།། ཧཱུཾ་ལས་གྱུར་པའི་རྡོ་རྗེ་བསམ།། དེ་སྟེངས་ཡི་གེ་མཾ་བསམ་ལ།། ཉི་མའི་དཀྱིལ་འཁོར་སྟེང་དུ་བསམ།། འདི་ནི་བདུད་རྩིའི་ཁ་སྦྱོར་རོ། ། ཤ་ལྔ་ལས་ནི་གདན་ལྡར་མ+Wཱར།། ལྕགས་ཀྱུ་བདུད་རྩི་ལྔ་རུ་འགྱུར།། ལས་ཀྱི་རླུང་གིས་མེ་བུས་ཏེ།། ཟླ་བ་གཙོ་བོ་ལ་སོགས་ན།། ཐ་མལ་པ་ཡི་བདུད་རྩི་ཡིན། ཡི་གེ་གསུམ། དང་ཉི་མ་ཞུ།། ལྷ་ཡི་བདུད་རྩི་ཞེས་ནི་བྱ།། འོད་ཟེར་གྱིས་བཀུག་ཡེ་ཤེས་ཀྱི།། བདུད་རྩི་ཡིན་པ་རང་ཡིས་གསུངས།། ལན་གསུམ་བསྐོར་བར་སྐུ་གསུང་ཐུགས།། འདི་ནི་བྱིན་བརླབས་རྣལ་འབྱོར་རོ།། དེ་ནས་བདུད་རྩི་མྱང་དང་མཆོད།། མཆོད་པའི་རྣལ་འབྱོར་ཞེས་ནི་གསུངས།། དེ་ནས་རོལ་པའི་རྣལ་འབྱོར་ཏེ།། གཡས་གཡོན་དགོངས་པ་ཤེས་པར་བྱ།། དེ་ནས་ཞུ་བའི་རྣལ་འབྱོར་ཡང་།། མཉམ་པའི་རླུང་དང་གཏུམ་མོའི་མས། ། ཡེ་ཤེས་བཞི་ཡི་ངོ་བོར་གྱུར།། ཆ་གཅིག་མི་བསྐྱོད་རྣམ་སྣང་སྟེ།། ཤ་ཟའི་མཁའ་འགྲོ་མཉམ་པ་ཉིད།། ཆ་གཅིག་བྱ་བ་ནན་ཏན་ཏེ།། སྲིན་བུ་ལས་ཀྱི་མཁའ་འགྲོ་མཆོད།། ཆ་གཅིག་རླུང་དང་མཁྲིས་པ་སྟེ། ། མཁྲིས་པས་བད་ཀན་ལ་སོགས་པ།། བླ་མའི་ཞལ་ནས་ཤེས་པར་བྱ།། རྩ་ནི་ཡེ་ཤེས་མཁའ་འགྲོ་ཡིན།། སོ་སོར་ཀུན་རྟོག་ཡེ་ཤེས་མཆོད།། ཆ་གཅིག་རང་བཞིན་མེད་པ་སྟེ། ལོང་ལྟ་བུའི་ཡེ་ཤེས་ཀྱིས། རྡོ་རྗེ་མཁའ་འགྲོ་མཆོད་པར་མཛད།། རླུང་ནི་རྡོ་རྗེ་མཁའ་འགྲོ་སྟེ།། རྩ་ནི་ཡེ་ཤེས་མཁའ་འགྲོ་ཡིན།། ག་པུར་ཤ་ཟའི་མཁའ་འགྲོ་སྟེ།། སྲིན་བུ་ལས་ཀྱི་མཁའ་འགྲོ་ཡིན། ། གཞན་ཡང་རྩ་ལ་སོགས་པ་ལ།། མཁའ་འགྲོ་རྣམས་ཀྱི་བྱེ་བྲག་ཀུན།། གོ་རིམ་བཞིན་དུ་ཤེས་པར་བྱ།། སྐུ་ནི་ལས་ཀྱི་མཁའ་འགྲོ་སྟེ།། གསུང་ནི་ཤ་བའི་མཁའ་འགྲོའོ།། ཐུགས་ནི་ཡེ་ཤེས་མཁའ་འགྲོ་ཡིན།། བདེ་ཆེན་རྡོ་རྗེ་མཁའ་འགྲོ་སྟེ།། གཞན་ཡང་འཁོར་ལོ་དབུས་གནས་ནི།། མཁའ་འགྲོའི་བྱེ་བྲག་ཤེས་པར་བྱ།། དགའ་བ་ལས་ཀྱི་མཁའ་འགྲོ་སྟེ།། མཆོག་དགའ་ཟའི་མཁའ་འགྲོའོ། ། རང་བཞིན་དགའ་བ་ཡེ་ཤེས་ཡིན།། བདེ་ཆེན་རྡོ་རྗེ་མཁའ་འགྲོའོ།། དཔའ་བོ་ཟླ་བའི་དཀྱིལ་འཁོར་ཏེ།། མཁའ་འགྲོ་མ་ནི་ཉི་མའོ།། ཙཎྜ་ལཱི་ནི་ཉི་ཤུ་བཞི།། སྦས་པའི་འཁོར་ལོ་བཞི་རུ་བསྡུ། བདེ་ཆེན་ལོངས་སྤྱོད་འཁོར་ལོར་བསྡུ།། ལོངས་སྤྱོད་ཆོས་ཀྱི་འཁོར་ལོར་བསྡུ།། གོང་དུ་བསྡུ་བའི་རིམ་པ་ཡང་།། ཐིག་ལེ་ལ་ནི་ཐམས་ཅད་འདུས།། དཔེར་ན་ཉི་མའི་དཀྱིལ་འཁོར་གཅིག་ཉིད་ལ།། ཉི་མའི་འོད་ཟེར་ཕྱོགས་བཅུ་དུ་མར་སྣང་། ། དུ་མའི་འོད་ཟེར་དཀྱིལ་འཁོར་གཅིག་ཏུ་འདུས།། དཔེར་ན་འཁོར་ལོ་སྒྱུར་བའི་རྒྱལ་བའི་གདུགས།། ཤིང་གི་འཁྲུལ་འཁོར་སྦྱོར་བ་ཇི་བཞིན་ནོ།། སྙིང་ཀ་ཆོས་ཀྱི་འཁོར་ལོར་བསྡུས་ནས་ཀྱང་། ། ཉི་མ་ཟླ་བའི་དཀྱིལ་འཁོར་ཙ་ན་ཀ་ཡི་ཚད།། དེ་ཡི་དབུས་སུ་ཐིག་ལེ་ཡུངས་ཀར་གྱི་ནི་ཚད།། སྔགས་ཀྱི་འཕྲེང་བ་བ་སྤུའི་ཉག་མ་ཙམ་གྱིས་ནི།། གཡས་སྐོར་གཡོན་སྐོར་ཀཱ་ལི་ཨཱ་ལི་སྦྲུལ་ལྷར་འཁྱིལ། ། དེ་དག་ཐིག་ལེའི་རྣལ་འབྱོར་ཏེ།། འདི་ལ་སེམས་ནི་བརྟན་གྱུར་ནས།། དེ་ནས་ཕྲ་མོའི་རྣལ་འབྱོར་བསྒོམ།། ཟླ་བ་ཨཱ་ལི་ཀཱ་ལི་ལ།། ཨཱ་ལི་ཉི་མ་ལ་ཐིམ་ནས།། ཉི་མ་ཞབས་སྐྱེད་ལ་ཐིམ་བསམ་ཞབས་སྐྱེད་ལ་སོགས་རིམ་པར་ཐིམ། ། ཡན་ལག་ལྔ་ནི་ཡེ་ཤེས་ལྔ།། དེ་ནི་ཕྲ་མོའི་རྣལ་འབྱོར་ཏེ།། དེ་ནས་ནཱད་ཕྲ་མོ་ལ།། སེམས་ནི་རིམ་པར་སྒོམ་པའོ།། དེ་ནས་རང་རིག་ཡེ་ཤེས་ཏེ།། ཆོས་ཀུན་སྟོང་པར་རོ་གཅིག་པའོ། ། གཞན་ཡང་ཆོས་ཀྱི་འཁོར་ལོ་དང་།། སྤྲུལ་པ་ཡི་ནི་འཁོར་ལོ་གཉིས།། འབར་བ་དང་ནི་འཛག་པའི་ཚུལ།། ཐ་མའི་ཞལ་ནས་ཤེས་པར་བྱ།། ཕྱི་ཡི་རྣམ་ཇོག་རྩོལ་བ་སྟེ། གི་རྣམ་རྟོག་སྲོག་གི་རླུང་།། སྲོག་རྩོལ་གཉིས་འགགས་དབུ་མ་སྟེ།། ཀུན་རྫོབ་སྟང་གི་སྣ་རྩེ་ནས།། སོར་བཞི་ནས་ནི་རྩ་གསུམ་གཅིག། དབུགས་དགག་པ་ཡི་གནས་ཡིན་པས།། དང་པོར་དེ་རུ་གཟུང་བར་བྱ།། དེ་ནས་སྤྲུལ་པའི་གནས་སུ་བཟུང་། ། ཡང་ན་བགྲང་བར་ཤེས་པར་བྱ།། དེ་ནས་གསང་བ་གསུམ་པ་ནི།། ཤེས་རབ་ཡེ་ཤེས་དང་འབྲེལ་བའི།། དགའ་བའི་མཚན་ཉིད་བཤད་པའོ།། གཞང་ཁ་གཡའ་ཞིང་བསྤུ་ལྗང་། དགའ་བའི་མཚན་ཉིད་མི་དམིགས་པ།། བཅུ་གཉིས་རང་བཞིན་ཡིན་པར་གསུངས།། བྱང་ཆུབ་སེམས་རྒྱུ་མི་རྟོག་སྙམ།། མཆོག་དགའ་མི་དམིགས་ཉི་ཤུ་ལྔ།། གསང་བའི་ནོར་བུ་ཡོངས་སུ་གང་།། ལྷན་ཅིག་སྐྱེས་དགའ་མི་དམིགས་པ། ། ཆོས་ཀྱི་སྐུ་ནི་ཡིན་པར་གསུངས།། བདེ་བའི་རྒྱུན་ཆད་བྲལ་བའི་དགའ།། དེ་ཡི་མི་དམིགས་གཟུགས་སྐུ་གཉིས།། གཞན་ཡང་སྔོན་དུ་འགྲོ་བ་རྣམས།། ཡན་ལག་ཐབས་དང་སྦྱོར་བ་དངོས་དགོངས་པ་དང་བཅས་རིམ་པའོ། ། སྐར་མའི་ཚོགས་ལྟར་དུ་མར་སྤྲོས་མོད་ཀྱང་།། ཉིམ་ཟླ་བ་ལྟ་བུར་ཟུང་དུ་འཇུག། ཉི་མ་ཟླ་བལྟ་བུར་ཟུང་འཇུག་ཀྱང་།། སྒྲ་གཅན་ལྟ་བུར་གཉིས་སུ་མེད་པའོ།། རྡོ་རྗེ་སྙིང་པོས་ཡང་གསོལ་པ། ། སྐར་མའི་ཚོགས་ནི་ཇི་ལྟ་བུ།། ཟུང་དུ་འཇུག་པ་ཇི་ལྟ་བུ།། གཉིས་སུ་མེད་པ་ཇི་ལྟ་བུ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བྱང་ཆུབ་སུམ་ཅུ་རྩ་བདུན་ནི།། རྒྱུ་ཡི་ཁྱད་པར་སྤྲོས་པའོ།། སྐུ་གསུམ་དང་ནི་ཡེ་ཤེས་ལྔ། ། འབྲས་བུའི་ཁྱད་པར་སྤྲོས་པ་ཡིན།། རྒྱུ་རྣམས་བདུན་དུ་བསྡུ་བ་དང་།། འབྲས་བུ་གསུམ་དུ་བསྡུ་བའོ།། རྒྱུ་རྣམས་འབྲས་བུ་ལ་ཐིམ་སྟེ།། འབྲས་བུ་གཉིས་སུ་བསྒོམ་པར་བྱ།། ཆོས་ཀུན་སེམས་ཀྱི་ངོ་བོ་སྟེ། ། སེམས་ནི་སྟོང་པའི་རང་བཞིན་ཡིན།། ཐམས་ཅད་སྟོང་པར་རོ་གཅིག་པ།། འདི་ནི་བླང་དོར་མེད་པའི་དབྱེ་བས།། འདོད་ཆགས་རྣམ་པར་དག་བྱའི་ཕྱིར།། འདོད་ཆགས་སྐུ་ཡི་ཕྱག་རྒྱ་ལྔ།། ཕྱག་རྒྱ་ཆེན་པོ་ཡེ་ཤེས་གཉིས།། དམ་ཚིག་ཆོས་དང་ལས་ཕྱག་རྒྱ།། འདི་ལ་བརྟེན་པ་ཤིན་ཏུ་ཟབ།། འདི་ནི་བདེ་བ་ཆེན་པོ་སྟེ།། བསྐྱེད་དང་རྫོགས་པའི་རང་བཞིན་དག། བདེ་ཆེན་འཁོར་ལོ་རྣམ་པ་གསུམ། གསང་བའི་སྣ་རྩེ་ཨེ་ལ་གནས།། སྤྲུལ་པའི་འཁོར་ལོ་གང་བ་ཡིན།། རིག་པ་ལ་སོགས་དེ་བཞིན་ཏེ།། གསང་བ་བདེ་སྐྱོང་བ་ལ་གནས།། རང་བཞིན་བདེ་ཆེན་འཁོར་ལོ་སྟེ།། བདེ་བ་ཆེན་པོའི་རོས་གང་བ།། ཏིལ་དང་ཏིལ་མར་ཇི་བཞིན་ནོ། ། དཔེར་ན་ཤིང་སྣ་བཅད་པ་ལས།། འོ་མ་འཛག་པ་ཇི་བཞིན་ནོ།། བདེ་བ་ཆེན་པོ་དེ་ཉིད་ལས།། སྒྲ་ཡི་རྩེ་མོ་བརྒྱ་སྟོང་དང་།། ཁྲི་དང་འབུམ་གྱི་རྣམ་པ་སྟེ།། དང་པོ་སྤྲིན་གྱི་རྣམ་པ་སྟེ། གཉིས་པ་དུ་བ་ལྟ་བུའོ།། གསུམ་པ་གློག་གི་རྣམ་པ་སྟེ།། བཞི་པ་མར་མེ་ལྟ་བུའོ།། འདི་དག་ཀུན་གྱི་རིམ་པ་ཡང་།། སྤྲུལ་པ་ལ་སོགས་རིམ་པ་བཞིན།། སྤྲིན་གྱི་རྣམ་པ་སྐྱེ་བ་ནི།། ཨ་ནི་སྐྱེ་བའི་མཚན་མ་ཡིན།། མར་མེ་ལྟ་བུའི་འཆི་བ་ཡི།། ཧཾ་གི་མཚན་མར་གསུངས་པ་ཡིན།། ལྔ་པ་ནམ་མཁའ་ལྟ་བུ་ནི།། གཉིས་སུ་མེད་པ་བར་མ་དོའི།། མཚན་མ་སྟོང་པར་ཤེས་པར་བྱ།། གཞན་ཡང་འདར་བ་ལ་སོགས་པ།། བླ་མའི་ཞལ་ནས་ཤེས་པར་བྱ།། དེ་ནས་གསང་བ་གསུམ་པ་ཡང་།། ཤེས་རབ་ཡེ་ཤེས་འབྲེལ་བ་སྟེ།། དགའ་བ་བཞི་ཡི་མཚན་ཉིད་ཀྱང་།། གཞང་ལམ་གཡའ་ཞིང་བ་སྤུ་ལྡང་། ལུས་འདར་དགའ་བའི་ངོ་བོ་ཡིན།། གསང་བ་རྡོ་རྗེ་རྩ་ལམ་ནས།། བྱང་ཆུབ་སེམས་རྒྱུ་བདེ་བ་མཉམ།། མཆོག་དགའ་ཡི་ནི་ངོ་བོ་སྟེ།། རྡོ་རྗེ་པདྨ་འགགས་པ་སྙམ།། ལྷན་ཅིག་སྐྱེས་པའི་ངོ་བོ་ཡིན། བདེ་བའི་རྒྱུན་ཆད་མེད་པ་སྙམ། ། བྲལ་བ་དགའ་བའི་ངོ་བོ་ཡིན།། འདི་རྣམས་ཀུན་གྱི་མཚན་ཉིད་ཀྱང་།། བྱང་ཆུབ་ཆེན་པོ་ལ་སོགས་པ།། གོང་དུ་གསུངས་པར་ཤེས་པར་བྱ།། དགའ་བ་སྣང་བ་ཞེས་བྱ་སྟེ། དགའ་སྣང་བ་མཆེད་པ་ཡིན།། རབ་ཏུ་དགའ་བ་སྣང་བ་ཐོབ།། ལྷན་ཅིག་སྐྱེས་པ་འོད་གསལ་ལོ།། ཡེ་ཤེས་བཞི་ཡི་རང་བཞིན་ཏེ།། བདུད་བཞི་འཇོམས་པའི་གཉེན་པོ་ཡིན།། རགས་པ་བཞི་ཡིས་གསང་བ་འཇོམས། ། ཕྲ་བའི་བདུད་བཞི་རང་བཞིན་གྱི།། འཁོར་ལོ་བཞི་རུ་འཇོམས་པ་ཡིན།། འཁོར་ལོ་ལ་བརྟེན་དགའ་བ་བཞི།། དེ་ཉིད་ཡེ་ཤེས་བཞི་རུ་སྣང་།། དེ་ཕྱིར་བདུད་བཞི་འཇོམས་པ་ཡིན།། འདོད་ཆགས་ལ་བརྟེན་དུག་གསུམ་ནི། ། ཉོན་མོངས་པ་ཡི་བདུད་ཡིན་ཏེ།། འདོད་ཆགས་རྣམ་པ་བཅུ་གཉིས་ཡིན།། གསང་བའི་བདེ་སྐྱོང་ཉོན་མོངས་འཇོམས།། ཁ་དོག་དབྱིབས་ནི་ཕུང་པོའི་བདུད།། རྣ་མགྲིན་འཁོར་ལོ་ཕུང་པོ་འཇོམས། ། སྦས་པ་བཞི་ནི་ལྷ་ཡི་བདུད།། རིག་པའི་འཁོར་ལོ་ལྷ་བདུད་འཇོམས།། སྐྱེ་བ་དང་བཅས་འཆི་བ་སྟེ།། གསང་བ་སྐྱེ་མེད་འཆི་བདག་འཇོམས།། ཕྲ་བའི་བདུད་འཇོམས་དེ་དང་འདྲ།། སྐད་ཅིག་བཞི་དང་སྡེ་པ་བཞི། ། བཟང་པོ་བཞི་དང་བདེན་པ་བཞི།། འབྱུང་བ་བཞི་དང་ཡུམ་བཞི་དང་།། ཚངས་པའི་གནས་བཞི་ལ་སོགས་པ།། ཡེ་ཤེས་བཞི་པོ་འདི་ཉིད་ལས།། ཁྱད་པར་གཞན་ནི་མི་འབྱུང་སྟེ། རྣམ་པར་རྟོག་པའི་བྱེ་བྲག་དང་།། གཞན་ཡང་མོས་པའི་བྱེ་བྲག་དང་།། ཆོས་ཚུལ་དུ་མའི་བྱེ་བྲག་གིས།། སྣ་ཚོགས་དུ་མར་གསུངས་པ་ཡིན།། དབང་གསུམ་བགྲོད་པའི་རྣལ་འབྱོར་པ།། དགེ་སློང་ཆེན་པོར་གསུངས་པ་སྟེ། ། འདི་ཡིས་ཐམས་ཅད་བྱ་བར་གསུངས།། རྡོ་རྗེ་སྙིང་པོས་ཡང་གསོལ་པ།། དགེ་སློང་དབང་གསུམ་ཇི་ལྟར་ལགས།། དེ་ཡི་བྱ་བ་ཇི་ལྟ་བུ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དགེ་སློང་ལ་སོགས་རྣམ་པ་གསུམ། ། སོ་སོར་ཐར་དང་བྱང་ཆུབ་སེམས།། རིག་འཛིན་ཉིད་ཀྱི་དགེ་སློང་ངོ་།། གཅིག་དང་བཞི་དང་བཅུ་དང་ལྡན།། ཉིས་བརྒྱ་ལྔ་བཅུའི་གོ་རིམ་གྱིས།། བསྙེན་གནས་དགེ་བསྙེན་དགེ་ཚུལ་དང་། ། དགེ་སློང་སོ་སོར་ཐར་པ་ཡིན།། གཏོང་དང་གཏོང་བ་ཆེན་པོ་དང་།། ཤིན་ཏུ་གཏོང་དང་རྣམ་པར་གཏོང་།། བསྙེན་གནས་དགེ་བསྙེན་དགེ་ཚུལ་དང་།། དགེ་སློང་བྱང་ཆུབ་སེམས་དཔའ་ཡིན།། དཀྱིལ་འཁོར་དུ་ཞུགས་དགེ་བ་སྟེ། ། དེ་ལ་གནས་པ་བསྙེན་གནས་ཡིན།། བདུན་དང་ལྡན་ཕྱིར་ཆེན་པོ་ཡིན།། ཆེན་པོ་འདི་གསུམ་བྱེ་བྲག་ཀྱང་།། བུམ་པའི་དབང་ནི་དགེ་བ་སྟེ།། དེ་ལ་བསྙེན་པས་དགེ་བསྙེན་ཡིན།། དེ་ཕྱིར་བདུན་ལྡན་ཆེན་པོ་ཡིན། ། གསང་བའི་དབང་ནི་དགེ་བ་སྟེ།། དེ་ཡི་ཚུལ་ལྡན་དགེ་ཚུལ་ཡིན།། བདུན་དང་ལྡན་ཕྱིར་ཆེན་པོ་ཡིན།། དགེ་བ་ཤེས་རབ་ཡེ་ཤེས་ཏེ།། དེ་ཉིད་སྤོང་བས་དགེ་སློང་ཡིན།། བདུན་དང་ལྡན་པས་ཆེན་པོ་ཡིན། ། ཆེན་པོ་འདི་གསུམ་བྱེ་ཟག་ཀྱང་།། ཕྱིར་མི་ལྡོག་པ་གསུམ་ཡིན་ཏེ།། རྣམ་པར་སྨིན་དང་འཁོར་བ་དང་།། ཐེག་པ་དམན་པར་ལྡོག་པ་ནི།། སྤོང་བ་གསུམ་ནི་གོ་རིམས་བཞིན། ཐེག་པ་གསུམ་གྱིས་ངེས་འབྱུང་ཞིང་།། རིག་འཛིན་ཐེག་པ་འབྲས་བུར་གནས།། འབྲས་བུ་འདིར་གནས་རྣལ་འབྱོར་པ།། ཁྱིམ་པའམ་རྡོ་རྗེ་འཛིན་པ་ཡི།། ཆ་ལུགས་སུ་ནི་གནས་བྱས་ལ།། དབང་བསྐུར་རབ་གནས་ལ་སོས་བྱཱ། ཐེག་པ་གསུམ་གྱི་ཆ་ལུགས་ཀྱིས།། གསང་བའི་སྤྱོད་པར་མ་གསུངས་ཏེ།། དཔེར་ན་རྡོ་ལས་ཟངས་སུ་འགྱུར།། ཟངས་ལས་གསེར་གྱི་རྣམ་པ་སྟེ།། ཟངས་ཀྱི་དུས་ན་རྡོ་མེད་དེ།། གསེར་དུ་གྱུར་པས་རྡོ་མི་སྣ་རིག་འཛིན་ཉིད་ཀྱི་དགེ་སློང་ལ། ། སོ་སོར་ཐར་དང་བྱང་ཆུབ་སེམས།། གཉིས་པོ་གནས་པ་ཉིད་དུ་ནི།། སངས་རྒྱས་ཀྱིས་ཀྱང་མ་གསུངས་སོ།། དེ་ནས་གསང་བ་བཞི་པོ་ཡང་།། བཞི་པའི་དབང་དང་འབྲེལ་བ་སྟེ།། རྟག་ཏུ་གཡོ་བའི་སེམས་འདི་ཉིད། ། གཟུགས་ལ་སོགས་པ་བཀུག་ནས་ནི།། བསྒོམ་བྱ་ལྷན་ཅིག་བཅས་པ་དག། དབང་དུ་བྱས་ཏེ་བསྒོམ་པར་བྱ།། གཟུང་བ་དང་ནི་འཛིན་པ་ཡི།། དམིགས་པ་ཐམས་ཅད་རྣམ་སྤངས་ཏེ།། སེམས་ཉིད་བསམ་དུ་མེད་པས་ན།། ཅིར་ཡང་བསམ་པར་མི་བྱའོ།། སེམས་ཉིད་སྟོང་པར་བཅུག་ནས་སུ།། སྟོང་པ་སེམས་སུ་རབ་བཅུག་ནས།། སྟོང་དང་མི་སྟོང་ལ་སོགས་པའི།། རྟོག་པ་བཅོམ་པས་མཁའ་ལྟར་འགྱུར། ། རྟེན་ཡོད་མ་ཡིན་བརྟེན་པ་མེད།། དཔེ་མེད་གནས་ཀྱང་ཡོད་མ་ཡིན།། དེ་ཉིད་གནས་པ་རྫོགས་པ་སྟེ།། ལྷན་སྐྱེས་གཉིས་མེད་རིག་པའོ།། དེ་ནས་གཅོད་པ་བཀའ་སྩལ་པ།། ཁྲོ་ཚུལ་གར་དང་ཕྱག་རྒྱ་རྣམས། ། སྒྱུ་མ་ཙམ་དུ་ཤེས་པར་བྱ།། ཕྱག་རྒྱ་ཆེན་པོ་ཡང་དག་བསྒོམས།། དུར་ཁྲོད་རྒྱལ་པོ་དྲེགས་པ་ཅན།། སྙིང་རྗེ་མེད་ཅིང་ཤ་ཁྲག་ཟ།། དེ་ཡི་གནས་སུ་སྐྱེ་བར་འགྱུར།། ཕྱི་ནང་སྦས་དང་མཐར་ཐུག་གི། དཀྱིལ་འཁོར་དུ་ཞུགས་དབང་མནོས་ནས།། སྒོམ་དང་བཟླས་པ་ལ་སོགས་མེད། གསང་སྔགས་བར་དུ་གཅོད་ཅིང་གཤེ།། རྣལ་འབྱོར་ཀུན་ལ་སྐུར་པ་འདེ་བས།། རྡོ་རྗེ་སྤུན་ཚིག་སློབ་མ་འཕྱ།། རྩ་བ་ཡན་ལག་དམ་ཚིག་ཉམས། ། བླ་མ་ལ་སྨོད་རྣམ་སྨིན་གྱིས།། མནར་མེད་སེམས་ཅན་དམྱལ་བར་སྐྱེ།། རྟེན་ཅིང་འབྲེལ་པ་ཟབ་མོ་ཡི།། རྩ་ཡི་འཁོར་ལོའི་དོན་མོ་ཚོགས།། ལྕགས་གྲོ་སོར་ནི་བཅུ་དྲུག་པོ། འཛེག་པ་རུ་ནི་ང་ཡིས་བཤད། ། གབ་པའི་གསང་བ་མ་གཏོགས་པར།། སྦས་པ་མི་དམིགས་རྣམ་གསུམ་གྱིས།། ཐུར་དུ་སེམས་ཅན་དམྱལ་བར་སྐྱེ།། ཤིང་རྔའི་འཁོར་ལོ་འཁོར་བ་ལྟར།། ལས་ཀྱི་རྣམ་པར་སྨིན་པ་འཁོར། ། ཤེས་པས་རང་གིས་རང་རིག་དང་།། རང་རིག་བདེ་བ་གང་འདོད་དང་།། རང་རིག་སྒྱུ་མར་གང་འདོད་པ།། རང་རིག་ཤེལ་སྒོང་ལྟ་བུ་དང་།། དབྱིངས་དང་ཡེ་ཤེས་ལ་སོགས་པ།། ལྟ་བའི་དོན་ཉིད་འཆད་པའོ། ། རྒྱུད་ཀྱི་དོན་ནི་རྣམ་པ་གསུམ།། བདེ་ཆེན་འཁོར་ལོ་རྒྱུ་ཡི་རྒྱུད།། གསང་བ་སྣ་རྩེ་ཐབས་ཀྱི་རྒྱུད།། གསང་བ་བདེ་སྦྱོང་འབྲས་བུའི་རྒྱུད།། བུམ་པ་རྒྱུ་ཡི་རྒྱུད་དུ་གསུངས།། གསང་བ་ཐབས་ཀྱི་རྒྱུད་དུ་གསུངས། ། ཤེས་རབ་ཡེ་ཤེས་འབྲས་བུའི་རྒྱུད།། སྐྱེ་བ་རྒྱུ་ཡི་རྒྱུད་དུ་གསུངས།། འཆི་བ་ཐབས་ཀྱི་རྒྱུད་དུ་གསུངས།། བར་མ་དོ་ནི་འབྲས་བུའི་རྒྱུད།། རྒྱུད་ཅེས་པ་ནི་རྒྱུན་ཡིན་ཏེ།། རྒྱལ་པོ་གསང་བ་སྟོན་པསྟེ། ། གསང་བ་རྣམ་པ་བཞི་རུ་གསུངས།། བུམ་དབང་ལས་ནི་དང་པོར་གསང་།། གསང་བ་བུམ་པའི་དུས་སུ་གསང་།། ཤེས་རབ་ཡེ་ཤེས་གསང་བར་གསང་།། རང་རིག་ཤེས་རབ་ཡེ་ཤེས་གསང་། ། གསང་བའི་འཁོར་ལོ་བཞི་པའོ།། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དང་།། མཁའ་འགྲོ་མའི་ཚོགས་རི་རབ་ཀྱི་རྡུལ་སྙེད་ཀྱིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་མི་སྣང་བར་གྱུར་ཏོ། ། དཔལ་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། ། པཎྜི་ཏ་ག་ཡ་དྷ་ར་དང་། ལོ་ཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།
CLOSE WINDOW