CLOSE WINDOW

S333: འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ
Wyliee-texts produced with ocr Programm

། རྒྱ་གར་སྐད་དུ.ཨཱརྱ་མ་ཧཱ་པ་རི་ནི་རྦཎ་ནཱ་མ་སྭཱ་ཏྲ་བོད་སྐད་དུ། འཕགས་པཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བའི་མདོ། ། ། བམ་པོ་ཐོག་མའོ།། སངས་། རྒྱུས་དང་བྱང་ཆུབ་སེམས་དཔའཐམས་ཅད་ལ་ཕྱག་འཚལ། འདི་སྐད་བདག་གིས་ཐོས་པ་དེས་གཅིག་ན། བཅོམ་ལྡན་འདས་རྩཝ་མཆོག་གི་གྲོང་ཁྱེར་སྐྱེས་བུ་སྟོབས་པོ་ཆེ་འབྱུང་བའི་གནས། ཀླུང་ཧ་རི་ལ་བ་ཏཱིའི་འགྲམ། ཤིང་སྐུ་ལ་དྲུང་གཉིས་ཀྱི་བར་ན། དགེ་སློང་ཆེན་པོའི་ད་གེ་འདུན་བརྒྱ་སྟོང་ཕྲག་བརྒྱད་དུ་སྙེད། ཀྱིས་ཡོངས་སུ་བསྐོར་ནས། མདུན་དུ་བདར་ཏེ་ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ་བཅོམ་ལྡན་འདས་དཔྱིད་ཟླ་འདྲིང་པོའི་ཚེས་བཅོ་ལྔའི་ཉིན་པར་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་སུ་ཉེ་བ་ན། བཅོམ་ལྡན་འདས་ཀྱིས་བྱིན་གྱི་རླབས་ཀྱི་གསུང་ཆེན་པོས། ། སྲིད་པའི་རྩེ་མོའི་བར་དུ་ཀུན་ཏུ་ཁྱབ་པར་སེམས་ཅན་ཐམས་ཅད་ལ་སོ་སོའི་སྐད་དུ། གསུང་འདི་སྐད་ཅེས་གྲགས་པར་གྱུར་ཏོ། ། དང་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱེ་བོ་རྣམས་ལ་ཐུགས་བརྩ་བ། སེམས་ཅན་གྱི་སྐབས་དང་མགོན་དུ་གྱུར་པ། སེམས་ཅན་ཐམས་ཅད་ལ་སས་སྒྲ་གཅན་འཛིན་དང་འདྲ་བར་མཉམ་པར་གཟིགས་པ། སེམས་ཅན་གྱི་@##སྐྱབས་དང་། དཔུང་གཉེན་དང་། རྟེན་དང་། གནས་སུ་གྱུར་པ་དང་ཡོངས་སུ་མྱ་ངན་ལས་འདའ་འོ།། སོ་སོའི་སྐྱེ་བོ་དག་ཐེ་ཚོམ་དང་སོམ་ཏིར་གྱུར་པ་ཡོད་ན། དོ་ཞུ་ཞིང་དྲི་བའི་དུས་ནང་གི་ཐ་མ་འདིར་ཞུ་ཞིང་གསོལ་ཅིག། ཅེས་པའི་གསུང་གིས་ཡོངས་སུ་གྲགས་པར་གྱུར་ཏོ།། དེའི་ཚེ་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚ། ཞལ་གྱི་སྒོ་ནས་འོད་རྣམ་པ་སྣ་ཚོགས་བཀྱེ་བ་ནི། འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ཤལ་བུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་བར་དུ་ཡོངས་སུ་སྣང་བར་བྱས་ནས། དེ་དག་ན་གནས་པའི་ལམ་རྒྱུད་དྲུག་གི་སེམས་ཅན་དག། འོད་ཟེར་དེས་རེག་མ་ཐག་ཏུ་ཁ་ན་མ་ཐོ་བའི་ཉོན་མོངས་པ་ཐམས་ཅད་བྱང་བར་གྱུར་ཏོ།། དེའི་ཚེ་སོ་སོའི་སྐྱེ་བོ་དག་དེ་ལྟ་བུའི་ལྟས་མཐོང་ཞིང་ཐོས་ནས་མྱ་ངན་ཆེན་པོས་ཡིད་གདུངས་ཏེ། དུས་གཅིག་ཏུ་ཆོ་འདེབས་ཤིང་ངུས་ནས་འདི་སྐད་དུ། ཨེ་མའོ་ཤིན་ཏུ་བྱམས་པའི་ཕ་མར་གྱུར་པ། ཀྱི་ཧུད་ཀྱི་ཧུད་མྱ་ངན་ལས་འདས་སམ་ཞེས་སྨྲས་ནས། ཐལ་མོས་མགོ་དང་བྲང་ལ་རྡེབས་ཏེ་ཆེ་དེ་རྡུང་ངོ་།། ཁ་ཅིག་ནི་ལུས་ཀྱང་རབ་ཏུ་འདར་ཞིང་བ་སྤུ་ཀུན་ལངས་ནས། སྐད་ཀྱིས་བརྣངས་པ་ཙམ་དུ་དུས་སོ། ། དེའི་ཚེ་ན་ས་ཆེན་པོ་དང་། རི་དང་། རྒྱ་མཚོ་ཡང་རབ་ཏུ་གཡོས་ཤིང་འཁྲུགས་སོ།། དེ་ནས་སེམས་ཅན་དེ་དག་གཅིག་ལ་གཅིག་སྤྲོ་བསྲིང་ཞིང་མྱ་ངན་བསང་བའི་ཕྱིར་འདི་སྐད་དུ། ཀྱེ་གྲོགས་པོ་དག་མྱ་ངན་མ་བྱེད་པར་མྱུར་དུ་རྩ་མཆོག་གི་གྲོང་ཁྱེར་སྐྱེས་བུ་སྟོབས་པོ་ཆེ་འབྱུང་བའི་གནས། དེ་བཞིན་གཤེགས་པ་ག་ལ་བ་དེར་འདོང་ངོ་།། དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་མི་འདའ་བར་འཇིག་རྟེན་ན་བསྐལ་པ་གཅིག་གམ། བསྐལ་པ་གཅིག་འགྲིབ་ཀྱི་བར་དུ་བཞུགས་པར་གསོལ་དུ་འདེང་ངོ་ཞེས་སྨྲས་སོ། ། ལ་ལ་ནི་གཅིག་གི་ལག་པ་ལ་གཅིག་གིས་འཇུས་ནས་འདི་སྐད་དུ། འཇིག་རྟེན་སྟོངས་ཏེ་སེམས་ཅན་གྱི་བསོད་ནམས་ཟད་པས། མི་དགེ་བའི་ལས་འཇིག་རྟེན་དུ་འབྱུང་བར་གྱུར་གྱིས། གྲོགས་པོ་དག་དེ་བཞིན་གཤེགས་པ་ནི་རིང་པོར་མི་ཐོགས་པར་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་ངེས་ཀྱིས། བདག་ཅག་མྱུར་དུ་འདེང་ངོ་ཞེས་སྨྲའོ།། ལ་ལ་ནི་འདི་སྐད་དུ་འཇིག་རྟེན་སྟོངས་སོ།། འཇིག་རྟེན་སྟོངས་སོ།། བདག་ཅག་ལ་དེང་སླན་ཆད་ནི་མགོན་དང་སྐྱབས་མེད་དེ་དབུལ་འཕོངས་པར་གྱུར་ཏོ།། དེང་ཁོ་ནར་བླ་ན་མེད་པའི་བཅོམ་ལྡན་འདུས་དང་ཡོངས་སུ་བྲལ་བས། ད་སླན་ཆད་ཐེ་ཙོམ་དང་སོམ་ཉི་ཟ་བ་སུ་ལ་ཞུ་ཞེས་སྨྲའོ།། དེའི་ཚེ་ན་ཚད་མེད་པའི་ཉེ་གནས་ཆེན་པོ་ཚེ་དང་ལྡན་པ་ཀ་ཏྱ་ཡ་ན་ཆེན་པོ་དང་། ཚེ་དང་ལྡན་པ་བ་ཀུ་ལ་དང་། ཚེ་དང་ལྡན་པ་བསྙེན་དགའ་བོ་ལ་སོགས་པ་དགེ་སློང་ཆེན་པོ་དེ་དག་ཀྱང་། སངས་རྒྱས་ཀྱི་འོད་ཀྱིས་རེག་པས་ལུས་ཀུན་འདར་ཞིང་མི་བཟོད་པ་ཙམ་དུ་རབ་ཏུ་གཡོས་ཏེ། སེམས་ཀྱང་མྱོས་ནས་ཆོ་ངེས་འདེབས་ཤིང་། དེ་ལྟ་བུའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་ནོན་པར་གྱུར་ཏོ།། དེའི་ཚེ་གཞན་ཡང་དགེ་སློང་བརྒྱ་སྟོང་ཕྲག་བརྒྱད་ཅུ་སྙེད་ཐམས་ཅད་ཀྱང་དགྲ་བཅོམ་པ། སེམས་ཀྱི་དབང་དུ་གྱུར་པ། བྱ་བ་བྱས་པ། ཉོན་མོངས་པ་ཡོངས་སུ་སྤངས་པ། དབང་པོ་ཐམས་ཅད་རབ་ཏུ་དུལ་བ། ཀླུའི་རྒྱལ་པོ་ཆེན་པོ་ལྟར་མཐུ་ཆེ་བ། སྟོང་པའི་ཤེས་རབ་དང་ལྡན་པ། ཕྱིར་བདག་གི་དོན་རབ་ཏུ་རྙེད་པ་ཙན་དན་གྱི་ཚལ་ལྟར་ཙན་དན་གྱིས་ཡོངས་སུ་བསྐོར་བ། སེང་གེའི་རྒྱལ་པོ་ལྟར་སེང་གེས་ཡོངས་སུ་བསྐོར་བ། དེ་ལྟ་བུའི་ཚད་མེད་པའི་ཡོན་ཏན་དང་ལྡན་པ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་སྲས་ཡང་དག་པ་ཤ་སྟག་གོདེ་དག་ཀྱང་སྔ་དྲོ་ཉ་མ་ཤར་མ་ཐག་ཏུ་གནས་ནས་བྱུང་སྟེ། སོ་ཤིང་འཆའ་བ་ན་སངས་རྒྱས་ཀྱི་འོད་ཀྱིས་རེག་ནས། གཅིག་ལ་གཅིག་འདི་སྐད་དུ། གྲོགས་པོ་དག་མྱུར་དུ་ལག་ཁྲུས་ཤིག་ཅེས་སྨྲས་སོ། ། དེ་སྐད་ཅེས་སྨྲས་མ་ཐག་ཏུ་ལུས་ཀྱི་བ་སྤུ་ཀུན་ལངས་ནས་ལུས་ལ་ཁྱབ་པར་ཁྲག་གིས་རྒྱས་པ་ནི་མེ་ཏོག་པ་ལ་ཤ་ལྟ་བུར་གྱུར་ཏེ། མིག་མཆི་མས་གང་ནས་སྡུག་བསྔལ་ཆེན་པོ་མྱོང་བར་གྱུར་ཏོ།། དེ་དག་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར། ཐེག་པ་ཆེན་པོ་དོན་དམ་པ་སྟོང་པ་ཉིད་ལ་རྣལ་འབྱོར་དུ་བསྒྲུབ་པའི་ཕྱིར། དེ་བཞིན་གཤེགས་པས་ཐབས་སུ་དགོངས་ཏེ་གསུངས་པ་དག་བསྟན་པའི་ཕྱིར། རྣམ་པ་སྣ་ཚོགས་སུ་ཆོས་སྟོན་པ་རྒྱུན་མི་གཅད་པའི་ཕྱིར། སེམས་ཅན་ཐམས་ཅད་ཡོངས་སུ་གདུལ་བའི་ཕྱིར། བཅོམ་ལྡན་འདས་གང་ན་བ་དེར་མྱུར་དུ་དོང་ནས། སྤྱི་བོས་སངས་རྒྱས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ལན་བརྒྱ་སྟོང་དུ་བསྐོར་ནས། ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།། དེའི་ཚེ་གཞན་ཡང་ཀུ་ཏ་ལའི་བུ་མོ་དགེ་སློང་མ་དཔལ་བཟངས་དང་། དགེ་སློང་མ་བསྟེན་དགའ་མ་དང་། དགེ་སློང་མ་རྒྱ་མཚོའི་བློ་གྲོས་ལ་སོགས་ཏེ། དགེ་སློང་མ་ཁྲི་ཕྲག་དྲུག་ཅུ་སྙེད་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། སེམས་ཀྱི་དབང་དུ་གྱུར་པ། བྱ་བ་བྱས་པ། ཉོན་མོངས་པ་ཡོངས་སུ་སྤངས་པ། དབང་པོ་རབ་ཏུ་དུལ་བ། ཀླུ་ཆེན་པོ་ལྟར་གཟི་བརྗིད་རབ་ཏུ་ཆེ་བ། སྟོང་པ་ཉིད་ཀྱི་ཤེས་རབ་དང་ལྡན་པ་ཤ་སྟག་སྟེ། དེ་དག་ཀྱང་སྔ་དྲོའི་དུས་ཀྱི་ཚེ་ཉི་མ་ཐོག་མ་ཤར་བ་ན་ལུས་ཀྱི་བ་སྤུ་ཀུན་སྐྱི་བུང་ཞེས་བྱེད་ནས། ལུས་ལ་ཁྱབ་པར་ཁྲག་གིས་རྒྱས་པ་ནི་མེ་ཏོག་པ་ལ་ཤ་ལྟ་བུར་གྱུར་ཏེ། མིག་མཆི་མས་ཡོངས་སུ་གང་ནས་སྡུག་བསྔལ་ཆེན་པོ་མྱོང་བར་གྱུར་ཏོ། ། དེ་དག་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར། ཐེག་པ་ཆེན་པོའི་དོན་དམ་པའི་སྟོང་པ་ཉིད་ལ་རྣལ་འབྱོར་དུ་བསྒྲུབ་པའི་ཕྱིར། དེ་བཞིན་གཤེགས་པས་ཐབས་སུ་དགོངས་ཏེ་གསུངས་པ་དག་བསྟན་པའི་ཕྱིར། རྣམ་པ་སྣ་ཚོགས་སུ་ཆོས་སྟོན་པ་རྒྱན་མི་གཅད་པའི་ཕྱིར། སེམས་ཅན་ཐམས་ཅད་ཡོངས་སུ་གདུལ་བའི་ཕྱིར། བཅོམ་ལྡན་འདས་གང་ན་བ་དེར་མྱུར་དུ་དོང་ནས། སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། ལན་བརྒྱ་སྟོང་དུ་བསྐོར་ནས། ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།། དགེ་སློང་མ་དེ་དག་གི་ནང་ན་དགེ་སློང་མ་ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་སྟེ། མིའི་ནང་ན་ཀླུ་ལྟ་བུ་ས་བཅུ་རབ་ཏུ་ནོན་པ། མི་གཡོ་བ་ལ་གནས་པ། སེམས་ཅན་གདུལ་བའི་ཕྱིར་བུད་མེད་ཀྱི་ལུས་སྟོན་ཀྱང་རྟག་ཏུ་ཚད་མེད་པ་བཞི་ལ་ནན་ཏན་བྱེད་པ། སེམས་ཀྱི་དབང་དུ་གྱུར་པས་སངས་རྒྱས་ཀྱི་སྐུར་ཡང་སྤྲུལ་པ་ཤ་སྟག་གོ།། དེའི་ཚེ་གཞན་ཡང་ཀྲུང་གངྒཱ་གཅིག་གི་བྱེ་མ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མིའི་ནང་ན་ཀླུ་ལྟ་བུ་ས་བཅུ་རབ་ཏུ་ནོན་པ། མི་གཡོ་བ་ལ་རབ་ཏུ་གནས་པ། ཐབས་ཀྱིས་ལུས་སྟོན་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྒྱ་མཚོ་དཔལ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་སོགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཐོག་མར་དྲངས་ནས་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་བཀུར་སྟི་བྱེད་པ། ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པ། ཐེག་པ་ཆེན་པོ་ལ་ཤིན་ཏུ་མཁས་པ། ཐེག་པ་ཆེན་པོ་ལ་ཤིན་ཏུ་མོས་པ། ཐེག་པ་ཆེན་པོ་ལ་ཤིན་ཏུ་སྲུང་བ། འཇིག་རྟེན་དུ་བཅས་པ་ཐམས་ཅད་ཀྱི་སེམས་དང་སྤོར་བ། མ་འོངས་པའི་དུས་སུ་མ་གྲོལ་བ་གྲེལ་བར་ཡི་དམ་འཆའ་བ། འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་བར་དུ་ཚུལ་ཁྲིམས་ཡོངས་སུ་བསྲུངས་པ། སྤྱོད་པ་ཡོངས་སུ་འཛིན་པ། མ་གྲོལ་བ་གྲོལ་བར་བྱེད་པ། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་འཚོབ་པ། མ་འོངས་པའི་དུས་སུ་ཆོས་ཀྱི་འཁོར་ལོ་སྐོར་བར་འགྱུར་པ། རྒྱན་ཆེན་པོས་ཤིན་ཏུ་བརྒྱན་པ། དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་ལྟ་བ་ཤ་སྟག་གོ། ། དེ་དག་ཀྱང་སྔ་དྲོའི་དུས་ཉི་མ་ཤར་མ་ཐག་ཏུ་སངས་རྒྱས་ཀྱི་འོད་ཀྱིས་རེག་མ་ཐག་ཏུ་ལུས་ཀྱི་བ་སྤུ་ཀུན་ལངས་ཏེ། ལུས་ལ་ཁྱབ་པར་ཁྲག་གིས་རྒྱས་པ་ནི་ཇི་ལྟར་མེ་ཏོག་པ་ལ་ཤ་ལྟ་བུར་གྱུར་ཏོ། ། མིག་མཆི་མས་ཡོངས་སུ་གང་ནས་སྡུག་བསྔལ་མྱོང་བར་གྱུར་ཏོ།། དེ་དག་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར། ཐེག་པ་ཆེན་བོ་དོན་དམ་པ་སྟོང་པ་ཉིད་ལ་ནས་འཐོར་དུ་བསྒྲུབ་པའི་། དེ་བཞིན་གཤེགས་པ་ས་སུ་དགོངས་ཏེ་གཟུམ་ན་པ་འང། རྣམ་པ་སྣ་ཆགས་ཆོས་སྟོན་པ་རྒྱུན་མི་གཅད་པའི་ཕྱིར། སེམས་ཅན་ཐམས་ཅད་ཡོངས་སུ་གདུལ་པའི་ཕྱིར། བཅོམ་ལྡན་འདས་གང་ར་བ་དེར་གྱུར་དུ་དང་རས་ཕྱིན་པ་དང་སངས་རྒྱས་ཀྱི་དབས་སྤྱི་བས་བྱག་འཚལ་ནས་ལན་བརྒྱ་སྟོང་དུ་བཞོ་། བལ་མོ་གྱུར་ནས་ཎྜཱི་སྟེང་དང་བརྔས་པ་ལ་ཕྱོགས་གཅིག་ཏུ་མཐོདེའི་ཚིག་ནན་ཡང་ཀྲུང་ཀུངྒཱ་གཉིས་བྱེ་མ་ཉིད་ཀྱི་དགེ་བསྙེན་པ་ཁྲིམས་ལྔ་ཡོངས་སུ་བསྲུང་བ་ལ། འདི་ལྟ། དགེ་བསྙེད་གཟི་བརྗིད་དྲིམ་མེད་པར་གྲགས་པའི་རྒྱལ་པོ་དང་། དགེ་བསྙེན་ལེགས་པའི་ཡོན་ཏན་སོགས་པས་ཐོག་མར་དྲངས་ཏེ། ཐམས་ཅད་ཀྱང་གཉེན་པོར་གྱུར་པའི་ཆོས་ལ་ཤིན་ཏུ་མོས་པ་ནི། འདི་ལྟ་སྟེ། སྡུག་བསྔལ་དང་། བདེ་བ་དང་། རྟག་པ་དང་། མི་རྟག་པ་དང་། ཡོངས་སུ་དག་པ་དང་། མ་དག་པ་དང་། བདག་དང་། བདག་མེད་པ་དང་། ངེས་པ་དང་། མ་ངེས་པ་དང་། སྐྱབས་སུ་འགྲོ་བ་དང་། སྐྱངས་སུ་མི་འང་བ་དང་། སེམས་ཅན་དང་། སེམས་ཅན་མ་ཡིན་པ་དང་། ཐེར་ཟུག་དང་། ཟེར་ཟུག་མ་ཡིན་པ་དང་། བདེ་བ་དང་། བདེ་བ་མ་ཡིན་པ་དང་།། འདུས་བྱས་དང་འདུས་མ་བྱས་དང་། ། ཆད་པ་དང་། ཆད་པ་མ་ཡིན་པ་དང་། མྱ་ངན་ལས་འདའ་བ་དང་། མྱ་ངན་ལས་འདའ་བ་མ་ཡིན་པ་དང་། ལྷག་མ་དང་། ལྷག་མ་མ་ཡིན་པ་ལ་སོགས་ཏེ། གཉེན་པོར་འགྱུར་པབའི་ཆོས་འདི་དག་ལ་རྟོག་པར་ཤིན་ཏུ་མོས་པ་ཤ་སྟག་གོ། གཞན་ཡང་བླ་ན་མེད་པའི་ཐེག་པ་ཆེན་པོ་ལ་ཐོས་པར་མོས་པ་ཇི་ལྟར་ཐོས་པ་བཞིན་དུ་གཞན་ལ་ཡང་སྟོན་ནུས་པ། ཚུལ་ཁྲིམས་ཡོངས་སུ་སྲུང་བ། ཐེག་པ་ཆེན་པོ་ལ་སྐོམ་པས་གདུངས་པ་ལྟར་མོས་པ། བདག་ཀྱང་ཤིན་ཏུ་ངོམས་ལ། སྐོམ་པས་གདུངས་པ་གཞན་ཡང་ངོམ་པར་བྱེད་པ། བླ་ན་མེད་པའི་ཡེ་ཤེས་ལ་ཤིན་ཏུ་འཇུག་པ། ཐེག་པ་ཆེན་པོ་ལ་མོས་པ། ཐེག་པ་ཆེན་པོ་ལ་ཤིན་ཏུ་སྲུང་བ། འཇིག་རྟེན་པ་ཐམས་ཅད་ཀྱི་སེམས་དང་ཤིན་ཏུ་སྦྱོར་བ། མ་བརྒལ་བ་སྒྲོལ་བ། མ་གྲོལ་བ་འགྲོལ་པ། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་འཚོ་བ་པ། མ་འོངས་པའི་དུས་སུ་ཆོས་ཀྱི་འཁོར་ལོ་ཤིན་ཏུ་བསྐོར་བ། རྒྱན་ཆེན་པོས་རྣམ་པར་བརྒྱན་པ། སེམས་ཤིན་ཏུ་ཟབ་མོའི་རོ་ལ་མོས་པ། ཚུལ་ཁྲིམས་ཡོངས་སུ་དག་པ་ཐམས་ཅད་ཀྱང་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ཅིང་། བུ་གཅིག་པ་དང་འདྲ་བར་གཉིས་སུ་མེད་པར་སྙོམས་པ་ཤ་སྟག་གོ།། དེ་དག་ཀྱང་སྔ་དྲོའི་དུས་ཉི་མ་ཤར་མ་ཐག་ཏུ་འོད་ཟེར་གྱིས་རེག་ནས། དེ་བཞིན་གཤེགས་པའི་དཔུར་ཞུགས་ལ་བཞེན་པའི་ཕྱིར། ཐམས་ཅད་ཀྱིས་སོ་སོ་ནས་སྤོས་ཀྱི་ཤིང་ཁྲི་ཕྲག་དུ་མ་བཤམས་པ་ལ། འདི་ལྟ་སྟེ། སྤོས་ཀྱི་ཤིང་ཙན་དན་དང་། ཨ་ཀ་རུ་དང་། འགོ་ཤིར་ཤ་ཙན་དན་དང་། ལྷའི་ཤིང་བསུང་ཅན་ལ་སོགས་པའོ།། ཤིང་དེ་དག་ཀྱང་མཛེས་པའི་རི་མོ་དང་ལྡན་ཞིང་། རིན་པོ་ཆེ་བདུན་གྱིས་རྣམ་པར་བརྒྱན་པ། འོད་ཤིན་ཏུ་འཚེར་ཞིང་གསལ་བ་ནི། དཔེར་ན་རི་མོ་མཁན་གྱིས་ཚོན་སྣ་ཚོགས་བཀྱེ་བ་དང་འདྲ་སྟེ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོར་ལྡན་ཏེ། འགྲོ་བ་མང་པོ་མཐོང་ན་དགའ་བར་འགྱུར་བ་ཤ་སྟག་གོ། ཤིང་རྣམ་པ་མང་པོ་དེ་དག་ལ་གཞན་ཡང་རྣམ་པ་སྣ་ཚོགས་ཀྱི་སྤོས་ཀྱི་ལྡེ་གུ་དང་། གུར་ཀུམ་དང་། ཨ་ཀ་རུ་དང་པོག་ལ་སོགས་པས་ཡོངས་སུ་བསྐུས་ལ། མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་གཏོར་ཅིང་བརྒྱན་པ་ནི། འདི་ལྟ་སྟེ། མེ་ཏོག་ཨུཏྤ་ལ་དང་། མེ་ཏོག་ཀུ་མུ་ད་དང་། མེ་ཏོག་པདྨོ་དང་། མེ་ཏོག་པུཥ་ཌ་རི་ཀ་ལ་སོགས་པའོ། ། ཤིང་དེ་དག་ལ་གཞན་ཡང་ཚོན་རྣམ་པ་ལྔ་དང་ལྡན་པའི་བ་དན་ཤིན་ཏུ་འཇམ་ཞིང་མཛེས་པས་ཡོངས་སུ་སྦྱངས་པ་ནི། དཔེར་ན་ལྷའི་ན་བཟའ་ཀེའུ་ཤ་ཡ་འམ་ཤུ་མ་ལྟ་བུའོ།། སྤོས་ཀྱི་ཤིང་དེ་དག་ཀྱང་རིན་པོ་ཆེའི་ཤིང་རྟས་བསྐྱས་ཏེ། རིན་པོ་ཆེའི་ཤིང་རྟ་དེ་དག་ལས་ཀྱང་འོད་རྣམ་པ་སྣ་ཚོགས་འབྱུང་བ་ནི། འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོའོ།། ཤིང་རྟ་གཅའ་ཤིང་དང་། བར་རྡང་ལ་སོགས་པ་དང་། རིན་པོ་ཆེ་སྣ་འདུན་གྱིས་རྣམ་པར་སྤྲས་ཏི། ཤིང་རྟ་དེ་རེ་རེ་ཡང་རྟ་བཞི་བཞིས་དྲངས་སོ།། ཏ་དེ་དག་ཀྱང་མགྱོགས་ཁྱང་ཆུང་དང་འདྲའོ།། ཤིང་རྟ་དེ་ཚེ་མདུན་ན་རིན་པོ་ཆེ་སྣ་བདུན་གྱི་རྒྱལ་མཚན་ལྔ་བཅུ་སྙེད་མངར་ཏེ། གསེར་གྱི་དྲ་བས་བླ་རེར་བྲེས་སོ།། ཤིང་རྟ་དེ་རེ་རེའི་སྟེང་ཡང་རིན་པོ་ཆེའི་གདུགས་ལྔ་བཅུ་སྙེད་བྲེས་སོ།། ཤིང་རྟ་རེ་རེ་རེ་ལ་ཡང་མེ་ཏོག་གི་འཕྲེང་བ་སྦྱངས་པ་ནི། འདི་ལྟ་སྟེ། མེ་ཏོག་ཨུཏྤ་ལ་དང་། མེ་ཏོག་ཀུ་མུ་ད་དང་། མེ་ཏོག་པདྨོ་དང་། པུན་ད་རི་ཀ་རྣམས་ཏེ། འདབ་མ་ནི་གསེར། གེ་སར་ནི་རྡོ་རྗེ་ལ་བྱས་ཏེ། མེ་ཏོག་གི་གེ་སར་དེ་དག་གི་ནང་ན་ཡང་བུང་བ་ནག་པོ་ལྡིང་ཞིང་རྩེའོ། ། གཞན་ཡང་སྒྲ་སྐད་ཤིན་ཏུ་སྙན་པ་དང་། དེ་མ་ཡིན་པ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ཉིད་དང་། བདག་མེད་པའི་སྒྲ་ཡང་འབྱིན་ཏོ།། དེ་དག་ལས་གཞན་ཡང་བྱང་ཆུབ་སེམས་དཔའི་སྔོན་སྤྱད་པ་སྤྱོད་པའི་སྒྲ་དང་། གཞན་ཡང་རོལ་མོ་རྣམ་པ་སྣ་ཚོགས་ཀྱི་སྒྲ་གྲགས་པ་ནི། འདི་ལྟ་སྟེ། གླུ་དང་། གར་དང་། གླིང་བུ་དང་། དགུ་པོ་རྒྱུད་མངས་དང་། སེའུ་དང་། ཤིར་དང་། རྔའི་སྒྲ་རྣམས་སོ།། རོལ་མོའི་སྒྲ་དེ་ལས་གཞན་ཡང་འདི་སྐད་དུ། ཀྱི་ཧུད་ཀྱི་ཧུད་འཇིག་རྟེན་སྟོངས་སོ་ཞེས་ཟེར་བའི་སྒྲ་ཡང་བྱུང་ངོ་།། ཤིང་རྟ་དེ་རེ་རེའི་མདུན་ན་དགེ་བསྙེན་རིན་པོ་ཆེ་སྣ་བཞིའི་ཁྲིའུ་ཐོགས་པ་རེ་རེ་ཡོད་དེ། ཁྲིའུ་དེའི་སྟེང་ན་རྣམ་པ་སྣ་ཚོགས་ཀྱི་མེ་ཏོག་སྤུངས་པ་ནི། འདི་ལྟ་སྟེ། མེ་ཏོག་ཨུཏྤ་ལ་དང་། ཀུ་མུ་ད་དང་། པདྨོ་དང་། པུན་ད་རི་ཀ་དང་། གུར་ཀུམ་དང་། བྱུག་སྤོས་དང་། བདུག་སྤོས་ལ་སོགས་པ་མཆོག་ཏུ་གྱུར། ཕུལ་དུ་གྱུར་པ་རྣམས་བཤམས་སོ།། དགེ་བསྙེན་རྣམས་ཀྱིས་སངས་རྒྱས་དང་དགེ་འདུན་ལ་བསོད་སྙོམས་རྣམ་པ་སྣ་ཚོགས་བཤམས་པ་ཡང་། ཐམས་ཅད་ཙང་དན་དང་། ཨ་ཀ་རུའི་ཤིང་བསུང་ཅན་བསྲེགས་ཏེ། ཡོན་ཏན་བརྒྱད་དང་ལྡན་པའི་ཆུ་ལས་གཡོས་སུ་བྱས་སོ།། ཞལ་ཟས་དེ་དག་ཀྱང་རོ་རྣམ་པ་དྲུག་དང་ལྡན་ནོ། ། འདི་ལྟ་སྟེ། ཁ་བ་དང་། སྒྱུར་བ་དང་། དངར་བ་དང་། ཚ་བ་དང་། ལན་ཚྭ་བྲོ་བ་དང་། བསྔལ་བའི་རོ་དང་ལྡན་ནོ།། གཞན་ཡང་ཡོན་ཏན་རྣམ་པ་གསུམ་དང་ལྡན་ཏེ། མཉེན་ཞིང་མཇམ་པ་དང་། གཙང་བ་དང་། ཆོས་བཞིན་བྱས་པའོ།། དེ་ལྟ་བུ་ལ་སོགས་པའི་མཆོད་པ་རྣམ་པ་སྣ་ཚོགས་བཤམས་ནས། སྟོབས་པོ་ཆེ་འབྱུང་བའི་གནས་སཱ་ལའི་ཤིང་དྲུང་དུ་ལྷགས་སོ། ། གཞན་ཡང་གསེར་གྱི་བྱེ་མས་ས་གཞིར་བདལ་ཏེ། ལྷའི་ན་བཟའ་ཀ་ཙ་ལིན་ད་དང་། ཁམ་པ་ལ་དང་། དར་གྱིས་དེའི་སྟེང་དུ་བཏིང་བ་ནི་ཁོ་ར་ཁོར་ཡུག་དཔག་ཚད་བཅུ་གཉིས་ཚུན་ཆད་ཡོགས་པར་བྱས་སོ། ། སངས་རྒྱས་དང་དགེ་འདུན་བཞུགས་པའི་རིན་པོ་ཆེ་སྣ་བདུན་གྱི་སེང་གེའི་ཁྲི་བཤམས་ཏེ། ཁྲི་དེ་དག་ཀྱང་འཕང་དུ་མཐོ་ཁྱད་རི་རབ་ལྷུན་པོ་དང་མཉམ་མོ།། ཁྲི་དེ་དག་གི་སྟེང་ན་རིན་པོ་ཆེའི་གུར་ཕུབ་ནས། དོ་ཤལ་རྣམ་པ་མང་པོ་སྤུངས་སོ།། སཱ་ལའི་ཤིང་དེ་དག་ལ་ཡང་རྣམ་པ་སྣ་ཚོགས་ཀྱི་བ་དན་སྦྱསྤངས་ཏེ། གདུགས་བྲེས་ནས་རྣམ་པ་སྣ་ཚོགས་ཀྱི་སྤོས་བསུང་ཅན་གྱི་ལྡེ་གུས་ཤིང་དེ་དག་ལ་བསྐུས་སོ། ། ཤིང་གི་བར་ཡང་མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་ཆལ་པར་བཀང་ངོ་།། དགེ་བསྙེན་དེ་རྣམས་སོ་སོ་ནས་ཡིད་ལ་འདི་སྙམས་དུ་སེམས་སོ།། སོ་སོའི་སྐྱེ་བོ་དག་གལ་ཏེ་བཟའ་བས་བྲེལ་ན་བཟའ་བ་སྦྱིན་ནོ།། བཏུང་བས་ཟེལ་བ་ལ་བཏུང་བ། མགོ་འདོད་པ་རྣམས་ལ་མགོ། མིག་འདོད་པ་རྣམས་ལ་མིག། དེ་ལྟར་སོ་སོའི་སྐྱེ་བོ་དག་ཅི་འདོད་པ་བཞིན་དུ་ཐམས་ཅད་སྦྱིན་པ་བྱིན་ཏེ། སྦྱིན་པ་དེ་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། རྙོག་པའི་སེམས་མེད་དོ།། དེ་ལས་གཞན་པ་འཇིག་རྟེན་གྱི་ལོངས་སྤྱོད་ཀྱི་ཕྱིར་བསམ་པའི་སེམས་མེད་ཀྱི། བླ་ན་མེད་པ་ཡོངས་སུ་དག་པའི་བྱང་ཆུབ་འབའ་ཞིག་གི་ཕྱིར་རོ།། དགེ་བསྙེན་དེ་དག་བླ་ན་མེད་པའི་བྱང་ཆུབ་ལ་བདེ་བར་གནས་ནས་ཡང་འདི་སྙམ་དུ་སེམས་སོ།། དེ་བཞིན་གཤེགས་པ་ནི་བདག་ཅག་གི་མཆོད་པ་འདི་བཞེས་ནས་ཡོངས་སུ་མྱ་ངན་ལས་འདའ་འོ་སྙམ་བསམས་ནས། དེ་དག་གི་ལུས་ཀྱི་བ་སྤུ་ཀུན་ལངས་ཏེ། ལུས་ཁྲག་གིས་རྒྱས་པ་ནི་མེ་ཏོག་པ་ལ་ཤ་ལྟ་བུར་གྱུར། མཆི་མས་ནི་མིག་གང་། སྡུག་བསྔལ་ཆེན་པོ་ས་ནི་གདུངས་པར་གྱུར་ཏེ། སོ་སོ་ནས་མཆོད་པའི་ཡོ་བྱད་བཤམས་པ་སྤོས་ཀྱི་ཤིང་དང་། རྒྱལ་མཚན་དང་། བ་དན་དང་གདུགས་དང་། ཞལ་ཟས་ཀྱི་རྣམས་རིན་པོ་ཆེའི་ཤིང་རྟས་བསྐྱས་ནས། སངས་རྒྱས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། མཆོད་པའི་ཡོ་བྱད་བཤམས་པ་དེ་བཞིན་གཤེགས་པ་ལ་མཆོད་དེ། ལན་བརྒྱ་སྟོང་དུ་བསྐོར་ནས་སྐད་བྱུང་སྟེ་ངུས་སོ།། ངུ་བའི་སྒྲས་གནམ་ས་ཡང་གཡོས་སོ།། བྲང་རྡུང་ཞིང་ཆོ་ངེ་འདེབས་ཏེ་མཆི་མ་ཆར་བཞིན་དུ་ཟག་ནས་གཅིག་ལ་གཅིག་འདི་སྐད་དུ། ཀྱི་ཧུད་ཀྱི་ཧུད་གྲོགས་པོ་དག་འཇིག་རྟེན་སྟོངས་སོ་འཇིག་རྟེན་སྟོངས་སོ་ཞེས་སྨྲས་ནས། དེ་བཞིན་གཤེགས་བའི་སྤྱན་སྔར་ལུས་བརྡབས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པས་ཐུགས་བརྩེ་བའི་སླད་དུ། བདག་ཅག་གི་མཆོད་པ་བཤམས་པ་ནང་གི་ཐ་མ་འདི་བཞེས་ཤིག་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དུས་མཁྱེན་པས་ཅང་མི་གསུང་སྟེ་མ་བཞེས་ནས། དེ་བཞིན་དུ་ལན་གསུམ་གྱི་བར་དུ་གསོལ་ཀྱང་བཞེས་སུ་མ་གནང་ངོ་།། དགེ་བསྙེན་དེ་དག་བསམས་པ་བཞིན་དུ་མ་གྱུར་ནས། མྱ་ངན་གྱིས་ཡིད་གདུངས་ཏེ་ཅང་མི་སྨྲ་བར་འཁོད་པ་ནི། དཔེར་ན་ཕ་མ་ཤིན་ཏུ་བྱམས་པའི་བུ་གཅིག་པ་གློ་བུར་དུ་ནད་ཀྱིས་བཏབ་སྟེ། ཚེ་འཕོས་ནས་དུར་དུ་བསྐྱལ་ཏེ་ཤིན་ཏུ་མྱ་ངན་གྱིས་ཡིད་གདུངས་པ་དང་འདྲ་བར། དགེ་བསྙེན་དེ་དག་མྱ་ངན་གྱིས་ཡིད་གདུངས་པ་ཡང་དེ་དང་འདྲ་སྟེ། མཆོད་པའི་ཡོ་བྱད་རྣམས་གནས་གཅིག་ཏུ་བཞག་ནས། ཕྱོགས་གཅིག་ཏུ་ཅང་མི་སྨྲ་བར་འཁོད་དོ།། དེའི་ཚེ་གཞན་ཡང་ཀླུང་གངྒཱ་གསུམ་གྱི་བྱེ་མ་རྙེད་ཀྱི་དགེ་བསྙེན་མ་ཁྲིམས་ལྔ་ཡོངས་སུ་སྲུང་བ། སྤྱོད་པ་ལས་དང་ལྡན་པ་ལ། འདི་ལྟ་སྟེ། དགེ་བསྙེན་མ་འཚོ་བའི་ཡོན་ཏན་དང་། དགེ་བསྙེན་མ་དཔལ་གྱི་འཕྲེང་བ་དང་། དགེ་བསྙེན་མ་ཕྱི་བའི་ཟེར་ཤ་ཀ་ལ་སོགས་པས་ཐོག་མར་དྲངས་ནས། དགེ་བསྙེན་མ་བརྒྱད་ཁྲི་བཞི་སྟོང་སྙེད་ཐམས་ཅད་ཀྱང་དམ་པའི་ཆོས་ཡོངས་སུ་འཛིན་པ། སེམས་ཅན་ཚད་མེད་པ་བརྒྱ་སྟོང་གདུལ་བའི་ཕྱིར་བུད་མེད་ཀྱི་ལུས་སུ་སྟོན་ཅིང་། ཁྱིམ་གྱི་ཆོས་ཡོངས་སུ་སྤོང་པ། བདག་གི་ལུས་ལ་སྦྲུལ་གདུག་པ་བཞི་དང་འདྲ་བར་རྟོགས་པ། ལུས་ལ་རྟག་ཏུ་སྲིན་བུ་གྲངས་མེད་པ་ཟ་བ་དང་། ལུས་འདི་ལ་ཤིན་ཏུ་བཙོག་པ་དང་། འདོད་པས་ཡོངས་སུ་བཅིངས་པར་རྟོགས་པ། ལུས་འདི་ལ་ཁྱི་རོ་དང་འདྲ་བར་འཇིགས་སུ་རུང་བ་དང་། ལུས་འདི་ནི་མི་གཙང་བ་སྟེ། བུ་ག་དགུ་ནས་རྟག་ཏུ་ཟག་པར་རྟོགས་པ། ལུས་འདི་ནི་མཁར་དང་འདྲ་སྟེ། ཤ་དང་། པགས་པ་དང་། རྩ་དང་། རྒྱུས་པས་རྣམ་པར་དཀྲིས་པ། ལག་པ་དང་རྐང་པ་ནི་མཁར་གྱི་ཉེན་ལྟ་བུར་གྱུར་པ། མིག་ནི་སྐར་ཁུང་ལྟ་བུར་གྱུར་པ། མགོ་བོ་ནི་ཁང་པ་ལྟ་བུར་གྱུར་ཏེ། སེམས་རྒྱལ་པོ་དང་འདྲ་བ་དེའི་ནང་ན་གནས་པར་རྟོགས་པ། ལུས་མཁར་དང་འདྲ་བ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་སྤངས་ཏེ། བུས་པ་སོ་སོའི་སྐྱེ་བོ་དག་ནི་དེ་ལ་ཆགས་པར་བྱེད་དོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་སྲིན་པོ་གནས་པར་རྟོགས་པ། ལུས་འདི་ནི་སྙིང་པོ་མེད་པ་སྟེ། འདམ་བུའི་མྱུ་གུ་འམ། ཨེ་རན་འདའ་འམ། ཆུའི་ཆུ་བུར་རམ། ཆུ་ཤིང་བུར་རྟོགས་པས། ལུས་འདི་ནི་མི་རྟག་པ་སྟེ། སྐད་ཅིག་སྐད་ཅིག་ཏུ་འཕོ་ཞིང་། དཔེར་ན་རྨོག་གི་འོད་དམ། གཟར་པོའི་ཆུའམ། སྒྱུ་མ་འམ། སྨིག་རྒྱུའམ། ཆུ་ལ་རི་མོར་བྲིས་པ་ལྟ་བུར་རྟོགས་པ། ལུས་འདི་ནི་འགྱུར་ཞིང་འཕོ་བ་སྟེ། དཔེར་ན་ཆུ་འགྲམ་གཡང་སའི་སྡོང་པོ་ལྟ་བུར་རྟོགས་པ། ལུས་འདི་ནི་རིང་པོར་མི་ཐོགས་པ་སྟེ། སྤྱང་ཀི་དང་། འཕར་བ་དང་། སྲིན་བྱ་དང་། འུག་པ་དང་། བྱ་རྒོད་དང་། ཁཱ་དང་། སྤྱ་ཀ་དང་། ཁྱི་ལྟོགས་པའི་ཟན་དུ་གྱུར་ཏེ། འདི་ལ་མཁས་པ་ཤེས་ཅན་སུ་ཞིག་མོས་ཤིང་ཆགས་པར་བྱེད་སྙམ་དུ་རྟོགས་པ། བརྨི་གི་ནང་དུ་རྒྱ་མཚོ་ཆེན་པོའི་ཆུ་ཐུགས་ཀྱང་བཟོད་ཀྱི། ལུས་འདི་མི་རྟག་པ་དང་། མི་གཙང་བ་དང་། བཙོག་པ་ནི་བརྗོད་སླ་བ་མ་ཡིན་པར་རྟོགས་པ། ས་ཆེན་པོ་འདི་རྒྱ་ཤུག་ཙམ་དུ་དྲིལ་ཏེ། ཆུང་དུ་ན་ཡུངས་ཀར་གྱི་འབྲུ་འམ། རྡུལ་ཕྲ་མོར་གསེ་བ་ནི་སླའི། ལུས་འདིའི་ཉེས་པའི་སྐྱོན་བརྗོད་པ་ནི་སླ་བ་མ་ཡིན་པར་རྟོགས་པ། དེ་བས་ན་མཆིལ་མ་དང་འདྲ་བར་ཡོངས་སུ་སྤངས་ནས། དེའི་རྒྱུ་དེའི་རྐྱེན་གྱིས་དགེ་བསྙེན་མ་རྣམས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་ལ་རྟག་ཏུ་ནན་ཏན་བྱེད་པ། ཐེག་པ་ཆེན་པོའི་མདོ་སྡེ་ཉན་ཅིང་འཛིན་པ་ལ་མོས་པ། ཐོས་ནས་ཀྱང་གཞན་ལ་རྒྱ་ཆེར་སྟོན་ནུས་པ། སྔོན་གྱི་སྨོན་ལམ་ཡོངས་སུ་འཛིན་པ། བུད་མེད་ཀྱི་ལུས་ལ་ཤིན་ཏུ་སྨོད་པ། ཤིན་ཏུ་སྐྱོན་ཆེ་བར་ཤེས་པ། སྙིང་པོ་མེད་པར་རྟོགས་པ། སེམས་རྟག་ཏུ་རྣལ་འབྱོར་དུ་སྤྱོད་པ། དེ་བཞིན་དུ་ཡང་དག་པར་རྟོགས་ཤིང་མཐའ་མེད་པར་འཁོར་བའི་རྒྱན་ཡོངས་སུ་གཅོད་པ། ཐེག་པ་ཆེན་པོ་ལ་སྐོམ་པས་གདུངས་པ་ལྟར་མོས་པ། བདག་ཤིན་ཏུ་ངོམས་པས་གཞན་ཡང་ཤིན་ཏུ་ངོམས་པར་བྱེད་པ། ཐེག་པ་ཆེན་པོ་ལ་རབ་ཏུ་མོས་པ། ཐེག་པ་ཆེན་པོ་ཤིན་ཏུ་སྲུང་བ། བུད་མེད་ཀྱི་ལུས་སུ་སྟོན་ཀྱང་ཡང་དག་པར་བྱང་ཆུབ་སེམས་དཔའ་ཤ་སྟག་སྟེ། ཐམས་ཅད་ཀྱང་འཇིག་རྟེན་གྱི་བསམ་པ་དང་ཤིན་ཏུ་སྦྱོར་བ། མ་བརྒལ་བ་སྒྲོལ་བ། མ་གྲོལ་བ་འགྲོལ་བ། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་འཚོབ་པ། མ་འོངས་པའི་དུས་སུ་ཆོས་ཀྱི་འཁོར་ལོ་སྐོར་བར་འགྱུར་བ། རྒྱན་ཆེན་པོས་ཡོངས་སུ་བརྒྱན་པ། ཚུལ་ཁྲིམས་ཡོངས་སུ་སྲུང་བ། དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་སེམས་བསྐྱེད་ཅིང་། བུ་གཅིག་དང་འདྲ་བར་གཉིས་སུ་མེད་པར་མཉམ་པ་ཤ་སྟག་གོ། དེ་དག་ཀྱང་སྔ་དྲོའི་དུས་ཉི་མ་ཐོག་མ་ཤར་བ་ན། འོད་ཀྱིས་རེག་ནས་གཅིག་ལ་གཅིག་འདི་སྐད་དུ། དེང་ནི་ཤིང་སྩ་ལ་དྲུང་གཉིས་ཀྱི་དྲུང་དུ་འདེང་ངོ་ཞེས་སྨྲས་སོ། ། དགེ་བསྙེན་མ་རྣམས་ཀྱིས་མཆོད་པའི་ཡོ་བྱད་བཤམས་པ་སྔ་མ་པས་ཕྱེད་ཀྱིས་བཟང་བར་སྦྱར་ཏེ། སངས་རྒྱས་གང་ན་བར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལན་བརྒྱ་སྟོང་སྐོར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་སངས་རྒྱས་དང་དགེ་འདུན་དུ་བཅས་པ་ལ་མཆོད་པའི་ཡོ་བྱད་བཤམས་པ་འདི། དེ་བཞིན་གཤེགས་པས་ཐུགས་བརྩེ་བའི་སླད་དུ་བཞེས་ཤིག་ཅེས་གསོལ་ཏོ།། དེ་ལ་བཅོམ་ལྡན་འདས་ཅང་མི་གསང་བར་བཞེས་ས་མ་གནང་ངོ་། ། དགེ་བསྙེན་མ་རྣམས་བསམས་པ་བཞིན་མ་གྱུར་པས། མྱ་ངན་གྱིས་ཡིད་གདུངས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།། དེའི་ཚེ་གཞན་ཡང་ཀླུང་གངྒཱ་བཞིའི་བྱེ་མ་སྙེད་ཀྱི་ལི་ཙ་བྱིའི་བུ། གྲོང་ཁྱེར་ཡངས་པ་ཅན་ན་གནས་པའི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། ཆུང་མ་དང་། འཁོར་རྣམས་དང་། གཞན་ཡང་འཛམ་བུའི་གླེང་གི་རྒྱལ་རིགས་སུ་གཏོགས་པ། རྒྱལ་པོའི་འཁོར་དང་བཅས་ཏེ་ཐམས་ཅད་ཀྱང་ཆོས་འདོད་པའི་ཕྱིར། ཚུལ་ཁྲིམས་ཡོངས་སུ་སྲང་བ། སྤྱོད་ལམ་དང་ལྡན་པ། སློབ་པ་གཞན་ལ་ཞུགས་ཤིང་དམ་པའི་ཆོས་ལ་སུན་འབྱིན་པ། ཤིན་ཏུ་ཚར་གཅོད་པ་ཤ་སྟག་གཅིག་ལ་གཅིག་འདི་སྐད་ཅེས་དམ་འཆའ་འོ།། བདག་ཅག་གསེར་དང་། དངུལ་དང་། རིན་པོ་ཆེའི་གཏེར་མཛོད་ལྟ་བུར་ཡང་དག་པའི་ཆོས་ཤིན་ཏུ་ཟབ་མོ་བདུད་རྩི་ལྟ་བུ་ཟད་མི་ཤེས་པ། ཡུན་དུ་འཇིག་རྟེན་ན་གནས་པར་བྱས་ཏེ། བདག་ཅག་ཀྱང་དེ་དག་ལ་རྟག་ཏུ་ནན་ཏན་སྤྱོད་པར་གྱུར་ཅིག། གལ་ཏེ་ཞལ་ནས་གསུངས་པའི་དམ་པའི་ཆོས་ལ་དབང་ཟ་ཞིང་སྐུར་བ་ཞིག་ཡོད་ན། བདག་ཅག་གིས་དེའི་ལྕེ་གཅད་དོ་ཞེས་དམ་བཅས་ཤིང་། གཞན་ཡང་ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་བྱུང་བ་དག་ཚུལ་ཁྲིམས་ལས་ཉམས་པར་གྱུར་ནབདག་ཅག་གིས་ཁྱིམ་པར་ཕབ་སྟེ། ལས་བྱེད་དུ་གཞུག་གོ་ཞེས་པ་དང་། གལ་ཏེ་དམ་པའི་ཆོས་ལ་ནན་ཏན་དུ་བྱེད་ན། བདག་ཅག་གིས་ཕ་མ་དང་འདྲ་བར་རིམ་གྲོ་དང་བཀུར་སྟི་བྱའོ་ཞེས་པ་དང་། གལ་ཏེ་དགེ་འདུན་ལས་དམ་པའི་ཆོས་ལ་ནན་ཏན་དུ་སྤྱོད་པ་ཞིག་ཡོད་ན། བདག་ཅག་གིས་རྗེས་སུ་ཡི་རང་ཞིང་དེ་ལ་མཐུ་ཡང་སྦྱིན་པར་བྱའོ་ཞེས་དམ་བཅས་པ། རྟག་ཏུ་ཐེག་པ་ཆེན་པོའི་མདོ་སྡེ་ཐོས་པར་མོས་ཤིང་། ཟོས་ནས་ཀྱང་གཞན་ལ་རྒྱས་པར་སྟོན་པ་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཤ་སྟག་ལ། འདི་ལྟ་སྟེ། ལི་ཙ་བྱའི་བུ་རྣམ་དག་དྲི་མ་མེད་པའི་སྙིང་པོ་དང་། ལི་ཙ་བྱིའི་བུ་བག་ཡོད་པ་རྣམ་པར་དག་པ་དང་། ལི་ཙ་བྱིའི་བུ་རྟག་ཏུ་དྲི་མེད་རྣམ་དག་ཡོན་ཏན་ལ་སོགས་ཏེ། དེ་དག་གཅིག་ལ་གཅིག་འདི་སྐད་དུ། ཀྱེ་གྲོགས་པོ་དག་མྱུར་བར་དེ་བཞིན་གཤེགས་པ་གང་ན་བ་དེར་སོང་སྟེ། མཆོད་པ་ཕུན་སུམ་ཚོགས་པ་རྣམ་པ་སྣ་ཚོགས་ཀྱིས་མཆོད་དུ་འདེང་ངོ་།། དེ་ནས་ལི་ཙ་བྱི་དེ་དག་རེ་རེས་ཀྱང་བལ་གླང་བརྒྱད་ཁྲི་བཞི་སྟོང་དང་། རིན་པོ་ཆེའི་ཤིང་རྟ་རྟ་བཞི་ལ་བཅས་པ་བརྒྱད་ཁྲི་བཞི་སྟོང་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བརྒྱད་ཁྲི་བཞི་སྟོང་དང་། གཞན་ཡང་ཤིང་ཙན་དན་དང་། ཨ་ཀ་རུ་སྦམས་པ་བརྒྱད་ཁྲི་བཞི་སྟོང་སྙེད་བཤམས་ཏེ། བལ་གླང་དེ་རེ་རེའི་མདུན་ན་རིན་པོ་ཆེའི་རྒྱལ་མཚན་དང་། བ་དན་དང་། གདུགས་ཀྱང་བཤམས་སོ།། གདུགས་ནང་གི་ཆུང་ངུ་ཡང་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཁེབས་སོ།། བ་དན་ནང་གི་ཆུང་ངུ་ཡང་རིང་ཁྱད་དཔག་ཚད་སུམ་ཅུ་རྩ་གཉིས་སོ། ། རིན་པོ་ཆེའི་རྒྱལ་མཚན་ནང་གི་ཆུང་ངུ་ཡང་མཐོ་ཁྱད་དཔག་ཚད་བརྒྱ་པ་སྟེ། དེ་ལྟ་བུའི་མཆོད་པའི་ཡོ་བྱད་བཤམས་ནས། སངས་རྒྱས་གང་ན་བར་ལྷགས་ཏེ་ཕྱིན་པ་དང་། སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་ལན་བརྒྱ་སྟོང་དུ་བསྐོར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་སངས་རྒྱས་དང་དགེ་སློང་གི་དགེ་འདུན་རྣམས་ལ་མཆོད་པའི་ཡོ་བྱད་འདི་དག་དབུལ་ན། དེ་བཞིན་གཤེགས་པས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། མཆོད་པ་འདི་དག་བཞེས་ཤིག་ཅེས་གསོལ་ཏོ། ། དེ་ལ་དེ་བཞིན་གཤེགས་པ་ཅང་མི་གསུང་ནས་བཞེས་སུ་མ་གནང་ངོ་།། ལི་ཙ་བྱིའི་བུ་རྣམས་བསམས་པ་བཞིན་དུ་མ་གྱུར་ནས་ཤིན་ཏུ་མྱ་ངན་གྱིས་ནོན་ཏེ། བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས། ས་ལས་ཤིང་ཏ་ལ་བདུན་སྲིད་ཙམ་དུ་འཕགས་ནས། སྟེང་གི་ནམ་མཁའ་ལ་ཅང་མི་སྨྲ་བར་འཁོད་དོ།། དེའི་ཚེ་གཞན་ཡང་ཀླུང་གངྒཱ་ལྔའི་བྱེ་མ་སྙེད་ཀྱི་བློན་པོ་ཆེན་པོ་དང་། ཁྱིམ་བདག་དང་། ཚོང་དཔོན་ཐེག་པ་ཆེན་པོ་ལ་ཤིན་ཏུ་མོས་པས། སློབ་པ་གཞན་ལ་ཞུགས་པ་གང་ཞིག་ཡང་དག་པའི་ཆོས་ལ་སྨོན་པ་ཞིག་ཡོད་ན། དེ་ངག་གི་མཐུས་ཐུལ་བ་ནི། ཇི་ལྟར་རྩ་བ་དང་ཤིང་ལ་སེར་བ་བབ་པ་ལྟ་བུ་ཤ་སྟག་ལ། འདི་ལྟ་སྟེ། ཚོང་དཔོན་ཉི་མའི་འོད་དང་། ཚོང་དཔོན་འཇིག་རྟེན་སྐྱོང་དང་། ཚོང་དཔོན་ཆོས་སྐྱོང་ལ་སོགས་པས་ཐོག་མར་དྲངས་ཏེ། དེ་དག་གིས་སོ་སོ་ནས་མཆོད་པའི་ཡོ་བྱད་བཤམས་པ་ནི་སྔ་མ་པས་ལྔ་འགྱུར་ཙམ་བཤམས་ཏེ། ཤིང་སཱ་ལ་དྲུང་གཉིས་ཀྱི་བར་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། ལན་བརྒྱ་སྟོང་དུ་བསྐོར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་སངས་རྒྱས་དང་དགེ་སློང་གི་དགེ་འདུན་རྣམས་ལ་མཆོད་པའི་ཡོ་བྱད་འདི་དག་འབུལ་ན་བཞེས་ཤིག་ཅེས་གསོལ་ཏོ། ། དེ་ལ་དེ་བཞིན་གཤེགས་པས་ཅང་མི་གསུང་ནས་བཞེས་སུ་མ་གནང་ངོ་།། ཚོང་དཔོན་དེ་དག་བསམས་པ་བཞིན་དུ་མ་གྱུར་ནས་ཤིན་ཏུ་མྱ་ངན་གྱིས་ཡིད་གདུངས་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས། ས་ལས་ཤིང་ཏ་ལ་བདུན་སྲིད་དུ་འཕགས་ནས། སྟེང་གི་ནམ་མཁའ་ལ་ཅང་མི་སྨྲ་བར་འཁོད་དེའི་ཚེ་གཞན་ཡང་ཡུལ་ཡངས་པ་ཅན་གྱི་རྒྱལ་པོ་བཙུན་མོ་དང་སྲས་སུ་བཅས། གཞན་ཡང་འཛམ་བུ་གླིང་ན་རྒྱལ་པོ་མ་སྐྱེས་དགྲ་མ་གཏོགས་པར། རྒྱལ་ཕྲན་དེ་མ་ཡིན་པ་ཐམས་ཅད་དང་། གྲོང་ཁྱེར་དང་། ལྗོངས་དང་། གྲོང་འདབ་ཐམས་ཅད་ཀྱི་མི་ཐམས་ཅད་དང་བཅས་པ་ལ། འདི་ལྟ་སྟེ། རྒྱལ་པོ་ཟླ་འོད་དྲི་མེད་རྒྱལ་པོ་ལ་སོགས་པས་ཐོག་མར་དྲངས་ནས་སོ་སོ་ནས་དམག་རྣམ་བཞི་དང་བཅས་ཏེ། སངས་རྒྱས་གང་ན་བར་ལྷགས་སོ།། རྒྱལ་པོ་དེ་དག་རེ་རེ་ཡང་འཁོར་ཁྲི་ཕྲག་བརྒྱད་ཅུ་དང་བཅས་སོ།། དམག་གི་ཚོགས་ཀྱང་བལ་གླང་དང་རྟ་པ་སྟེ། བལ་ཀྱང་དེ་དག་ཀྱང་མཆེ་བ་དྲུག་དང་ལྡན་ལ། རྟ་རྣམས་ཀྱང་མགྱོགས་ཀྱང་རླུང་བཞིན་ཏེ། མཆོད་པའི་ཡོ་བྱད་བཤམས་པ་ཡང་སྔ་མ་པས་དྲུག་འགྱུར་གྱིས་ལྷག་གོ།། རིན་པོ་ཆེའི་གདུགས་ཅང་གི་ཆུང་ངུ་ཡང་ཆུ་ཞེང་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བརྒྱད་ཁེབས་སོ། ། བ་དན་ནང་གི་ཆུང་ངུ་ཡང་རིང་ཁྱད་དཔག་ཚད་བཅུ་དྲུག་སྙེད་དོ།། རིན་པོ་ཆེའི་རྒྱལ་མཚན་ནང་གི་ཆུང་ངུ་ཡང་མཐོ་ཁྱད་དཔག་ཚད་སུམ་ཅུ་རྩ་དྲུག་གོ། རྒྱལ་པོ་དེ་དག་ཐམས་ཅད་ཀྱང་ཡང་དག་པའི་ཆོས་ལ་གནས་པས་ལོག་པའི་ཆོས་ཀུན་ལ་ཤིན་ཏུ་སྨོད་པ། ཐེག་པ་ཆེན་པོ་ལ་བཀུར་སྟི་བྱེད་པ། ཐེག་པ་ཆེན་པོ་ལ་ཤིན་ཏུ་མོས་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་དང་འདྲ་བར་བྱམས་པ། ཞལ་ཟས་བཤམས་པའི་དྲི་ཡང་དཔག་ཚད་བཞིའི་བར་དུ་བྲོ་བ་བཤམས་ནས་སྔ་དྲོའི་དུས་ཀྱི་ཚེ་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་ཐོགས་ཏེ། ཤིང་སཱ་ལ་དྲུང་གཉིས་ཀྱི་བར་དེ་བཞིན་གཤེགས་པ་གང་ན་བཞུགས་པ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་གིས་སངས་རྒྱས་དང་དགེ་སློང་གི་དགེ་འདུན་རྣམས་ལ་མཆོད་པ་འདི་དག་འབུལ་ན། དེ་བཞིན་གཤེགས་པས་ཐུགས་བརྩེ་བའི་སླད་དུ། བདག་ཅག་གི་མཆོད་པ་ཐ་མ་འདི་བཞེས་ཤིག་ཅེས་གསོལ་ཏོ། ། དེ་བཞིན་གཤེགས་པ་དུས་མཁྱེན་པས་བཞེས་སུ་མ་གནང་ངོ་།། རྒྱལ་པོ་དེ་དག་ཀྱང་བསམས་པ་བཞིན་དུ་མ་གྱུར་པས། ཤིན་ཏུ་མྱ་ངན་གྱིས་ཡིད་གདུངས་པར་གྱུར་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། ། དེའི་ཚེ་གཞན་ཡང་ཀླུང་གངྒཱ་འདུན་གྱི་བྱེ་མ་སྙེད་ཀྱི་རྒྱལ་པོའི་བཙུན་མོ་རྣམས་ཚོགས་ཏེ། དེ་ལ་གཅིག་མ་གཏོགས་པ་ནི་མ་སྐྱེས་དཔའ་བཙུན་མོ་འབའ་ཞིག་གོ། ། སེམས་ཅན་གདུལ་བའི་ཕྱིར་བུད་མེད་ཀྱི་ལུས་སུ་སྟོན་ཏེ། རྟག་ཏུ་ལུས་ཀྱིས་ནན་ཏན་དུ་སྤྱོད་ཅིང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་ལ་སེམ་པ་ཇིས་ཤིང་གོམས་པར་བྱེད་པ་དེ་ལ་སོགས་ཏེ། བཙུན་མོ་ཁམས་གསུམ་བཟང་པོ་དང་། བཙུན་མོ་འདོད་པའི་ཡོན་ཏན་ལ་སོགས་པས་ཐོག་མར་དྲངས་སོ།། ཐམས་ཅད་ཀྱང་དམ་པའི་ཆོས་ལ་གནས་ཤིང་ཚུལ་ཁྲིམས་ཡོངས་སུ་སྲུང་བ། སྤྱོད་ལམ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་བྱམས་པ་ཤ་སྟག་གོ། དེ་དག་ཀྱང་གཅིག་ལ་གཅིག་འདི་སྐད་དུ། བདག་ཅག་ཀྱང་མྱུར་བར་སངས་རྒྱས་གང་ན་བཞུགས་པར་འདོང་ངོ་ཞེས་སྨྲས་སོ། ། རྒྱལ་པོའི་བཙུན་མོ་རྣམས་ཀྱིས་མཆོད་པའི་ཡོ་བྱད་བཤམས་པ་ནི་སྔ་མ་བས་བདུན་འགྱུར་གྱིས་ལྷག་སྟེ། མེ་ཏོག་དང་། སྤོས་དང་། རིན་པོ་ཆེའི་རྒྱལ་མཚན་དང་། དར་གྱི་བ་དན་དང་། གདུགས་དང་། ཞལ་ཟས་མཆོག་རྣམས་སོ།། རིན་པོ་ཆེའི་གདུགས་ནང་གི་ཆུང་ངུ་ཡང་ཆུ་ཞེང་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བཅུ་དྲུག་ཁེབས་སོ།། བ་དན་ནང་གི་ཆུང་ངུའི་ཚད་ཀྱང་དཔག་ཚད་སུམ་ཅུ་རྩ་དྲུག་སྙེད་དོ། ། རིན་པོ་ཆེའི་རྒྱལ་མཚན་ནང་གི་དམའ་བའི་ཚད་ཀྱང་དཔག་ཚད་དྲུག་ཅུ་རྩ་བརྒྱད་སྙེད་དོ།། ཞལ་ཟས་ཀྱི་དྲི་བསུང་གིས་ཀྱང་དཔག་ཚད་བརྒྱད་ཀྱི་བར་དུ་བྲོ་བ་མཆོད་པའི་ཡོ་བྱད་དེ་ལྟ་བུ་དག་བཤམས་ནས། དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་འོས་ཕྱག་འཚལ་ནས། ལན་བརྒྱ་སྟོང་དུ་མ་བསྐོར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་སངས་རྒྱས་དང་དགེ་སློང་གི་དགེ་འདུན་རྣམས་ལ་མཆོད་པའི་ཡོ་བྱད་བཤམས་ཏེ་འབུལ་བ་འདི། དེ་བཞིན་གཤེགས་པས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། མཆོད་པ་ནང་གི་ཐ་མ་འདི་བཞེས་ཤིག་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པ་དུས་མཁྱེན་པས་ཅང་མི་གསུང་ནས་བཞེས་སུ་མ་གནང་ངོ་། ། དེའི་ཚེ་རྒྱལ་པོའི་བཙུན་མོ་རྣམས་བསམས་པ་བཞིན་དུ་མ་གྱུར་ནས། ཤིན་ཏུ་མྱ་ངན་གྱིས་ཡིད་གདུངས་ཏེ་སྐྲ་འབལ་ཞིང་། བྲང་ལ་ཐལ་མོས་རྡེབས་ཏེ། ཆོ་ངེས་རྡུང་བ་ནི་ཇི་ལྟར་བུའི་ནང་ན་སྡུག་པ་ཤི་བ་དང་འདྲ་བར་གྱུར་ནས། ཕྱོགས་གཅིག་ཏུ་ཅང་མི་སྨྲ་བར་འཁོད་དོ།། དེའི་ཚེ་ཀླུང་གངྒཱ་བརྒྱད་ཀྱི་བྱེ་མ་སྙེད་ཀྱི་ལྷའི་བུ་མོ་རྣམས་ལ། འདི་ལྟ་སྟེ་ལྷའི་བུ་མོ་ཡངས་པའི་མིག་ཅེས་བྱ་བས་ཐོག་མར་དྲངས་ཏེ་འདི་སྐད་ཅེས་སྨྲས་སོ། ། ཀྱེ་གྲོགས་མོ་དག་མཐོང་ངམ་ལྟོས་ཤིག། འཁོར་གྱི་དཀྱིལ་འཁོར་མང་པོས་མཆོད་པའི་ཡོ་བྱད་རྣམ་པ་སྔ་ཚོགས་བཤམས་ནས། དེ་བཞིན་གཤེགས་པ་དང་དགེ་སློང་གི་དགེ་འདུན་ལ་འབུལ་བ་མཐོང་ངམ། བདག་ཅག་ཀྱང་མཆོད་པའི་ཡོ་བྱད་བཤམས་ཏེ། དེ་བཞིན་གཤེགས་པ་ལ་མཆོད་ནས། དེ་བཞིན་གཤེགས་པས་བཞེས་པའི་འོག་ཏུ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་བར་བྱའོ།། ཀྱེ་གྲོགས་མོ་དག་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་གཤེགས་པ་ཡང་ཤིན་ཏུ་དཀའ། མཆོད་པ་ནང་གི་ཐ་མ་བཤམས་ཏེ་འབུལ་བ་ཡང་ཤིན་ཏུ་དཀའོ།། གལ་ཏེ་བཅོམ་ལྡན་འདས་མྱ་ངན་ལས་འདས་ན་འཇིག་རྟེན་སྟོངས་པར་འགྱུར་རོ་ཞེས་སྨྲས་སོ།། ལྷའི་བུ་མོ་དེ་རྣམས་ཀྱང་ཐེས་པ་ཆེན་པོ་འདོད་པ། ཐེག་པ་ཆེན་པོ་ཐོས་པར་མོས་པ། ཐོས་ནས་ཀྱང་གཞན་ལ་རྒྱ་ཆེར་སྟོན་ནུས་པ། ཐེག་པ་ཆེན་པོ་ལ་སྐོམ་པས་གདུངས་པ་ལྟར་གྱུར་ཅིང་། བདག་ཤིན་ཏུ་ངོམས་པར་བྱེད་པ་སྐོསྒོམ་པས་གདུངས་པ་གཞན་དག་ཀྱང་ངོམས་པར་བྱེད་པ། ཐེག་པ་ཆེན་པོ་ལ་སྐྱོབ་པ། སློབ་པ་གཞན་ལ་ཞུགས་པ་དག་ཐེག་པ་ཆེན་པོ་ལ་སུན་འབྱིན་ཅིང་ཕྲག་དོག་བྱེད་པ་ཡོད་ན། ཇི་ལྟར་རྩཝ་ལ་སེར་བ་བབ་པ་བཞིན་དུ་ཤིན་ཏུ་ཐུལ་བ། ཚུལ་ཁྲིམས་ཡོངས་སུ་སྲུང་བ། སྤྱོད་ལམ་དང་ལྡན་པ། འཇིག་རྟེན་ཐམས་ཅད་ཀྱི་ཡིད་དང་སྦྱོར་བ་ལ་ཤིན་ཏུ་མཁས་པ། མ་དུལ་བ་རྣམས་འདུལ་བ། མ་གྲོལ་བ་རྣམས་གྲོལ་བར་བྱེད་པ། ཕྱི་མ་མ་འོངས་པའི་དུས་སུ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་འཚོབ་པ། ཐེག་པ་ཆེན་པོ་ལ་ནན་ཏན་བྱེད་ཅིང་། རྒྱན་ཆེན་པོས་ཤིན་ཏུ་བརྒྱན་པ། དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་ཡང་བུ་གཅིག་པ་དང་འདྲ་བར་བྱམས་པ་ཤ་སྟག་སྟེ། དེ་དག་ཀྱང་སྔ་དྲོའི་དུས་ཉི་མ་ཐོག་མ་ཤར་བ་ན། སོ་སོ་ནས་རྣམ་པ་སྣ་ཚོགས་ཀྱི་ལྷའི་ཤིང་བསུང་ཅན་བཤམས་པ་ནི། མིའི་ཤིང་བསྲུང་ཅན་ལས་ཁྱད་པར་དུ་གྱུར་པ་ཤིང་གི་བཟུང་དེས། མིའི་འཇིག་རྟེན་ན་མནམ་ཞིང་དྲི་མི་ཞིམ་པ་ཐམས་ཅད་ཞི་བར་བྱེད་པ། ཤིང་རྟ་དཀར་པོ་ལ་གདུགས་དཀར་པོའི་བྲིས་ཏེ། རྟ་དཀར་པོ་བཞིས་དྲངས་པ། ཤིང་རྟ་དེ་རེ་རེའི་སྟེང་ཡང་གུར་དཀར་པོ་ཕུབ་པ་ལ། གུར་གྱི་མཐའ་མ་ཡང་གསེར་གྱི་དྲིལ་བུ་སྦྱངས་པ་རྣམ་པ་སྣ་ཚོགས་ཀྱི་སྤོས་དང་། མེ་ཏོག་དང་། རིན་པོ་ཆེའི་རྒྱལ་མཚན་དང་། བ་དན་དང་། གདུགས་དང་།། ཞལ་ཟས་མཆོག་དས་པ་དང་། རོལ་མོ་རྣམ་པ་སྣ་ཚོག་པ་ཤམྦ་ཏེ། སེང་གེའི་གདན་བཏིང་ངོ་།། སེང་གེའི་གདན་གྱི་རྐང་པ་བཞི་ཡང་བཻ་ཌཱུརྨ་མཐོན་མཐིང་ལས་བྱས་པ། དེའི་རྒྱབ་ནི་རིན་པོ་ཆེ་སྣ་བདུན་གྱི་སྣམ་རྟེན་དང་བཅས་པ་ལ། མདུན་ལུང་གསེར་ལས་བྱས་པའི་རྫས་རེ་རེ་ཡོད་པ། རིན་པོ་ཆེ་སྣ་བདུན་གྱི་སྒྲོན་མའི་སྡོང་པོ་ལ་ནོར་བུ་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་སྒྲོན་མ་སྣང་བ། ས་གཞི་ཐམས་ཅད་ལྷའི་མེ་ཏོག་གིས་ཆལ་པར་དཀོད་པ་དེ་ལྟ་བུ་དག་ལྷའི་བུ་མོ་དེ་དག་གིས་བཤམས་ནས། ཡིད་གདུངས་ཤིང་མཆི་མ་ཟག་སྟེ་སྡུག་བསྔལ་ཆེན་པོ་སྐྱེས་ཀྱང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར། ཐེག་པ་ཆེན་པོ་དོན་དམ་པ་སྟོང་པ་ཉིད་དང་ལྡན་པར་བྱ་བ་དང་། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་མངོན་དུ་བསྟན་པ་དང་། ཆོས་རྣམ་པ་སྣ་ཚོགས་སྨྲ་བ་རྒྱུན་མི་གཅད་བའི་ཕྱིར། བཅོམ་ལྡན་འདས་གང་ན་བར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལན་བརྒྱ་སྟོང་དུ་མ་བསྐོར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། མཆོད་པ་བཤམས་པའི་ནང་གི་ཟ་མ་འདི་བཞེས་ཤིག་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དུས་མཁྱེན་པས་ཅང་མི་གསུང་ནས་བཞེས་སུ་མ་གནང་ངོ་།། ལྷའི་བུ་མོ་རྣམས་བསམས་པ་བཞིན་དུ་མ་གྱུར་ནས། མྱ་ངན་གྱིས་ཡིད་གདུངས་ཏེ་ཅང་མི་སྨྲ་བར་ཕྱོགས་གཅིག་ཏུ་འཁོད་དོ།། དེའི་ཆ་གཞན་ཡང་ཀླུང་ཀངྒཱ་དགུའི་བྱེ་མ་སྙེད་ཀྱི་ཀླུའི་རྒྱལ་པོ་ཕྱོགས་བཞི་ནས་ལྷགས་པ་ལ། འདི་ལྟ་སྟེ། ཀླུའི་རྒྱལ་པོ་འཇོག་པོ་དང་། ཀླུའི་རྒྱལ་པོ་དགའ་བོ་དང་། ཀླུའི་རྒྱལ་པོ་བསྙེན་དགའ་བོ་ལ་སོགས་པས་ཐོག་མར་དྲངས་ནས། ཀླུའི་རྒྱལ་པོ་རྣམས་ཀྱང་སྔ་དྲོའི་དུས་ཉི་མ་ཐོག་མར་ཤར་བ་ན། ལྷ་དང་མི་ལས་ལྷག་པའི་མཆོད་པའི་ཡོ་བྱད་བཤམས་ནས། བཅོམ་ལྡན་འདས་གང་ན་བར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། ལན་བརྒྱ་སྟོང་དུ་མ་བསྐོར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། མཆོད་པའི་ནང་གི་ཐ་མ་འདི་བཞེས་ཤིག་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པ་དུས་མཁྱེན་པས་ཅང་མི་གསུང་ནས་བཞེས་སུ་མ་གནང་ངོ་། ། དེ་ནས་ཀླུའི་རྒྱལ་པོ་རྣམས་ཀྱང་བསམས་པ་བཞིན་དུ་མ་གྱུར་པས། མྱ་ངན་གྱིས་ཡིད་གདུངས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།། དེའི་ཚེ་གཞན་ཡང་ཀླུང་གངྒཱ་བཅུའི་བྱེ་མ་སྙེད་ཀྱི་གནོད་སྦྱིན་གྱི་རྒྱལ་པོ་ངལ་བསོ་པོ་ལ་སོགས་པས་ཐོག་མར་ཟངས་ནས། གཅིག་ལ་གཅིག་འདི་སྐད་དུ། ཀྱེ་སྐྱེས་བུ་དག་མྱུར་བར་སངས་རྒྱས་གང་ན་བ་དེར་འདོང་ངོ་ཞེས་སྨྲས་ནས། མཆོད་པའི་ཡོ་བྱད་གྲུ་བས་ལྷག་པར་བཤམས་ཏེ། བཅོམ་ལྡན་འདས་གང་ན་བར་ལྷགས་ནས། སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལན་བརྒྱ་སྟོང་དུ་མ་བསྐོར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སྲད་དུ། མཆོད་པ་བཤམས་པའི་ནང་གི་ར་མ་འདི་བཞེས་ཤིག་ཅེས་གསོལ་ཏོ།། དེ་ལ་བཅོམ་ལྡན་འདས་ཅང་མི་གསུང་བས་བཞེས་སུ་མ་གནང་ངོ་། ། གནོད་སྦྱིན་གྱི་རྒྱལ་པོ་རྣམས་བསམས་པ་བཞིན་དུ་མ་གྱུར་པས། མྱ་ངན་གྱིས་ཡིད་གདུངས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།། དེའི་ཚེ་གཞན་ཡང་ཀླུང་གངྒཱ་ཉི་ཤུའི་བྱེ་མ་སྙེད་ཀྱི་ནམ་མཁའ་ལྡིང་གི་རྒྱལ་པོ་ཕས་རྒོལ་བ་བཅོམ་པ་ཞེས་བྱ་བས་ཐོག་མར་དྲངས་སོ། ། གཞན་ཡང་ཀྲུང་གངྒཱ་སུམ་ཅུའི་བྱེ་མ་སྙེད་ཀྱི་དྲི་ཟའི་རྒྱལ་པོ་མཐུ་བོ་ཆེས་ཐོག་མར་དྲངས་སོ།། གཞན་ཡང་ཀླུང་གངྒཱ་བཞི་བཅུའི་བྱེ་མ་སྙེད་ཀྱི་མི་འམ་ཅིའི་རྒྱལ་པོ་ཤིན་ཏུ་མཐོང་བ་ཞེས་བྱ་བས་ཐོག་མར་དྲངས་སོ། ། གཞན་ཡང་ཀླུང་གངྒཱ་ལྔ་བཅུའི་བྱེ་མ་སྙེད་ཀྱི་ལྟོ་འཕྱེ་ཆེན་པོའི་རྒྱལ་པོ་ཤིན་ཏུ་མཐོང་བ་ཆེན་པོ་ཞེས་བྱ་བས་ཐོག་མར་དྲངས་སོ། ། གཞན་ཡང་ཀླུང་གངྒཱ་དྲུག་ཅུའི་བྱེ་མ་སྙེད་ཀྱི་ལྷ་མ་ཡིན་གྱི་རྒྱལ་པོ་ཁམ་བི་ལིས་ཐོག་མར་དྲངས་སོ།། གཞན་ཡང་ཀྲུང་གངྒཱ་བདུན་ཅུའི་བྱེ་མ་སྙེད་ཀྱི་ཏན་པའི་རྒྱལ་པོ་དྲི་མེད་འབབ་ཆུ་དང་། བ་ཏིད་ཏ་ལ་སོགས་པས་ཐོག་མར་དྲངས་སོ།། གཞན་ཡང་ཀླུང་གངྒཱ་བརྒྱད་ཅུའི་བྱེ་མ་སྙེད་ཀྱི་སྲིན་པོའི་རྒྱལ་པོ་འཇིགས་སུ་རུང་བ་ཞེས་བྱ་བས་ཐོག་མར་དྲངས་སོ།། དེ་དག་ཀྱང་སྡིག་པ་མི་དགེ་བའི་སེམས་ཡོངས་སུ་སྤངས་ནས་མི་ལ་མི་ཟ་བ་དང་། དགྲ་དང་ཁོན་དུ་གྱུར་པ་ལ་བྱམས་ཤིང་སྙིང་རྗེའི་སེམས་སྐྱེ་བ་དང་། གཟུགས་མི་སྡུག་པ་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཐམས་ཅད་བཟང་ཞིང་སྡུག་པར་གྱུར་ཏོ། ། གཞན་ཡང་ཀྲུང་གངྒཱ་དགུ་བཅུའི་བྱེ་མ་སྙེད་ཀྱི་ནགས་ཚལ་ལ་དབང་བའི་ལྷ་དྲི་བསུང་ལ་དགའ་བ་ཞེས་བྱ་བས་ཐོག་མར་དྲངས་སོ།། གཞན་ཡང་ཀླུང་ཀརྡྷ་སྟོང་གི་བྱེ་མ་སྙེད་ཀྱི་རིག་འཛིན་གྱི་རྒྱལ་པོ་རྫུ་འཕྲུལ་ཆེན་པོ་ཞེས་བྱ་བས་ཐོག་མར་དྲངས་སོ། ། གཞན་ཡང་ཀླུང་གངྒཱ་འབུམ་གྱི་བྱེ་མ་སྙེད་ཀྱི་མདངས་ཟ་བའི་རྒྱལ་པོ་ཤིན་ཏུ་མཐོང་ཞེས་བྱ་བས་ཐོག་མ་ཟདྲཟངས་སོ། ། གཞན་ཡང་ཀླུང་གངྒཱ་ཁྲི་ཕྲག་བརྒྱའི་བྱེ་མ་སྙེད་ཀྱི་ལྷའི་བུ་མོ་འདོད་ཆགས་ཅན་ལམ་པ་དང་། ཨུར་པ་ཤི་དང་། མེ་ཏོ་ཏེ་ལོ་ཙམ་དང་། ཕྱིར་ཤ་ཀ་ལ་སོགས་པས་ཐོག་མར་དྲངས་སོ།། གཞན་ཡང་ཀླུང་གངྒཱ་ཁྲི་ཕྲག་སྟོང་གི་བྱེ་མ་སྙེད་ཀྱི་ས་ལ་གནས་པའི་ཡི་དགས་ཀྱི་རྒྱལ་པོ་གཞོག་དཀར་ཞེས་བྱ་བས་ཐོག་མར་དྲངས་སོ།། གཞན་ཡང་ཀླུང་གངྒཱ་འབུམ་ཕྲག་བཅུའི་བྱེ་མ་སྙེད་ཀྱི་ལྷའི་སྲས་པོ་རྣམས་དང་། ལྷའི་རྒྱལ་པོ་ལ་ཕྱོགས་བཞིའི་མགོན་པོས་ཐོག་མར་དྲངས་སོ།། གཞན་ཡང་ཀླང་གངྒཱ་འབུམ་ཕྲག་བཅུའི་བྱེ་མ་སྙེད་ཀྱི་རླུང་གི་ལྷས་ནི་ཕྱོགས་བཞི་ནས་ས་ལས་སྐྱེས་པའི་མ་ཏོག་དུས་དང་དུས་མ་ཡིན་པ་རྣམས་སཱ་ལའི་ཤིང་དྲུང་དུ་ཆལ་བར་བཀང་ངོ་། ། གཞན་ཡང་ཀླུང་གངྒཱ་འབུམ་ཕྲག་བཅུའི་བྱེ་མ་སྙེད་ཀྱི་རླུང་དང་ཆར་ལ་དབང་བའི་ལྷ་རྣམས་ནི་འདི་སྙམ་དུ། བདག་ཅ་གིས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཞུགས་ལ་བཞིན་པ་ན་ཆར་རབ་ཏུ་ཕབ་སྟེ་དུས་སུ་མེ་ཤི་བར་བྱ་བ་དང་། འཁོར་གྱི་དཀྱིལ་འཁོར་ལས་ཚ་བས་གདུངས་པ་རྣམས་ཀྱང་ཤིན་ཏུ་བསིལ་བར་བྱའོ་སྙམ་དུ་སེམས་སོ། ། གཞན་ཡང་ཀླུང་གངྒཱ་ཉི་ཤུའི་བྱེ་བ་སྙེད་ཀྱི་སྤོས་ཀྱི་བལ་གླང་ཆེན་པོ་བལ་གླང་གི་རྒྱལ་པོ་ལ་ཧུ་དང་། བལ་གླང་གི་རྒྱལ་པོ་གསེར་ཅན་དང་། བལ་གླང་གི་རྒྱལ་པོ་དང་ར་བའི་རོ་དང་། བལ་གླང་གི་རྒྱལ་པོ་མཐོན་མཐིང་མིག་དང་། བལ་གླང་གི་རྒྱལ་པོ་བསུང་ཅན་ལ་སོགས་པས་ཐོག་མར་དྲངས་ཏེ། དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་བསྟི་སྟང་བྱེད་པ། ཐེག་པ་ཆེན་པོ་ལ་མོས་པ་ཤ་སྟག་སྟེ། དེ་དག་གིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རིང་པོར་མི་ཐོགས་པར་མྱ་ངན་ལས་འདའ་བར་ཤེས་པས། སོ་སོ་ནས་པདྨོ་བཟང་པོ་ཚད་མེད་པ་དཔག་ཏུ་མེད་པ་ཕྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་གང་ན་བར་ལྷགས་ནས། གདོང་གིས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་སྡོད་དོ།། གཞན་ཡང་ཀླུང་ཀངྒཱ་ཉི་ཤུའི་བྱེ་མ་སྙེད་ཀྱིརི་དགས་ཀྱི་རྒྱལ་པོ་སེང་གེ་སེང་གེ་སྒྲ་ཞེས་བྱ་བས་ཐོག་མར་དྲངས་ཏེ། སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་བྱིན་ནས། སོ་སོ་ནས་མེ་ཏོག་དང་འབྲས་བུ་ཐོགས་ཏེ། སངས་རྒྱས་གང་ན་བར་ལྷགས་ནས། སངས་རྒྱས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་སྡོད་དོ།། གཞན་ཡང་ཀླུང་གངྒཱ་ཉི་ཤུའི་བྱེ་མ་སྙེད་ཀྱི་བྱའི་རྒྱལ་པོ་དང་པ་དང་། ངུར་བ་དང་། རྨ་བྱ་དང་། འགེན་ད་བ་དང་། ཀ་ལན་ཏ་དང་། གུ་ཡོག་དང་། ནེ་ཙོ་དང་། ཀོ་ཤི་ལ་དང་། བ་ཧི་ཀ་དང་། ཀ་ལ་བིང་ཀ་དང་། འཚོ་བྱེད་འཚོ་བྱེད་ལ་སོགས་པ། བྱའི་རྒྱལ་པོ་རྣམས་ཀྱང་སོ་སོ་ནས་མེ་ཏོག་དང་འབྲས་བུ་ཐོབས་སངས་རྒྱས་གང་ན་པར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་སྡོད་དོ།། གཞན་ཡང་ཀླུང་ཀནྡ་ཉི་ཤུའི་བྱེ་མ་སྙེད་ཀྱི་ཆུ་མང་དང་དང་ལུག་ལ་སོགས་པ། སངས་རྒྱས་གང་ན་བར་ལྷགས་ནས། གྲོང་ཁྱེར་རྩཝ་མཆོག་གི་འོབས་དང་ཤང་ཤོང་ཐམས་ཅད་ཀྱང་དྲི་བསུང་དང་ལྡན་པ། ཁ་དོག་དང་རོ་བྲོ་བར་ལྡན་པའི་འོ་མས་ཀུན་ཏུ་ག་པབར་བྱས་ནས་ཕྱོགས་གཅིག་ཏུ་སྡོད་དོ། ། གཞན་ཡང་ཀླུང་གངྒཱ་ཉི་ཤུའི་བྱེ་མ་སྙེད་ཀྱི་གླིང་བཞི་ལ་གནས་པའི་དྲང་སྲོང་བཟོད་པ་ཅན་ཞེས་བྱ་བ་ལ་སོགས་པས་ཐོག་མར་དྲངས་ཏེ། སོ་ནས་མེ་ཏོག་དང་། སྤོས་དང་། འབྲས་བུ་དངར་བ་ལ་སོགས་པ་ཐོགས་ཏེ། སངས་རྒྱས་གང་ན་བར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། མཆོད་པ་ནང་གི་ཐ་མ་འདི་བཞེས་ཤིག་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པ་དུས་མཁྱེན་པས་ཅང་མི་གསུང་ནས་བཞེས་སུ་མ་གནང་ནས། དྲང་སྲོང་གི་རྣམས་བསམས་པ་བཞིན་དུ་མ་གྱུར་ནས། མྱ་ངན་གྱིས་ཡིད་གདུངས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།། འཛམ་བུ་གླིང་གི་བུང་བའི་རྒྱལ་པོ་སྒྲ་སྙན་ཅེས་བྱ་བས་ཐོག་མར་དྲངས་ནས། བུང་བ་ཐམས་ཅད་ཀྱང་མེ་ཏོག་རྣམ་པ་སྣ་ཚོགས་ཐོགས་ཏེ། སངས་རྒྱས་གང་ན་བར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ལན་ཅིག་བསྐོར་ནས་ཕྱོགས་གཅིག་ཏུ་སྡོད་དོ།། དེའི་ཚེ་འཛམ་བུའི་གླིང་ན་གནས་པའི་དགེ་སློང་དང་དགེ་སློང་མ་ཐམས་ཅད་འདུས་ཏེ། དེ་ལ་གཉིས་མ་གཏོགས་པ་ནི་འོད་སྲུངས་ཆེན་པོ་དང་དགའ་བོའོ།། གཞན་ཡང་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་ཀླུང་གངྒཱའི་བྱེ་མ་སྙེད་དང་། འཛམ་བུའི་གླིང་གི་རི་ལ་སོགས་པའི་རབ་རིའི་རྒྱལ་པོས་ཐོག་མར་དྲངས་ཏེ། རི་དེ་དག་ཐམས་ཅད་ཀྱང་ཤིན་ཏུ་བརྒྱན་པ་ནི་ནགས་ཚལ་རྒྱས་པ་དང་། ཤིང་རྣམས་ཀྱི་ལོ་མ་དང་། ཡལ་ག་ཡང་རན་པར་ཉི་མའི་འོད་ཆོད་པ་དང་། མེ་ཏོག་རྣམ་པ་སྣ་ཚོགས་རྒྱས་པ་དང་། ཁོར་ཁོར་ཡུག་ཏུ་འབབ་ཆུ་དང་། ཆུ་མིག་ཡོངས་སུ་དག་ཅིང་བསུང་དང་ལྡན་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཎི་དང་། ལྟོ་འཕྱེ་ཆེན་པོ་དང་། རིག་འཛིན་དང་། དྲང་སྲོང་ལ་སོགས་པས་རོལ་མོ་རྣམ་པ་སྣ་ཚོགས་བྱེད་པས་ཡོངས་སུ་གང་བར་གྱུར་ཏོ།། ལྔ་དང་དྲང་སྲོང་དེ་དག་ཀྱང་། བཅོམ་ལྡན་འདས་གང་ན་བར་ལྷགས་ཏེ། སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་ཟངས་མེད་པའི་ཀླུང་གངྒཱའི་བྱེ་མ་སྙེད་ཀྱི་རྒྱ་མཚོ་བཞིའི་ལྷ་དང་། འབབ་ཆུ་ཀུན་གྱི་ལྷ་གཟི་བརྗིད་ཆེན་པོ་དང་ལྡན་པ། རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱང་། སྔ་མ་བས་ལྷག་པར་མཆོད་པའི་ཡོ་བྱད་བཤམས་ཏེ། ལྷ་རྣམས་ཀྱི་ལུས་ཀྱི་འོད་དང་། རོལ་མོའི་ཆ་བྱད་དང་། མེ་མར་གྱིས་ཉི་ཟླའི་འོད་ཀྱང་མི་སྣང་བར་བྱས་ནས། མེ་ཏོག་ཙམ་པ་ཀས་ཀླུང་ཧ་རིལ་བ་ཏི་ལོགས་སུ་གཏོར་ཏེ། སངས་རྒྱས་གང་ན་བར་ལྷགས་ནས། སངས་རྒྱས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། དེའི་ཚེ་གྲོང་ཁྱེར་རྩཝ་མཆོག་གི་ཤི་སཱ་ལའི་ཚལ་ཐམས་ཅད་ཀྱང་སྐྱ་བོར་གྱུར་ཏེ། སྟེང་གི་ནམ་མཁའ་ལ་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་འབུར་དང་རི་མོར་ལྡན་པ། རྒྱན་གྱིས་མཛེས་པ། ཁོ་ར་ཁོར་ཡུག་ཏུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། གཞལ་མེད་ཁང་གི་དྲུང་ན་ཆུ་མིག་དང་། རྫིང་བུ་དང་། མཚེའུ་ལས་མེ་ཏོག་པདྨོ་སྐྱེས་པ་ནི། བྱང་གི་སྒྲ་མི་སྙན་ནས། སུམ་ཅུ་རྩ་གསུམ་གནམ་གྱི་སྐྱེད་མོས་ཚལ་ཤིན་ཏུ་དགའ་བ་ཞེས་བྱ་བ་དང་འདྲ་བར་རང་བྱུང་པར་གྱུར་ཏོ། ། དེའི་ཚེ་ན་ཤིང་སཱ་ལའི་ཚལ་ཀུན་ཏུ་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཅིང་ཤིན་ཏུ་ཡིད་དུ་འོང་བར་གྱུར་ཏོ།། དེའི་ཚེ་ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ལྟས་ཡིན་པར་རིག་ནས། ཐམས་ཅད་མྱ་ངན་གྱིས་ཡིད་གདུངས་ཏེ་མི་དགའ་བར་གྱུར་ཏོ།། དེའི་ཚེ་རྒྱལ་ཆེན་བཞིའི་རྒྱལ་པོ་དང་། བརྒྱ་བྱིན་ལྷའི་དབང་ཕྱུག་དག་གཅིག་གཅིག་འདི་སྐད་དུ། ཀྱེ་སྐྱེས་བུ་དག་འཇིག་རྟེན་དུ་བཅས་པ་ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པ་མཆོད་པ་བཤམས་ཏེ། དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་ལ་ལྟོས། བདག་ཅག་ཀྱང་དེ་བཞིན་དུ། མཆོད་པ་བྱའོ།། གལ་ཏེ་བདག་ཅག་གིས་ནང་གི་བ་མར་མཆོད་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་དུ་ངེས་སོ་ཞེས་སྨྲས་སོ།། དེ་ནས་རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ཀྱིས་མཆོད་པ་སྔ་མ་ས་ཤིན་ག་པར་བཤམས་པ་ལ། འདིས། མེཏོག་སན་དུང་བདུད། མན་རབ་ཆེན་པོ་དང་། ས་ཏོག་གསོལ་ཀ་དང་།། སིས་ཀ་ཆེན་པོ་དང་། ག་པནལ་མན་འཇུཤ་ཀ་ཆེན་པོ་དང་། མེ་ཏོག་སན་ཏ་ནི་ཀ་དང་། སན་ཏ་ནི་ཀ་ཆེན་པོ་དང་། མེ་ཏོག་ཡིད་དུ་འོང་བ་དང་། ཡིད་དུ་འོང་བ་ཆེན་པོ་དང་། མེ་ཏོག་ཀུན་ཏུ་བཟང་པོ་དང་། ཀུན་ཏུ་བཟང་པོ་ཆེན་པོ་དང་། ཅན་དང་། དུས་ཅན་ཆེན་པོ་དང་། མེ་ཏོག་བསྲུང་གི་གྲོང་ཁྱེར་དང་། བསུང་གི་གྲོང་ཁྱེར་ཆེན་པོ་དང་། མེ་ཏོག་རབ་ཏུ་དགའ་བ་དང་། རབ་ཏུ་དགའ་བ་ཆེན་པོ་དང་། མེ་ཏོག་འདོད་ལྡར་དང་། འདོད་ལྡན་ཆེན་པོ་དང་། མེ་ཏོག་གཟུང་མོས་དང་། བསུང་མོས་ཆེན་པོ་དང་། མེ་ཏོག་ཀུན་ཏུ་བསུང་དང་། ཀུན་ཏུ་བསུང་ཆེན་པོ་དང་། མེ་ཏོག་ལྷའི་གསེར་འདབ་དང་། མེ་ཏོག་གླུ་ཞེས་བྱ་བ་དང་། ཤིང་པ་རིདི་ཏྲའི་མ་ཏོག་དང་། ཤིང་ཀོ་བི་ད་རའི་མེ་ཏོག་དང་། གཞན་ཡང་རྣམ་པ་སྣ་ཚོགས་ཀྱི་ཞལ་ཟས་རོ་བྲོ་བ་དང་ལྡན་པ་ཐོགས་ཏེ། སངས་རྒྱས་གང་ན་བར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལྷ་རྣམས་ཀྱི་འོད་ཀྱིས་ཉི་ཟླའི་འོད་ཀྱང་ཟིལ་གྱིས་གནོན་ཏོ།། མཆོད་པའི་ཡོ་བྱད་དེ་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་བཤམས་ན། དེ་བཞིན་གཤེགས་པ་དུས་མཁྱེན་པས་ཅང་མི་གསུང་བར་བཞེས་སུ་མ་གནང་ངོ་། ། དེའི་ཚེ་ལྷ་རྣམས་ཀྱང་བསམས་པ་བཞིན་དུ་མ་གྱུར་པས། མྱ་ངན་གྱིས་ཡིད་གདུངས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།། དེའི་ཚེ་བརྒྱ་བྱིན་ལྷའི་དབང་ཕྱུག་དང་། སུམ་ཅུ་རྩ་གསུམ་གནམ་གྱི་ལྷ་རྣམས་ཀྱིས་སྔ་མ་བས་ཤིན་ཏུ་ལྷག་པའི་མཆོད་པའི་ཡོ་བྱད་བཤམས་ནས། མེ་ཏོག་ཐོགས་པའང་སྔ་མ་དང་འདྲ་སྟེ། དྲི་བསུང་གིས་ཤིན་ཏུ་མཛད་པ་ནི་ཡིད་དུ་འོང་སྟེ། གཞལ་མེད་ཁང་རྒྱལ་བར་འགྱུར་པ་ཞེས་བྱ་བ་དང་། གཞལ་མེད་ཁང་ཆུང་ངུ་རྣམས་བཤམས་ཏེ། སངས་རྒྱས་གང་ན་བར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྡི།། བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ནི་ཐེག་པ་ཆེན་པོ་ལ་ཤིན་ཏུ་དད་ཅིང་མོས་ན། དེ་བཞིན་གཤེགས་པ་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། མཆོད་པ་འདི་དག་བཞེས་ཤིག་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དུས་མཁྱེན་པས་ཅང་མི་གསུང་བར་བཞེས་སུ་མ་གནང་ངོ་།། དེ་ནས་བརྒྱ་བྱིན་དང་། ལྷའི་འཁོར་རྣམས་བསམས་པ་བཞིན་དུ་མ་གྱུར་ནས། མྱ་ངན་གྱིས་ཡིད་གདུངས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།། འདོད་པའི་ཁམས་ཀྱི་གནམ་རིམ་པ་དྲུག་གི་བར་དུ་མཆོད་པའི་ཡོ་བྱད་བཤམས་པ་ནི། རིན་པོ་ཆེའི་རྒྱལ་མཚན་དང་། བ་དན་དང་། གདུགས་གཅིག་པས་ཀྱང་གཅིག་བཟང་བའོ།། རིན་པོ་ཆེའི་གདུགས་ནང་གི་ཟུང་ངུ་གླིང་བཞི་ཁེབས་སོ།། བ་དན་ནང་གི་ཆུང་ངུ་ཡང་རྒྱ་མཚོ་བཞི་འཁོར་ཏོ།། རྒྱལ་མཚན་ནང་གི་དམའ་བ་ཡང་གཞན་འཕྲུལ་དབང་བྱེད་གནམ་ལ་རེག་སྟེ། རླུང་གིས་བསྐྱོད་ན་སྒྲ་སྐད་སྙན་པ་འབྱིན་པ་དང་། ཞལ་ཟས་ཕུལ་དུ་བྱུང་བ་རྣམ་པ་སྣ་ཚོགས་བཤམས་ནས། བཅོམ་ལྡན་འདས་གང་ན་བར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། མཆོད་པ་ནང་གི་ཐ་མ་འདི་བཞེས་ཤིག་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པ་དུས་མཁྱེན་པས་ཅང་མི་གསུང་བར་བཞེས་སུ་མ་གནང་ངོ་།། དེ་ནས་ལྷ་རྣམས་ཀྱང་བསམས་པ་བཞིན་དུ་མ་གྱུར་པས། མྱ་ངན་གྱིས་ཡིད་གདུངས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།། དེ་ལ་གཅིག་མ་གཏོགས་པ་ནི་སྲིད་པའི་རྩེ་མོ་སྟེ། ཚངས་པའི་རིས་ཀྱི་ལྷ་རྣམས་ཀྱང་འདུས་པར་གྱུར་ཏོ།། དེའི་ཚེ་ཚངས་པའི་རྒྱལ་པོ་དང་། ཚངས་རིས་ཀྱི་ལྷ་རྣམས་ཀྱི་འོད་ཀྱིས་གླིང་བཞི་ཀུན་སྣང་བར་བྱས་ནས། འདོད་པའི་ཁམས་ན་ལྷ་དང་། མི་དང་། ཉི་ཟླའི་འོད་ཀྱང་མི་སྣང་བར་བྱས་སོ།། དེ་དག་ཀྱང་སོ་སོ་ནས་རིན་པོ་ཆེའི་རྒྱལ་མཚན་དང་། བ་དན་དང་། གདུགས་ཐོགས་པ་ནི། བ་དན་ནང་གི་ཐུང་ངུ་ཡང་ཚངས་པའི་གནམ་ནས་ཤིང་སཱ་ལའི་ཚལ་ལ་ཐུག་པ་ཐོགས་ནས། སངས་རྒྱས་ག་ན་བར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། བདག་ཅག་གི་མཆོད་པ་ནང་གི་ཐ་མ་འདི་བཞེས་ཤིག་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པ་དུས་མཁྱེན་པས་ཅང་མི་གསུང་བས་བཞེས་སུ་མ་གནང་ངོ་།། ཚངས་པའི་ལྷ་རྣམས་བསམས་པ་བཞིན་དུ་མ་གྱུར་ནས། མྱ་ངན་གྱིས་ཡིད་གདུངས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།། དེའི་ཚེ་ལྷ་མ་ཡིན་གྱི་རྒྱལ་པོ་ཟག་བཟངས་རིགས་ཀྱང་ལྷ་མ་ཡིན་གྱི་འཁོར་དཔག་ཏུ་མེད་པ་དང་བཅས་ཏེ། ལྷགས་སོ།། དེ་རྣམས་ཀྱི་ལུས་ཀྱི་འོད་ཀྱང་ཚངས་པའི་ལྟ་བས་ལྷག་པར་གྱུར་ཏེ། རིན་པོ་ཆེའི་རྒྱལ་མཚན་དང་། བ་དན་དང་། གདུགས་རྣམས་ཐོགས་ཏེ། གདུགས་ནང་གི་ཆུང་ངུ་ཡང་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ཁེབས་པ་དང་། ཕུལ་དུ་བྱུང་བའི་ཞལ་ཟས་མཆོག་རྣམས་ཐོགས་ནས། སངས་རྒྱས་གང་ན་བར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། མཆོད་པ་ནང་གི་ཐ་མ་འདི་བཞེས་ཤིག་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པ་དུས་མཁྱེན་པས་ཅང་མི་གསུང་བར་བཞེས་སུ་མ་གནང་ནས། ལྷ་མ་ཡིན་གྱི་རྒྱལ་པོ་རྣམས་ཀྱང་བསམས་པ་བཞིན་དུ་མ་གྱུར་པས།། མྱ་ངན་གྱིས་ཡིད་གདུངས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། ། དེའི་ཚེ་འདོད་པ་ཁམས་ཀྱི་བདུད་ཀྱི་རྒྱལ་པོ་བདུད་སྡིག་ཏོ་ཅན་ཡང་འཁོར་ལྷའི་བུ་མོ་གྲངས་མེད་དཔག་ཏུ་མེད་པ་དང་བཅས་ཏེ། སེམས་ཅན་དམྱལ་བའི་སྒོ་ཕྱེ་ནས་ཡོངས་སུ་བསིལ་ཞིང་དག་པའི་ཆུ་ཕབ་སྟེ། དེ་དག་ལ་འདི་སྐད་ཅེས་བསྒོའོ།། ཁྱེད་ལ་སོགས་པ་གཞན་ཅི་ཡང་མི་ནུས་ཀྱིས། སེམས་རྩེ་གཅིག་ཏུ་དེ་@། བཞིན་གཤེགས་པ་ལ་དག་པར་རྫོགས་པའི་སངས་རྒྱས་དྲན་པར་གྱིས་ལ། མཆོད་པ་བྱེད་པ་ལཛེས་སུ་ཡི་རང་བར་གྱིས་ཤིག་དང་། ཁྱེད་ཡུན་རིང་པོ་རབ་ཏུ་བདེ་བར་འགྱུར་རོ། ། དེ་ནས་བདུད་སྡིག་ཅན་སེམས་ཅན་དམྱལ་བའི་མཚོན་ཆ་དང་། སྡུག་བསྔལ་དུ་འགྱུར་བ་མེ་རབ་ཏུ་འབར་བ་ཡང་བསིལ་བའི་ཆར་གྱིས་ཞི་བར་བྱས་ནས། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། བདུད་ཀྱི་འཁོར་རྣམས་ཀྱང་འདི་སྙམ་དུ་སེམས་བསྐྱེད་པར་གྱུར་ཏོ།། ཐམས་ཅད་ཀྱིས་རལ་གྲི་དང་། མདའ་གཞུ་དང་། གོ་ཆ་དང་། མཚོན་ཤག་ཏི་དང་ལྕགས་ཀྱུ་དང་། ལྕགས་ཟོ་དང་། དགྲ་སྟ་དང་། འཁོར་ལོ་དང་། ཞགས་པ་ལ་སོགས་ཏེ། མཚོན་ཆ་ཐམས་ཅད་སྤངས་ནས། མཆོད་པའི་ཡོ་བྱད་ལྷ་དང་མི་ལས་ཁྱད་པར་དུ་ས་ས་སོ། ། གདུ་ལ་ནང་གི་ཆུང་ངུ་ཡང་སྟོང་འབྲིང་བའི་འདི། ན་གྱི་ཁམས་ཁེབས་པ་ཐོགས་ནས། སངས་རྒྱས་གང་ན་པར་ཞུག། བཅོམ་ལྡན་འདས་ཀྱི་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ཀྱང་ཐེག་པ་ཆེན་པོ་ལ་རབ་ཏུ་དད་ཅིང་མོས་ཏེ། ཐེག་པ་ཆེན་པོ་བསྲུང་བར་འཚལ་ལོ། ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཞིག་ཁེ་དང་གྲགས་པའི་ཕྱིར་རམ། གཞན་ཡང་སྐྲག་པར་བྱ་བའི་ཕྱིར་རམ། གཞན་ལ་བརྫུན་བྱ་བའི་ཕྱིར་རམ་ནོར་དང་ཟང་ཟིང་གི་ཕྱིར་རམ། གཞན་གྱི་ཡིད་དང་སྦྱོར་བ་ཙམ་གྱི་ཕྱིར་ཐེག་པ་ཆེན་པོ་འདི་འཛིན་པར་བྱེད་ན། བདེན་ཡང་རུང་། བརྫུན་ཡང་རུང་། བདག་ཅག་གིས་དེའི་ཚེ་གང་ཟག་དེའི་འཇིགས་པ་བསལ་བའི་ཕྱིར་གསང་སྔགས་འདི་འབུལ་ལོ། ། ཙོག་ཀྱེ་ཏ་ཏ་ལ་ཙོག་ཀྱེ། ལོ་ཧ་ལེ། མ་ཧཱ་ལོ་ཧ་ལེ། ཨ་ལ་ཙ་ལ་ཏ་ལ་སྭཱཧྨ། སྔགས་འདིས་ནི་སེམས་སྟོར་བ་རྣམས་དང་། འཇིགས་སྐྲག་པ་དང་། ཆོས་སྨྲ་བ་དང་། ཡང་དག་པའི་ཆོས་ཀྱི་བར་དུ་མི་གཅོད་པ་དང་། མུ་སྟེགས་ཅན་གདུལ་བ་དང་། བདག་གི་ལུས་བསྲུང་བ་དང་། ཡང་དག་པའི་ཆོས་བསྲུང་བ་དང་། ཐེག་པ་ཆེན་པོ་བསྲུང་བའི་སླད་དུ་གསང་སྔགས་འདི་འབུལ་ལོ།། གང་གིས་གསང་སྔགས་འདི་ཡིད་ལ་བགྱིས་ན། བལ་གླང་རྨིག་པས་འཇིགས་པ་དང་བྲལ་བར་འགྱུར། གལ་ཏེ་འབྲོག་དགོན་པ་འམ། ཡུལ་ས་སྟོང་པ་བག་ཚ་བའི་གནས་སུ་མཆིས་ན་ཡང་འཇིགས་པར་མི་འགྱུར། ཆུ་དང་། མེ་དང་། སེང་གེ་དང་། སྟག་དང་། སྤང་ཀི་དང་།། དགྲས་འཇིགས་པ་དང་། རྒྱལ་པོའི་ཆད་པས་འཇིགས་པ་ལས་ཀྱང་ཐར་པར་འགྱུར་རོ།། བཅོམ་ལྡན་འདས་གང་གིས་གསང་སྔགས་འདི་ཡིད་ལ་བགྱིད་ན། འཇིགས་པ་དེ་དག་ལ་སོགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། ། བཅོམ་ལྡན་འདས་གསང་སྔགས་འདི་འཛིན་པ་ལ། བདག་ཅག་གིས་སྐྱབས་ཅིང་སྦ་བ་ནི། ཇི་ལྟར་རུས་སྦལ་ཡན་ལག་དྲུག་སྦེད་པ་བཞིན་ནོ།། བཅོམ་ལྡན་འདས་བདག་ཅག་ནི་གཡོ་དང་སྒྱུས་འདི་སྐང་དུ་སྨྲབ་མ་ལགས་ཀྱི། གང་གཟུངས་སྔགས་འདི་འཛིན་པ་ལ། བདག་ཅག་གིས་མཐུ་སྟོབས་བཏང་ངོ་།། བཅོམ་ལྡ་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། མཆོད་པ་ཐ་མ་འདི་བཞེས་སུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས། བདུད་སྡིག་ཏོ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཁྱེད་ཀྱིས་མཆོད་པ་ཞལ་ཟས་སུ་ཕུལ་བ་རྣམས་ནི་མི་བཞེས་སོ། ། འགྲོ་བ་ཐམས་ཅད་དང་། འཁོར་རྣམ་བཞི་ལ་ཕན་པ་དང་བདེ་བའི་ཕྱིར་གསང་སྔགས་འདི་བཞེས་སོ་ཞེས་བཀའ་སྩལ་ནས། ཅང་མི་གསུང་བར་གཞན་ནི་བཞེས་སུ་མ་གནང་ངོ་།། དེ་ལྟར་ལན་གསུམ་གྱི་བར་དུ་གསོལ་ཀྱང་བཞེས་སུ་མ་གནང་ནས། བདུད་སྡིག་ཏོ་ཅན་བསམ་པ་བཞིན་མ་གྱུར་ནས། མྱ་ངན་གྱིས་ཡིད་གདུངས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། ། དེའི་ཚེ་ལྷ་དབང་སྒྱུར་ཆེན་པོའང་འཁོར་ལྷ་གྲང་མེད་དཔག་ཏུ་མེད་པ་དང་བཅས་ཏེ། མཆོད་པའི་ཡོ་བྱད་བཤམས་པའང་། ཚངས་པ་དང་། བརྒྱ་བྱིན་དང་། འཇིག་རྟེན་གྱི་མགོན་པོ་བཞི་དང་། ལྷ་དང་། མི་དང་། ལྷ་མ་ཡིན་སྡེ་བརྒྱད་དང་། མི་མ་ཡིན་པ་ལ་སོགས་པས་མཆོད་པའི་ཡོ་བྱད་རྣམས་ཟིལ་གྱིས་ནོན་པ་ནི། ཇི་ལྟར་སོལ་བའི་དྲུང་ན་ཤེལ་བཞག་པ་དང་འདྲ་སྟེ། ཐམས་ཅད་མི་སྣང་བར་གྱུར་ཏོ།། རིན་པོ་ཆེའི་གདུགས་ནང་གི་ཆུང་ངུའང་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཡོངས་སུ་ཁེབས་པའི་མཆོད་པའི་ཡོ་བྱད་ལ་སོགས་པ་ཐོགས་ཏེ། སངས་རྒྱས་གང་ན་བར་ལྤགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་ལན་གྲངས་མེད་པར་བསྐོར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་གིས་མཆོད་པའི་ཡོ་བྱད་ནང་གི་ཐ་མ་འདི་འབུལ་བ་ནི། ཇི་ལྟར་བདག་ཅག་ལ་སྦྲང་བུས་མཆོད་པ་འབུལ་བ་འམ་ཆུ་སྙིམ་པ་གང་རྒྱ་མཚོ་ཆེན་པོར་བླུགས་པ་འམ། མེ་མར་ཆུང་ངུ་མ་གཅིག་གི་འོད་ཀྱིས་ཉི་མ་བརྒྱ་སྟོང་ལ་བཏང་བ་འམ། དབྱར་མེ་ཏོག་ཤིན་ཏུ་རྒྱས་པའི་དུས་སུ་མེ་ཏོག་གཅིག་བཏོགས་ཏེ། མེ་ཏོག་མང་པོའི་ཁྲོད་དུ་བཞག་པའམ། ཡུངས་ཀར་འབྲུམ་བུ་གཅིག་ཙམ་རི་རབ་རིའི་རྒྱལ་པོ་ལ་བཏང་ན། རྒྱ་མཚོ་དང་། ཉི་མ་དང་། མེ་ཏོག་མང་པོ་དང་། རི་རབ་ལ་མི་སྨན་པ་དང་འདྲ་བར། བཅོམ་ལྡན་འདས་བདག་ཅག་གི་མཆོད་པའང་དེ་དང་འདྲའོ།། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྤོས་དང་། མེ་ཏོག་དང་། རོལ་མོ་དང་། བ་དནར་དང་། གདུགས་དང་། རྒྱལ་མཚན་གྱིས་ཡོངས་སུ་བཀང་སྟེ་མཆོད་ཀྱང་སྨོས་པའི་རིན་དུ་མི་འཚལ་ལོ།། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་ནི་འགྲོ་བ་མང་པོའི་སླད་དུ། སེམས་ཅན་དམྱལ་བ་དང་། ཡི་དགས་དང་། བྱོལ་ལོང་གི་སྐྱེ་གནས་སུ་སྡུག་བསྔལ་མང་པོ་ལེན་ཏོ།། དེ་བས་ན་བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། ། མཆོད་པ་འདི་དག་བཞེས་ཤིག་ཅེས་གསོལ་ཏོ།། དེའི་ཚེ་འདི་ནས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་ཀྲུང་གངྒཱའི་བྱེ་མ་གྲངས་མེད་དཔག་ཏུ་མེད་པ་འདས་པའི་ཕ་རོལ་སངས་རྒྱས་ཀྱི་ཞིང་ཡིད་དུ་འོང་བའི་སྒྲ་སྙན་ཞེས་བྱ་བ་ན། སངས་རྒྱས་ནམ་མཁའ་དང་མཉམ་པ་ཞེས་བྱ་བ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པ། མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་གྱུར་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ། དེའི་ཚེ་ན་སངས་རྒྱས་དེས། ཉེ་གནས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཁྱོད་སོང་ལ་འདི་ནས་ནུབ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ན། སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པ། མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་རིང་པོར་མི་ཐོགས་པར་ཡོངས་སུ་མྱ་ངན་ལས་འདར་ཉེའོ།། རིགས་ཀྱི་བུ་ཁྱོད་འཇིག་རྟེན་གྱི་ཁམས་འདིའི་ཞལ་ཟས་བསུབ་ཅན་དྲི་ཤིན་ཏུ་ཞིམ། ཡིད་དུ་འོང་ཞིང་བདེ་བར་འགྱུར་བ་འདི་ཐོགས་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཕུལ་ཅིག། བཅོམ་ལྡན་འདས་དེ་གསོལ་ནས་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་སོ། ། རིགས་ཀྱི་བུ་ཁྱོད་དེ་ལ་ཕྱག་འཚལ་ཞིང་ཐེ་ཙོམ་དུ་གྱུར་པའང་ཞུ་བའི་དུས་ལ་བབ་བོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་དཔག་ཏུ་མེད་པ་ཞེས་བྱ་བ་འདུག་པ་ལས་ལངས་ནས། སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་ནས། བྱང་ཆུབ་སེམས་དཔའ་གྲངས་མེད་དཔག་ཏུ་མེད་པ་དང་ཐབས་ཅིག་ཏུ་སངས་རྒྱས་ཀྱི་ཞིང་དེ་ནས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་གང་ན་བར་དོང་ངོ་།། དེའི་ཚེ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་ནས། འཁོར་གྱི་ནང་ན་ཚངས་པ་དང་། བརྒྱ་བྱིན་དང་། ཕྱོགས་བཞིའི་མགོན་པོ་དང་། བདུད་སྡིག་ཏོ་ཅན་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་དེ་དག་གིས་ས་གཡོས་པ་མཐོང་ནས། ལུས་སྤྱི་བུང་ཞེས་བྱེད་དེ། ལྕེའང་བསྐམས་པ་ཙམ་དུ་སྔངས་སྐྲག་པར་གྱུར་ཏེ། སོ་སོར་འགྲོ་བར་ཆས་ནས། ལུས་ཀྱི་འོད་དང་གཟི་བརྗིད་ཀྱང་མི་སྣང་བ་གྱུར་ཏོ། ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འདུག་པ་ལས་ལངས་ཏེ། འཁོར་གྱི་དཀྱིལ་འཁོར་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་དག་ཁྱེད་འཇིགས་པར་མ་བྱེད་ཅིག། ཁྱེད་མ་འཇིགས་ཤིག། དེ་ཅིའི་ཕྱིར་ཞེ་ན། འདི་ནས་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཀླུང་གངྒཱ་བྱེ་མ་གྲངས་མེད་དཔག་ཏུ་མེད་པ་འདས་པའི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་ཡིད་དུ་འོང་བའི་སྒྲ་སྙན་ཞེས་བྱ་བ་ན། སངས་རྒྱས་ནམ་མཁའ་དང་མཉམ་པ་ཞེས་བྱའོ། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་བཅུ་དང་ལྡན་པ་བཞུགས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་ལུས་དཔག་ཏུ་མེད་པ་ཞེས་བྱ་བ། འཁོར་བྱང་ཆུབ་སེམས་དཔའ་ཟངས་མེད་པ་དང་བཅས་འཇིག་རྟེན་གྱི་ཁམས་འདིར་དེ་བཞིན་གཤེགས་པ་ལ་མཆོད་དུ་འོང་བས། བྱང་ཆུབ་སེམས་དཔའ་དེའི་གཟི་བརྗིད་དང་བྱིན་གྱིས་ཁྱེད་ཀྱི་ལུས་ཀྱི་འོད་ཀྱང་མི་སྣང་བར་གྱུར་ཏོ།། དེ་བས་ན་ཁྱེད་མ་འཇིགས་པར་ཤིན་ཏུ་དགའ་བ་སྐྱེད་ཅིག། དེའི་ཚེ་ན་འཁོར་གྱི་དཀྱིལ་འཁོར་དེ་དག་ཐམས་ཅད་ཀྱིས་རྒྱང་མ་ནས་སངས་རྒྱས་དེ་དང་འཁོར་མང་པོའི་རྣམས་མཐོང་བ་ནི། ཇི་ལྟར་མེ་ལོང་གསལ་བའི་ནང་ན་བདག་གིས་གཟུགས་བསྟན་མཐོང་བ་བཞིན་ནོ། ། དེ་ནས་ཡང་འཇམ་དཔལ་གྱིས། འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཀྱིས་སངས་རྒྱས་དེ་མཐོང་བ་ནི། ཇི་ལྟར་སངས་རྒྱས་འདི་མཐོང་བ་དང་འདྲ་བར། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས། གཞན་ཡང་སངས་རྒྱས་ཕྱོགས་དགུ་ན་བཞུགས་པ་དཔག་ཏུ་མེད་པ་སྙེད་ཀྱང་མཐོང་བར་གྱུར་ཏོ།། དེའི་ཚེ་འཁོར་གྱི་དཀྱིལ་འཁོར་མང་པོས་གཅིག་ལ་གཅིག་འདི་སྐད་དུ། ཀྱི་ཧུད་ཀྱི་ཧུད་འཇིག་རྟེན་སྟོངས་སོ།། འཇིག་རྟེན་སྟོངས་སོ།། དེ་བཞིན་གཤེགས་པ་རིང་པོར་མི་ཐོགས་པར་ཡོངས་སུ་མྱ་ངན་ལས་འདལ་འོ་ཞེས་སྨྲས་སོ། ། དེའི་ཚེ་འཁོར་གྱི་དཀྱིལ་འཁོར་མང་པོ་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་ལུས་དཔག་ཏུ་མེད་པ་འཁོར་དང་བཅས་པ་མཐོང་བ་ནི། འདི་ས་སྟེ། བྱང་ཆུབ་སེམས་དཔའ་དེའི་བ་སྤུའི་ཁུང་བུ་རེ་རེ་ནས་མེ་ཏོག་པདྨོ་ཆེན་པོ་རེ་རེ་བྱུང་ལ། བདྨོ་དེ་རེ་རེའི་སྟེང་ཡང་གྲོང་ཁྱེར་འདུན་ཁྲི་བརྒྱད་སྟོང་སྙེད་ཡོད་དོ།། གྲོང་ཁྱེར་དེ་དང་ཆུ་ཞེང་གབ་པར་གྲོང་ཁྱེར་ཡངས་པ་ཅན་དང་མཉམ་སྟེ། ར་བ་དང་འོབས་ཀྱང་རིན་པོ་ཆེ་སྣ་བདུན་གྱིས་སྤྲས་ལ། རིན་པོ་ཆེའི་ཤིང་ཏ་ལ་རིམ་པ་བདུན་དང་རབ། དེ་ན་གནས་པའི་མི་ཐམས་ཅད་ཀྱང་རབ་ཏུ་བདེ་ཞིང་སྐྱིད་པ་གྲོང་ཁྱེར་དེའི་ཆོག་པར་ཡང་འཛམ་བུ་ཆུ་ཀླུང་གི་གསེར་ལས་བྱས་པ། ཆོག་པར་དེ་རེ་རེའི་བར་ན་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྣམ་པ་སྣ་ཚོགས་ཡོད་དོ།། མེ་ཏོག་དང་འབྲས་བུ་ཤིན་ཏུ་རྒྱས་པ། རླུང་གི་མི་དྲག་པས་སྐྱོད་པ་ན་སྒྲ་སྐད་ཤིན་ཏུ་སྙན་པ་ནི། ཇི་ལྟར་ལྷའི་རོལ་མོ་ཟེར་བ་ལྟ་བུ་དེ་ན་གནས་པའི་མི་དག་གིས་ཐོས་ན། ཕུལ་དུ་བྱུང་བའི་རབ་ཏུ་བདེ་བ་མྱོང་བར་འགྱུར་རོ།། འོབས་ཀྱི་ནང་ནའང་ཡོངས་སུ་དག་པའི་ཆུ་བསུང་ཅན་བཻ་ཌཱུརྨ་དང་འདྲ་བས་ཡོངས་སུ་གང་ངོ་།། ཆུ་དེ་དག་ལ་རིན་པོ་ཆེ་སྣ་བདུན་གྱི་གྲུ་ཡོད་དོ།། གྲུ་དེའི་སྟེང་ན་མི་དག་རྩེ་ཞིང་ཁྲུས་བྱེད་དེ་གཅིག་ལ་གཅིག་དགའ་ཞིང་རབ་ཏུ་བདེ་བ་མྱོང་ངོ་། ། གཞན་ཡང་ཁ་དོག་རྣམ་པ་སྣ་ཚོགས་ཀྱི་པདྨོ་སྐྱེ་བ་ནི་ཨུཏྤ་ལ་དང་། ཀུ་མུ་ད་དང་། པདྨོ་དང་། བུན་ད་རི་ཀ་ལ་སོགས་པ་ཤིང་རྟ་འཁོར་ལོ་ཙམ་སྐྱེའོ། ། འོབས་ཀྱི་གཡས་གཡོན་མ་སྐྱེད་མོས་ཚལ་མང་དུ་ཡོད་དེ། སྐྱེད་མོས་ཚལ་དེ་རེ་རེའི་ནང་དུའང་ཚྭ་མིག་དང་བཅས་པའི་རྫིང་བུ་ལྔ་ལྔ་ཡོད་དོ། ། རྫིང་བུ་དེ་དག་གི་ནང་ནའང་མེ་ཏོག་ཨུཏྤ་ལ་དང་། ཀུ་མུ་ད་དང་། པདྨ་དང་། པུན་ད་རི་ཀ་ཆེ་ཁྱད་ཤིང་རྟའི་འཁོར་ལོ་ཙམ་སྐྱེ་སྟེ། དྲི་བསུང་ཤིན་ཏུ་དངད་པ། རབ་ཏུ་ཡིད་དུ་འོང་བ་ཆུ་ཤིན་ཏུ་གསལ་ཞིང་འཇམ་པ། ངང་པ་དང་ངུར་པ་ཉལ་ཞིང་རྩེ་བ། སྐྱེད་མོས་ཚལ་དེ་ན་གཞན་ཡང་རིན་པོ་ཆེའི་གཞལ་མེད་ཁང་ཡོད་དེ། གཞལ་མེད་ཁང་དེ་རེ་རེའང་ཆུ་ཞེང་གབ་པར་དཔག་ཚད་བཞི་ཡིད་དོ། ། གཞབ་མེདང་དེའི་རབ་འང་ཆེ་སྣ་བཞི་ལས་བྱས་སོ།། འདི་ལྟ་སྟེ། གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། ཏེ། ཁ་བད་ཀྱང་གསེར་ལས་བྱས་ས་བཞི་ནི་མུ་ས་ལ་བར་བ་ལས་བླངས་ཏེ། གསེར་གྱི་བྱེ་མ་བདལ་བ། གཞལ་མེད་ཁང་དེའི་དྲུང་ན་རིན་པོ་ཆེ་སྣ་བདུན་གྱི་འབབ་ཆུ་དང་། རྫིང་བུ་ཡོད་དེ། རྫིང་བུ་རེ་རེ་ལའང་གསེར་གྱི་ཟང་མ་སྐས་བཅོ་བརྒྱད་ཡོད་དོ། ། ཆུ་ཤིང་ཡང་འཛམ་བུ་ཆུ་ཀླུང་གི་གསེར་ལས་བྱས་ཏེ། སུམ་ཅུ་རྩ་གསུམ་གནམ་གྱི་སྐྱེད་མོས་ཚལ་རབ་ཏུ་བདེ་བ་ཅན་དང་འདྲའོ།། གྲོང་ཁྱེར་དེ་རེ་རེའི་ནང་ནའང་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་སྣང་ཡོད་དོ། ། རྒྱལ་པོ་དེ་རེ་རེ་ལའང་བཙུན་མོ་དང་ཕོ་བྲང་གི་སླས་གྲངས་མེད་པར་ཡོད་དོ།། དེ་དག་ད་ལྷར་ཅིག་རྩེ་ཞིང་དགའ་འོ།། དེ་ན་གནས་པའི་མི་ཐམས་ཅད་ཀྱང་སོ་སོའི་གནས་ན་རྩེ་ཞིང་དག་འའོ། ། དེ་ན་གནས་པའི་སེམས་ཅན་རྣམས་ནི་རྣ་བར་གཞན་མི་གྲག་གི། བླ་ན་མེད་པའི་ཐེག་པ་ཆེན་པོའི་སྒྲ་འབའ་ཞིག་ཕྲག་གོ།། མེ་ཏོག་དེ་རེ་རེའི་ནང་ནའང་སེང་གེའི་ཁྲི་རེ་རེ་ཡོད་དེ། ཁྲི་དེའི་རྐང་པ་བཞིའང་བཻ་ཌཱུརྨ་མཐོན་མཐིང་ལས་བྱས་པ། ཁམས་གསུམ་ལས་འདས་པའི་ན་བཟའ་ཤིན་ཏུ་འཇམ་པ་དཀར་པོས་བཏིང་ངོ་།། ཁྲི་དེ་རེ་རེའི་སྟེང་ན་རྒྱལ་པོ་དེ་རེ་རེ་འདུག་སྟེ། ཐེག་པ་ཆེན་པོའི་ཆོས་ཀྱིས་སེམས་ཅན་རྣམས་འདུལ་ཏེ། དེ་ལའང་སེམས་ཅན་ལ་ལ་ནི་ཐེག་པ་ཆེན་པོའི་མདོ་སྡེ་གླེགས་བམ་དུ་འདྲི་བ་དང་། འཆང་བ་དང་། འཛིན་པ་དང་། ཀློག་པ་དང་། འདོན་པ་དང་། ཇི་ལྟར་སྨྲས་པ་བཞིན་དུ་ནན་ཏན་དུ་བྱེད་པ་དང་། ཤིན་ཏུ་རྒྱས་པའི་བར་དུ་བྱེད་དོ།། དེའི་ཚེ་ན་བྱང་ཆུབ་སེམས་དཔའ་ལུས་དཔག་ཏུ་མེད་པ་དེས། བདག་གི་ལུས་ལ་སེམས་ཅན་ཚད་མེད་པ་སྙེད་བཀོད་པའང་འཇིག་རྟེན་གྱི་བདེ་བ་བཏང་ནས་ཐམས་ཅད་འདི་སྐད་དུ།། ཀྱི་ཧུད་ཀྱི་ཧུད་འཇིག་རྟེན་སྟོངས་སོ།། དེ་བཞིན་གཤེགས་པ་ནི་རིང་པོ་མ་ལོན་པར་ཡོངས་སུ་མྱ་ངན་ལས་འདལ་འོ་ཞེས་སྨྲས་སོ། ། དེའི་ཚེ་བྱང་ཆུབ་སེམས་དཔའ་ལུས་དཔག་ཏུ་མེད་པ་བྱང་ཆུབ་སེམས་དཔའི་འཁོར་ཚད་མེད་པ་སྙེད་ཀྱིས་བསྐོར་ཏེ། དེ་ལྟ་བུའི་རྫ་འཕྲུལ་མངོན་པར་བསྟན་ནས། མཆོད་པའི་ཡོ་བྱད་ཚད་མེད་པ་རྣམ་པ་སྣ་ཚོགས་དང་། ཞལ་ཟས་བསུང་ཅན་ཐོགས་ཏེ། གང་ཞིག་ལ་ཞལ་ཟས་དེའི་བསུང་གིས་རེག་ན་ཀུན་ནས་ཉོན་མོངས་པའི་དྲི་མ་ཐམས་ཅད་ཞི་བར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་དེའི་བྱིན་གྱི་རླབས་ཀྱིས། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་རྫུ་འཕྲུལ་དེ་དག་མཐོང་བར་གྱུར་ཏོ།། བྱ་ཆུབ་སེམས་དཔའ་ལུས་དཔག་ཏུ་མེད་པ་ནི། ལུས་ཆེན་པོ་དཔག་ཏུ་མེད་པ་དེ་ནམ་མཁའ་དང་མཉམ་པས། སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་པར། གཞན་གང་ཡང་བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱི་མཐའ་ཤེས་པར་ནུས་པ་མེད་དོ། ། དེའི་ཚེ་བྱང་ཆུབ་སེམས་དཔའ་ལུས་དཔག་ཏུ་མེད་པ་འཁོར་དང་བཅས་པས་མཆོད་པའི་ཡོ་བྱད་སྔ་མ་བས་ལྷག་པར་བཤམས་ཏེ། སངས་རྒྱས་གང་ན་བར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ཏེ་བསྟི་སྟང་དང་བཅས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། མཆོད་པ་འདི་དག་བཞེས་ཤིག་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པ་དུས་མཁྱེན་པས་ཅང་མི་གསུང་བར་བཞེས་སུ་མ་གནང་ནས་བྱང་ཆུབ་སེམས་དཔའ་ལུས་དཔག་ཏུ་མེད་པ་འཁོར་དང་བཅས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། ། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་ཀུན་ནས། བྱང་ཆུབ་སེམས་དཔའ་ལུས་དཔག་ཏུ་མེད་པ་གྲངས་མེད་པ་སྙེད་ཀྱང་། མཆོད་པའི་ཡོ་བྱད་སྔ་མ་བས་ལྷག་པར་བཤམས་ནས། སངས་རྒྱས་གང་ན་བར་ལྤགས་པ་ནས། ཕྱོགས་གཅིག་ཏུ་འཁོད་པའི་བར་དུ་རྒྱས་པར་རིག་པར་བྱའོ། ། དེའི་ཚེ་ཤིང་སཱ་ལ་དྲུང་གཉིས་ཀྱི་བར་བསོད་ནམས་ཀྱི་ས་གཞི་བཀྲ་ཤིས་ཀྱི་གནས་དེར། ཁོ་ར་ཁོར་ཡུག་ཏུ་དཔག་ཚད་སུམ་ཅུ་རྩ་གཉིས་ཀྱི་བར་འཁོར་གྱི་དཀྱིལ་འཁོར་གྱིས་ས་སྟོང་ཅུང་ཟད་ཀྱང་མེད་པར་ཡོངས་སུ་གང་ངོ་། ། དེའི་ཚེ་ཕྱོགས་བཞི་ནས་འདུས་པའི་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་ཏེ་འདུག་པའི་གནས་ནི་རླུང་གི་རྩེ་མོ་འམ། ཁབ་ཀྱི་རྩེ་མོ་ཙམ་མམ། རྡུལ་ཕྲ་མོ་ཙམ་མོ།། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་འདུས་པར་གྱུར། འཛམ་བུའི་གླིང་ན་གནས་པའི་འཁོར་ཐམས་ཅད་ཀྱང་འདུས་པར་གྱུར་ཏེ། དེ་ལ་གཉིས་མ་གཏོགས་པ་ནི། འོད་སྲུངས་ཆེན་པོ་དང་དགའ་བོའོ།། རྒྱལ་པོ་མ་སྐྱེས་དགྲ་འཁོར་དང་བཅས་པ་དང་། སྤྲུལ་གདུག་པ་ལྟས་པ་ཙམ་གྱིས་འཆི་བར་བྱེད་པ་དང་། སྦུར་པ་དང་། སྡིག་པའི་བར་དུ་སྡིག་པ་ཅན་གྱི་ལས་སྤྱོད་པ་རྣམ་པ་བཅུ་དྲུག་པོ་མ་ཏོགས་པ་གཞན་ཐམས་ཅད་འདུས་པར་གྱུར་ཏོ། ། སྲིན་པོ་དན་པ་དང་། ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་ཀྱང་སྡིག་པའི་བསམ་པ་བཏང་ནས། གཅིག་ལ་གཅིག་བྱམས་ཤིང་སྡུག་པའི་སེམས་བསྐྱེད་པ་ནི་པའམ། མ་འམ། ཕུ་ནུ་ལྟ་བུར་གྱུར་ཏོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱང་གཅིག་ལ་གཅིག་བྱམས་པའི་སེམས་སྐྱེད་དེ། གཅིག་མ་གཏོགས་པ་ནི་ལོག་ཕྲེང་ཅན་ནོ།། དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ས་བཞི་ཐམས་ཅད་ཀྱང་འཇམ་པར་གྱུར་ཏེ། ངམ་གྲོག་དང་། བྱེ་མ་དང་། གསེག་མ་དང་རྡོ་བ་དང་། ཤིང་ཚར་མ་ཅན་དང་། རྩ་གདུག་པའང་མེད་པར་གྱུར་ཏེ། རིམ་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་ཤིན་ཏུ་བརྒྱན་པ་ནི། ནུབ་ཕྱོགས་ཀྱི་སངས་རྒྱས་ཚེ་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དང་འདྲ་བར་གྱུར་ཏོ།། དེའི་ཚེ་འཁོར་གྱི་དཀྱིལ་འཁོར་མང་པོ་ཐམས་ཅད་ཀྱིས། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་མོ་སྙེད་ཤིན་ཏུ་སྣང་བ་ནི། ཇི་ལྟར་མེ་ལོང་གསལ་བའི་ནང་ན་བདག་གི་གཟུགས་བརྙན་སྣང་བ་བཞིན་ནོ།། དེ་རས་དེ་བཞིན་གཤེགས་པའི་ཞལ་གྱི་སྒོ་ནས་འོད་རྣམ་པ་ལྔ་བྱུང་སྡེ། འཁོར་གྱི་དཀྱིལ་འཁོར་མང་པོ་སྣང་བར་བྱས་ནས། དེ་དག་གི་ལུས་ཀྱི་འོད་ཟེར་མི་མངོན་པར་ཟིལ་གྱིས་མནར་ཏེ་ཏུ་བྱས་ནས་ཕྱིར་ཞལ་གྱི་སྒོར་ཞུགས་སོ།། དེའི་ཚེ་ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པའི་འཁོར་རྣམས་ཀྱིས། སངས་རྒྱས་ཀྱི་འོད་ཟེར་ཕྱིར་ཡང་ཞལ་གྱི་སྒོར་ཞུགས་པ་མཐོང་རས་ཐམས་ཅད་འཇིགས་སྐྲག་སྟེ། ལུས་ཀྱི་བ་སྤུ་ཀུན་ཀྱང་ལངས་ནས་གཙིགས་གཅིག་འདི་སྐད་དུ། དེ་བཞིན་གཤེགས་པ་འོད་ཟེར་བཀྱེ་ནས་སླར་ཞུགས་པ་འདི་ནི་རྒྱུ་མེད་པ་འམ། རྐྱེན་མེད་པ་མ་ཡིན་ཏེ། ཕྱོགས་བཅུར་མཛད་པ་ཀུན་མཛད་ནས། ཕ་མ་ཡོངས་སུ་མྱ་ངན་ལས་འདའ་བའི་ལྷས་ཡིན་དུ་ངེས་སོ།། ཀྱི་ཧུད་ཀྱི་ཧུང་དེ་བཞིན་གཤེགས་པས་ཚད་མེད་པ་བཞིའི་ཐུགས་བཏུང་ནས། ལྷ་དང་མི་རྣམས་ཀྱིས་མཆོད་པའང་བཞེས་སུ་མ་གནང་ངོ་། ། དེང་ལྡན་ཆད་ནི་ཡེ་ཤེས་ཀྱི་ཉི་མའང་ནུབ་པར་གྱུར། བླ་མ་མེད་པའི་ཆོས་ཀྱི་བུའང་བྱིང་བར་གྱུར་ཏོ།། ཀྱི་ཧུང་རེ་ཐུག་འཇིག་རྟེན་སྡུག་པསྔལ་ཆེན་པོས་འདུལ་པར་གྱུར་ཏོ་ཞེས་སྨྲས་ནས། བྲང་ལ་ཁུ་ཚུར་གྱིས་རྡེག་ཅིང་ཆོ་ངེ་འདོན་པས་ལུས་ཀྱིས་མི་བཟོད་པ་ཙམ་དུ་ཤིན་ཏུ་འདར་ཏེ། བ་སྤུའི་ཁུང་ཀུན་ནས་ཁྲག་ཀྱང་ཟག་པར་གྱུར་ཏོ།། ། བམ་པོ་གཉིས་པ།། །། དེའི་ཚེ་འཁོར་གྱི་དཀྱིལ་འཁོར་དེ་ན། ཟོང་ཁྱེར་རྩ་མཆོག་གི་ཤིང་མཁན་གྱི་བུ་དགེ་བསྙེན་བཙུན་ད་ཞེས་བྱ་བ། རིས་མཐུན་པའི་འཁོར་ལྔ་བཅུ་དང་ལྷན་ཅིག་ཏུ་འདུས་སོ། ། དེས་འཇིག་རྟེན་དུ་བཅས་པ་དག་དགེ་བའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་སྔོན་གྱི་ཚུལ་བཏང་ནས་འདུག་པ་ལས་ལངས་ཏེ། བླ་གོས་ཕྱོགས་གཅིག་ཏུ་བྱས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ན་བ་ལོགས་སུ་ཐལ་མོ་སྦྱར། མཆི་མ་བླགས་ཏེ། སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པས། བདག་ཅག་གི་མཆོད་པ་ཐ་མ་འདི་བཞེས་སུ་གསོལ་དེའང་སེམས་ཅན་དཔག་ཏུ་མ་མཆིས་པ་དག་བསྔལ་བའི་སླད་དུའོ། ། བཅོམ་ལྡན་འདས་བདག་ཅག་ནི་དེང་སླན་ཆང་མགོན་མ་མཆིས། སྐབས་མ་མཆིས། དབུ་གཉེན་མ་མཆིས། རྟེན་མ་མཆིས། གནས་མ་མཆིས་ཏེ། ཤིན་ཏུ་དབུལ་འཕོངས་པས། དེ་བཞིན་གཤེགས་པ་ལས་སྤང་མ་མཆིས་པའི་དུས་ཀྱི་ཚོགས་ཙམ་ཞིག་གསོལ་ལོ།། བཅོམ་ལྡན་འདས་ཐུགས་བརྩེ་བའི་སླད་དུ། བདག་ཅག་གི་མཆོད་པ་ཐ་མ་འདི་བཞེས་ནས། གདོད་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་སུ་གསོལ། བཅོམ་ལྡན་འདས་དཔེར་ན་རྒྱལ་རིགས་སམ། བྲམ་ཟེའམ། གདོལ་པའང་རུང་། དབུལ་འཕོངས་པས་ཡུལ་གཞན་དུ་མཆིས་ཏེ། ཞིང་གི་ལས་ལ་ཞུགས་ནས་རྨོན་པ་དུལ་བ་དང་། ཞིང་ཡང་གཤིན་ལས་གཞི་མཉམ་པ་དང་། གསེག་མ་དང་། ཞིང་གི་ངོ་ཡུར་མ་མཆིས་ན། དགུང་ཆར་འབའ་ཞིག་ལ་རེའོ།། བཅོམ་ལྡན་འདས་རྨོན་པ་དུལ་བ་ཞེས་བགྱི་བ་ནི། ལུས་དང་ངག་གི་ལས་བདུན་པོའི་དཔེའོ། ། ཞིང་གཤིན་ལ་ས་གཞི་མཉམ་པ་ཞེས་བགྱི་བ་ནི། ཤེས་རབ་ཀྱི་དཔེའོ།། གསེག་མ་དང་ཞིང་གི་ངོ་ཡུར་མ་མཆིས་ཞེས་བགྱི་བ་ནི། ཉོན་མོངས་པའི་དཔེའོ།། བཅོམ་ལྡན་འདས་བདག་ལའང་རྨོད་པ་དུལ་བ་དང་། ཞིང་གཤིན་པའང་མཆིས་ལ། ཞིང་གི་ངོ་ཡུར་མ་བསལ་ན། དེ་བཞིན་གཤེགས་པའི་བདུད་རྩིའི་ཆོས་ཀྱི་ཆར་འབའ་ཞིག་ལ་རའོ། ། རིགས་དབུལ་པོ་བཞི་ནི་བདག་ལགས་ཏེ། བདག་ནི་ཐ་ན་མེད་པའི་ཆོས་ཀྱི་རིན་པོ་ཆེས་དབུལ་ཏེ་འཕོངས་ན། ཐུགས་བརྩེ་བའི་སླད་དུ་བདག་ཅག་གི་དབུལ་འཕོངས་པའི་སྡུག་བརྒྱས་བསལ་ཞིང་། སྡུག་བསྔལ་གྱིས་ཡོངསུ་གདུངས་པའི་སེམས་ཅན་ཚད་མ་མཆིས་པ་བསྒྲལ་དུ་གསོལ། བདག་ཅག་གི་མཆོད་པ་འདི་ཤིན་ཏུ་ཆུང་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པའོ་འཁོར་མང་པོ་ཀུན་གྱི་བསོད་སྙོམས་སུ་འཚལ་ན། བཅོམ་ལྡན་འདས་བདག་ཅག་ལ་མགོན་མ་མཆིས། སྐྱབས་མ་མཆིས། དཔུང་གཉེན་མ་མཆིས་ན། སྒྲ་གཅན་འཛིན་ལྟ་བུར་ཐུགས་བརྩེ་བར་དགོངས་སུ་གསོལ། ། དེ་ནས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བས། ཙུན་ད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལེགས་སོ་ལེགས་སོ། ། ངས་ཁྱོད་ཀྱི་དབུལ་འཕོངས་པ་མེད་པ་དང་། བླ་ན་མེད་པའི་ཆོས་ཀྱི་ཆར་ཁྱོད་ཀྱི་ལུས་ལ་དབབ་ཅིང་། ཆོས་ཀྱི་མྱུ་གུ་སྐྱེ་བར་བྱའོ།། ཁྱོད་ནི་ད་ལྟར་ཚེ་དང་། མདོག་དང་སྟོབས་དང་། བང་བ་དང་། ཐོགས་པ་མེད་པའི་སོ་སོར་ཡང་དག་པར་ཤེས་པ་ཐོབ་པར་འདོད་དེ། ངས་ཁྱོད་ལ་ཚེ་དང་། མདོག་དང་། སྟོབས་དང་། བདེ་བ་དང་། ཐོག་པ་མེད་པའི་སོ་སོར་ཡང་དག་པར་ཤེས་པ་རྟག་ཏུ་སྦྱིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ཙུན་ད་ཟས་ཀྱི་སྦྱིན་པ་བྱིན་པས། ཁྱད་པར་མེད་པའི་འབྲས་བུ་རྣམ་པ་གཉིས་ཐོབ་པར་འགྱུར་རོ།། གཉིས་གང་ཞེ་ན། བཞེས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་དང་། བཞེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའོ།། ངས་ཀྱང་ཁྱོད་ཀྱི་མཆོད་པ་ནང་གི་ཐ་མ་བཞེས་པས། ཁྱོད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཏོ།། དེ་ནས་ཙུན་དས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་སྦྱིན་པ་བྱིན་པ་འབྲས་བུ་རྣམ་པ་གཉིས་ཁྱད་པར་མ་མཆིས་སོ། ། ཞེས་བགྱི་བ་དེ་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། སྔར་སྦྱིན་པ་བཞེས་པ་ནི་ཉོན་མོངས་པའང་མང་བས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་རྫོགས་པར་མ་གྱུར། སེམས་ཅན་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བགྱིད་པའང་མ་ལགས་སོ།། སྦྱིན་པ་བྱིན་པ་སླད་ཀྱིས་བཞེས་པ་ནི་ཉོན་མོངས་པའང་བས་པར་གྱུར་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཡོངས་སུ་རྫོགས་ཤིང་། སེམས་ཅན་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་ཡོངས་སུ་རྫོགས་པར་བགྱིད་པ་ལགས་སོ།། སྦྱིན་པ་སྔར་བླངས་པ་ནི་སེམས་ཅན་ནོ།། སྦྱིན་པ་ཕྱིས་བཞེས་པ་ནི་ལྷའི་ལྷའོ།། སྦྱིན་པ་སྔར་བླངས་པ་ནི་ཟས་དང་འདྲེས་པའི་ལུས་ཉོན་མོངས་པ་དང་བཅས་པའི་ལུས། ཐམས་ཅད་ཀྱི་ལུས་མི་རྟག་པའི་ལུས་སོ། ། སྦྱིན་པ་ཕྱིས་བཞེས་པ་ནི་ཉོན་མོངས་པ་མ་མཆིས་པའི་སྐུ། རྡོ་རྗེ་ལྟ་བུའི་ཆོས་ཀྱི་སྐུ། རྟག་པའི་སྐུ། མཐའ་ཡས་པའི་སྐུ་ལགས་ན། ཅིའི་སླད་དུ་སྦྱིན་པ་རྣམ་པ་གཉིས་ཀྱི་འབྲས་བུ་ཁྱད་པར་མ་མཆིས་ཞེས་གསུངས། སྔར་སྦྱིན་པ་བླངས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་འགྱུར་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་རྫོགས་པར་མི་འགྱུར་ཏེ། ཤའི་མིག་འབའ་ཞིག་ཐོབ་ཀྱི། སངས་རྒྱས་ཀྱི་སྤྱན་མ་ཐོབ་པ་ནས། ཤེས་རབ་ཀྱི་སྤྱན་གྱི་བར་དུ་ཐོབ་པ་མ་ལགས་སོ།། སྦྱིན་པ་ཕྱིས་བཞེས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡོངས་སུ་རྫོགས་ལ། སངས་རྒྱས་ཀྱི་སྤྱན་དང་ལྡན་པས་ན། ཤེས་རབ་ཀྱི་སྤྱན་གྱི་བར་དུ་ལྡན་པ་ལགས་ན། ཅིའི་སླད་དུ་སྦྱིན་པ་རྣམ་པ་གཉིས་ཀྱི་འབྲས་བུ་ཁྱད་པར་མ་མཆིས་ཞེས་གསུངས། བཅོམ་ལྡན་འདས་སྦྱིན་པ་སྔར་བླངས་པ་ནི་བླངས་མ་ཐག་ཏུ་འཚལ་ནས། དེ་མ་ཐག་ཏུ་ཞུ་བས་ཚེ་དང་། མདོག་དང་། སྟོབས་དང་། བདེ་བ་དང་། སོ་སོར་ཡང་དག་པར་ཤེས་པ་ཐོབ་པ་ལགས་སོ།། སྦྱིན་པ་ཕྱིས་བཞེས་པ་ནི་གསོལ་བ་དང་ཞུ་བའང་མ་མཆིས་ལ། འབྲས་བུ་རྣམ་པ་ལྔ་པོའང་མ་མཆིས་ན། ཅིའི་སླད་དུ་སྦྱིན་པ་རྣམ་པ་གཉིས་ཀྱི་འབྲས་བུ་ཁྱད་པར་མ་མཆིས་ཞེས་གསུངས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་བསྐལ་པ་ཚད་མེད་མཐའ་ཡས་གྲངས་མེད་པའི་བར་དུ། ཟས་སམ་ཉོན་མོངས་པ་དང་བཅས་པའི་སྐུ་མ་ཡིན། ནང་གི་ཐ་མའི་སྐུ་མ་ཡིན་ཏེ། རྟག་པའི་སྐུ། ཆོས་ཀྱིས། རྡོ་རྗེའི་གྲཝའོ།། རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིམ་ས་མཐོང་བ་ནི་ཙན་མོངས་པའི་ལུས་མས་དང་ས་སོ།། ཆུབ་སེམས་དཔའ་དེའི་ཚེ་བམེད་སྐམས་བཞེས་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བསོད་སྙོམས་ཞུམ་བག་ཏུ་སངས་རྒྱས་ཀྱི་དཔའ་ནས་ཡོང་ནས་ཐ་མ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བས་ན་སྦྱིན་པ་གཉིས་ཀྱི་འབྲས་བུ་ཁྱད་པར་མེད་དོ་ཞེས་ངས་གསུངས་སོ།། བྱང་ཆུབ་སེམས་དཔའ་ཐོག་པའང་བདུད་བཞི་བཅོམ་ལ་ད་མྱ་ངན་ལས་འདའ་ཁར་ཡང་བདུད་རྣམ་བཞི་བཅོམ་པས། དེ་བས་ར་སྦྱིན་པ་རྣམ་པ་གཉིས་ཀྱི་འབྲས་བུ་ཁྱད་པར་མེད་དོ་ཞེས་ངས་གསུངས་སོ།། བྱང་ཆུབ་སེམས་དཔའ་དེའི་ཚེ་ན་མདོ་སྡེ་བཅུ་གཉིས་རྒྱས་པར་མ་གསུངས་མོད་ཀྱི། ཐམས་ཅད་སྔར་ཐུགས་སུ་ཆུད་ལ། མྱ་ངན་ལས་འདས་ཀར་སེམས་ཅན་རྣམས་ལ་རྒྱས་པར་ཕྱེ་ཞིང་བསྟན་པས། དེ་བས་ན་སྦྱིན་པ་རྣམ་པ་གཉིས་ལ་ཁྱད་པར་མེད་དོ། ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྐུ་ནི་བསྐལ་པ་ཚད་མེད་གྲངས་མེད་པའི་བར་དུ་བསོད་སྙོམས་མི་གསོལ་མོད་ཀྱི། འདི་སྐད་ཅེས་གསུངས་ཏེ་སྔོན་དེ་བཞིན་གཤེགས་པས་གནག་རྫི་མེ་རན་ཏ་དང་། ནན་ཏ་པ་ལ་གཉིས་ཀྱིས་འོ་མའི་འཇམ་ཕུལ་བ་བཞེས་ནས། གདོད་ཐ་མ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པ་སངས་རྒྱས་སོ། ། ང་ནི་ཡང་དག་པར་བཤོས་མི་གསོལ་ཏེ། འཁོར་གྱི་དཀྱིལ་འཁོར་མང་པོ་འདི་དག་གི་ཕྱིར། ཁྱོད་ཀྱི་མཆོད་པ་ཐ་མ་འདི་བཞེས་མོད་ཀྱི། ཡང་དག་པར་ན་གསོལ་བ་མེད་དོ། ། དེའི་ཚེ་ན་འཁོར་གྱི་དཀྱིལ་འཁོར་དེ་རྣམས་བཅོམ་ལྡན་འདས་ཀྱིས། ཙུན་དའི་མཆོད་པ་བཞེས་པ་མཐོང་ནས་ཐམས་ཅད་དགའ་མགུ་རངས་ཏེ། སྐད་མཐུན་པས་ཙུན་ད་ལ་ལེགས་སོ། ། ཤིན་ཏུ་ལེགས་སོ་ཞེས་སྨྲས་སོ།། ཁྱོད་ཀྱི་མིང་བཏགས་པ་ཐོག་ཏུ་བབ་བོ།། ཙུན་ད་ཞེས་བྱ་བ་ནི་དོན་དམ་པ་ལ་མཁས་པ་སྟེ། ཁྱོད་ཀྱིས་ཀྱང་དེང་འདིར་དོར་ཆེན་པོ་བརྩམས་པས། དེ་བས་ན་དོན་ལས་མིང་ཙུན་ད་ཞེས་བཏགས་ཏེ། ཁྱོད་ཀྱིས་ནི་ཚེ་འདི་ཉིད་ལ་གྲགས་པ་དང་ཕན་པའི་དོན་ཆེན་པོ་འཐོབ་ཅིང་། སྨོན་པའང་ཡོངས་སུ་རྫོགས་པར་གྱུར་ཏེ་མཚར་ཆེའོ། ། ཙུན་ད་མིའི་ནང་དུ་སྐྱེས་ཀྱང་བླ་ན་མེད་པའི་བདེ་བ་ཤིན་ཏུ་རྙེད་དཀའ་བ་ཐོབ་བོ།། ལེགས་སོ།། ཙུན་ད་མེ་ཏོག་ཨུ་དུམ་ཝ་ར་ལྟར་འཇིག་རྟེན་ན་ཤིན་ཏུ་དཀོན་པ་སྟེ། སངས་རྒྱས་འཇིག་རྟེན་དུ་གཤེགས་པ་ཡང་ཤིན་ཏུ་རྙེད་དཀའ་ལ། སངས་རྒྱས་དང་ཕྲད་ནས་དད་པ་སྐྱེད་པ་ཡང་ཤིན་ཏུ་དཀའ། ཆོས་ཐོས་པ་ཡང་ཤིན་ཏུ་དཀའ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ཀར་མཆོད་པ་བཤམས་ཏེ་ཕུལ་བ་ཤིན་ཏུ་དཀའོ། ། ཙུན་ད་ལ་ཕྱག་འཚལ་ལོ།། ཁྱོད་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ། སྟོན་གྱི་ཆོས་བཅོ་ལྔའི་ཟླ་བ་ལྟར་རྒྱས་ཤིང་ཡོངས་སུ་དག་ལ་སྤྲིན་ནམ་ན་བུན་གྱིས་མཆོད་ན། ཐམས་ཅད་ཀྱིས་བལྟ་བ་དང་འདྲ་བར། ཁྱོད་ཀྱང་དེ་དང་འདྲ་བར་བདག་ཅག་ལ་སོགས་པས་ཤིན་ཏུ་ལྟ་བར་གྱུར་ཏོ། ། ཁྱོད་ཀྱི་མཆོད་པ་ནང་གི་ཐ་མ་བཞེས་པས། ཁྱོད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཏེ། ཙུན་ད་ཁྱོད་ལ་ཕྱག་འཚལ་ལོ།། དེ་བས་ན་ཁྱོད་ནི་ཟླ་བ་ཡོངས་སུ་རྒྱས་པ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་གང་ཡང་མི་ལྟ་བ་མེད་དོ།། ཙུན་ད་ཁྱོད་ལ་ཕྱག་འཚལ་ལོ།། མིའི་ལུས་ཐོབ་ཀྱང་སེམས་ནི་སངས་རྒྱས་ཀྱི་ཐུགས་དང་འདྲ་བས། ཙུན་ད་ཁྱོད་ནི་སངས་རྒྱས་ཀྱི་སྲས་ཡང་དག་པ་སྟེ། སྒྲ་གཅན་འཛིན་དང་ཐ་མི་དད་དོ།། དེ་ནས་འཁོར་གྱི་དཀྱིལ་འཁོར་དེ་རྣམས་ཀྱིས་ཚིགས་སུ་བཅད་དེ་སྨྲས་པ། མི་ཡི་ནང་དུ་ཁྱོད་སྐྱེས་པ།། དྲུག་པོ་ལྷ་ལས་ཤིན་ཏུ་འཕགས།། བདག་ཅག་འཁོར་རྣམས་ཐམས་ཅད་ཀྱིས།། ཁྱོད་ལ་ཕྱག་འཚལ་གསོལ་བ་འདེབས།། མི་ཡི་སྐྱེས་བུ་ཁྱུ་མཆོག་ནི། ། ཡོངས་སུ་མྱ་ངན་འདའ་ཞེས་གསུངས།། བདག་ཅག་རྣམས་ལ་སྙིང་རྗེ་ཕྱིར།། སངས་རྒྱས་བཞུགས་པར་གསོལ་བ་ཐོབ།། ཡུན་དུ་འཇིག་རྟེན་འདིར་བཞུགས་ཤིང་། ། ཚད་མེད་འཁོར་ལ་ཕན་པའི་ཕྱིར།། མཁས་པ་རྣམས་ཀྱིས་བསྔགས་པ་ཡི།། ཐ་མེད་ཆོས་མཆོག་བཤད་དུ་གསོལ།། ཁྱོད་ཀྱིས་གསོལ་བ་མ་བཏབ་ན།། བདག་ཅག་རྣམས་ནི་མི་འཚོའོ། ། དེ་བས་ཁྱོད་ཀྱིས་གསོལ་བ་ཐོབ།། ཁ་ལོ་སྒྱུར་བའི་སྟོན་པ་ལ།། དེའི་ཚེ་ཙུན་ད་ཤིན་ཏུ་དགའ་མགུ་རངས་པ་ནི། དཔེར་ན་མི་ཞིག་པ་མ་ཤི་བ་ལས་ཕྱི་ས་སོས་པ་ཙམ་དུ་ཙུན་དའང་ཤིན་ཏུ་དགའ་བར་གྱུར་ནས། སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ།། ལེགས་སོ་བདེ་བའི་དོན་དུ་གྱུར། ། མི་ཡི་ལུས་ཀྱང་ལེགས་པར་ཐོབ།། འདོད་ཆགས་ཞེ་སྡང་གཏི་མུག་བསལ།། ངན་སོང་གསུམ་ཡང་ཡོངས་སུ་སྤངས།། ལེགས་སོ་བདེ་བའི་དོན་གྱུར་ཏེ།། རིན་ཆེན་གསེར་གྱི་རི་མཐོང་ནས། ། སྟོན་པ་ཁ་ལོ་སྒྱུར་དང་མཇལ།། བྱོལ་སོང་ཁམས་སུ་སྐྱེ་མི་དོགས།། སངས་རྒྱས་ཨུ་དུམ་ཝར་ལྟར།། ཕྲད་པའི་དུས་ཀྱང་ཤིན་ཏུ་དཀའ།། ཕྲད་ནས་དགེ་བའི་རྩ་བའང་བསྐྱེད། ། ཡི་དགས་སྡུག་བསྔལ་ཡོངས་སུ་བཅོམ།། གཞན་ཡང་ཡོངས་སུ་བཅོམ་པ་ནི།། ལྷ་མ་ཡིན་གྱི་རིས་རྣམས་ཏེ།། ཁབ་རྩེས་ཡུངས་ཀར་བཟེད་པ་བས། སངས་རྒྱས་འབྱུང་བ་དེ་བས་དཀའ།། བདག་ནི་སྦྱིན་པ་ཡོངས་རྫོགས་ཏེ།། ལྷ་དང་མི་ཡི་རྒྱུད་ལས་ཐར།། འཇིག་རྟེན་ཆོས་ཀྱིས་མ་གོས་པ།། པདྨོའི་ཆུས་མི་ཆགས་བཞིན་ཏེ།། སྲིད་པའི་བར་དུ་ལེགས་པར་སྤངས།། འཁོར་བའི་རྒྱུན་ལས་ཡོངས་སུ་གྲོལ།། མི་ཡི་ལུས་ཐོབ་ཤིན་ཏུ་དཀའ།། སངས་རྒྱས་འབྱུང་དང་ཕྲད་པར་དཀའ།། ཇི་ལྟར་རྒྱ་མཚོ་ཆེན་པོའི་ནང་། ། རུས་སྦལ་ལོང་བ་འབྱུང་བ་དེ།། ཤིང་གི་བུ་གར་མགོ་ཆུང་བཞིན།། སངས་རྒྱས་འབྱུང་བ་དེ་བས་དཀའ།། བདག་གིས་མཆོད་པ་གསོལ་བ་འདི། ། བླ་མེད་འབྲས་བུ་ཐོབ་པར་སྨོན།། ཀུན་ནས་ཉོན་མོངས་ཐམས་ཅད་ནི།། སྙིང་པོ་མེད་པས་ཐམས་ཅད་བཅོམ།། བདག་ནི་ད་ལྟར་འདི་ཉིད་ན།། ལྷ་དང་མི་ཡི་ལུས་མི་རེ། ། ཅི་སྟེ་ཐོབ་པར་གྱུར་ན་ཡང་།། དེ་ལ་དགའ་བ་མོས་པ་མེད།། བཅོམ་ལྡན་བདག་གི་མཆོད་པཞེས་པས།། ཤིན་ཏུ་དགའ་བ་དཔག་མ་མཆིས།། ཨེ་རན་ད་ཡི་མེ་ཏོག་ལ།། ཙན་དན་བཟང་པོའི་དྲི་འབྱུང་བཞིན།། བདག་ནི་ཨེ་རན་འདྲ་བ་སྟེ།། བཅོམ་ལྡན་བདག་གི་མཆོད་བཞེས་པས།། ཙན་དན་བཟང་པོ་བསུང་མངདེ་བཞིན།། དེ་བས་བདག་ནི་ཤིན་ཏུ་དགའ། ། བདག་ནི་འབྲས་བུ་མངོན་དུ་ཐོབ།། བླ་མེད་མཆོག་གི་གནས་ཕྱིན་ཏེ།། ཚངས་པ་བརྒྱ་བྱིན་ལྷ་རྣམས་ཀྱང་།། ལྷགས་ནས་བདག་ལ་མཆོད་པ་བགྱིད།། འཇིག་རྟེན་བཅས་པ་ཐམས་ཅད་ནི། ། སྡུག་བསྔལ་ཆེན་པོའི་མྱ་ངན་སྐྱེས།། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ།། ཡོངས་སུ་མྱ་ངན་འདའ་ཞེས་རྟོགས།། ཐམས་ཅད་མཐུན་པར་སྐད་ཆེན་པོས། ། འཇིག་རྟེན་ཁ་ལོ་སྒྱུར་བ་མེད།། སེམས་ཅན་ཐམས་ཅད་མི་སྤང་ཞིང་།། སྲས་དང་འདྲ་བར་གཟིགས་སུ་གསོལ།། བཅོམ་ལྡན་དགེ་འདུན་འཁོར་རྣམས་ལ།། བླ་ན་མེད་པའི་ཆོས་སྟོན་པ།། ཇི་ལྟར་རྒྱ་མཚོ་ཆེ་ཡི་དབུམ།། རིན་ཆེན་རི་རབ་སྣང་བ་བཞིན།། བཅོམ་ལྡན་ཡེ་ཤེས་ཡོངས་གཅོད་པ།། མ་རིག་པ་ཡི་མུན་པ་སྟེ།། ཛི་ནམ་མཁའ་བར་སྣང་ལ། ། སྤྲིན་ཆོད་ཡོངས་སུ་བསིལ་བ་བཞིན།། བཅོམ་ལྡན་ཡོངས་སུ་སེལ་བ་ནི།། ཀུན་ནས་ཉོན་མོངས་ཐམས་ཅད་དེ།། ཇི་ལྟར་ཉི་མ་ཤར་ནས་སུ།། སྤྲིན་མེད་ཀུན་ཏུ་སྣང་བ་བཞིན།། ད་ལྟར་སེམས་ཅན་འདི་དག་ནི།། ཤིན་ཏུ་ངུ་བས་མིག་ཀྱང་སྐྲངས།། ཐམས་ཅད་འཁོར་བར་འཁོར་བ་ཡི།། སྡུག་བསྔལ་འབབ་ཀླུང་གཡེངས་པར་གྱུར། ། དེ་བས་སངས་རྒྱས་བཅོམ་ལྡན་འདས།། འགྲོ་བའི་དད་པ་སྐྱེད་པ་དང་།། འཁོར་བའི་སྡུག་བསྔལ་གཅད་པའི་ཕྱིར།། འཇིག་རྟེན་ཡུན་དུ་བཞུགས་པར་གསོལ།། བཅོམ་ལྡན་འདས་ཀྱིས། ཙུན་ད་ལ་བཀའ་སྩལ་པ། དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། ཁྱོད་ཀྱིས་སྨྲས་པ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་གཤེགས་པ་ཤིན་ཏུ་དཀའ་བ་ནི། མེ་ཏོག་ཨུ་དུམ་ཝ་ར་དང་འདྲ་བའོ།། སངས་རྒྱས་དང་ཕྲད་ནས་དད་པ་སྐྱེ་བའང་དེ་བས་ཤིན་ཏུ་དཀལའོ།། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ཀར་མཆོད་པ་ཕུལ་བ་བཞེས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་པའང་དེ་བས་ཤིན་ཏུ་དཀའ་སྟེ། ཙུན་ད་ཁྱོད་མྱ་ངན་མ་བྱེད་པར་ཤིན་ཏུ་དགའ་བས་བདག་སྤྲོ་བ་སྐྱེད་ཅིག། དེ་བཞིན་གཤེགས་པས་མཆོད་པ་ནང་གི་ཐ་མ་བཞེས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་པས་ཆོག་གིས། བཅོམ་ལྡན་འདས་པ་འཇིག་རྟེན་ན་ཡུན་དུ་བཞུགས་པར་གསོལ་བ་མ་འདེབས་ཤིག། ཁྱོད་ཀྱིས་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཐམས་ཅད་མི་རྟག་ལ། འདུ་བྱེད་རྣམས་ཀྱི་མཚན་ཉིད་ཀྱང་དེའི་ཚུལ་དུ་རིག་པར་གྱིས་ཤིག། དེ་ནས་ཙུན་ད་ལ་ཚོགས་སུ་བཅད་དེ་བཀའ་སྩལ་པ། འཇིག་རྟེན་བཅས་པ་ཐམས་ཅད་ནི།། སྐྱེ་བ་ཡོད་ན་འཆི་བ་ཡོད།། ཚེ་ལོ་གྲངས་མེད་ཐུབ་པ་ཡང་། ཐ་མ་ཟད་པར་རིག་པར་བྱ།། དར་བ་ཡོད་ན་རྒུད་པ་ཡོད།། འདུ་བ་ཡོད་ན་འབྲལ་བར་འགྱུར།། ལང་ཚོ་དེ་ཡང་མི་རྟག་སྟེ།། དར་བའི་མདོག་ཀྱང་ནད་ཀྱིས་འཕྲོག། འཚོ་བའི་ཚེ་ཡང་འཆི་བས་འཕྲོག། རྟག་པའི་ཆོས་ནི་གང་ཡང་མེད།། དབང་དུ་གྱུར་པའི་རྒྱལ་པོ་དག། བྱིན་དང་མཐུ་སྟོབས་ཟླ་མེད་ཀྱང་།། ཐམས་ཅད་འགྱུར་ཞིང་འཕོ་བས་ན།། འཚོ་བའི་སྲོག་ཀྱང་དེ་བཞིན་ནོ། ། སྡུག་བསྔལ་འཁོར་ལོ་མཐའ་མེད་དོ།། འཁོར་བར་འཁོར་བ་རྒྱུན་མི་འཆད།། ཁམས་གསུམ་ཐམས་ཅད་རྟག་པ་མེད།། སྲིད་པ་ཐམས་ཅད་བདེ་མ་ཡིན།། སྲིད་པའི་མཚན་ཉིད་དངོས་པོ་ནི།། ཐམས་ཅད་སྟོང་པ་མེད་པ་སྟེ།། འཇིག་པའི་ཆོས་ཅན་འགྱུར་ཞིང་འཕོ།། མྱ་ངན་སྐྱོན་དང་རྟག་ཏུ་བཅས།། སྐྱོན་མང་འཇིག་པའི་ཆོས་ཅན་ཏེ།། རྒ་དང་ན་འཆིས་རྟག་ཏུ་གཙེས།། སྲིད་པའི་ཆོས་ནི་མཐའ་ཡས་པས།། འགྱུར་ཞིང་འཕོ་བའི་དགྲ་དང་བཅས།། ཉོན་མོངས་ཀུན་ཏུ་གྲགས་པ་ནི།། ཇི་ལྟར་དར་གྱི་སྲིན་བུ་བཞིན།། དེ་ལ་མཁས་པ་ཤེས་རབ་ཅན། ། སུ་ཞིག་དགའ་ཞིང་མོས་པར་བྱེད།། ལུས་འདི་སྡུག་བསྔལ་ཕུང་པོ་སྟེ།། ཐམས་ཅད་མི་གཙང་བཙོག་པའོ།། སྐྱོན་གྱིས་བཅིངས་ཤིང་རྨ་དང་ལྡན།། ཕན་པའི་དོན་ནི་ཡེ་ནས་མེད། ། ཡར་ན་ལྷ་ཡི་ལུས་བར་དུ།། ཐམས་ཅད་དེ་དང་འདྲ་བས་ན།། འདོད་པ་ཐམས་ཅད་མི་རྟག་པས།། ད་ནི་དེ་ལ་ཆགས་མི་བྱེད།། འདོད་སྤངས་ལེགས་པར་ཡིད་བྱས་ནས། ། ཡང་དག་བདེན་པ་རིག་པར་འགྱུར།། སྲིད་པ་ཡོངས་སུ་གཅོད་པ་ནི།། དེང་འདིར་ཡོངས་སུ་མྱ་ངན་འདའ།། ང་ནི་སྲིད་པའི་ཕ་རོལ་ཕྱིན།། སྡུག་བསྔལ་ཀུན་ལས་ཤིན་ཏུ་འདས། ། དེ་བས་ད་ལྟར་ཐོབ་པ་ནི།། བླ་མེད་བདེ་བ་འབའ་ཞིག་གོ།། དེ་ཡི་རྒྱུ་དང་རྐྱེན་གྱིས་ན།། སྤྲོས་པ་མེད་པའི་མཐའ་རིག་སྟེ།། བཅིང་བ་ཐམས་ཅད་ཡོངས་བཅད་ནས།། དེང་འདིར་ཡོངས་སུ་མྱ་ངན་འདའ། ། ང་ལ་རྒ་ཤི་ན་པ་མེད།། སྐུ་ཚེའི་ཚད་ཀྱང་ཟད་མི་ཤེས།། དེང་དུ་མྱ་ངན་འདས་པ་ནི།། ཇི་ལྟར་མེ་ཆེན་ཤི་བ་བཞིན།། ཙུན་དུ་ཁྱོད་ནི་མ་རྟོག་ཅིག་དེ་བཞིན་གཤེགས་པའི་དོན་རྣམས་ལ། ། དེ་བཞིན་གཤེགས་པའི་སྙིང་པོ་འདི།། རི་རབ་བཞིན་དུ་བརྟག་པར་བྱ།། ང་ནི་མྱ་ངན་འདས་ཞུགས་ཏེ།། མཆོག་གི་བདེ་བ་མྱོང་བར་འགྱུར།། སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཡིན།། དེ་བས་ངུ་བར་མི་བྱའོ།། དེ་ནས་ཙུན་དས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དེ་དེ་བཞིན་ནོ།། དེ་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་ཏེ། བདག་འཚལ་བའི་ཤེས་རབ་ཤིན་ཏུ་ཆུང་བ་ནི། དཔེར་ན་སྦྲང་བུ་དང་འདྲ་བས།། བདག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་པའི་དོན་ཟབ་མོ་ག་ལ་རིག། བཅོམ་ལྡན་འདས་བདག་ནི་ཀླུ་ཆེན་པོ་དང་འདྲ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ནས་ཉོན་མོངས་པ་དང་ཟག་པ་ཐམས་ཅད་བས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་དང་མཉམ་པར་གྱུར་ཏོ།། བཅོམ་ལྡན་འདས་དཔེར་ན་གསར་དུ་རབ་ཏུ་བྱུང་བ་བསྙེན་པར་མ་རྫོགས་མོད་ཀྱི། དགེ་འདུན་གྱི་གྲངས་སུ་མཆི་བ་དང་འདྲ་བར། བདག་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱི་རླབས་ཀྱིས། དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་གི་གྲངས་སུ་གཏོགས་པར་གྱུར་ཏེ། དེ་བས་ན་བདག་ནི་དེ་བཞིན་གཤེགས་པ་ཡུན་དུ་འཇིག་རྟེན་ན་བཞུགས་ཤིང་མྱ་ངན་ལས་མི་འདའ་བར་གསོལ་ལོ།། བཅོམ་ལྡན་འདས་དཔེར་ན་མི་བཀྲེས་པ་དེ་ནི་རྨར་སྨོན་མི་གངའ་སྟེ། བཅོམ་ལྡན་འདས་བདག་ཀྱང་དེ་དང་འདྲན་མྱ་ངན་ལས་མི་འདའ་བར་འཇིག་རྟེན་ན་ཡུན་དུ་བཞུགས་པར་གསོལ་ལོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། ཙུན་པ་ལ་འདི་སྐད་ཅེས་སྨྲས་སོ། ། ཙུན་ད་ཁྱོད་འདི་སྐད་དུ་དེ་བཞིན་གཤེགས་པ་འཇིག་རྟེན་ན་ཡུན་དུ་བཞུགས་ཤིང་ཡོངས་སུ་མྱ་ངན་ལས་མི་འདའ་བར་གསོལ་བ། ཇི་ལྟར་མི་ཤིན་ཏུ་བཀྲེས་པ་དེ་སྐྱུག་བྲོ་མི་སྲིད་དོ་ཞེས་དེ་སྐད་མ་ཟེར་བར། ཁྱོད་འདུ་བྱེད་རྣམས་ཀྱི་མཚན་ཉིད་ལ་ཤིན་ཏུ་རྟོགས་ཤིག། དེ་ལྟར་འདུ་བྱེད་ལ་བརྟགས་ན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་ལྡན་པར་གྱུར་གྱིས། ཡང་དག་པའི་ཆོས་འདོད་པ་དག་དེ་ལྟ་བུའི་ཚུལ་དུ་བསླབ་པར་བྱའོ། ། ཙུན་དས། འཇམ་དཔལ་ལ་སྨྲས་པ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ལྷ་དང་མིའི་ནང་ན་མཆོག་ཏུ་གྱུར། ཕུལ་དུ་གྱུར་ན། ཅི་དེ་བཞིན་གཤེགས་པ་འདུ་བྱེད་ལགས་སམ། ཅི་སྟེ་འདུ་བྱེད་ལགས་ན། སྐྱེ་ཞིང་འགག་པའི་ཆོས་ཅན་དུ་འགྱུར་ཏེ། དཔེར་ན་ཆུའི་ཆུ་བུར་ལྟར། དེ་མ་ཐག་ཏུ་འབྱུང་ལ། དེ་མ་ཐག་ཏུ་འཇིག་སྟེ། འཁོར་བར་ཁོར་བ་ནི་ཤིང་རྟའི་འཁོར་ལོ་དང་མཚུངས་ཏེ། འདུ་བྱེད་ཐམས་ཅད་ཀྱང་དེ་དང་མཚུངས་སོ།། བདག་གི་སྔོན་ཐོས་པ་ལྟར་ན་ལྷ་རྣམས་ཀྱི་ཚེའི་ཚད་ཀྱང་ཤིན་ཏུ་རིང་ངོ་ཞེས་འབྱུང་ན། ཅིའི་སླད་དུ་བཅོམ་ལྡན་འདས་ལྷའི་ལྷ་སྐུ་ཚེ་རབ་ཏུ་ཐུང་སྟེ། ལོ་བརྒྱའང་མི་བཞུགས་པར་གྱུར། དཔེར་ན་དབང་དུ་གྱུར་པའི་གྲོང་རྡལ་གྱི་གཙོ་བོའང་དབང་དང་མཐུ་ཡོད་པས་ཕས་རྒོལ་བ་ཐུལ་ཏེ། ནམ་བསོད་ནམས་ཟད་དེ་དབུལ་འཕོངས་པར་གྱུར་ན། ཀུན་གྱིས་བརྙས་ཤིང་མཐོ་བཙམ་སྟེ་བཀོལ་བར་འགྱུར་རོ།། དེ་ཅིའི་སླད་དུ་ཞེ་ན། བྱིན་དང་མཐུ་ཉམས་པའི་ཕྱིར་རོ། ། འོ་ན་བཅོམ་ལྡན་འདས་ཀྱང་འདུ་བྱེད་རྣམས་དང་མཐུན་པར་འགྱུར་རོ།། ཅི་སྟེ་འདུ་བྱེད་རྣམས་དང་མཐུན་པར་གྱུར་ན། ལྷའི་ལྷ་ཞེས་ཀྱང་གདགས་སུ་མི་རུང་ངོ་། ། དེ་ཅིའི་སླད་དུ་ཞེ་ན། འདུ་བྱེད་རྣམས་ནི་སྐྱེ་ཤིའི་ཆོས་སོ།། དེ་བས་ན་འཇམ་དཔལ་དེ་བཞིན་གཤེགས་པ་ལ་འདུ་བྱེད་དང་མཐུན་པར་མི་བལྟའོ།། འཇམ་དཔལ་མཁྱེན་བཞིན་དུ་གསུང་ངམ། འོན་ཏེ་མི་མཁྱེན་པས་དེ་བཞིན་གཤེགས་པ་འདུ་བྱེད་རྣམས་དང་མཐུན་ནོ་ཞེས་གསུངས། ཅི་སྟེ་དེ་བཞིན་གཤེགས་པ་འདུ་བྱེད་རྣམས་དང་མཐུན་ན་ལྟ། དེ་བཞིན་གཤེགས་པ་ནི་འཇིག་རྟེན་གསུམ་ན་ལྷའི་ལྷ་སྟེ། དབང་དུ་གྱུར་པའི་ཆོས་ཀྱི་རྒྱལ་པོ་ཞེས་གདགས་སུ་མི་རུང་ངོ་།། དཔེར་ན་རྒྱལ་པོ་ཞིག་ལ་གྱད་སྟོབས་པོ་ཆེ་གཅིག་གིས་ཕས་རྒོལ་བ་སྟོང་ཐུབ་སྟེ་གང་གིས་ཀྱང་མི་ཐུལ་ན། དེ་ནི་མི་སྟོང་ཐུབ་པའི་གྱད་ཅེས་བྱ་སྟེ། གྱད་དེ་ལ་ནི་རྒྱལ་པོས་ཀྱང་གནང་ལ། བྱ་དགའ་ཡང་གཞན་པས་ལྷག་པར་སྩལ་ཏོ།། གྱང་དེས་མི་སྟོང་ཐུབ་ཅེས་བྱ་བའང་གྱང་ངེས་སྟོབས་འབའ་ཞིག་གིས་སྟོང་ཐུབ་པ་མ་ཡིན་གྱི། རྩལ་རྣམ་པ་སྣ་ཚོགས་ཀྱིས་མི་སྟོང་ལས་ཕུལ་དུ་གྱུར་པས་ན། སྟོང་ཐུབ་པའི་གྱད་ཅེས་བཏགས་སོ།། བཞིན་གཤེགས་པའང་དེ་འདྲ་སྟེ། ཉོན་མོངས་པའི་བདུད་དང་། ཕུང་པོའི་བདུད་དང་། ལྷའི་བདུད་དང་། འཆི་བདག་གི་བདུད་ཡོངས་སུ་བཅོམ་པས། དེ་བས་ན་དེ་བཞིན་གཤེགས་པ་ནི་ཁམས་གསུམ་ན་ཕུལ་དུ་གྱུར་པའོ་ཞེས་གསུངས་ཏེ། ཇི་ལྟར་གྱད་གཅིག་གིས་མི་སྟོང་ཐུབ་པ་བཞིན་ནོ།། དེ་བས་ན་དེ་བཞིན་གཤེགས་པའང་རྣམ་པ་སྣ་ཚོགས་ཀྱི་ཡོན་ཏན་ཚད་མེད་པ་དང་ལྡན་པས་ན། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བཏགས་སོ།། འཇམ་དཔལ་རྣམ་པར་རྟོག་པས་དེ་བཞིན་གཤེགས་པ་ལ་འདུ་བྱེད་རྣམས་དང་མཐུན་ནོ། ། ཞེས་རྣམ་པར་རྟོག་པའི་མི་རིགས་སོ།། དཔེར་ན་ཁྱིམ་བདག་ཕྱུག་པོ་ཞིག་བུ་ཁྱེའུ་ཞིག་བཙས་ནས། མཚན་མཁན་གྱིས་བལྟས་ཏེ་ཚེ་ཐུང་ངོ་ཞེས་སྤྱད་ན། ཕ་མས་དེ་སྐད་ཅེས་ཐོས་མ་ཐག་ཏུ་རིགས་འཚོབ་པར་མི་འགྱུར་བར་ཤེས་པས། དེ་ལ་སྡུག་པར་མི་འགྱུར་བས། དེ་ལ་སྡུག་པར་མི་བྱེད་དེ། རྩ་ཙམ་གྱི་ཚོད་དུ་འཛིན་ཏོ།། གང་ཚེ་ཟུང་བ་དེ་ལ་ནི་དགེ་སྦྱོང་ངམ། བྲམ་ཟེ་ལ་སོགས་པའི་ཁྱེའུ་དང་། བུ་མོ་ཆེ་ཆུང་གི་བར་དུ་བཙུན་པར་མི་བྱེད་དོ།། ཅི་སྟེ་དེ་བཞིན་གཤེགས་པ་འདུ་བྱེད་རྣམས་དང་མཐུན་ནཱ་ལྟ། འཇིག་རྟེན་དུ་བཅས་པ་སྤུ་དང་། མི་དང་། སེམས་ཅན་ཐམས་ཅད་ཀྱིས་ཀྱང་བཙུན་པར་མི་བྱེད་།། དེ་བཞིན་གཤེགས་པས་གསུངས་པའི་ཡང་དག་པའི་ཆོས་མི་འགྱུར་མི་འཕོ་བའང་འཛིན་པ་མེད་པར་འགྱུར་རོ། ། དེ་བས་ན་འཇམ་དཔལ་དེ་བཞིན་གཤེགས་པ་ལ་འདུ་བྱེད་རྣམས་དང་མཐུན་ནོ།། ཞེས་གསུང་བའི་མི་རིགས་སོ།། འཇམ་དཔལ་དཔེར་ན་བུད་མེད་དབུལ་མོ་གནས་མེད་པ། རྟེན་མེད་པ། སྐྱབས་མེད་པ་ཞིག་ནད་ཀྱིས་ཀྱང་གཟིར་ལ། ཟས་དང་སྐོམ་གྱིས་ཀྱང་འཕོངས་ཏེ། འཁྱམ་ཞིང་འགྲོ་བ་གཅིག་གི་ཁྱིམ་དུ་ཕྱིན་ནས་བུ་བཙས་ན་ཁྱིམ་བདག་དེས་འདུག་ཏུ་མི་སྟེར་ཏེ་སྐྲོད་དོ། ། བུད་མེད་དེ་བུ་བཙས་ནས་རིང་པོ་མ་ལོན་ཀྱང་བུ་ཕང་དུ་ཐོགས་ཏེ་ཡུལ་གཞན་དུ་འགྲོ་བ་ལས། ལམ་དུ་རླུང་དང་། ཆར་པ་དང་། ལྷགས་པས་ཉོན་མོངས་ལ། སྦྲང་བུ་དང་། ཤ་སྦྲང་དང་། སྦྲུལ་གདུག་པ་དང་ཕྲད་དམ། ལམ་གྱི་བར་དུ་ཆུ་ཀླུང་གངྒཱས་ཆོད་ཀྱང་། ཆུ་ཀླུང་ཤིན་ཏུ་ཟབ་ཅིང་དྲག་པ་དེ་ལས་བུའང་ཕང་དུ་ཐོགས་ཏེ། འབོག་གོ།། དེ་ནས་མ་སྨད་གཉིས་ཀ་ཆུའི་ནང་དུ་ནུབ་བོ།། དེ་ལྟར་བུད་མེད་བུ་ལ་བྱམས་ཤིང་སྡུག་པར་བསམས་པའི་བསོད་ནམས་ཀྱིས་ཤི་མ་ཐག་ཏུ་ཚངས་པའི་ལྷར་སྐྱེས་སོ། ། འཇམ་དཔལ་རིགས་ཀྱི་བུ་དག་དམ་པའི་ཆོས་བསྲུང་བའི་ཕྱིར། དེ་བཞིན་གཤེགས་པ་ལ་འདུ་བྱེད་རྣམས་དང་མཐུན་ཞེ་འམ། འདུ་བྱེད་རྣམས་དང་མི་མཐུན་ནོ་ཞེས་བརྗོད་པར་མི་བྱའི། བདག་ནི་གཏི་མུག་གིས་མདོངས་པས་ཤེས་རབ་ཀྱི་མིག་མེད་དེ། དེ་བཞིན་གཤེགས་པའི་དམ་པའི་ཆོས་ནི་བསམ་གྱིས་མི་ཁྱབ་པས་མི་རྟོགས་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་ངེས་པར་འདུས་བྱས་ཤེ་འམ། ངེས་པར་འདུས་མ་བྱས་པ་ཞེས་བརྗོད་པར་མི་བྱའོ།། གང་ཡང་དག་པར་བལྟ་བས་ནི་དེ་བཞིན་གཤེགས་པ་ལ་ངེས་པར་འདུས་མ་བྱས་པའོ་ཞེས་བརྗོད་པར་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་དགེ་བར་འགྱུར་བའི་ཆོས་སྐྱེད་ཅིང་། འགྲོ་བ་མང་པོ་ལ་ཐུགས་བརྩེ་བའི་ཕྱིར་རོ།། ཇི་ལྟར་བུད་མེད་དབུལ་མོ་དེ་ཀླུང་གངྒཱ་ལ་བརྒལ་བ་ན། བུ་སྡུག་པར་བསམས་ཏེ་ལུས་དང་སྲོག་ཀྱང་ཡལ་བར་གྱུར་པ་དང་འདྲ་བར། རིགས་ཀྱི་བུ་ཆོས་སྲུང་བའི་བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་དུ། ལུས་དང་སྲོག་ལ་བག་ཀྱི་བར་དུ། དེ་བཞིན་གཤེགས་པ་ལ་འདུས་བྱས་དང་མཐུན་ཞེའམ། དེ་བཞིན་གཤེགས་པ་ལ་འདུས་མ་བྱས་དང་མཐུན་ཞེས་བརྗོད་པར་མི་བྱའོ། ། དེ་ལྟར་དེ་བཞིན་གཤེགས་པ་འདུས་མ་བྱས་པ་དང་མཐུན་ནོ།། ཞེས་བརྗོད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་ནི། ཇི་ལྟར་བུད་མེད་དབུལ་པོ་ཚངས་པའི་ལྷར་སྐྱེས་པ་བཞིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་སྲུང་བའི་ཕྱིར་རོ།། དེ་ལ་ཆོས་སྲུང་བ་གང་ཞེ་ན། དེ་བཞིན་གཤེགས་པ་ནི་འདུས་མ་བྱས་ཞེས་སྨྲས་པ་སྟེ། རིགས་ཀྱི་བུ། གང་ཟག་དེ་ནི་རྣམ་པར་གྲོལ་བ་ལ་མི་མོད་ཀྱི། རྣམ་པར་གྲོལ་བ་རང་ཐོབ་སྟེ། ཇི་ལྟར་བུད་མེད་དབུལ་མོ་དེ་ཚངས་པའི་ལྷར་མི་རེ་མོད་ཀྱི། ཚངས་པའི་སྔར་རང་སྐྱེས་སོ།། འཇམ་དཔ་འདི་ལྟའོ། དཔེརན་མི་ཞིག་ལ་ས་རིང་པོར་འགྲོན་དུ་སོང་བ་ལས་ལམ་དུ་ངལ་ཆད་དེ། གཞན་གྱི་ཁྱིམ་དུ་ཉལ་ཉལ་བ་ལས། དེའི་ཁྱིམ་མེས་པར་ཏེརང་ཏུ་འཇིགས་སྨྲས་མས། དེ་འཛི་དུ་བདག་ནི་གདོན་མི་ཟ་བར་འཆིའོ་སྙམ་བསམས་ནས། ཁྲེལ་ཞིང་ངོ་ཚ་བ་དང་ལྡན་པའི་ཕྱིར་གོས་ཀྱིས་ལུས་དཀྲིས་སོ།། དེའི་ཚེ་འཕོས་ནས་སུམ་ཅུ་རྩ་གསུམ་གནམ་གྱི་ལྷར་སྐྱེས་སོ། ། དེ་ནས་ཡང་ལན་བརྒྱད་ཅུའི་བར་དུ་ཚངས་པ་ཆེན་པོའི་རྒྱལ་པོར་སྐྱེས་སོ།། དེ་ནས་ཡང་ལོ་བརྒྱ་སྟོང་ཚང་བར་མིའི་ནང་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེས་ཏེ་གང་ཟག་དེ་ནམ་དུའང་ངན་སོང་གསུམ་དུ་མ་སྐྱེས་ཀྱི། གོང་ནས་གོང་དུ་རབ་ཏུ་བདེ་བའི་གནས་སུ་སྐྱེས་སོ།། དེ་བས་ན་འཇམ་དཔལ་རིགས་ཀྱི་བུ་དག་ཁྲེལ་ཞིང་ངོ་ཚ་བ་དང་ལྡན་པ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་ལ་འདུས་བྱས་རྣམས་དང་མཐུན་པར་མི་བལྟའོ། ། འཇམ་དཔལ་མུ་སྟེགས་ཅན་ངན་པར་ལྟ་བ་ནི། དེ་བཞིན་གཤེགས་པ་ལ་འདུས་བྱས་དང་མཐུན་ནོ་ཞེས་སྨྲའི་ཚུལ་ཁྲིམས་སྲུང་བའི་དགེ་སློང་དག་ནི། དེ་ལྟར་དེ་བཞིན་གཤེགས་པ་ལ་འདུས་བྱས་པ་ཡིན་པར་མི་བལྟའོ།། ཅི་སྟེ་དེ་བཞིན་གཤེགས་པ་ལ་འདུས་བྱས་ཡིན་ནོ་ཞེས་བརྗོད་ན། དེ་ནི་བརྫུན་དུ་སྨྲ་བ་ཡིན་ཏེ། གང་ཟག་དེ་ནི་ཤི་མ་ཐག་ཏུ་སེམས་ཅན་དམྱལ་བར་སྐྱེ་བར་རིག་པར་བྱ་བ་ནི། ཇི་ལྟར་གང་ཟག་བདག་གི་ཁྱིམ་ན་གནས་པ་བཞིན་ནོ།། འཇམ་དཔལ་དེ་བཞིན་གཤེགས་པ་ནི་ཡང་དག་པར་འདུས་མ་བྱས་པའི་ཆོས་ཅན་ཡིན་པས། འདུས་བྱས་ཞེས་བརྗོད་པར་མི་བྱའོ།། འཇམ་དཔལ་དང་སླན་ཆད་འཁོར་བར་འཁོར་བ་ན་ཤེས་པ་མེད་པ་སྤངས་ཏེ། ཡང་དག་པའི་ཡེ་ཤེས་བཙལ་བར་བྱའོ། ། དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པ་སྟེ། གང་ཞིག་དེ་བཞིན་གཤེགས་པ་ལ་དེ་ལྟ་བུའི་ཚུལ་དུ་ལྟ་ན། མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ། ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། ཙུན་ད་ལ་སྨྲས་པ། ལེགས་སོ་ལེགས་སོ།། རིགས་ཀྱི་བུ་ཁྱོད་ནི་ཤིན་ཏུ་ཚེ་རིང་བར་འགྱུར་བའི་རྒྱུ་མངོན་སུམ་དུ་གྱུར་ཏེ། དེ་བཞིན་གཤེགས་པ་རྟག་པའི་ཆོས་ཅན། མི་འགྱུར་མི་འཕོ་བའི་ཆོས་ཅན། འདུས་མ་བྱས་པའི་ཆོས་སུ་རྟོགས་པ་ལེགས་སོ། ། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་འདུས་བྱས་ཀྱི་མཚན་ཉིད་དུ་མ་བརྗོད་པ་ལེགས་སོ།། ཇི་ལྟར་མེས་ཚིག་པའི་གང་ཟག་དེ་ཁྲེལ་ཞིང་ངོ་ཚ་བ་དང་ལྡན་པས་གོས་ཀྱིས་ལུས་གཡོགས་པ་དང་། བསམ་པ་དེ་དགེ་བས་སུམ་ཅུ་རྩ་གསུམ་གནམ་གྱི་ལྷར་སྐྱེས། ཚངས་པའི་རྒྱལ་པོ་དང་། འཁོར་ལོས་གྱུར་པའི་རྒྱལ་པོར་གྱུར་ཏེ། རྟག་ཏུ་གནས་བདེ་བར་སྐྱེས་ཀྱི། ངན་སོང་དུ་མ་སྐྱེས་སོ། ། དེ་བཞིན་དུ་ཁྱོད་ཀྱང་དེ་བཞིན་གཤེགས་པ་འདུས་བྱས་ཀྱི་མཚན་ཉིད་མ་བརྗོད་པས། ཕྱི་མ་མ་འོངས་པའི་དུས་སུ་གདོན་མི་ཟ་བར་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། མ་འདྲེས་པའི་ཆོས་བཅོ་བརྒྱད་དང་། ཚེ་ཚད་མེད་པ་དང་། འཁོར་བར་མི་གནས་པ་དང་། རབ་ཏུ་བདེ་བ་དང་། རིང་པོ་མི་ཐོགས་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། ། ཙུན་ད་དེ་ནི་དེ་བཞིན་གཤེགས་པས་རྒྱས་པར་གསུངས་པར་འགྱུར་གྱིས། བདག་ཅག་གཉིས་ཀས་དེ་བཞིན་གཤེགས་པའི་འདུས་བྱས་ཀྱི་མཚན་ཉིད་མི་བརྗོད་པར་བྱའོ། ། འདུས་བྱས་དང་། འདུས་མ་བྱས་པ་འདི་རེ་ཞིག་ཞོག་ལ། བསོད་སྙོམས་ཅི་འབྱོར་པ་མྱུར་དུ་ཕུལ་ཅིག། སྦྱིན་པ་འདི་ནི་སྦྱིན་པ་བྱིན་པའི་ནང་ན་ཕུལ་དུ་འགྱུར་རོ། ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལམ་རིང་པོ་ནས་འོངས་པ་ང་ལ་ཆད་པ་དག་ལ་ཡོངས་སུ་དག་པའི་སེམས་ཀྱིས་ཅི་འདོད་པ་མྱུར་དུ་ཕུལ་ཅིག་དང་། ཁྱོད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ས་བོན་དུ་འགྱུར་རོ།། ཙུན་ད་གང་གིས་ནང་གི་ཐ་མར་སངས་རྒྱས་དང་། དགེ་འདུན་ལ་མང་ཡང་རུང་། ཉུང་ཡང་རུང་ཆོག་ཀྱང་རུང་། མི་ཆོག་ཀྱང་རུང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཀར་ཕུལ་ཅིག། ཙུན་དས། འཇམ་དཔལ་ལ་སྨྲས་པ། ཅིའི་ཕྱིར་བསོད་སྙོམས་ལ་ཆགས་ཏེ། མང་བ་དང་། ཉུང་བ་དང་། ཆོག་པ་དང་། མཆོག་པ་དང་། དུས་སུ་ཕུལ་ཅིག་ཅེས་གསུང་། འཇམ་དཔལ་དེ་བཞིན་གཤེགས་པ་སྔོན་ལོ་དྲུག་གི་བར་དུ་དཀའ་བ་སྤྱོད་ཀྱང་བཟོད་ན། དེང་འདིར་སྐད་ཅིག་ཟང་ཅིག་ཙམ་ཐོགས་པ་ལྟ་ཅི་སྨོས། འཇམ་དཔལ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསོད་སྙོམས་འདི་ཡང་དག་པར་བཞེས་སོ་སྙམ་སེམས་སམ། བདག་ནི་དེ་བཞིན་གཤེགས་པའི་སྐུ་འདི་ངེས་པར་ཆོས་ཀྱི་སྐུ་ཡིན་གྱིས། ཟས་ཀྱི་སྐུ་མ་ཡིན་པར་ཤེས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། ཙུན་དས་སྨྲས་པ་བཞིན་ནོ།། ཙུན་ད་ཤིན་ཏུ་ལེགས་སོ།། ཁྱོད་ནི་མཆོག་གི་ཡེ་ཤེས་ཆེན་པོ་དང་ལྡན་ཏེ། ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་ཟབ་མོའང་ལེགས་པར་རྟོགས་སོ། ། འཇམ་དཔལ་གྱིས། ཙུན་ད་ལ་སྨྲས་པ། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་འདུས་མ་བྱས་པ་རྟོགས་པ་ནི། དེ་བཞིན་གཤེགས་པའི་སྐུ་ཚེ་ཚད་ནི་ཤིན་ཏུ་རིང་བ། དེ་ལྟ་བུའི་ཚུལ་དུ་ཤེས་ན། དེ་བཞིན་གཤེགས་པས་ཀྱང་ཁྱོད་ལ་སྤྲོ་བ་གནང་བར་གྱུར་ཏོ།། ཙུན་དས་སྨྲས་པ། བདག་འབའ་ཞིག་ལ་སྤྲོ་བ་གནང་བ་མ་ཡིན་གྱི་སེམས་ཅན་ཐམས་ཅད་ལའང་སྤྲོ་བ་གནང་བ་ཡིན་ནོ། ། འཇམ་དཔལ་གྱིས་སྨྲས་པ། དེ་བཞིན་གཤེགས་པས་ཁྱོད་དང་། བདག་དང་། སེམས་ཅན་ཐམས་ཅད་ལའང་སྤྲོ་བ་གནང་བ་ཡིན་ནོ། ། ཙུན་དས་སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པས་སྤྲོ་བ་གནང་ངོ་ཞེས་མ་ཟེར་ཅིག། སྤྲོ་བ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་འདུ་ཤེས་པའོ།། གང་ཕྱིན་ཅི་ལོག་ཏུ་འདུ་ཤེས་པ་ནི་འཁོར་བའོ། ། གང་འཁོར་བ་དེ་ནི་འདུས་བྱས་ཀྱི་ཆོས་ཅན་ནོ།། དེ་བས་ན་འཇམ་དཔལ་དེ་བཞིན་གཤེགས་པ་ལ་འདུས་བྱས་སུ་མི་བལྟའོ།། ཅི་སྟེ་དེ་བཞིན་གཤེགས་པ་ལ་འདུས་བྱས་ཡིན་པར་སྨྲས་ན། སྐྱེས་གུ་ཁྱོད་དང་བདག་ཀྱང་ཕྱིན་ཅི་རོག་ཏུ་སྤྱོད་པར་གྱུར་ཏོ།། འཇམ་དཔལ་དེ་བཞིན་གཤེགས་པ་ལ་ནི་སྡུག་པར་དགོངས་པ་མེད་དོ།། ཐཱ་པར་སེམས་པ་དེ་ནི། དཔེར་ན་བ་བེའུ་ལ་སྡུག་པར་སེམས་ཏེ། ལྟོགས་སམ། སྐོམ་ཡང་འགྲོ་བཞིན་དུ་རྩཝ་དང་ཆུ་ཚོལ་ཏེ། ཆོག་ཀྱང་རུང་། མཆོག་ཀྱང་རུང་། དེ་མ་ཐག་ཏུ་བེའུ་ཚོལ་ཞིང་འོང་ངོ་། ། སངས་རྒྱས་བཅོམ་ལྡན་འདས་ལ་ནི་དེ་ལྟ་བུའི་དགོངས་པ་མི་མངའི། ཐམས་ཅད་ལའང་སྒྲ་གཅན་འཛིན་དང་འདྲ་བར་གཟིགས་སོ།། གང་དེ་ལྟར་དགོངས་པ་དེ་ནི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་རྒྱལ་པོ་ཆེན་པོའི་རྟ་ཤིན་ཏུ་དུལ་བ་ལས་བཅས་པའི་ཤིང་རྟ་ལ། བོང་བུའི་ཤིང་རྟས་སླེབས་སུ་རེ་བ་ནི་གནས་མེད་དོ། ། སྐྱེས་བུ་ཁྱོད་དང་བདག་ཀྱང་དེ་དང་འདྲ་སྟེ། དེ་བཞིན་གཤེགས་པའི་དགོངས་པ་ཟབ་མོའི་མཐའ་ཆུབ་པར་རྟོགས་སུ་རེ་བའང་གནས་མེད་དོ།། འཇམ་དཔལ་འདིས་སྟེ། དཔེར་ན་བྱ་ནམ་མཁའ་ལྡིང་གི་རྒྱལ་པོ་སྟེང་གི་ནམ་མཁའ་ལ་དཔག་ཚད་གྲངས་མེད་པ་ཞིག་ལས་འཕགས་ཏེ། འོག་ཏུ་རྒྱ་མཚོ་ལ་བལྟས་ན་ཆུའི་ནང་ན་གནས་པ་ཉ་དང་། རུས་སྦལ་དང་། ཁོ་གོར་བབ་བཤའ་དང་། ཆུ་སྲིན་དང་། ཀླུ་ལ་སོགས་པ་ཆུའི་རིས་སུ་གཏོགས་པ་ཐམས་ཅད་གསལ་བར་མཐོང་བ་ནི། ཇི་ལྟར་མེ་ལོང་གསལ་བའི་ནང་ན་གཟུགས་བསྟན་སྣང་བདང་འདྲ་སྟེ། བུས་པ་ཤེས་པ་ཆུང་བ་དག་གིས་ནི་དཔག་ནུས་པ་མ་ཡིན་ནོ།། དེ་ལྟར་དེས་མི་མཐོང་བ་བཞིན་དུ་སྐྱེས་བུ་ཁྱོད་དང་བདག་ཀྱང་དེ་དང་འདྲ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་དཔག་ནུས་པ་མ་ཡིན་ནོ། ། འཇམ་དཔལ་གྱིས། ཙུན་ད་ལ་སྨྲས་པ། དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། ཁྱོད་ཀྱིས་སྨྲས་པ་བཞིན་ཏེ། ངས་དོན་འདི་དག་མ་རྟོགས་པ་ནི་མ་ཡིན་གྱི། ཁྱོད་དང་བྱང་ཆུབ་སེམས་དཔའི་རྣམས་བསྟན་པར་ཟད་དོ།། དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་རྣམ་པ་སྣ་ཚོགས་བཀྱེ་ནས། འོད་དེས་འཇམ་དཔལ་གྱི་ལུས་ལ་ཡོངས་སུ་སྣང་བ་བྱས་སོ། ། འཇམ་དཔལ་ལ་འོད་དེས་རེག་མ་ཐག་ཏུ་དངོས་པོ་ཇི་ལྟ་བུ་ཉིད་མོད་ལ་རྟོགས་ནས། ཙུན་ད་ལ་འདི་སྐད་ཅེས་སྨྲས་སོ།། དེ་བཞིན་གཤེགས་པས་ལྟས་འདི་བསྟན་ནས་རིང་པོར་མི་ཐོགས་པར་ཡོངས་སུ་མྱ་ངན་ལས་འདས་པར་གཤེགས་ངེས་ཀྱིས། ཁྱོད་ཀྱི་མཆོད་པ་ནང་གི་ཐ་མར་བཤམས་པ་བཅོམ་ལྡན་འདས་དང་། དགེ་འདུན་ཆེན་པོ་རྣམས་ལ་དབུལ་བའི་དུས་ལ་བབ་བོ།། ཙུན་ད་དེ་བཞིན་གཤེགས་པ་འོད་ཟེར་རྣམ་པ་སྣ་ཚོགས་བཀྱེ་བ་འདི་ནི། རྒྱུ་མེད་རྐྱེན་མེད་པ་མ་ཡིན་པར་རིག་པར་གྱིས་ཤིག། ཙུན་དས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ཅང་མི་སྨྲ་བར་འདུག་གོ།། བཅོམ་ལྡན་འདས་ཀྱིས། ཙུན་ད་ལ་བཀའ་སྩལ་པ། ཁྱོད་ཀྱིས་མཆོད་པ་བཤམས་པ་སངས་རྒྱས་དང་དགེ་འདུན་རྣམས་ལ་དབུལ་བའི་དུས་ལ་བབ་བོ། ། དེ་བཞིན་གཤེགས་པ་ནི་ཡོངས་སུ་མྱ་ངན་ལས་འདའ་འོ་ཞེས། ལན་གཉིས་ལན་གསུམ་གྱི་བར་དུ་དེ་བཞིན་དུ་བཀའ་སྩལ་ཏོ། ། དེའི་ཚེ་ཙུན་དས། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་མ་ཐག་ཏུ་སྐད་ཆེན་པོ་ཕྱུང་སྟེ་ངུས་ནས་འདི་སྐད་དུ། ཀྱི་ཧུད་ཀྱི་ཧུད་འཇིག་རྟེན་སྟོངས་སོ་ཞེས་ཆོ་དེ་རྡུང་ངོ་། ། ཡང་འཁོར་གྱི་དཀྱིལ་འཁོར་རྣམས་ལ་འདི་སྐད་དུ། བདག་ཅག་གིས་ལུས་སྨད་ལྔ་ས་ལ་གཏུགས་ཏེ་ཐམས་ཅད་ཀྱི་སྐད་མཐུན་པར། བཅོམ་ལྡན་འདས་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པར་བྱའོ། ། བཅོམ་ལྡན་འདས་ཀྱིས། ཙུན་ད་ལ་བཀའ་སྩལ་པ། སེམས་ཅན་ཡོངས་སུ་གདུངས་ཤིང་རབ་ཏུ་མ་དུ་བར། བདག་གི་ལུས་ལ་ཆུ་ཤིང་ལྟ་བུར་རམ། སྨིག་རྒྱུ་བ་འམ། ཆུའི་ཆུ་བུར་རམ། སྒྱུ་མ་འམ། དྲི་ཟའི་གྲོང་ཁྱེར་རམ། རྫ་སོ་མ་བཏང་བ་འམ། གློག་གི་འོད་དམ། ཆུ་ལ་རི་མོ་བྲིས་པ་འམ། གསོད་དུ་ཁྲིད་པའི་བཙོན་ལྟ་བུ་འམ། ཤིང་ཐོག་སྨིན་པ་ལྟ་བུ་འམ། ཤ་རུལ་པ་འམ། ཐབས་ཀྱི་རྒྱུ་ཟད་པ་འམ། གཏུན་ལྟ་བུར་བལྟའོ།། འདུ་བྱེད་རྣམས་ལ་དྲུག་དང་འདྲེས་པའི་ཟས་ལྟ་བུར་བལྟའོ། ། འདུས་བྱས་ཀྱི་ཆོས་ཆོས་རྣམས་ལ་ཉེས་པའི་སྐྱོན་རྣམ་པ་མང་བར་བལྟའོ།། དེ་ནས་ཙུན་ངས། བཅོམ་ལྡན་འདས་ལ་འཇ་སྐད་ཅེས་གསོལ་ཏོ། ། དེ་བཞིན་གཤེགས་པ་འཇིག་རྟེན་ན་ཡུན་དུ་བཞུགས་པར་མི་དགྱེས་ན། བདག་མི་ངུ་བའི་གཏོགས་ག་ལ་མཆིས། ཀྱི་ཧུད་ཀྱི་ཧུད་འཇིག་རྟེན་སྟོངས་སོ།། བཅོམ་ལྡན་འདས་བདག་ཅག་དང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་སླད་དུ། འཇིག་རྟེན་ན་ཡུན་དུ་བཞུགས་ཤིང་མྱ་ངན་ལས་མི་འདའ་བར་གསོལ་ལོ།། བཅོམ་ལྡན་འདས་ཀྱིས། ཙུན་ད་ལ་བཀའ་སྩལ་པ། བདག་ཅག་ལ་ཐུགས་བརྩེ་བའི་ཕྱིར་འཇིག་རྟེན་ན་ཡུན་དུ་བཞུགས་པར་གསོལ་ཞེས་མ་ཟེར་ཅིག། ངས་ཁྱོད་ལ་སོགས་པ་འགྲོ་བ་ཐམས་ཅད་ལ་ཐུགས་བརྩེ་བའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་སོ། ། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཀྱང་དེ་ཡིན་ལ། འདུས་བྱས་ཀྱང་དེ་དང་འདྲའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་སྐད་ཅེས་གསུངས་སོ།། འདུས་བྱས་པ་ཡི་ཆོས་ཐམས་ཅད།། རང་བཞིན་ཉིད་ཀྱིས་མི་རྟག་སྟེ།། སྐྱེས་ནས་མི་གནས་པ་ཡིན་པས། ། རབ་ཏུ་ཞི་བ་དེ་བདེ་བའོ།། ཙུན་ད་ཁྱོད་འདུས་བྱས་ཐམས་ཅད་འདྲེས་པ་དང་། ཆོས་ཐམས་ཅད་ལ་བདག་མེད་པ་དང་། མི་རྟག་པ་དང་། རིང་དུ་མི་གནས་ཏེ། ལུས་འདི་ནི་ཤིན་ཏུ་སྐྱོན་མང་བས་ཆུ་བུར་ལྟ་བུར་ལྟོས་ལ་དེ་བས་ན་མ་དུ་ཞིག། དེ་ནས་ཙུན་དས། བཅོམ་ལྡན་འདས་ལ་གསོལ་པ། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། ། བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན། དེ་བཞིན་གཤེགས་པས་ཡོངས་སུ་མྱ་ངན་ལས་འདའ་བའང་ཐབས་སུ་བསྟན་པར་འཚལ་མོད་ཀྱི། བདག་གི་མྱ་ངན་མི་བགྱིད་ཀྱང་མི་བཟོད་དོ།། ཡང་ཤིན་ཏུ་བསམས་ན་དགའ་ཞིང་སྤྲོ་བའང་སྐྱེའོ།། བཅོམ་ལྡན་འདས་ཀྱིས། ཙུན་ད་ལ་བཀའ་སྩལ་པ། ལེགས་སོ།། ཤིན་ཏུ་ལེགས་སོ། ། དེ་བཞིན་གཤེགས་པས་སེམས་ཅན་དང་མཐུན་པའི་ཚུལ་དུ་མྱ་ངན་ལས་འདའ་བར་བསྟན་པ་ཤེས་པ་ལེགས་སོ།། ཙུན་ད་ཁྱོད་ལེགས་པར་ཉོན་ཅིག། འདི་ལྟ་སྟེ། དཔེར་ན་བྱས་ལ་ས་ཞེས་བྱ་བ་དབྱར་ཚ་བའི་དུས་སུ་ཐམས་ཅད་མཚོ་མ་དྲོས་པ་ཞེས་བྱ་བར་འདུའོ།། བཅོམ་ལྡན་འདས་ཀྱང་དེ་དང་འདྲ་སྟེ་གནས་དེ་ཉིད་དུ་གཤེགས་སོ།། ཙུན་ད། ཁྱོད་དེ་བཞིན་གཤེགས་པའི་སྐུ་ཚེ་ཚད་རིང་ཞེ་འམ། ཐུང་ཞེས་མ་རྟོག་པར་ཆོས་ཐམས་ཅད་སྒྱུ་མ་དང་འདྲ་སྟེ། དེ་བཞིན་གཤེགས་པས་ཐབས་ཀྱིས་ཅི་ལའང་ཆགས་པར་མི་མཛད་དོ། ། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཆོས་ཉིད་ཀྱིས་དེའོ།། ཙུན་ད་ཁྱོད་ཀྱི་མཆོད་པ་ནང་གི་ཐ་མ་བཤམས་པ་འདི་བཞེས་པ་ནི། ཁྱོད་འཁོར་བའི་ཀླུང་ལས་སྦལ་བའི་ཕྱིར་རོ། ། དེ་ལ་ལྷ་འམ། མི་འམ། འཇིག་རྟེན་དུ་བཅས་པ་གང་ཡང་རུང་། ནང་གི་ཐ་མར་མཆོད་པ་བཤམས་ཏེང་ལ་ཕུལ་ན་མི་གཡོ་བའི་འབྲས་བུ་ཐོབ་ཅིང་། རྟག་ཏུ་བདེ་བ་མྱོང་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ང་ནི་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཡིན་པའི་ཕྱིར་རོ།། ཁྱོད་ཀྱང་སེམས་ཅན་རྣམས་ཀྱི་ཞིང་དུ་འགྱུར་བར་འདོད་ན། མཆོད་པ་བཤམས་པ་མ་ཐོགས་པར་མྱུར་དུ་ཕུལ་ཅིག། དེ་ནས་ཙུན་དས་སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བར་བྱ་བའི་ཕྱིར། མགོ་སྨད་དེ་མཆི་མ་བླགས་བཞིན་དུ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཤིན་ཏུ་ལེགས་སོ།། བཅོམ་ལྡན་འདས་བདག་བསོད་ནམས་ཀྱི་ཞིང་དུ་གྱུར་ཡང་དག་ན་ལྟ། དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བ་དང་། མྱ་ངན་ལས་འདའ་བ་མ་ལགས་པ་རྟོགས་པར་འགྱུར་བ་ཞིག་ན། བདག་ཅག་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡེ་ཤེས་ནི་སྦྲང་བུ་དང་འདྲ་བས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མྱ་ངན་ལས་མི་འདའ་བ་དཔོག་མི་ནུས་སོ།། དེ་ནས་ཙུན་ད་འཁོར་དང་བཅས་པས་མཆི་མ་བླགས་ཏེ། ངུ་བཞིན་དུ་དེ་བཞིན་གཤེགས་པ་ལ་བསྐོར་བ་བྱས། བདུག་སྤོས་དང་མེ་ཏོག་གིས་གཏོར་ཏེ་མཆོད་པ་བྱས་ནས། འཇམ་དཔལ་དང་བཅས་སུ་འདུག་པ་ལས་ལངས་ཏེ། མཆོད་པ་གཤོམས་དུ་དོང་ངོ་། ། དེ་ལྟར་སོང་མ་ཐག་ཏུ་དེའི་ཚེ་སའང་ཚངས་པའི་འཇིག་རྟེན་ལ་ཐུག་གི་བར་དུ་རྣམ་པ་དྲུག་ཏུ་གཡོས་སོ།། ས་གཡོ་བ་ལ་རྣམ་པ་གཉིས་ཏེ། ས་གཡོས་པ་དང་། ས་རབ་ཏུ་གཡོས་པའོ།། ཅུང་ཟད་གཡོས་པ་ནི་ས་གཡོས་པ་ཞེས་བྱའོ།། ཆེར་གཡོས་པ་ནི་རབ་ཏུ་གཡོས་པ་ཞེས་བྱའོ།། སྐད་ཆུང་བ་ནི་ས་གཡོས་པ་ཞེས་བྱའོ།། སྐད་ཆེ་བ་ནི་རབ་ཏུ་གཡོས་པ་ཞེས་བྱའོ།། ས་འབའ་ཞིག་གཡོས་པ་ནི་ས་གཡོས་པ་ཞེས་བྱའོ།། རི་དང་། ཆུ་དང་། ཤིང་དང་རྒྱ་མཚོ་ལ་སོགས་ཏེ། ཐམས་ཅད་གཡོས་པ་ནི་རབ་ཏུ་གཡོས་པ་ཞེས་བྱའོ། ། ཕྱོགས་གཅིག་ཏུ་གཡོས་པ་ནི་ས་གཡོས་པ་ཞེས་བྱའོ།། ཀུན་ཏུ་འཁོར་ཞིང་གཡོས་པ་ནི་རབ་ཏུ་གཡོས་པ་ཞེས་བྱའོ།། འགུལ་བ་ནི་ས་གཡོས་པ་ཞེས་བྱའོ།། འགུལ་བ་ན་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱང་གཡོས་པ་ནི་རབ་ཏུ་གཡོས་པ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་ཐོག་མ་ནས་བདེན་གནམ་ནས་བབས་ཏེ། འཛམ་བུའི་གླིང་དུ་གཤེགས་པ་ན་གཡོས་པ་ཞེས་བྱའོ། ། ཐོག་མ་བཙས་པ་དང་། རབ་ཏུ་བྱུང་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པ་སངས་རྒྱས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་པ་ནི་རབ་ཏུ་གཡོས་པ་ཞེས་བྱའོ། ། དེང་དེ་བཞིན་གཤེགས་པའང་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་པ་ལྟ་སྟེ། དེ་བས་ན་ས་འདིའང་རབ་ཏུ་གཡོས་སོ། ། དེ་ནས་ལྷ་དང་། ཀླུ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། སྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ལ་སོགས་པ་དེ་སྐད་ཐོས་མ་ཐག་ཏུ་ལུས་ཀྱི་བ་སྤུ་ཀུན་ལངས་ནས་ཐམས་ཅད་དུ་ངུ་སྟེ། སྐད་མཐུན་པར་ཚིགས་སུ་བཅད་པས་འདི་སྐད་ཅེས་གསོལ་ཏོ།། ཕྱག་འཚལ་ཁ་ལོ་སྒྱུར་བ་ལ།། བདག་ཅག་རྣམས་ནི་གསོལ་བ་འདེབས། ། དྲང་སྲོང་ཆེན་པོས་བོར་བས་ནི།། མགོན་སྐྱབས་རྟེན་མ་མཆིས་པར་གྱུར།། བཅོམ་ལྡན་མྱ་ངན་འདས་གཤེགས་པས།། བདག་ཅག་སྡུག་བསྔལ་རྒྱ་མཚོར་ནུབ། ། ཡི་བློང་མྱ་ངན་གདུང་བ་ནི།། ཇི་ལྟར་བེའུ་དག་མ་སྟོར་བཞིན།། དབུལ་འཕོངས་མགོན་དང་སྐྱབས་མ་མཆིས།། ཇི་ལྟར་ཤིན་ཏུ་ན་བ་དེ།། སྨན་པ་མཁས་པ་མ་མཆིས་པས། ། ཡིད་བཞིན་བཟའ་བ་ཅི་ཡང་འཚལ།། སེམས་ཅན་ཉོན་མོངས་ནད་ཀྱིས་གཟིར།། ལྟ་བ་རྣམས་ཀྱིས་རྟག་ཏུ་འཚེ།། ཆོས་ཀྱི་སྨན་པ་མཁས་དང་བྲལ།། ངན་པར་ལྟ་བའི་གདུག་པ་འཚལ། ། དེ་བས་སངས་རྒྱས་བཅོམ་ལྡན་འདས།། བདག་ཅག་སྤང་བ་མི་མཛད་གསོལ།། དཔེར་ན་རྒྱལ་པོ་མི་བཞུགས་ན།། ཡུལ་མི་ཐམས་ཅད་རྟོགས་པར་འགྱུར།། བད་ཅག་རྣམས་ཀྱང་དེ་འདྲ་སྟེ། ། ཆོས་ཀྱི་རོ་དང་སྐྱབས་ཀྱང་སྟོར།། སངས་རྒྱས་མྱ་ངན་འདའ་ཐོས་པས།། བདག་ཅག་སེམས་ནི་མྱོས་པར་གྱུར།། ཇི་ལྟར་ས་ཆེན་རབ་གཡོས་ན།། ཕྱོགས་རྣམས་ཤིན་ཏུ་བསླད་པ་བཞིན། ། དྲང་སྲོང་མྱ་ངན་འདས་གཤེགས་པས།། སངས་རྒྱས་ཉི་མས་ལ་ལྟུང་།། ཆོས་ཀྱི་ཆུ་ཡང་བསྐམ་པར་གྱུར།། བདག་ཅག་གདོན་མི་ཟ་བར་འཆི། བཅོམ་ལྡན་མྱ་ངན་འདས་གཤེགས་ན།། འགྲོ་བ་སྡུག་བསྔལ་གདུང་བ་ནི།། དཔེར་ན་ཚོང་པ་ཞིག་གི་བུ།། གསར་དུ་ཕ་མ་ཤི་བ་བཞིན།། བཅོམ་ལྡན་རྩ་ངན་འདས་གཤེགས་ཏེ། ། ཅི་སྟེ་མི་བཞུགས་པར་གྱུར་ན།། བདག་དང་སེམས་ཅན་ཐམས་ཅད་ནི།། མགོན་དང་སྐྱབས་མ་མཆིས་པར་འགྱུར།། བཅོམ་ལྡན་མྱ་ངན་འདས་གཤེགས་ན།། བྱོལ་སོང་སྐྱེ་གནས་བར་དུ་ཡང་།། ཐམས་ཅད་སྡུག་བསྔལ་ཡི་བློང་ཞིང་།། གདུངས་པར་གྱུར་ཏེ་སྨྲེ་སྔགས་འདོན།། དེང་འདིར་བདག་ཅག་རྣམས་ཀྱིས་ནི།། མྱ་ངན་མི་བགྱིད་གཏོལ་མ་མཆིས། ། དེ་བཞིན་གཤེགས་པས་བོར་བ་ཡང་།། ཇི་ལྟར་མཆིལ་མ་ངར་སྣབས་བཞིན།། དཔེར་ན་ཉི་མ་ཤར་བ་ན།། འོད་ཟེར་ཀུན་ཏུ་ལྷམ་མེར་སྣང་།། ཀུན་ཏུ་སྣང་བར་བྱས་པས་ནི། ། མུན་པ་ཐམས་ཅད་མེད་པར་འགྱུར།། དེ་བཞིན་གཤེགས་པའི་རྫུ་འཕྲུལ་འོད།། བདག་ཅག་རྣམས་ཀྱི་ཉོན་མོངས་བསལ།། འཁོར་གྱི་ནང་དུ་བཞུགས་པ་ཡང་རི་རབ་རི་ཡི་རྒྱལ་པོ་བཞིན། བཅོམ་ལྡན་འདས་དཔེར་ན་རྒྱལ་པོ་ཞིག་སྲས་བུ་བྱད་གཟུགས་བཟང་བ། བལྟ་ན་སྡུག་པ། ཤིན་ཏུ་མཛེས་པ་དག་མཆིས་ན། ཤིན་ཏུ་མཛེས་པས་སྔར་རྩལ་སྣ་ཚོགས་བསླབས་ཏེ། ཁོང་དུ་ཆུད་པའི་འོག་ཏུ་གཤེད་མ་ལ་སོད་ཅིག་ཅེས་གཏད་དོ།། བཅོམ་ལྡན་འདས་བདག་ཅག་ཀྱང་ཆོས་ཀྱི་སྲས་སུ་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་བསྟན་ཅིང་བཅོས་ན། ཡང་དག་པར་ལྟ་བ་དང་ལྡན་པར་འགྱུར་གྱིས། བདག་ཅག་རྣམས་མི་སྤང་དུ་གསོལ། ཅི་སྟེ་བདག་ཅག་ཡོངས་སུ་སྤངས་པར་གྱུར་ན། རྒྱལ་པོའི་སྲས་དང་འདྲ་བར་མི་འགྱུར་རམ། མྱ་ངན་ལས་མི་འདའ་བར་འཇིག་རྟེན་ན་ཡུན་དུ་བཞུགས་སུ་གསོལ། བཅོམ་ལྡན་འདས་དཔེར་ན་སྐྱེས་བུ་ཞིག་གཙུག་ལག་གི་རྣམས་ལེགས་པར་ལོབས་ནས། གཙུག་ལག་གིས་སྐྲག་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱང་དེ་དང་མཚུངས་ཏེ། ཆོས་ཐམས་ཅད་ཐུགས་སུ་ཆུད་ནས། ཆོས་ཀྱིས་བསྙེངས་པར་གྱུར་ཏོ།། གལ་ཏེ་དེ་བཞིན་གཤེགས་པ་འཇིག་རྟེན་ན་ཡུན་དུ་བཞུགས་ཤིང་། བདུད་རྩི་ལྟ་བུའི་ཆོས་བསྟན་ཏེ་ཐམས་ཅད་ངོམས་པར་མཛད་ན། སེམས་ཅན་ཐམས་ཅད་ཀྱང་སེམས་ཅན་དམྱལ་བར་ལྟུང་གིས་མི་དོགས་སོ། ། བཅོམ་ལྡན་འདས་དཔེར་ན་སྐྱེས་བུ་ཞིག་ལས་བྱེད་པའི་འཕྲོ་ལས་བཟུང་སྟེ་བཙོན་རར་བཅུག་ནས། དེ་ལ་མི་ཞིག་གིས་འདི་སྐད་དུ་ཁྱོད་འདི་ན་ཅི་བྱེད་ཅེས་དྲིས་ན། བདག་ནི་ཤིན་ཏུ་སྡུག་བསྔལ་ཆེན་པོ་མྱོང་ཞིང་འདུག་སྟེ། འདི་ལས་ཐར་ན་རབ་ཏུ་བདེ་བར་འགྱུར་རོ་ཞེས་མཆིའོ།། བཅོམ་ལྡན་འདས་ཀྱང་དེ་དང་འདྲ་སྟེ། བདག་ཅག་གི་སླད་དུ་སྤྱོད་པ་དཀའ་བ་མཛད་མཛད་དེ། བདག་ཅག་འཁོར་བའི་ཉོན་མོངས་པ་ལས་མ་ཐར་ན། དེ་བཞིན་གཤེགས་པ་བདེ་བར་ག་ལ་འགྱུར། བཅོམ་ལྡན་འདས་དཔེར་ན་སྨན་པ་ཤིན་ཏུ་མཁས་པ་ནི་སྨན་དཔྱད་གསང་བ་དག་བུ་ལ་སྟོན་གྱི། སློབ་མ་གཞན་ལ་མི་སྟོན་ནོ།། བཅོམ་ལྡན་འདས་ཀྱང་དེ་དང་འདྲ་སྟེ། དགོངས་ཏེ་གསུངས་པའི་སྙིང་པོ་ཤིན་ཏུ་ཟབ་མོའང་འཇམ་དཔལ་འབའ་ཞིག་ལ་བསྟན་གྱི། བདག་ཅག་རྣམས་ལ་བསྟན་པར་མ་གྱུར་ཏོ།། དེ་བཞིན་གཤེགས་པའང་སྨན་པ་ལྟར་བུ་འབའ་ཞིག། ལ་བསྟན་གྱི། སློབ་མ་གཞན་ལ་མི་སྟོན་པ་ལྟར། དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ལ་ཕྲག་དོག་ཏུ་མ་གྱུར་པ་ལགས་སོ།། སྨན་པ་དེས་ཀུན་ལ་འདྲ་བར་མ་བསྟན་པ་ནི། བྱམས་སྡང་གི་སེམས་དང་བཅས་པས་གསང་སྟེ་སྟོན་པར་གྱུར་ན། དེ་བཞིན་གཤེགས་པའི་ཐུགས་ནི་བྱམས་སྡང་མི་མངའ་ན། ཅིའི་སླད་དུ་བདག་ཅག་ལ་བསྟན་པར་མ་གྱུར། བཅོམ་ལྡན་འདས་ཡུན་དུ་བཞུགས་ཤིང་། མྱ་ངན་ལས་མི་འདའ་བར་གསོལ་ལོ།། བཅོམ་ལྡན་འདས་དཔེར་ན་རྒན་པོ་འམ། གཞོན་ནུའང་རུང་། ནད་ཀྱིས་སྡུག་བསྔལ་བར་གྱུར་ལ་ལམ་བཟང་པོ་སྤངས་ནས། ལམ་ཉམ་ང་བ་གཡང་ས་དང་བཅས་པ་ལམ་ངན་པར་ཞུགས་ན་ཤིན་ཏུ་སྡུག་བསྔལ་བ་མྱོང་བར་འགྱུར་རོ།། དེ་ལ་མི་ཞིག་གིས་མཐོང་ནས་སྙིང་བརྩེ་བས་ཉམ་ང་བ་མེད་པ་བཟང་པོ་བསྟན་ཏོ། ། བཅོམ་ལྡན་འདས་བདག་ཅག་ཀྱང་དེ་དང་འདྲ་སྟེ། དེ་ལ་གཞོན་ནུ་ཞེས་བགྱི་བ་ནི་ཆོས་ཅན་གྱི་ལུས་མ་བསྐྱེད་པའི་དཔེའོ།། རྒན་པོ་ཞེས་བགྱི་བ་ནིཉོན་མོངས་པོ་ཆེན་པོའི་དཔེའོ། ། ན་བ་ནི་འཁོར་བ་ལས་མ་ཐར་པའི་དཔེའོ།། ལམ་ག་ཡངས་ས་དང་ལྡན་པ་ནི་སྲིད་པ་ཉི་ཤུ་ལྔ་པོའི་དཔེའོ།། བཅོམ་ལྡན་འདས་བདག་ཅག་ལ་འདུད་རྩིའི་ལམ་ཡང་དག་པར་བསྟན་ཅིང་། མྱ་ངན་ལས་མི་འདའ་བར་འཇིག་རྟེན་ན་ཡུལ་དུ་བཞུགས་པར་གསོལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་གི་དགེ་འདུན་རྣམས་ལ་བཀའ་སྩལ་པ། ཁྱེད་དགེ་སློང་དག་བྱིས་པ་མ་རབས་སམ། ལྷ་དང་མི་ལྟ་བུར་མྱ་ངན་དང་དུ་བ་མ་བྱེད་པར། ཡང་དག་པར་དྲན་པ་ཉེ་བར་གཞག་པ་ལ་བརྩོན་འགྲུས་སུ་གྱིས་ཤིག། དེའི་ཚེ་ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པས། བཅོམ་ལྡན་འདས་ཀྱིས་མ་དུ་ཞིག་ཅེས་བཀའ་སྩལ་པ་ཐོས་ནས། དཔེར་ན་མི་ཞིག་པུ་ཤི་ནས་བུའི་ཤིང་གཏང་མ་ཐག་ཏུ་མརུ་ཞིག་ཅེས་བསྒོ་བ་དང་མཚུངས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། འཁོར་མང་པོ་དེ་དག་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཁྱེད་རྣམས་སོ་སོར་སྒོ་སྐྱེད་ལ། མྱ་ངན་ཆེན་པོ་མ་བྱེད་ཅིག། སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཡིན།། དེ་བས་ཅང་མི་གསུང་བར་བཞུགས།། བག་ཡོད་སྤྱོད་ལ་མོས་པར་བྱ།། ཡང་དག་དྲན་པས་སེམས་ཀྱང་བསྲུང་། ། ཆོས་མ་ཡིན་པ་རབ་སྤངས་ཏེ།། སྤྲོ་བ་སྐྱེད་ལ་དགའ་བར་གྱིས།། གཞན་ཡང་དགེ་སློང་དག་ཐེ་ཙོམ་དང་སོམ་ཉིར་གྱུར་པ་ཡོད་ན་ཐམས་ཅད་ཞུ་ཞིང་དྲིས་ཤིག། སྟོང་པ་དང་སྟོང་པ་མ་ཡིན་པ་དང་། རྟག་པ་དང་། མི་རྟག་པ་དང་། སྡུག་བསྔལ་དང་། སྡུག་བསྔལ་མ་ཡིན་པ་དང་། གནས་དང་། གནས་མ་ཡིན་པ་དང་། སོང་བ་དང་། མ་སོང་བ་དང་། འོངས་པ་དང་། འོངས་པ་མ་ཡིན་པ་དང་། ཐེར་ཟུག་དང་། ཟེར་ཟུག་མ་ཡིན་པ་དང་། ཆད་པ་དང་། རྟག་པ་དང་། སེམས་ཅན་དང་། སེམས་ཅན་མ་ཡིན་པ་དང་། ཡོད་པ་དང་། མེད་པ་དང་། བདེན་པ་དང་། མི་བདེན་པ་དང་། ཡང་དག་པ་དང་། ཡང་དག་པ་མ་ཡིན་པ་དང་། འགོག་པ་དང་། འགོག་པ་མ་ཡིན་པ་དང་། གསང་བ་དང་། མི་གསང་བ་དང་། གཉིས་དང་། མི་གཉིས་པ་ལ་སོགས་པའི་ཆོས་ལ་ཐེ་ཙོམ་དུ་གྱུར་པ་ཡོད་ན་ཞུ་བའི་སྐབས་ལ་བབ་ཀྱིས་དྲིས་ཤིག་དང་། ཅི་དང་ཅི་དྲིས་པ་དེ་དང་དེའི་ཐེ་ཙོམ་གཅད་དོ།། ཁྱེད་ལ་སྔར་བདུད་རྩི་ལྟ་བུའི་ཆོས་བསྟན་ཏེ། གདོད་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ།། དགེ་སློང་དག་སངས་རྒྱས་འཇིག་རྟེན་དུ་གཤེགས་པའང་ཤིན་ཏུ་དཀའ། མིའི་ལུས་ཐོབ་པའང་ཤིན་ཏུ་དཀའ། སངས་རྒྱས་དང་ཕྲད་ཅིང་དང་པ་བསྐྱེད་པའང་ཤིན་ཏུ་དཀའ། བཟོད་དཀའ་བ་བཟོད་བའང་ཤིན་ཏུ་དཀའ་བ་ཚུལ་ཁྲིམས་རྫོགས་ཤིང་མ་གོང་མ་ཉམས་ཏེ། དགྲ་བཅོམ་པའི་འབྲས་བུ་ཐོབ་པའང་ཤིན་ཏུ་དཀའ་སྟེ། ས་ལེ་སྦྲམ་མམ། མེ་ཏོག་ཨུ་དུམ་ཝ་ར་ཚོལ་བ་བཞིན་ནོ། ། དགེ་སློང་དག་མི་ཁོམ་པ་བརྒྱད་དང་བྲལ་ཏེ། མིའི་ལུས་ཐོབ་པ་དཀའ་བ་ཐོབ་ནས། ང་དང་ཕྲད་པར་གྱུར་ན་དོན་མེད་པར་ཆུང་མི་གཟན་ཏོ།། ང་སྔོན་དཀའ་བ་རྣམ་པ་སྣ་ཚོགས་སྤྱད་པས། ད་ལྟར་འདི་ལྟ་བུའི་བླ་ན་མེད་པའི་ཐབས་མཁས་པ་དང་ལྡན་པར་གྱུར་ཏོ།། ཁྱེད་ལ་སོགས་པའི་ཕྱིར་བསྐལ་པ་ཚད་མེད་པའི་བར་དུ་ལུས་ཀྱི་ཡན་ལག། ལག་པ་དང་། རྐང་པ་དང་། མགོ་དང་། མིག་དང་། རྐང་དང་། ཀླད་པའང་ཡོངས་སུ་བཏང་ངོ་།། དེ་བས་ན་ཁྱེད་རྣམས་བག་མེད་པར་མི་བྱའོ།། དགེ་སློང་དག་ཇི་ལྟར་ན་ཡང་དག་པའི་ཆོས་ཀྱི་རིན་པོ་ཆེའི་མཁར་བརྒྱན་ཅིང་། ཡོན་ཏན་རིན་པོ་ཆེ་རྣམ་པ་སྣ་ཚོགས་དང་ལྡན་ཞིང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱིས་ར་བ་དང་། འོབས་དང་། ཉེན་ལྟ་བུར་འགྱུར་བར་བྱ་བ་སོམས་ཤིག། ཁྱེད་སངས་རྒྱས་ཀྱི་ཆོས་རིན་པོ་ཆེའི་མཁར་ལྟ་བུ་དང་ཕྲད་པའི་འོག་ཏུ་ཡང་དག་པ་མ་ཡིན་པ་སྒྱུ་དང་བཅས་པ་ལེན་པའི་མི་རིགས་སོ།། དཔེར་ན་ཚོང་དཔོན་དག་རིན་པོ་ཆེ་ཡང་དག་པའི་གླིང་དུ་ཕྱིན་ན། གྱོ་མོ་དང་རྡོ་བ་བླངས་ཏེ་ཕྱིར་ཁྱིམ་དུ་འོངས་པ་དང་འདྲ་བར་ཁྱེད་ཀྱང་དེ་དང་འདྲ་སྟེ། རིན་པོ་ཆེའི་གླིང་དུ་ཕྱིན་ནས་རྫས་སྒྱུ་མ་དག་ལེན་ཏོ། ། དགེ་སློང་དག་ཞུམ་པའི་བསམ་པས་ཆོག་པའི་སེམས་མ་སྐྱེད་ཅིག། ཁྱེད་རྣམས་རབ་ཏུ་བྱུང་མོད་ཀྱི། ཐེག་པ་ཆེན་པོ་ལ་མོས་པར་མི་བྱེད་དོ།། དགེ་སློང་དག་ཁ་དོག་བསྒྱུར་བའི་གོས་ངུར་སྨྲིག་གྱོན་མོད་ཀྱི། སེམས་ནི་ཐེག་པ་ཆེན་པོ་ཡོངས་སུ་དག་པའི་ཆོས་ལ་ཞེན་པར་མ་གྱུར་ཏོ།། དགེ་སློང་དག་བསོད་སྙོམས་ལ་ཞུགས་ཏེ་ཀུན་ཏུ་རྒྱུ་མོད་ཀྱི། ཐེག་པ་ཆེན་པོའི་ཆོས་ཀྱི་ཟས་མ་མྱོང་ངོ་།། དགེ་སློང་དག་སྒྲ་དང་ཁ་སྤུ་བྲེགས་མོད་ཀྱི། ཡང་དག་པའི་ཆོས་ཀྱིས་ཀུན་ནས་ཉོན་མོངས་པ་མེད་པར་མ་བྱས་སོ། ། དགེ་སློང་དག་དང་ཐམས་ཅད་ཚོགས་པ་འདིར་ཡང་དག་པའི་གསུང་གིས་ཁྱེད་ལ་སྟོན་ཏོ།། དེ་བཞིན་གཤེགས་པའི་ཆོས་རྣམས་ཀྱི་མཚན་ཉིད་ནི་ཡང་དག་པ་སྟེ། ཕྱིན་ཅི་མ་ལོག་པའོ།། དེ་བས་ན་ཁྱེད་རྣམ་དཔའ་ཞིང་བརྟུལ་ཕོད་པའི་སེམས་ཀྱིས་ཀུན་ནས་ཉོན་མོངས་པ་གཞོམ་པ་ལ་བརྩོན་པར་གྱིས་ཤིག། སྟོབས་བཅུ་དང་ལྡན་པའི་ཡེ་ཤེས་ཀྱི་ཉི་མ་ནུབ་པར་གྱུར་ན། ཁྱེད་རྣམས་ཀྱང་མ་རིག་པས་ཁེབས་པར་འགྱུར་རོ།། དགེ་སློང་དག་དཔེར་ན་ས་ཆེན་པོ་དང་རི་ལས་སྐྱེས་པའི་རྩི་ཤིང་ནི་སེམས་ཅན་རྣམས་ཀྱི་དགོས་པར་འགྱུར་རོ།། ངའི་ཆོས་ཀྱང་དེ་དང་འདྲ་སྟེ། ཤིན་ཏུ་དགེ་བའི་བདུད་རྩི་ལྟ་བུའི་ཆོས་ཀྱི་རོའང་སྐྱེ་ལ། སེམས་ཅན་གྱི་ཉོན་མོངས་པའི་ནང་རྣམ་པ་སྣ་ཚོགས་ཀྱི་སྨན་དུའང་འགྱུར་རོ།། ངས་དེང་འདི་སེམས་ཅན་ཐམས་ཅད་དང་། ངའི་སྲས་སུ་གྱུར་པ་འཁོར་རྣམ་པ་བཞིའང་དགོངས་ཏེ་གསུངས་པའི་སྙིང་པོ་ལ་བདེ་བར་འགོད་ཅིང་། ང་ལ་བདེ་བར་གནས་ནས་ཡོངས་སུ་མྱ་ངན་ལས་འད་འོ། ། དེ་ལ་དགོངས་ཏེ་གསུངས་པའི་སྙིང་པོ་ཞེས་བྱ་བ་གང་ཞེ་ན། དཔེར་ན་ཡི་གེ་ཨི་ལཱ་བུ་ཐིག་ལེ་གསུམ་ཟད་ཀར་བཞག་གས། དང་རན་ཨིར་མི་འགྱུར་གྱུར། དབང་སྒྱུར་ཆེན་པོའི་མིག་ལྟ་བུར་པོ་གསུམ་དུ་བཞག་ན་ཨིར་འགྱུར་ཏེ། ཐིག་ལེ་གསུམ་སོ་སོར་ཕྲལ་བ་ལས་ཀྱང་མ་ཡིན་ནོ།། ངའང་དེ་དང་འདྲ་སྟེ། རྣམ་པར་གྲོལ་བའི་ཆོས་ཀྱང་མྱ་ངན་ལས་འདས་བ་མ་ཡིན། དེ་བཞིན་གཤེགས་པའི་སྐུའང་མྱ་ངན་ལས་འདའ་བ་མ་ཡིན།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་མྱ་ངན་ལས་འདའ་བ་མ་ཡིན། ཆོས་གསུམ་པོ་སོ་སོར་བྲལ་བའང་མྱ་ངན་ལས་འདའ་བའང་བ་ཡིན་ཏེ། ང་ནི་ཆོས་གསུམ་པོ་འདི་ལ་གནས་ནས་སེམས་ཅན་གྱི་ཕྱིར་མྱ་ངན་ལས་འདའ་བ་ཞེས་བྱ་སྟེ། ཇི་ལྟར་འཇིག་རྟེན་ན་ཡི་གེ་ཨི་ཞེས་གྲགས་པ་བཞིན་ནོ། ། དེའི་ཚེ་ན་དགེ་སློང་རྣམས་སངས་རྒྱས་བཅོམ་ལྡན་འདས་ངེས་པར་ཡོངས་སུ་མྱ་ངན་ལས་འདའའོ་ཞེས་གསུངས་པ་ཐོས་ནས་ཤིན་ཏུ་མི་དགའ་སྟེ། ལུས་ཀྱི་བ་སྤུ་ཐམས་ཅད་ལངས་ནས། མིག་མཆི་མས་གང་བཞིན་དུ། སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་ལན་གྲངས་མེད་པར་བསྐོར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ཉིད་དང་། བདག་མེད་པ་ལེགས་པར་གསུངས་སོ།། བཅོམ་ལྡན་འདས་དཔེར་ན་འགྲོ་བ་ཐམས་ཅད་ཀྱི་རྗེས་ཀྱི་ནང་ནབལ་གླང་གི་རྗེས་མཆོག་གོ། ། མི་རྟག་པའི་འདུ་ཤེས་ཀྱང་དེ་དང་འཇསྟེ། འདུ་ཤེས་ཐམས་ཅད་ཀྱི་རང་ན་མཆོག་གོ། ། གང་ཞིག་དེ་ལ་བརྩོན་འགྲུས་སུ་ནན་ཏན་བགྱིད་ན། འདོད་པའི་ཁམས་ཀྱི་འདོད་པ་ཐམས་ཅད་དང་། གཟུགས་དང་། གཟུགས་མེད་པའི་འདོད་པ་དང་། མའི་བདང་ང་རྒྱལ་དང་། མི་རྟག་པའི་འདུ་ཤེས་ཐམས་ཅད་གང་མ་མཆིས་པར་བགྱིད་དོ།། བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པ་མི་རྟག་པའི་འདུ་ཤེས་དང་བྲལ་ན་དང་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་པའི་མི་རིགས་སོ། ། ཅི་སྟེ་མ་བྲལ་ན་ཅིའི་སླད་དུ་མི་རྟག་པ་ལ་ནན་ཏན་བགྱིས་ནས། ཁམས་གསུམ་གྱི་འདོད་པ་དང་། མ་རིག་པ་དང་། ང་རྒྱལ་དང་། མི་རྟག་པའི་འདུ་ཤེས་དང་བྲལ་བར་འགྱུར་ཞེས་གསུངས། བཅོམ་ལྡན་འདས་དཔེར་ན་ཞིང་པ་དག་ནི་སྟོན་གྱི་དུས་སུ་ཞིང་གི་ངོ་ཡུར་མ་ཡོངས་སུ་སེལ་ཏོ།། མི་རྟག་པའི་འདུ་ཤེས་ཀྱང་དེ་དང་འདྲ་སྟེ། འདོད་པའི་ཁམས་ཀྱི་འདོད་པ་དང་། གཟུགས་དང་། གཟུགས་མ་མཆིས་པའི་འདོད་པ་དང་། མ་རིག་པ་དང་། ང་རྒྱལ་དང་མི་རྟག་པའི་འདུ་ཤེས་ཀྱི་བར་དུ་སེལ་ཏོ། ། བཅོམ་ལྡན་འདས་དཔེར་ན་ཞིང་རྨོ་བའི་ནང་ན་སྟོན་ལོག་བཏབ་པ་བཟང་ངོ་།། རྗེས་ཐམས་ཅད་ཀྱི་ནང་ན་བལ་གླང་གི་རྗེས་མཆོག་གོ། འདུ་ཤེས་ཐམས་ཅད་ཀྱི་ནང་ནའང་མི་རྟག་པ་མཆོག་གོ།། བཅོམ་ལྡན་འདས་དཔེར་ན་རྒྱལ་པོ་ཆེན་པོ་ནི་འགུམ་པའི་དུས་བགྱིད་པ་ན། སྔར་མཐའ་བཞིར་ཤོ་བཏང་ནས། བརྩོན་ཐམས་ཅད་ཐར་པའི་འོག་ཏུ་ཚེའི་བྱ་བ་བགྱིད་དོ། ། དེ་བཞིན་གཤེགས་པའང་དེ་དང་འདྲ་བར། སེམས་ཅན་ཐམས་ཅད་ཤེས་པ་མེད་པའི་མ་རིག་པས་ཡོངས་སུ་ཁེབས་པ་ལས་བསྒྲལ་ཏེ། ཐར་པར་མཛད་ནས། གདོད་མྱ་ངན་ལས་འདའ་བར་གཤེགས་པའི་རིགས་ཀྱི། བདག་ཅག་མ་བསྒྲལ་བར་ཅིའི་སླད་དུ། དེ་བཞིན་གཤེགས་པས་བདག་ཅག་ཡོངས་སུ་བཏང་སྟེ། ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས། བཅོམ་ལྡན་འདས་དཔེར་ན་མི་ཞིག་ཡི་དགས་ཀྱིས་བརླམས་ཏེ། སྔགས་མཁན་དང་ཕྲད་ན་སྔགས་ཀྱི་མཐུས་དེ་ལས་ཐར་པར་འགྱུར་རོ།། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཉན་ཐོས་རྣམས་ཀྱི་མ་རིག་པའི་ཡི་དགས་པསལ་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པར་གྲོལ་བ་ལ་སོགས་པའི་ཆོས་ལ་བདེ་བར་དགོད་པ་ནི། ཇི་ལྟར་འཇིག་རྟེན་ན་ཡི་གེ་ཨི་ཞེས་གྲགས་པ་བཞིན་ནོ།། བཅོམ་ལྡན་འདས་དཔེར་ན་སྤོས་ཀྱི་མང་པོ་ཆེ་ནི་མིས་བཅིངས་ན་འདུལ་མཁས་པའི་མཁན་པོ་མཆིས་ཀྱང་མི་ཐུལ་ཏེ། བཅིངས་པའི་ཐེག་པ་གཅད་ནས་ཡིད་བཞིན་དུ་མཆིའོ།། དེ་ལྟར་བདག་ཅག་ནི་ཉོན་མོངས་པ་ལྔ་བཅུ་རྩ་བདུན་གྱིས་བཅིངས་པ་ལས་ཡོངས་སུ་མ་གྲོལ་ན་ཅིའི་སླད་དུ་དེ་བཞིན་གཤེགས་པས་ཡོངས་སུ་གཏོང་མྱ་ངན་ལས་འདའ་བར་གཤེགས། བཅོམ་ལྡན་འདས་དཔེར་ན་ཚ་བའི་ནད་ཀྱིས་བཏབ་པ་ནི་སྨན་པ་མཁས་པ་དང་ཕྲད་ན་དེ་མ་ཐག་ཏུ་འཚོའོ། ། བདག་ཅག་ཀྱང་དེ་དང་འདྲ་སྟེ་ལོག་པར་འཆི་བའི་ཚ་བའི་ནད་མང་པོས་སྡུག་བསྔལ་བར་གྱུར་ཏེ། དེ་བཞིན་གཤེགས་པ་དང་མཇལ་ཀྱང་ནད་མ་བྱང་སྟེ། བླ་ན་མེད་པའི་བདེ་བ་རྟག་པའང་མ་ཐོབ་ན།། ཅིའི་སླད་དུ་དེ་བཞིན་གཤེགས་པས་ཡོངས་སུ་སྤངས་ཏེ་མྱ་ངན་ལས་འདའ་བར་གཤེགས། བཅོམ་ལྡན་འདས་དཔེར་ན་མ་རི་རོ་བ་ནི་མི་དྲན་པས་ན་ཉེ་རིང་མི་ཤེས་ཏེ། མ་དང་། བུ་མོ་དང་། སྲིང་མོ་ལ་མ་འོས་མི་རིགས་པ་བྱེད་ཅིང་བག་མ་མཆིས་པར་སྨྲ་སྟེ། མི་གཙང་བའི་སྟེང་ན་ཉལ་ལོ།། དེ་ལ་སྨན་པ་མཁས་པས་སྨན་གཏང་སྟེ་ཆང་འཐུངས་པ་སླར་སྐྱུགས་ན། དེ་མ་ཐག་ཏུ་སླར་དྲན་ཏེ་འཛེམ་པ་དང་ངོ་ཚ་བའི་སེམས་སྐྱེས་ནས། ཆང་ནི་སྡིག་པ་མི་དགེ་བ་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། གང་གིས་ཡོངས་སུ་སྤངས་ན་སྡིག་པ་ཐམས་ཅད་ཀྱང་སྤོང་བར་འགྱུར་རོ་ཞེས་འགྱོད་པ་སྐྱེའོ།། བཅོམ་ལྡན་འདས་བདག་ཅག་ཀྱང་དེ་འདྲ་སྟེ། ཐོག་མ་མ་མཆིས་པའི་དུས་ནས་འཁོར་བར་འཁོར་ཏེ་འདོད་པས་མྱོས་ནས། འདོད་པ་ལྔ་ལ་ཆགས་པས་མ་མ་ལགས་པ་ལ་མར་འདུ་ཤེས། སྲིང་མོ་མ་ལགས་པ་ལ་སྲིང་མོར་འདུ་ཤེས་། བུ་མོ་མ་ལགས་པ་ལ་བུ་མོར་འདུ་ཤེས། སེམས་ཅན་མ་ལགས་པ་ལ་སེམས་ཅན་དུ་འདུ་ཤེས་བསྐྱེད་པས་འཁོར་བར་འཁོར་ཏེ། སྡུག་བསྔལ་མྱོང་བ་ནི་ཇི་ལྟར་མི་ར་རོལ་ངན་སྐྱུགས་ཀྱི་སྟེང་ན་ཉལ་བ་བཞིན་ནོ།། དེ་བཞིན་གཤེགས་པས་ཀྱང་བདག་ཅག་ལ་ཆོས་ཀྱི་སྨན་གཏང་ནས། ཉོན་མོངས་པའི་ཆང་སླར་སྐྱུག་མོད་ཀྱི། ལེགས་པར་མ་སངས་པར་ཅིའི་སླད་དུ། དེ་བཞིན་གཤེགས་པས་ཡོངས་སུ་སྤངས་ཏེ། མྱ་ངན་ལས་འདའ་བར་གཤེགས། བཅོམ་ལྡན་འདས་དཔེར་ན་གང་ཟག་གཅིག་ཤིང་ཆུ་ཤིང་ལ་སྲ་ཞིང་སྙིང་པོ་ཡོད་དོ་ཞེས་བསྟོད་ན། དེ་ནི་གནས་མ་ལགས་སོ། ། བཅོམ་ལྡན་འདས་སོ་སོའི་སྐྱེ་བོ་དག་ཀྱང་དེ་དང་འདྲ་སྟེ། བདག་དང་། གང་ཟག་དང་། སེམས་ཅན་དང་། འཚོ་བ་དང་། ཤེད་ཅན་དང་། ཤེད་བདག་དང་ཤེས་པ་དང་། མཐོང་བ་དང་། བྱ་བ་དང་། བྱེད་པ་པོ་ལ་ཡང་དག་པ་བདེན་པའོ་ཞེས་སྟོན་ན། དེའང་གནས་མ་ལགས་སོ།། བདག་ཅག་ཀྱང་དེ་ལྟར་བདག་མ་མཆིས་པ་ལ་ན་ཏན་བགྱིད་དོ། ། བཅོམ་ལྡན་འདས་དཔེར་ན་སྦྲང་མ་ནི་ཛིར་ཀྱང་མི་དགོས་ཏེ། ལུས་ཀྱང་དེ་དང་འདྲ་བར་བདག་མ་མཆིས། བདག་པོ་མ་མཆིས་སོ།། བཅོམ་ལྡན་འདས་མེ་ཏོག་འདབ་མ་བདུན་པ་ལ་དྲི་བསུ་མ་མཆིས་པ་དང་འདྲ་བར། ལུས་འདི་ལའང་བདག་མ་མཆིས། བདག་པོ་མ་མཆིས་ཏེ། བདག་ཅག་ཀྱང་དེ་ལྟ་བུའི་སེམས་ཀྱིས་བདག་མ་མཆིས་པའི་འདུ་ཤེས་ལ་ནན་ཏན་བགྱིད་དོ། ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ཆོས་ཐམས་ཅད་ལ་བདག་དང་། བདག་གི་བ་མ་མཆིས་ཏེ། དགེ་སློང་དག་དེ་ལྟ་བུའི་ཚུལ་དུ་ནན་ཏན་གྱིས་ཤིག་དེ་ལྟ་བུར་ནན་ཏན་བྱས་ན་ང་རྒྱལ་ཡོངས་སུ་སྤོངས་པར་འགྱུར་རོ་ཞེས་གསུངས་པ་ལྟར། བདག་ཅག་གིས་ང་རྒྱལ་སྤངས་ནས་མྱ་ངན་ལས་འདའ་བར་གཤེགས་སུ་གསོལ་ལོ། ། བཅོམ་ལྡན་འདས་དཔེར་ན་ནམ་མཁའ་ལ་འཕུར་བའི་བྱའི་རྗེས་ནི་མངོན་དུ་སྣང་བའི་གནས་མ་མཆིས་སོ།། གང་བདག་མ་མཆིས་སོ།། གང་བདག་མ་མཆིས་པ་ལ་ནན་ཏན་གྱིད་པ་ནི་ལྟ་བ་རྣམས་མཆིས་ཤེས་བགྱི་བའི་གནས་མ་མཆིས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། ལེགས་སོ།། ཤིན་ཏུ་ལེགས་སོ།། ཁྱེད་རྣམས་བདག་མེད་པའི་འདུ་ཤེས་ལེགས་པར་བསྒོམས་སོ།། དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་ནི་བདག་མ་མཆིས་པའི་འདུ་ཤེས་ལ་ནན་ཏན་བགྱིད་པར་མ་བས་ཀྱི། དེ་མ་ལགས་པ་གཞན་ཡང་སྡུག་བསྔལ་བར་འདུ་ཤེས་པ་དང་། སྟོང་པ་དང་། མི་རྟག་པ་དང་། བདག་མ་མཆིས་པར་འདུ་ཤེས་པ་ལའང་ནན་ཏན་བགྱིད་དོ།། བཅོམ་ལྡན་འདས་དཔེར་ན་མི་ར་རོ་བ་ནི་སེམས་མྱོས་པར་གྱུར་པས་རི་དང་། ཆུ་དང་། བྲག་དང་ཤིང་དང་། ཁང་ཁྱིམ་དང་། ཉི་ཟླ་དང་། སྐར་མའི་བར་དུ་འཁོར་བ་སྙམ་བགྱིད་དོ།། བཅོམ་ལྡན་འདས་གང་སྡུག་བསྔལ་བ་དང་། མི་རྟག་པ་དང་། བདག་མ་མཆིས་པའི་འདུ་ཤེས་ལ་སོགས་པ་ལ་ནན་ཏན་མི་བགྱིད་ན། གང་ཟག་དེ་ནི་འཕགས་པ་ཞེས་མི་བགྱི་སྟེ། བག་མ་མཆིས་པས་འཁོར་བར་ཡོངས་སུ་འཁོར་རོ།། བཅོམ་ལྡན་འདས་དེ་བས་ན་བདག་ཅག་ནི་འདུ་ཤེས་དེ་དག་ལ་ཤིན་ཏུ་ནན་ཏན་བགྱིད་དོ། ། དེའི་ཚེ་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུང་ཞིག། ཁྱེད་ཀྱིས་མི་ར་རོ་བ་ལ་དཔེ་བླངས་པ་ནི་ཚིག་དང་འབྲུ་ཙམ་ཤེས་པར་ཟད་ཀྱི། དོན་ནི་མ་རྟོགས་སོ།། དེ་ལ་དོན་ཞེས་བྱ་བ་གང་ཞེ་ན། དཔེར་ན་མི་ར་རོ་བས་ཉི་ཟླ་ལ་སོགས་པ་མི་འཁོར་བར་འཁོར་བར་འདུ་ཤེས་པ་དང་འདྲ་བར་སོ་སོའི་སྐྱེ་བོའང་དེ་དང་འདྲ་སྟེ། ཀུན་ནས་ཉོན་མོངས་པའི་མ་རིག་པས་ཡོངས་སུ་ཁེབས་པས་ན་ཕྱིན་ཅི་ལོག་གི་སེམས་བསྐྱེད་དེ། བདག་ལ་བདག་མེད་པར་འདུ་ཤེས། རྟག་པ་ལ་མི་རྟག་པར་འདུ་ཤེས། ཡོངས་སུ་དག་པ་ལ་ཡོངས་སུ་མ་དག་པར་འདུ་ཤེས། བདེ་བ་ལ་སྡུག་བསྔལ་བར་འདུ་ཤེས་ཏེ། ཀུན་ནས་ཉོན་མོངས་པས་ཡོངས་སུ་ཁེབས་པས་དེ་དང་འདྲ་བར་འདུ་ཤེས་མོད་ཀྱི། དོན་ཁོང་དུ་མ་ཆུད་པས་མི་ར་རོ་བ་དེ་འཁོར་བའི་གནས་མ་ཡིན་པ་ལ་འཁོར་བར་འདུ་ཤེས་བསྐྱེད་པ་བཞིན་ནོ། ། བདག་ཅེས་བྱ་བ་ནི་སངས་རྒྱས་ཞེས་བྱ་བའི་དོན་ནོ།། རྟག་པ་ནི་ཆོས་ཀྱི་སྐུ་ཞེས་པའི་དོན་ནོ།། བདེ་བ་ཞེས་བྱ་བ་ནི་མྱ་ང་ལས་འདས་པ་ཞེས་བྱ་བའི་དོན་ནོ། ། ཡོངས་སུ་དག་པ་ནི་ཆོས་ཤེས་བྱ་བའི་དོན་ཡིན་ན། ཅིའི་ཕྱིར་དགེ་སློང་ཁྱོད་བདག་ཏུ་འདུ་ཤེས་པ་ནི་ང་རྒྱལ་ཅན་ཡིན་ཏེ། འཁོར་བ་ན་འཁོར་རོ་ཞེས་སྨྲས། ཁྱེད་སྨྲ་བ་ལྟར་ན་བདག་ཅག་ཀྱང་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པའི་འདུ་ཤེས་ལ་ནན་ཏན་བྱེད་དོ།། ཞེས་བྱ་བ་ནི་ཡང་དག་པར་དོན་མེད་དོ། ། ནན་ཏན་བྱེད་པ་གསུམ་པོ་དེ་ལ་ཡང་དག་པའི་དོན་མེད་པས། དེ་མ་ཡིན་པའི་ནན་ཏན་བྱེད་པའི་ཆོས་གསུམ་པོ་ལས་ལྷག་པ་ངས་བཤད་པར་བྱའོ།། སྡུག་བསྔལ་ལ་བདེ་བར་འཛིན་པ་དང་། བདེ་བ་ལ་སྡུག་བསྔལ་དུ་འཛིན་པ་ནི་ཕྱིན་ཅི་ལོག་གི་ཆོས་སོ།། མི་རྟག་པ་ལ་རྟག་པར་འཛིན་པ་དང་། རྟག་པ་ལ་མི་རྟག་པར་འཛིན་པ་ནི་ཕྱིན་ཅི་ལོག་གི་ཆོས་སོ། ། བདག་མེད་པ་ལ་བདག་ཏུ་འཛིན་པ་དང་། བདག་ལ་བདག་མེད་པར་འཛིན་པ་ནི་ཕྱིན་ཅི་ལོག་གི་ཆོས་སོ།། ཡོངས་སུ་མ་དག་པ་ལ་དག་པར་འཛིན་པ་དང་ཡོངས་སུ་དག་པ་ལ་ཡོངས་སུ་མ་དག་པར་འཛིན་པ་ནི་ཕྱིན་ཅི་ལོག་གི་ཆོས་སོ། ། ཕྱིན་ཅི་ལོག་གི་ཆོས་རྣམ་པ་བཞི་པོ་འདི་ནི། ཡང་དག་པ་ཇི་ལྟ་བུར་ནན་ཏན་བྱ་བ་གང་ཟག་གིས་མི་ཤེས་སོ། ། དགེ་སློང་དག་སྡུག་བསྔལ་གྱི་ཆོས་ལ་བདེ་བར་འདུ་ཤེས་སྐྱེད་ཅིག། མི་རྟག་པ་ལ་རྟག་པར་འདུ་ཤེས་སྐྱེད་ཅིག། བདག་མེད་པ་ལ་བདག་ཏུ་འདུ་ཤེས་སྐྱེད་ཅིག། ཡོངས་སུ་མ་དག་པ་ལ་ཡོངས་སུ་དག་པར་འདུ་ཤེས་སྐྱེད་ཅིག། འཇིག་རྟེན་ནའང་རྟག་པ་དང་། བདེ་བ་དང་། བདག་དང་། ཡོངས་སུ་དག་པ་ཡོད་དོ།། འཇིག་རྟེན་ལས་འདས་པ་ལའང་རྟག་པ་དང་། བདེ་བ་དང་། བདག་དང་། ཡོངས་སུ་དག་པ་ཡོད་དོ།། འཇིག་རྟེན་གྱི་ཆོས་ནི་བརྗོད་དུ་ཡོད་ལ་དོན་མེད་པའོ།། འཇིག་རྟེན་ལས་འདས་པ་ནི་བརྗོད་དུའང་ཡོད་ལ་དོན་ཡང་ཡོད་དོ། ། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཆོས་ནི་བྱིན་ཅི་ལོག་བཞི་དང་བཅས་པས་དོན་མི་རྟོགས་སོ།། དེ་ཇི་ལྟ་ཞེ་ན། འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོན་དང་ལྟ་བ་ཕྱིན་ཅི་ལོག་དང་། ། ཕྱིན་ཅི་ལོག་གསུམ་གྱིས་འཇིག་རྟེན་པ་ནི་བདེ་བ་ལ་སྡུག་བསྔལ་དུ་ལྟ་བ། རྟག་པ་ལ་མི་རྟག་པར་ལྟ། བདག་ལ་བདག་མེད་པར་ལྟ། ཡོངས་སུ་དག་པ་ལ་ཡོངས་སུ་མ་དག་པར་ལྟ་སྟེ་ཕྱིན་ཅི་ལོག་ཅེས་བྱའོ། ། ཕྱིན་ཅི་ལོག་པར་ན་འཇིག་རྟེན་པས་ནི་ཚིག་ཏུ་སྨྲ་བ་ཤེས་ཀྱི། དོན་མི་ཤེས་སོ།། དེ་ལ་དོན་ཞེས་བྱ་བ་གང་ཞེ་ན། བདག་མེད་པ་ནི་འཁོར་བ་ཞེས་བྱའོ།། བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའོ།། མི་རྟག་པ་ནི་ཉན་ཐོས་དང་རང་སངས་རྒྱས་སོ།། རྟག་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་བུའོ།། སྡུག་བསྔལ་བ་ནི་མུ་སྟེགས་ཅན་ཐམས་ཅད་དོ།། བདེ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའོ།། ཡོངས་སུ་མ་དག་པ་ནི་འདུ་བྱས་པའི་ཆོས་སོ།། ཡོངས་སུ་དག་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པའི་ཆོས་ཡིན་ཏེ། དེ་བས་ན་ཕྱིན་ཅི་མ་ལོག་པ་ཞེས་བྱའོ།། དེ་ལྟར་ཕྱིན་ཅི་མ་ལོག་པས་ཚིག་ཏུ་བརྗོད་པའང་ཤེས་ལ་དོན་ཡང་ཤེས་སོ། ། གང་ཞིག་ཕྱིན་ཅི་ལོག་བཞི་པོ་ཡོངས་སུ་སྤོང་བར་འདོད་ན། དེ་ལྟ་བུའི་ཚུལ་དུ་རྟག་པ་དང་། བདེ་བ་དང་། བདག་དང་། ཡོངས་སུ་དག་པར་རིག་བར་བྱའོ། ། དེ་ནས་དགེ་སློང་རྣམས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ཕྱིན་ཅི་ལོག་བཞི་རྟོགས་པས་རྟག་པ་དང་། བདེ་བ་དང་། བདག་དང་། ཡོངས་སུ་དག་པ་ཁོང་དུ་ཆུད་ཅེས་གསུངས། དེ་བཞིན་གཤེགས་པ་ནི་ཕྱིན་ཅི་ལོག་བཞི་མི་མངའ་སྟེ། རྟག་པ་དང་། བདེ་བ་དང་། བདག་དང་། ཡོངས་སུ་དག་པ་ཐུགས་སུ་ཆུད་དོ།། དེ་ལྟར་རྟག་པ་དང་། བདེ་བ་དང་། བདག་དང་། ཡོངས་སུ་དག་པ་ཐུགས་སུ་ཆུད་ན། ཅིའི་སླད་དུ་བསྐལ་པབ་གཅིག་གམ། བསྐལ་པ་ཕྱེད་ཀྱི་བར་དུ་བཞུགས་ཤིང་། བདག་ཅག་གི་ཕྱིན་ཅི་ལོག་བཞི་ཡོངས་སུ་སྤོང་བར་འགྱུར་བ་མི་སྟོན་པར་བདག་ཅག་སྤངས་ཏེ་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས། དེ་བཞིན་གཤེགས་པས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། བདག་ཅག་གི་སྟོན་པར་འགྱུར་ན། བདག་ཅག་ཀྱང་རྩེ་གཅིག་པའི་སེམས་ཀྱིས་སྤྱི་བོས་ལེན་ཅིང་ནན་ཏན་བགྱིད་དོ། ། གལ་ཏེ་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་ན། བདག་ཅག་ཀྱང་ཇི་ལྟར་གདུག་པ་ཅན་གྱི་ལུས་དང་ལྷན་ཅིག་ཏུ་གནས་ཏེ་ཚངས་པར་སྤྱད་པ་སྤྱོད། བདག་ཙཀ་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་མྱ་ངན་ལས་འདའ་འོ། ། དེའི་ཚེ་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས་བཀལ་སྩལ་ཏོ།། ཁྱོད་དེ་སྐད་མ་ཟེར་ཅིག། ངས་ནི་བླ་ན་མེད་པའི་ཡང་དག་པའི་ཆོས་ཐམས་ཅད་ཀྱང་འོད་སྲུངས་ཆེན་པོ་ལ་གཏད་དོ།། འོད་སྲུངས་ཆེན་པོ་ནི་ཁྱེད་ཀྱི་གནས་དང་རྟེན་དུ་འགྱུར་ཏེ་ལྟར་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་གནས་དང་རྟེན་དུ་འགྱུར་བ་བཞིན། འོད་སྲུངས་ཆེན་པོ་འདིའང་ཁྱེད་ལ་སོགས་པ་ཐམས་ཅད་ཀྱི་གནས་དང་རྟེན་དུ་འགྱུར་རོ།། དཔེར་ན་རྒྱལ་པོ་ཆེན་པོ་དབང་དང་ལྡན་པས་ཡང་བསང་དུ་འགྲོ་བ་ན། ཡུལ་གྱི་སྲིད་ཐམས་ཅད་ཀྱང་བློན་པོ་ཆེན་པོ་ལ་གཏད་དོ།། དེ་བཞིན་གཤེགས་པའང་དེ་དང་འདྲ་བར་དམ་པའི་ཆོས་ཐམས་ཅད་འོད་སྲུངས་ཆེན་པོ་ལ་གཏད་དོ། ། ཁྱེད་རྣམས་མི་རྟག་པ་དང་སྡུག་བསྔལ་བའི་འདུ་ཤེས་ལ་ནན་ཏན་བྱེད་པའང་ཡང་དག་པ་མ་ཡིན་ནོ།། དཔེར་ན་དབྱར་གྱི་དུས་སུ་རྫིང་ཆེན་པོའི་ནང་གཟིངས་ཀྱི་སྟེང་ན་རྩེ་བ་ལས། རིན་པོ་ཆེ་བཻ་ཌཱུཪྻ་ཆུར་ལྷུང་ན་དེའི་ཚེ་མི་མཁས་པ་ཐམས་ཅད་ཆུའི་ནང་དུ་ཞུགས་ནས། གྱོ་མོ་དང་། རྡོ་དང་། རྩ་དང་ཤིང་དང་། གསེག་མ་དག་སོ་སོ་ནས་ཕྱུང་སྟེ། རིན་པོ་ཆེ་བཻ་ཌཱུཪྻ་རྙེད་སྙམ་ནས་དགའ་བཞིན་ཕྱིར་ཕྱུང་ནས། གདོད་ཡང་དག་པ་མ་ཡིན་པར་ཤེས་སོ།། དེའི་ཚེ་རིན་པོ་ཆེ་ཆུའི་ནང་ན་ཡོད་པས། རིན་པོ་ཆེའི་མཐུས་ཆུ་ཡོངས་སུ་དང་བས་ན། ཐམས་ཅད་ཀྱིས་ནོར་བུ་རིན་པོ་ཆེ་ཆུའི་གཏིང་ན་ཡོད་པས་ཤེས་ཏེ། ཇི་ལྟར་སྟེང་གི་ནམ་མཁའ་ལ་ཟླ་བ་ལྟ་བ་བཞིན་ནོ།། དེའི་ཚེ་ན་འཁོར་དེ་དག་གི་ནང་ན་མཁས་པ་ཐབས་དང་ལྡན་པས་ནི། དལ་གྱིས་ཆུའི་ནང་དུ་ཞུགས་ནས་རིན་པོ་ཆེ་ལེན་ཏོ།། དགེ་སློང་ཁྱེད་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཡོངས་སུ་མ་དག་པའི་འདུ་ཤེས་ལ་ནན་ཏན་བྱེད་པ་ནི། ཇི་ལྟར་མི་མང་པོ་དག་སོ་སོ་ནས་གྱོ་མོ་དང་། རྡོ་དང་། རྩ་དང་། ཤིང་དང་། བསོག་མ་དག་ཕྱུང་ནས་ནོར་བུ་རིན་པོ་ཆེ་རྙེད་དོ་སྙམ་སེམས་པ་དང་འདྲའོ། ། ཁྱེད་རྣམས་ཀྱང་ཐབས་ལ་ཤིན་ཏུ་མཁས་པར་གང་ནས་གང་དུ་གནས་ཀྱང་། བདག་ཏུ་འདུ་ཤེས་པ་དང་། རྟག་པ་དང་། བདེ་བ་དང་། ཡོངས་སུ་དག་པར་འདུ་ཤེས་པ་ལ་མཁས་པར་གྱིས་ཤིག། ཁྱེད་ཀྱིས་སྔར་ཆོས་རྣམ་པ་བཞི་པོའི་མཚན་མ་ཙམ་ལ་ནན་ཏན་བྱས་པ་ནི་ཐམས་ཅད་ཀྱང་ཕྱིན་ཅི་ལོག་ཏུ་གྱུར་ཏོ། ། འདུ་ཤེས་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ནན་ཏན་དུ་བསྒོམས་པ་ན། ཇི་ལྟར་མཁས་པ་ཐབས་དང་ལྡན་པ་དེས་ནོར་བུ་རིན་པོ་ཆེ་ཕྱུང་བ་དང་འདྲ་བར་བདག་ཏུ་འདུ་ཤེས་པ་དང་། རྟག་པ་དང་། བདེ་བ་དང་། ཡོངས་སུ་དག་པར་འདུ་ཤེས་པ་ལ་ནན་ཏན་བྱའོ།། དེ་ནས་ཡང་དགེ་སློང་རྣམས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་སྔར་གསུངས་པ་ལྟར་ན་ཆོས་ཐམས་ཅད་ལ་བདག་མེད་ཀྱིས། ཁྱེད་དེ་ལྟ་བུའི་ཚུལ་དུ་ནན་ཏན་གྱིས་ཤིག། དེ་ལྟར་ནན་ཏན་བྱས་ན་བདག་ཏུ་འདུ་ཤེས་པ་སྤོང་བར་འགྱུར་རོ། ། བདག་ཏུ་འདུ་ཤེས་པ་སྤངས་ན་ང་རྒྱལ་དང་བྲལ་བར་འགྱུར་རོ།། ང་རྒྱལ་དང་བྲལ་ན་མྱ་ངན་ལས་འདའ་འོ།། ཞེས་གསུངས་པའི་དོན་ཇི་ལྟ་བུ་ལགས།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ལེགས་སོ།། ཤིན་ཏུ་ལེགས་སོ།། བདག་ཅག་གི་ཐེ་ཙོམ་གཅད་པའི་ཕྱིར་དོན་འདི་ལེགས་པར་དྲིས་སོ། ། འདི་ལྟ་སྟེ། དཔེར་ན་རྒྱལ་པོ་མི་མཁས་པ་ཤེས་པ་ཆུང་བ་ལ། སྨན་པའང་མི་མཁས་པ་གླེན་པ་ཞིག་ཡོད་ན། རྒྱལ་པོས་མ་རྟོགས་པས་སྨན་པ་དེ་ལ་བྱ་དཀའ་ཆེར་སྩལ་ཏོ། ། སྨན་པ་ཆེན་པ་དེས་ནི་ནད་ཐམས་ཅད་ལ་སྨན་དུ་ལོ་མ་གཏོང་སྟེ། ནང་ཐོག་མ་ཅི་ལས་གྱུར་པའང་མི་ཤེས་ལ། སྨན་དུ་ལོ་མ་གཏོང་བ་ལའང་མི་མཁས་པས། རླུང་ནད་དང་། བད་ཀན་དང་། མཁྲིས་པའི་ནད་ཐམས་ཅད་ལའང་སྨན་དུ་འོ་མ་གཏོང་སྟེ། རྒྱལ་པོས་ནི་སྨན་པ་ཉིད་ཀྱང་མ་རྟོགས་ལ། འོ་མ་བཟང་ངམ་ངན་པའི་བྱེ་བྲག་ཀྱང་མི་ཕྱེད་དོ།། དེ་ལ་སྨན་པ་མཁས་པ་རིག་པ་བརྒྱད་དང་ལྡན་པ། ནད་ཐམས་ཅད་གསོ་བ་ལ་ཤིན་ཏུ་མཁས་པ་དཔྱད་ཐམས་ཅད་ཁོང་དུ་ཆུད་པ་ཞིག་ཡུལ་གཞན་ནས་འོངས་ན། དེའི་ཚེ་སྨན་པ་མི་མཁས་པ་དེ་མཁས་པ་དེ་ལ་འདྲི་བའམ་སློབ་པར་མི་བྱེད་ཀྱི། ཕྱིར་ང་རྒྱལ་གྱི་སེམས་སྐྱེད་དོ། ། དེའི་ཚེ་སྨན་པ་མཁས་པ་དེ་མི་མཁས་པ་དེ་ལ་བརྟེན་ནས་སློབ་དཔོན་དུ་གཟུང་སྟེ། སྨན་དཔྱད་གསང་བ་དག་བསླབ་པའི་ཕྱིར། སྨན་པ་གླེན་པ་དེ་ལ་བདག་ནི་ཁྱོད་ལ་སློབ་དཔོན་དུ་གསོལ་གྱིས། དཔྱད་རྣམས་བསྟན་ཅིང་བཤད་དུ་གསོལ་ཞེས་གསོལ་བ་བཏབ་ན། སྨན་པ་གླེན་པ་དེ་མཁས་པ་དེ་ལ་འདི་སྐད་ཅེས་དམ་འཆའོ།། ཁྱོད་ཅི་སྟེ་ལོ་བཞི་བཅུ་རྩ་བརྒྱད་ཀྱི་བར་དུ་ཁོ་བོའི་གཡོག་བྱ་ན། དཔྱད་རྣམས་ཀྱང་བསྟན་ནོ་ཞེས་བསྒོའོ།། དེ་ནས་སྨན་པ་མཁྲ་བ་དེས་མི་མཁས་པའི་ལུང་བཞིན་དུ་བདག་གིས་དེ་བཞིན་དུ་བགྱིའོ།། བདག་གིས་རྔོ་ཅི་ཐོགས་ཀྱིས་ཁྱོད་ཀྱི་གཡོག་བགྱིའོ་ཞེས་སྨྲས་སོ།། དེ་ནས་སྨན་པ་གླེན་པ་དེ་སྨན་པ་གསར་པ་ཁྲིད་ནས་རྒྱལ་པོའི་ཕོ་བྲང་དུ་ཆས་སོ།། རྒྱལ་པོ་དང་ཕྲད་ནས་དེའི་ཚེ་སྨན་པ་གསར་པ་དེས་རྒྱལ་པོ་དེ་ལ་དཔྱད་རྣམ་པ་སྣ་ཚོགས་དང་། གཞན་ཡང་སྒྱུ་རྩལ་མང་པོའི་གཏམ་དང་། ཡུལ་གྱི་སྲིད་བཟུང་བ་དང་། ནད་པ་གསོ་བའི་ཐབས་འདིའོ།། རྒྱལ་པོ་ཆེན་པོ་ཐུགས་སུ་ཆུད་པར་གྱིས་ཤིག་ཅེས་གཏམ་བྱས་སོ། ། དེའི་ཚེ་རྒྱལ་པོ་དེས་དེ་སྐད་ཅེས་སྨྲས་པ་ཐོས་པ་དང་། སྨན་པ་རྙིང་པ་དེ་མི་མཁས་པར་ཤེས་ནས་ཡུལ་དེ་ནས་བསྐྲད་དོ།། དེ་ནས་ཀྱང་སྨན་པ་གསར་པ་དེ་ལ་ལྷག་པར་རིམ་གྲོ་དང་བཀུར་སྟི་བསྐྱེད་དོ།། དེའི་ཚེ་སྨན་པ་གསར་པ་དེ་འདི་སྙམ་དུ། རྒྱལ་པོ་འདི་ལ་བསྟན་པའི་དུས་ལ་བབ་སྙམ་བསམས་ནས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། རྒྱལ་པོ་ཆེན་པོ་བདག་ལ་དགོངས་མད་ན། བདག་གིས་གསོལ་བ་ཞིག་གནང་བར་མཛོད་ཅིག། རྒྱལ་པོས་སྨྲས་པ། ཁོ་བོའི་ལག་པ་ག་ཡས་པ་ནས། ལུས་ཀྱི་ཡན་ལག་ཐམས་ཅད་ཀྱི་བར་དུ་ཡིད་བཞིན་དུ་སློང་ཞིག་དང་ཐམས་ཅད་སྦྱིན་པར་བྱའོ།། སྨན་པ་དེས་གསོལ་པ། འདི་ལྟར་རྒྱལ་པོས་ལུས་ཀྱི་ཡན་ལག་ཐམས་ཅད་ཀྱང་བདག་སྩལ་བར་གནང་མོད་ཀྱི། བདག་ཐུགས་མི་ཐུབ་ལ་མང་པོའང་མི་གསོལ་ན། དེང་སླན་ཆད་ཡུལ་མི་ཐམས་ཅད་ཀྱིས་སྨན་པ་རྙིང་གིས་དཔྱད་སྨན་དུ་འོ་མ་གཏོང་བ་ཤོས་གཅད་པར་བཀར་གདགས་སུ་གསོལ། དེ་ཅིའི་སླད་དུ་ཞེ་ན། སྨན་དེ་ནི་གདུག་པ་དང་བཅས་པས་མང་དུ་འཆི་བའི་ཕྱིར་རོ།། གལ་ཏེ་སྨན་དེ་གཏོང་བ་ཡོད་ན་ཡན་ལག་མགོ་གཅད་དོ་ཞེས་བཀར་བཏག་སས། ལྡན་ལོ་མ་ལས་གཏོང་བཆོད་པས། དུས་མ་ར་པར་འཆི་བ་མེད་དེ། ཐམས་ཅད་འདི་ཞིང་བྱུང་པར་འགྱུར་གྱིས། བདག་གིས་གསོལ་བ་འདི་གནང་བར་མཛོད་ཅིག། དེ་ནས་རྒྱལ་པོས་སྨྲས་པ། ཁྱོད་གསོལ་བ་འདི་ཤིན་ཏུ་ཕན་པར་འགྱུར་བ་ཡིན་ཏེ། དེང་ཕྱིན་ཆད་ཡུལ་མི་ལས་ན་བ་ཞིག་ཡོད་ན། སྨན་འོ་མ་གཏོང་དུ་མི་གནང་ངོ་།། གལ་ཏེ་འོ་མ་གཏོང་བ་ཞིག་ཡོད་ན། ཡན་ལག་གི་དམ་པ་མགོ་གཅད་དོ་ཞེས་བཀར་བཏགས་སོ།། དེའི་ཚེ་ན་སྨན་པ་མཁས་པ་དེ་ཚང་དང་། ཁ་བ་དང་། གྱུར་པ་དང་། དངར་བ་དང་། བསྔལ་བ་ལ་སོགས་ཏེ། རོ་རྣམ་པ་སྣ་ཚོགས་ཀྱིས་སྨན་སྦྱར་ཏེ་ནད་གསོས་ན་གང་ཡང་མ་སོས་པ་མེད་དོ།། དེ་ནས་ཕྱིས་རིང་པོར་མ་ལོན་པར་རྒྱལ་པོ་དེ་ནད་ཀྱིས་བཏབ་ནས་སྨན་པ་བཀུག་སྟེ། འདི་ལྟར་ང་ནི་ནད་ཀྱིས་ཤིན་ཏུ་སྡུག་བསྔལ་བར་གྱུར་ན། ཇི་ལྟར་གསོ་ཞེས་སྨྲས་པ་དང་། སྨན་པ་དེས་རྒྱལ་པོའི་ནད་བལྟས་ན་སྨན་དུ་འོ་མ་དགོས་པ་འདྲ་ནས། རྒྱལ་པོ་ལ་གསོལ་པ། རྒྱལ་པོ་ནད་ཐབས་དང་སྦྱར་ན་སྨན་དུ་འོ་མ་གཏང་འཚལ་ཏེ། བདག་གིས་སྔར་སྨན་དུ་འོ་མ་གཏང་དུ་མི་རུང་ཞེས་གསོལ་པ་བརྫུན་དུ་གྱུར་ཏེ། སྨན་དུ་འོ་མ་ལས་བཟང་བ་མ་མཆིས་ལ། རྒྱལ་པོའི་ནད་ཀྱང་ཚ་བ་ལས་གྱུར་པས། སྨན་དུ་འོ་མ་གཏང་ན་བཟང་ངོ་།། རྒྱལ་པོས་སྨྲས་པ། སྨན་པ་ཁྱོད་འོན་ཏེ་སྨྱོས་སམ། ཚ་བའི་ནད་ཀྱིས་བཏབ་ན། ནད་འདི་ལ་འོ་མ་ཕན་ནོ་ཞེས་སྨྲ། ཁྱོད་ཀྱིས་སྔར་འོ་མ་ལ་དུག་ཡོད་དོ་ཞེས་སྨྲས་ན། ད་ཇི་ལྟར་བཏུང་། ཁྱོད་ཀྱིས་ང་ལ་བག་མ་མམ། སྨན་པ་སྔ་མས་བསྔགས་པ་ལས་དུག་ཡོད་དོ་ཞེས་བྱས་པས། སྨན་པ་གཅིག་བསྐྲད་པའི་འོག་ཏུ། ང་ཡང་ན་བ་ལ་སྨན་དུ་འོ་མ་བཟང་ངོ་ཞེས་ཁྱོད་སྨྲ་བ་དང་སྦྱར་ན། ངའི་སྨན་པ་རྙིང་པ་ནི་ཁྱོད་པས་མཁས་ངེས་སོ། ། དེ་ནས་སྨན་པས་ཡང་། རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། རྒྱལ་པོ་དེ་སྐད་མ་གསུངས་ཤིག། དཔེར་ན་སྲིན་བུ་ཤིང་ཟན་གྱི་རྗེས་ལས་ཡི་གེར་རུང་བའང་ཡོད་དོ། ། སྲིན་བུས་ནི་ཡི་གེ་ཡིན་ནམ་མ་ཡིན་པ་མི་ཤེས་ཀྱི། དེ་ལ་མཁས་པ་ཤེས་རབ་ཀྱིས་མཐོང་ན། སྲིན་བུ་ཡི་གེ་ཤེས་སོ་ཞེས་ངོ་མཚར་དུ་མི་འཛིན་ཏོ།། རྒྱལ་པོ་ཆེན་པོ་སྨན་པ་སྔ་མའང་དེ་དང་འདྲ་སྟེ། ནད་རྣམས་མི་རྟོགས་པས་ཐམས་ཅད་ལ་སྨན་འོ་མ་གཏོང་བ་ནི། ཇི་ལྟར་སྲིན་བུའི་རྗེས་ལས་ཡི་གེར་འགྱུར་པ་བཞིན་ཏེ། སྨན་པ་སྔ་མས་ནི་འོ་མ་བཟང་ངན་དང་རུང་མི་རུང་ཡང་མི་ཤེས་སོ། ། རྒྱལ་པོས་སྨྲས་པ། སྨན་པ་སྔ་མས་ཇི་ལྟ་ཇི་ལྟ་བུར་མི་ཤེས། སྨན་པས་སྨྲས་པ། སྨན་འོ་མ་ཞེས་བགྱི་བ་ནི་གདུག་པའང་ལགས་ལ། བདུད་རྩིའང་ལགས་སོ། ། དེ་ལ་ཇི་ལྟར་ན་འོ་མ་དེ་གདུག་པའང་ཡིན་ལ། བདུད་རྩིའང་ཡིན་ཞེ་ན། གལ་ཏེ་བ་ཉིད་སྤང་མ་དང་། རྩ་སྦྱིན་པ་དང་། ཕུབ་མ་མ་ཟོས་ལ། བེའུ་འང་ཤིན་ཏུ་དུལ་ཞིང་། འཚོ་བའི་སའང་རི་མཐོན་པོའི་སྟེང་མ་ཡིན། ནགས་ཁྲོད་མ་ཡིན་པ་ན་འཚོ་ཞིང་། ཆུའང་འབབ་ཆུ་དངས་མ་ལས་བླུད་དེ་དྲག་ཏུ་མི་བདའ་ཁྱུ་མཆོག་དང་། ཁྱུ་མཆོག་གཅིག་ཏུ་མི་བཙའ་བར་བག་ཡངས་སུ་ཟ་ཞིང་འཐུང་ལ། འགྲོ་བ་དང་སྡོད་པའང་བག་ཡངས་སུ་གྱུར་པའི་བའི་འོ་མ་ནི་ནད་རྣམས་ལ་ཕན་པས་བདུད་རྩི་ཞེས་བྱའོ། ། འོ་མ་དེ་མ་ཡིན་པ་ནི་ཐམས་ཅད་ཀྱང་གདུག་པ་དང་བཅས་པ་ཞེས་བྱའོ།། དེའི་ཚེ་རྒྱལ་པོ་ཆེན་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས། སྨན་པ་ལེགས་སོ།། ཤིན་ཏུ་ལེགས་པར་སྨྲས་སོ། ། ད་སླན་ཆད་ལོ་མ་བཟང་ངན་དང་རུང་མི་རུང་ཡང་ཤེས་སོ།། དེ་ནས་སྨན་དུ་འོ་མ་གཏང་ནས་ནད་ཀྱང་བྱང་བར་གྱུར་ཏེ། ཡུལ་མི་ཐམས་ཅད་ལ་ད་ཕྱིན་ཆད་སྨན་དུ་འོ་མ་བོང་ཞིག་ཅེས་བཀར་བཏགས་སོ། ། ཡུལ་མི་རྣམས་ཀྱིས་དེ་སྐད་ཅེས་ཐོས་ནས། ཐམས་ཅད་གཤེ་རྒྱ་སྟེ། རྒྱལ་པོ་ཆེན་པོ་འདི་ནི་ཡི་དགས་ཀྱིས་བརླམས་སམ། སྨོས་སམ། ཅི་ཉེས་ན་བདག་ཅག་བསླུས་ཏེ་སྨན་དུ་འོ་མཐོང་ཞིག་ཅེས་གསུང་། ཡུལ་མི་ཐམས་ཅད་ཁྲོས་བཞིན་དུ་རྒྱལ་པོའི་སྤྱན་སྔར་ལྷགས་སོ།། དེ་ལ་རྒྱལ་པོས་བཀའ་སྩལ་པ། ཁྱེད་ང་ལ་མ་ག་ཞིག། སྨན་དུ་འོ་མ་གཏང་དུ་རུང་ངམ་མི་རུང་བ་ནི་སྨན་པ་འདིའི་དཔྱད་ཡིན་གྱི། ངས་མཉེས་སོ།། དེའི་ཚེ་རྒྱལ་པོ་ཆེན་པོ་དང་། ཡུལ་མི་ཐམས་ཅད་ཀྱང་ཤིན་ཏུ་དགའ་ཞིང་མགུ་བར་གྱུར་ནས། ལྡན་པ་དེ་ལ་ལྷག་པར་རིམ་གྲོ་དང་བཀུར་སྟི་བསྐྱེད་དེ། ནད་པ་ཐམས་ཅད་ལ་སྨན་འོ་མ་བཏང་བས་ནད་ཀྱང་བྱང་བར་གྱུར་ཏོ།། དགེ་སློང་ཁྱེད་ཀྱང་དེ་ལྟ་བུ་ཚུལ་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པ། མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ་སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་དེ་ལྟར་རིག་པར་བྱ་སྟེ། སྨན་པ་ཆེན་པོ་ལྟ་བུ་འཇིག་རྟེན་དུ་གཤེགས་ནས། མུ་སྟེགས་ཅན་ངན་པར་ལྟ་བའི་སྨན་པ་ཐམས་ཅད་བཏུལ་ནས། རྒྱལ་པོ་ཐམས་ཅད་ལ་པ་ནི་སྨན་པའོ་ཞེས་བརྗོད་དེ། མུ་སྟེགས་ཅན་གདུལ་བའི་ཕྱིར་འདི་སྐད་དུ་བདག་མེད་དོ།། གང་ཟག་མེད་སེམས་ཅན་མེད། འཚོ་བ་མེད། ཤེད་ཅན་མེད། ཤེད་བདག་མེད། ཤེས་པ་དང་། མཐོང་བ་དང་། བྱ་བ་དང་། བྱེད་པ་པོ་མེད་དོ་ཞེས་བརྗོད་པ་གསུངས་སོ།། དགེ་སློང་དག་མུ་སྟེགས་ཅན་གྱིས་བདག་ཅེས་བརྗོད་པ་ནི། སྲིན་བུའི་རྗེས་ལ་ཡི་གེར་འགྱུར་བ་དང་འདྲ་སྟེ། དེ་བས་ན་དེ་བཞིན་གཤེགས་པས་ནི་སངས་རྒྱས་ཀྱི་ཆོས་ལ་བདག་མེད་དོ། ཞེས་གསུངས་ཏེ། དེ་ནི་སེམས་ཅན་གདུལ་བའི་ཕྱིར། དུས་མཁྱེན་པའི་ཕྱིར། དེ་ལྟར་བདག་མེད་ཅེས་གསུངས་པའང་། རྒྱུ་ཡོད་རྐྱེན་ཡོད་པས་ན། བདག་ཡོད་ཅེས་གསུངས་པ་ནི། ཇི་ལྟར་སྨན་པ་མཁས་པས་འོ་མ་ལ་སྨན་དུ་རུང་བ་དང་མི་རུང་བ་ཤེས་པ་དང་འདྲ་སྟེ། བྱིས་པ་མ་རབས་ཀྱིས་བདག་ཏུ་འཛིན་པ་ལྟ་བུ་ནི་མ་ཡིན་ནོ། ། བྱིས་པ་མ་རབས་ཀྱིས་བདག་ཏུ་འཛིན་པ་ནི་མཐེ་བོང་ཙམ་ཞེ་འམ། ཡུངས་ཀར་ཙམ་ཞེ་འམ། རྡུལ་ཕྲ་མོ་ཙམ་དུ་འཛིན་ཏོ།། དེ་བཞིན་གཤེགས་པས་བདག་ཅེས་བརྗོད་པ་ནི་དེ་ལྟ་བུ་མ་ཡིན་པས། ཆོས་ཐམས་ཅད་ལ་བདག་མེད་དོ་ཞེས་གསུངས་ཀྱང་ཡང་དག་པར་ན་བདག་མེད་པ་མ་ཡིན་ཏེ། བདག་ཅེས་བྱ་བ་ནི་ཆོས་གང་བདེན་པ། ཡང་དག་པར་རྟག། པ་གནས་པ། བདག་པོར་གྱུར་པ། མི་འགྱུར་མི་འཕོ་བ་དེ་ནི་བདག་ཅེས་བྱ་སྟེ། ཇི་ལྟར་སྨན་པ་ཆེན་པོ་དེ་སྨན་འོ་མ་ལ་མཁས་པ་བཞིན་ནོ།། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སོ་སོའི་སྐྱེ་བོའི་ཕྱིར་ཆོས་ཐམས་ཅད་ལ་ཡང་དག་པར་བདག་ཡོད་དོ་ཞེས་གསུངས་ཀྱིས། ཁྱེད་ལ་སོགས་པ་འཁོར་རྣམ་བཞིའང་དེ་ལྟ་བུའི་ཚུལ་དུ་ཆོས་ཐམས་ཅད་ལ་ནན་ཏན་གྱིས་ཤིག། ། བམ་པོ་གསུམ་པ།། ། བཅོམ་ལྡན་འདས་ཀྱིས། གཞན་ཡང་དགེ་སློང་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དགེ་སློང་དག་ཁྱེད་འདུལ་བ་ལ་ཇི་ཙམ་ཐེ་ཚོམ་དུ་གྱུར་པ་དེ་དག་ཅི་དགའ་བར་དྲིས་ཤིག་དང་། ངས་བསྟན་ཅིང་བཤད་དེ་ཁྱེད་ཀྱི་སེམས་རངས་པར་བྱའོ།། ངས་ནི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དུ་མངོན་པར་རྟོགས་ཏེ། དགེ་སློང་དག་དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་རྟོགས་པར་ཟད་དོ་སྙམ་དུ་མི་བསམས་སོ།། དགེ་སློང་དག་འདུལ་བ་ལ་ཇི་སྙམ་དུ་ཐེ་ཙོམ་དུ་གྱུར་པ་དེ་དག་དེ་ཞུ་བའི་དུས་ལ་བབ་བོ། ། དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ནི་ཤེས་རབ་དང་མི་ལྡན་པས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཞུ་ཞིང་གསོལ་བའི་མཐུ་མ་མཆིས་སོ།། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པས། ཏིང་ངེ་འཛིན་ཡང་བསམ་གྱིས་མི་ཁྱབ་ལ། སྟོན་པས་བསྟན་པའང་བསམ་གྱིས་མི་ཁྱབ་པས། བདག་ཅག་ནི་ཤེས་རབ་ཞན་ཏེ། དེ་བཞིན་གཤེགས་པ་ལ་ཞུ་ཞིང་གསོལ་བའི་མཐུ་མ་མཆིས་སོ།། བཅོམ་ལྡན་འདས་དཔེར་བགྱི་ན་རྒན་པོ་ལོ་བརྒྱ་ཉི་ཤུ་ལོན་པ། རྒས་འཁོགས་པ། རྟག་ཏུ་ན་བ། རྩོལ་བའི་མཐུ་མ་མཆིས་པ། ཉམ་ཆུང་བ། ཚེའི་དབང་དུ་མ་གྱུར་པ་གཅིག་ལ། མི་ཕྱུག་པོ་དོན་གཉེར་བའི་ཕྱིར་ཡུལ་གཞན་དུ་མཆི་བ་ཞིག། གསེར་སྲང་བརྒྱ་སྟོང་དུ་མ་རྒན་པོ་ལ་གཏམས་ནས་འདི་སྐད་དུ། བདག་གི་ནོར་རིན་པོ་ཆེ་འདི་ཁྱོད་ལ་གདམས་ཀྱིས། ལོ་བཅུའམ། གལ་ཏེ་ལོ་ཉི་ཤུ་ན་ཕྱིར་འཁོར་གྱིས། སླར་བྱིན་ཅིག་ཅེས་སྨྲས་སོ། ། རྒན་པོ་དེས་རིན་པོ་ཆེ་དེ་བླངས་ནས་རིང་པོར་མ་ལོན་པར་ནད་ཀྱིས་ཤི་སྟེ། རབས་ཀྱང་ཆད་པས། རིན་པོ་ཆེ་དེ་ཅི་གཏམས་པའི་རྣམས་ཀྱང་ཐམས་ཅད་འཁྱམས་པར་གྱུར་ཏོ། ། ནོར་བདག་ཕྱིར་ལོག་ནས་སླར་བླང་བའི་གནས་མ་མཆིས་པར་གྱུར་ཏོ།། དེ་ལྟར་གླེན་པ་དེ་གདམས་པའི་རིགས་སམ། མི་རིགས་པའི་གནས་མི་འཚལ་བས། ཡུལ་གཞན་ནས་སླར་འཁོར་ཡང་རིན་པོ་ཆེ་ཀུན་འཁྱམས་ཏེ་སླར་བླང་བའི་གནས་མ་མཆིས་སོ།། བཅོམ་ལྡན་འདས་བདག་ཅག་ཉན་ཐོས་ཀྱི་རྣམས་ཀྱང་དེ་དང་འདྲ་སྟེ། དེ་བཞིན་གཤེགས་པས་ཡང་དང་ཡང་ནན་ཏན་དུ་འདུལ་བ་བསྟན་པ་ནི་ཐོས་ནས། གཟུངས་སུ་འཛིན་ཅིང་ཆོས་ཡུན་དུ་གནས་པར་བགྱིད་མི་ནུས་པ་ནི། ཇི་ལྟར་རྒན་པོ་དེས་ཕ་རོལ་པོས་གདམས་པ་བླངས་པ་དང་མཚུངས་ཏེ། བདག་ཅག་ལ་ཤེས་རབ་མ་མཆིས་པས། འདུལ་བ་རྣམས་ལ་གང་ཞུ་ཞིང་འདྲི་བའི་ཆའང་མ་མཆིས་སོ།། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་བཀའ་སྩལ་པ། ཁྱེད་དེང་ང་ལ་ཞུས་ན་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་འགྱུར་གྱིས། དེ་བས་ན་ཁྱེད་ཅི་དང་ཅི་འདོད་པ་དྲིས་ཤིག་དེ་ནས་དགེ་སློང་རྣམས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དཔེར་ན་སྐྱེས་བུ་ཚད་ལ་བབ་པ། ལོ་ཉི་ཤུ་ལྔ་ལོན་པ། ཤིན་ཏུ་ལང་ཚོ་བ། བྱང་གཟུགས་དང་ལྡན་པ། ནོར་རིན་པོ་ཆེ་གསེར་དང་། དངུལ་དང་། བཻ་ཌཱུརྨ་རབ་ཏུ་མང་བ། པ་དང་། མ་དང་། ཆུང་མ་དང་། བུ་དང་། འཁོར་དུ་བཅས་པ་ཞིག་ལ། གལ་ཏེ་མི་ཞིག་གིས་ནོར་རིན་པོ་ཆེ་དག་གཏམས་ཏེ། དེ་ལ་འདི་སྐད་དུ་བདག་ནི་དོན་གཉེར་ཞིང་ཡུལ་གྱི་གཞན་དུ་མཆིས། ནོར་རིན་པོ་ཆེ་འདི་དག་ཁྱོད་ལ་གདམས་ཀྱིས། ནམ་འཁོར་བ་ན་སླར་སྩོལ་ཅིག་ཅེས་སྨྲས་སོ།། དེ་ནས་སྐྱེས་བུ་དེས་བདག་གི་ནོར་དང་འདྲ་བར་ཤིན་ཏུ་བསྲུངས་སོ།། སྐྱེས་བུ་དེ་ཕྱིས་ནད་ཀྱིས་བཏབ་ནས་དྲུང་གི་འཁོར་ཀུན་བསྡུས་ཏེ། འདི་སྐད་དུ་རིན་པོ་ཆེ་འདི་དག་ནི་ཆེ་གེ་མོ་ཞིག་གིས་གཏམས་ཀྱིས། ནམ་ལེན་དུ་འོངས་པ་ན་སླར་བྱིན་ཅིག་ཅེས་བསྒོའོ།། མཁས་པ་ཤེས་རབ་ཅན་ནི་དེ་ལྟར་གདམས་པ་དང་མི་གདམས་པའི་གནས་འཚལ་བས། སླར་འཁོར་མ་ཐག་ཏུ་རིན་པོ་ཆེ་ཀུན་ཐོབ་བོ།། བཅོམ་ལྡན་འདས་དེ་བཞིན་དུ་ཆོས་ཀྱི་དཀོན་མཆོག་འདིའང་གལ་ཏེ་དགའ་བོའམ། དགེ་སློང་དག་ལ་གཏམས་ན་ཡུན་རིང་པོར་མི་གནས་སོ།། དེ་ཅིའི་སླད་དུ་ཞེ་ན། འོད་སྲུངས་ཆེན་པོ་དང་། ཉན་ཐོས་ཐམས་ཅད་ནི་མི་རྟག་པ་སྟེ། རྫ་ལྟར་རྒན་པོ་དེས་གཞན་གྱིས་གཏམས་པའི་ནོར་ལེན་པ་དང་མཚུངས་སོ། ། དེ་བས་ན་བླ་ན་མ་མཆིས་པའི་ཆོས་ཀྱི་དཀོན་མཆོག་འདི་བྱང་ཆུབ་སེམས་དཔའ་རྣམས་ལ་གཏམས་ན་ཆུབ་སེམས་དཔའ་རྣམས་ནི་འདྲི་བ་དང་། ལན་བླན་པ་ལ་མཁས་པས། ཆོས་རིན་པོ་ཆེ་འདི་ཡུན་དུ་གནས་ཤིང་། བསྐལ་པ་ཚད་མེད་པའི་བར་དུ་ཤིན་ཏུ་རྒྱས་པར་འགྱུར་ལ། སེམས་ཅན་ལ་ཕན་པའི་དོན་དུ་འགྱུར་ཏེ། ཇི་ལྟར་སྐྱེས་བུ་ལང་ཚོ་ལ་ནོར་རིན་པོ་ཆེ་གཏམས་པ་དང་མཚུངས་སོ།། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཆེན་བོས་ནི་ཞུ་ཞིང་གསོལ་པའི་མཐུ་མཆིས་ཀྱི། བདག་ཅག་སྦྲང་བུ་དང་འདྲ་བའི་ཤེས་རབ་ཀྱིས་ནི། དེ་བཞིན་གཤེགས་པའི་ཆོས་ཤིན་ཏུ་ཟབ་མོ་ལ་ཞུ་བའི་མཐུ་མ་མཆིས་སོ་ཞེས་གསོལ་ནས་ཅང་མི་སྨྲ་བར་འཁོད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཤིན་ཏུ་ལེགས་སོ།། ཤིན་ཏུ་ལེགས་སོ་ཞེས་བསྟོད་ནས། དགེ་སློང་དག་ཁྱེད་ཀྱིས་ཟག་པ་མེད་པའི་སེམས་དང་དགྲ་བཅོམ་པའི་སེམས་ལེགས་པར་ཐོབ་བོ། ། ངའང་དེ་སྙམ་དུ་དགོངས་ཏེ་རྐྱེན་རྣམ་པ་དེ་གཉིས་ཀྱིས། ཐེག་པ་ཆེན་པོ་འདི་བྱང་ཆུབ་སེམས་དཔའ་ལ་གཏམས་ན་དམ་པའི་ཆོས་ཡུན་དུ་གནས་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། འཁོར་གྱི་དཀྱིལ་འཁོར་ན་འདུས་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་རྣམས་ལ་བཀའ་སྩལ་པ་ངའི་སྐུ་ཚེ་ནི་དཔག་ཏུ་མེད་དེ། སོ་སོར་ཡང་དག་པར་ཤེས་པའང་ཟད་མི་ཤེས་མོད་ཀྱི། ཁྱེད་འདུལ་བ་དང་ཆོས་མངོན་པ་ལས་ཅི་དང་ཅི་འདོད་པ་ཡིད་བཞིན་དུ་དྲིས་ཤིག་ཅེས་ལན་གཉིས་ལན་གསུམ་གྱིས་བར་དུ་བཀའ་སྩལ་ཏོ། ། དེའི་ཚེ་འཁོར་གྱི་དཀྱིལ་འཁོར་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲོང་ཁྱེར་ཏ་ལ་ཞེས་བྱ་བ་ན་གནས་པ། བྲམ་ཟེའི་རིགས་འོད་སྲུངས་ཆེན་པོ་ཞེས་བྱ་བ་རབ་ཏུ་གཞོན་པ་ཞིག། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་འདུག་པ་ལས་ལངས་ནས་བླ་གོས་ཕྱོགས་གཅིག་ཏུ་བྱས་ཏེ། ལན་བརྒྱ་སྟོང་དུ་མར་བསྐོར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་བདག་གིས་ཞུས་ནས་ཞུ་བའི་ལུང་བསྟན་པར། བཅོམ་ལྡན་འདས་ཀྱིས་སྐབས་དབྱེ་བར་གནང་ན། བདག་གིས་དེ་བཞིན་གཤེགས་པ་ལ་ཕྱོགས་གཅིག་ཅིག་ཞུའོ།། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། ཁྱོད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་ནས། ཁྱོད་ཀྱི་སེམས་རངས་ཤིང་ཐེ་ཚོམ་མེད་པར་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་ཐང་དུ་བདག་ཞུ་བར་གནང་ན། བདག་གི་ཤེས་རབ་ནི་སྦྲང་བུ་ལྟ་བུར་གྱུར་ལ། དེ་བཞིན་གཤེགས་པའི་ཡོན་ཏན་ནི་ཤིན་ཏུ་མཐོ་བས་ཙན་ངན་དང་སེང་གེ་ལྟ་བུ་རྣམ་པར་མི་ཤིགས་པའི་འཁོར་གྱིས་ཡོངས་སུ་བསྐོར་ཏེ། དེ་བཞིན་གཤེགས་པའི་སྐུའང་རྡོ་རྗེ་ལྟ་བུ་ལ། མདོག་བཻ་ཌཱུཪྻ་འདྲ་སྟེ་མི་ཤིགས་པ་ལགས་ལ། ཤེས་དང་ཤེས་རབ་རྒྱ་མཚོ་ལྟ་བུས་ཡོངས་སུ་བསྐོར་ཅིང་། འཁོར་གྱི་དཀྱིལ་འཁོར་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སོགས་པའང་ཚད་མེད་མཐའ་ཡས་པའི་ཡོན་ཏན་མཆོག་དང་ལྡན་ཏེ། སྤོས་ཀྱི་གླང་པོ་ཆེ་ལྟ་བུའི་འཁོར་གྱི་དཀྱིལ་འཁོར་འདིའི་ནང་ན་འདྲི་བར་ག་ལ་སྤོབས་མོད་ཀྱི། འོད་གྱིས་ཀྱང་སངས་རྒྱས་ཀྱི་བྱིན་གྱི་རླབས་དང་། འཁོར་མང་པོའི་དགེ་བའི་རྩ་བའི་ཤུགས་ཀྱིས་ཅུང་ཟད་ཅིག་ཞུ་བར་འཚལ་ལོ་ཞེས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་བ། ཚེའི་རིང་བར་ནི་ཅིས་འགྱུར་ཞིང་།། མི་འཇིགས་རྡོ་རྗེའི་ལུས་ཅིས་འཐོབ། ། ཅི་ཡི་རྒྱུ་དང་རྐྱེན་གང་གིས།། ཤིན་ཏུ་བརྟན་པའི་སྟོབས་ཀྱང་འཐོབ།། ཇི་ལྟར་མདོ་སྡེ་འདི་ཉིད་ཀྱིས།། མཐར་ཐུག་ཕ་རོལ་ཕྱིན་པར་འགྱུར།། བཅོམ་ལྡན་འདས་ཀྱིས་དགོངས་པ་གང་།། སེམས་ཅན་དག་ལ་བཤད་དུ་གསོལ།། ཇི་ལྟར་ཆེ་བ་ཉིད་འཐོབ་ཅིང་།། ཀུན་གྱི་རྟེན་དང་གནས་སུ་འགྱུར།། དགྲ་བཅོམ་པ་ཉིད་མ་ཡིན་པར། ། དགྲ་བཅོམ་པ་དང་མཉམ་པ་ལགས།། ཇི་ལྟར་ལྷ་ཡི་བདུད་རྣམས་ཀྱིས།། བར་ཆད་བགྱིད་པ་འཚལ་བར་བགྱི།། བཅོམ་ལྡན་གསུང་དང་བདུད་ཀྱི་ཚིག་ཇི་ལྟར་རྟོགས་ཤིང་འཚལ་བར་བགྱི། ། ཇི་ལྟར་ཁ་ལོ་སྒྱུར་བ་དག། དགྱེས་བཞིན་དོན་དམ་བདེན་པ་གསུངས།། ཡང་དག་དགེ་དང་ལྡན་བཞིན་དུ།། ཕྱིན་ཅི་ལོག་བཞི་སྟོན་པ་ལགས།། ཇི་ལྟར་དགེ་བའི་ལས་བགྱིད་པ།། དྲང་སྲོང་ཆེན་པོས་བཤད་དུ་གསོལ།། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས།། བལྟ་དཀའ་ཉིད་ཀྱང་མཐོང་བར་འགྱུར།། ཇི་ལྟར་རྫོགས་པའི་དོན་ཆུད་ཅིང་། ། དོན་གྱི་ཕྱེད་ཙམ་རྟོགས་པ་ལགས།། ཇི་ལྟར་འཕགས་དང་མཐུན་སྤྱོད་ཅིང་།། ས་ལ་ས་ཞེས་བྱ་ལྟ་བུ།། ཀ་ལིང་ཏེ་དང་ཉི་ཟླ་དང་།། ཕོད་དང་སྐར་ཆེན་ལྟ་བུ་ལགས། ། ཇི་ལྟར་སེམས་ནི་མ་སྐྱེས་པར།། བྱང་ཆུབ་སེམས་དཔའ་ཞེས་སུ་གདགས།། ཇི་ལྟར་འཁོར་གྱི་དཀྱིལ་འཁོར་དུ།། མི་འཇིགས་པ་ཡི་སེམས་འཐོབ་ཅིང་།། འཇམ་བུ་ཆུ་ཀླུང་གསེར་ལྟ་བུར། ། སྐྱོན་དང་རྣམ་པར་བྲལ་བ་ལགས།། ཇི་ལྟར་འཇིག་རྟེན་རྙོག་མ་འདིར།། པདྨོ་བཞིན་དུ་མི་ཆགས་འགྱུར།། ཇི་ལྟར་ཀུན་ནས་ཉོན་མོངས་ཀྱང་།། ཀུན་ནས་ཉོན་མོངས་མི་ཆགས་འགྱུར།། སྨན་པ་མཁས་པས་ནད་གསོས་པ།། ནད་མི་འགོ་བ་ལྟ་བུ་ལགས།། འཁོར་བའི་རྒྱ་མཚོ་ཆེན་པོར་ནི།། ཇི་ལྟར་དེད་དཔོན་ལྟ་བུར་འགྱུར། ། ཇི་ལྟར་འཁོར་བ་ཡོངས་སྤངས་པ།། སྦྲུལ་ལྤགས་བརྗེ་བ་ལྟ་བུ་ལགས།། ཇི་ལྟར་དཀོན་མཆོག་གསུམ་པོ་ལ།། ཡིད་བཞིན་ལྷ་ཡི་ཤིང་ལྟ་བུ།། ཐེག་པ་གསུམ་གྱི་རིགས་མེད་ན། ། ཅི་ཡི་སླད་དུ་གསུངས་པར་གྱུར།། དཔེར་ན་བདེ་བ་མ་སྐྱེས་པར།། ཇི་ལྟར་བདེ་བ་མྱོང་ཞིས་བགྱི།། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས། ། མི་ཤིགས་པ་ཡི་འཁོར་ཡང་ཐོབ།། ཇི་ལྟར་མདོངས་ཤིང་འཇོམ་པ་ཡི།། འདྲེན་པ་ཡི་ནི་མིག་ཏུ་འགྱུར།། ཇི་ལྟར་མགོ་མང་སྟོན་པ་ཡང་།། དྲང་སྲོང་ཆེན་པོས་བཤད་དུ་གསོལ། ། ཇི་ལྟར་ཆོས་རྣམས་སྨྲ་བ་དག། ཟླ་བ་ཚེས་པ་བཞིན་དུ་སྐྱེ།། ཇི་ལྟ་བུར་ན་མཐར་ཕྱིན་པའི།། མྱ་ངན་འདའ་བ་སྟོན་པ་ལགས།། ཇི་ལྟར་དཔའ་ཞིང་བརྩོན་པ་ལ། ། མི་དང་ལྷ་དང་བདུད་ལམ་སྟོན།། ཇི་ལྟར་ཆོས་ཀྱི་མཚན་ཉིད་ཤེས།། ཆོས་ཀྱི་བདེ་བ་མྱོང་བ་ལགས།། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས།། ཐམས་ཅད་ནད་དང་བྲལ་བ་ལགས།། ཇི་ལྟར་སོ་སོའི་སྐྱེ་བོའི་ཕྱིར།། དགོངས་ཏེ་གསུངས་པ་སྟོན་པ་ལགས།། མཐར་ཕྱིན་པ་ཡི་དོན་ནི་གང་།། ཇི་ལྟར་མཐར་མ་ཕྱིན་པ་ལགས།། ཐེཙོམ་གཅོད་པའི་ཕྱིར་གསུངས་ན།། གཅིག་ཏུ་ངེས་པར་ཅིས་མི་གསུངས།། ཇི་ལྟར་གྱ་ནོམ་བླ་མེད་པའི།། བྱང་ཆུབ་ལ་ནི་བསྙེན་པར་འགྱུར།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར། དེ་བཞིན་གཤེགས་ལ་བདག་ཞུའོ།། སྤྱོད་པ་ཤིན་ཏུ་ཟབ་མོ་ཡི།། དམ་པ་དག་ནི་བཤད་དུ་གསོལ།། རྣམ་པ་ཐམས་ཅད་ཆོས་ཀྱི་ནང་།། བདེ་བའི་རང་བཞིན་ཀུན་མཆིས་ན།། དྲང་སྲོང་ཆེན་པོ་མཆོག་གིས་སུ། ། རྣམ་པར་ཕྱེ་སྟེ་བསྟམ་དུ་གསོལ།། སྐྱེ་བོའི་རྟེན་དང་གནས་འགྱུར་བ།། རྐང་གཉིས་མཆོག་སྟེ་སྤན་ལྟ་བུ།། ཕུང་པོ་རྣམས་ལས་ནུ་བརྩམས་ཀྱང་།། འཚལ་པབའི་ཤེས་རབ་མ་མཆིས་སོ། ། དེ་ལྟར་ཤིན་ཏུ་ཟབ་མོ་ཡི།། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ནི།། བྱང་ཆུབ་སེམས་དཔའ་བརྩོན་པ་ཡང་།། ཤེས་པར་ནུས་པ་མ་ལགས་སོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་ཤིན་ཏུ་ལེགས་སོ།། ཤིན་ཏུ་ལེགས་སོ་ཞེས་བྱ་བ་བྱིན་ནས། རིགས་ཀྱི་བུ་ཁྱོད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་བའི་ཡེ་ཤེས་མ་ཐོབ་མོད་ཀྱིས། ཁྱོད་ཀྱིས་ཤིན་ཏུ་ཟབ་མོའི་སྙིང་པོ་ཞུ་ཞིང་གསོལ་བ་འདི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་འདྲི་བ་དང་ཐ་མི་དད་དོ།། རིགས་ཀྱི་བུ་སྔོན་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྙིང་པོར་བྱང་ཆུབ་སྟེ་མངོན་པར་སངས་རྒྱས་པ་ན། དེའི་ཚེའང་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པ་ཀླུང་གངྒཱའི་བྱེ་མ་སྙེད་ནས་བྱང་ཆུབ་སེམས་དཔའ་རྣམས་ལྷགས་ཏེ། ང་ལ་ཤིན་ཏུ་ཟབ་མོའི་དོན་དྲིས་པའི་ཚིག་གི་རྣམ་གྲངས་དང་། དོན་དང་། ཡོན་ཏན་ཡང་འདི་དང་འདྲ་སྟེ་ཐ་མི་དད་དོ།། གང་གིས་འདི་སྐད་དུ་འདྲི་བ་ནི་སེམས་ཅན་ཚད་མེད་པ་སྙེད་ལ་ཕན་པ་དང་བདེ་བའི་དོན་དུ་སྤྱོད་པ་ཡིན་ནོ། ། དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་ཤེས་རབ་མ་མཆིས་པས། འདི་ལྟ་བུའི་ཤིན་ཏུ་ཟབ་མོའི་དོན་འབྲི་བའི་མཐུ་མ་མཆིས་སོ།། བཅོམ་ལྡན་འདས་དཔེར་ན་སྦྲང་བུ་དག་ནི་རྒྱ་མཚོའི་ཕ་རོལ་ཏུ་འཕུར་ནུས་པའི་མཐུ་2། ནམ་མཁའི་དབྱིངས་ཀུན་ཏུ་ཕྱིན་པའི་མཐུ་མ་མཆིས་སོ།། བདག་ཀྱང་དེ་དང་འདྲ་བར་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རྒྱ་མ་ཚོ་མཆོས་ཉིད་ནམ་མཁའ་སྣ་བུ་ཤིན་ཏུ་རབ་མོ་འཛིན་འདྲི་བའི་མཐུམ་མཆིས་སོ། ། བཅོམ་ལྡན་འདས་དཔེར་ན་རྒྱལ་པོའི་བཅུག་ཕུང་ལ་འདོགས་པའི་ནོར་བུ་རིན་པོ་ཆེ་བར་མཛོད་སྲུང་བའི་སྔོན་པོ་ལ་གནས་ན། རྣོར་པོ་དེས་སྤྱི་བོས་ལེན་ཏེ་སྲུང་བའི་དམ་བཞག་ཆེར་བགྱིད་དོ། ། བདག་ཀྱང་དེ་བཞིན་དུ་དེ་བཞིན་གཤེགས་པས་གསུངས་པ་ཤིན་ཏུ་རྒྱས་པའི་དོན་ཟབ་མོ་འདི་སྤྱི་བོས་ལེན་ཏེ་སྲུང་བའི་ནན་ཏན་ཆེར་བགྱིད་དོ།། དེ་ཅིའི་སླད་དུ་ཞེ་ན་བདག་གིས་ཤེས་རབ་ཤིན་ཏུ་ཟབ་མོ་བསྒྲུབ་པའི་སླད་དུའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཤིན་ཏུ་ལེགས་པར་ཉོན་ཅིག་དང་། དེ་བཞིན་གཤེགས་པའི་སྐུ་ཚེའི་རིང་བའི་ལས་ཁྱོད་ལ་བཤད་དོ།། བྱང་ཆུབ་སེམས་དཔས་ལས་དེའི་རྒྱུ་དང་རྐྱེན་ཐོས་པས་ཚེ་རིང་བར་འགྱུར་གྱིས། དེ་བས་ན་ཤིན་ཏུ་ལེགས་པར་ཉོན་ཅིག། ཇི་ཙམ་དུ་ལས་གང་གིས་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་དེ་ལ་ནི་ཤིན་ཏུ་ལེགས་པར་གཟུང་ཞིང་མཉན་པར་བྱའོ།། ཐོས་ནས་ཀྱང་གཞན་ལ་རྒྱ་ཆེར་བསྟན་པར་བྱའོ། ། རིགས་ཀྱི་བུ་ངས་ཀྱང་སྔོན་ལས་དེ་དག་བསྒྲུབ་པའི་ནན་ཏན་ཤིན་ཏུ་བྱས་པས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། དེ་ཡང་ཁྱོད་ལ་རྒྱས་པར་བཤད་པར་བྱའོ།། རིགས་ཀྱི་བུ་འདི་ས་ཏེ། དཔེར་ན་རྒྱལ་བུ་རྒྱལ་ཆེབ་ཅིག་ཉེས་པ་བྱས་ཏེ་བཙམ་ན། རྒྱལ་པོ་དེབྱམས་ཤིང་དྲན་པའི་ཕྱིར། གང་ནས་གང་དུ་བཙས་པའི་གནས་དེ་དང་དེ་དག་ཏུ་ལྟར་འགྲོའོ།། བྱང་ཆུབ་སེམས་དཔའ་ཡང་ཚེ་རིང་བར་འདོད་ན། དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་བུ་དང་འདྲ་བར་བསྲུང་ཞིང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཆེན་པོ་བསྐྱེད་དེ། ཐོག་མི་གཅད་པའི་ཁྲིམས་གཟུང་བར་བྱའོ།། དགེ་བའི་ཆོས་ལ་གཟུད་ཅིང་། སེམས་ཅན་ཐམས་ཅད་ཁྲིམས་ལྔ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ལ་དགོད་དོ།། གཞན་ཡང་སེམས་ཅན་དམྱལ་བ་དང་། ཡི་དགས་དང་བྱོལ་སོང་དང་ལྷ་མ་ཡིན་གྱི་གནས་དང་རྒྱུད་ཐམས་ཅད་དུ་སྡུག་བསྔལ་བའི་སེམས་ཅན་ཐམས་ཅད་བསྔལ་བ་ནི་མ་སྒྲོལ་བ་རྣམས་ཐོལ་བར་བྱ་བ་དང་། ཕ་རོལ་ཏུ་མ་བྱིན་པ་རྣམས་ཕ་རོལ་ཏུ་ཕྱིན་པར་བྱ་བ་དང་། མྱ་ངན་ལས་མ་འདས་པའི་རྣམས་མྱ་ངན་ལས་འདས་པར་བྱ་བ་དང་། འཇིགས་སྒྲགས་པའི་རྣམས་བདེ་བར་སྤྲོ་བར་སྲིང་ངོ་།། དེ་ལྟ་བུའི་ལས་ཀྱི་རྒྱུ་དང་རྐྱེན་གྱིས་བྱང་ཆུབ་སེམས་དཔའ་ཚེ་ཆིང་བར་འགྱུར་ཞིང་། ཤེས་རབ་ཀྱི་དབང་ཐོབ་པ་དང་། གང་ནས་གང་དུ་འཕོས་ཀྱང་མཐོ་རིས་ཀྱི་ལྷར་སྐྱེ་བར་འགྱུར་དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་འདུ་ཤེས་བསྐྱེད་དོ། ། ཞེས་བགྱི་བ་དོན་ཤིན་ཏུ་ཟབ་པས་བདག་གིས་མི་རིག་གོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་བུ་གཅིག་པ་དང་འདྲ་བར་འདུ་ཤེས་བསྐྱེད་དོ་ཞེས། དེ་བཞིན་གཤེགས་པས་གསུང་བའི་མི་རིགས་སོ།། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་བསྟན་པ་ལ་ཞུགས་པ་དག་ཁ་ཅིག་ནི་ཚུལ་ཁྲིམས་ཉམས་པའང་མཆིས། ཁ་ཅིག་ནི་ཁ་ན་མ་ཐོ་བའི་ཆོས་བགྱིད། ཁ་ཅིག་ནི་དམ་པའི་ཆོས་ཉམས་པར་བགྱིད་པ་དག་ཀྱང་མཆིས་ན། ཇི་ལྟ་བུར་དེ་དག་ལ་བུ་གཅིག་པ་དང་འདྲ་བར་འདུ་ཤེས་བསྐྱེད་པར་བགྱི། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། དེ་དེ་བཞིན་ནོ། དེ་བཞིན་ཏེ། ང་ནི་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་འཛིན་དང་འདྲ་བར་བུར་འདུ་ཤེས་སོ།། བཅོམ་ལྡན་འདས་ལ། འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། སྟོམ་ཟླ་བ་ཉ་བ་བཅོ་ལྔའི་ཉིན་པར་དགེ་འདུན་ཡོངས་སུ་དག་པ་དག་གསོ་སྦྱིན་བགྱིད་པ་ན། ཁྱེའུ་གཞོན་ནུ་ལུས་དང་། ངག་དང་། ཡིད་མ་བྱང་བ་ཞིག་དབྱེན་པའི་གནས་ནས་དགེ་འདུན་གསོ་སྦྱོར་བགྱིད་པ་མཉན་པས། ལག་ན་རྡོ་རྗེ་སངས་རྒྱས་ཀྱི་བྱིན་གྱིས་རྡོ་རྗེའི་གཏུན་གྱིས་རྡུལ་བཞིན་དུ་བགྱིས་ན། བཅོམ་ལྡན་འདས་ལག་ན་རྡོ་རྗེ་དེ་ཤིན་ཏུ་ཁྲོ་བས་ཁྱེའུ་དེ་སྲོག་དང་ཕྲལ་ན། ཅིའི་སླད་དུ་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ལ་སྲས་སྒྲ་གཅན་འཛིན་དངཔའ་དྲའོ་ཞེས་གསུངས་བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། ཁྱོད་དེ་སྐད་མ་ཟེར་ཅིག། ཁྱེའུ་གཞོན་ནུ་དེའང་སྤྲུལ་པ་ཙམ་དུ་ཟད་ཀྱི། ཡང་དག་པར་ན་མི་མ་ཡིན་ཏེ། དེ་ནི་ཚུལ་ཁྲིམས་ཉམས་པ་དག་དགེ་འདུན་ཡོངས་སུ་དག་པའི་ནང་ནས་དབྱུང་བའི་ཕྱིར་རོ། ། ལག་ན་རྡོ་རྗེའང་སྤྲུལ་པ་ཙམ་དུ་ཟད་དོ།། འོད་སྲུངས་དམ་པའི་ཆོས་མ་རུང་བར་བྱས་པ་དང་། ལོག་སྲེད་ཅན་དང་། སྲོག་གཅོད་བ་དང་། ངན་པར་ལྟ་བ་དང་། ཚུལ་ཁྲིམས་ཉམས་པ་དག་ལའང་ནི་ཐུགས་རྗེ་ཆེན་པོ་བསྐྱེད་དེ། སྲས་སྦ་གཅན་འཛིན་དང་འདྲ་བར་བལྟའོ།། རིགས་ཀྱི་བུ་དཔེར་ན་རྒྱལ་པོ་ནི་བློན་པོ་དག་ཉེས་བྱུང་སྟེ། ཁྲིམས་ལས་འགལ་ནི་མི་གཏོང་སྟེ། ཁྲིམས་ཅི་ལ་བབ་པ་དང་སྦྱོར་རོ།། དེ་བཞིན་གཤེགས་པ་ནི་དེ་ལྟ་མ་ཡིན་ཏེ། བསྟན་པ་ལས་ཉམས་པ་ཡོད་ན་བསྐྲད་པའི་ལས་བྱ་བ་དང་། སྤྱོ་བའི་ལས་བྱ་བ་དང་། གཞག་པའི་ལས་བྱ་བ་དང་། ཉེས་པ་གླེང་བའི་ལས་བྱ་བ་དང་། མི་སྣང་བར་བྱ་བའི་ལས་བྱ་བ་དང་། ཞི་བར་བྱ་བའི་ལས་བྱ་བ་དང་། ངན་པར་ལྟ་བ་སྤོང་བའི་ལས་བྱེད་དོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ནི་ཆོས་ལ་སྐུར་པ་དག་ལ་ཡོངས་སུ་གདུལ་བའི་ལས་བྱེད་དེ། ངན་པར་སྤྱོད་པ་དག་རྣམ་པར་སྨིན་པའི་འབྲས་བུ་སྟོན་པར་བྱེད་དོ།། རིགས་ཀྱི་བུ་འདི་ལྟར་རིག་པར་བྱ་སྟེ། དེ་བཞིན་གཤེགས་པ་ནི་སེམས་ཅན་ངན་པ་དག་ལ་མི་འཇིགས་པ་སྦྱིན་པ་ཡིན་ནོ། ། གལ་ཏེ་འོད་ཟེར་གཅིག་གམ། གཉིས་སམ། ལྔ་བཀྱེ་བས་ཀྱང་ལ་རེག་པའི་སེམས་ཅན་དེད་ནི་སྡིག་པ་ཡོངས་སུ་སྤོང་བར་འགྱུར་རོ། ། དེ་བས་ན་དེ་བཞིན་གཤེགས་པ་ནི་དེ་ལྟ་བུ་ནི་མཐུ་ཚད་མེད་པ་དང་ལྡན་ནོ།། རིགས་ཀྱི་བུ་གང་མ་མཐོང་བའི་ཆོས་རྣམས་ཁྱོད་ཀྱིས་མཐོང་བར་འདོད་ན། ཁྱོད་ལ་དེའི་ཕྱོགས་ཙམ་ཞིག་བསྟན་པར་བྱའོ།། ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཕྱོགས་གང་ན། དགེ་སློང་ཚུལ་ཁྲིམས་དང་ལྡན་ཞིང་སྤྱོད་ལམ་མ་ཉམས་པ་དམ་པའི་ཆོས་ཡོངས་སུ་སྲུང་བ་དག་གིས། ཆོས་མ་རུངས་པར་བྱེད་པའི་རྣམས་མཐོང་ནས་སྐྲོད་ཅིང་། ཆད་པས་ཀྱང་གཅོད་པའི་སྐྱེས་བུ་དེ་ནི། བསོད་ནམས་ཚད་མེད་དཔག་ཏུ་མེད་པ་ཐོབ་པར་རིག་པར་བྱའོ། ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱལ་པོ་ཆོས་ངན་པ་འབའ་ཞིག་སྤྱོད་པ་ཞིག་ནད་ཀྱིས་བཏབ་པ་ལས། ཡུལ་དེ་དང་ཉེ་བའི་རྒྱལ་པོ་ཞིག་དེ་ལྟར་ན་བར་གྱུར་པ་ཐོས་ནས། རྒྱལ་པོ་ངན་པདེ་མེད་པར་བྱ་བའི་ཕྱིར་དམག་དྲངས་སོ།། རྒྱལ་པོ་ནད་པ་དེ་མཐུང་ང་དཔུང་ཆུང་པས་འཇིགས་སྐྲག་སྟེ། མི་དགེ་བ་བཏང་ནས་དགེ་བ་ལ་བརྩོན་པར་གྱུར་ན་ཕས་རྒོལ་བའི་རྒྱལ་པོ་དེས་བསོད་ནམས་ཚད་མེད་པ་ཐོབ་པར་འགྱུར་རོ། ། དེ་བཞིན་དུ་ཆོས་འཛིན་པའི་དགེ་སློང་དག་ཀྱང་དེ་དང་འདྲ་བར། ཆོས་མ་རུངས་པར་བྱེད་པའི་གང་ཟག་དག་སྤྱོད་པ་དང་ཆད་པས་གཅོད་པའི་ལས་བྱ་སྟེ། དགེ་བའི་ཆོས་ལ་བཙུད་ན་བསོད་ནམས་ཚད་མེད་པ་འཐོབས་པར་འགྱུར་རོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཁྱིམ་བདག་གཅིག་གི་ཁྱིམ་ཕྱིར་དུག་གི་སྡོང་པོ་སྐྱེས་ན། ཁྱིམ་བདག་དེས་དུག་ཡིན་པར་ཤེས་མ་ཐག་ཏུ་རྩ་ནས་མེད་པར་བྱེད་དོ།། གཞན་ཡང་སྐྱེས་བུ་ལང་ཚོ་བའི་མགོ་ལ་སྐྲ་དཀར་ཞིག་བྱུང་ན། དེ་ངོ་ཚ་སྟེ་དེ་མ་ཐག་ཏུ་རྩ་ནས་བཏོན་ཏེ། ཕྱིས་མི་སྐྱེས་པའི་ཆོས་སུ་མེད་པར་བྱེད་དོ།། ཆོས་འཛིན་པའི་དགེ་སློང་ཡང་དེ་དང་འདྲ་སྟེ། དགེ་སློང་ཚུལ་ཁྲིམས་ཉམས་པ་དམ་པའི་ཆོས་མ་རུང་བར་བྱེད་པ་མཐོང་ན། གནས་ནས་སྐྲོད་ཅིང་ཆད་པས་གཅད་པར་བྱའོ།། དགེ་སློང་དགེ་བས་བསླབ་ཚིག་ཉམས་པ་དག་མཐོང་སྟེ། གནས་ནས་མ་བསྐད་དམ། ཆད་པས་མ་གཅད་ན། དེ་ནི་སངས་རྒྱས་ཀྱི་བསྟན་པའི་ཆོས་ཀྱི་དགྲ་ཡིན་པར་རིག་པར་བྱའོ།། གང་གིས་གནས་ནས་སློང་དམ། ཆད་པས་གཅོད་ན། དེ་ནི་ང་ཉེགནས་ཉན་ཐོས་ཡང་དག་པ་ཡིན་ནོ། ། ཡང་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན། སེམས་ཅན་ཐམས་ཅད་ལ་སྲས་སྒྲ་གཅན་འཛིན་དང་འདྲ་བར་གཟིགས་སོ་ཞེས་བགྱི་བ་མི་རུང་ངོ་།། བཅོམ་ལྡན་འདས་གལ་ཏེ་གང་ཟག་གཅིག་གིས་མཚོན་ཐོགས་ཏེ། སངས་རྒྱས་ལ་འདེབས་པ་དང་། གང་ཟག་གཅིག་གིས་ཙན་དན་གྱི་ལྡེ་གུས་སངས་རྒྱས་ཀྱི་སྐུ་ལ་བྱུགས་པ་གཉིས་ལ། བཅོམ་ལྡན་འདས་ཀྱིས་ཐུགས་མཉམ་པར་གཟིགས་ནས། ཅིའི་སླད་དུ་བསླབ་ཚིག་ཉམས་པ་དག་ཆད་པས་གཅད་དོ་ཞེས་གསུངས། ཅི་སྟེ་བསླབ་ཚིག་ཉམས་པ་དག་ཆད་པས་གཅད་ན་གསུངས་པ་དང་འགལ་ལོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱལ་པོ་འམ། བློན་པོ་ཆེན་པོ་ཞིག་ལ་བུ་གཟུགས་བྱང་དང་ལྡན་པ་ཤེས་རབ་རྣོ་བ་གཉིས་སམ། གསུམ་མམ། བཞི་ཡོད་དེ། སློབ་དཔོན་སྟོན་མཁས་པ་ལ་གནས་བཅས་ནས་འདི་སྐད་དུ། བདག་གི་བུ་འདི་དག་ཚུལ་དང་གཙུག་ལག་དང་རྩལ་དང་། ཡི་གེ་དང་། བཟང་བ་དང་། རྩིས་ལོངས་པ་ཞིག་ཏུ་བསླབ་པར་གསོལ་ལོ།། བདག་གི་བུ་བཞི་པོ་འདི་ཁྱོད་ལ་བཅོལ་གྱིས་བུ་གསུམ་ལྕག་འོག་ཏུ་ཤི་ཡང་ཟའི་བུ་གཅིག་བསླབ་པ་ལོབས་པར་བྱ་བའི་ཕྱིར་ནན་ཏུར་སྐྱེད་ཅིག། བུ་གསུམ་པོ་ཤི་ཡང་བདག་ནི་ཁོན་དུ་མི་འཛིན་ཏོ།། འོད་སྲུངས་དེ་ལ་སྙམ་དུ་སེམས། བུ་དེའི་བ་དང་སློབ་པའི་སློབ་དཔོན་དེ་གསོད་པའི་ཉེས་པ་ཐོབ་པམ། གསོལ་པ། བཅོམ་ལྡན་འདས་པ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། རྩུ་པར་བསམས་ཏེ་བསླབ་པ་ལོབས་པར་བགྱི་བ་ལགས་ཀྱིས། མི་སྡུག་པར་བསམས་ཏེ་བསླབ་པ་མ་ལགས་པས། བསོད་ནམས་ཚད་མེད་པ་ཐོབ་པར་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། བསླབ་ཚིག་ཉམས་པ་དག་ལའང་བུ་གཅིག་དང་འདྲ་བར་གཟིགས་སོ།། དེ་བཞིན་གཤེགས་པས་བླ་ན་མེད་པའི་དམ་པའི་ཆོས་ནི་རྒྱལ་པོ་དང་བློན་པོ་ཆེན་པོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་གཏམས་ཤིང་གཏད་པས། རྒྱལ་པོ་དང་། འཁོར་རྣམ་བཞིས་གང་བསླབ་པ་ལ་ཞུགས་པ་དག་ལྷག་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཐོབ་པར་སྐུལ་ཅིག། གང་སློབ་པ་གསུམ་པོ་འདི་ལ་མི་སློབ་ཅིང་། ལེ་ལོ་བྱེད་པ་དང་། ཚུལ་ཁྲིམས་ཉམས་པད་ཆོས་མ་རུང་བར་བྱེདན་རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། འཁོར་རྣམ་བཞིས་ཆད་པས་ཆོད་ཅིག། རིགས་ཀྱི་བུ་རྒྱལ་པོ་དེ་དང་། འཁོར་རྣམ་བཞི་པོ་དེ་ཁ་ན་མ་ཟོ་བའི་སྡིག་འཐོབ་པར་འགྱུར་རམ། མ་ལགས་སོ།། བཅོམ་ལྡན་འདས་རིགས་ཀྱི་བུ་དེ་ལྟར་རྒྱལ་པོ་དེ་དང་། འཁོར་རྣམ་བཞི་པོ་དེའང་སྡིག་པར་མི་འགྱུར་ན། དེ་བཞིན་གཤེགས་པ་ལྟ་སྨོས་ཀྱང་ཅི་དགོས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་དེ་ལྟར་མཉམ་པའི་ཐུགས་ཀྱིས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་དགོངས་སོ། ། གང་དེ་ལྟར་སེམས་པ་དེ་ནི། བྱང་ཆུབ་སེམས་དཔའ་མཉམ་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་འདུ་ཤེས་པ་ཞེས་བྱའོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་དེ་ལྟར་ལས་དེ་ལ་ནན་ཏན་བྱེད་པ་ནི་ཚེ་རིང་བར་འགྱུར་ཞིང་། སྔོན་གྱི་གནས་ཀྱང་ཤེས་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་ཀྱིས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་གང་མཉམ་པའི་སེམས་ལ་ནན་ཏན་བྱ་སྟེ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་འདུ་ཤེས་པས་ཚེ་རིང་བར་འགྱུར་རོ།། ཞེས་དེ་བཞིན་གཤེགས་པས་དེ་སྐད་གསུངས་པའི་མི་རིགས་སོ། ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟ་སྟེ། ཤེས་པ་དང་ལྡན་པ་སྲི་ཞུར་བགྱི་བའི་ཆོས་རྣམ་པ་སྣ་ཚོགས་ཀྱང་སྟོན་མཁས་པ་ཞིག་ཁྱིམ་དུ་མཆིས་ནས། ཕ་མ་ལ་རྡོ་དབྱུག་གིས་འཚོག་གོ། ཕ་མ་ནི་བསོད་ནམས་ཀྱི་ཞིང་ལགས་ཏེ། ཕན་པ་དང་བདེ་བའི་འབའ་ཞིག་བགྱིད་ཅིང་། ཤིན་ཏུ་ཕྲད་དཀའ་བས་དེ་ནི་མཆོད་པར་འོས་ན། དེ་ལ་གནོད་པས་རྣམ་པར་གཙེས་ན། ཆོས་འཚལ་བ་དེ་སྨྲ་བ་དང་བགྱིད་པར་མི་མཐུན་ཏེ་འགལ་ལོ།། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་མཉམ་པ་ལ་ནན་ཏན་བགྱིད་ཅིང་། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་འདུ་ཤེས་པས་ཚེ་རིང་ཞིང་། སྔོན་གྱི་གནས་ཤེས་པར་འགྱུར་བ་ལ་མི་འཕོ་སྟེ། རྟག་ཏུ་འཇིག་རྟེན་ན་གནས་པ་ཞིག་ལགས་ན། ཅིའི་སླད་དུ་བཅོམ་ལྡན་འདས་མི་འདྲ་བར་སྐུ་ཚེ་རབ་ཏུ་ཟུང་བར་གྱུར། དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ལ་དགྲ་ལྟ་བུར་དགོངས་པ་མངའ་འམ། བཅོམ་ལྡན་འདས་སྔོན་སྡིག་པ་ཅི་ཞིག་མཛད་ཅིང་། ཇི་སྙེད་ཀྱི་སྲོག་གི་དབང་པོ་དང་ཕྲལ་ན། འདི་ལྟར་སྐུ་ཚེ་ལོ་བརྒྱའང་མ་ཐུབ་པར་རབ་ཏུ་ཐུང་བར་གྱུར་བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཅིའི་ཕྱིར་དེ་བཞིན་གཤེགས་པའི་སྤྱན་སྔར་མ་གཙིགས་པའི་ཚིག་འདི་ལྟ་བུ་སྨྲས། དེ་བཞིན་གཤེགས་པའི་ས་ཚོན་ཚེ་ནང་ནམ་། ཡུལ་དྷཱ་ཨུ0f7f་། པ་ཚུས་ཀྱི་ནང་ན་འ་ཅོ། གྱུ། ཧྲུས་ཐུལ།། @་སེམས་དཔའ་འོད་སྲུངས་ཀྱིས། ཡང་བཅོམ་ལྡན་འདས་ལ་གསོལ་པ། དེ་བཞིན་གཤེགས་པའི་སྐུ་ཚེ་རིང་ཞེས་བགྱི་བ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་འོད་སྲུངས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཆུ་ཀླུང་ཆེན་པོ་བརྒྱད་ཡོད་དེ། ཀངྒཱ་ཞེས་བྱ་བ་དང་། ཡམ་པ་ལ་དང་། ས་ལ་དང་། ཨ་ལི་ལ་བར་ཏ་དང་། མ་ཧ་དང་སིན་དྷཱ་དང་། བག་ཀྵུ་དང་། སི་ཏ་ཞེས་བྱ་བ་ཆུ་གྲུང་ཆེན་པོ་བརྒྱད་དང་། དེ་མ་ཡིན་པའི་ཆུ་བྲན་ཐམས་ཅད་ཀྱང་རྒྱ་མཚོ་ཆེན་པོར་འབབ་བོ།། འོད་སྲུངས་དེ་བཞིན་དུ་ལྷ་དང་བཅས་པ་དང་། ས་དང་ནམ་མཁའ་ལ་གནས་པ་ཐམས་ཅད་ཀྱི་ཚེ་སྲོག་གི་ཆུ་ཀླུང་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་ཚེའི་རྒྱ་མཚོར་བབ་བོ།། དེ་བས་ན་དེ་བཞིན་གཤེགས་པའི་སྐུ་ཚེ་ནི་ཚད་མེད་དོ། ། འོད་སྲུངས་གཞན་ཡང་འདི་ལྟ་སྟེ། མཚོ་མ་དྲོས་ཤེས་བྱ་བ་ལས་ཆུ་ཀླུང་ཆེན་པོ་བཞི་འབབ་བོ།། དེ་བཞིན་གཤེགས་པའང་དེ་དང་འདྲ་བར་ཚེ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ནོ། ། འོད་སྲུངས་འདི་ལྟ་སྟེ། རྟག་པའི་ཆོས་ཐམས་ཅད་ཀྱི་ནང་ན་ནམ་མཁའ་ནི་མཆོག་གོ།། དེ་བཞིན་གཤེགས་པའང་དེ་བཞིན་དུ་རྟག་པའི་ནང་ན་མཆོག་ཏུ་གྱུར། ཕུལ་དུ་གྱུར་ཏོ།། འོད་སྲུངས་འདི་ལྟ་སྟེ། སྨན་གྱི་ནང་ན་མར་གྱི་སྙིང་པོ་ནི་མཆོག་གོ།། དེ་བཞིན་དུ་དེ་བཞིན་གཤེགས་པའང་སེམས་ཅན་ཐམས་ཅད་ཀྱི་ནང་ན་སྐུ་ཚེའི་མཆོག་ཏུ་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། ཡང་བཅོམ་ལྡན་འདས་ལ་གསོལ་པ།། དེ་བཞིན་གཤེགས་པའི་སྐུ་ཚེ་དེ་ལྟར་གྱུར་ན།། བསྐལ་པ་གཅིག་གམ་བསྐལ་པ་གཅིག་འགྲིབས་ཀྱི་བར་དུ་བཞུགས་ཏེ། དམ་པའི་ཆོས་ཀྱི་ཆར་རྟག་ཏུ་དབབ་པའི་རིགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་འགོག་པ་འམ། ཟད་པའི་འདུ་ཤེས་མ་སྐྱེད་ཅིག། འོད་སྲུངས་ཅི་སྟེ་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མའམ། མུ་སྟེགས་ཅན་གྱི་བར་དུ་མངོན་པར་ཤེས་པ་ལྔ་དང་ལྡན་པ་དབང་དུ་གྱུར་པ་དག་ཀྱང་། བསྐལ་པ་གཅིག་གམ། བསྐལ་པ་གཅིག་འགྲིབས་ཀྱི་བར་དུ་ནམ་མཁའ་སྟོང་པ་ལ་འགྲོ་བ་དང་། སྡོད་པ་དང་། འདུག་པ་དང་། ཉལ་བའི་དབང་ཐོབ་ནས། རྩིབ་ལོགས་གཡོན་ནས་ནི་མེ་འབར། རྩིབ་ལོགས་གཡས་ནས་ནི་ཆུ་འབྱིན། ལུས་ཀྱི་སྟོད་ནས་ནི་དུད་པ་འཐུལ་ཏེ། མེའི་ཕུང་པོ་ལྟ་བུར་ཡང་སྒྱུར་ལ། གལ་ཏེ་ཚེའི་བར་དུ་གནས་པར་འདོད་ནའང་ཡིད་བཞིན་དུ་གནས་ཏེ། ཚེ་རིང་ཐུང་གི་དབང་ཐོབ་ནས་ལྟར་མངོན་པར་ཤེས་པ་ལྔ་ཐོབ་པ་ཙམ་གྱིས་ཡིད་བཞིན་གྱི་མཐུ་དང་ལྡན་ན། དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་མཐུ་བརྙེས་པ་ལྟ་ཅི་སྨོས་ཏེ། སྐུ་ཚེ་བསྐལ་པ་ཕྱེད་དམ། བསྐལ་པ་གཅིག་གམ། བསྐལ་པ་བརྒྱའམ། བསྐལ་པ་བརྒྱ་སྟོང་ངམ། བསྐལ་པ་ཚན་མེད་པའི་བར་དུ་གནས་པ་ལྟ་ཅི་སྨོས་ཏེ། དོན་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པའི་ཆོས་ཅན། མི་འགྱུར་བའི་ཆོས་ཅན་དུ་རིག་པར་བྱའོ།། དེ་བཞིན་གཤེགས་པའི་སྐུ་ནི་སྤྲུལ་པའི་སྐུ་སྟེ། ཟས་རྣམས་ཀྱི་སྐུ་མ་ཡིན་གྱི། སེམས་ཅན་བསྒྲལ་བའི་ཕྱིར་དུ་གི་སྡོང་པོ་དང་འདྲ་བར་བསྟན་ཏེ། དེ་བས་ན་ཡོངས་སུ་མྱ་ངན་ལས་འདའ་བ་བསྟན་པར་རིག་པར་བྱའོ།། འོད་སྲུངས་དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པའི་ཆོས་ཅན། མི་འགྱུར་བའི་ཆོས་ཅན་དུ་རིག་པར་བྱ་སྟེ། ཁྱེད་ལ་སོགས་པས་དོན་དམ་པ་ལ་བརྩོན་འགྲུས་ཤིན་ཏུ་ནན་ཏན་བྱའོ།། ཤིན་ཏུ་ནན་ཏན་བྱས་ནས་ཀྱང་གཞན་དག་ལ་རྒྱ་ཆེར་བཤད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། འཇིག་རྟེན་ལས་འདས་པའི་ཆོས་དང་། འཇིག་རྟེན་གྱི་ཆོས་ལ་བྱེ་བྲག་དང་ཁྱད་པ་ཅི་མཆིས། སངས་རྒྱས་ཀྱི་གསུངས་པ་ལྟར་སངས་རྒྱས་ཀྱང་ཆོས་ཅན། མི་འགྱུར་བའི་ཆོས་ཅན་ལགས་འཇིག་རྟེན་པ་ཚངས་པའི་ཞྭའང་རྟག་ལ། དབང་སྒྱུར་གྱི་ལྷའང་རྟག་སྟེ། མི་འགྱུར་བའི་ཆོས་ཅན། བདག་ཅེས་བྱ་བའང་རྟག་ལ། རང་བཞིན་ཡང་ཛཱ།། རྡུལ་ཕྲ་མོའང་རྟག་ཅེས་མཆིས་ན། ཅི་སྟེ་དེ་བཞིན་གཤེགས་པའང་རྟག་པའི་ཆོས་ཅན་ལགས་ན། དེ་བཞིན་གཤེགས་པས་ཅིའི་སླད་དུ་རྟག་པ་མངོན་པར་མི་སྟོན། ཅི་སྟེ་རྟག་པ་མངོན་པར་མི་སྟོན་ན་བྱེ་བྲག་དང་ཁྱད་པར་ཡང་ཅི་ཞིག་མཆིས། ཚངས་པའི་ལྷ་ནས་རྡུལ་ཕྲ་མོ་དང་། རང་བཞིན་རྟག་ཅེས་མཆི་བའང་མངོན་པར་ནི་མ་མཆིས་སོ།། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། འདི་ལྟ་སྟེ། དཔེར་ན་ཁྱིམ་བདག་གཅིག་ལ་བ་རྣམ་པ་མང་པོ་བདོག་པའི་སྤུ་མི་མཐུན་ཡང་ཁྱུ་རྫིའུ་ལ་གཏད་དེ། རྩ་དང་ཆུག་ལ་ཡོད་པར་སྙེགས་ཤིང་འཚོའི། དེའང་ཞོ་དང་ལོ་མ་ཙམ་གྱི་ཕྱིར་མ་ཡིན་གྱི། མར་གྱི་སྙིང་པོ་འདོད་པའི་ཕྱིར་རོ།། ཁྱིམ་བདག་དེ་ཕྱིས་ཤི་ནས་པ་རྣམས་ཀྱང་རྐུན་པོས་དད་དོ།། རྐུན་པོ་དེ་དག་ལ་བུད་མེད་པས་པ་བཞོས་ནས་སོ་སོར་འཐུང་ངོ་།། ཕྱིས་རྐུན་པོ་དེ་དག་གཅིག་ལ་གཅིག་འདི་སྐད་དུ། སྔོན་ཁྱིམ་བདག་ཆེན་པོ་དེ་བ་འདི་སྙེད་གསོ་བའང་ཞོ་དང་འོ་མ་ཙམ་གྱི་ཕྱིར་མ་ཡིན་གྱིས། མར་གྱི་སྙིང་པོ་འབའ་ཞིག་འདོད་པར་ཟད་ན། ད་བདག་ཅག་གིས་ཀྱང་ཐབས་ཅི་ཞིག་བྱས་ན་མར་གྱི་སྙིང་པོ་ཐོབ་པར་འགྱུར་ཞེས་བགྲོས་སོ།། མར་གྱི་སྙིང་པོ་ཞེས་བྱ་བ་ནི་འཇིག་རྟེན་ན་རོ་བྲོ་བ་ཐམས་ཅད་ཀྱི་ནང་ན་མཆོག་ཡིན་ཏེ། ཅི་སྟེ་འོ་མ་ཡོད་དུ་ཟིན་གྱིས་ཀྱང་ཐུགས་པའི་སྣོད་མེད་ཅེས་སྨྲས་སོ།། ཡང་འདི་སྐད་དུ་བདག་ཅག་ལ་རྐྱལ་པ་ཡོད་པས། རྒྱལ་བར་བླུགས་ཤེས་བགྲོས་ཏེ། བླུགས་པའི་གནས་ཡོད་དུ་ཟིན་གྱིས་ཀྱང་། ཞོ་དང་བསྲུབ་པའི་ཐབས་མི་ཤེས་པས། དེ་དག་གིས་དར་བ་ཙམ་ཡང་ཐོབ་པར་མི་ནུས་ན། མར་ཐ་མལ་པ་ལྟ་ཅི་སྨོས་ཏེ། དེའི་ཚེ་རྐུན་པོ་མ་རུངས་པ་དེ་དག་མར་གྱི་སྙིང་པོ་འདོད་པའི་ཕྱིར་ཡང་དང་ཡང་ཆུས་བསྣན་པས། འོ་མ་དང་། ཞོ་དང་། མར་གྱི་སྙིང་པོའི་བར་དུ་བཅས་ཏེ་ཉམས་པར་གྱུར་ཏོ།། སྐྱེ་བོ་གླེན་པའང་དེ་དང་འདྲ་སྟེ། དགེ་བའི་བག་ཅུང་ཟད་ཡོད་པའང་དེ་བཞིན་གཤེགས་པའི་དམ་པའི་ཆོས་ལས་བྱུང་ངོངོ། ། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས། དེ་བཞིན་གཤེགས་པའི་དགེ་བའི་ཆོས་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཆ་ལས་བརྐུས་པ་ནི། ཇི་ལྟར་རྐུན་པོ་རྣམས་ཀྱིས་བ་བརྐུས་པ་བཞིན་ནོ།། སྐྱེ་བོ་ཆེན་པ་དག་ཀྱང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཆ་ཙམ་ཐོབ་མོད་ཀྱིས། ། སྦྱོར་བའི་ཐབས་མེད་པས་རྣམ་པར་དགྲོལ་ཞིང་སྟོན་མི་ནུས་སོ།། དོན་དེ་ལྟ་བུས་ན་རྟག་པའི་ཚུལ་ཁྲིམས་སམ། རྟག་པའི་ཏིང་ངེ་འཛིན་ནམ། རྟག་པའི་ཤེས་རབ་བམ་རྣམ་པར་གྲོལ་བའི་བར་དུ་ཐོབ་པར་མི་ནུས་པ་ནི། རྐུན་པོ་དེ་དག་ཐབས་མི་ཤེས་ཏེ། མར་གྱི་སྙིང་པོ་མི་ཐོབ་པ་དང་མཚུངས་སོ།། རྐུན་པོ་དེ་དག་མར་གྱི་སྙིང་པོ་འདོད་པའི་ཕྱིར་ཆུས་བསྣན་པ་ལྟར་སྐྱེ་བོ་མ་རབས་ཀྱང་དེ་དང་འདྲ་སྟེ། རྣམ་པར་ཐར་པ་འདོད་པའི་ཕྱིར་བདག་དང་། སེམས་ཅན་དང་། སྲོག་དང་། སྐྱེས་བུ་དང་། ཚངས་པ་དང་། དབང་སྒྱུར་གྱི་ལྷ་དང་། རྡུལ་ཕྲ་མོ་དང་། འཇིག་རྟེན་གྱི་རང་བཞིན་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བར་དུ་མུ་ངན་ལས་འདས་པའོ་ཞེས་སྨྲས་ཏེ། དེ་ནི་ཡང་དག་པར་རྣམ་པར་གྲོལ་བ་འམ། མྱ་ངན་ལས་འདའ་བ་མི་ཐོབ་པ་ནི། ཇི་ལྟར་རྐུན་པོ་དེ་དག་མར་གྱི་སྙིང་པོ་མི་ཐོབ་པ་བཞིན་ནོ།། སྐྱེ་བོ་མ་རབས་དག་ཚངས་པར་སྤྱོད་པ་ཅུང་ཟད་ཙམ་དང་། ཕ་མ་ལ་སྲི་ཞུ་བྱས་པ་ཙམ་གྱི་རྒྱུ་དང་རྐྱེན་གྱིས་མཐོ་རིས་ཀྱི་ལྷར་སྐྱེས་ཏེ། བདེ་བའི་ལོངས་སྤྱོད་ཅུང་ཟད་མྱོང་བ་ནི། ཇི་ལྟར་རྐུན་པོ་དེ་དག་འོ་མ་ལ་ཆུས་བསྣན་པ་བཞིན་ནོ། ། སྐྱེ་བོ་མ་རབས་དག་ནི་ཚངས་པར་སྤྱོད་པ་ཅུང་ཟད་ཙམ་དང་། ཕ་མ་ལ་སྲི་ཞུ་བྱས་པ་ཙམ་གྱི་རྒྱུས་མཐོ་རིས་ཀྱི་ལྷར་སྐྱེ་བར་མི་ཤེས་སོ།། གཞན་ཡང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་མི་ཤེས་སོ།། དེ་ལྟར་མི་ཤེས་པས་རྟག་པ་དང་། བདེ་བ་དང་། བདག་དང་། ཡོངས་སུ་དག་པ་སུ་མོད་ཀྱི། དེའང་མི་ཤེས་སོ།། དེ་བས་ན་དེ་བཞིན་གཤེགས་པ་འཇིག་རྟེན་དུ་གཤེགས་ནས་རྟག་པ་དང་། བདེ་བ་དང་། བདག་དང་། ཡོངས་སུ་དག་པ་བསྟན་ཅིང་བཤད་དོ།། ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་ན། དེའི་བསོད་ནམས་ཀྱི་ཤུགས་ཀྱིས་རྐུན་བོ་མ་རུངས་པ་དག་སོ་སོར་འབྱེར་ཞིང་འབྲོས་སོ། ། བ་རྣམས་མ་ཤི་བས་འཁོར་ལོས་སྒྱུར་བའི་རྒྱལ་པོས་རྫིའུ་ཐའས་དང་ལྡན་པ་ལ་གཏད་དེ། རྫི་ཝུ་ཐབས་དང་ལྡན་པས་མར་གྱི་སྙིང་པོའ་ཡོད་པར་གྱུར་ཏོ། ། པར་གྱི་སྙིང་པོ་ཡོད་པས་སེམས་ཅན་ཐམས་ཅད་ཀྱང་ནད་ཀྱི་སྡུག་འཕྲུལ་བ་དང་བྲལ་ལོ།། ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་གཤེགས་ནཱ། རབས་དག་ཚུལ་ཁྲིབས་དང་། ཏིང་དེ་ཡིཞིན་དང་། ཤེས་རབ་སྟོན་མི་ནུས་ཏེ། སོ་སོར་འབྱེར་ཞིང་འཇོམ་ས། དེའི་ཚེ་བཅོམ་ལྡན་འདས་ཀྱིས། འཇིག་རྟེན་གྱི་དང་འཇིག་རྟེན་མས་འདས་པའི་ཆོས་སེམས་ཅན་གྱི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་བསྟུན་ཅིང་བཤད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་མར་གྱི་སྟོང་བུ་མོ་པར་གྱུར། གཞན་ཡང་སེམས་ཅན་མཐལ་ལས་དཔག་ཏུ་མེ་པ་དག། བླ་ནི་མེད་པའི་ཆོས་བདུད་རྩི་ལྟ་བུ་ཐོབ་པར་བྱ་བ་ནི། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རྟག་པ་དང་བདེ་བ་དང་། བདག་དང་། ཡོངས་སུ་དག་པའི་ཆོས་རྣམས་སོ།། དོན་དེ་ལྟ་བུས་ན་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་རྟག་པ་མི་འགྱུར་བའི་ཆོས་ཅན་ཡིན་ཏེ། འཇིག་རྟེན་པ་སྐྱེ་བོ་མ་རབས་དག་གིས་ཚངས་པའི་ལྷ་ལ་སོགས་པ་ལ་རྟག་པའི་ཆོས་ཡིན་ནོ་ཞེས་སྨྲས་པ་དང་མི་འདྲ་སྟེ། རྟག་པའི་ཆོས་སུ་གྲགས་པ་འདི་ནི་མདོར་ན་དེ་བཞིན་གཤེགས་པ་ལ་བྱའི། ཆོས་གཞན་དག། ནི་མ་ཡིན་ནོ།། འོད་སྲུངས་དེ་ལྟ་བས་ན་དེ་བཞིན་གཤེགས་པའི་སྐུར་རིག་པར་བྱའོ།། འོད་སྲུངས་གང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་ནི་རྟག་ཏུ་རྩེ་གཅིག་པའི་སེམས་ཀྱིས། སངས་རྒྱས་རྟག་པ་དང་གནས་པའོ་ཞེས་པའི་ཚིག་འདི་གཉིས་ལ་ནན་ཏན་བྱའོ།། འོད་སྲུངས་གང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་ཚིག་འདི་གཉིས་ལ་ནན་ཏན་བྱེད་ན། གང་ཟག་དེ་ནི་ངའི་རྗེས་སུ་སྤྱོད་ཅིང་། ངས་ཕྱིན་པའི་གནས་སུ་ཕྱིན་པར་རིག་པར་བྱའོ།། རིགས་ཀྱི་བུ་གང་གིས་ཚིག་འདི་གཉིས་ལ་ནན་ཏན་བྱེད་དེ་མཚན་མ་སྤངས་ན། དེ་ནི་དེ་བཞིན་གཤེགས་པས་ཡོངས་སུ་མྱ་ངན་ལས་འདའ་བར་དགོངས་པར་རིག་པར་བྱའོ། ། རིགས་ཀྱི་བུ་མྱ་ངན་ལས་འདའ་བའི་དོན་ནི་སངས་རྒྱས་ཀྱི་ཆོས་ཉིད་དོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོས་ཉིད་ཅེས་བགྱི་བའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་བདག་ནི་ཆོས་ཉིད་ཀྱི་དོན་ཇི་ལྟ་བུ་ལགས་པ་མི་འཚལ་ན། དེ་བཞིན་གཤེགས་པས་ཐུགས་བརྩེ་བའི་སླད་དུ་རྒྱས་པར་བསྟན་དུ་གསོལ། ཆོས་ཉིད་ཅེས་བགྱི་བ་ནི་ལུས་དང་རྣམ་པར་བྲལ། ལུས་དང་བྲལ་བ། ནི་ཅིའང་མ་མཆིས་པ་སྟེ། ཅིའང་མ་མཆིས་ན་ལུས་ཞེས་བགྱི་བའང་ཇི་ལྟར་རྣམ་པར་གཞག། ལུས་རྣམ་པར་གཞག་ཏུ་མཆིས་ན་ནི། ལུས་ལ་ཆོས་ཉིད་ཀྱང་མཆིས་པར་འགྱུར་རོ།། ལུས་ལ་ཆོས་ཉིད་མཆིས་པར་གྱུར་ན་ཇི་ལྟ་བུར་རྣམ་པར་གཞག། བདག་གིས་དོན་དེ་དག་ཇི་ལྟ་བུར་རིག་པར་བགྱི་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་ཁྱོད་ཀྱིས་འདི་ལྟར་ཆོས་ཉིད་དགག་པར་མི་བྱའོ།། ཆོས་ཉིད་ཅེས་བྱ་བ་ལ་ནི་འགོག་པ་མེད་དོ།། རིགས་ཀྱི་བུ་དཔེར་ན་འདུ་ཤེས་མེད་པའི་ལྷ་དག་གཟུགས་ཀྱི་ཕུང་པོ་དང་ལྡན་མོད་ཀྱི། གཟུགས་ཀྱི་འདུ་ཤེས་མེད་པས་ལྷ་དེ་ལ་ནི་ཇི་ལྟར་གནས། བདེ་བ་ལ་ཇི་ལྟར་ལོངས་སྤྱོད། ཇི་ལྟར་འདུ་ཤེས་ལ་སྤྱོད། ཇི་ལྟར་ཐོས་ཤིང་མཐོང་ཞེས་འདྲི་བ་མི་རིགས་སོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྤྱོད་ཡུལ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པ་མ་ཡིན་ནོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྐུ་ལ་ནི་འགོག་པའི་ཆོས་སོ་ཞེས་སྨྲ་བར་མི་བྱའོ། ། རིགས་ཀྱི་བུ་འགོག་པའི་ཆོས་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཤེས་པ་མ་ཡིན་ནོ། ། རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་གང་དུ་གཤེགས། གང་དུ་གནས། གང་དུ་སྤྱོད། གང་དུ་གཟིགས། ཅི་ལ་ལོངས་སྤྱོད་པ་རྟོག་ཅིང་དཔག་པར་མི་བྱའོ།། རིགས་ཀྱི་བུ་དོན་དེ་དག་ནི་ཁྱེད་ལ་སོགས་པས་ཤེས་ཤིང་རྟོགས་པ་མ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དང་། རྣམ་པ་སྣ་ཚོགས་ཀྱི་ཐབས་ནི་བསམ་གྱིས་མི་ཁྱབ་བོ།། རིགས་ཀྱི་བུ་གཞན་ཡང་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་རྟག་ཏུ་དྲན་ཞིང་ནན་ཏན་བྱའོ།། ཆོས་རྣམ་པ་གསུམ་པོ་འདི་ནི་ཐ་དད་པ་མ་ཡིན་པའི་མཚན་ཉིད། མི་རྟག་པ་མ་ཡིན་པའི་མཚན་ཉིད། ། མི་འཕོ་བའི་མཚན་ཉིད་དོ།། གང་ཞིག་ཆོས་རྣམ་པ་གསུམ་པོ་འདི་ལ་དད་པར་འདུ་ཤེས་ན་སྐྱེ་བོ་དེ་ནི་སྐྱབས་སུ་འགྲོ་བ་གསུམ་ལ་མི་གནས་པ།། ཚུལ་ཁྲིམས་དང་མི་ལྡན་པ་ཞེས་བྱ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་མི་ནུས་སོ།། གང་གིས་བསམ་གྱིས་མི་ཁྱབ་པ་དེ་ལ་རྟག་པའི་འདུ་ཤེས་ཀྱིས་ནན་ཏན་བྱེད་ན། དེ་ནི་སྐྱབས་སུ་འགྲོ་བའི་གནས་ཡིན་ནོ། ། རིགས་ཀྱི་བུ་དཔེར་ན་ཤིང་ཡོད་པའི་རྐྱེན་གྱིས་གྲིབ་མ་ཡོད་དོ།། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། རྟག་པའི་ཆོས་ཡོད་པའི་སྐྱབས་སུ་འགྲོ་བའི་གནས་ཡོད་ཀྱི། མི་རྟག་པ་ནི་མ་ཡིན་ནོ།། གང་ཞིག་དེ་བཞིན་གཤེགས་པ་ལ་མི་རྟག་པའོ་ཞེས་སྨྲ་ན། དེ་བཞིན་གཤེགས་པའང་ལྷ་དང་འཇིག་རྟེན་དུ་བཅས་པའི་སྐྱབས་སུ་འགྲོ་བའི་གནས་མ་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དཔེར་ན་གན་མ་རྨུས་ན་སྐྱེ་ཤིང་མཆིས་ཀྱང་གྲིབ་མ་ནི་མ་མཆིས་སོ།། བཀའ་སྩལ་པ། འོད་སྲུངས་ཤིང་ཡོད་ལ་གྲིབ་མ་མེད་ཅེས་མི་བྱའོ།། དེ་ནི་ཤའི་མིག་གིས་མི་མཐོང་བའི་ཕྱིར་རོ། ། རིགས་ཀྱི་བུ་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། རང་བཞིན་ཉིད་ཀྱིས་རྟག་ཏུ་གནས་ལ་མི་འགྱུར་མི་འཕོ་མོད་ཀྱི། ཤེས་རབ་ཀྱི་མིག་མེད་པས་ནི་མཐོང་བར་མི་ནུས་ཏེ། ཇི་ལྟར་གནམ་རྨུས་པའི་ཚེ་ཤིང་གི་གྲིབ་མ་མི་མཐོང་བ་བཞིན་ནོ།། སྐྱེ་བོ་མ་རབས་ཀྱང་སངས་རྒྱས་མྱ་ངན་ལས་འདས་ནས་གང་གིས་དེ་བཞིན་གཤེགས་པ་ནི་མི་རྟག་པའི་ཆོས་ཅན་ནོ་ཞེས་སྨྲས་པའང་དེ་དང་འདྲ་སྟེ། གང་གིས་དེ་བཞིན་གཤེགས་པ་ནི་ཆོས་དང་དགེ་འདུན་དང་ཐ་དད་དོ་ཞེས་སྨྲ་ན། དེ་ནི་སྐྱབས་སུ་འགྲོ་བའི་གནས་གསུམ་པོར་མི་འགྱུར་རོ།། དབེན་ན་ཁྱོད་ཀྱི་ཕ་མ་ནི་སོ་སོ་ཐ་དད་པའི་ཕྱིར་མི་རྟག་ཅེས་བྱར་རུང་ངོ་། ། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ནི་གདོད་སངས་རྒྱས་དང་། ཆོས་དང་། དགེ་འདུན་རྟག་པ་དང་། རབས་བདུན་གྱི་ཕ་མའི་བར་དུ་དྲན་པར་གྱུར་པ་ནི་ངོ་མཚར་ཆེའོ།། བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ་དང་ཆོས་དང་། དགེ་འདུན་བསམ་གྱིས་མི་ཁྱབ་པ་ལ་གོམས་པར་བགྱིད་དེ། བདག་དེ་ལ་གོམས་ནས་གཞན་དག་ལའང་དོན་དེ་རྒྱ་ཆེར་བསྟན་པར་བགྱིའོ།། གང་ཞིག་འདི་ལ་ཡིད་མི་ཆེས་པ་དེ་ནི་ཡུན་རིང་པོ་ནས་མི་རྟག་པ་སྒོམ་པ་སྟེ། བདག་གིས་དེ་ལ་བ་མོའམ། སེར་བ་ལྟ་བུར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་ལེགས་སོ་ལེགས་སོ་ཞེས་བཀའ་སྩལ་ནས། ཁྱོད་ནི་དམ་པའི་ཆོས་ཤིན་ཏུ་སྲུང་ཞིང་ཡོངས་སུ་འཛིན་པ་སྟེ། དེ་ལྟར་ཆོས་སྲུང་ཞིང་སེམས་ཅན་ལ་མི་བཀྲུ་བའི་དགེ་བའི་ལས་དེ་ཉིད་ཀྱི་རྐྱེན་གྱིས་ཚེ་རིང་བ་དང་། སྔོན་གྱི་གནས་ཤེས་པར་འགྱུར་རོ།། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། སྐུ་ཚེའི་ལེའུ་ཞེས་བྱ་བ་སྟེ་གཅིག་གོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྐུ་ཞེ་བྱ་བ་ནི་རྟག་ཏུ་གནས་པའི་སྐུ། མི་འཇིག་པའི་སྐུ། རྡོ་རྗེའི་སྐུ། ཟས་རྣམས་ཀྱི་སྐུ་མ་ཡིན་གྱི། ཆོས་ཀྱི་སྐུའོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་སྐུ་དེ་དག་ནི་བདག་གིས་མ་མཐོང་གི། མི་རྟག་པ་དང་། འཇིག་པ་དང་། རྡུལ་དང་། ཟས་རྣམས་ཀྱི་སྐུར་མཐོང་ངོ་།། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་པའི་སླད་དུའོ། ། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། ཁྱོད་ཀྱིས་དེ་བཞིན་གཤེགས་པའི་སྐུ་ལ་སྙིང་པོ་མེད་པའམ། འཇིག་པ་ཅན་སྐྱེ་བོ་མ་རབས་ཀྱི་ལུས་དང་འདྲ་བར་མི་བལྟའོ།། རིགས་ཀྱི་བུ་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྐུ་ནི་བསྐལ་བ་ཚད་མེད་པའི་བར་དུ་བརྟན་པ། སྙིང་པོ་ཅན། མི་འཇིག་པ། ལྷ་དང་མིའི་ལུས་ལྟ་བུ་མ་ཡིན་པ། འཇིག་པའི་སྐུ་མ་ཡིན་པ། ཟས་རྣམས་ཀྱི་སྐུ་མ་ཡིན་པའོ།། དེ་བཞིན་གཤེགས་པ་ནི་སྐུ་མ་ཡིན་པའི་སྐུ། མི་སྐྱེ་མི་འགོག་པ། མ་བསྡུས་པ། མ་བྱས་པ། ཚད་མེད་པ། མཐའ་ཡས་པ། རྗེས་མེད་པ། ཤེས་པ་མེད་པ། གཟུགས་མེད་པ། མཐར་རྣམ་པར་དག་པ། མི་གཡོ་བ། ཚོར་བ་མེད་པ། འདུ་བྱེད་མེད་པ། མི་གནས་པ། མ་བྱས་པ། བྲོ་བ་མེད་པ། མ་འདྲེས་པ། འདུས་བྱས་མ་ཡིན་ལས་མ་ཡིན། འབྲས་བུ་མ་ཡིན། སྤྱོད་པ་མ་ཡིན། འགོག་པ་མ་ཡིན། སེམས་མ་ཡིན། བགྲང་བ་མ་ཡིན། བསམ་གྱིས་མི་ཁྱབ་པ། དཔག་ཏུ་མེད་པ་རྣམ་པར་མི་ཤེས་པ། སེམས་དང་བྲལ་བ། སེམས་དང་བྲལ་བའང་མ་ཡིན་པ། སེམས་མཉམ་པ་མེད་པ། མེད་པའང་མ་ཡིན་པ། སོང་བ་དང་འོང་བ་མེད་པ། སོང་བ་དང་འོང་བ་མེད་པའང་མ་ཡིན་པ། མི་འཇིག་པ། མ་ཉམས་པ། མི་ཆད་པ། མ་ཆད་པ། མ་བྱུང་བ། མི་འགོག་པ། བདག་པོ་མེད་པའང་མ་ཡིན་པ། ཡོད་པའང་མ་ཡིན་མེད་པའང་མ་ཡིན། ཚོར་བ་མ་ཡིན། རྟོག་པ་མ་ཡིན། ཡི་གེ་མ་ཡིན། ཡི་གེ་མེད་པའང་མ་ཡིན། ཏིང་ངེ་འཛིན་མ་ཡིན། ཏིང་ངེ་འཛིན་མེད་པ་མ་ཡིན། བལྟར་མེད་པ། མངོན་པར་སྣང་བ། གནས་མེད་པ། གནས་མེད་པ་མ་ཡིན་པ། རྟེན་མེད་པ།། རྟེན་མེད་པའང་མ་ཡིན་པ། མུན་པ་མ་ཡིན། སྣང་བ་མ་ཡིན། ཞི་བ་མ་ཡིན།། མ་ཞི་བ་མ་ཡིན། ཅི་འང་མེད་པ། མི་ལེན་པ། མི་གཏོང་བ།། རྣམ་པར་དག་པ།། དྲི་མ་མེད་པ།། རྩོད་པ་མེད་པ།། རྩོད་པ་ཆད་པ། གནས་མེད་པར་གནས་པ། མི་ལེན་པ། མི་ལྟུང་བ། ཆོས་མ་ཡིན་པ། ཆོས་མ་ཡིན་པའང་མ་ཡིན་པ། བསོད་ནམས་ཀྱི་ཞིང་མ་ཡིན། བསོད་ནམས་ཀྱི་ཞིང་མ་ཡིན་པའང་མ་ཡིན་པ། མི་ཟད་པ། ཟད་པ་མེད་པ། ཟད་པ་ཐམས་ཅད་དང་བྲལ་བ། སྟོང་པ་ཉིད། སྟོང་པ་དང་བྲལ་བ། རྟག་ཏུ་གནས་པ་མ་ཡིན། སྐད་ཅིག་མའི་རྒྱུན་གྱིས་འགོག་པ་མ་ཡིན། རྙོག་པའི་དྲི་མ་མེད་པ། ཡི་གེ་མེད་པ། ཡི་གེ་དང་བྲལ་བ། སྒྲ་མ་ཡིན། བཤད་པ་མ་ཡིན། གོམས་པར་བསྒོམས་པ་མ་ཡིན། བརྗོད་པ་མ་ཡིན། དཔོག་པ་མ་ཡིན། གཅིག་མ་ཡིན། ཐདད་པ་མ་ཡིན། གཟུགས་མ་ཡིན། མཚན་མ་མ་ཡིན། རྣམ་པས་བརྒྱན་པ། དཔའ་བ་མ་ཡིན། སྐྲག་པ་མ་ཡིན། ཞི་བ་མེད་པ། ཆེ་ཞི་བ། མ་གདུངས་པ། མི་གདུང་བ། བལྟར་མེད་པ་མཚན་མ་མེད་པ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཀྱང་སེམས་ཅན་གྱི་དོན་བྱས་པ་མེད་པ། སེམས་ཅན་རྣམ་པར་གཀྲོལ་ཡང་རྣམ་པར་བཀྲོལ་བ་མེད་པ། སེམས་ཅན་མངོན་པར་འཚང་རྒྱ་བར་མཛད་ཀྱང་མངོན་པར་འཚང་རྒྱ་བ་མེད་པ། གཉིས་སུ་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ། དཔག་ཏུ་མེད་པ། མི་མཉམ་པ་དང་མཉམ་པ། ནམ་མཁའ་ལྟར་མཉམ་པ། གཟུགས་མེད་པ། མ་སྐྱེས་པ་ཉིད་དང་མཐུན་པ། མི་ཆད་པ། མི་རྟག་པ། རྟག་ཏུ་ཐེག་པ་གཅིག་ལ་སྤྱོད་ཀྱང་སེམས་ཅན་གྱིས་གསུམ་དུ་མཐོང་བ། མི་འགྱུར་པ་མི་ལྡོག་པ། ཀུན་ནས་ཉོན་མོངས་པ་ཐམས་ཅད་བཅད་པ། མི་རྩོད་པ། མི་གཅིག་པ། མཚན་ཉིད་མ་ཡིན་པ། མཚན་ཉིད་ལ་གནས་པ། འདུས་པ་མ་ཡིན། གྱེས་པ་མ་ཡིན། རིང་བ་མ་ཡིན། ཟུང་བ་མ་ཡིན། ཟླུམ་པོ་མ་ཡིན། གྲུ་བཞི་མ་ཡིན། ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་མ་ཡིན།། ཕུང་པོ་དང་། མཆེད་དང་། ཁམས་མ་ཡིན་པའང་མ་ཡིན། འཕེལ་བ་མ་ཡིན། འབྲི་བ་མ་ཡིན། བཟང་པོ་མ་ཡིན། ངན་པ་མ་ཡིན་ནོ།། དེ་བཞིན་གཤེགས་པའི་སྐུ་ནི་དེ་ལྟར་ཡོན་ཏན་ཚད་མེད་པ་དང་ལྡན་ཏེ། ཤེས་པ་མེད་ཅིང་མི་ཤེས་པའང་མེད། མཐོང་བ་མེད་ཅིང་མི་མཐོང་བའང་མེད། འདུས་བྱས་མ་ཡིན། འདུ་མ་བྱས་པ་མ་ཡིན། འཇིག་རྟེན་མ་ཡིན། འཇིག་རྟེན་མ་ཡིན་པའང་མ་ཡིན། བྱས་པ་མ་ཡིན། མ་བྱས་པའང་མ་ཡིན། གནས་མ་ཡིན། མི་གནས་པ་མ་ཡིན། ཆེན་པོ་བཞི་མ་ཡིན། ཆེན་པོ་བཞི་མ་ཡིན་པའང་མ་ཡིན། མ་ཡིན། རྒྱུ་མེད་པ་མ་ཡིན། སེམས་ཅན་མ་ཡིན། སེམས་ཅན་མེད་པ་མ་ཡིན། དགེ་སྦྱོང་མ་ཡིན། བྲམ་ཟེ་མ་ཡིན།། སེང་གེ་ལྟ་བུ། སེང་གེ་ཆེན་པོ།། སྐུ་མ་ཡིན་པ། མ་ཡིན་པའང་མ་ཡིན་པ། བརྗོད་དུ་མེད་པ། ཆོས་གཅིག་ཙམ་གྱི་མཚན་ཉིད་དང་ཡང་བྲལ་བ། བརྩི་བའམ་བགྲང་བར་མི་རུང་བ། མྱ་ངན་ལས་འདའ་བ་ན་མྱ་ངན་ལས་མི་འདའ་བ་སྟེ།། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་དམ་པ་དང་ལྡན་ནོ།། འོད་སྲུངས་དེ་ནི་དེ་བཞིན་གཤེགས་པ་ཉག་གཅིག་གིས་མཁྱེན་གྱིས། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པ་མ་ཡིན་ནོ། ། འོད་སྲུངས་དེ་ལྟར་དེ་བཞིན་གཤེགས་པའི་སྐུ་ནི་ཡོན་ཏན་ཚད་མེད་པ་དང་ལྡན་གྱིས། ཟས་རྣམས་ཀྱིས་བསྐྱེད་ཅིང་གསོ་བའི་སྐུ་ནི་མ་ཡིན་ནོ།། འོད་སྲུངས་དེ་བཞིན་གཤེགས་པའི་སྐུ་ཡང་དག་པའི་ཡོན་ཏན་ནི་འདི་ལྟ་བུ་ཡིན་ན། དེ་ལ་ན་བ་འམ། སྡུག་བསྔལ་བ་འམ། སྙིང་པོ་མེད་པ་འམ། མི་བརྟན་པ་རྫ་སོ་མ་བཏང་བ་བུ་ག་ལ་ཞིག་ཡོད། འོད་སྲུངས་དེ་བཞིན་གཤེགས་པས་ན་བ་དང་། སྡུག་བསྔལ་བ་བསྟན་པ་ནི་སེམས་ཅན་གདུལ་བའི་ཕྱིར་རོ།། རིགས་ཀྱི་བུ་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྐུ་ནི་རྡོ་རྗེའི་སྐུ་ཡིན་ཏེ། དེང་ཕྱིན་ཆད་ཁྱོད་ཀྱིས་དོན་འདི་རྩེ་གཅིག་པའི་སེམས་ཀྱིས་ཡིད་ལ་བྱའོ།། ཟས་རྣམས་ཀྱི་སྐུར་ནི་མི་བསམ་མོ། ། གཞན་ལའང་དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་ཡིན་པར་སྟོན་ཅིག། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་ལྟར་དེ་བཞིན་གཤེགས་པ་དེ་ལྟ་བུའི་ཡོན་ཏན་དང་ལྡན་ན་སྲུང་བ་དང་། མི་རྟག་པ་དང་། འཇིག་པ་ལྟ་ག་ལ་ཞིག་མཆིས་ཏེ། བདག་ནི་དེང་སྨན་ཆད་དེ་བཞིན་གཤེགས་པའི་སྐུ་ནི་རྟག་པ་ཆོས་ཀྱི་སྐུ། རབ་ཏུ་བདེ་བའི་སྐུར་ཡིད་ལ་བགྱིད་དེ། གཞན་དག་ལའང་དེ་བཞིན་དུ་བསྟན་པར་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་རྡོ་རྗེ་ལྟ་བུར་མི་འཇིག་པ་ལགས་ན། ཅིའི་རྒྱུ་ལས་གྱུར་པ་ནི་བདག་གིས་མི་འཚལ་ཏོ།། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ་དམ་པའི་ཆོས་སྲུང་ཞིང་འཛིན་པ་དེའི་རྒྱུ་དང་དེའི་རྐྱེན་གྱིས་རྡོ་རྗེའི་སྐུ་དང་ལྡན་པར་གྱུར་ཏོ། ། འོད་སྲུངས་ངས་སྔོན་ཆོས་ཡོངས་སུ་བསྲུངས་པའི་རྒྱུ་དང་རྐྱེན་གྱིས་རྡོ་རྗེའི་སྐུ་དང་ལྡན་ཏེ། རྟག་ཏུ་གནས་པ་དང་མི་འཇིག་པར་གྱུར་ཏོ།། རིགས་ཀྱི་བུ་དམ་པའི་ཆོས་སྲུང་ཞིང་སྲུང་བ་ནི་ཁྲིམས་ལྔའང་མི་འཛིན་ཏེ། སྤྱོད་ལམ་ཡང་མི་སྲུང་བར་མཚོན་ཆ་རལ་གྲི་དང་། མདའ་གཞུ་དང་། མདུང་ལ་སོགས་པ་ཐོགས་ཏེ། དགེ་སློང་ཚུལ་ཁྲིམས་ཡོངས་སུ་དག་པ་དག་སྲུང་བའོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། ཡང་བཅོམ་ལྡན་འདས་དགེ་སློང་གང་སྲུང་བ་གཏང་སྟེ། དབེན་པའི་གནས་དུར་ཁྲོད་དམ། ཤིང་དྲུང་ན་གནས་པ་ནི་དགེ་སློང་ཡང་དག་པ་ལགས་གང་སྲུང་བའི་རྗེས་སུ་སྤྱོད་པ་ནི་ཁྱིམ་བདག་མགོ་རེག་གོ་ཞེས་འབྱུང་ངོ་། ། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། ཁྱིམ་བདག་མགོ་རེག་ཅེས་མ་ཟེར་ཅིག། དགེ་སློང་གང་དུ་གནས་ཀྱང་ལུས་ཀྱི་ཡོ་བྱད་ཙམ་ཆོག་པར་ལེན་ཅིང་། མདོ་སྡེ་ཀློག་པ་དང་། འདོན་པ་དང་། བསམ་གཏན་ཡིད་ལ་བྱེད་པ་དང་། ཆོས་འདྲི་པབ་ཡོད་ན། དེ་ལ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བསོད་ནམས་ཀྱི་ཚོགས་དང་། འདོད་པ་ཉུང་བ་དང་། ཆོག་ཤེས་པ་ལ་སོགས་པ་ཆོས་རྣམ་པ་སྣ་ཚོགས་ཀྱིས་སྟོན་ཀྱང་། དེ་ནི་སེང་གེའི་སྒྲ་སྒྲོགས་པ་ཞེས་མི་བྱ། སེང་གེས་ཡོངས་སུ་བསྐོར་བ་ཞེས་ཀྱང་མི་བྱ། ཆོས་ངན་པ་སྤྱོད་པ་གདུལ་ནུས་པ་མ་ཡིན། དགེ་སློང་དེ་ནི་བདག་གི་དོན་ཀྱང་བྱེད་མི་ནུས་ལ། གཞན་གྱི་དོན་བྱེད་པའང་མ་ཡིན་ཏེ། དེ་ནི་བག་མེད་པ་ལེ་ལོ་ཅན་ཡིན་ཏེ། ཚུལ་ཁྲིམས་སྲུང་ཞིང་ཚངས་པ་སྤྱོད་ཀྱང་། དེ་ནི་ཅིའང་མི་ནུས་པར་རིག་པར་བྱའོ། ། དགེ་སློང་གང་འཚོ་བའི་ཡོ་བྱད་ཀྱང་མང་དུ་ཡོད་ལ། ཚུལ་ཁྲིམས་ཀྱང་ཡོངས་སུ་སྲུང་ཞིང་སེང་གེའི་སྒྲ་སྒྲོགས་སྟེ། དམ་པའི་ཆོས་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་།། ཆེད་དུ་བརྗོད་པ་དང་། སྐྱེས་པའི་རབས་དང་། ད་ལྟར་དང་། འདས་པ་དང་།། གླེན་གཞི་དང་། རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། ཤིན་ཏུ་རྒྱས་པ་དང་། གཏན་ལ་བབ་པར་བསྟན་པ་ལ་སོགས་པ་མདོ་སྡེ་དགུ་པོ་དག་འདོན་ཅིང་། གཞན་དག་ལའང་རྒྱ་ཆེར་སྟོན་ལ། སེམས་ཅན་ལ་ཕན་པ་དང་བདེ་བའི་ཕྱིར་འདི་སྐད་དུ་མྱ་ངན་ལས་འདའ་བའི་མདོ་ལས། དགེ་སློང་གི་རྣམས་བྲན་ཁོལ་དང་། བ་ལང་དང་། ལུག་ལ་སོགས་པ་ཆོས་མ་ཡིན་པའི་དངོས་པོ་འཆང་དུ་མི་གནང་ངོ་ཞེས་བྱུང་སྟེ། དགེ་སློང་མ་བརྟགས་པའི་དངོས་པོ་དེ་དག་འཆང་ན་ཆད་པས་ཆོད་ཅིག་ཅེས་སྨྲ་ལ། དེ་བཞིན་གཤེགས་པ་སྔོན་མདོ་སྡེ་གཞན་དག་ལས་ཀྱང་། དགེ་སློང་མ་བརྟགས་པའི་དངོས་པོ་དེ་དག་བཅངས་པས། རྒྱལ་པོ་ཆེ་གེ་མོ་ཞིག་གིས་ཆད་པས་བཅད་དེ་ཁྱིམ་པར་ཕབ་བོ་ཞེས། དགེ་སློང་གང་འདི་སྐད་དུ་སེང་གེའི་སྒྲ་སྒྲོགས་པ་ནི། ཚུལ་ཁྲིམས་ངན་པ་ཅན་དག་དེ་སྐད་ཐོས་ན་ཞེ་སྡང་སྐྱེས་ཏེ་ཆོས་སྨྲ་བ་དེ་གསོད་དོ།། ཆོས་སྨྲ་བ་དེ་ཅི་སྟེ་ཚེ་འཕོས་ནའང་ཚུལ་ཁྲིམས་འཛིན་ཅིང་། བདག་དང་གཞན་གྱིས་དོན་བྱེད་པ་ཞེས་བྱ་སྟེ། དེ་ལྟ་བས་ན་ངས་ནི་རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། དགེ་བསྙེན་རྣམས་ཀྱིས་ཆོས་སྨྲ་བ་དག་བསྲུང་བར་གནང་ངོ་།། གང་དམ་པའི་ཆོས་བསྲུང་བར་འདོད་པ་ནི་དེ་ལྟར་བསླབ་པར་བྱའོ། ། འོད་སྲུངས་དེ་ལྟར་ཚུལ་ཁྲིམས་ཉམས་ཤིང་ཆོས་མི་སྲུང་བ་ནི། ཁྱིམ་བདག་མགོ་རེག་ཅེས་བྱའི། ཚུལ་ཁྲིམས་སྲུང་བ་ལ་ནི་མ་ཡིན་ནོ། ། རིགས་ཀྱི་བུ་སྔོན་གྱི་བསྐལ་པ་ཚད་མེད་མཐའ་ཡས་གྲངས་མེད་པ་འདས་པའི་ཕ་རོལ་གྲོང་ཁྱེར་རྩཝ་མཆོག་འདི་ཉིད་དུ། སངས་རྒྱས་བཅོམ་ལྡན་འདས་རབ་ཏུ་དགའ་བ་སྐྱེད་པ་ཞེས་བྱ་བ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པ།། མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་བྱུང་ངོ་།། དེའི་ཚེ་དེའི་དུས་ན་འཇིག་རྟེན་གྱི་ཁམས་འདིའང་ཤིན་ཏུ་ཡངས་ཤིང་ཡོངས་སུ་དག་ལ། མི་རབ་ཏུ་མང་ཞིང་བདེ་སྐྱིད་པ་དང་། ཟས་དང་སྐོམ་གྱིས་མི་བྲེལ་བ་ནི། ཇི་ལྟར་རབ་ཏུ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཀྱི་བྱང་ཆུབ་སེམས་དཔའ་བཞིན་ནོ། ། སངས་རྒྱས་བཅོམ་ལྡན་འདས་དེ་འཇིག་རྟེན་ན་ཚད་མེད་པའི་བར་དུ་བཞུགས་ནས་སེམས་ཅན་གྱི་དོན་མཛད་དེ། ཤིང་སཱ་ལ་དྲུང་གཉིས་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་འདས་སོ། ། སངས་རྒྱས་དེ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ལོ་ཁྲི་ཕྲག་ཚད་མེད་པ་བཞི་བཅུ་ལྷག་གི་བར་གནས་པར་གྱུར་ཏོ།། དེའི་ཚེ་ན་དགེ་མོང་ཚུལ་ཁྲིམས་ཤིན་ཏུ་སྲུང་བ་ཡོན་ཏན་བློ་གྲོས་ཤེས་བྱ་བ་ཞིག་ལ་འཁོར་ཤིན་ཏུ་མང་ཞིང་། འཁོར་རྣམས་ལ་སེང་གེའི་སྒྲ་སྒྲོགས་ཏེ། མདོ་སྡེ་དགུའང་རྒྱས་པར་སྟོན་པ་ལ་ཤིན་ཏུ་མཁས་པས། དགེ་སློང་གི་རྣམས་བྲན་པོ་དང་། བྲན་མོ་དང་། བ་ལང་དང་། ལུག་ལ་སོགས་པ་ཆོས་མ་ཡིན་པའི་དངོས་པོ་རྣམས་གསོར་མི་གནང་ངོ་ཞེས་བསྒོའོ།། དེའི་ཚེ་ན་དགེ་སློང་ཚུལ་ཁྲིམས་ཉམས་པ་ཤིན་ཏུ་མང་བས། དེ་དག་གིས་འདི་སྐད་ཅེས་བསྒོ་བ་ཐོས་ནས། ཐམས་ཅད་ཞེ་སྡང་གི་སེམས་སྐྱེས་ཏེ། མཚོན་ཆ་ཐོགས་ནས་ཆོས་སྨྲ་བ་དེ་ལ་བསྙེན་ཏོ། ། དེའི་ཚེ་དེའི་དུས་ན་ཡུལ་དེའི་རྒྱལ་པོ་ཡོན་ཏན་ཞེས་བྱ་སྟེ། དེ་ལྟ་བུར་གྱུར་བ་ཐོས་ནས་ཆོས་སྲུང་བའི་ཕྱིར། དེ་མ་ཐག་ཏུ་ཆོས་སྨྲ་བ་ག་ལ་བའི་དྲུང་དུ་སོང་སྟེ། དགེ་སློང་ཚུལ་ཁྲིམས་ཉམས་པ་མ་རུངས་པ་དག་དང་གཡུལ་བཤམས་ཏེ་འཐབ་ནས། ཆོས་སྨྲ་བའི་དགེ་སློང་དེ་བགེགས་དེ་ལས་ཐར་པར་བྱས་སོ།། དེའི་ཚེ་རྒྱལ་པོ་དེའི་ལུས་ལ་རལ་གྲི་དང་མདའ་དང་། མཚོན་ཤག་ཏི་ལ་སོགས་པ་མཚོན་ཆའི་སྨྲས་ཡུངས་ཀར་ཙམ་ཡང་གསོན་པ་མེད་དོ།། དེའི་ཚེ་དགེ་སློང་ཡོན་ཏན་བློ་གྲོས་ཀྱིས་རྒྱལ་པོ་དེ་ལ་ཤིན་ཏུ་ལེགས་སོ།། ཤིན་ཏུ་ལེགས་སོ། ། རྒྱལ་པོ་ཁྱོད་ནི་ཡང་དག་པར་དམ་པའི་ཆོས་ཤིན་ཏུ་སྲུང་བ་སྟེ། མ་འོངས་པའི་དུས་སུ་ཚད་མེད་པའི་ཆོས་ཀྱི་སྣོད་དུ་འགྱུར་རོ་ཞེས་སྨྲས་སོ།། རྒྱལ་པོ་དེས་དེའི་ཚེ་ན་ཆོས་ཐོས་པས་སེམས་རབ་ཏུ་དགའ་བར་གྱུར་ནས་དེ་མ་ཐག་ཏུ་ཚེ་འཕོས་ཏེ། མི་གཡོས་པ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་ནས། སངས་རྒྱས་དེའི་ཉེ་གནས་མཆོག་ཏུ་གྱུར་ཏོ།། རྒྱལ་པོ་དེའི་འཁོར་གཡུལ་དུ་ཞུགས་ཏེ་བརྒལ་བ་དང་། དགའ་སྟེ་རྗེས་སུ་ཡི་རང་བ་དག་ཀྱང་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་པར་གྱུར་ཏེ། ཚེ་འཕོས་ནས་ཐམས་ཅད་མི་གཡོས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་སོ། ། དགེ་སློང་ཡོན་ཏན་བློ་གྲོས་ཀྱང་ཕྱིས་ཚེ་འཕོས་ནས་དེ་བཞིན་དུ་མི་གཡོས་པ་དེ་བཞིན་གཤེགས་པའི་ཞིང་དུ་སྐྱེས་ཏེ། སངས་རྒྱས་བཅོམ་ལྡན་འདས་དེའི་ཉན་ཐོས་ཀྱི་དགེ་འདུན་གྱི་ནང་ན་རབ་འོག་ཏུ་གྱུར་ཏོ། ། དེ་བས་ན་དམ་པའི་ཆོས་ནུབ་ཅིང་ཟད་དུ་ཉེ་བ་ན། དེ་ལྟར་བསྲུང་ཞིང་བསྐྱབ་པར་བྱའོ།། འོད་སྲུངས་དེའི་ཚེ་དེའི་དུས་ན་རྒྱལ་པོ་དེ་ནི་ང་ཡིན་ནོ། ། ཆོས་སྨྲ་བ་དགེ་སློང་དེ་ནི་སངས་རྒྱས་འོད་སྲུངས་ཞེས་བྱ་བ་ཡིན་ནོ།། འོད་སྲུངས་དམ་པའི་ཆོས་བསྲུངས་པས་དེ་ལྟ་བུ་ལ་སོགས་པ་ཚད་མེད་པའི་འབྲས་བུའང་ཐོབ་ལ། དེའི་རྒྱུ་དེའི་རྐྱེན་གྱིས་འདི་ལྟར་ང་ནི་རྣམ་པ་སྣ་ཚོགས་ཀྱི་མཚན་དང་། དཔེ་བྱད་བཟང་པོ་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་བརྒྱན་པའི་ཆོས་ཀྱི་སྐུ་དང་། མི་ཤིགས་པའི་སྐུ་ལྷུན་གྱིས་གྲུབ་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་རྟག་པ་ནི་རྡོ་ལ་རི་མོ་བྲིས་པ་དང་འདྲའོ། ། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་དེ་ལྟ་བས་ན་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་ཤིན་ཏུ་བརྩོན་འགྲུས་སྐྱེད་དེ་དམ་པའི་ཆོས་བསྲུང་བར་བྱའོ།། དམ་པའི་ཆོས་བསྲུངས་པའི་འབྲས་བུ་ནི་རྒྱ་ཆེ་སྟེ་ཚད་མེད་དོ། ། རིགས་ཀྱི་བུ་དེ་བས་ན་ཆོས་སྲུང་བའི་དགེ་བསྙེན་དག་ལག་ན་མཚོན་ཆ་ཐོགས་ཏེ། ཆོས་སྲུང་བའི་དགེ་སློང་ལ་བསྲུང་ཞིང་བསྐྱབས་བྱའོ།། གང་ཚུལ་ཁྲིམས་ལྔ་བསྲུང་བ་ཙམ་གྱིས་ཐེག་པ་ཆེན་པོའི་གང་ཟག་ཅེས་མི་བྱའོ། ། ཚུལ་ཁྲིམས་སྔ་མ་བསྲུངས་ཀྱང་དམ་པའི་ཆོས་སྲུང་ན་ཐེག་པ་ཆེན་པོ་ཞེས་བྱའོ།། དམ་པའི་ཆོས་སྲུང་ན་ཡག་ན་མཚོན་ཆ་ཐོགས་ཏེ་ཆོས་སྨྲབ་ལ་བསྲུང་བར་བྱའོ། ། བཅོམ་ལྡན་འདས་ལ། འོད་སྲུངས་ཀྱིས་ཡང་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དགེ་སློང་གང་དེ་ལྟར་དགེ་བསྙེན་མཚོན་ཆ་ཐོགས་པ་དང་ལྷན་ཅིག་འགྲོགས་བསྟེན་ན། དེ་ལ་སྟོན་པ་ཞེས་བགྱིའམ། སྟོན་པ་ཞེས་མི་བགྱི། དེ་ཚུལ་ཁྲིམས་བསྲུང་བ་ལགས་སམ། ཚུལ་ཁྲིམས་ཉམས་པ་ལགས། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། དེ་དག་ལ་ཚུལ་ཁྲིམས་ཉམས་པའོ་སྙམ་དུ་མ་སེམས་ཤིག། རིགས་ཀྱི་བུ་ང་ཡོངས་སུ་མྱ་ངན་ལས་འདས་ན་རྙོག་པ་ཅན་གྱི་འཇིག་རྟེན་ནཡུལ་འཁྲུགས་ཏེ་གཅིག་ལ་གཅིག་འཕྲོག་པས་མུ་གེས་ཉེན་པར་འགྱུར་རོ། ། དེའི་ཚེ་ན་མང་དུ་འཚོ་བས་འཕོངས་པའི་ཕྱིར་རབ་ཏུ་འབྱུང་བར་རྩོལ་ཏེ། དེ་དག་ནི་མགོ་རེག་ཅེས་བྱའོ།། གང་ཟག་མགོ་རེག་དེ་དག་གང་དགེ་སློང་ཚུལ་ཁྲིམས་འཛིན་ཅིང་སྤྱོད་ལམ་དང་ལྡན་པ་ཡོངས་སུ་དག་པ་དམ་པའི་ཆོས་སྲུང་བ་ཡོད་ན། སྐྲོད་དོ།། གསོད་དོ།། གནོད་པ་བྱེད་དོ།། ཡང་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། དགེ་སློང་ཚུལ་ཁྲིམས་སྲུང་ཞིང་དམ་པའི་ཆོས་ཡོངས་སུ་འཛིན་པ་དག་ཇི་ལྟར་གྲོང་ཁྱེར་དང་། ལྗོངས་སུ་སེམས་ཅན་གདུལ་བའི་ཕྱིར་རྒྱུ་ཞིང་མཆི་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བས་ན་གང་ཚུལ་ཁྲིམས་འཛིན་པ་དག་ཁྱིམ་པ་མཚོན་ཆ་ཐོགས་པ་ལ་རྟེན་ཅིང་འགྲོགས་ཤིག་ཅེས་ངས་གནང་བ་ཡིན་ནོ། ། གལ་ཏེ་རྒྱལ་པོ་འམ། བློན་པོ་འམ། ཁྱིམ་བདག་གམ། དགེ་བསྙེན་ལ་སོགས་པ་ཆོས་སྲུང་བའི་ཕྱིར་མཚོན་ཆ་ཐོགས་ཀྱང་དེ་ནི་ཚུལ་ཁྲིམས་སྲུང་བ་ཞེས་བྱ་སྟེ། མཚོན་ཆ་ཐོགས་མོད་ཀྱི་སྲོག་མི་གཅོད་པས། དེ་ནི་ཚུལ་ཁྲིམས་སྲུང་བའི་མཆོག་ཅེས་བྱའོ།། འོད་ཟུངས་ཀྱིས་ཡང་གསོལ་པ། བཅོམ་ལྡན་འདས་ཆོས་སྲུང་བ་ནི་ཡང་དག་པར་ལྟ་བ་དང་ལྡན་ཏེ། ཐེག་པ་ཆེན་པོའི་མདོ་སྡེ་རྒྱས་པར་སྟོན་པ་ནི་རྒྱལ་པོའི་རིན་པོ་ཆེའི་གདུགས་དང་། མར་སྣོད་དང་། ཁྲེ་འབྲས་དང་། ཤིང་ཐོག་རྣམ་པ་སྣ་ཚོགས་ལ་ནམ་དུའང་དབང་མི་བགྱིད་དེ། རྙེད་པ་དང་བཀུར་སྟི་ཙམ་གྱི་སླད་དུ། རྒྱལ་པོ་དང་། བློན་པོ་དང་། ཁྱིམ་བདག་ལ་མི་རྟེན་ཡོན་བདག་ལ་གཡོ་དང་སྒྱུས་འཚོ་བའི་སེམས་ཀྱང་མ་མཆིས་སོ། ། སྤྱོད་ལམ་དང་ལྡན་པས་ཚུལ་ཁྲིམས་ཉམས་པའི་གང་ཟག་མ་རུངས་པ་དག་བཏུལ་ཀྱང་། དེ་ནི་ཚུལ་ཁྲིམས་འཛིན་ཅིང་ཆོས་སྲུང་བའི་སྟོན་པ་ཞེས་བགྱིའོ། ། སེམས་ཅན་མང་པོའི་དགེ་བའི་བཤེས་གཉེན་ཡང་དག་པ་ཡིན་པས་རྒྱ་མཚོ་ལྟར་སེམས་རྒྱ་ཆེ་ཞིང་ཡངས་སོ།། འོད་སྲུངས་དགེ་ཟོགྲོང་གང་རྙེད་པ་དང་བཀུར་སྟིའི་ཕྱིར་གཞན་ལ་ཆོས་སྟོན་ན། ། གང་ཟག་དེའི་འཁོར་དུ་གཏོགས་པ་ཐམས་ཅད་ཀྱང་། རྙེད་པ་དང་བཀུར་སྟིའི་ཕྱིར་ཆོས་སྟོན་ཏེ། གང་ཟག་དེས་བདག་གི་དགེ་འདུན་གྱི་འཁོར་ཡང་མ་རུང་བར་བྱེད་དོ། ། འོད་སྲུངས་དགེ་འདུན་ལ་རྣམ་པ་གསུམ་སྟེ། ཚུལ་ཁྲིམས་ཉམས་པ་གོ་འདུན་གྱི་དགེ་འདུན་དང་གླེན་ཞིང་གཏི་མུག་པའི་དགེ་འདུན་དང་། ཡོངས་སུ་དག་པའི་དགེ་འདུན་ནོ།། ཚུལ་ཁྲིམས་ཉམས་ཤིང་ཀོ་འདུན་གྱི་དགེ་འདུན་ནི་འཇིག་ཀྱང་ཀླུའི་ཚུལ་ཁྲིམས་འཛིན་ཅིང་ཡོངས་སུ་དག་པའི་དགེ་འདུན་ནི་རྙེད་པ་དང་བཀུར་སྟིའི་རྐྱེན་གྱིས་འཇིག་ནུས་པ་མ་ཡིན་ནོ། ། དེ་ལ་ཇི་ལྟར་ན་ཚུལ་ཁྲིམས་ཉམས་ཤིང་གོ་འདུན་གྱི་དགེ་འདུན་གང་ཞེ་ན། དགེ་སློང་གང་ཚུལ་ཁྲིམས་སྲུང་ཡང་རྙེད་པ་དང་བཀུར་སྟིའི་ཕྱིར་ཚུལ་ཁྲིམས་ཉམས་པ་ལ་བརྟེན་ཏེ་ལྷན་ཅིག་འདུག་གམ། འགྲོ་བ་འམ། སྡོད་དམ། འགྲོགས་སམ། གཅིག་ལ་གཅིག་བཤེས་པར་བྱེད་ཅིང་ལས་མཐུན་པར་བྱེད་ན། དེ་ནི་ཚུལ་ཁྲིམས་ཉམས་པ་ཞེས་ཀྱང་བྱ། གོ་འདུན་གྱི་དགེ་འདུན་ཞེས་ཀྱང་བྱའོ།། དེ་ལ་ཇི་ལྟར་ན་ཐེན་ཞིང་གཏི་མུག་པའི་དགེ་འདུན་གང་ཞེ་ན། དགེ་སློང་གང་བས་མཐར་གནས་ཤིང་དབང་པོ་མི་རྣོལ་རྟུལ་བ། གླེན་པ། འདོད་པ་ཉུང་ཞིང་བསོད་སྙོམས་བྱེད་ལ། གསོ་སྦྱིན་གྱི་ཉི་མ་དང་ཚུལ་ནས་འབྱུང་བའི་དུས་སུ་ཉེ་གནས་སུ་གྱུར་པའི་རྣམས་ནི་ཡོངས་སུ་དག་པར་འཆགས་ཤིང་འཐོལ་དུ་འཛུད་ཀྱི། ཉེ་གནས་མ་ཡིན་པ་ཚུལ་ཁྲིམས་ཉམས་པ་དག་མཐོང་ན། ཡོངས་སུ་དག་པར་འཆགས་ཤིང་འཐོལ་དུ་མི་གཞུག་པར་ལྷན་ཅིག་ཏུ་གསོ་སྦྱོང་དང་ཚུལ་ནས་འབྱུང་བའི་ལས་བྱེད་པ་ནི་གླེན་པ་གཏི་མུག་པའི་དགེ་འདུན་ཞེས་བྱའོ། ། དེ་ལ་ཇི་ལྟ་ན་ཡོངས་སུ་དག་པའི་དགེ་འདུན་གང་ཞེ་ན། དགེ་སློང་གི་དགེ་འདུན་གང་བདུད་ཁྲི་ཕྲག་བརྒྱ་སྟོང་གིས་ཀྱང་མི་ཕྱེད་མི་ཤིགས་ན། དེ་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་རང་བཞིན་གྱིས་རྣམ་པར་དག་པ་སྟེ་དགེ་འདུན་གོང་དུ་སྨོས་པ་རྣམ་པ་གཉིས་པོའང་བཏུལ་ཏེ། ཡོངས་སུ་དག་པའི་དགེ་འདུན་གྱི་ནང་དུ་བཅུད་ན། དེ་ནི་ཆོས་སྲུང་བའི་བླ་ན་མེད་པའི་སློབ་དཔོན་ཆེན་པོ་ཞེས་བྱའོ།། འདུ་པ་ལ་མཁས་པ་ནི་སེམས་ཅན་ལ་ཕན་པ་དང་གདུལ་བའི་ཕྱིར། ཚུལ་ཁྲིམས་ཀྱི་མཚན་ཉིད་ལྕི་བ་དང་ཡང་བ་ལ་ཤིན་ཏུ་མཁས་ཏེ། གང་ཚུལ་ཁྲིམས་མ་ཡིན་པ་ནི་ཤེས་པར་མི་རྩོལ་ལོ། ། གང་ཚུལ་ཁྲིམས་ཀྱི་ཕྱོགས་ལ་ནི་རྟོགས་ཤིང་ཤེས་པར་བྱེད་དོ།། དེ་ལ་ཇི་ལྟར་ན་སེམས་ཅན་གདུལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་དག་རྟག་ཏུ་དུས་མེད་པར་གྲོང་ཁྱེར་དུ་འཇུག་ཅིང་། ཡུགས་ས་མོ་དང་སྨད་འཚོང་མའི་གནས་སུའང་འཇུག་ཅིང་ལྷན་ཅིག་ཏུའང་གནས་ལ། ལོ་མང་པོར་ཐོགས་པ་ནི་ཉན་ཐོས་དག་གིས་དེ་ལྟར་མི་བྱ་སྟེ། དེ་ནི་སེམས་ཅན་ལ་ཕན་པ་དང་བདེ་བའི་ཕྱིར་གདུལ་བ་ཞེས་བྱའོ། ། ཇི་ལྟར་ན་ལྕི་བ་ཤེས་པར་བྱ་བ་ཞེ་ན། དེ་བཞིན་གཤེགས་པས་དངོས་པོ་གཅིག་ལས་ཚུལ་ཁྲིམས་བཅས་ཏེ། ཁྱེད་དེང་ཕྱིན་ཆད་འདི་ལས་ཉམས་པར་མ་བྱེད་ཅིག་ཅེས་བྱ་བ་རྩ་བཞི་ལྟ་བུ་སྟེ། རབ་ཏུ་བྱུང་བ་དག་བྱེད་དུ་མི་གནང་ངོ་ཞེས་བཅས་པ་ལས་ཆེད་དུ་བྱས་ན་དེ་ནི་དགེ་སྦྱོང་མ་ཡིན།། ཤཱཀྱའི་སྲས་མ་ཡིན་ཏེ། དེ་དག་ནི་ལྕི་བ་ཞེས་བྱའོ།། དེ་ལ་ཇི་ལྟར་ན་ཡང་བ་ཞེ་ན། ཡང་བའི་དངོས་པོ་ལ་ལན་གསུམ་གྱི་བར་དུ་བསྐུལ་ཏེ་གཏང་ན་ནི་ཡང་བ་ཞེས་བྱའོ།། ཚུལ་ཁྲིམས་ལས་མི་འབྱུང་བ་ནི་གང་ཡོངས་སུ་མ་དག་པའི་དངོས་པོ་སྤྱོད་པའི་ཆ་མ་ཡིན་པར་གསུངས་པ་དང་ལྷན་ཅིག་ཏུ་མི་སྤྱོད་པའོ། ། འདུལ་བ་ལས་བྱུང་བ་ནི་ཚུལ་ཁྲིམས་ཤིན་ཏུ་སློབ་ཅིང་། ཚུལ་ཁྲིམས་ཉམས་པ་ལ་མི་རྟེན་པ་དང་། གང་ཚུལ་ཁྲིམས་ཀྱི་རྗེས་སུ་གཞོལ་ཞིང་སྤྱོད་པ་མཐོང་ན་རབ་ཏུ་དགའ་བའི་སེམས་སྐྱེ་བ་དང་། དེ་ལྟར་སངས་རྒྱས་ཀྱི་ཆོས་སུ་བྱ་བ་ཀུན་ཤེས་ཤིང་ཤིན་ཏུ་སྟོན་མཁས་པ་ནི་ཚུལ་ཁྲིམས་ཀྱི་སློབ་དཔོན་ཞེས་བྱ་སྟེ། ཡི་གེ་འབྲུ་གཅིག་ཙམ་ལ་ཤིན་ཏུ་མཁས་པ་འམ། མདོ་སྡེ་ཤིན་ཏུ་འཛིན་པའང་དེ་དང་འདྲའོ།། དེ་ལྟར་ན་རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་ཚད་མེད་དེ་བསམ་གྱིས་མི་ཁྱབ་ལ། དེ་བཞིན་གཤེགས་པའང་བ་སམ་གྱིས་མི་ཁྱབ་བོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་གསོལ་པ། དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་ཏེ། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་ལ། དེ་བཞིན་གཤེགས་པའང་བསམ་གྱིས་མི་ཁྱབ་པས། དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་དང་། མི་འཇིག་པ། མི་འགྱུར་བ་སྟེ། བདག་ཀྱང་དེ་ལ་ཤིན་ཏུ་ནན་ཏན་བགྱིད། གཞན་དག་ལའང་དོན་དེ་དག་རྒྱས་པར་བསྟན་པར་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་ལེགས་སོ་ཤིན་ཏུ་ལེགས་སོ་ཞེས་བྱ་བ་བྱིན་ནས། འདི་སྐད་ཅེས་བཀའ་སྩལ་ཏོ།། དེ་བཞིན་གཤེགས་པའི་སྐུ་ནི་རྡོ་རྗེའི་རྒྱུ། ། མི་འཇིག་པའི་སྒྲ་སྟེ། བྱང་ཆུབ་སེམས་དཔའ་དག་དེ་ལྟར་ཤིན་ཏུ་བསླབ་ཅིང་མཐོང་བ་དང་ཤེས་པར་བྱའོ།། གང་གིས་དེ་ལྟར་མངོན་པར་ཤེས་ཤིང་མཐོང་བ་ན་དེ་བཞིན་གཤེགས་པའི་རྡོ་རྗེའི་སྐུ་དང་། མི་ཤིགས་པའི་སྐུ་མཐོང་བ་ཞེས་བྱ་སྟེ། ཇི་ལྟར་མེ་ལོང་གི་ནང་ན་གཟུགས་བརྙན་མཐོང་བ་བཞིན་ནོ།། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། རྡོ་རྗེའི་སྐུ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ།། ། བམ་པོ་བཞི་པ།། དེ་ནས་བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཁྱོད་ཀྱིས་མདོ་སྡེ་འདིའི་མིང་དང་། ཚིག་དང་། ཡོན་ཏན་གྱི་རྣམ་པ་ལེགས་པར་ཟུང་ཞིག། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཞིག་མདོ་སྡེ་འདིའི་མིང་ཐོས་པ་ཙམ་གྱིས་ཀྱང་ལམ་རྒྱུད་ལྔའི་སྐྱེ་བའི་གནས་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་དཔག་ཏུ་མེད་པས་བསྒྲུབས་པའི་ཡོན་ཏན་དུ་གྱུར་པ་ངས་བརྗོད་པ་ཡིན་ནོ། ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་གསོལ་པ། བཅོམ་ལྡན་འདས་མདོ་སྡེ་འདིའི་མཚན་ཅི་ཞེས་བགྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཡོངས་སུ་བཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས། འོད་སྲུང་ལ་བཀའ་སྩལ་པ། མདོ་སྡེ་འདིའི་མིང་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐོག་མར་ཡང་དགེ། བར་དུའང་དགེ། ཐ་མར་ཡང་དགེ། དོན་བཟང་བ།། ཚིག་བཟང་བ། མ་འདྲེས་པ། རྣམ་པར་དཀར་བ། ཚངས་པར་སྤྱོད་པ་འབའ་ཞིག་རྡོ་རྗེ་ལྟ་བུའི་རིན་པོ་ཆེའི་མཛོད་མ་ཉམས་པ་ཞེས་བྱ་སྟེ། ཁྱོད་ཤིན་ཏུ་ལེགས་པར་ཉོན་ཅིག་དང་། ངས་ཁྱོད་ལ་བསྟན་པར་བྱའོ།། རིགས་ཀྱི་བུ་དེ་ལ་ཆེན་པོ་ཞེས་བྱ་པབ་ནི་རྟག་ཅེས་པའི་དོན་ཏེ། དཔེར་ན་ཆུ་ཀླུང་ཆེན་པོ་བརྒྱད་ནི་ཐམས་ཅད་རྒྱ་མཚོར་འབབ་པ་བཞིན་དུ། མདོ་སྡེ་འདིའང་ཀུན་ནས་ཉོན་མོངས་པ་ཐམས་ཅད་དང་བདུད་ཀྱི་རིས་རྣམས་བཏུལ་ནས། མཐར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལུས་དང་སྲོག་གཏོང་བར་འགྱུར་བས། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། རིགས་ཀྱི་བུ་དཔེར་ན་སྨན་པ་མཁས་པའི་སྨན་དཔྱད་བཟང་པོ་ལ་སྨན་གྱི་དཔྱད་ཐམས་ཅད་འདུས་པ་བཞིན་དུ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཤིན་ཏུ་ཟབ་མོ་རྣམ་པ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་འདུས་པས། ཡོངས་སུ་མྱ་ངན་འདས་པ་ཆེན་པོ་ཞེས་བྱའོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཞིང་བ་དག་ནི་དབྱར་ཞིང་ལ་ས་བོན་བཏབ་ན་རྟག་ཏུ་རེ་བའི་སེམས་ཡོད་དེ། འབྲས་བུ་ལག་ཏུ་ཐོབ་ནས་རེ་བ་ཐམས་ཅད་ཞིའོ།། རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། མདོ་སྡེ་གཞན་ལ་སྒོམ་པ་ནི་རྟག་ཏུ་ཆོས་ཀྱི་རོ་འདི་ལ་རེའོ། ། ཅི་སྟེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ཐོས་ནས། མདོ་སྡེ་གཞན་གྱི་ཆོས་ཀྱི་རོ་ལ་རེ་བ་ཐམས་ཅད་ཞི་བ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདིས་སེམས་ཅན་ཐམས་ཅད་སྲིད་པ་ལས་གྲོལ་བའི་ཕྱིར་རོ། ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྗེས་ཐམས་ཅད་ཀྱི་ནང་ན་བལ་གླང་གི་རྗེས་མཆོག་གོ།། དེ་བཞིན་དུ་མདོ་སྡེ་འདིརང་མདོ་སྡེ་གཞན་ཐམས་ཅད་ཀྱི་ཏིང་ངེ་འཛིན་པས་མཆོག་གོ། རིགས་ཀྱི་བུ་འདི་ལྟ་སྟེ། ཞིང་རྨོས་པའི་ནང་ན་སྟོན་ལོག་བཏབ་པ་ནི་ཞིང་གི་ནང་ན་མཆོག་གོ།། དེ་བཞིན་དུ་མདོ་སྡེ་འདིའང་མདོ་སྡེ་ཀུན་གྱི་མཆོག་གོ། ། རིགས་ཀྱི་བུ་འདི་ལྟ་སྟེ། སྨན་གྱི་ནང་ན་མར་གྱི་སྙིང་པོ་མཆོག་གོ།། དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདིའང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པས་གདུངས་པའི་སེམས་ཞི་བར་བྱེད་པས་མཆོག་གོ། ། རིགས་ཀྱི་བུ་དཔེར་ན་མར་དང་ར་རུ་ནི་རོ་རྣམ་པ་བརྒྱད་དང་ལྡན་ནོ།། དེ་བཞིན་དུ་མྱ་ངན་ལས་འདས་པ་ཆེན་པོ་འདིའང་རོ་བརྒྱད་དང་ལྡན་ནོ། ། བརྒྱད་གང་ཞེ་ན། རྟག་པ་དང་། ཐེར་ཟུག་དང་། བདེ་བ་དང་། བསིལ་བ་དང་། མི་རྒ་བ་དང་། མི་འཆི་བ་དང་། དྲི་མ་མེད་པ་དང་རབ་ཏུ་སྐྱིད་པ་སྟེ། རོ་བརྒྱད་ཅེས་བྱའོ།། རོ་བརྒྱད་དང་ལྡན་པས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འདི་རབ་ཏུ་གནས་ཤིང་བར་བར་གནས་དེ་ཉིད་ཀྱི་མྱ་ངན་ལས་འདའ་བ་སྟོན་པ་དེ་ནི། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། འོད་སྲུངས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཞིག་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོས་མྱ་ངན་ལས་འདའ་བར་འདོད་ན་འདི་བཞིན་དུ་བསླབ་པར་བྱའོ། ། དེ་བཞིན་གཤེགས་པ་ནི་རྟག་པ་གནས་པའི་ཆོས་ཅན་ཏེ། ཆོས་དང་དགེ་འདུན་ཡང་དེ་བཞིན་དུ་རིག་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ངོ་མཚར་ཆེའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཡོན་ཏན་ཡང་བསམ་གྱིས་མི་ཁྱབ། ཆོས་དང་དགེ་འདུན་ཡང་བསམ་གྱིས་མི་ཁྱབ་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའང་བསམ་གྱིས་མི་ཁྱབ་བོ། ། གང་ཞིག་མདོ་སྡེ་འདི་སློབ་པ་ནི་ཡང་དག་པའི་ཆོས་ཀྱི་སྒོ་ཐོབ་ཅིང་སྨན་པ་མཁས་པ་ཞེས་བགྱི་ལ། གང་མི་སློབ་པ་དེ་དག་ནི་མདོངས་པ་ཤེས་རབ་ཀྱི་མིག་མ་མཆིས་པ་མ་རིག་པས་ཡོངས་སུ་ཁེབས་པ་ལགས་པར་འཚལ་ལོ། ། འཕགས་པ་ཡོངས་སུ་མྱ་ངན་འདས་པ་ཆེན་པོའི་མདོ་ལས། མཚན་གྱི་ཡོན་ཏན་བརྗོད་པ་ཞེས་བྱའི་ལེའུ་སྟེ་གསུམ་པའོ། ། ། དེ་ནས་བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོ་འབྱེད་ཅིང་སྟོན་པ་དག། མཚན་ཉིད་རྣམ་པ་འདི་བཞི་ལ་མཁས་པར་བྱའོ།། བཞི་གང་ཞེ་ན། བདག་ཚུལ་བཞིན་དུ་བྱ་བ་དང་། གཞན་ཚུལ་བཞིན་དུ་འཆོས་པ་དང་། ཇི་སྐད་དྲིས་པ་དེ་བཞིན་དུ་ལན་འདེབས་པ་དང་། རྟེན་ཅིང་འབྲེལ་ཏེ་བྱུང་བ་ལ་མཁས་པའོ།། དེ་ལ་བདག་ཚུལ་བཞིན་དུ་བྱེད་པ་གང་ཞེ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་ཏེ་བྱུང་བ་ལ་གཟིགས་ཏེ་གསུངས་པ། དཔེར་ན་དགེ་སློང་ཞིག་མེའི་ཕུང་པོ་ཆེན་པོ་མཐོང་ན། དེ་འདི་སྐད་དུ་བདག་ནི་མེའི་ཕུང་པོ་ཆེན་པོར་ཞུགས་ཏེ་ཚིག་ཀྱང་བླའི་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་བཅུ་གཉིས་དང་། དགོངས་ཏེ་གསུངས་པའི་སྙིང་པོ་ལ་འདི་ནི་བདུད་སྡིག་ཏོ་ཅན་གྱིས་བཤད་པ་ཡིན་ནོ་ཞེས་སྐུར་པ་མི་འདེབས་སོ། ། ཇི་ཙམ་དུ་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མི་རྟག་གོ་ཞེས་སྨྲ་བ་དེ་ནི་བདག་ཀྱང་བཟླས་ལ། ཕ་རོལ་པོ་གཞན་ལའང་འཀྲུས་པ་ཡིན་ཏེ། གལ་ཏེ་རལ་གྲི་རྣོན་པོས་ཀྱེ་གཅད་ཀྱང་ཞྭའི་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མི་རྟག་གོ་ཞེས་མི་ཧཱའོ།། གཞན་དེ་རྐང་ཧཱ་བ་ལའང་ཡིད་མི་ཆེས་ཏེ། དེ་སྐད་དུ་སྨྲ་བ་དེ་ལ་སྙིང་རྗེའི་སེམས་བསྐྱེད་དོ།། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་བསམ་གྱིས་མི་ཁྱབ་པར་གཟུང་སྟེ། བདག་གི་ལུས་ལ་མེའི་ཕུང་པོ་ལྟར་རྟོགས་པ་ནི། བདག་ཚུལ་བཞིན་དུ་བྱེད་པ་ཞེས་བྱའོ།། དེ་ལ་ཇི་ལྟར་ན་གཞན་ཚུལ་བཞིན་དུ་འཆོས་པ་ཞེ་ན། བཅོམ་ལྡན་འདས་ཆོས་སྟོན་པའི་ཚེ། བུད་མེད་གཅིག་ཅིག་པུབུ་ནུ་ཞོ་བསྣུན་པ་ཐོགས་ཏེ། བཅོམ་ལྡན་འདས་གང་ན་བར་འོངས་ནས། སངས་རྒྱས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། སངས་རྒྱས་ལ་ཞུ་བར་བསམས་པ་ཡིད་ལ་བྱས་བཞིན་དུ་ཕྱོགས་གཅིག་ཏུ་འདུག་གོ། ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ། བུད་མེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཁྱོད་བུ་སྡུག་པར་བསམས་ནས་མར་མང་དུ་བསྟོད་དེ་ཞུ་འམ་མ་ཞུ་རྟོག་པའི་ཕྱིར་འོངས་སམ། དེ་ནས་བུད་མེད་དེས། བཅོམ་ལྡན་འདས་ལ་གསོལ་པ། ངོ་མཚར་ཆེའོ།། བཅོམ་ལྡན་འདས་བདག་གིས་ཡིད་ལ་བསམས་པ་ཤིན་ཏུ་མཁྱེན་ཏོ། ། བདག་གིས་མར་སྩལ་པ་མང་སམ་ཉུང་བ། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། བཅོམ་ལྡན་འདས་བདག་གིས་དེང་བུ་འདི་མར་ཞིག་སྩལ་ཏེ་མ་ཞུ་བས་ཚེའི་བར་ཆད་དུ་འགྱུར་གྱིས་དོགས་ན། དེ་བཞིན་གཤེགས་པས་བདག་ལ་བསྟན་དུ་གསོལ། དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་བུས་ཟོས་པའི་མར་ནི་དེ་མ་ཐག་ཏུ་ཞུ་སྟེ། ཚེ་དང་ལུས་ཀྱི་མཆོག་ཏུ་གྱུར་ཏོ།། བུད་མེད་དེས་དེ་སྐད་ཅེས་བཀའ་སྩལ་བ་ཐོས་ནས་རབ་ཏུ་དགའ་རངས་ཏེ། ཡང་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་ཡང་དག་པར་གསུངས་པས་བདག་རབ་ཏུ་དགའ་བར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་འདི་ལྟར་སེམས་ཅན་གདུལ་བའི་ཐད་དུ་ཞུ་བ་དང་། མ་གུ་བ་རྣམ་པར་ཕྱེ་སྟེ་གསུངས་པ་དང་། གཞན་ཡང་ཆོས་ཐམས་ཅད་བདག་མེད་པ་དང་། མི་རྟག་པར་གསུངས་པ་ཤིན་ཏུ་ལེགས་སོ།། གལ་ཏེ་བཅོམ་ལྡན་འདས་ཀྱིས་རྟག་པ་སྔར་བཤད་ན། འདུལ་བའི་འཁོར་འདི་དག་འདི་སྐད་དུ། ཆོས་འདི་ནི་མུ་སྟེགས་ཅན་དང་མཐུན་ནོ་ཞེས་མཆི་སྟེ་སྤོང་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས། བུད་མེད་དེ་ལ་བཀའ་སྩལ་པ། ཁྱོད་ཀྱི་བུ་དེ་སྐྱེས་ཏེ་རྒྱུག་ནུས་ཙམ་ན་ཁ་ཟས་འཇུ་དཀའ་བའང་ཞུ་སྟེ། སྔར་བྱིན་པའི་མར་ཙམ་གྱིས་ནི་ཆོག་པ་མ་ཡིན་ནོ།། ངའི་ཉན་ཐོས་ཀྱི་ཉེ་གནས་ཀྱང་ཁྱོད་ཀྱི་བུ་ཆུང་ངུ་དེ་དང་འདྲ་སྟེ་རྟག་པའི་ཆོས་འདི་འཇུ་མི་ནུས་སོ། ། དེ་བས་ན་ངས་སྔར་སྡུག་བསྔལ་བ་དང་། མི་རྟག་པ་ལ་སོགས་པ་བཤད་པ་ཡིན་ནོ།། ངའི་ཉན་ཐོས་ཀྱི་ཉེ་གནས་ཡོན་ཏན་དང་ལྡན་བ། ཐེག་པ་ཆེན་པོའི་མདོ་ལ་ནན་ཏན་དུ་སྤྱོད་པ་བཟོད་པ་དག་ལ་ནི་ངས་མདོ་སྡེ་འདི་ཉིད་ཀྱི་རོ་རྣམ་པ་དྲུག་བསྟན་ཏོ།། རོ་རྣམ་པ་དྲུག་གང་ཞེ་ན། སྡུག་བསྔལ་ནི་སྦྱར་པའི་རོ་ལྟ་བུའོ།། མི་རྟག་པ་ནི་ལན་ཚྭའི་རོ་ལྟ་བུའོ།། བདག་མེད་པ་ནི་ཁ་བའི་རོ་ལྟ་བུའོ།། བདེ་བ་ནི་དངར་བའི་རོ་ལྟ་བུའོ།། བདག་ནི་ཚ་བའི་རོ་ལྟ་བུའོ།། རྟག་པ་ནི་བསྔལ་བའི་རོ་ལྟ་བུའོ།། འཇིག་རྟེན་ན་རོ་རྣམ་པ་གསུམ་སྟེ། མི་རྟག་པ་དང་། བདག་མེད་པ་དང་། བདེ་བ་མེད་པ་སྟེ། ཉོན་མོངས་པ་ནི་ཤིང་ལྟ་བུའོ།། ཤེས་རབ་ནི་མེ་ལྟ་བུ་སྟེ། དེའི་རྒྱུ་དང་དེའི་རྐྱེན་གྱིས་མྱ་ངན་ལས་འདའ་བའི་ཟས་སུ་གྱུར་པ་ནི་རྟག་པ་དང་། བདེ་བ་དང་། བདག་དང་། ཡོངས་སུ་དག་པ་སྟེ། ཉེ་གནས་སུ་གྱུར་པའི་རྣམས་རོ་དེ་ལ་དགོད་དོ།། ཡང་བུད་མེད་དེ་ལ་བཀའ་སྩལ་པ། ཁྱོད་དོན་གཉེར་ཅིང་གཞན་དུ་འགྲོ་ན། ཁྱོད་ཀྱི་བུ་མ་རུངས་པ་ཁྱིམ་ནས་ཕྱུང་ལ། རིན་པོ་ཆེའི་གཏེར་རྣམས་བུ་མཛངས་པ་ལ་གཏོད་ཅིག། བུད་མེད་ཀྱིས་གསོལ་པ། བཅོམ་ལྡན་འདས་འཕགས་པའི་བཀའ་བཞིན་ཏེ། རིན་པོ་ཆེའི་གཏེར་རྣམས་བུ་མཛངས་པ་ལ་སྟོན་གྱི། བུ་ངན་པ་ལ་ནི་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངའང་དེ་དང་འདྲ་སྟེ། ཡོངས་སུ་མྱ་ངན་ལས་འདའ་བ་ན། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་བླ་ན་མེད་པའི་ཆོས་ཀྱི་གཏེར་ཉན་ཐོས་ཀྱི་ཉེ་གནས་རྣམས་ལ་མི་སྟོན་པའང་། ཁྱོད་ཀྱིས་རིན་པོ་ཆེའི་གཏེར་བུ་ངན་པ་ལ་མི་སྟོན་པ་བཞིན་ནོ།། བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ཤིང་གཏད་བ་ནི། ཇི་ལྟར་ཁྱོད་ཀྱི་རིན་པོ་ཆེའི་གཏེར་རྣམས་བུ་མཛངས་པ་ལ་གཏད་པ་བཞིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ཀྱི་ཉེ་གནས་དག་ནི་སྐྱེ་བ་དང་འཕོ་བའི་འདུ་ཤེས་དང་བཅས་པས་སངས་རྒྱས་བཅོམ་ལྡན་འདས་ནི་ཡང་དག་པར་མྱ་ངན་ལས་འདས་སོ་སྙམ་སྟེ། ང་ནི་ཡང་དག་པར་མྱ་ངན་ལས་འདའ་བ་མ་ཡིན་ནོ།། དཔེར་ན་ཁྱོད་ལམ་རིང་པོར་སོང་བ་ལས་ཕྱིར་མ་འཁོར་གྱི་བར་དུ། ཁྱོད་ཀྱི་བུ་མ་རུངས་པས་ཁྱོད་མ་ཤི་བར་ཤི་ཞེས་ཟེར་བ་དང་འདྲའོ།། བྱང་ཆུབ་སེམས་དཔའ་དག་ནི་དེ་བཞིན་གཤེགས་པ་རྟག་པ། མི་འཕོ་བ། མི་འགྱུར་བའོ་ཞེས་ཟེར་ཏེ། ཇི་ལྟར་ཁྱོད་ཀྱི་བུ་མཛངས་པ་ཁྱོད་མ་ཤིའོ་ཞེས་ཟེར་བ་དང་འདྲའོ།། དོན་དེ་ལྟ་བས་ངས་བླ་ན་མེད་པ་དགོངས་ཏེ་གསུངས་པའི་ཆོས་ཀྱི་གཏེར་བྱང་ཆུབ་སེམས་དཔའ་རྣམས་ལ་གཏད་དོ། ། རིགས་ཀྱི་བུ་སེམས་ཅན་གང་ཞིག་སངས་རྒྱས་རྟག་པ། གནས་པ། མི་འཕོ་མི་འགྱུར་པར་འཛིན་ན། གནས་དེ་ཉིད་ན་སངས་རྒྱས་བཞུགས་པར་རིག་པར་བྱ་སྟེ། དེ་དག་ནི་ཚུལ་བཞིན་དུ་གཞན་འཆོས་པ་ཞེས་བྱའོ།། དེ་ལ་ཇི་ལྟར་ན་དྲིས་པ་བཞིན་དུ་ལན་འདེབས་པ་ཞེ་ན། གལ་ཏེ་གང་ཟག་གཅིག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་འདི་སྐད་དུ། བདག་གིས་ནོར་དང་ཟང་ཟིང་ཅི་རང་མ་གཏང་བར་སྦྱིན་བདག་ཆེན་པོ་མིང་དུ་གྲགས་པར་འགྱུར་ཞེས་སྨྲ་ན། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་འདོད་པ་ཉུང་ཞིང་ཆོག་ཤེས་པ། མ་བརྟགས་པའི་ཡོ་བྱད་མི་འཆང་མི་སོགས་པ་ལ། བྲན་ཕོ་བྲན་མོ་དང་། ལས་བྱེད་པའི་མི་བྱིན་པ་དང་། ཚངས་པར་སྤྱོད་པ་ལ་བུད་མེད་བྱིན་པ་དང་། ཤ་ཆང་བཅད་པ་ལ་ཤ་ཆང་བྱིན་པ་དང་། ཕྱི་དྲི་ཕན་ཆད་མི་ཟ་བ་ལ་ཁ་ཟས་བྱིན་པ་དང་། འཇོ་བའི་མེ་ཏོག་དང་། སྤོས་མི་ཐོགས་པ་ལ་མེ་ཏོག་དང་སྤོས་བྱིན་པ་དག་སྦྱིན་པའི་མིང་ནི་ཀུན་ཏུ་གྲགས་པར་ཡང་འགྱུར་ལ། ནོར་དང་ཟང་ཟིང་ནི་ཅུང་ཟད་ཙམ་ཡང་མི་ཉམས་ཏེ། འདི་དག་ནི་དྲིས་པ་བཞིན་དུ་ལན་བཏབ་པ་ཞེས་བྱའོ། ། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱི་ས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཤ་མི་འཚལ་བ་ལ་ཤ་སྩལ་བ་མི་རིགས་མོད། དེ་ཅིའི་རྨད་དུ་ཞེ་ན། བདག་ནི་ཤཱ་མི་འཚལ་བ་བདག་ལ་ཡོན་ཏན་ཆེན་པོ་དང་ལྡན་པར་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། ཤིན་ཏུ་ལེགས་སོ།། ཁྱོད་ཀྱིས་ང་ཡི་དགོངས་པ་ཤེས་པ་ཤིན་ཏུ་ལེགས་སོ།། ཆོས་སྲུང་བའི་བྱང་ཆུབ་སེམས་དཔལ་དག་ནི་འདི་ལྟར་རིག་པར་བྱའོ།། རིགས་ཀྱི་བུ་དང་ཕན་ཆད་ཉན་ཐོས་ཀྱི་ཉེ་གནས་དག་ཤ་ཟར་མི་གནང་ངོ་། ། གལ་ཏེ་ཡོན་བདག་དད་པས་བྱིན་ནའང་། དེ་ལ་བུ་ཤ་ལྟ་ངུར་འདུ་ཤེས་བསྐྱེད་དེ།། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། དེ་བཞིན་གཤེགས་པས་ཤ་འཚལ་དུ་མི་གནང་། བཀའ་སྩལ་པ། རིགས་ཀྱི་བུ་ཤ་ཟ་བ་ནི་སྙིང་རྗེ་ཆེན་པོའི་རིགས་གཅོད་པ་ཡིན་ནོ། ། འོད་སྲུངས་ཀྱིས་གསོལ་པ། སྔོན་བཅོམ་ལྡན་འདས་ཀྱིས་ཤ་བརྟགས་པ་རྣམ་པ་གསུམ་ཤ་འཚལ་དུ་གནང་བ་མ་ལགས་སཔ། བཀའ་སྩལ་པ། འོད་སྲུངས་ཤ་བརྟགས་རྣམ་པ་གསུམ་ཟར་གནང་བ་ནི་བགས་ཀྱིས་གཅད་པའི་ཐབས་སུ་གསུངས་སོ། ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་གསོལ་པ། ཅིའི་སླད་དུ་མ་བརྟགས་པ་རྣམ་པ་བཅུ་དང་། བརྟགས་པ་རྣམ་པ་དགུའི་བར་དུ་འཚལ་དུ་མི་གནང་། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀལ་སྩལ་པ། དེ་འང་འགས་ཀྱིས་བཅད་པའི་དོན་དུ་གསུངས་མདོར་ན་ཤ་གཅད་པའི་དོན་དུ་བསྟན་པ་ཡིན་ནོ། ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླང་དུ། དེ་བཞིན་གཤེགས་པས་ཉའི་ཤ་ལ་བསོད་པའི་ཟས་སོ་ཞེས་གསུངས། བཀའ་སྩལ་པ། རིགས་ཀྱི་བུ་ངས་ནི་ཉ་ཤ་ལ་སོགས་པ་ལ་བསོད་པའི་ཟས་སོ་ཞེས་མ་གསུངས་ཀྱི། བུ་རམ་གྱི་ཤིང་དང་། འབྲས་དང་། ཁ་ར་དང་། ཁྲེ་དང་། ནས་ལ་སོགས་པ་དང་། ཧ་སེ་དང་། འོ་མ་དང་། ཞོ་དང་། མར་དང་། འབྲུ་མར་ལ་སོགས་པ་ལ་བསོད་པའི་ཟས་སོ་ཞེས་གསུངས་ཏེ། གོས་རྣམ་པབ་མང་པོའང་འཆང་དུ་གནང་བར་ངས་གསུངས་མོད་ཀྱི། འཆང་དུ་གནང་བ་དེའང་ཁ་དོག་བསྒྱུར་བ་ལ་བྱ་ན། ཉའི་ཤ་ལ་ཆགས་པ་ལྟ་སྨོས་ཀྱང་ཅི་དགོས། འོད་སྲུངས་ཀྱིས་གསོལ་པ། དེ་བཞིན་གཤེགས་པས་ཤ་འཚལ་དུ་མི་གནང་ན། རོ་རྣམ་པ་ལྔ་པོ་འོ་མ་དང་། ཞོ་དང་། དར་བ་དང་། མར་ཀར་དང་། ཞུན་མར་དང་། ཏིལ་མར་ལ་སོགས་པ་དང་། གོས་ཀེའུ་ཤ་ཡ་དང་། དོ་ཤལ་དང་། ཀོ་ལཱམ་དང་། གསེར་དངུལ་གྱི་སྣོད་ལ་སོགས་པའང་འཆང་དུ་མི་གནང་བའི་རིགས་སོ།། བཀའ་སྩལ་པ། རིགས་ཀྱི་བུ་གཅེར་བུ་པས་ལྟ་བ་དང་མཐུན་པ་མ་ཡིན་གྱི། དེ་བཞིན་གཤེགས་པས་ཚུལ་ཁྲིམས་བཅས་པའི་རྣམས་ནི་སོ་སོར་དགོངས་ཏེ་གསུངས་པ་ཡིན་པས། དགོངས་པ་ཐ་དད་པའི་ཕྱིར། ཤ་བརྟགས་པའི་རྣམ་པ་གསུམ་ཟར་གནང་བ་ཡིན་ནོ། ། འདུ་ཤེས་ཐ་དད་པའི་ཕྱིར་ཤ་རྣམ་པ་བཅུ་བཅད་པ་ཡིན་ནོ།། འདུ་ཤེས་ཐ་དད་པས་རང་ཤི་བ་ལ་སོགས་པ་ཤ་ཐམས་ཅད་ཟར་མི་གནང་བ་ཡིན་ནོ།། འོད་སྲུངས་ངས་ནི་དེང་ཕན་ཆད་ཉེ་གནས་སུ་གྱུར་པ་རྣམས་ཀྱིས་ཤ་ཐམས་ཅད་ཟར་མི་རུང་ངོ་ཞེས་གསུངས་སོ།། འོད་སྲུངས་ཤ་ཟའ་དག་ནི་འགྲོ་འམ། སྡོད་དམ། འདུག་གམ། 1ལ་ཀྱང་སེམས་ཅན་གང་ལ་དྲིས་ཕོག་པ་ཐམས་ཅད་འཇིགས་སྨུག་གོ། ། འདི་ལྟ་སྟེ། དཔེར་ན་མི་ཞིག་སེང་གེའི་དྲི་ཐོ་བཔ་དེས་ཐམས་ཅད་འཇིགས་ཤིང་སཱབ་གོ། རིགས་ཀྱི་བུ་དཔེར་ན་མི་ཞིག་སྒོག་པ་ཟོས་ན་མནམ་པས་ཐམས་ཅད་ཀྱིས་མི་འདོད་དེ་འབྱོལ་ན། དེ་ལ་ཉེ་བར་བསྙེན་པ་ལྟ་ཅི་སྨོས། ཤ་ཟ་བ་རྣམས་ཀྱང་དེ་དང་འདྲ་སྟེ། སེམས་ཅན་རྣམས་ལ་ཤའི་དྲིས་ཕོག་ན་སྐྲག་སྟེ་ཤི་བས་འཇིགས་པའི་འདུ་ཤེས་འབྱུང་ངོ་། ། ཚུ་ལ་གནས་པ་དང་། ཐང་ལ་གནས་པ་དང་། ནམ་མཁའ་ལ་འགྲོ་བའི་སྲོག་ཆགས་ཐམས་ཅད་འབྱོལ་ཞིང་བྲོས་ཏེ། འདི་ནི་བདག་ཅག་གི་དགྲ་ཡིན་ནོ་ཞེས་ཟེར་རོ།། དེ་བས་ན་བྱང་ཆུབ་སེམས་དཔའ་དག་ཤ་ཟ་བར་མི་རྩོལ་ལོ།། སེམས་ཅན་སྒྲོལ་བའི་ཕྱིར་ཤ་ཟ་བ་སྟོན་ཏེ། ཟ་བ་ལྟར་བྱེད་ཀྱང་ཡང་དག་པར་ན་མི་ཟའོ། ། རིགས་ཀྱི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་ཡོངས་སུ་དག་པའི་ཟས་ཀྱང་མི་ཟ་ན། ཤ་ཟ་བ་ལྟ་སྨོས་ཀྱང་ཅི་དགོས། རིགས་ཀྱི་བུ་ང་ཡོངས་སུ་མྱ་ངན་ལས་འདས་ནས། ལོ་ཚད་མེད་པ་བརྒྱན་འཕགས་པའི་ལམ་བཞིས་བྱུང་བ་འའགས་པ་ཀུན་ཀྱང་མྱ་ངན་ལས་འདས་ནས་དམ་པའི་ཆོས་ནི་ནུབ། གཟུགས་བརྙན་ལ་ཆོས་སུ་བྱེད་པ་ན། དགེ་སློང་དག་འདུལ་བ་འཛིན་པ་དང་འདྲ་བར་འཆོས་ཤིང་མདོ་སྡེ་ཀློག་པ་དང་འདོན་པ་ནི་ཉུང་གི། ལུས་གསོ་བའི་ཕྱིར་ཁ་ཟས་ལ་ནི་ཆགས། ལུས་ལ་ནི་གོས་ངན་པ་རྩུབ་པོ་གྱོན་ལ་མདོག་ཀྱང་ནག་པོར་གྱུར། གཟི་བརྗིད་ཀྱང་མེད་ལ། བ་ལང་དང་ལུག་ཀྱང་འཚོ།། ཤིང་དང་རྩཝ་འང་ཁུར་དུ་ཁྱེར་ཏེ། སྐྲ་དང་སེན་མོ་ནི་རིང་དུ་བསྐྱེད་པ་དག་ཀྱང་འབྱུང་སྟེ། ངུར་སྨྲིག་གྱོན་མོད་ཀྱི། རྔོན་པ་དང་འདྲ་སྟེ། མིག་ཕབ་ལ་གོམ་པ་དལ་ཡང་བྱི་ལ་བྱི་བ་ལ་འཇབ་པ་དང་མཚུངས་ཏེ། བདག་ནི་དགྲ་བཅོམ་པ་ཡིན་ནོ་ཞེས་རྟག་ཏུ་བརྗོད་ཀྱང་ནད་དང་། སྡུག་བསྔལ་དང་། ཉིད་དང་། མི་གཙང་བས་གཟིར་ཏེ། ཕྱི་རོལ་གྱི་ཚུལ་འཆོས་ཀྱང་ནང་གི་སེམས་ནི་ཕྲག་དོག་དང་འདོད་པས་ཟིལ་གྱིས་ནོན་པས། ཆོས་ལོག་པ་ཅན་གྱི་བྲམ་ཟེ་ལ་སོགས་པ་དང་མཚུངས་སོ། ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་གི་གཟུགས་སུ་སྟོན་ཅིང་ངན་པར་ལྟ་བ་བསྐྱེད་ནས། ཡང་དག་པའི་ཆོས་ལའང་སྐུར་པ་འདེབས་སོ།། ། གང་ཟག་དེ་དག་གིས་དེ་བཞིན་གཤེགས་པས་བཅས་པའི་ཚུལ་ཁྲིམས་དང་། འདུལ་བ་དང་། སྤྱོད་ལམ་དང་། རྣམ་པར་གྲོལ་བའི་འབྲས་བུ་བསྟན་པ་དང་། མ་བརྟགས་པའི་ཆོས་སྤང་བ་བསྟན་པའང་མ་རུངས་པར་བྱས། དགོངས་ཏེ་གསུངས་པ་ཤིན་ཏུ་ཟབ་མོའང་མ་རུངས་པར་བྱས་ནས། སོ་སོ་འི་རིང་བཟོས་མདོ་སྡེ་དང་འདུལ་བ་བཤད་དེ། འདི་སྐད་དུ་དེ་བཞིན་གཤེགས་པས་བདག་ཅག་ཤ་ཟ་བར་གནང་ངོ་ཞེས་ཟེར་ཏེ། ཡི་གེར་བྲིས་ནས་སངས་རྒྱས་ཀྱིས་གསུངས་སོ་ཞེས་ཕན་ཚུན་དུ་རྩོད་ཅིང་། སོ་སོ་ནས་བདག་ནི་དགེ་སྦྱོང་ཤཱཀྱའི་སྲས་སོ་ཞེས་སྒྲོགས་སོ། ། རིགས་ཀྱི་བུ་དེའི་ཚེ་ན་གཞན་ཡང་དགེ་སྦྱོང་དག་འབྲུ་མང་དུ་བསོགས་ཤིང་ཉའི་ཤ་ལ་ལག་དར་ཏེ་སྤྱོད་དོ།། མར་གྱི་སྣོད་དང་། རིན་པོ་ཆེའི་གདུགས་དང་། ཀོ་ལྷམ་དག་འཆང་ཞིང་། རྒྱལ་པོ་དང་། བློན་པོ་དང་། ཁྱིམ་བདག་ལ་བརྟེན་ནས། མཚན་བལྟ་བ་དང་། སྐར་མ་བལྟ་བ་དང་། མོ་དང་སྨན་དཔྱད་དག་སློབ་ཅིང་། བྲན་པོ་དང་། བྲན་མོ་དང་། གསེར་དང་། དངུལ་དང་། མུ་ས་ལ་གལ་བ་དང་། སྤུག་དང་། ཤེལ་དང་། མུ་ཏིག་དང་། བྱི་རུ་དང་། སཱུར་ལོང་དང་། ཤེལ་གྱི་སྣམ་བུ་དང་། དོ་ཤལ་ལ་སོགས་པ་དང་། ཤིང་ཐོག་རྣམ་པ་སྣ་ཚོགས་ལ་སྤྱོད་དེ། གཞན་ཡང་སྩལ་དང་། རི་མོ་དང་། འཇི་བ་ལས་སྤྱོད་པ་དང་ཡི་གེ་སློབ་པའི་སློབ་དཔོན་དང་། ཞིང་རྨོ་བ་དང་། ཞིང་བརྡ་བ་དང་། བྱད་སྟེམས་དང་། སྔགས་དང་། སྨན་སྦྱོར་བ་དང་། ཀླུ་གར་དང་། རོལ་མོ་དང་། སྤོས་དང་མེ་ཏོག་གིས་འཇོ་བ་དང་། ཨུག་ཤུད་དང་། མིག་མངས་དང་། བཟོ་རྣམ་པ་སྣ་ཚོགས་སློབ་ཅིང་བྱེད་པ་དག་འབྱུང་ངོ་།། དགེ་སློང་གང་ཞིག་མི་དགེ་བའི་དངོས་པོ་དེ་དག་སྤངས་གང་ཟག་དེ་ནི་ངའི་ཉེ་གནས་ཡང་དག་པ་ཡིན་པར་རིག་པར་བྱའོ། ། དེ་ནས་འོད་སྲུངས་ཀྱིས། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དགེ་སློང་དང་། དགེ་སློང་བ་དང་། དགེ་བསྙེན་མ་ཡོན་བདག་ལ་བལྟོས་ཏེ། འཚོ་བ་དག་བསོད་སྙོམས་བྱེད་པའི་ཚེ། ཤ་དང་འདྲེས་པའི་ཟས་ཤིག་སྩལ་ན། ཇི་ལྟར་འཚལ་བར་བགྱི། ཅིས་རྟོགས་པར་འགྱུར། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། ཤ་དང་ཟས་སོ་སོར་ཕྱེ་ལ་ཆུས་བཀྲུས་ཏེ་བཟའ་བར་བྱའོ།། གལ་ཏེ་ལྷུང་བཟེད་ཤ་དང་འབགས་ཀྱང་བྲོ་བའི་རོ་མེད་ན་སྤྱོད་ཀྱང་ཉེས་མེད་དོ།། གལ་ཏེ་བསོད་ནམས་ཀྱི་ནང་ན་ཤ་མང་དུ་འོངས་ནའང་བླང་བར་མི་བྱའོ།། གལ་ཏེ་ཟས་ཀྱི་ནང་ན་ཤ་སྣང་ན་མ་ཟ་ཞིག། ཟོས་ན་ཉེས་པ་དང་བཅས་པ་སྟེ། ངས་ཤ་ཟར་མི་གནང་བ་བཅས་པ་འདི་རྒྱས་པར་བསྟན་ན་ཟད་པའི་མཐའ་མེད་དེ། མྱ་ངན་ལས་འདའ་བའི་དུས་ལ་བབ་པས་ཕྱོགས་ཙམ་ཞིག་བཤད་དོ། ། འདི་དག་ནི་དྲིས་པའི་ལན་བཏབ་པ་ཞེས་བྱའོ།། འོད་སྲུངས་དེ་ལ་ཇི་ལྟར་ན་རྟེན་ཅིང་འབྲེལ་ཏེ་བྱུང་བའི་དོན་ལ་མཁས་པ་ཞེ་ན། འདི་ལྟ་སྟེ། འཁོར་རྣམ་བཞི་ངའི་དྲུང་དུ་ལྷགས་ཏེ། བཅོམ་ལྡན་འདས་དོན་འདི་དག་དེ་བཞིན་གཤེགས་པ་ཐོག་མ་མངོན་པར་བྱང་ཆུབ་ནས། རྒྱལ་པོ་རབ་ཏུ་སྡེ་འབམ་བྱེད་ལ་ཆོས་ཀྱི་གཞུང་ཤིན་ཏུ་ཟབ་མོ་འདི་ཅིའི་སླད་དུ་མ་གསུངས། བར་བར་ནི་ཤིན་ཏུ་ཟབ་པར་ཡང་གསུངས། བར་བར་ནི་མི་ཟབ་པར་ཡང་གསུངས། བར་བར་ནི་ཉམས་པ་ཞེས་ཀྱང་བགྱི། བར་བར་ནི་མཉམས་པ་ཞེས་ཀྱང་བགྱིན། དེ་ལ་ཇི་ལྟར་ན་ལྟུང་བ་ཞེས་བགྱི། འདུལ་བ་ནི་གང་། སོ་སོར་བར་པ་ཞེས་བགྱི་བ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོ་སོར་ཐར་པ་ཞེས་བྱ་བ་ནི་ཆོག་ཤེས་པ། སྤྱོད་ལམ་དང་ལྡན་པ། ཅིའང་མི་སོགས་པ། འཚེ་བ་ཡོངས་སུ་དག་པའོ། ། ལྟུང་བ་ནི་རྒྱུད་བཞིར་ལྟུང་བའོ།། གཞན་ཡང་ལྟུང་བ་ནི་སེམས་ཅན་དམྱལ་བ་དང་། མཚམས་མེད་པའི་བར་དུ་ལྟུང་བ་སྟེ། མགྱོགས་བུལ་ནི་ཆར་པ་དྲག་པོའི་གཏོལ་མེད་དོ། ། དེ་ཐོས་པ་ཙམ་གྱིས་ཀྱང་འཇིགས་སྐྲག་སྟེ། ཚུལ་ཁྲིམས་སྲུང་བ་དང་། སྤྱོད་ལམ་སྡོམ་པ་དང་། ཆོག་ཤེས་པ་ལ་ནན་ཏན་བྱེད་པ་དང་། མ་བརྟགས་པའི་ཟང་ཟིང་ཐམས་ཅད་མི་ལེན་པར་འགྱུར་རོ། ། གཞན་ཡང་ལྟུང་བ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་ཀྱི་ཁམས་བསྐྱེད་པ་སྟེ། དོན་དེ་ལྟ་བུས་ན་ལྟུང་བ་ཞེས་བྱའོ།། གཞན་ཡང་སོ་སོར་ཐར་པ་ཞེས་བྱ་བ་ལུས་དང་། ངག་དང་། ཡད་ཀྱི་མི་དགེ་བའི་ལས་ངན་པ་ཡོངས་སུ་སྤོང་བའོ།། འདུལ་བ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་། མདོ་སྡེའི་དོན་ཤིན་ཏུ་ཟབ་མོ་ལ་འཇུག་ཅིང་། མ་བརྟགས་པའི་ཟང་ཟིང་ཐམས་ཅད་དང་། མ་བརྟགས་པའི་རྒྱུ་དང་རྐྱེན་ལེན་དུ་མི་གནང་བའོ།། གཞན་ཡང་ཕས་ཕམ་པ་བཞི་དང་། དགེ་འདུན་གྱི་ལྷག་མ་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བ་ལྟུང་བའི་ཆོས་སུམ་ཅུ་དང་། ལྟུང་བ་དགུ་བཅུ་རྩ་གཅིག་དང་སོ་སོར་བཤགས་པའི་ཆོས་བཞི་དང་། བསླབ་པ་མང་པོ་དང་། བདུན་ཤིན་ཏུ་ཞི་བ་ལ་སོགས་པ་ཉམས་སུ་མི་གནང་བའོ།། གང་ཟག་ལ་ལ་ནི་ཚུལ་ཁྲིམས་ཐམས་ཅད་ཉམས་པའང་ཡོད་དོ། ། ཐམས་ཅད་ཅེས་བྱ་བ་ནི་ཕས་ཕམ་པ་བཞི་ནས་བདུན་ཤིན་ཏུ་ཞི་བའི་བར་ལ་བྱའོ།། གང་ཟག་ལ་ལ་ནི་ཡང་དག་པའི་ཆོས་ཤིན་ཏུ་ཟབ་མོ་ལ་སྐུར་ཏེ་ལོག་སྲེད་དུ་གྱུར་ནས་མཚན་ཉིད་ཐམས་ཅད་དང་། རྒྱུ་དང་རྐྱེན་མེད་པར་རྫོགས་པར་འཛིན་ཏེ། གང་ཟག་དེ་དག་བདག་ནི་དབང་པོ་རྣོ་ཞིང་ཤེས་རབ་དང་ལྡན་པའོ་ཞེས་ཁས་འཆེ་སྟེ། ཁ་ན་མཐོ་བལྕི་བ་དང་ཡང་བ་ཐམས་ཅད་འཆབ་ཅིང་སྦ་བ་ནི། ཇི་ལྟར་རུས་སྦལ་ཡན་ལག་དྲུག་སྦེད་པ་བཞིན་ནོ།། དེ་ལྟར་ཁ་ན་མ་ཐོ་བ་རྣམས་ཡུན་རིང་པོ་ནས་མི་འགྱོད་དེ། དེ་ལྟར་མི་འགྱོད་པས་ཉིན་མཚན་དུ་སྐྱེ་ཞིང་འཕེལ་བར་འགྱུར་རོ། ། དགེ་སློང་དེ་དག་ཉེས་པ་བྱུང་བའི་རྣམས་ནམ་དུའང་མི་འགྱོད་དེ་བས་ན་ཉེས་པས་ཀུན་ཏུ་གྲགས་ནས་དེའི་ཕྱིར་དེ་བཞིན་གཤེགས་པས་དངོས་པོ་དེ་དག་མཁྱེན་ཏེ། བགས་ཀྱིས་བཅས་ཀྱི། ཅིག་ཅར་ནི་མ་ཡིན་ནོ།། དེའི་ཚེ་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་གིས། བཅོམ་ལྡན་འདས་ལ་འདི་སྐང་ཅེས་གསོལ་ཏོ། ། དེ་བཞིན་གཤེགས་པས་དེ་ལྟར་མཁྱེན་བཞིན་ཅིའི་སླད་དུ་སྔར་མ་བཅས། བཅོམ་ལྡན་འདས་ཀྱིས་སེམས་ཅན་དག་མཚམས་མེད་པའི་སེམས་ཅན་དམྱལ་བར་བཏང་བ་མ་ལགས་སམ། དཔེར་ན་མི་མང་པོ་ཡུལ་གཞན་དུ་འགྲོ་བ་ལས། འབྲོག་སླད་ནས་ལམ་དང་བྲལ་ཏེ། ལམ་མ་ཡིན་པར་ཞུགས་ཀྱང་མི་དེ་དེ་དག་འབྲོག་སྨད་པར་མི་འཚལ་ཏེ། ལམ་མོ་སྙམ་ནས་གཞན་ལ་ལམ་མ་ཡིན་ནམ་མ་ཡིན་པ་དྲི་བའི་གནས་ཀྱང་མེད་དོ།། དེ་བཞིན་དུ་སེམས་ཅན་དག་སངས་རྒྱས་ཀྱི་ཆོས་ཀྱིས་སྨད་པ་དེ། ཡང་དག་པ་གང་ལགས་པ་མི་མཐོང་ན།། དེ་བཞིན་གཤེགས་པས་སྔར་ཡང་དག་པའི་ལམ་བསྟན་ཏེ། དགེ་སློང་དག་འདི་ནི་ཚུལ་ཁྲིམས་ཉམས་པའོ།། འདི་ནི་ཚུལ་ཁྲིམས་སྲུང་བའོ་ཞེས་བཀའ་སྩལ་ཏེ། ཚུལ་ཁྲིམས་བཅལ་བའི་རིགས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པ། ཡང་དག་པའི་ལམ་མཁྱེན་ཅིང་གཟིགས་པ། ལྷའི་ནང་ན་ལྷ་ལྟ་བུ། དགེ་བ་བཅུའི་ཡོན་ཏན་དང་དོན་སྟོན་པ་ལ་ཤིན་ཏུ་མཁས་པ། ཅིའི་སླད་དུ་ཚུལ་ཁྲིམས་འདི་སྔར་མ་བཅས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་སེམས་ཅན་ལ་དགེ་བ་བཅུའི་ཡོན་ཏན་སྟོན་པའང་བདེན་ཏེ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྲས་སྒྲ་གཅན་འཛིན་དང་འདྲ་བར་གཟིགས་ན། ཅིའི་ཕྱིར་ཁྱོད་ཀྱིས་འདི་སྐད་དུ། བཅོམ་ལྡན་འདས་ཀྱིས་སེམས་ཅན་དག་དམྱལ་བར་བཏང་བ་མ་ཡིན་ནམ་ཞེས་སྨྲ། ངས་གང་ཟག་འགའ་ཞིག་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བའི་རྒྱུ་དང་ལྡན་པར་གཟིགས་ནའང་། གང་ཟག་དེའི་ཕྱིར་བསྐལ་པ་གཅིག་གམ། བསྐལ་པ་གཅིག་འགྲིབ་ཀྱི་བར་དུའང་འཇིག་རྟེན་ན་བཞུགས་སོ། ། ད་ནི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡིན་ན། ཅིའི་ཕྱིར་སྲས་ལྟ་བུར་འདུ་ཤེས་པ་དག་སེམས་ཅན་དམྱལ་བར་གཏོང་རིགས་ཀྱི་བུ་འདི་ལྟ་བུ་སྟེ། དཔེར་ན་རྒྱལ་པོའི་ཁམས་འདི་ན་ཚེམ་བུ་གྱོན་པ་དག་གོས་ལ་བུག་རྡོལ་ཡོད་ན། གདོད་ལྷན་པས་གློན་ནོ།། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སེམས་ཅན་གང་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་གྱུར་པའི་རྒྱུའམ་རྐྱེན་ཅིག་གཟིགས་ན། དགེ་བའི་ཚུལ་ཁྲིམས་ཀྱིས་དེ་སྲུང་བར་བྱེད་དོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའང་སྔར་སེམས་ཅན་ལ་དགེ་བ་བཅུའི་ཆོས་ཀྱིས་འདུལ་ལོ།། ཕྱིས་མི་དགེ་བའི་སྤྱོད་པ་ཡོད་ན། དེ་ལ་ཅི་རིགས་ཀྱིས་བགས་ཀྱིས་ཆད་པས་གཅོད་དོ། ། ཉེས་པའི་ཆད་པས་བཅད་ནས། གདོད་འཕྲུལ་གྱི་རྒྱལ་པོའི་ཆོས་སྤྱོད་དོ།། རིགས་ཀྱི་བུ་ངའང་དེ་དང་འདྲ་སྟེ། བསྟན་པ་ཡོད་ཀྱང་སྔར་མ་བཅས་པ་ནི་དགེ་སློང་དག་ཆོས་མ་ཡིན་པ་སྤྱོད་དུ་བྱེད་ན། གདོད་ཅི་རིགས་སུ་བགས་ཀྱིས་བཅས་པས་ན། གང་ཆོས་ལ་མོས་པའི་སྐྱེ་བོ་དག་ནི་སྟོན་པའི་རྗེས་སུ་སྤྱོད་པར་འགྱུར་རོ།། བས་ན་འཁོར་དེ་དག་གིས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་མཐོང་བར་གྱུར་ཏོ།། འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་ནི་བསམ་གྱིས་མི་ཁྱ་པོ།། དེ་བཞིན་གཤེགས་པའང་དེ་བཞིན་དུ་བསམ་གྱིས་མི་ཁྱབ་སྟེ། ཆོས་དང་དགེ་འདུན་ཡང་བསམ་གྱིས་མི་ཁྱབ་ལ། ཆོས་སྟོན་པ་དང་། ཆོས་མཉན་པའང་བསམ་གྱིས་མི་ཁྱབ་པ། འདི་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་མཁས་པ་ཞེས་བྱའོ།། བྱང་ཆུབ་སེམས་དཔས་དེ་ལྟར་མཚན་ཉིད་རྣམ་པ་འདི་བཞིའི་དོན་རྣམ་པར་འབྱེད་པ་ལ་མཁས་པ་ནི། ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་ནང་ན་རྟེན་ཅིང་འབྲེལ་ཏེ་བྱུང་བའི་དོན་ལ་མཁས་པ་ཞེས་བྱའོ།། དེ་ལ་གཞན་ཡང་བདག་ཚུལ་བཞིན་དུ་བྱེད་པ་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པའོ། ། གཞན་ཚུལ་བཞིན་དུ་འཆོས་པ་ནི་ངས་དགེ་སློང་དག་ལ་དེ་བཞིན་གཤེགས་པ་ནི་རྟག་པ་མི་འཕོ་བའོ་ཞེས་བསྟན་པའོ། ། དྲིས་པའི་ལན་བཏབ་པ་ནི་འོད་སྲུངས་ཁྱོད་ཀྱིས་དྲིས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་ཤིན་ཏུ་ཟབ་མོའི་དོན་རྒྱས་པར་བསྟན་པའོ།། རྟེན་ཅིང་འབྲེལ་ཏེ་བྱུང་བའི་དོན་ནི། ཉན་ཐོས་དང་རང་སངས་རྒྱས་དག་ཤིན་ཏུ་ཟབ་མོའི་དོན་འདི་ལྟ་བུ་མི་ཤེས་ཤིང་། ཡི་གེའི་འབྲུ་ཨི་ལྟ་བུའི་ཐིག་ལེ་གསུམ་གྱིས་སྨྲ་བ་དང་། རྣམ་པར་གྲོལ་བ་མྱ་ངན་ལས་འདའ་བའི་ཤེས་རབ་ཆེན་པོར་དགོངས་ཏེ་གསུངས་པའི་སྙིང་པོ་མ་ཐོས་པའི་རྣམས། ངས་དེང་འདིར་ཉན་ཐོས་པ་དག་ལ་རྣམ་པར་ཕྱེ་སྟེ་བསྟན་པས་ཤྭེ་རབ་ཀྱི་མིག་བསྐྱེད་དོ།། གལ་ཏེ་གང་ཟག་ལ་ལ་ཞིག་འདི་སྐད་དུ། དངོས་པོ་རྣམ་པ་བཞི་པོ་འདི་གཅིག་གོ་ཞེས་སྨྲ་ན། བརྫུན་དུ་མ་གྱུར་ཏམ་ཞེས་ཟེར་ན། དེ་ལ་འདི་སྐད་དུ་རམ་མཁའ་ནི་ཅིའང་མེད་པ་སྟེ། མི་གཡོ་མི་འཁྲུགས་པ་ཡིན་ན། དངོས་པོ་བཞི་པོ་དེ་ལ་ཐ་དད་པ་ཅི་ཡོད་ན། དེ་ལ་བརྫུན་ཞེས་བྱར་རུང་ངམ། གསོལ་བ། མ་ལགས་སོ།། བཅོམ་ལྡན་འདས་ཚིག་མང་པོ་དེ་དག་ནི་དོན་གཅིག་གོ།། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་དོན་ཏོ།། བདག་དང་བཞན་ཚུལ་བཞིན་དུ་བྱེད་པ་དང་། དྲིས་པའི་ལན་འདེབས་པ་དང་། རྟེན་ཅིང་འབྲེལ་ཏེ་བྱུང་བའི་དོན་ཡང་དེ་དང་འདྲ་སྟེ། མྱ་ངན་ལས་འདས་པ་ཆེན་པོ་དང་མཉམ་པར་བ་མི་དད་དོ།། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་བ། རིགས་ཀྱི་བྲི་འམ། རིགས་ཀྱི་བུ་མོ་གང་ཞིག་འདི་སྐད་དུ། དེ་བཞིན་གཤེགས་པ་ནི་མི་རྟག་གོ།། ཇི་ལྟ་བུར་མི་རྟག་ཅེན། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར། ཉོན་མོངས་པ་ཐམས་ཅད་བཀགས་པས་མྱ་ངན་ལས་འདའ་བ་ཞེས་བྱ་སྟེ། དཔེར་ན་མེ་ཤིན་ཅིའང་མེད་པ་བཞིན་དུ་ཉོན་མོངས་པ་ཐམས་ཅད་བགག་པའང་དེ་དང་འདྲ་སྟེ། དེ་ལ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། དེ་ལ་ཅིའི་ཕྱིར་དེ་བཞིན་གཤེགས་པ་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་མི་འཕོ་པ་ཞེས་སྨྲ་འམ། ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར། བྲིད་པ་དང་བྲལ་བས་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། མྱ་ངན་ལས་འདས་པ་དེ་ལ་ནི་སྲིད་པ་གང་ཡང་མེད་ན། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་མི་འཕོ་བ་ཞེས་བྱ། དཔེར་ན་གོས་ཟད་དེ་ཞིག་ན། དངོས་པོ་ཅིའང་མེད་པ་བཞིན་དུ་མྱ་ངན་ལས་འདས་པའང་དེ་དང་འདྲ་སྟེ། ཉོན་མོངས་པ་ཐམས་ཅད་བགགས་པས་དངོས་པོ་ཞེས་བྱ་བ་ཅིའང་མེད་ན། དེ་ལ་ཅིའི་ཕྱིར་དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་མི་འཕོ་བ་ཞེས་སྨྲའམ། ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན་འདོད་པ་དང་བྲལ་ཏེ། རབ་ཏུ་ཞི་བ་ནི་མྱ་ངར་ལས་འདས་པ་ཞེས་བྱ་སྟེ། དཔེར་ན་མི་ཞིག་མགོ་གཅད་ན། མགོ་བོ་མེད་པ་ཞེས་བྱ་བ་དང་འདྲ་བར་འདོད་པ་དང་བྲལ་བ་རབ་ཏུ་ཞི་བའང་དེ་དང་འདྲ་སྟེ། སྟོང་པ་ཅིའང་མེད་པས་མྱ་ངན་ལས་འདས་པ་ཞེས་བྱ་ན་དེ་ལ་ཡང་ཅིའི་ཕྱིར་དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་མི་འཕོ་བ་ཞེས་སྨྲའམ། གཞན་ཡང་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། ། དཔེར་ན་རབ་ཏུ་ཚ་བའི་ལྕགས།། ཐོ་བས་བརྡུངས་ན་ཚ་བ་འབྱུང་།། གྱེས་ནས་དེ་མ་ཐག་ཏུ་མེད།། དེ་ཡི་གནས་ཀྱང་ཤེས་མི་ནུས།། ཡང་དག་རྣམ་པར་གྲོལ་བ་ཡང་། ། མཚན་ཉིད་དེ་དང་འདྲ་བ་སྟེ།། འདོད་པ་ཐམས་ཅད་ཡོངས་སྤངས་ནས།། སྲིད་པའི་འདམ་ལས་རབ་རྒལ་ཏེ།། མི་གཡོ་བ་ཡི་གནས་ཐོབ་ན།། བྱིན་པའི་གནས་ནི་ཤེས་མི་ནུས།། ཞེས་དེ་སྐད་བཀའ་སྩལ་པ་དེ་ལ་ཡང་། ཅིའི་ཕྱིར་དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་མི་འཕོ་བའི་ཆོས་ཅན་ཞེས་སྨྲ་ན། འོད་སྲུངས་དེ་སྐད་དུ་སྨྲ་བའི་གང་ཟག་དེ་ནི་ལོག་པར་སྨྲ་བ་ཡིན་ནོ།། འོད་སྲུངས་ཁྱོད་ཀྱང་དེ་བཞིན་གཤེགས་པ་ཉིད་ལ་འགོག་པ་དང་ཟད་པའི་འདུ་ཤེས་མ་སྐྱེད་ཅིག། འོད་སྲུངས་ཉོན་མོངས་པ་བགགས་པ་ནི་དངོས་པོ་ཞེས་མི་གདགས་སོ།། དེ་ཅིའི་ཕྱིར་ཞེ་ན། མཐར་ཕྱིན་པའི་ཕྱིར་རྟག་པ་ཞེས་བྱའོ།། ཚིག་འདི་ནི་རབ་ཏུ་ཞི་བ་སྟེ་བླ་ན་མེད་པའོ།། མཚན་མ་ཐམས་ཅད་ལྷག་མ་མ་ལུས་པར་ཟད་པའོ།། ཚིག་འདི་ནི་རྣམ་པར་དཀར་བ། རྟག་པ། གནས་པ། ཕྱིར་མི་ལྡོག་པ་སྟེ། དེའི་ཕྱིར་ན་མྱ་ངན་ལས་འདས་པ་ལ་རྟག་པ་གནས་པ་ཞེས་བྱའོ། ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། རྟག་པ་གནས་པ་མི་འགྱུར་བའོ།། མི་རྟག་ཅེས་བྱ་བ་ནི་ཉོན་མོངས་པའོ།། སོ་སོར་གྱེས་ནས་མེད་པར་གྱུར་ཏེ་གནས་ཀྱང་མི་རྙེད་དོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པས་ཉོན་མོངས་པ་ཐམས་ཅད་བགགས་ནས་རྒྱུ་ལྡན་མི་གནས་པའོ།། དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་གནས་པའི་ཆོས་ཅན་མི་འགྱུར་མི་འཕོ་བའོ། ། གཞན་ཡང་འོད་སྲུངས་སངས་རྒྱས་རྣམས་ཀྱིས་སྟོན་པ་ནི་ཆོས་སོ།། དེ་བས་ན་དེ་བཞིན་གཤེགས་པའང་བཀུར་སྟི་དང་མཆོད་པ་མཛད་དོ། ། ཆོས་རྟག་པའི་ཕྱིར་སངས་རྒྱས་རྣམས་ཀྱང་རྟག་གོ།། དེ་ནས་ཡང་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། གལ་ཏེ་ཉོན་མོངས་པའི་མེ་བགགས་པས། དེ་བཞིན་གཤེགས་པའང་བག་གས་ན། དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པ་མ་ལགས་ཏེ། དཔེར་ན་ལྕགས་བསྲེགས་པ་ཁ་དོག་དམར་པོ་ཞི་སྟེ་མི་རྙེད་པ་བཞིན་དུ་དེ་བཞིན་གཤེགས་པའི་ཉོན་མོངས་པའང་དེ་དང་འདྲ་སྟེ། ཞི་བའི་གནས་ཀྱང་མི་རྙེད་དོ། ། གཞན་ཡང་དཔེར་ན་ལྕགས་དེ་ལ་ཚ་བ་དང་དམར་བཞི་ནས་མ་མཆིས་པར་འགྱུར་བ་བཞིན་དུ། དེ་བཞིན་གཤེགས་པ་དེའང་དེ་དང་འདྲ་སྟེ། ཞི་ནས་རྟག་པ་མེད་པས་ཉོན་མོངས་པའི་མེ་བགགས་ནས། ཡོངས་སུ་མྱ་ངན་ལས་འདས་པར་ཞུགས་པས་དེ་བཞིན་གཤེགས་པ་ནི་མི་རྟག་པའོ།། བཀའ་སྩལ་པ། རིགས་ཀྱི་བུ་ལྕགས་ཤེས་བྱ་བ་ནི་བུས་པ་མ་རབས་ལ་བྱ་སྟེ། བུས་པ་མ་རབས་ནི་ཉོན་མོངས་པ་བགགས་ཀྱང་བགགས་མ་ཐག་ཏུ་ཕྱིར་སྐྱེ་བས་མི་རྟག་པ་ཞེས་བྱའོ།། དེ་བཞིན་གཤེགས་པ་དེ་ལྟ་མ་ཡིན་ཏེ། བགགས་ནས་ཕྱིར་མི་སྐྱེ་བའི་ཕྱིར་རྟག་པ་ཞེས་བྱའོ།། འོད་སྲུངས་ཀྱིས་གསོལ་པ། དཔེར་ན་ལྕགས་ནི་ཁ་དོག་དམར་པོ་ཞི་བའི་འོག་ཏུ་ཕྱིར་མེར་སྩལ་ན་མར་ཡང་ཁ་དོག་དམར་པོར་འགྱུར་རོ། ། དེ་བཞིན་གཤེགས་པའང་དེ་དང་འདྲ་ན་ལྟ་ཉོན་མོངས་པ་སླར་ཡང་སྐྱེ་སྟེ། ཉོན་མོངས་པ་སླར་ཡང་སྐྱེ་བས་ན་མི་རྟག་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། ཁྱོད་འདི་སྐད་དུ་དེ་བཞིན་གཤེགས་པ་ལ་མི་རྟག་གོ་ཞེས་མ་ཟེར་ཅིག། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་རྟག་པའོ། ། རིགས་ཀྱི་བུ་དཔེར་ན་ཤིང་ཚིག་ཀྱང་ཐལ་བ་ཡོད་དོ།། ཉོན་མོངས་པ་འགགས་ན་མྱ་ངན་ལས་འདས་པ་ཡོད་དོ།། གོས་ཞིག་པ་འམ་མགོ་བཅད་པ་འམ། སྣོད་ཆག་པ་ལ་སོགས་པའི་དཔེ་དང་འདྲ་སྟེ། དངོས་པོ་དེ་དག་ཀྱང་སོ་སོ་ན་གོས་ཞིག་པ་དང་། མགོ་བཅད་པ་དང་། སྣོད་ཆག་པ་ཞེས་བྱ་བའི་མིང་ཡོད་པ་དང་འདྲའོ། ། འོད་སྦྱངས་ལྕགས་ཆ་བཟངས་ཀྱང་ཕྱིས་ཚ་བར་འགྱུར་གྱིས། དེ་བཞིན་གཤེགས་པ་ནི་དེ་ལྟ་མ་ཡིན་ཏེ། ཉོན་མོངས་པ་བརྒྱད་ནས་ཐར་ཡོངས་སུ་བསལ་བས། ཉོན་མོངས་པའི་མ་བྱིས་མི་སྐྱེའོ།། འོད་སྲུངས་སེམས་ཅན་ཚད་མེད་པ་རྣམས་ནི་ལྕགས་དེ་དང་འདྲ་སྟེ། ངས་ཟག་པ་མེད་པ་འི་ཤེས་རབ་ཀྱི་མེས་སེམས་ཅན་དེ་དག་གི་ཀུན་ནས་ཉོན་མོངས་པ་བསྲེགས་པར་རིག་པར་བྱའོ། ། ཡང་འོད་སྲུངས་ཀྱིས་གསོལ་པ། ཤིན་ཏུ་ལེགས་སོ།། ཤིན་ཏུ་ལེགས་སོ།། བདག་གིས་ནི་དེང་དེ་བཞིན་གཤེགས་པ་རྟག་པ་ལེགས་པར་ལེགས་པར་ཐོས་སོ། ། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀལ་སྩལ། འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཆག་པའི་ཕྱིར་ཕོ་བྲང་གི་ཕྱི་རར་སོང་སྟེ། སླས་མང་པོའི་འཁོར་ན་མེད་ཀྱང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ཤིའོ་ཞེས་བྱར་མི་རུང་ངོ་།། རིགས་ཀྱི་བུ་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། འཛམ་བུ་གླིང་གི་ཁམས་འདི་ན་མི་སྣང་སྟེ། མྱ་ངན་ལས་འདའ་བར་ཞུགས་ཀྱང་མི་རྟག་གོ་ཞེས་མི་བྱའོ།། དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་ཚད་མེ་པ་ལས་བྱུང་སྟེ། མྱ་ངན་ལས་འདས་པར་ཞུགས་ནས་རབ་ཏུ་བདེ་བའི་གནས་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ལ་རྒྱུ་ཞིང་རབ་ཏུ་བདེ་བས་འཚོའོ།། ཡང་འོད་སྲུངས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན། ང་ནི་ཡུན་རིང་པོ་ནས་ཉོན་མོངས་པའི་རྒྱ་མཚོ་ལས་བརྒལ་ཏོ་ཞེས་གསུངས་ན། གལ་ཏེ་བཅོམ་ལྡན་འདས་ཉོན་མོངས་པའི་རྒྱ་མཚོ་ལས་བརྒལ་ལགས་ན། ཅིའི་སླད་དུ་གྲགས་འཛིན་ལས་སྲས་སྒྲ་གཅན་འཛིན་ལྟ་བུ་བལྟམས་པར་གྱུར། དེ་བས་ན་དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་དང་ཀུན་ནས་ཉོན་མོངས་པའི་རྒྱ་མཚོ་ལས་མ་གྲོལ་བ་འདྲ་ན། བཅོམ་ལྡན་འདས་དེའི་རྒྱུ་དང་དེའི་རྐྱེན་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། ཁྱོད་དེ་བཞིན་གཤེགས་པ་ལ་ཡུན་རིང་པོ་ནས་ཉོན་མོངས་པའི་རྒྱ་མཚོ་ལས་བརྒལ་ན། ཅིའི་ཕྱིར་གྲགས་འཛིན་ལས་སྲས་སྒྲ་གཅན་འཛིན་བལྟམས་པར་གྱུར། དེ་བས་ན་དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་དང་། ཀུན་ནས་ཉོན་མོངས་པའི་རྒྱ་མཚོ་ཆེན་པོ་ལས་མ་རྒལ་བ་འདྲའོ་ཞེས་དེ་སྐད་མ་སྨྲ་ཞིག། རིགས་ཀྱི་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ནི་དོན་ཆེན་པོ་རྣམ་པར་གཞག་པ་ཡིན་གྱིས། ཁྱེད་རྣམས་ཤིན་ཏུ་བརྟག་པར་ཉོན་ཏེ་གཞན་ལའང་རྒྱ་ཆེར་སྟོན་ལ། ཐེ་ཚོམ་དང་འཇིགས་པ་མ་སྐྱེད་ཅིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་ན། རི་རབ་རིའི་རྒྱལ་པོ་ལྟར་མཐོ་ཞིང་ཆེ་བ། ཡུངས་ཀར་གྱི་འབྲུམ་བུ་གཅིག་གི་ནང་དུ་བཅུག་ཀྱང་རི་རབ་སྤྱན་བོ་ལ་གནས་པའི་སེམས་ཅན་དེ་དག་གཅིག་ལ་གཅིག་དོག་པ་འམ། ཕན་ཆུང་དུ་བསྐྱོད་པར་མི་ཤེས་སོ།། གང་འདུལ་བའི་རིགས་པ་དེ་དག་ནི་བྱང་ཆུབ་སེམས་དཔས་རི་རབ་ལྷུན་པོ་དེ་ཡུངས་ཀར་གྱི་ནང་དུ་བཅུག་ལ་ཕྱིར་གནས་སུ་གཞག་པར་ཡང་མཐོང་ངོ་། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡུངས་ཀར་གཅིག་གི་ནང་དུ་བཅུག་ཀྱང་། དེ་ན་གནས་པའི་སེམས་ཅན་དག་གཅིག་ལ་གཅིག་དོག་པ་འམ། གནས་ནས་ཕན་ཚུན་དུ་བསྐྱོད་པར་མི་ཤེས་སོ།། གང་འདུལ་བའི་རིག་པ་འབའ་ཞིག་གིས་ནི། བྱང་ཆུབ་སེམས་དཔས་སྟོང་གསུམ་གྱི་སྟོང་ཆེན་བོཔོའོ་འཇིག་རྟེན་གྱི་ཁམས་འདི་ཡུངས་ཀར་གྱི་ནང་དུ་བཅུག་པ་དང་ཕྱིར་གཞག་པར་ཡང་ཤེས་སོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་བ་སྤུའི་བུ་ག་གཅིག་ཏུ་བཅུག་པ་ནས། ཕྱིར་གནས་སུ་གཞག་པའི་བར་དུ་རྒྱས་པར་རོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་བླངས་ཏེ་ཁབ་ཀྱི་རྩེ་ལ་གཞག་ཀམ། སངས་རྒྱས་ཀྱི་ཞིང་གཞན་དུ་འཕངས་ཀྱང་། དེ་ན་གནས་པའི་སེམས་ཅན་ཐམས་ཅད་གང་ནས་འོངས་པ་དང་། གང་དུ་སོང་བ་མི་ཤེས་སོ།། གང་འདུལ་བའི་རིགས་པ་འབའ་ཞིག་གིས་ནི་མཐོང་བ་ནས། ཕྱིར་གནས་སུ་གཞག་པའི་བར་དུ་ཤེས་སོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པ་ནི། ཕྱོགས་བཅུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ལག་པ་གཡས་པས་བླངས་ནས། རྫ་མཁན་གྱི་འཁོར་ལོ་ལྟར་བསྐོར་ཏེ། འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་སྙེད་ཀྱི་ཕ་རོལ་ཏུ་འཕངས་ཀྱང་། སེམས་ཅན་དེ་དག་ལ་གཅིག་ཙམ་ཡང་སོང་བ་འམ། འོངས་པར་ཡང་མི་ཚོར་ཏེ། གང་འདུལ་བའི་རིགས་པ་འབའ་ཞིག་གིས་ནི་མཐོང་བ་ནས། ཕྱིར་གནས་སུ་འོངས་པའི་བར་དུ་ཤེས་སོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པ་ནི། ཕྱོགས་གཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཐམས་ཅད་དག་གི་ཁོང་པར་བཅུག་ཀྱང་། དེ་ན་གནས་པའི་སེམས་ཅན་དག་གཅིག་ལ་གཅིག་གཟེར་ཅིང་དོག་པ་འམ། སོང་བ་འམ། འོངས་པ་འམ། གནས་པར་མི་ཤེས་ཏེ། གང་འདུལ་བའི་རིགས་པ་འབའ་ཞིག་གིས་ནི་མཐོང་བ་ནས། ཕྱིར་གནས་སུ་འོངས་པའི་བར་དུ་ཤེས་སོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་མོ་གཅིག་གི་ནང་དུ་བཅུག་ཀྱང་། དེ་ན་གནས་པའི་སེམས་ཅན་གཅིག་ལ་གཅིག་གཟེར་ཅིང་དོག་པ་འམ། སོང་བ་དང་འོངས་པ་མི་ཤེས་ཏེ། གང་འདུལ་བའི་རིགས་པ་འབའ་ཞིག་གིས་ནི་མཐོང་བ་ནས། གནས་སུ་ཕྱིན་པའི་བར་དུ་ཤེས་སོ།། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པས་དེ་ལྟ་བུའི་མངོན་པར་ཤེས་པའི་ཆོ་འཕྲུལ་ཚད་མེད་པ་སྙེད་སྟོན་ཏེ། དེ་བས་ན་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མངོན་པར་ཤེས་པའི་ཆོ་འཕྲུལ་ཚད་མེད་པ་བསྟན་པ་དེ་ལ་ནི།། སེམས་ཅན་ཐམས་ཅད་ཀྱིས་དཔག་པ་འམ།། རིག་པར་མི་ནུས་ན། ཁྱོད་ཀྱིས་དེ་བཞིན་གཤེགས་འདོད་ཆགས་ཀྱི་ཕྱོགས་ལ་ཉེ་བས་སྲས་སྒྲ་གཅན་འཛིན་བལྟམས་པར་ཤེས་པར་ག་ལ་རུང་།། རིགས་ཀྱི་བུ་རིང་པོ་ནས་མྱ་ངན་ལས་འདས་བ་ཆེན་པོ་འདི་ལ་གནས་ནས། མངོན་པར་ཤེས་པའི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་སྟོན་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། ཉི་ཟླ་ཕྲག་བརྒྱ་དང་འཛམ་བུ་གླིང་ཕྲག་བརྒྱ་ལ་རྣམ་པ་སྣ་ཚོགས་སུ་སྟོན་པ་ནི། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་རྒྱས་པར་བསྟན་པ་བཞིན་ནོ།། ངས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འཛམ་བུ་གླིང་འདིར་ཡོངས་སུ་མྱ་ངན་ལས་འདའ་བར་བསྟན་ཀྱང་། མཐར་ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་ནོ།། འཛམ་བུ་ཟིང་འདིར་ཡུམ་ལྷུམས་སུ་བསྟམ་པ་བསྟན་པའང་ཡབ་དང་ཡུམ་ང་ལ་སྲས་སུ་འདུ་ཤེས་གཞག་པར་བྱ་བའི་ཕྱིར་ཡིན་གྱི། ངའི་སྐུ་ནི་མཐར་འདོད་ཆགས་འདུས་པ་ལས་སྐྱེས་པ་མ་ཡིན་ནོ།། ང་ནིབསྐལ་པ་ཡུན་རིང་པོ་ཚད་མེད་པའི་བར་དུ་འདོད་པ་ཡོངས་སུ་སྤངས་པས། ངའི་སྐུ་འདི་ནི་ཆོས་ཀྱི་སྐུ་སྟེ། འཇིག་རྟེན་པའི་རྗེས་སུ་མངལ་དུ་ཞུགས་པ་བསྟན་པ་ཡིན་ནོ།། རིགས་ཀྱི་བུ་འཛམ་བུ་གླིང་འདིར་ལུམ་བིའི་ཚལ་དུ་ཡུམ་ལྷ་མཛེས་ཀྱི་ལྷུམས་ནས་བལྟམས་ཏེ། བལྟམས་མ་ཐག་ཏུ་ཤར་ཕྱོགས་སུ་གོམ་པ་བདུན་བོར་ནས། འདི་སྐད་དུ་ང་ནི་ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་ནང་ན་མཆོག་ཏུ་གྱུར། བུལ་དུ་གྱུར། གཙོ་བོར་གྱུར་ཏོ་ཞེས་སྨྲས་ཏེ། ཡབ་དང་། ཡུམ་དང་། འཇིག་རྟེན་དུ་བཅས་པའི་ལྷ་དང་མིས་མཐོང་བ་ཐམས་ཅད་དགའ་ནས་ངོ་མཚར་རྨད་ཀྱི་སེམས་སྐྱེས་སོ། ། མི་ཐམས་ཅད་ཀྱིས་ནི་ང་ལ་བུས་པ་ཆུང་ངུར་འཛིན་ཏེ། ངའི་སྐུ་འདི་ནི་བསྐལ་པ་ཚད་མེད་པ་ནས་ཉོན་མོངས་པའི་ཆོས་དེ་ལྟ་བུ་དང་བྲལ་ལོ། ། དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ། ཤ་དང་། ཁྲག་དང་། རྒྱུས་པ་དང་། རྩ་དང་། རུས་པ་དང་། རྐང་ལས་བསྒྲུབས་པའི་ལུས་མ་ཡིན་མོད་ཀྱིས། འཇིག་རྟེན་པའི་རྗེས་སུ་བུས་པ་ཆུང་ངུའི་ལུས་བསྟན་ཏོ།། ལྷོ་ཕྱོགས་སུ་གོམ་པ་བདུན་བོར་ནས། སེམས་ཅན་ཚད་མེད་པ་ལ་བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་མངོན་པར་བསྟན་ཏོ། ། ནུབ་ཕྱོགས་སུ་གོམ་པ་བདུན་བོར་བ་ནི་སྐྱེ་བ་ཟད་པ་དང་། རྒ་བ་དང་འཆི་བ་མེད་པའི་སྐུ་ཐ་མ་བསྟན་པའི་ཕྱིར་རོ།། བྱང་ཕྱོགས་སུ་ཀོགོ་མ་པ་བདུན་བོར་བ་ནི་སྲིད་པའི་འཁོར་བ་ཐམས་ཅད་ལས་གྲོལ་བར་བསྟན་ཏོ། ། ཤར་ཕྱོགས་སུ་གོམ་པ་བདུན་བོར་བ་ནི་སེམས་ཅན་གྱི་སྟོན་པ་ཡིན་པར་མངོན་པར་བསྟན་པ་ཡིན་ནོ།། ཕྱོགས་མཚམས་བཞིར་གོམ་པ་བདུན་བདུན་བོར་བ་ནི་ཉོན་མོངས་པ་རྣམ་པ་སྣ་ཚོགས་དང་། བདུད་རྣམ་བཞི་ཡོངས་སུ་བཅོམ་སྟེ། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པར་མངོན་པར་སངས་རྒྱས་པ་བསྟན་པའོ། ། བླ་མ་ཕྱོགས་སུ་གོམ་པ་བདུན་བོར་བ་ནི་གང་མི་གཙང་བའི་དངོས་པོ་ཐམས་ཅད་ཀྱིས་མི་གོས་ཏེ། ནམ་མཁའ་ལྟ་བུར་གྱུར་པ་བསྟན་པའོ།། འོག་མའི་ཕྱོགས་སུ་གོམ་པ་བདུན་བོར་བ་ནི་ཆོས་ཀྱི་ཆར་གྱིས་སེམས་ཅན་དམྱལ་བའི་མེ་གསད་དེ། སེམས་ཅན་དེ་དག་རབ་ཏུ་བདེ་བ་མྱོང་བ་དང་། ཚུལ་ཁྲིམས་ངན་པ་ཅན་ལ་མོ་དང་སེར་བ་ལྟ་བུར་བསྟན་པའོ། ། འཇམ་བུ་ཐིང་དུ་སྐྱེས་ནས་ཞག་བདུན་ལོན་པ་དང་སྲ་བྲེག་པ་བསྟན་ཏེ། མི་ཐམས་ཅད་ཀྱིས་ནིང་ལ་བྲུས་པར་འཛིན་ཏོ།། ཐོག་ས་འདྲེག་པ་ན་འཇིག་རྟེན་དུ་བཅས་པ་ལྷ་དང་། མི་དང་། བདུད་དང་། ཚངས་པ་དང་། བྲམ་ཟེ་ལ་སོགས་པ་གང་གིས་ཀྱང་། ངའི་སྤྱི་གཙུག་གི་མཚན་ཡང་མཐོང་བར་མི་ནུས་ན། གྲི་ཐོགས་ཏེ་དྲའི་སྒྲ་འདྲེག་པ་ལྟ་ཅི་སྨོས། གྲི་ཐོགས་ཏེ་ངའི་སྤྱི་གཙུག་འདྲེག་པ་ནི་གནས་མེད་དོ།། ང་ཡུན་རིང་པོ་ནས་བསྐལ་པ་ཚད་མེད་པའི་བར་དུ་སྒྲ་དང་ཁ་སྤུ་བྲེགས་ཏེ། ད་ཡང་འཇིག་རྟེན་པའི་རྗེས་སུ་སྒྲ་བྲེག་པ་བསྟན་པ་ཡིན་ནོ།། ང་ཐོག་མ་བལྟམས་ནས་ཡབ་དང་ཡུམ་གྱིས་ང་ལྷ་ལ་བསྟན་པའི་ཕྱིར། ལྷའི་རྟེན་གྱི་ནང་དུ་ཁྲིད་ནས་ལྷ་དབང་སྒྱུར་ཆེན་པོ་ལ་བསྟན་པ་ན། ལྷ་དབང་སྒྱུར་ཆེན་པོས་པ་མཐོང་བའི་ཚེ་ཐལ་མོ་སྦྱར་ཏེ། བསྟི་སྟང་དང་བཅས་པས་ཕྱོག་ས་གཅིག་ཏུ་འགྲེང་ངོ་།། ང་ནི་ཡུན་རི་བོ་ནས་བཀ། ལི་བ་ཚད་མེད་པའི་བར་དུ་རྒྱའི་རྟེན་གྱི་ནང་དུའིའཕོ་བ་སྤངས་མོད་ཀྱི། འཇིག་རྟེན་པ་མི་རྗེས་སུ་མཐུན་པར་བྱ་བའི་ཕྱིར་དེའང་བསྟན་ཏོ།། ང་ནི་ལངམ་བུ་ཐོང་དུན་པ་ཞུག་པའང་བསྟར་ཏེ། སེམས་ཅན་ཐམས་ཅད་ཀྱིས་ཡང་དག་པར་ངཡིན་པ་འབུག་ནུས་པ་མེད་དེ། འཇིག་རྟེན་པའི་རྗེས་སུ་མཐུན་པར་བྱ་བའི་ཕྱིར་དེའང་མངོན་པ་བརྒྱན་ཏོ།། རིན་པོ་ཆེ་ལས་རྣ་ཆ་སེང་གེ་ཅན་བྱས་ཏེ། ངའི་རྣ་བ་ལ་བཏགས་མོད་ཀྱི། ང་ནི་བསྐལ་པ་ཆེན་མེད་པའི་བར་དུ་བརྒྱན་པའི་རྒྱུན་ཡོངས་སུ་སྤངས་ཏེ། འཇིག་རྟེན་པའི་རྗེས་སུ་མཐུན་པར་བྱ་བའི་ཕྱིར་དེའང་སྟོན་ཏོ།། ཡི་གེའི་གྲཝར་ཡིག་རྩིས་ཀྱང་བསླབས་ཏེ། ང་ནི་བསྐལ་པ་ཚད་མེད་པའི་བར་དུ་ཕུན་སུམ་ཚོགས་པ་དང་ལྡན་པས་ཁམས་གསུམ་དུ་བརྟགས་ན། སེམས་ཅན་གང་ཡང་བའི་སློབ་དཔོན་དུ་འགྱུར་པ་མེད་མོད་ཀྱི། འཇིག་རྟེན་པའི་རྗེས་སུ་མཐུན་པར་བྱ་བའི་ཕྱིར་བསླབ་པའི་གྲཝར་ཞུགས་པའང་བསྟན་ཏོ། ། དེ་བས་ན་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ།། གླང་པོ་ཆེའི་རྒྱ་བསླབ་པ་དང་། རྟ་འདུལ་བ་དང་། སྟོབས་རྒོལ་བ་དང་། ཉམ་རྩལ་རྣམ་པ་སྣ་ཚོགས་སྦྱང་བའི་བར་དུ་བསྟན་ཏོ།། འཛམ་བུའི་གླིང་དུ་རྒྱལ་ཚབ་ཀྱང་བསྟན་ཏེ། སེམས་ཅན་དག་པ་ལ་རྒྱལ་ཚབ་ཏུ་གཟུང་ནས་འདོད་པ་ལྔ་ལ་རབ་ཏུ་ལོངས་སྤྱོད་པར་ཡང་མཐོང་ངོ་། ། ང་ནི་བསྐལ་པ་ཚད་མེད་པའི་བར་དུ་འདོད་པ་ལྔའི་བདེ་བ་ཡོངས་སུ་སྤངས་མོད་ཀྱི། འཇིག་རྟེན་པའི་རྗེས་སུ་དེའང་བསྟན་ཏོ།། མཚན་མཁན་གྱིས་ངའི་མཚན་བལྟས་པ་ན། གལ་ཏེ་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། འཛམ་བུ་གླིང་ལ་དབང་སྒྱུར་རོ་ཞེས་སེམས་ཅན་ཐམས་ཅད་ཡིད་ཆེས་སོ།། ང་ནི་བསྐལ་པ་ཚད་མེད་པའི་བར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཐབས་བཏང་སྟེ། ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ཞུགས་སོ།། འཇམ་བུ་མིང་ན་བུད་མེད་མང་པོ་དང་འདོད་པ་ལྔ་སྤངས་ཏེ། རྒ་བ་དང་། ན་བ་དང་། འཆི་བ་དང་། དགེ་སྦྱོང་མཐོང་ནས་རབ་ཏུ་བྱུང་བ་བསྟན་པས། སེམས་ཅན་ཐམས་ཅད་ཀྱིས་རྒྱལ་ཚབ་བཟང་སྦྱིན་གདོད་རབ་ཏུ་བྱུང་ངོ་ཞེས་ཟེར་རོ། ། ང་ནི་བསྐལ་པ་ཚད་མེད་པའི་བར་དུ་རབ་ཏུ་བྱུང་སྟེ་ལམ་བསྒོམས་ཀྱང་འཇིག་རྟེན་པའི་རྗེས་སུ་མཐུན་པར་བྱ་བའི་ཕྱིར་དེའང་མངོན་པར་བསྟན་ཏོ།། ངས་འཛམ་བུའི་གླིང་དུ་ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་ཕྱུང་ནས་བསྙེན་པར་རྫོགས་ཏེ། ལམ་ལ་ཤིན་ཏུ་ནན་ཏན་བྱས་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་ལྡོག་པའི་འབྲས་བུ་དང་ཕྱིར་མི་ལྡོག་པའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུའི་བར་དུ་ཐོབ་པ་བསྟན་ཏེ། སོ་སོའི་སྐྱེ་བོ་དག་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་མི་དཀའ་སྟེ། སླ་བ་ཞིག་གོ། སྙམ་དུ་སེམས་སོ།། ང་ནི་བསྐལ་པ་གྲངས་མེད་པའི་སྔོན་རོལ་དུ་དགྲ་བཅོམ་པའི་འབྲས་བུ་ཐོབ་ཀྱང་། སེམས་ཅན་གདུལ་བའི་ཕྱིར་དེའང་བསྟན་ཏོ།། སྙིང་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུརྩཝ་བཏིང་བ་ལ་འདུག་ནས་བདུད་ཀྱི་རིས་རྣམས་བཏུལ་ཏེ། སོ་སོའི་སྐྱེ་བོ་དག་ནི་ངས་གདོད་སྙིང་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་ཀྱི་རིས་རྣམས་བཏུལ་སྙམ་སེམས་ཏེ། ངས་ནི་བསྐལ་པ་གྲངས་མེད་པའི་སྔོན་རོལ་དུ་བདུད་ཐམས་ཅད་བཏུལ་ཡིན་མོད་ཀྱི། སེམས་ཅན་མ་འདུལ་བ་དག་འདུལ་བའི་ཕྱིར། བདུད་བཏུལ་བ་དེའང་མངོན་པར་བསྟན་ཏོ།། ངས་ནི་བཤང་གཅི་ཆེ་ཆུང་དང་། དབུགས་ཕྱི་ནང་དུ་རྒྱུ་བའང་བསྟན་པས། སོ་སོའི་སྐྱེ་བོ་དག་ནི་ང་ལ་བཤང་གཅི་ཆེ་ཆུང་དང་། དབུགས་ཕྱི་ནང་དུ་རྒྱུ་བ་ཡོད་སྙམ་སེམས་ཏེ། ངའི་སྐུ་འདི་བསོད་ནམས་ཀྱི་འབྲས་བུ་ཡིན་པས། དེ་ལྟ་བུའི་བཤང་གཅི་ཆེ་ཆུང་དང་། དབུགས་ཕྱི་ནང་དུ་རྒྱུ་བའི་བག་མེད་ཀྱང་། འཇིག་རྟེན་པའི་རྗེས་སུ་མཐུན་པར་བྱ་བའི་ཕྱིར་དེའང་མངོན་པར་བསྟན་ཏོ། ། ངས་ནི་ཕ་རོལ་པོས་སྦྱིན་པ་བྱིན་པ་བླང་བའང་བསྟན་ཏེ། ངའི་སྐུ་འདི་ལ་ནི་བཀྲེས་པ་འམ། སྐོམ་པའི་བག་མེད་དེ། འོན་ཀྱང་འཇིག་རྟེན་པའི་རྗེས་སུ་མཐུན་པར་བྱ་བའི་ཕྱིར་དེའང་མངོན་པར་བསྟན་ཏོ། ། གཞན་ཡང་སོ་སོའི་སྐྱེ་བོ་དང་མཐུན་པར་ཉལ་བ་དང་། གཉིད་ལོག་པའང་བསྟན་ཏེ། ང་ནི་བསྐལ་པ་གྲངས་མེད་པའི་བར་དུ་ཤིན་ཏུ་ཟབ་མོའི་ཤེས་རབ་དང་ལྡན་ཏེ། སྲིད་པ་གསུམ་དང་ཡོངས་སུ་བྲལ་ཡང་འགྲོ་བ་དང་། སྡོད་པ་དང་། སྤྱོད་ལམ་དང་། ཀླད་པ་ན་བ་དང་། ལྗོན་པ་དང་། རྒྱབ་ན་བ་དང་འབྲུམ་བུ་དང་། བཀྲུས་པ་དང་། རྐང་པ་འཁྲུ་བ་དང་། ལག་པ་འཁྲུ་བ་དང་། གདོང་འཁྲུ་བ་དང་། ཁ་འཁྲུ་བ་དང་། སོ་ཤིང་འཆའ་བའི་བར་དུ་བསྟན་ཏེ། སོ་ས་མ་སྐྱེ་བོ་དག་ནིང་ལ་དེ་དག་ཀུན་ཡོད་དོ་སྙམ་དུ་སེམས་ཏེ། ངའི་སྐུ་ལ་ནི་དེ་དག་གང་ཡང་མེད་དོ།། ། ངའི་ཞབས་ཀྱི་པདྨོ་ལྟར་ཡོངས་སུ་དག་ཅིང་ཞལ་གྱི་དྲི་མེ་ཏོག་ཨུཏྤལ་བྲོའང་སོ་སོའི་སྐྱེ་བོ་དག་ནི་ང་ལ་གང་ཟག་སྙམ་དུ་སེམས་ཏེ། ཡང་དག་པར་ནང་ནི་གང་ཟག་མ་ཡིན་ནོ།། ང་ཡང་ཚེམ་བུ་གྱོན་ཅིང་འཁྲུ་བ་དང་། འཚེད་པ་དང་། འཆག་པ་བསྟན་ཏོ། ། ང་ནི་སྔོན་ཡུན་རིང་པོ་ནས་གོས་མི་དགོས་པར་གྱུར་ཏོ།། སོ་སོའི་སྐྱེ་བོ་དག་ནི་སྒྲ་གཅན་འཛིན་ལ་ངའི་བུ་སྙམ། རྒྱལ་པོ་ཟས་གཙང་མ་ནི་ངའི་ཡབ་སྙམ། ལྷ་མཛེས་ནི་ངའི་ཡུམ་སྙམ། འཇིག་རྟེན་གྱི་བདེ་བ་ལའང་ལོངས་སྤྱོད་ནས། དངོས་པོ་དེ་དག་ཐམས་ཅད་གཏང་སྟེ་རབ་ཏུ་བྱུང་ནས། ལམ་ལ་ནན་ཏན་དུ་བྱེད་དོ་སྙམ་སེམས་སོ།། གཞན་ཡང་ཁ་ཅིག་ནི་རྒྱལ་པོ་ཆེན་པོའི་རྒྱལ་ཚབ་ཐུ་བོ་གོའུ་ཏ་མའི་རིགས་ཆེན་པོ་ལ་གཏོགས་པ་འཇིག་རྟེན་བདེ་བ་ཐམས་ཅད་སྤངས་ནས། འཇིག་རྟེན་ལས་འདའ་བའི་ཆོས་ཚོལ་ལོ་སྙམ་སྟེ། ད་ནི་ཡུན་རིང་པོ་ནས་འཇིག་རྟེན་གྱི་འདོད་པའི་དངོས་པོ་ཐམས་ཅད་ཡོངས་སུ་སྤངས་ཏེ། དེ་དག་ཐམས་ཅད་ནི་བསྟན་པ་ཙམ་དུ་ཟད་དོ།། རིགས་ཀྱི་བུ་ང་ནི་འཛམ་བུ་གླིང་འདིར་ཡང་དང་ཡང་མྱ་ངན་ལས་འདས་པ་བསྟན་ཀྱང་། མཐར་ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་ཏེ། སོ་སོའི་སྐྱེ་བོ་དག་ནི་དེ་བཞིན་གཤེགས་པ་ཡང་དག་པར་འགོག་པ་ཟད་དོ་སྙམ་སྟེ། དེ་བཞིན་གཤེགས་པ་ནི་མཐར་ཟད་པ་མ་ཡིན་པས་རྟག་ཏུ་གནས་པའི་ཆོས་ཅན། མི་འགྱུར་མི་འཕོ་བའི་ཆོས་ཅན་དུ་རིག་པར་བྱའོ། ། རིགས་ཀྱི་བུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་དབྱིངས་སོ།། གཞན་ཡང་ངས་འཛམ་བུའི་གླིང་འདིར་འཇིག་རྟེན་དུ་མངོན་པར་འབྱུང་བ་བསྟན་ཏེ། སོ་སོའི་སྐྱེ་བོ་དག་ནི་ང་གདོང་མངོན་པར་སངས་རྒྱས་སོ་སྙམ་སེམས་ཏེ། ང་ནི་བསྐལ་པ་གྲངས་མེད་པའི་བར་དུ་བྱ་བ་ཐམས་ཅད་བྱས་ཀྱང་།། འཇིག་རྟེན་པའི་རྗེས་སུ་འཛམ་བུ་གླིང་འདིར་གདོད་མངོན་པར་སངས་རྒྱས་པ་བསྟན་ཏོ།། ང་ཡང་འཛམ་བུ་གླིང་འདིར་ཚུལ་ཁྲིམས་མ་བསྡམས་ཏེ། རྩ་བ་བཞིའང་ཉམས་པ་བསྟན་པས།། སོ་སོའི་སྐྱེ་བོ་དག་ནི་ཡང་དག་པར་ངས་ཚུལ་ཁྲིམས་ཉམས་སོ་སྙམ་དུ་སེམས་ཀྱང་། ང་ནི་བསྐལ་པ་ཚད་མེད་པའི་བར་དུ་ཚུལ་ཁྲིམས་བསྲུངས་པ་ལ་ཉམས་པ་མེད་དོ།། ང་ཡང་འཛམ་བུ་གླིང་འདིར་ལོག་སྲེད་ཅན་དུ་བསྟན་ཏེ། སོ་སོའི་སྐྱེ་བོ་དག་ནི་ཐམས་ཅད་ཀྱིས་ང་ལ་ལོག་སྲེད་ཅན་ཡིན་པར་སེམས་ཀྱང་། ང་ནི་ཡང་དག་པར་ལོག་སྲེད་ཅན་མ་ཡིན་ནོ།། གལ་ཏེ་ལོག་སྲེད་ཅན་ཡིན་ན། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པར་གྱུར། ང་ཡང་འཛམ་བུ་གླིང་འདིར་དགེ་འདུན་འདུམ་པའི་དབྱེན་བྱས་པར་བསྟན་ཏེ། སོ་སོའི་སྐྱེ་བོ་དག་ནི་ང་ལ་དགེ་འདུན་འདུམ་པའི་དབྱེན་བྱས་སོ་སྙམ་དུ་སེམས་ཀྱང་། ངས་རྣམ་པར་བལྟས་ན་འཇིག་རྟེན་དུ་བཅས་པ། ལྷ་དང་མིའི་ནང་ན་དགེ་འདུན་འདུམ་པའི་དབྱེན་བྱེད་ནུས་པ་མ་མཐོང་ངོ་། ། ང་ཡང་འཛམ་བུ་གླིང་འདིར་དམ་པའི་ཆོས་ཡོངས་སུ་བསྲུང་བ་བསྟན་ཏེ། སོ་སོའི་སྐྱེ་བོ་དག་ནི་ང་ལ་ཆོས་སྲུང་བ་ཡིན་ནོ་སྙམ་ནས་ཐམས་ཅད་ངོ་མཚར་དུ་གྱུར་ཏེ། སངས་རྒྱས་རྣམས་ཀྱི་ཆོས་ཉིད་དེ་ཡིན་པས། དེ་ལ་ནི་ངོ་མཚར་དུ་མི་བྱའོ།། ང་ཡང་འཛམ་བུ་གླིང་འདིར་བདུད་སྡིག་ཏོ་ཅན་གྱི་ལུས་སུ་བསྟན་ཏེ། སོ་སོའི་སྐྱེ་བོ་དག་ནི་ཡང་དག་པར་ང་ལ་བདུད་སྡིག་ཏོ་ཅན་ཡིན་ནོ་སྙམ་སེམས་ཀྱང་། ང་ནི་བསྐལ་པ་ཚད་མེད་པའི་བར་དུ་བདུད་ཀྱི་ལས་དང་ཡོངས་སུ་བྲལ་ཏེ། པདྨོ་ལྟར་ཡོངས་སུ་དག་པ་ལ་འགོ་བ་མེད་དོ།། ང་ཡང་འཛམ་བུ་གླིང་འདིར་བུད་མེད་ཀྱི་ལུས་ཀྱིས་སངས་རྒྱས་པ་བསྟན་ཏེ། སོ་སོའི་སྐྱེ་བོ་དག་ནི་འདི་ལྟར་ངོ་མཚར་ཆེ་སྟེ། བུད་མེད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་ནི་ནམ་དུ་བུད་མེད་ཀྱི་ལུས་མི་ལེན་ཀྱང་། སེམས་ཅན་ཚད་མེད་པ་སྙེད་བཏུལ་བའི་ཕྱིར་བུད་མེད་ཀྱི་གཟུགས་སུ་སྐྱེད་བསྟན་ཏོ། ། སེམས་ཅན་ཐམས་ཅད་ལཟུགས་འདྲེ་བའི་ཕྱིར། གཟུགས་ཀྱད་རྣམ་པ་སྣ་ཚོགས་བསྟན་པ་ཡིན་ནོ།། ང་ཡང་འཛམ་བུ་མིང་འདིར་ལས་རྒྱང་བཞིན་གྱི་བ་བཀུན་གྱི་ང་ནི་ཡུན་པོ་ནས་ལམ་གྱི་རྒྱུད་དུ་འགྱུར་བའི་རྒྱུ་བཅད་དོ། ། ལས་ཀྱི་རྒྱུས་ལམ་རྒྱུད་བཞིར་ལྷུང་ནས་སེམས་ཅན་དེ་དག་གདུལ་བའི་ཕྱིར་དེ་དག་ཏུ་སྐྱེ་བའང་མངོན་པར་བསྟན་ཏོ། ། ང་ཡང་འཛམ་བུ་གླིང་འདིར་ཚངས་པའི་ལྷའི་རྒྱལ་པོ་བྱ་སྟེ། གང་ཚངས་པའི་ལྷ་ལ་རྗེད་པ་དག་ཡང་དག་པའི་ཆོས་ལ་དགོད་པའི་ཕྱིར་གྱི། ཡང་དག་པར་ཚངས་པ་ནི་མ་ཡིན་ཡང་། སོ་སོའི་སྐྱེ་བོ་དག་ནི་ང་ལ་ཡང་དག་པར་ཚངས་པའི་ལྷའི་རྒྱལ་པོ་སྙམ་སེམས་ཏེ། ལྷའི་གཟུགས་སུ་ལྷ་གཞན་དག་ཏུ་བསྟན་པའང་དེ་བཞིན་ནོ།། ང་ཡང་འཛམ་བུ་གླིང་འདིར་བུད་མེད་སྤྲུལ་འཚོང་མའི་གནས་སུ་འགྲོ་བ་བསྟན་ཏེ། ང་ལ་ནི་ཡང་དག་པར་འདོད་ཆགས་པའི་འདུ་ཤེས་མེད་ལ། པདྨོ་ལྟར་ཡོངས་སུ་དག་ཅིང་ཅིས་ཀྱང་མི་འགོའང་། སེམས་ཅན་གང་འདོད་ཆགས་ཀྱིས་ཟིལ་གྱིས་ནོན་པ་དག། ལམ་སྲང་བཞི་མདོར་དམ་པའི་ཆོས་བསྟན་པའི་ཕྱིར་གྱི། ང་ལ་ཡང་དག་པར་འདོད་ཆགས་ཀྱི་སེམས་མེད་ཀྱང་། སོ་སོའི་སྐྱེ་བོ་དག་ནི་ང་ལ་བུད་མེད་ཀྱི་དབང་བྱེད་དོ་སྙམ་སེམས་སོ།། ང་ཡང་འཛམ་བུ་གླིང་འདིར་གོས་སྔོན་པོ་གྱོན་པའི་རིགས་སུ་འགྲོ་བ་བསྟན་ཏེ། དེའང་བྲན་མོར་གྱུར་པ་ཡང་དག་པའི་ཆོས་ལ་དགོད་པའི་ཕྱིར་གྱི། ང་ལ་ནི་ཡང་དག་པར་གོས་སྔོན་པོ་གྱོན་པའི་གནས་སུ་ལྟུང་བའི་ལས་མེད་པར་རིག་པར་བྱའོ།། ང་ཡང་འཛམ་བུ་གླིང་འདིར་སློབ་དཔོན་ལྟ་བུ་བསྟན་ཏེ། བུས་པ་གཞོན་ནུ་ཤེད་མ་བྱེ་བ་ཡང་དག་པའི་ཆོས་ལ་དགོད་པའི་ཕྱིར་རོ།། ང་ཡང་འཛམ་བུ་གླིང་འདིར་ཆང་འཐུང་བ་དང་རྒྱན་པོའི་གནས་དང་། ཕམ་རྒྱལ་གྱི་ཕྱིར་འཐབ་མོ་བྱས་པའང་བསྟན་ཏེ། དེའང་སེམས་ཅན་དེ་དག་གདུལ་ཞིང་བསྒྲལ་བའི་ཕྱིར་གྱི། ང་ལ་ནི་དེ་ལྟ་བུའི་ལས་ངན་པ་མེད་ཀྱང་སོ་སོའི་སྐྱེ་བོ་དག་ནི་ང་ལ་དེ་ལྟ་བུའི་ལས་ཀྱང་བྱེད་དོ་སྙམ་སེམས་སོ། ། ང་ཡང་ཡུན་རིང་པོར་དུར་ཁྲོད་ན་བྱ་རྒོད་ཀྱི་ལུས་སུ་བསྟན་ཏེ། དེའང་བྱ་ཐམས་ཅད་བསྒྲལ་བའི་ཕྱིར་གྱི། སོ་སོའི་སྐྱེ་བོ་དག་ནི་ང་ལ་ཡང་དག་པར་བྱ་རྒོད་ཀྱི་ལུས་སུ་སེམས་ཏེ། ང་ནི་ཡུན་རིང་པོ་ནས་ལས་དེ་ལྟ་བུ་དང་བྲལ་ཡང་བྱ་རྣམས་བསྒྲལ་བའི་ཕྱིར་དེའང་མངོན་པར་བསྟན་ཏོ། ། ང་ཡང་འཛམ་བུ་གླིང་འདིར་སེམས་ཅན་ཚད་མེད་པ་གདུལ་ཞིང་དམ་པའི་ཆོས་ལ་དགོད་པའི་ཕྱིར། ཁྱིམ་བདག་གི་ལུས་ཀྱང་བསྟན་ཏོ།། གཞན་ཡང་རྒྱལ་པོ་དང་། བློན་པོ་དང་། རྒྱལ་བུ་དང་། བློན་པོ་ཆེན་པོར་གྱུར་ཏེ། དེ་དག་ཀུན་ཏུའང་གཙོ་བོ་དང་ཕུལ་དུ་གྱུར་ཅིང་། དམ་པའི་ཆོས་ལ་ནན་ཏན་བྱ་བའི་ཕྱིར། རྒྱལ་པོའི་ཐབས་སུའང་ཞུགས་སོ།། ང་ཡང་འཛམ་བུ་གླིང་འདིར་ནད་ཀྱི་བསྐལ་པ་བྱུང་ནས། སེམས་ཅན་མང་པོ་ནད་ཀྱིས་རྣམ་པར་གཟིར་བ་ལ་སྔར་སྨན་གྱིས་གསོས་ཏེ། དེའི་འོག་ཏུ་དམ་པའི་ཆོས་བསྟན་ནས་བླ་ན་མེད་པའི་བྱང་ཆུབ་ལ་བཀོད་དེ། སོ་སོའི་སྐྱེ་བོ་དག་ནི་ནུད་ཀྱི་བསྐལ་པ་བྱུང་རྣམ་སེམས་སོ། ། གཞན་ཡང་འཛམ་བུ་གླིང་འདིར་མུ་གེའི་བསྐལ་པ་བྱུང་བ་ན། དེ་དག་ཅི་འདོད་པ་བཞིན་བཟའ་བ་དང་བཏུང་བ་བྱིན་ནས། གདོད་དམ་པའི་ཆོས་བསྟན་ཏེ་བླ་ན་མེད་པའི་བྱང་ཆུབ་ལ་བཀོད་དོ། ། གཞན་ཡང་འཛམ་བུ་གླིང་འདིར་མཚོན་གྱི་བསྐལ་པ་བྱུང་བ་ན། དེ་ལ་དམ་པའི་ཆོས་བསྟན་ཏེ། དགྲར་ཁོན་དུ་འཛིན་པ་སྤངས་ནས་བླ་ན་མེད་པའི་བྱང་ཆུབ་ལ་བཀོད་དོ། ། གཞན་ཡང་རྟག་པར་འཛིན་པ་དག་ལ་མི་རྟག་པའི་འདུ་ཤེས་བསྟན་པ་དང་། བདེ་བར་འདུ་ཤེས་པ་ལ་སྡུག་བསྔལ་བའི་འདུ་ཤེས་བསྟན་པ་དང་། བདག་ཏུ་འདུ་ཤེས་པ་དག་ལ་བདག་མེད་པར་བསྟན་པ་དང་། ཡོངས་སུ་དག་པར་འདུ་ཤེས་པ་ལ་ཡོངས་སུ་མ་དག་པར་བསྟན་པའི་ཕྱིར་རོ།། སེམས་ཅན་གང་ཞིག་ཁམས་གསུམ་ལ་ཆགས་ན། དེ་ལ་དམ་པའི་ཆོས་བསྟན་ཏེ་གནས་དེ་སྤོང་བར་བྱེད་དོ།། སེམས་ཅན་གདུལ་ཞིང་བསྒྲལ་བའི་ཕྱིར་བླ་ན་མེད་པ་དམ་པ་སྨན་ལྟ་བུ་སྟོན་ཏོ།། ཀུན་ནས་ཉོན་མོངས་པའི་ཤིང་ཐམས་ཅད་གཅད་པའི་ཕྱིར་བླ་ན་མེད་པའི་ཆོས་ཀྱི་སྨན་གྱི་ཤིང་བསྐྱེད་དོ། ། མུ་སྟེགས་ཅན་གྱི་རྣམས་གདུལ་ཞིང་བསྒྲལ་བའི་ཕྱིར་ཡང་དག་པའི་ཆོས་སྟོན་ཏོ།། སེམས་ཅན་ཐམས་ཅད་ཀྱི་སྟོན་པ་མངོན་པར་སྟོན་ཀྱང་། ཐོག་མ་ནས་སེམས་ཅན་གྱི་སྟོན་པའོ་སྙམ་དུ་མི་དགོངས་སོ།། བུས་པ་མ་རབས་བསྒྲལ་བའི་ཕྱིར་དེ་དག་ཏུ་འགྲོ་བའང་མངོན་པར་སྟོན་ཏེ་ཆོས་བསྟན་པའི་ཕྱིར་གྱི། ལས་ངན་པས་དེའི་ལུས་ལེན་པ་ནི་མ་ཡིན་ནོ།། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་དེ་ལྟར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བདེ་བར་གནས་ཏེ། དེ་བས་ན་རྟག་ཏུ་གནས་པ་མི་འགྱུར་བའི་ཆོས་ཅན་ཞེས་བྱའོ།། ཇི་ལྟར་འཛམ་བུ་གླིང་སྦྱར་ཤར་གྱི་ལུས་འཕགས་ཐིང་དང་། ནུབ་བཀྲུང་སྤྱོད་དང་། བྱང་གི་བྷཱུ་མི་སྟན་ཡང་དེ་བཞིན་དུ་རྒྱས་པར་རོ།། མིང་བཞིན་ཇི་ལྟ་བ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་དེ་བཞིན་ཏེ། སྲིད་པ་ཉི་ཤུ་རྫ་བོ་ན་ཇི་ལྟར་དཔའ་བར་འགྲོ་བའི་མདོ་ལས་རྒྱས་པར་བསྟན་པ་བཞིན་ནོ། ། དོན་དེ་ལྟ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་སེམས་དཔ་ཆེན་པོ་གང་ཞིག་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བདེ་བར་གན་ན། མངོན་པར་ཤེས་པའི་རྫུ་འཕྲུལ་འདི་ས་བུ་སོན་པ་ལ་འཇིགས་པ་མེད་དོ།། འོད་གྲངས་རྐྱེན་དེ། བསན། ཁྱོད་ཀྱིས་བློ་གཅན་འཛིན་ལ་ཡངས་རྒྱས་ཀྱི་མམ་ཡིན་ནི་ཞེས་མཟེར་མི།། དེཙམ་བྱར་ནོས། ང་རྗོན་པགས་པ་ཅང་མེད་པའི་བར་ཐོང་བའི་འདོ་པ་དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་མི་འཕོ་བ་ཞེས་བྱའོ། ། འོད་སྲུངས་ཀྱིས་ཡང་གསོལ་པ་སླད་དུ་དེ་བཞིན་གཤེགས་པ་ལ་རྟག་ཏུ་གནས་པའི་ཆོས་ཅན་ཞེས་བགྱི་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན། མེ་མར་གུས་ནས་གནས་དང་ཕྱོགས་ཀྱང་མ་མཆིས་པ་བཞིན་དུ། དེ་བཞིན་གཤེགས་པའང་དེ་དང་འདྲེ། མྱ་ངན་ལས་འདས་ནས་གནས་དང་ཕྱོགས་མ་མཆིས་པའང་དེ་བཞིན་ནོ་ཞེས་མ་གསུངས་སམ། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་འདི་སྐད་དུ། ཇི་ལྟར་མེ་མར་ཤི་ན་གནས་དང་ཕྱོགས་མེད་པ་བཞིན་དུ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། མྱ་ངན་ལས་འདས་ནས་གནས་དང་ཕྱོགས་ཀྱང་མེད་དོ་ཞེས་མ་ཟེར་ཅིག། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་སྐྱེས་པ་འམ། བུད་མེད་གཅིག་མེ་མར་འཛུགས་ན། མར་གྱི་སྣོད་ཆེ་ཆུང་ལས་མར་གྱིས་བཀང་སྟེ་འཛུགས་སོ།། ཇི་སྲིད་མར་མེ་ཡོད་ཀྱི་བར་དུ་ནི་སྣང་བའང་ཡོད་དོ།། ཅི་སྟེ་མར་ཟད་ན་སྣང་བའང་མེད་པར་འགྱུར་རོ། ། སྣང་བ་མེད་པར་གྱུར་ན་ནི་ཉོན་མོངས་པ་ཟད་པ་ལྟ་བུའོ།། སྣང་བ་ཟད་དེ་མེད་པར་སོང་ཡང་མེ་མར་གྱི་སྣོད་མེད་པར་གྱུར་པ་མ་ཡིན་ཏེ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཉོན་མོངས་པ་ཟད་དེ་མེད་ཀྱང་ཆོས་ཀྱི་སྐུ་ནི་རྟག་ཏུ་ཡོད་དོ།། རིགས་ཀྱི་བུ་དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ་སྣང་བ་དང་། མེ་མར་གྱི་སྣོད་ཅིག་ཅར་མེད་པར་འགྱུར་རམ། འོད་སྲུངས་ཀྱིས་གསོལ་པ། མ་ལགས་སོ།། བཅོམ་ལྡན་འདས་ཅིག་ཅར་མ་མཆིས་པ་མ་ལགས་ཀྱང་མི་རྟག་པར་འདྲའོ།། ཅི་སྟེ་ཆོས་ཀྱི་སྐུ་མར་གྱི་སྣོད་དང་འདྲ་ན། མར་མེའི་སྣོད་ཀྱང་མི་རྟག་པས། ཆོས་ཀྱི་སྐུའང་དེ་དང་འདྲ་བར་མི་རྟག་པར་འགྱུར་རོ།། རིགས་ཀྱི་བུ་ཁྱོད་དེ་སྐད་ཅེས་མ་སྨྲ་ཞིག། འཇིག་རྟེན་ན་སྣོད་ཅེས་བྱ་བར་གྲགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་བླ་ན་མེད་པའི་ཆོས་ཀྱི་སྣོད་ཅེས་བྱ་བ། སྣོད་ནི་མི་རྟག་པ་ཡིན་ཡང་དེ་བཞིན་གཤེགས་པ་ནི་མ་ཡིན་ནོ། ། ཆོས་ཐམས་ཅད་ལ་མྱ་ངན་ལས་འདའ་བ་ནི་རྟག་པ་སྟེ། དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་པས་རྟག་པ་ཞེས་བྱའོ།། གཞན་ཡང་རིགས་ཀྱི་བུ་མེ་མར་ཟད་ཅེས་བྱ་བ་ནི་དགྲ་བཅོམ་པའི་མྱ་ངན་ལས་འདའ་བ་ལ་བྱའོ། ། འདོད་པའི་ཉོན་མོངས་པ་ཐམས་ཅད་མེད་པར་བྱས་ན་མེ་མར་ཟད་པ་ལྟ་བུའོ།། ལན་ཅིག་ཕྱིར་མི་ལྡོག་པ་ནི་འདོད་པ་དང་བཅས་པ་སྟེ། འདོད་པ་དང་བཅས་པས་མེ་མར་ཟད་པ་ལྟ་བུ་ཞེས་བྱར་མི་རུང་ངོ་།། དེ་བས་ནངས་སྔོན་མཚན་མ་དགག་པའི་ཕྱིར་མེ་མར་ཟད་བ་ལྟ་བུ་ཞེས་བཤད་ཀྱིས། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ནི་མེ་མར་ཟད་པ་ལྟ་བུ་མ་ཡིན་ནོ།། ལན་ཅིག་ཕྱིར་མི་ལྡོག་ཅེས་བྱ་བ་ནི་ཡང་དང་ཡང་ལྡོག་པ་མ་ཡིན། སྲིད་པ་ཉི་ཤུ་ལྔ་པོར་ཕྱིར་མི་ལྡོག་ཅིང་། ལུས་མནམ་པོ་དང་། ལུས་སྲིན་ཅན་དང་། ལུས་གདུག་པ་ཅན་མི་ལེན་པས་ན་ཕྱིར་མི་ལྡོག་པ་ཞེས་བྱའོ།། ལུས་ཡང་ལེན་པ་ནི་ཕྱིར་ལྡོག་ཅེས་བྱའང་། ལུས་མི་ལེན་པ་ནི་ཕྱིར་མི་ལྡོག་པ་ཞེས་བྱའོ།། སོང་བ་དང་ལྡོག་པ་ཡོད་པས་ཕྱིར་ལྡོག་པ་ཞེས་བྱ། སོང་བ་དང་ལྡོག་པ་མེད་པས་ཕྱིར་མི་ལྡོག་པ་ཞེས་བྱའོ། ། །། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་བམ་པོ་ལྔ་པ།། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་དགོངས་ཏེ་གསུངས་པའི་སྙིང་པོ་མཆིས་སོ་ཞེས་བགྱི་བ་དོན་དེ་ལྟ་མ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ལ་དགོངས་ཏེ་གསུངས་པའི་དོན་བརྗོད་པ་མངའི། དགོངས་ཏེ་གསུངས་པའི་སྙིང་པོ་ཞེས་བགྱི་བ་མ་མཆིས་སོ། ། དཔེར་ན་སྒྱུ་མ་མཁན་ཞིག་ཤིང་གི་འཁྲུལ་འཁོར་གྱི་མི་ཞིག་བགྱིས་ན། ཤིང་གི་མི་དེ་ནི་ཀུན་གྱིས་མཐོང་བར་རུང་གི། བརྐྱང་བ་དང་། བསྐུམ་པ་དང་། དགྱེ་བ་དང་། དགུ་པ་ནི་ནང་ནས་བསྒྱུར་བར་མ་འཚལ་ཏོ།། སངས་རྒྱས་ཀྱི་ཆོས་དེ་ལྟ་བུ་མ་ལགས་ཏེ། སེམས་ཅན་ཐམས་ཅད་ཀྱིས་མཐོང་ཞིང་ཤེས་པར་བགྱི་བ་ལགས་ནཅིའི་སླད་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགོངས་ཏེ་གསུངས་པའི་སྙིང་པོ་མཆིས་ཤེས་གསུངས། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ་ཤིན་ཏུ་ལེགས་སོ་ཤིན་ཏུ་ལེགས་སོ། ། རིགས་ཀྱི་བུ་ཁྱོད་ཀྱིས་སྨྲས་པ་བཞིན་ཏེ། དེ་བཞིན་གཤེགས་པ་ལ་ཡང་དག་པར་ན་དགོངས་ཏེ་གསུངས་པའི་སྙིང་པོ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། སྟོན་གྱི་ཟླ་བ་ཉེ་བ་ནི་སྟེང་གི་ནམ་མཁའ་ལ་ཤིན་ཏུ་གསལ་བར་སྣང་བས། སྒྲིབ་པ་མེད་པའི་ཕྱིར་སྐྱེ་བོ་ཐམས་ཅད་ཀྱིས་མཐོང་ངོ་།། དེ་བཞིན་གཤེགས་པའི་བཀའ་ཡང་དེ་དང་འདྲ་བར་གསལ་ཞིང་རྣམ་པར་དག་ཀྱང་བྱིས་པ་མ་རབས་ཀྱིས་མི་ཤེས་པའི་ཕྱིར་ན། དགོངས་ཏེ་གསུངས་པའི་སྙིང་པོ་ཞེས་བྱའི།། མཁས་པ་ཤེས་པ་ཅན་དག་གིས་ཁོང་དུ་ཆུད་པས་གསང་ཞེས་མི་བྱའོ། ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་མི་ཞིག་གསེར་དངུལ་མང་དུ་བསགས་ཏེ། སྲང་གྲངས་མེད་པར་བྱིན་ཀྱང་སེར་སྣ་བྱེད་དེ། དབུལ་འཕོངས་པ་ལ་སྦྱིན་པ་མི་བྱེད་པ་ནི་སོགས་པས་གསང་བའི་མཛོད་ཅེས་བྱའི།། དེ་བཞིན་གཤེགས་པ་ནི་དེ་ལྟ་བུ་མ་ཡིན་ཏེ། བསྐལ་པ་ཚད་མེད་བའི་བར་དུ་དམ་པའི་ཆོས་རིན་པོ་ཆེ་ཚད་མེད་པ་བསགས་པ། སེར་སྣ་མེད་པར་སེམས་ཅན་ཐམས་ཅད་ལ་རྟག་ཏུ་སྦྱིན་པ་བྱེད་ན། ཅིའི་ཕྱིར་དེ་བཞིན་གཤེགས་པ་ལ་དགོངས་ཏེ་གསུངས་པའི་སྙིང་པོ་ཡོད་ཅེས་བྱ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་མི་ཞིག་དབང་པོ་མ་ཚང་བ། མིག་ཡ་གཅིག་གམ། ལག་པ་ཡ་གཅིག་གམ། རྐང་པ་ཡ་གཅིག་མ་ཚང་ན་ངོ་ཚ་བའི་ཕྱིར། གཞན་གྱིས་མི་མཐོང་བར་བྱེད་པས་གསང་བ་ཞེས་བྱའོ།། དེ་བཞིན་གཤེགས་པ་ནི་དེ་ལྟ་བུ་མ་ཡིན་ཏེ། དམ་པའི་ཆོས་ཐམས་ཅད་ཕུན་སུམ་ཚོགས་ཏེ། ཉམས་པ་མེད་པས་སྐྱེ་བོ་ཀུན་མཐོང་བར་བྱེད་ན། ཅིའི་ཕྱིར་དེ་བཞིན་གཤེགས་པ་ལ་དགོངས་ཏེ་གསུངས་པའི་སྙིང་པོ་ཡོད་ཅེས་བྱ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་མི་དབུལ་པོ་ཞིག་ལ་བུ་ལོན་མང་པོ་ཆགས་ན། བུ་ལོན་དེད་པས་འཇིགས་ཏེ་མི་མཐོང་བར་བྱ་བའི་ཕྱིར་ན་གསང་བ་ཞེས་བྱའོ།། དེ་བཞིན་གཤེས་པ་ནི་དེ་ལྟ་བུ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་འཇིག་རྟེན་གྱི་ཆོས་ཀྱང་མ་ཆགས་ལ། སེམས་ཅན་ལ་འཇིག་རྟེན་ལས་འདའ་བའི་ཆོས་ཆགས་ཀྱང་མི་གསང་ངོ་།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་དགོངས་ཏེ། བླ་ན་མེད་པའི་ཆོས་འབྱེད་ཅིང་སྟོན་ཏོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཁྱིམ་བདག་ཕྱུག་པོ་ཞིག་ལ་བུ་གཅིག་ལས་མེད་དེ་ཤིན་ཏུ་སྡུག་ཅིང་བྱམས་ན། རིན་པོ་ཆེ་ཅི་བདོག་པ་ཐམས་ཅད་སྟོན་ཏོ།། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་གཟིགས་སོ། ། རིགས་ཀྱི་བུ་འདི་ལྟ་སྟེ། འཇིག་རྟེན་ན་མི་དག་ཕོ་མོའི་མཚན་མི་སྡུག་པའི་ཕྱིར་གོས་ཀྱིས་འགེབས་པས་ན་གསང་ཞེས་བྱའོ།། དེ་བཞིན་གཤེགས་པ་ནི་དེ་ལྟ་བུ་མ་ཡིན་ཏེ། དབང་པོ་ལས་རིང་དུ་གྱུར་ཏེ། དབང་པོའི་ཕ་རོལ་ཏུ་གྱུར་པས་གསང་ཞིང་སྦ་བ་མེད་དོ།། རིགས་ཀྱི་བུ་འདི་ལྟ་སྟེ། བྲམ་ཟེ་དག་ན་ཚིག་ཏུ་སྨྲ་བའི་གཙུག་ལག་ཐམས་ཅད། རྒྱལ་རིགས་དང་གདོལ་རིགས་ཀྱིས་ཐོས་པར་མི་འདོད་དོ།། དེ་ཅིའི་ཕྱིར་ཞེ་ན། སྨྲ་བའི་གཙུག་ལག་ལ་ཉེས་པའི་སྐྱོན་ཡོད་པའི་ཕྱིར་རོ། ། དེ་བཞིན་གཤེགས་པའི་དམ་པའི་ཆོས་ནི་དེ་ལྟ་བུ་མ་ཡིན་ཏེ། ཐོག་མ་དང་། ཐ་མ་དང་། བར་དུའང་དགེ་བས་གསང་བ་ཞེས་བྱར་མི་རུང་ངོ་།། རིགས་ཀྱི་བུ་དཔེར་ན་ཁྱིམ་བདག་གཅིག་ལ་བུ་གཅིག་ལས་མེད་དེ། ཤིན་ཏུ་སྡུག་ཅིང་བྱམས་པའི་ཕྱིར་སློབ་དཔོན་གྱི་གན་དུ་ཁྲིད་ནས་བསླབ་པ་སློབ་ཏུ་བཅུག་ན་མྱུར་དུ་མི་ལོབས་སུ་དོགས་པས་སྡུག་པའི་ཕྱིར་ཁྱིམ་དུ་ཁྲིད་ནས་ཉིན་མཚན་དུ་བརྩོན་འགྲུས་བསྐྱེད་དེ། ཡི་གེ་ཕྱེད་སློབ་ཅིང་སྟོན་གྱི། གཙུག་ལག་ཆེན་པོ་མི་སྟོན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ན་གཞོན་ལ་ཤེད་མ་རྫོགས་པས་ལྡོབ་པའི་མཐུ་མེད་པའི་ཕྱིར་རོ། ། རིགས་ཀྱི་བུ་ཁྱིམ་བདག་དེས་ཡི་གེ་ཕྱེད་བསླབས་ན། བུ་དེས་དེའི་ཚེ་གཙུག་ལག་ཆེན་པོ་ཤེས་ཤིང་རྟོགས་པར་འགྱུར་རམ། གསོལ་པ། མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དེས་བུ་དེ་ལ་གསང་བ་ཡིན་ནམ། གསོལ་པ་མ་ལག་སོ། ། བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། བུན་སོ་གཞོན་ཏེ་མི་ལྡོབ་པའི་སླད་དུ་མ་བསྟན་གྱི། སེར་སྣ་བྱས་ཏེ་གསང་བའི་སླད་དུ་མ་བསྟན་པ་ནི་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། སེར་སྣའི་སེམས་དང་བཅས་པ་ནི་གསང་བ་ཞེས་བགྱི་ན། དེ་བཞིན་གཤེགས་པ་ནི་དེ་ལྟ་བུ་མ་ལགས་ཏེ། དགོངས་ཏེ་གསུངས་པའི་སྙིང་པོ་མཆིས་ཞེས་བགྱིར་མི་རུང་ངོ་། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་ལེགས་སོ་ཤིན་ཏུ་ལེགས་སོ།། རིགས་ཀྱི་བུ་ཁྱོད་ཀྱིས་སྨྲས་པ་བཞིན་ཏེ། ཞེ་སྡང་གི་སེམས་དང་། ཕྲག་དོག་དང་། སེར་སྣའི་སེམས་དང་བཅས་པ་ནི་གསང་བ་ཞེས་བྱའི། དེ་བཞིན་གཤེགས་པ་ལ་ཞེ་སྡང་དང་། ཕྲག་དོག་དང་། སེར་སྣའི་ཐུགས་མི་མངའ་བས་ན། གསང་བ་ཡོད་དོ་ཞེས་བྱར་མི་རུང་ངོ་། ། རིགས་ཀྱི་བུ་ཁྱིམ་བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྟ་བུའོ།། བུ་གཅིག་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་བྱ་སྟེ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བྱར་གཟིགས་སོ། ། བུ་ཐོབ་པ་ནི་ནྡན་ཐོས་ཀྱི་ཏེ་གནས་སྨྲ་བའོ།། ཡི་གེ་བྱེད་ཅེས་བྷཱ་བ་ནི་ལི་ཀེ་རྗེ་དགུ་པོ་ལྟ་བུའོ།། ཀརྦྷག་ལག་ཆེན་པོ་ཞེས་བྱ་བ་ནི་ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོའི་མདོ་སྡེ་ལྟ་བུའོ། ། ཉན་ཐོས་ཀྱི་རྣམས་ལ་ཤེས་རབ་ཀྱི་མཐུ་མེད་པས། དེ་བཞིན་གཤེགས་པས་ཡི་གེ་ཕྱེད་ལྟ་བུ་མདོ་སྡེ་དགུ་པོ་བཤད་ཀྱི། གཙུག་ལག་ཆེན་པོ་ལྟ་བུ་ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོའི་མདོ་སྡེ་མ་བཤད་དོ།། རིགས་ཀྱི་བུ་ཁྱིམ་བདག་གི་བུ་ཤེད་རྫོགས་ཏེ་ལྡོབ་པའི་མཐུ་ཡོད་བཞིན་དུ་གཙུག་ལག་ཆེན་པོ་མ་བསླབས་ན་གསང་བ་ཞེས་བྱའོ། ། ཉན་ཐོས་ཀྱང་གལ་ཏེ་ཐེག་པ་ཆེན་པོའི་གཙུག་ལག་ལྡོབ་པའི་མཐུ་ཡོད་པར་འགྱུར་ལ། དེ་བཞིན་གཤེགས་པས་སེར་སྣ་མཛད་དེ་མ་བསྟན་ན། དེ་བཞིན་གཤེགས་པ་ལ་དགོངས་ཏེ་གསུངས་པའི་སྙིང་པོ་ཡོད་ཅེས་བྱར་རུང་ངོ་།། དེ་བཞིན་གཤེགས་པ་ནི་དེ་ལྟ་བུ་མ་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ལ་དགོངས་ཏེ་གསུངས་པའི་སྙིང་པོ་མེད་དོ། ། ཇི་ལྟར་ཁྱིམ་བདག་དེས་སྔར་བུ་དེ་ལ་ཡི་གེ་ཕྱེད་པོ་བསྟན་ནས། དེའི་འོག་ཏུ་གཙུག་ལག་ཆེན་པོ་སྟོན་པ་བཞིན་དུ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཉེ་གནས་རྣམས་ལ་སྔར་ཡི་གེ་ཕྱེད་ལྟ་བུ་མདོ་སྡེ་དགུ་པོ་བསྟན་ནས། དེའི་འོག་ཏུ་གཙུག་ལག་ཆེན་པོ་སྟོན་བ་ནི། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་མི་འཕོ་བ་ཞེས་བྱའོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་དབྱར་གྱི་དུས་སུ་ཆར་སྤྲིན་ཆེན་པོ་ལངས་ཏེ། ཆར་པ་ཆེན་པོ་བབ་ན་ཞིང་པ་ཞིང་ལས་བྱེད་པ་ས་བོན་མང་དུ་བཏབ་པ་རྣམས་ཀྱིས་ནི་ལོ་ཏོག་མང་དུ་ཐོབ་པར་འགྱུར་རོ།། གང་ས་བོན་ཉུང་དུ་བཏབ་པ་རྣམས་ཀྱིས་ནི་ལོ་ཏོག་ཉུང་ངུ་ཐོབ་སྟེ། ། དེ་ནི་ཀླུའི་རྒྱལ་པོས་ཉེས་པ་མ་ཡིན་ལ།། ཀླུའི་རྒྱལ་པོས་གསང་བའང་མ་ཡིན་ལ།། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཆོས་ཆེན་པོའི་ཆར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཕབ་པས། སེམས་ཅན་གང་དགེ་བའི་འབྲས་བུ་བསྐྱེད་པ་དག་ནི་ཤེས་རབ་ཀྱི་མྱུ་གུ་དང་འབྲས་བུ་ཐོབ་པར་གྱུར། དགེ་བའི་ས་བོན་མེད་པ་ནི་ཅིའང་མ་ཐོབ་སྟེ། ཅིའང་མ་ཐོབ་པ་དེ་ནི་དེ་བཞིན་གཤེགས་པས་ཉེས་པ་མ་ཡིན་ལ། དེ་བཞིན་གཤེགས་པ་ལ་ཡང་དག་པར་ན་གསང་བའང་མེད་དོ། ། འོད་སྲུངས་ཀྱིས་ཡང་གསོལ་པ། བདག་གིས་ནི་སངས་རྒྱས་བཅོམ་ལྡན་འདས་ལ་དགོངས་ཏེ་གསུངས་པའི་གསང་བའི་སྙིང་པོ་མ་མཆིས་པར་རྟོགས་ན་བཅོམ་ལྡན་འདས་ཀྱིས་གསུངས་པལྟར། གཙུག་ལག་ཆེན་པོ་ནི་དེ་བཞིན་གཤེགས་པ་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་མི་འཕོ་བ་ལྟ་བུ་ཞེས་བགྱི་བ་དེ་མི་རུང་ངོ་།། དེ་ཀྱི་སླད་དུ་ཞེ་ན། སྔོན་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་སྐད་ཅེས་གསུངས་སོ།། དེ་བཞིན་གཤེགས་དང་རང་རྒྱལ་དང་།། ཉན་ཐོས་པ་ལི་ཉེ་གནས་ཀྱང་།། མི་རྟག་པ་ཡི་ལུས་འདོར་ན། ། བུས་པ་མ་རབས་སྨོས་ཅི་དགོས།། ཞེས་གསུངས་ལ་ད་འདིར་རྟག་ཏུ་གནས་པར་མི་འགྱུར་མི་འཕོ་བ་ཞེས་གསུངས་པའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་ནི་ཉན་ཐོས་པའི་ཉེ་གནས་ཐམས་ཅད་ལ་ཡི་གེ་ཕྱེད་པོ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་དེ་སྐད་ཅེས་གསུངས་པ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་རྒྱལ་པོ་རབ་ཏུ་སྡེ་འཕམ་བྱེད་ཀྱི་མ་ཤི་བ་ན། རྒྱལ་པོ་མྱ་ངན་གྱིས་ནོན་ཏེ་རབ་ཏུ་ངུ་ཞིང་ཡིད་ལ་གཅགས་བཞིན་དུ། ང་གང་ན་བར་འོངས་ནས། ངས་རྒྱལ་པོ་ལ་མཁྱེན་བཞིན་དུ། རྒྱལ་པོ་ཆེན་པོ་ཅིའི་ཕྱིར་རབ་ཏུ་སྡུག་བསྔལ་ཞིང་ཡི་མུག་པར་གྱུར་ཅེས་དྲིས་ན། རྒྱལ་པོས་གསོལ་པ། བཙུན་མོ་ཆེན་མོ་དེང་ཚེའི་བྱ་བ་བྱས་ཏེ། གལ་ཏེ་སུ་ཞིག་གིས་བདག་གི་མའི་ཚེ་སླར་བཟློག་ན། བདག་གིས་རྒྱལ་ཐབས་དང་། བལ་གླང་དང་། རྟ་དང་། རིན་པོ་ཆེ་སྣ་བདུན་དང་། ལུས་དང་སྲོག་ཀྱང་དབུལ་ལོ་ཞེས་སྨྲས་སོ།། ངས་རྒྱལ་པོ་དེ་ལ་འདི་སྐད་དུ་རྒྱལ་པོ་ཆེན་པོ་མྱ་ངན་གྱིས་གདུང་བར་མ་བྱེད་ཅིག། སེམས་ཅན་ཐམས་ཅད་ལ་ཚེ་ཟད་དེ་ཤི་ཞེས་བྱ་བ་ཡོད་དོ།། སངས་རྒྱས་དང་། རང་སངས་རྒྱས་དང་། ཉན་ཐོས་ཀྱི་ས་རྣམས་ཀྱང་ལུས་འདོར་ན། བུས་པ་མ་རབས་ལྟ་ཅི་སྨོས་ཏེ། རིགས་ཀྱི་བུ་ངས་རྒྱལ་པོ་དེའི་མྱ་ངན་གསང་བའི་ཕྱིར་ཡི་གེ་ཕྱེད་པོའི་ཚིགས་སུ་བཅད་པ་དེ་དག་གསུངས་པ་ཡིན་ནོ། ། ངས་ད་ཉན་ཐོས་ཀྱི་ཉེ་གནས་རྣམས་ལ་གཙུག་ལག་ཆེན་པོ་བསྟན་ཏེ། དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པ་མི་འགྱུར་མི་འཕོ་བའོ་ཞེས་གསུངས་པ་ལ། དེ་ལ་གང་ཟག་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་མི་རྟག་ཅེས་ཟེར་ན། དེའི་ལྕེ་ཅི་སྟེ་ཆད་པར་མ་གྱུར། འོད་སྲུངས་ཀྱིས་ཡང་གསོལ་པ། བཅོམ་ལྡན་འདས་ཀྱིས་ཡང་ཚིགས་སུ་བཅད་པ་ལས་འདི་སྐད་ཅེས་མ་གསུངས་སམ། ཅི་ཡང་སོགས་པ་མེད་ཅིང་། ཟས་ཀྱི་ཚོད་ཀྱང་ཤེས་པ། མཁའ་ལ་བྱ་འཕུར་བཞིན་ཏེ། རྗེས་ནི་སུས་ཀྱང་མི་ཆོད། ཅེས་བགྱི་བའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་འདིའི་ནང་ན་ཅིའང་མི་སོགས་ཤེས་བགྱི་བ་ནི་གང་ལགས་ཟས་ཀྱི་ཚོད་འཛིན་པ་ནི་གང་ལགས། ། ནམ་མཁའ་ལ་བྱ་འཕུར་བ་ལྟར་རྗེས་མི་རྙེད་པ་ལྟ་བུ་ནི་སུ་སོང་བ་དེའང་ཕྱོགས་གང་དུ་ཕྱིན་པར་གྱུར། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། སོགས་པ་ཞེས་བྱ་བ་ནི་ནོར་དང་རིན་པོ་ཆེའོ།། རིགས་ཀྱི་བུ་སོགས་པ་ལ་རྣམ་པ་གཉིས་ཏེ། འདུས་བྱས་དང་། འདུས་མ་བྱས་པའོ།། འདུས་བྱས་ཀྱི་སོགས་པ་ནི་ཉན་ཐོས་ཀྱི་སྤྱོད་པ་ལ་བྱའོ། ། འདུས་མ་བྱས་ཀྱི་སོགས་པ་ནི་དེ་བཞིན་གཤེགས་པའི་སྤྱོད་པའོ།། རིགས་ཀྱི་བུ་དགེ་འདུན་ལའང་རྣམ་པ་གཉིས་ཏེ། འདུས་བྱས་ཀྱི་དགེ་འདུན་ཞེས་བྱ་བ་ཉན་ཐོས་སོ། ། ཉན་ཐོས་ཀྱི་དགེ་འདུན་ཞེས་བྱ་བ་ནི་སོགས་པ་མེད་པའོ།། ཅི་སྟེ་མི་སོགས་ཤེ་ན། བྲན་པོ་དང་། བྲན་མོ་དང་། ཆོས་མ་ཡིན་པའི་དངོས་པོ་བང་མཛོད་དང་། ཁྲེ་འབྲས་དང་། ཏིལ་དང་། ཟར་མ་དང་། སྲན་མ་ཆེ་ཆུང་ལ་སོགས་པ་མི་སོགས་སོ།། དེ་ལ་གང་ཞིག་གིས་འདི་སྐད་དུ། དེ་བཞིན་གཤེགས་པས་བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པའི་མི་ལ་སོགས་པ་འཆང་དུ་གནང་ངོ་ཞེས་ཟེར་ན། དེའི་ལྕེ་ལྐུགས་པར་འགྱུར་བའི་རིགས་སོ།། ང་ནི་ཉན་ཟོཐོས་ཀྱི་ཉེ་གནས་དག་ནི་མི་སོགས་པ་ཞེས་ཀྱང་བྱ། ཟས་ཀྱི་ཚོད་ཤེས་པ་ཞེས་ཀྱང་བྱ་སྟེ། གང་ཟས་ལ་ཆགས་པ་ནི་ཆོ་ག་མི་ཤེས་པ་ཞེས་བྱ། གང་ཟས་ལ་མ་ཆགས་པ་ནི་ཆོག་ཤེས་པ་ཞེས་བྱའོ། ། རྗེས་མི་ཆོད་ཅེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ལ་བསྙེན་པ་སྟེ། གང་ཟག་དེ་ནི་ངས་གསུངས་པ་ལྟར་སོང་མོད་ཀྱི། ཕྱིན་པའི་གནས་མེད་དོ།། འོད་སྲུངས་ཀྱིས་ཡང་གསོལ་པ། འདུས་བྱས་ཀྱི་དགེ་འདུན་ལའང་མི་སོགས་པ་ཞེས་བགྱི་ན། འདུས་མ་བྱས་པའི་དགེ་འདུན་ལྟ་ཅི་སྨོས་ཏེ། དེ་ནི་དེ་བཞིན་གཤེགས་པ་ལ་བགྱིན། དེ་བཞིན་གཤེགས་པ་ལ་སོགས་པ་ག་ལ་ཞིག་མཆིས། སོགས་པ་ཞེས་བགྱི་བ་ནི་གསང་བ་འམ། སྐྱེད་པ་ལ་བགྱིན། དེ་བཞིན་གཤེགས་པ་ནི་གསུང་བ་ལ་སེར་སྣ་མི་མངའ་བས་གསང་བ་ཞེས་བགྱིར་མི་རུང་ངོ་། ། རྗེས་མི་ཆོད་ཅེས་བགྱི་བ་ནི། འདི་ལྟ་སྟེ། མྱ་ངན་ལས་འདས་པའོ།། མྱ་ངན་ལས་འདས་པ་ལ་ཉི་ཟླ་དང་། སྐར་མ་དང་། གཟའ་སྐར་དང་། གྲང་བ་དང་། ཚ་བ་དང་། རླུང་དང་། ཆར་པ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་སྲིད་པ་ཉི་ཤུ་ལྔ་པོའང་མ་མཆིས་ལ། མྱ་ངན་དང་། སྡུག་བསྔལ་དང་། ཉོན་མོངས་པ་དང་བྲལ་ལོ།། དེ་ལྟར་མྱ་ངན་ལས་འདས་པ་ནི་དེ་བཞིན་གཤེགས་པའི་གནས་རྟག་པ་མི་འགྱུར་མི་འཕོ་བ་སྟེ། རྒྱུ་དང་རྐྱེན་དེ་ལྟ་བས་ན་དེ་བཞིན་གཤེག་པ་ནི་ཤིང་སཱ་ལའི་དྲུང་དུ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཆེན་པོ་ཞེས་བྱ་བ་ནི་རང་བཞིན་ཉིད་ཡངས་ཤིང་རྒྱ་ཆེ་བའོ།། དཔེར་ན་གང་ཟག་གཅིག་ཚེ་ལོ་གྲངས་མེད་པར་ཐུབ་པས་ན་སྐྱེས་བུ་ཆེན་པོ་ཞེས་བྱའོ། ། གལ་ཏེ་དམ་པའི་ཆོས་ལ་བདེ་བར་གནས་ན་མིའི་ནང་དུ་ཕུལ་དུ་གྱུར་པ་ཞེས་བྱའོ།། ངས་སྐྱེས་བུ་ཆེན་པོ་བརྒྱད་ཅེས་གསུངས་པ། གང་ཟག་གཅིག་འབའ་ཞིག་གིས་ཐོབ་བམ། ཀུན་གྱིས་ཐོབ་པར་རུང་། གལ་ཏེ་མི་གཅིག་གིས་བརྒྱད་ཆར་དང་ལྡན་ན། དེ་ནི་མཆོག་དང་ཕུལ་དུ་གྱུར་པ་ཞེས་བྱའོ།། མྱ་ངན་ལས་འདའ་བ་ཞེས་བྱ་བ་ནི་ཉེས་པའི་སྐྱོན་མེད་པ་སྟེ། རིགས་ཀྱི་བུ་དཔེར་ན་མི་ཞིག་དུག་མདས་ཕོག་ན་ན་བའི་སྡུག་བསྔལ་ཆེན་པོ་མྱོང་ངོ་།། དེ་གལ་ཏེ་སྨན་པ་མཁས་པ་དང་ཕྲད་ན། སྨན་པས་སྨན་བཟང་པོས་བསྐུས་པས་ན་བའི་སྡུག་བསྔལ་དང་བྲལ་ཏེ་རབ་ཏུ་བདེ་བར་གྱུར་ལ། སྨན་པ་དེའང་གྲོང་དང་། གྲོང་ཁྱེར་དང་། གྲོང་འདབ་ཏུ་རྒྱུ་ཞིང་། གང་ན་རྨ་བྱུང་བའི་སྡུག་བསྔལ་ཐམས་ཅད་གསོ་ཞིང་སྡུག་བསྔལ་དང་བྲལ་བར་བྱེད་དོ། ། རིགས་ཀྱི་བུ་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། མངོན་པར་སངས་རྒྱས་ནས་སྨན་པའི་རྒྱལ་པོར་གྱུར་ཏེ། འཛམ་བུ་གླིང་ན་བསྐལ་པ་ཚད་མེད་པའི་བར་དུ་སྡུག་བསྔལ་གྱིས་རྣམ་པར་གཟིར་བའི་སེམས་ཅན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པའི་ཟུག་རྔུས་གཟིར་ཏེ། སྡུག་བསྔལ་ཆེན་པོ་མྱོང་བ་དག་ལ་ཐེག་པ་ཆེན་པོའི་མདོ་སྡེ་བདུད་རྩི་ལྟ་བུའི་ཆོས་ཀྱི་སྨན་གྱིས་དེ་དག་གསོས་ནས། ཕྱོགས་དང་གནས་གཞན་དག་ན་ཉོན་མོངས་པའི་ཟུག་རྔུས་གཟིར་བའང་མངོན་པར་སངས་རྒྱས་པ་བསྟན་ཏེ། དེའང་འཚོ་བར་མཛད་དེ། དེ་ལྟ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་གནས་ཏེ། སེམས་ཅན་གང་འདུལ་བའི་གནས་དེར་དེ་བཞིན་གཤེགས་པ་སྐུ་མངོན་པར་སྟོན་པས། ཤིན་ཏུ་ཟབ་མོའི་དོན་ཡང་དག་པ་འདིའི་ཕྱིར་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། ། དེ་ནས་ཡང་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇིག་རྟེན་གྱི་སྨན་པས་སེམས་ཅན་གྱི་ནད་ཐམས་ཅད་གསོ་ནུས་སམ། རིགས་ཀྱི་བུ་འཇིག་རྟེན་ན་བ་ལ་རྣམ་པ་གཉིས་ཏེ། གསོར་རུང་བ་དང་། གསོར་མི་རུང་བའོ། ། གང་གསོར་རུང་བ་ནི་སྨན་པས་གསོས་ཀྱང་མི་འཚོའོ།། འོད་སྲུངས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན། དེ་བཞིན་གཤེགས་པའང་འཛམ་བུ་གླིང་ན་སེམས་ཅན་གསོས་སོ་ཞེས་བཀའ་སྩལ་ཏེ། གལ་ཏེ་གསོས་ན་སེམས་ཅན་གྱི་ནང་ན་ཅིའི་སླད་དུ་མྱ་ངན་ལས་མ་འདས་པའང་མང་། གལ་ཏེ་ཐམས་ཅད་ཀྱིས་མ་ཐོབ་ན། ཅིའི་སླད་དུ་དེ་བཞིན་གཤེགས་པས་ཐམས་ཅད་གསོས་ནས་ཕྱོགས་གཞན་དུའང་གཤེགས་ཤེས་བཀའ་སྩལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འཛམ་བུ་གླིང་ན་སེམས་ཅན་ལ་རྣམ་པ་གཉིས་སོ། ། དད་པ་དང་བཅས་པ་དང་། དད་པ་མེད་པའོ།། གང་དང་བ་དང་བཅས་པ་ནི་གསོར་རུང་ངོ་།། དེ་ཅིའི་ཕྱིར་ཞེ་ན། ངེས་པར་མྱ་ངན་ལས་འདའ་སྟེ་སྐྱོན་མེད་པའི་ཕྱིར། ངས་འཛམ་བུ་གླིང་གི་སེམས་ཅན་ཀུན་གསོས་སོ་ཞེས་གསུངས་སོ།། གང་དད་པ་མེད་པ་ནི་ལོག་ཕྲེད་ཅན་ཞེས་བྱ་སྟེ། ལོག་སྲེད་ཅན་ཞེས་བྱ་བ་ནི་གསོར་མི་རུང་བའོ། ། ལོག་སྲེད་ཅན་ལ་མ་གཏོགས་པ་ཐམས་ཅད་གསོས་པས་ན་མྱ་ངན་ལས་འདའ་བ་ལ་སྐྱོན་མེད་དོ།། གསོལ་པ། བཅོམ་ལྡན་འདས་མྱ་ངན་ལས་འདའ་བ་ཞེས་བགྱི་བ་གང་ལགས། རིགས་ཀྱི་བུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའོ།། འོད་སྲུངས་ཀྱིས་ཡང་གསོལ་པ། རྣམ་པར་གྲོལ་བ་ཞེས་བགྱི་བ་གཟུགས་ལགས་སམ། འོན་ཏེ་གཟུགས་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལ་ལ་ནི་གཟུགས་ཀྱང་ཡིན། ལ་ལ་ནི་གཟུགས་མ་ཡིན་ནོ། ། གཟུགས་མ་ཡིན་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བའོ།། གཟུགས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་པར་གྲོལ་བའོ།། རིགས་ཀྱི་བུ་དེ་ལྟ་བས་ན་རྣམ་པར་གྲོལ་བ་ནི་གཟུགས་ཀྱང་ཡིན་ལ། གཟུགས་ཀྱང་མ་ཡིན་ནོ།། དེ་བཞིན་གཤེགས་པས་ཉན་ཐོས་ཀྱི་ཉེ་གནས་ལ་ནི་གཟུགས་མ་ཡིན་ཞེས་གསུང་སོ། ། གསོལ་པ། བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་ལ། གལ་ཏེ་གཟུགས་མ་མཆིས་ན་ཅི་ལ་གནས། རིགས་ཀྱི་བུ་དཔེར་ན་འདུ་ཤེས་མེད་འདུ་མེད་མིན་གྱི་ལྷ་དང་འདྲ་སྟེ། གཟུགས་ཀྱང་ཡིན་ལ། གཟུགས་ཀྱང་མ་ཡིན་པས། ངས་གཟུགས་མ་ཡིན་ཞེས་གསུངས་སོ།། གལ་ཏེ་ཁ་ཅིག་གིས་འདི་སྐད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷ་དག་གལ་ཏེ་གཟུགས་མ་ཡིན་ན་ཅི་ལ་གནས་ཏེ་འགྲོ་བ་དང་། སོང་བ་དང་། འོང་བར་འགྱུར་ཞེས་རྒོལ་ན། དེ་ལ་དོན་དེ་དག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱོད་ཡུལ་ཡིན་པས། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པ་མ་ཡིན་ཏེ། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། གཟུགས་ཀྱང་ཡིན་ལ། གཟུགས་ཀྱང་མ་ཡིན་པས། གཟུགས་མ་ཡིན་ནོ་ཞེས་གསུངས་སོ།། འདུ་ཤེས་ཀྱང་ཡིན་ལ། འདུ་ཤེས་ཀྱང་མ་ཡིན་པས། འདུ་ཤེས་མ་ཡིན། ཞེས་གསུངས་ཏེ། དོན་དེ་དག་ནི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པ་མ་ཡིན་ནོ།། དེ་ནས་ཡང་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། ཡོངས་སུ་མྱ་ངན་ལས་འདས་བ་ཆེན་པོ་རྣམ་པར་གྲོལ་བའི་དོན་ཡང་རྒྱས་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། ཤིན་ཏུ་ལེགས་སོ་ཤིན་ཏུ་ལེགས་སོ།། རིགས་ཀྱི་བུ་ཡང་དག་པར་རྣམ་པར་གྲོལ་བ་ཞེས་བྱ་བ་ནི། གང་རྣམ་པར་འཆིང་བའི་བཅིངས་པ་ཐམས་ཅད་དང་ཡོངས་སུ་བྲལ་བའོ།། དེ་ལྟར་ཡང་དག་པར་རྣམ་པར་གྲོལ་བ་བཅིངས་པ་ཐམས་ཅད་དང་ཡོངས་སུ་བྲལ་བས། སྐྱེ་བའང་མེད་ལ། འདུས་པའང་མེད་དོ།། འདི་ལྟ་སྟེ། དཔེར་ན་ཕ་མ་འདུས་ཤིང་ཕྲད་པ་ལས་བུ་བྱུང་ངོ་།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་པས། རྣམ་པར་གྲོལ་བ་དེ་ནི་མ་སྐྱེས་པ་ཞེས་བྱའོ།། འོད་སྲུངས་དཔེར་ན་མར་གྱི་སྙིང་པོ་ནི་རང་བཞིན་གྱིས་རྣམ་པར་དག་གོ།། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཕ་མ་འདུས་ཤིང་ཕྲད་པའི་རྐྱེན་གྱིས་བྱུང་བ་མ་ཡིན་ཏེ། རང་བཞིན་གྱིས་ཡོངས་སུ་དག་ཀྱང་སོ་སོའི་སྐྱེ་བོ་དག་གདུལ་བའི་ཕྱིར་བ་ལ་མངོན་པར་བསྟན་ཏོ།། ཡང་དག་པར་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ལ་ནི་གཉིས་སུ་མེད་དེ་དབྱེར་མེད་དོ།། དཔེར་ན་དབྱར་གྱི་དུས་སུ་ས་བོན་བཏབ་ན་དྲོད་ག་ཤེར་གྱིས་བརླན་པས་དེ་མ་ཐག་ཏུ་སྐྱེ་ཞིང་འབྱུང་ངོ་། ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་ནོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་སྟོང་ཞིང་མེད་པའོ།། སྟོང་ཞིང་མེད་པ་ནི་རྣམ་པར་གྲོལ་བའོ།། རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། དེ་བཞིན་གཤེགས་པ་ནི་སྟོང་པ་མེད་པ། བྱས་པ་མ་ཡིན། བྱེད་པ་མ་ཡིན་ནོ།། བྱས་པ་ཞེས་བྱ་བ་ནི་མཁར་དང་། གྲོང་དང་། ཁང་ཁྱིམ་དང་། ཉེན་དང་། ཆོག་པར་རོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། དེ་བས་ན་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་འདུས་མ་བྱས་པའི་ཆོས་སོ།། འདུས་བྱས་ནི་དཔེར་ན་རྫ་མ་དང་འདྲ་སྟེ། འཇིག་པའི་ཆོས་ཅན་ནོ། ། རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། ཡང་དག་པར་རྣམ་པར་གྲོལ་བ་ནི་མ་སྐྱེས་པ་མི་འགོག་པའོ།། དེ་བས་ན་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའང་དེ་དང་འདྲ་བར་མི་སྐྱེ། མི་འགོག། མི་ཟ། མི་འཆི། མི་འཇིག། མི་འཆག་སྟེ། འདུས་བྱས་ཀྱི་ཆོས་མ་ཡིན་ནོ།། དོན་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་སྟེ། མིརྒ་མི་འཆི་བ་ཞེས་བྱའོ།། དེའང་གང་ཞེ་ན། རྒས་ཤེས་བྱ་བ་ནི་འཕོ་ཞིང་འགྱུར་བ། སྐྲ་དཀར་བ། གདོང་ལ་གཉེར་མ་བྱུང་བའོ།། ཤི་ཞེས་བྱ་བ་ནི་ལུས་ཞིག་སྟེ་ཚེ་འཕོས་པའོ། ། དངོས་པོ་འདི་དག་ནི་རྣམ་པར་གྲོལ་བ་མེད་དེ། དེ་མེད་པས་ན་རྣམ་པར་གྲོལ་བ་ཞེས་བྱའོ།། དེ་བཞིན་གཤེགས་པ་ལ་སྐྲ་དཀར་བ་གདོང་ལ་གཉེར་མར་འགྱུར་བ་འདུས་བྱས་པའི་ཆོས་མེད་དོ། ། དེ་བས་ན་དེ་བཞིན་གཤེགས་པ་ལ་རྒ་བ་མེད་དོ།། རྒ་བ་མེད་པས་ན་འཆི་བའང་མེད་དོ།། གཞན་ཡང་རྣམ་པར་གྲོལ་བ་ནི་ན་བ་མེད་པའོ། ། ན་བ་ཞེས་བྱ་བ་ནི་ནད་བཞི་བརྒྱ་རྩ་བཞི་དང་། དེ་མ་ཡིན་པ་རྐྱེན་གཞན་གྱིས་ལུས་ལ་གནོད་པར་འགྱུར་བའོ།། དེ་དག་གང་ཡང་མེད་པས་ན་རྣམ་པར་གྲོལ་བ་ཞེས་བྱའོ། ། གང་ནད་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བ་ཞེས་བྱའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། དེ་བཞིན་གཤེགས་པ་ལ་ན་བ་མེད་པས་ན་ཆོས་ཀྱི་སྐུ་ལའང་ན་བ་མེད་དོ། ། དེ་ལྟར་ན་བ་མེད་པས་དེ་བཞིན་གཤེགས་པ་ཞེས་བྱའོ།། ཤི་བ་ཞེས་བྱ་བ་ནི་ལུས་ཞིག་སྟེ་ཚེ་འཕོས་པའོ།། དེ་ལ་ཤི་བ་མེད་པས་ཟིལ་མངར་ལྟ་བུའོ།། ཟིལ་དང་ར་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། དེ་ལྟར་དེ་བཞིན་གཤེགས་པ་ནི་དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ན། ཅིའི་ཕྱིར་དེ་བཞིན་གཤེགས་པ་ལ་མི་རྟག་ཅེས་བྱ།། གལ་ཏེ་དེ་བཞིན་གཤེགས་པ་ལ་མི་རྟག་ཅེས་སྨྲ་ན། ནི་གནས་མ་ཡིན་ནོ།། དེ་ནི་རྡོ་རྗེ་ལྟ་བུའི་སྐུ་ཡིན་ན་ཅིའི་ཕྱིར་མི་རྟག། དེ་བས་ན་དེ་བཞིན་གཤེགས་པ་ལ་ནི་ཚེ་ཟད་པ་ཞེས་མི་བྱའོ།། དེ་བཞིན་གཤེགས་པ་ནི་ཡོངས་སུ་དག་པ་དྲི་མ་མེད་པའོ། ། དེ་བཞིན་གཤེགས་པའི་སྐུ་ནི་མངལ་གྱིས་མ་གོས་པ་སྟེ། མེ་ཏོག་པུན་ད་རི་ཀ་ལྟར་རང་བཞིན་གྱིས་རྣམ་པར་དག་པའོ།། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་པའང་དེ་དང་འདྲའོ། ། རྣམ་པར་གྲོལ་བ་དེ་ཉིད་དེ་བཞིན་གཤེགས་པའོ།། དེ་བས་ན་དེ་བཞིན་གཤེགས་པ་ཡོངས་སུ་དག་ཅིང་དྲི་མ་མེད་པའོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཟག་པའི་རྨ་ཐམས་ཅད་ལྷག་མ་མ་ལུས་པར་ཟད་པའོ། ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཟག་པའི་རྨ་ཐམས་ཅད་མེད་དོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་རྩོད་པ་མེད་པ་སྟེ། དཔེར་ན་མི་ལྟོགས་པ་ཞིག་ཁ་ཟས་མཐོང་བ་ན་ཤིན་ཏུ་ཆགས་པར་འགྱུར་རོ།། རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ནོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་བདེ་བ་ཞི་བའོ། ། བུས་པ་མ་རབས་དག་ནི་དབང་སྒྱུར་རྒྱལ་པོ་ལ་བདེ་ཞིང་ཞི་བ་ཞེས་ཟེར་བ་ཚིག་དེ་ནི་བརྫུན་ཏེ། བདེན་པ་མ་ཡིན་ནོ།། ཡང་དག་པར་བ་དེ་ཞིང་ཞི་བ་ནི་མཐར་རྣམ་པར་གྲོལ་བའོ། ། མཐར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་རབ་ཏུ་བདེ་བའོ།། དཔེར་ན་དགྲ་མང་བའི་གནས་ནི་བདེ་བ་མ་ཡིན་ནོ། ། དགྲ་མེད་པའི་གནས་ནི་རབ་ཏུ་བདེ་བ་ཞེས་བྱའོ།། རྣམ་པར་གྲོལ་བའང་འཇིགས་པ་མེད་པས་ན་རབ་ཏུ་བདེ་བ་ཞེས་བྱའོ།། དེ་བས་ན་རབ་ཏུ་བདེ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཆོས་སོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་མཉམ་པའི་བླ་མེད་པའོ། ། མཉམ་པའི་བླ་མེད་པ་ཞེས་བྱ་བ་ནི། དཔེར་ན་རྒྱལ་པོ་དག་ནི་ཡུལ་ས་མཉམ་པའི་ཐ་ཡོད་པས་མམཉམ་མོ།། རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མེད་དོ།། མཉམ་པའི། ཟླ་མེད་པ་ནི། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ནི་མཉམ་པའི་ཟླ་མེད་དོ།། རྣམ་པར་གྲོལ་བ་ལའང་དེ་དང་འདྲ་སྟེ། མཉམ་པའི་ཟླ་མེད་དོ།། མཉམ་པའི་ཟླ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོའོ།། དེ་བས་ན་དེ་བཞིན་གཤེགས་པ་ལ་མཉམ་པའི་ཟླ་མེད་དེམཉམ་པའི་ཟླ་ཡོད་ཅེས་བྱ་བའི་གནས་མེད་དོ། ། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་མྱ་ངན་མེད་པའོ།། མྱ་ངན་ཡོད་ཅེས་བྱ་བ་ནི། དཔེར་ན་རྒྱལ་པོ་དག་པས་རྒོལ་བའི་དགྲས་འཇིགས་པས་མྱ་ངན་བྱེད་དོ། ། རྣམ་པར་གྲོལ་བ་ལ་ནི་དེ་ལྟ་བུའི་དངོས་པོ་མེད་དོ།། དཔེར་ན་དགྲ་ཀུན་བཅོམ་ན། དེ་ལ་ནི་མྱ་ངན་ནམ། དོགས་པ་མེད་དོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། མྱ་ངན་ནམ་འཇིགས་པ་མེད་དོ།། མྱ་ངན་དང་འཇིགས་པ་མེད་པ་མེད་པ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་མྱ་ངན་དང་དགའ་བ་མེད་པའོ། ། དཔེར་ན་བུད་མེད་གཅིག་པུ་གཅིག་པ་ཡུལ་གཞན་དུ་སོང་བ་ལས་ཤིའོ་ཞེས་གཏམ་ངན་པ་ཐོས་ན་མྱ་ངན་གྱིས་སྡུག་བསྔལ་བར་འགྱུར་རོ།། ཕྱིས་མ་ཤིའོ་ཞེས་ཐོས་ན་དེ་མ་ཐག་ཏུ་དགའ་བ་སྐྱེའོ། ། རྣམ་པར་གྲོལ་བ་ལ་ནི་དངོས་པོ་དེ་དག་མེད་དེ། མྱ་ངན་དང་དགའ་བ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། ། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་རྡུལ་དང་དྲི་མ་མེད་པའོ།། དཔེར་ན་དཔྱིད་ཀྱི་དུས་ན་ཉི་མ་ནུབ་ན་རླུང་དང་རྡུལ་ལྡང་ངོ་།། རྣམ་པར་གྲོལ་བ་ལ་ནི་དངོས་པོ་དེ་དག་གང་ཡང་མེད་དོ། ། རྡུལ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའི་དཔེའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་གཙུག་ཕུད་ལ་འདོགས་པའི་ནོར་བུ་རིན་པོ་ཆེ་ནི་དྲི་མ་མེད་དོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། དྲི་མ་དག་མེད་དོ།། དྲི་མ་མེད་པ་ནི་རྣམ་པར་གྲོལ་བའོ། ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། དཔེར་ན་གསེར་བཙོ་མ་ནི་བྱེ་མ་དང་མ་འདྲེས་པས་རིན་པོ་ཆེ་ཡང་དག་པ་ཞེས་བྱ་སྟེ། གང་ཟག་གིས་རྙེད་ན་དེ་ལ་ནོར་གྱི་དབྱིག་ཏུ་འདུ་ཤེས་སོ། ། རྣམ་པར་གྲོལ་བ་ཉིད་ཀྱང་རིན་པོ་ཆེ་ཡང་དག་པ་དང་འདྲ་སྟེ། རིན་པོ་ཆེ་ཡང་དག་པ་ནི་ཡང་དག་པར་རྣམ་པར་གྲོལ་བའི་དཔེའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། དཔེར་ན་རྫ་མ་བཅག་པ་ནི་སྒྲ་མི་སྙན་ནོ།། རིན་པོ་ཆེ་རྡོ་རྗེའི་བུམ་པ་ནི་དེ་ལྟ་བུ་མ་ཡིན་ཏེ། ཡང་དག་པར་རྣམ་པར་གྲོལ་བའང་སྒྲ་མི་སྙན་པ་མེད་དོ། ། རིན་པོ་ཆེ་རྡོ་རྗེའི་བུམ་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། དེ་བབ་ན་དེ་བཞིན་གཤེགས་པའི་སྐུ་ནི་མི་འཇིག་པའོ། ། སྒྲ་མི་སྙན་པ་ཞེས་བྱ་བ་འདི་ལྟ་སྟེ། ཨེ་ར་ན་དའི་འབྲས་བུ་དབྱར་ཉི་མ་ཚ་བ་ལ་བསྐམ་ན་ཉི་མས་གདུངས་པས་སྒྲ་འབྱུང་ངོ་།། རྣམ་པར་གྲོལ་བའི་དངོས་པོ་དེ་དག་མེད་དེ། རིན་པོ་ཆེ་རྡོ་རྗེའི་བུམ་པ་ལྟར་མི་སྙན་པ་ཆག་པའི་སྒྲ་མེད་དོ།། གལ་ཏེ་མི་མང་པོ་བརྒྱ་སྟོང་གྲངས་མེད་པ་ཐམས་ཅད་ཀྱིས་ཅིག་ཅར་མདའ་འཕངས་ཀྱང་། འཇིགས་པར་མི་འགྱུར་ལ།། མི་སྙན་པ་ཆག་པའི་སྒྲ་མེད་དོ།། མི་སྙན་པ་ཆག་པའི་སྒྲ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། ། འདི་ལྟ་སྟེ། མི་དབུལ་པོ་ཞིག་ལ་གཞན་གྱི་བུ་ལོན་ཆགས་ན། གཟུང་སྟེ་ལྕགས་དང་། ཁོང་སྒྲིལ་དང་། ལྟོང་འདོགས་ཏེ་སྡུག་བསྔལ་བར་བྱེད་དོ། ། རྣམ་པར་གྲོལ་བ་ལ་ནི་དེ་ལྟ་བུའི་དངོས་པོ་མེད་དེ། བུ་ལོན་ཆགས་པའང་མེད་དོ།། འདི་ལྟ་སྟེ། ཚོང་དཔོན་ཕྱུག་པོ་ནི་ནོར་རིན་པོ་ཆེ་གྲངས་མེད་པ་ཞིག་བདོག་ལ་མཐུ་དང་དབང་དུ་ལྡན་ན་བུ་ལོན་ཆགས་པའང་མེད་དོ། ། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། ཆོས་ཀྱི་ནོར་རིན་པོ་ཆེ་མང་པོ་དང་ལྡན་ལ། མཐུ་དང་དབང་ཡོད་པས་བུ་ལོན་ཆགས་པའང་མེད་དོ། ། བུ་ལོན་ཆགས་པ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའི་དཔེའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིམ་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཡོངས་སུ་གདུང་བ་མེད་པའོ།། འདི་ལྟ་སྟེ། དཔྱིད་ཉི་མ་ཚ་བ་ལ་འགྲོ་བ་དང་། དབྱར་དང་པོ་ཟ་བ་དང་། དགུན་གྲང་བས་རེག་པའོ། ། ཡང་དག་པར་རྣམ་པར་གྲོལ་བ་ལ་ནི་དེ་འདྲ་བའི་ཡིད་དུ་མི་འོང་བའི་དངོས་པོ་གང་ཡང་མེད་དོ།། ཡོངས་སུ་གདུང་བ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། ཡོངས་སུ་གདུང་བ་ནི། འདི་ལྟ་སྟེ། མི་ཞིག་ཉ་ཤས་འགྲངས་པར་ཟོས་པའི་འོག་ཏུ་འོ་མ་མཐུངས་ན་མི་དེ་ནི་ཤི་བ་ལས་རིང་བ་མ་ཡིན་ནོ། ། ཡང་དག་པར་རྣམ་པར་གྲོལ་བ་ལ་ནི་དེ་ལྟ་བུའི་དངོས་པོ་མེད་དོ།། མི་དེས་གལ་ཏེ་སྨན་བདུད་རྩི་ལྟ་བུ་ཞིག་རྙེད་ན་ནི་ནད་དེའང་འཚོ་བར་འགྱུར་རོ། ། ཡང་དག་པར་རྣམ་པར་གྲོལ་བའང་དེ་དང་འདྲའོ།། སྨན་བདུད་རྩི་ཞེས་བྱ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་དེ་ནི་དེ་བཞིན་གཤེགས་པ་ཡིན་ན། དེ་ལ་གདུང་བ་དང་མི་གདུང་བ་ཞེས་ཇི་སྐད་བྱ། འདི་ལྟ་སྟེ། བྱིས་པ་མ་རབས་ང་རྒྱལ་གྱི་དབང་དུ་གྱུར་པ་དག་ནི་འདི་སྙམ་དུ་སེམས་སོ།། སེམས་ཅན་ཐམས་ཅད་ཀྱི་ནང་ན་བདག་ལ་གསོད་ནུས་པ་མེད་དོ་ཞེས་ནས། རྟག་དང་། སྦྲུལ་དང་། ཟིན་གདུག་པ་དག་འཛིན་ཏེ། མ་རབས་དེ་ནི་ཚེ་ཟད་པའི་མཐའ་ལས་མི་རིང་སྟེ། གློ་བུར་དུ་འཆི་བར་རིག་པར་བྱའོ། ། ཡང་དག་པར་རྣམ་པར་གྲོལ་བ་ལ་ནི་དེ་ལྟ་བུའི་དངོས་པོ་མེད་དོ།། ཡོངས་སུ་མི་གདུང་བ་ནི། འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ནོར་བུ་རིན་པོ་ཆེ་ལྟ་བུ་སྤུར་བ་ལ་སོགས་པ་སྲིན་གདུག་པ་རྣམས་དགུ་བཅུ་རྩ་དྲུག་སྙེད་འདུལ་ནུས་ཏེ། གང་ནོར་བུ་རིན་པོ་ཆེ་དེའི་དྲི་བྲོ་བ་ཙམ་གྱིས་གདུག་པ་ཐམས་ཅད་མེད་པར་འགྱུར་རོ།། ཡང་དག་པར་རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། སྲིད་པ་ཉི་ཤུ་རྩ་ལྔ་པོ་ལས་རིང་དུ་གྱུར་ཏོ།། གདུག་པ་མེད་པ་ཞེས་བྱ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའི་དཔེའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། ། གཞན་ཡང་གདུག་པ་མེད་པ་ནི་ནམ་མཁའ་ལྟ་བུའོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། ནམ་མཁའ་ཞེས་བྱ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། རྣམ་པར་གདུང་བ་ཞེས་བྱ་བ་ནི་རྩཝ་སྐམ་པོའི་དྲུང་དུ་མེ་བུས་ན་ཚིག་པར་འགྱུར་རོ།། ཡང་དག་པར་རྣམ་པར་གྲོལ་བ་ལ་ནི་དེ་ལྟ་བུའི་དངོས་པོ་མེད་དོ།། གཞན་ཡང་ཡོངས་སུ་གདུངས་པ་མེད་པ་ནི། འདི་ལྟ་སྟེ། ཉི་ཟླ་ནི་སེམས་ཅན་དག་ལ་ཡོངས་སུ་གདུང་བར་མི་འགྱུར་རོ། ། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ལ་ཡོངས་སུ་གདུང་བར་མི་འགྱུར་རོ།། གདུང་བ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་མི་གཡོ་བའི་ཆོས་ཅན་ཏེ། དཔེར་བྱམས་པ་དང་ལྡང་བ་མེད་པ་ལྟ་བུའོ།། ཡང་དག་པར་རྣམ་པར་གྲོལ་བ་ལ་ནི་དེ་ལྟ་བུའི་དངོས་པོ་མེད་དོ། ། མི་གཡོ་བ་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུ་སྟེ། དེ་ལ་ནི་རྒྱལ་པོ་དེ་དང་འདྲ་བ་ཐོགས་སུ་འགྱུར་བ་མེད་དོ།། དེ་ལ་དེ་འདྲ་བའི་གྲོགས་སུ་འགྱུར་བ་ཡོད་ཅེས་བྱ་བའི་གནས་མེད་དོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། གཞན་གྲོགས་སུ་འགྱུར་བ་མེད་དེ། གྲོགས་སུ་འགྱུར་བ་ཡོད་ཅེས་བྱ་བའི་གནས་མེད་དོ། ། རྒྱལ་པོ་དེ་ལ་གྲོགས་སུ་འགྱུར་བ་མེད་ཅེས་བྱ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་དེ་ནི་དེ་བཞིན་གཤེགས་པའོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཆོས་ཡིན་ནོ། ། གཞན་ཡང་མི་གཡོ་བ་ཞེས་བྱ་བ་ནི། འདི་ལྟ་སྟེ། དཔེར་ན་གོས་དཀར་པོ་ནི་ཁ་དོག་བསྒྱུར་བའོ།། རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ནོ། ། དཔེར་ན་མེ་ཏོག་པ་ཤ་ཀ་ཞེས་བྱ་བ་ལ་མརྣམ་པ་འམ། ཁ་དོག་སྔོན་པོ་འདུག་ཅེས་བྱ་བའི་གནས་མེད་དེ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། དེ་ལ་མནམ་པ་འམ། མདོག་གཞན་དུ་འདུག་ཅེས་བྱ་བའི་གནས་མེད་དོ།། དེ་བས་ན་རྣམ་པར་གྲོལ་བ་ཉིད་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་རྨད་དུ་བྱུང་བའོ། ། འདི་ལྟ་སྟེ། ཆུའི་ནང་ནས་པདྨོ་སྐྱེས་པ་ནི་ངོ་མཚར་དུ་མི་བྱའོ།། མེའི་ནང་ནས་སྐྱེས་ན་རྨད་དུ་ངོ་མཚར་དུ་བྱ་སྟེ། དེ་མཐོང་ན་ཐམས་ཅད་དགལ་བར་འགྱུར་རོ། ། ཡང་དག་པར་རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། གང་མཐོང་བ་ཐམས་ཅད་སེམས་རབ་ཏུ་དགའ་བར་འགྱུར་རོ།། རྨད་དུ་བྱུང་བ་ཞེས་བྱ་བ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའོ།། གཞན་ཡང་རྨད་དུ་བྱུང་བ་ཞེས་བྱ་བ་ནི། དཔེར་ན་བུ་བཙས་མ་ཐག་པ་ལ་སོ་མེད་ཀྱི། བགས་ཀྱིས་ཆེར་སྐྱེས་ནས་གདོད་སོའང་སྐྱེ་བར་འགྱུར་རོ།། རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་ཏེ། སྐྱེ་བ་དང་མི་སྐྱེ་བ་ཞེས་བྱ་བ་མེད་དོ། ། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་སྟོང་པ་ཞི་བ་མ་ངེས་པ་མེད་པའོ།། མ་ངེས་པ་ནི་ལོག་སྲེད་ཅན་ལ་བྱ་སྟེ། མཐར་རྩ་བ་ཉམས་པ་ལས་མི་འགྱུར་ཞིང་འཚང་རྒྱ་བའི་གནས་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་གང་ཟག་དེས་སངས་རྒྱས་ཀྱི་དམ་པའི་ཆོས་ལ་དད་པའི་ཡོངས་སུ་དག་པ་སྐྱེད་ན། དེ་ནི་ལོག་སྲེད་མེད་པར་བྱས་པ་ཡིན་ཏེ། གལ་ཏེ་དགེ་བསྦྱིན་པར་གྱུར་ནའང་ལོག་སྲེད་མེད་པར་བྱས་པ་ཡིན་ནོ།། རྩ་བ་ཉམས་པ་འངཁ་ན་མཐོ་བའི་སྡིག་དེ་མེད་པར་བྱས་ན་མངོན་པར་འཚང་རྒྱ་བར་འགྱུར་རོ། ། དེ་བས་ན་མཐར་མི་འགྱུར་ཞིང་མངོན་པར་འཚང་མི་རྒྱའོ་ཞེས་བྱ་བའི་གནས་མེད་དོ།། ཡང་དག་པར་རྣམ་པར་གྲོལ་བ་ལ་ནི་དེ་ལྟ་བུའི་འགོག་པའམ། མེད་པར་བྱ་བའི་དངོས་པོ་མེད་དོ།། གཞན་ཡང་སྟོང་པ་ཞི་བ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། ཆོས་ཀྱི་དབྱིངས་ཇི་ལྟ་བ་ཉིད་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་ལོག་སྲེད་ཅན་ཅེས་བྱ་བ་བགགས་ཏེ་ཟད་པར་བྱས་ན། དེ་ལ་ལོག་སྲེད་ཅན་ཞེས་མི་བྱའོ།། དེ་ལ་ལོག་སྲེད་ཅན་ཞེས་བྱ་བ་གང་ཞེ་ན། ལོག་སྲེད་ཅན་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཐམས་ཅད་བཅད་དེ། དགེ་བའི་ཆོས་ཐམས་ཅད་ལ་མི་གནས་ཤིང་། དགེ་བའི་སེམས་སྐད་ཅིག་ཙམ་ཡང་མི་འབྱུང་བའོ། ། ཡང་དག་པར་རྣམ་པར་གྲོལ་བ་ལ་ནི་དངོས་པོ་དེ་དག་གང་ཡང་མེད་དེ། དངོས་པོ་དེ་དག་གང་ཡང་མེད་པས་ན། ཡང་དག་པར་རྣམ་པར་གྲོལ་བའོ།། ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་དཔག་ཏུ་མེད་པའོ།། འདི་ལྟ་སྟེ། དཔེར་ན་ཁྲེ་འབྲས་ཀྱི་ཕུང་པོ་ལ་ཚད་དཔག་ཅིང་ཤེས་པར་རུང་ངོ་། ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་ནོ།། འདི་ལྟ་སྟེ། རྒྱ་མཚོ་ཆེན་པོ་ནི་ཚད་དཔག་ཅིང་གཞལ་དུ་མེད་དོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། ཚད་དཔག་ཅིང་གཞལ་དུ་མེད་དོ།། དཔག་ཏུ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཚད་མེད་པའོ། ། ཇི་ལྟར་སེམས་ཅན་ཐམས་ཅད་ལ་ལས་ཀྱི་རྣམ་པར་སྨིན་པ་མང་བ་བཞིན་དུ། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། སྨིན་པ་ཚད་མེད་དོ།། སྨིན་པ་ཚད་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཡངས་ཤིང་རྒྱ་ཆེ་བའོ།། འདི་ལྟ་སྟེ། རྒྱ་མཚོ་ཆེན་པོ་ནི་མཉམ་པའི་ཟླ་མེད་དོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། མཉམ་པའི་ཟླ་མེད་དོ།། མཉམ་པའི་ཟླ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་བླ་ན་མེད་པའི་མཆོག་གོ།། འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་མཆོག་ཏུ་མཐོ་སྟེ་ཟླ་མེད་དོ། ། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། ཟླ་མེད་པར་མཆོག་ཏུ་མཐོ་བའོ།། མདོ་སྟེ་ཟླ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། ། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་གནས་མེད་པའོ།། འདི་ལྟ་སྟེ། རི་དགས་ཀྱི་རྒྱལ་པོ་སེང་གེ་འདུག་པའི་གནས་སུ། རརི་དགས་གཞན་ཐམས་ཅད་མ་གནས་སོ།། རྣམ་པར་གྲོལ་བ་འང་དེ་དང་ར་དྲ་སྟེ། གནས་པ་མེད་དོ།། གནས་པ་མེད་པ་ན་ཡང་དག་པར་རྣམ་པར་གྲོལ་པའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། ། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་བླ་ན་མེད་པའོ།། དཔེར་ན་བྱང་ཕྱོགས་ནི་ཕྱོགས་ཐམས་ཅད་ཀྱི་བླ་མའོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། བླ་ན་མེད་པའོ།། བླ་ན་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་བླ་ན་མེད་པའི་ཡང་བླ་ན་མེད་པའོ། ། དཔེར་ན་བྱང་ཕྱོགས་ནི་ཤར་ཕྱོགས་ཀྱི་བླ་ན་མེད་པའི་ཡང་བླ་ན་མེད་པའོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། བླ་ན་མེད་པའི་ཡང་བླ་ན་མེད་པའོ། ། བླ་ན་མེད་པའི་ཡང་བླ་ན་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་རྟག་པའི་ཆོས་ཅན་ནོ། ། དཔེར་ན་ལྷ་དང་མི་ནི་ལུས་ཞིག་སྟེ། ཚེ་འཕོ་བའི་ཆོས་ལ་རྟག་སྟེ་རྟག་པ་མ་ཡིན་ནོ།། རྣམ་པར་གྲོལ་བ་ནི་དེ་དང་མི་འདྲ་སྟེ། མི་རྟག་པ་མ་ཡིན་ནོ།། མི་རྟག་པ་མ་ཡིན་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་སྲ་བའི་སྙིང་པོ་ཅན་ནོ།། འདི་ལྟ་སྟེ། སེང་ལྡེང་དང་། ཙན་དན་དང་། ཨ་ཀ་རུ་རང་བཞིན་གྱིས་སྲ་བའོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། རང་བཞིན་གྱིས་སྲ་བ་བརྟན་པའོ།། རང་བཞིན་གྱིས་སྲ་བ་བསྟན་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་གསོབ་མ་ཡིན་པ་ཞེས་བྱའོ།། དཔེར་ན་འདམ་བུ་དང་སྨྱིག་མ་ནི་ཁོང་སྟོང་པས་གསོབ་བོ།། རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། དེ་བས་ན་རྣམ་པར་གྲོལ་བ་ཉིད་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱའོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཅིས་ཀྱང་མི་གོས་པའོ།། དཔེར་ན་རྩིག་པ་བྱིན་བདར་མ་བྱས་ན། སྲིན་བུ་དང་སྦྲང་བུ་དག་དེ་ལ་གནས་ཤིང་རྒྱུའོ།། གལ་ཏེ་འཇི་བས་བསྐུས་ལ་རི་མོ་བྲིས་ན། སྲིན་བུ་དག་ཚོན་རྩིའི་དྲི་ཚོར་ནས་མི་གནས་སོ།། དེ་ལྟར་མི་གནས་པ་ནི་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། ། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་མཐའ་མེད་པའོ།། དཔེར་ན་གྲོང་ཁྱེར་ནི་མཐའ་ཡོད་དོ།། རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ནོ།། དཔེར་ན་ནམ་མཁའ་མཐའ་མེད་དོ། ། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། མཐའ་མེད་དོ།། དེ་བས་ནུ་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་བལྟར་མེད་པའོ། ། འདི་ལྟ་སྟེ། ནམ་མཁའ་སྟོང་པ་ལ་བྱའི་རྗེས་ནི་ཤིན་ཏུ་བལྟ་བར་དཀའའོ།། ཤིན་ཏུ་བལྟ་བར་དཀའ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའི་དཔེའོ། ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་ཤིན་ཏུ་ཟབ་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་མི་ནུས་པའི་ཕྱིར་རོ། ། འཇུག་མི་ནུས་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་ཤིན་ཏུ་ཟབ་པ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟི་སྟང་བྱེད་པའོ། ། དཔེར་ན་བུ་སྲི་ཞུ་ཆེ་བ་དག་ནི་པ་མ་ཤིན་ཏུ་བསྟི་སྟང་དང་བཀུར་སྟི་བྱེད་དེ་བསོད་ནམས་ཤིན་ཏུ་ཟབ་བོ། ། བསོད་ནམས་ཤིན་ཏུ་ཟབ་པ་དེ་ནི་ཡང་དག་པར་རྣམ་པར་གྲོལ་བའི་དཔེའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་བལྟར་མི་མཐོང་བའོ། ། དཔེར་ན་མི་དག་བདག་གི་སྤྱི་བོ་མི་མཐོང་བ་བཞིན་རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་བལྟར་མི་མཐོང་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་གནས་དང་རྟེན་མེད་པའོ།། དཔེར་ན་ནམ་མཁའ་ནི་གནས་དང་རྟེན་མེད་དེ། རྣམ་པར་གྲོལ་བའང་དེ་དང་འདྲའོ།། གནས་དང་རྟེན་ཞེས་བྱ་བ་ནི་སྲིད་པ་ཉི་ཤུ་རྩ་ལྔ་པོའི་དཔེའོ།། གནས་དང་རྟེན་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་བླང་དུ་མེད་པའོ།། དཔེར་ན་ཤིང་ཐོག་ཨ་མ་འབྲའི་འབྲས་བུ་ནི་བླང་ཞིང་གཟུང་དུ་ཡོད་དོ། ། རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། བླང་ཞིང་གཟུང་དུ་མེད་དོ།། བླང་ཞིང་གཟུང་དུ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། ། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་གཟུང་དུ་མེད་པའོ།། དཔེར་ན་སྒྱུ་མ་ནི་གཟུང་དུ་མེད་དེ། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། གཟུང་དུ་མེད་དོ།། གཟུང་དུ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་ལུས་ཀྱི་དངོས་པོ་མེད་པའོ། ། དཔེར་ན་མི་ལ་ལུས་ཡོད་པས་ཤུ་བ་དང་། མཛེ་དང་། སྐེམ་པ་དང་། སྤྲོ་བ་ལ་སོགས་པ་ཡོད་དོ།། ཡང་དག་པར་རྣམ་པར་གྲོལ་བ་ལ་དེ་འདྲ་བའི་ནད་རྣམས་མེད་དོ།། གང་ནད་དེ་དག་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་རོ་གཅིག་པའོ། ། ཇི་ལྟར་འོ་མ་རོ་གཅིག་པ་བཞིན་དུ་རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། རོ་གཅིག་གོ།། རོ་གཅིག་པ་ནི་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། ། གཞན་ཡང་རྣམ་པར་གྲོལ་བ་ནི་ཡོངས་སུ་དག་པའོ།། དཔེར་ན་ཆུ་མ་རྙོགས་པ་ནི་ཤིན་ཏུ་དག་ཅིང་དང་བའོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། ཡོངས་སུ་དག་ཅིང་དང་བའོ། ། ཡོངས་སུ་དག་ཅིང་དང་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་རོ་གཅིག་པའོ། ། དཔེར་ན་ནམ་མཁ་ར་ལས་འབབ་པའི་ཆར་པ་ནི་རྣམ་པར་དག་ཅིང་རོ་གཅིག་གོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ།། རྣམ་པར་དག་པ་ལ་རོ་གཅིག་གོ། ། རྣམ་པར་དག་ཅིང་རོ་གཅིག་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་ཡོངས་སུ་གསལ་བའོ། ། དཔེར་ན་ཟླ་བ་རྒྱས་པ་ལ་སྤྲིན་ནམ། ན་བུན་གྱིས་མཆོད་པ་དང་འདྲ་བར། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། སྤྲིན་དང་ན་བུན་མེད་དོ།། སྤྲིན་དང་ན་བུན་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་རབ་ཏུ་ཞི་བའོ། ། དཔེར་ན་མི་ཞིག་རིམས་ནད་ཚ་བས་བཏབ་པ་ལ་སོས་ན་ཞི་བའོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། རབ་ཏུ་ཞི་བའོ།། རབ་ཏུ་ཞི་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་མཉམ་པའོ།། དཔེར་ན་འབྲོག་དགོན་པ་ན་སྦྲུལ་གདུག་པ་དང་། སྤྱང་ཀཽ་ལ་སོགས་པ་ནི་འདྲ་བར་གསོད་སེམས་ཡོད་དོ།། རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ།། གསོད་སེམས་མེད་དོ། ། གསོད་སེམས་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་མཉམ་པ་ཞེས་བྱ་བ་ནི། ། དཔེར་ན་ཕ་མ་ནི་བུ་ལ་སེམས་མཉམ་མོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། སེམས་མཉམ་མོ།། སེམས་མཉམ་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་གཞན་པའི་གནས་མེད་པའོ།། དཔེར་ན་མི་ཞིག་གནས་ཤིན་ཏུ་བཟང་པོ་ཡོངས་སུ་དག་པ་ཞིག་ན་གནས་ན། དེ་ལས་གཞན་པའི་གནས་མེད་དོ།། རྣམ་པར་གྲོལ་བའང་དེ་དང་འཇ། གཞན་པའི་གན་མེད་དོ། ། གཞན་པའི་གནས་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་ཆོག་ཤེས་པའོ། ། དཔེར་ན་མི་ཞིག་ལྟོགས་ཏེ་ཁ་ཟས་ཞིམ་པོ་དང་ཕྲད་ན་ཆོག་མི་ཤེས་པར་ཟའོ།། རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། དཔེར་ན་འོ་ཐུག་འཐུངས་ན་གཞན་ཅིའང་མི་འདོད་དོ།། གཞན་མི་འདོད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའི་དཔེའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་མོལ་བ་ནི་ཡོངས་སུ་གཅོད་པའོ།། དཔེར་ན་མི་ཞིག་བཅིངས་པའི་ཟག་པ་གཅད་ན་བཅིངས་པ་ལས་གྲོལ་བར་འགྱུར་རོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། ཐེ་ཚོམ་གྱི་བཅིངས་པ་ཐམས་ཅད་གཅོད་དོ།། དེ་ལྟར་ཐེ་ཚོམ་གཅོད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་ཕ་རོལ་ཏུ་ཕྱིན་པའོ།། དཔེར་ན་ཆུ་ཀླུང་ལ་ནི་ཚུ་རོལ་དང་ཕ་རོལ་གྱི་འགྲམ་ཡོད་དོ། ། རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། ཚུ་རོལ་ཅེས་བྱ་བ་མེད་ཀྱང་། ཕ་རོལ་ཅེས་བྱ་བ་ཡོད་དོ།། ཕ་རོལ་ཅེས་བྱ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་ཅང་མི་སྨྲའོ།། དཔེར་ན་རྒྱ་མཚོ་ནི་ཆུ་ཆེར་སྐྱེས་ན་སྒྲ་སྐད་མང་པོ་འབྱུང་ངོ་། ། རྣམ་པར་གྲོལ་བ་ནི་དེ་དང་མི་འདྲ་སྟེ། དེ་ལྟར་ན་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་ཞིམ་པ་དང་དང་ར་བའོ།། དཔེར་ནསྨན་སྦྱར་བའི་ནང་དུ་ཨ་རུར་བཅུག་ན་རོ་ཁ་བར་འགྱུར་རོ། ། རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། ཟིལ་དངར་གྱི་རོ་ཅན་ནོ།། ཟིལ་དངར་གྱི་རོ་ཅན་ནི་ཡང་དག་པར་རྣམ་པར་གྲོལ་བའི་དཔེའོ། ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་ཉོན་མོངས་པ་ཀུན་སེལ་བའོ།། དཔེར་ན་སྨན་པ་མཁས་པས་སྨན་ཧཱ་ཚོགས་སྦྱར་ཏེ། ནད་པ་རྣམས་གསོ་བ་ལ་མཁས་པ་དང་འདྲ་བར། རྣམ་པར་གྲོལ་བའང་དེ་བཞིན་དུ་ཉོན་མོངས་པ་ཐམས་ཅད་སེལ་ཏོ།། ཉོན་མོངས་པ་ཀུན་སེལ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའི་དཔེའོ། ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་དོག་པ་མེད་པའོ།། དཔེར་ན་ཁང་ཁྱིམ་ཆུང་དུནི་དོག་པ་སྟེ་མང་པོ་མི་ཤོང་ངོ་། ། རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་ཏེ་མང་དུ་ཤོང་བའོ།། མང་དུ་ཤོང་བ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་བར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། ། གཞན་ཡང་རྣམ་པར་གྲོལ་བ་ནི་འདོད་པ་ཞི་པ་འདོད་ཆགས་དང་མ་འདྲེས་པའོ།། དཔེར་ན་བུད་མེད་ནི་འདོད་ཆགས་མང་བའོ།། རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། དེ་ལྟར་ན་དེ་བཞིན་གཤེགས་པ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་ཐམས་ཅད་མེད་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་འདོད་པ་མེད་པའོ།། འདོད་པ་ལ་རྣམ་པ་གཉིས་ཏེ། ཡི་དགས་ཀྱི་འདོད་པ་དང་། ཆོས་ཀྱི་འདོད་པའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་ཡི་དགས་ཀྱི་འདོད་པ་མེད་ཀྱི། སེམས་ཅན་ལ་ཐུགས་བརྩེ་བའི་ཕྱིར་ཆོས་ཀྱི་འདོད་པ་ཡོད་དོ།། དེ་ལྟར་ཆོས་ཀྱི་འདོད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་བདག་དང་བདག་གི་བ་དང་བྲལ་བ་སྟེ། དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། དེ་བཞིན་གཤེགས་པ་ནི་ཆོས་སོ།། གཞན་ཡང་རྣམ་པར་གྲོལ་བ་ནི་འགོག་པ་ཟད་པ།། སྲིད་པའི་ཆགས་པ་ཐམས་ཅད་ལས་རིང་དུ་གྱུར་པའོ། ། དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། དེ་བཞིན་གཤེགས་པ་ནི་ཆོས་སོ།། གཞན་ཡང་རྣམ་པར་གྲོལ་བ་ནི་མགོན་དང་སྐྱབས་ཏེ། འཇིགས་པ་ཐམས་ཅད་ལས་སྐྱོབ་པའོ། ། དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། དེ་བཞིན་གཤེགས་པ་ནི་ཆོས་སོ།། རྣམ་པར་གྲོལ་བ་ནི་གནས་ལྟ་བུའོ།། གང་ཞིག་འདི་ལ་གནས་ན། གནས་གཞན་ནི་མི་ཚོལ་ལོ།། དཔེར་ན་མི་ཞིག་རྒྱལ་པོ་ལ་རྟེན་ན་གནས་གཞན་མི་ཚོལ་ལོ།། རྒྱལ་པོ་ལ་གནས་པ་ནི་འགྱུར་བ་ཡོད་ཀྱི། རྣམ་པར་གྲོལ་བ་ལ་གནས་ན་འགྱུར་བ་མེད་དོ། ། འགྱུར་བ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། དེ་བཞིན་གཤེགས་པ་ནི་ཆོས་སོ།། གཞན་ཡང་རྣམ་པར་གྲོལ་བ་ནི་གནས་དང་རྟེན་ལྟ་བུའོ།། དཔེར་ན་མི་ཞིག་འབྲོག་དགོན་པར་སོང་ན་འཇིགས་པ་འམ། བག་ཚ་བ་ཡོད་དོ།། རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། འཇིགས་པའམ། བག་ཚ་བ་མེད་དོ།། འཇིགས་པ་འམ། བག་ཚ་བ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་འཇིགས་པ་མེད་པའོ།། དཔེར་ན་སེང་གེའི་རྒྱལ་པོ་ནི་རི་དགས་ཐམས་ཅད་ཀྱིས་མི་འཇིགས་སོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། བདུད་ཀྱི་རིས་ཐམས་ཅད་ཀྱིས་མི་འཇིགས་སོ།། འཇིགས་པ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་མོ་དོག་པའོ། ། དཔེར་ན་ལམ་དོག་པར་མི་གཉིས་མཏམ་དུ་འགྲོར་མེད་དོ།། རྣམ་པར་གྲོལ་བ་ནི་དེ་དང་མི་འདྲ་སྟེ། རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། ། གཞན་ཡང་དོག་པ་ནི། དཔེར་ན་མི་ཞིག་སྟག་གིས་འཇིགས་ཏེ་ཁྲོན་པར་མཆོངས་པ་ལྟ་བུའོ།། རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟར་རྣམ་བར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། ། གཞན་ཡང་མི་དོགས་པ་ནི་གྲུ་ཞིག་པ་ཆུང་ངུ་སྤངས་ནས། གྲུ་བཟང་པོར་ཞུགས་ཏེ་རྒྱ་མཚོ་ལ་བདེ་བར་རྒལ་ནས་བདེ་བའི་གནས་སུ་ཕྱིན་པའོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། སེམས་རབ་ཏུ་བདེ་བའོ།། སེམས་རབ་ཏུ་བདེ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ལས་འབྱིན་པའོ།། འདི་ལྟ་སྟེ། འོ་མའི་རྐྱེན་གྱིས་ཞོའོ།། ཞོའི་རྐྱེན་གྱིས་མར་རོ།། མར་གྱི་རྐྱེན་གྱིས་མར་གྱི་སྙིང་པོའོ།། ཡང་དག་པར་རྣམ་པར་གྲོལ་བ་ལ་ནི་རྒྱུ་གང་ཡང་མེད་དོ།། རྒྱུ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་ང་རྒྱལ་འདུལ་བའོ། ། དཔེར་ན་རྒྱལ་པོ་ཆེན་པོ་ནི་རྒྱལ་ཕྲན་རྣམས་ལ་ང་རྒྱལ་བྱེད་དོ།། རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་ཏེ། དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། ། དེ་བཞིན་གཤེགས་པ་ནི་ཆོས་སོ།། གཞན་ཡང་རྣམ་པར་གྲོལ་བ་ནི་བག་མེད་པ་འདུལ་བའོ།། བག་མེད་པ་ནི་འདོད་པ་མང་པོའོ།། རྣམ་པར་གྲོལ་བ་ལ་ནི་དེ་དག་མེད་དོ། ། དེ་དག་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་མ་རིག་པ་སེལ་བའོ།། དཔེར་ན་ཚིགས་མ་དང་བྲལ་བ་ནི་སྨྲན་དམ་པ་སྟེ། མར་གྱི་སྙིང་པོའོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། མ་རིག་པའི་ཚིགས་མ་བསལ་ཏེ་ཡང་དག་པའི་རིག་པ་དང་ལྡན་ནོ།། ཡང་དག་པའི་རིག་པ་དང་ལྡན་པ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་རབ་ཏུ་ཞི་བ་གཅིག་པུ་སྟེ། མི་གཉིས་པ་འབྲོན་དགོན་པའི་བལ་གླང་རྒོད་ལྟར་གཅིག་པུ་གྲོགས་མེད་པའོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། གཅིག་པུ་གཉིས་སུ་མེད་པའོ།། གཅིག་པུ་གཉིས་སུ་མེད་པ་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་སྲ་བའི་སྙིང་པོ་ཅན་ནོ།། སྨྱིག་མ་དང་འདས་བུ་དང་། ག་སོལ་མ་ནི་ཐམས་ཅད་ཁོང་སྟོ་མོད་ཀྱི། འབྲས་བུ་ནི་སྲ་བའོ།། སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་པར། འཇོག་རྟེན་དུ་བཅས་པ་དང་མི་ཐམས་ཅད་ནི་མོ་སྲ་མི་བརྟན་པའོ། ། ཡང་དག་པར་རྣམ་པར་གྲོལ་བ་ནི་སྲིད་པའི་རྒྱུན་ཐམས་ཅད་ལས་རིང་དུ་གྱུར་པའོ།། དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། ། གཞན་ཡང་རྣམ་པར་གྲོལ་བ་ནི་མངོན་པར་རིག་པ་དག་བསྐྱེད་པའོ།། ཡང་དག་པར་རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། དེ་ལྟར་རྣམ་པར་གྲོལ་བ་དེ་ནི་དེ་བཞིན་གཤེགས་པའོ། ། གཞན་ཡང་རྣམ་པར་གྲོལ་བ་ནི་སྲིད་པ་ཐམས་ཅད་སྤངས་པའོ།། དཔེར་ན་མི་ཞིག་འགྲངས་པར་ཟོས་ནས་སྐྱུགས་པ་ལྟ་བུ་སྟེ། རྣམ་པར་གྲོལ་བང་དེ་དང་འདྲ་བར་སྲིད་པ་ཐམས་ཅད་སྤངས་པའོ། ། སྲིད་པ་ཐམས་ཅད་སྤངས་པ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་གདོན་མི་ཟ་བའོ།། དཔེར་ན་མེ་ཏོག་པ་ཤི་ཀའི་དྲིན་འདབ་མ་བདུན་པ་ལ་མེད་དོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། ། གཞན་ཡང་རྣམ་པར་གྲོལ་བ་ནི་ཆུའི་ཁམས་དང་འདྲའོ།། འདི་ལྟ་སྟེ། ཆུའི་ཁམས་ནི་ཆེན་པོ་བཞིའི་ནང་ན་མཆོག་སྟེ། རྩི་ཤིང་དང་འབྲས་བུ་ཐམས་ཅད་རླན་ཅིང་སྣུམ་པར་བྱེད་དོ། ། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། སྐྱེ་བ་ཐམས་ཅད་རླན་པར་བྱེད་དོ།། དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་འཇུག་པ་ཞེས་བྱའོ།། དཔེར་ན་སྒོ་ཡོད་ན་འཇུག་པ་ཡོད་པ་དང་། གསེར་གྱི་འབྱུང་ཁུངས་ན་གསེར་ཡོད་པ་དང་འདྲ་བར་རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། བདག་མེད་པ་སྒོམ་པའི་གནས་འཇུག་པར་བྱེད་དོ།། དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་དགེ་བའོ།། དཔེར་ན་སློབ་མ་ཞིགེ་སློབ་དཔོན་གྱི་རྗེས་སུ་འབྲང་ཞོང་བསྒོ་བ་མཉམ་ན་དགེ་བ་ཞེས་བྱའོ། ། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་འཇིག་རྟེན་ལས་འདས་པའི་ཆོས་ཏེ། ཆོས་ཐམས་ཅད་ཀྱི་ཕུལ་དུ་གྱུར་པའོ།། དཔེར་ན་རོ་བྲོ་བ་ཐམས་ཅད་ཀྱི་ནང་ན་མར་དང་འོ་མ་ནི་མཆོག་གོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་མི་གཡོ་བ་ཞེས་བྱའོ།། དཔེར་ན་སྒོའི་ཐེམ་པ་ནི་རླུང་གིས་བསྐྱོད་མི་ནུས་སོ། ། ཡང་དག་པར་རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་དབའ་རླབས་མེད་པའོ། ། དཔེར་ན་རྒྱ་མཚོའི་ཆུ་ནི་དབའ་རླབས་རྒོད་པའོ།། རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་རྒྱལ་པོའི་ཕོ་བྲང་ལྟ་བུའོ། ། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། དེ་ལྟར་རྣམ་པར་གྲོལ་བ་དེ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་ཙར་ཡང་དགོས་ཏེ། དཔེར་ན་འཛམ་བུ་ཆུ་ཀླུང་གི་གེ་སེར་ནི་ཙཽར་ཡང་དགོས་ཏེ། དེ་ལ་ཉེས་པའི་སྐྱོན་གདགས་སུ་མེད་དོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། ཉེས་པའི་སྐྱོན་མེད་དེ། ཉེས་པའི་སྐྱོན་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་དེ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་བུས་པ་ཤེད་མ་བྱེ་བའི་སྤངས་པའོ། ། དཔེར་ན་སྐྱེས་བུ་ཆེན་པོ་ནི་བུས་པའི་བྱེད་པ་མི་བྱེད་དོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ།། ཕུང་པོ་ལྔ་ཡོངས་སུ་སྤངས་པའོ། ། ཕུང་པོ་ལྔ་ཡོངས་སུ་སྤངས་པ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པབཔར་གྲོལ་བ་ནི་མཐར་ཕྱིན་པའོ། ། དཔེར་ན་བཙོན་དོང་དུ་བཅུག་པ་དེ་ལས་ཐར་ན་སྔར་རབ་ཏུ་ཁྲུས་བྱས་ཏེ། གདོད་ཁྱིམ་དུ་འགྲོའོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། མཐར་ཡོངས་སུ་དག་པའོ། ། མཐར་ཡོངས་སུ་དག་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་མ་བྱས་པར་བདེ་བའོ། ། མ་བྱས་པར་བདེ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་ཐམས་ཅད་སྤྱུགས་པའི་ཕྱིར་རོ།། དཔེར་ན་མི་ཞིག་མཚོར་བར་སྦྲུལ་གདུགས་པས་ཟིན་ན། གདུག་པ་མེད་པར་བྱ་བའི་ཕྱིར་སྐྱུགས་སྨན་གཏོང་ངོ་།། སྐྱུགས་ན་དུག་མེད་པར་འགྱུར་ཏེ་ལུས་བདེའོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། ཀུན་ནས་ཉོན་མོངས་པས་གདུག་པ་ཐམས་ཅད་སྐྱུགས་པས་ལུས་བདེ་བར་འགྱུར་ཏེ་མ་བྱས་པར་བདེ་བ་ཞེས་བྱའོ། ། མ་བྱས་པར་བདེ་བ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། ། གཞན་ཡང་རྣམ་པར་གྲོལ་བ་ནི་ཉོན་མོངས་པ་རྣམ་པ་བཞིའི་སྦྲུལ་གདུག་པ་བཅད་པ་ཞེས་བྱའོ།། ཉོན་མོངས་པ་བཅད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་སྲིད་པ་ཐམས་ཅད་སྤངས་ཏེ། སྡུག་བསྔལ་ཐམས་ཅད་བགགས་པ། བདེ་བ་ཐམས་ཅད་ཐོབ་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཐམས་ཅད་ཡོངས་སུ་བཅད་དེ། ཀུན་ནས་ཉོན་མོངས་པའི་རྩ་བ་ཐམས་ཅད་འབྱིན་པའོ།། ཉོན་མོངས་པའི་རྩ་བ་འབྱིན་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་འདུས་བྱས་པའི་ཆོས་ཐམས་ཅད་ཡོངས་སུ་བཅད་ནས། ཟག་པ་མེད་པའི་ཆོས་ཐམས་ཅད་བསྐྱེད་པ། རྒྱུད་ཐམས་ཅད་བཅད་པ་འདི་ལྟ་སྟེ། བདག་དང་བདག་མེད་པ་དང་བདག་མ་ཡིན་པ་བདག་མེད་པ་མ་ཡིན་པའོ། ། ཆགས་ཤིང་འཛིན་པ་འབའ་ཞིག་གཅོད་ཀྱི། བདག་ཏུ་ལྟ་བ་བཅད་པ་མ་ཡིན་ནོ།། བདག་ཏུ་ལྟ་བ་ནི་སངས་རྒྱས་ཀྱི་རང་བཞིན་ནོ།། སངས་རྒྱས་ཀྱི་རང་བཞིན་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་མི་སྟོང་པའི་སྟོང་པའོ།། སྟོང་པའི་སྟོང་པ་ཞེས་བྱ་བ་ནི་ཙའང་མེད་པའོ།། ཅིའང་མེད་པ་ནི་མུ་སྟེགས་ཅད་གཅེར་བུ་པ་ལ་སོགས་པའི་རྣམ་པར་གྲོལ་བ་ལྟ་བུའོ།། གཅེར་བུ་པ་ལ་ནི་ཡང་དག་པར་རྣམ་པར་གྲོལ་བ་མེད་པས་སྟོང་པའི་སྟོང་པ་ཞེས་བྱའོ། ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་པས་མི་སྟོང་པའི་སྟོང་པའོ།། མི་སྟོང་པའི་སྟོང་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་མོ་སྟོང་པའོ།། དཔེར་ན་ཆུ་དང་། མར་དང་། ཞོ་དང་། ཆང་དང་། སྦྲང་རྩིའི་སྣོད་རྗེའུ་ལྟ་བུ་ཆུ་དང་། མར་དང་། ཞོ་དང་། ཆང་དང་། སྦྲང་རྩི་མེད་ཀྱང་། དེ་ལ་ཆུ་ལ་སོགས་པའི་རྫིཊ་ཞེས་འདོགས་ཏེ། རྗེའུ་དེ་ལ་ནི་སྟོང་ཞེས་འམ། མི་སྟོང་ཞེས་གདགས་སུ་མེད་དོ། ། དེ་ལ་སྟོང་ཞེས་བྱ་བར་གཟུགས་དང་། དྲི་དང་། ཐོ་བ་དང་། རེག་བྱ་ཞེས་གདགས་སུ་མི་རུང་ངོ་།། མི་སྟོང་ཞེས་བྱ་བར་ནི་ཆུ་ལ་སོགས་པ་གང་ཡང་མེད་དོ། ། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། གཟུགས་ཤེ་འམ། གཟུགས་མ་ཡིན་ཞེ་འམ། སྟོང་ཞེ་འམ། མི་སྟོང་ཞེས་གདགས་སུ་མེད་དོ།། གལ་ཏེ་སྟོང་ཞེས་བྱར་ནི་རྟག་པ་དང་། བདེ་བ་དང་། བདག་དང་། དག་པ་ཞེས་བྱ་བར་མི་རུང་ངོ་།། མི་སྟོང་ཞེས་བྱར་ནི་རྟག་པ་དང་། བདེ་བ་དང་། བདག་དང་། དག་པ་སུ་ས་མྱོང་སྟེ། དོན་དེ་ལྟ་བས་ན་སྟོང་ཞེ་འམ། མི་སྟོང་ཞེས་གདགས་སུ་མེད་དོ།། འདི་ལྟ་སྟེ། སྲིད་པ་ཉི་ཤུ་ལྔ་པོ་དང་། ཀུན་ནས་ཉོན་མོངས་པ་དང་། སྡུག་བསྔལ་ཐམས་ཅད་དང་། མཚན་མ་ཐམས་ཅད་དང་། འདུས་བྱས་ཀྱི་འདུ་བྱེད་ཐམས་ཅད་མེད་པའི་ཕྱིར་རྫེའུ་ན་ཞོ་མེད་པ་དང་འདྲ་སྟེ། སྟོང་པ་ཞེས་བྱའོ།། མི་སྟོང་པ་ཞེས་བྱ་བ་ནི་ཡང་དག་པའི་གཟུགས་རྟག་པ། བདེ་བ། བདག་དང་། དག་པ་ཞེས་བྱ་བ་མི་གཡོ་བ། མི་འཕོ་བ། དཔེར་ན་རྫེའུའི་གཟུགས་དང་། དྲི་དང་། བྲོ་བ་དང་། རེག་བྱ་ཡོད་པས་མི་སྟོང་ཞེས་བྱ་སྟེ། དེ་བས་ན་རྣམ་པར་གྲོལ་བ་ནི་རྫེའུ་དེ་དང་འདྲའོ།། རྫེའུ་དེ་ནི་རྐྱེན་དང་ཕྲད་ན་ཆག་པར་འགྱུར་གྱི། རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་ཏེ་གཞིག་ཏུ་མེད་དོ། ། གཞིག་ཏུ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ།། ཡང་དག་པར་རྣམ་པར་གྲོ་བ་དེ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་འདོད་པ་དང་བྲལ་བའོ། ། དཔེར་ན་གང་ཟག་ནི་འདོད་པའི་སེམས་དང་ལྡན་པས་བརྒྱ་བྱིན་ལྷའི་དབང་ཕྱུག་དང་། ཚངས་པའི་རྒྱལ་པོ་དང་། དབང་སྒྱུར་རྒྱལ་པོ་ལའང་རེའོ།། རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་ཏེ། གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ན། འདོད་པ་མེད་དེ་ཐེ་ཚོམ་མེད་དོ།། འདོད་པ་མེད་ལ་ཐེ་ཚོམ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གལ་ཏེ་རྣམ་པར་གྲོལ་བ་འདོད་པ་དང་ཐེ་ཚོམ་ཡོད་ཅེས་ཟེར་ན་དེ་ནི་གནས་མ་ཡིན་ནོ། ། གཞན་ཡང་རྣམ་པར་གྲོལ་བ་ནི་སྲིད་པའི་འདོད་པ་དང་། མཚན་མ་ཐམས་ཅད་དང་། རྣམ་པར་འཚང་བ་ཐམས་ཅད་དང་། ཀུན་ནས་ཉོན་མོངས་པ་ཐམས་ཅད་དང་། འཁོར་བ་ཐམས་ཅད་དང་། རྒྱུ་དང་རྐྱེན་ཐམས་ཅད་དང་། རྣམ་པར་སྨིན་པའི་འབྲས་བུ་ཐམས་ཅད་ཡོངས་སུ་བཅད་པའོ།། དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། ། དེ་བཞིན་གཤེགས་པ་ནི་མྱ་ངན་ལས་འདས་པའོ།། སེམས་ཅན་ཐམས་ཅད་ནི་འཁོར་བའི་ཉོན་མོངས་པས་འཇིགས་པའི་ཕྱིར་སྐྱབས་སུ་འགྲོ་བ་གསུམ་ལ་གཞོལ་ལོ།། དཔེར་ནི་རི་དགས་ནི་རྔོན་པས་འཇིགས་ཏེ། ཅི་སྟེ་བགེགས་ལས་ཐར་ན་མཆོངས་པ་གཅིག་བྱེད་དེ། དེ་ནི་སྐྱབས་སུ་འགྲོ་བ་གཅིག་གོ།། དེ་ལྟར་མཆོངས་པ་གསུམ་བྱེད་པ་ནི་སྐྱབས་སུ་འགྲོ་བ་གསུམ་གྱི་དཔེའོ། ། མཆོངས་པ་གསུམ་བྱས་པས་བདེ་བར་འགྱུར་རོ།། སོ་སོའི་སྐྱེ་བོའང་དེ་དང་འདྲ་སྟེ། བདུད་རྣམ་བཞིའོ་རྔོན་གྱིས་འཇིགས་པས་སྐྱབས་སུ་འགྲོ་བ་གསུམ་ལ་གཞོལ་བར་བྱེད་དོ། ། སྐྱབས་སུ་འགྲོ་བ་གསུམ་ལ་ཕྱོགས་པས་བདེ་བར་འགྱུར་རོ།། གང་བདེ་བར་འགྱུར་བ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། ། དེ་བཞིན་གཤེགས་པ་ནི་མྱ་ངན་ལས་འདས་པའོ།། མྱ་ངན་ལས་འདས་པ་ནི་ཟད་མི་ཤེས་པའོ།། ཟད་མི་ཤེས་པ་ནི་སངས་རྒྱས་ཀྱི་རང་བཞིན་ནོ།། སངས་རྒྱས་ཀྱི་རང་བཞིན་ནི་གདོན་མི་ཟ་བའོ། ། གདོན་མི་ཟ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོང་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གལ་ཏེ་མྱ་ངན་ལས་འདའ་བ་དང་། སངས་རྒྱས་ཀྱི་རང་བཞིན་དང་། གདོན་མི་ཟ་བ་དང་། དེ་བཞིན་གཤེགས་པ་དོན་གཅིག་པ་ལགས་ན། ཅིའི་སླད་དུ་སྐྱབས་སུ་མཆི་བ་གསུམ་དུ་གསུངས། བཅོམ་ལྡན་འདས་ཀྱི། འོད་སྲུངས་ལ་བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཅན་དག་ནི་འཁོར་བས་སྐྲག་ནས་སྐྱབས་སུ་འགྲོ་བ་གསུམ་ལ་ཕྱོགས་སོ། ། སྐྱབས་སུ་འགྲོ་བ་གསུམ་གྱིས་ན་སངས་རྒྱས་ཀྱི་རང་བཞིན་དང་། གདོན་མི་ཟ་བ་དང་། མྱ་ངན་ལས་འདའ་བ་ཡིན་པར་རིག་པར་བྱའོ། ། རིགས་ཀྱི་བུ་ཆོས་ཁ་ཅིག་ནི་མིང་གཅིག་ལ་དོན་ཐ་དད་དོ།། ཆོས་ཁ་ཅིག་ནི་མོང་དང་དོན་གཉིས་ཀ་ཐ་དད་དོ།། མིང་གཅིག་ལ་དོན་ཐ་དད་པ་ནི་སངས་རྒྱས་རྟག་ཅེས་བྱ་བ་དང་། ཆོས་རྟག་པ་དང་། དགེ་སློང་གི་དགེ་འདུན་རྟག་པ་དང་། མྱ་ངན་ལས་འདའ་བ་དང་། ནམ་མཁའ་རྟག་ཅེས་བྱ་བ་ནི་མིང་གཅིག་ལ་དོན་ཐ་དད་པ་ཞེས་བྱའོ།། མིང་དང་དོན་གཉིས་ཀ་ཐ་དད་པ་ནི་སངས་རྒྱས་ནི་མིང་ཚོར་བའོ།། ཆོས་ནི་མ་ཚོར་བ། དགེ་འདུན་གྱི་ནི་འདུམ་པ། མྱ་ངན་ལས་འདའ་བ་ནི་རྣམ་པར་གྲོལ་བ། ནམ་མཁའ་ནི་དགེ་བ་མ་ཡིན་པ། ཐོགས་པ་མེད་པ་ཞེས་ཀྱང་བྱ་སྟེ། དེ་ནི་མིང་དང་དོན་གཉིས་ཀ་ཐ་དད་པ་ཞེས་བྱའོ།། རིགས་ཀྱི་བུ་སྐྱབས་སུ་འགྲོ་བ་གསུམ་ཡང་དེ་དང་འདྲ་སྟེ། མིང་དང་དོན་གཉིས་ཀ་ཐ་དད་དོ། ། དེ་ལ་དོན་གཅིག་ཅེས་བྱ་བ་གང་ཞེ་ན། དེ་བས་ན་ངས་སྐྱེ་དགུའི་བདག་མོ་གོའུ་ཏ་མ་ལ་བཀའ་སྩལ་པ། གོའུ་ཏ་མ་ངལ་མ་མཆོད་པར་དགེ་འདུན་ལ་མཆོད་ཅིག་དགེ་འདུན་ལ་མཆོད་ན་དཀོན་མཆོག་གསུམ་ལ་མཆོད་པ་ཞེས་བྱ་བའོ། ། དེ་ནས་སྐྱེ་དགུའི་བདག་མོས་འདི་སྐད་ཅེས་གསོལ་ཏོ།། དགེ་འདུན་གྱི་ནང་ན་སངས་རྒྱས་དང་ཆོས་ཀྱང་མེད་ན། ཅིའི་ཕྱིར་དགེ་འདུན་ལ་མཆོད་པས་དཀོན་མཆོག་གསུམ་ལ་མཆོད་པར་འགྱུར། དེ་ལ་ངས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཁྱོད་ཀྱིས་ངས་བསྟན་པ་བཞིན་བྱེད་པ་ནི་སངས་རྒྱས་ལ་མཆོད་པའོ། ། རྣམ་པར་གྲོལ་བར་འདོད་པས་ཆོས་ལ་མཆོད་པའོ།། དགེ་འདུན་པ་ཞེས་པས་ན་དགེ་འདུན་ལ་མཆོད་པའོ།། དེ་བས་ན་རིགས་ཀྱི་བུ་དཀོན་མཆོག་གསུམ་གཅིག་ཅེས་བྱར་མི་རུང་ངོ་། ། རིགས་ཀྱི་བུ་བཅོམ་ལྡན་འདས་ནི་སྐབས་ཁ་ཅིག་ཏུ་གཅིག་ལ་གསུམ་དུ་གསུང་ངོ་།། སྐབས་ཁ་ཅིག་ཏུ་ནི་གསུམ་ཡང་གཅིག་ཏུ་གསུངས་ཏེ། དེ་བས་ན་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ནི་ཉེན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པར་ནུས་པ་མ་ཡིན་ནོ། ། འོད་སྲུངས་ཀྱིས་ཡང་གསོལ་པ། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་མཐར་བདེ་བ་ནི་མྱ་ངན་ལས་འདས་པའོ་ཞེས་གསུངས་པའི་དོན་ཇི་ལྟ་བུ་ལགས། མྱ་ངན་ལས་འདས་པ་ཞེས་བགྱི་བ་ནི་ལུས་ལ་བཏང་སྙོམས། ཡེ་ཤེས་ལ་བཏང་སྙེན། པ་ལགས་ཏེ། ལུས་དང་ཡེ་ཤེས་ལ་བཏང་སྙོམས་ན་བདེ་བ་སུས་མྱོང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན་མི་ཞིག་འགྲངས་པར་ཟོས་པའི་འོག་ཏུ། ཁོང་པ་མི་བདེ་བ་ལས་ཕྱི་རོལ་ཏུ་སོང་སྟེ་སྤྱུགས་ནས་ཕྱིར་འོངས་ན། གྲོགས་པོ་དག་དེ་ལ་ཁྱོད་མི་བདེ་བ་ཇི་ལྟར་སོས་སམ་ཞེས་འདྲིའོ།། དེས་སྨྲས་པ། སོས་ཏེ་མི་བདེ་བ་མེད་ཅེས་ཟེར་རོ། ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། མཐར་སྲིད་པ་ཉི་ཤུ་ལྔ་པོ་དང་བྲལ་ནས་ཡོངས་སུ་མྱ་ངན་ལས་འདས་ཏེ། རབ་ཏུ་བདེ་བའི་གནས་སུ་བྱིན་པས་བསྟོད་དུ་མདུ། ཟད་པ་དང་འགོག་པ་ཞེས་ཐུབ་མེད་དེ། ཚོར་བ་ཐམས་ཅད་བཅད་པས་བདེ་བར་ཚོར་བ་མེད་པ་ཞེས་བྱའོ།། དེ་སྟེར་ཚོར་བཐོང་བ་མེད་པན་རྟག་པ་བདེ་བཞེས་བྱའོ།། གང་ཞིག་དེ་བཞིན་གཤེགས་པ་ལ་བདེ་བར་ཚོར་བ་ཡོད་ཅེས་བྱ་བ་དེ་ནི་གནས་མེད་དོ།། དེ་བས་ན་མཐར་བདེ་བ་ནི་མྱ་ངན་ལས་འདས་པའོ།། མྱ་ངན་ལས་འདས་པ་དེ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། འོད་སྲུངས་ཀྱིས་ཡང་གསོལ་པ། མི་སྐྱེ་མ་འགོག་པ་རྣམ་པར་གྲོལ་བ་ལགས་སམ། དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། རིགས་ཀྱི་བུ་མི་སྐྱེ་མི་འགོག་པ་ནི་རྣམ་པར་གྲོལ་བའོ།། དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། འོད་སྲུངས་ཀྱིས་ཡང་གསོལ་པ། གལ་ཏེ་མི་སྐྱེ་མ་འགོག་པབ་དེ་རྣམ་པར་གྲོལ་བ་ལགས་ན། ནམ་མཁའི་མཚན་ཉིད་ཀྱང་མི་སྐྱེ་མི་འགོག་ན། དེའང་དེ་བཞིན་གཤེགས་པ་ལགས་སམ། དེ་བཞིན་གཤེགས་པ་ནི་རྣམ་པར་གྲོལ་བ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལྟ་མ་ཡིན་ནོ།། དེ་ཅིའི་ཕྱིར་དེ་ལྟ་མ་ཡིན་ཞེ་ན། རིགས་ཀྱི་བུ་དཔེར་ན་བྱ་ཀ་ལན་ཏ་ཀ་དང་། འཚོ་བ་འཚོ་བྱེད་ན་ཤིན་ཏུ་ལ་ཤ་དུ་ཥྚཱན་པ་ཡིན་ན། 2གས་ཀྱི་སྤྱ་དང་འདྲུ། སྣ་ལགས་སོ།། བཅོམ་ལྡན་འདས་ལ་ཤེགས་ན་ཤཱནྡྷ་དྷ་ཤཱ་ཙྪ་ཝཱན་ཏེ། འཚོ་བ་འདྨོ་བྱེད་དང་དུ་མ་མཆིས་ཏེ། སྟོང་གི་ཆར་ཡང་བསྐྲུན་དུ་མ་མཆིས་སོ།། འོད་སྲུངས་ཀྱིས་ཡང་གསོལ་པ། བྱ་ཀ་ལན་ཏ་ཀ་ལ་སོགས་པ་ནི་སྐད་ཀྱང་ཤིན་ཏུ་སྙན་ལ་ལུས་ཀྱང་མི་འདྲན་ཅིའི་སླད་དུ་དེ་བཞིན་གཤེགས་པས་ཁྱིགས་ཀྱི་དཔེར་གསུང། རི་རབ་ཀྱི་དཔེ་ཡུངས་ཀར་ལ་ལེན་པ་དང་མཚུངས་ཏེ། བཅོམ་ལྡན་འདས་དང་ནམ་མཁའ་ཡང་དེ་བཞིན་ནོ།། བྱ་ཀ་ལན་ཏ་ཀའི་སྐད་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་གི་དཔེར་རུང་གི། ཁྭ་སྐེགས་ཀྱི་སྐད་ཀྱི་དཔེར་མི་རུང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཤིན་ཏུ་ལེགས་སོ།། ཤིན་ཏུ་ལེགས་སོ།། ཁྱོད་ནི་ཤིན་ཏུ་ཟབ་མོའི་དོན་ལ་ཤིན་ཏུ་མཁས་ཏེ། བཞིན་གཤེགས་པ་ནི་སྐབས་ཁ་ཅིག་ཏུ་རྒྱུ་དང་རྐྱེན་ལ་གཟིགས་ནས། ནམ་མཁའ་ཡང་རྣམ་པར་གྲོལ་བའི་དཔེར་གསུངས་སོ།། དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། ། ཡང་དག་པར་རྣམ་པར་གྲོལ་བ་ནི་འཇིག་རྟེན་དུ་བཅས་པ་ལྷ་དང་མི་ཐམས་ཅད་ཀྱིས་བསྐྲུན་དུ་མེད་དེ། ནམ་མཁའ་འདི་ནི་ཡང་དག་པར་དཔེར་མི་རུང་མོད་ཀྱི། སེམས་ཅན་གདུལ་བའི་ཕྱིར་ན་མཁའ་ལྟ་བུར་དཔེར་མི་རུང་ཡང་དཔེར་གསུངས་ཏེ། དེ་བས་ན་རྣམ་པར་གྲོལ་བ་ཉིད་དེ་བཞིན་གཤེགས་པར་རིག་པར་བྱའོ།། དེ་བཞིན་གཤེགས་པ་ཉིད་ནི་རྣམ་པར་གྲོལ་བའོ། ། རྣམ་པར་གྲོལ་བ་དང་དེ་བཞིན་གཤེགས་པ་ནི་གཉིས་སུ་མེད་ལ་དབྱེར་མེད་དོ།། རིགས་ཀྱི་བུ་དཔེར་མི་རུང་ཞེས་བྱ་བ་ནི་བསྐྲུན་དུ་མེད་པའི་དངོས་པོ་དག་ནི་དཔེར་དྲང་དུ་མི་རུང་ཡང་། རྒྱུ་དང་རྐྱེན་ཁ་ཅིག་གི་སྐབས་སུ་དཔེར་དྲང་དུའང་ཡོད་དོ།། མདོ་སྡེ་དག་ལས་ཀྱང་གསུངས་ཏེ། ཞལ་ནི་ཟླ་བ་གང་བ་དང་འདྲ་བ་ཞེས་བྱ་བ་དང་། བལ་གྱི་གླང་པོ་ཆེ་ཤིན་ཏུ་དཀར་བ་ནི་གེངས་ཀྱི་རོ་དང་འདྲའོ་ཞེས་བྱ་བ་ཟླ་བ་གང་བ་ཞལ་ཡིན་ཞེས་བྱར་མི་རུང་ལ། གངས་ཀྱི་རིའི་ང་བལ་གྱི་གླང་པོ་ཆེ་ཡིན་ཞེས་བྱར་མི་རུང་སྟེ། རིགས་ཀྱི་བུ་དཔེས་རྣམ་པར་གྲོལ་བ་ལ་དཔེ་བྱར་མི་རུང་མོད་ཀྱི། སེམས་ཅན་གདུལ་བའི་ཕྱིར་ན་དཔེ་བསྟན་པ་ཡིན་ནོ།། དཔེ་མང་པོས་ཆོས་རྣམས་ཀྱི་ཆོས་ཉིད་རིག་པར་འགྱུར་བའང་དེ་བཞིན་ནོ།། འོད་སྲུངས་ཀྱིས་ཡང་གསོལ་པ། ཅིའི་སླད་དུ་ན་དེ་བཞིན་གཤེགས་པས་རྣམ་པ་གཉིས་སུ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན་མི་ཞིག་རལ་གྲི་ཐོགས་ཏེཞེ་སྡང་གི་སེམས་ཀྱིས། དེ་བཞིན་གཤེགས་པ་ལ་གསོད་དུ་འོངས་ན། དེ་ལ་དེ་བཞིན་གཤེགས་པས་མི་ཁྲོ་ཞིང་མདངས་དང་ཆས་ན། མི་དེས་དེ་བཞིན་གཤེགས་པ་ལ་གསོད་པའི་མཚམས་མེད་པའི་ལས་སུ་འགྱུར་རམ། མ་ལགས་སོ།། བཅོམ་ལྡན་འདས་ཅན་སྱཱད་དུཙྪིན། དེ་བཞིན་གཤེགས་པའི་སུན་གནག་མོ་ནུས་པར་གྱུར་རོ།། དེའང་ཛ་ཀྟ་ཞེ་ནཱ། ཐཱ་སྣརུ་བོ་ནི་མ་མཆིས་ཀྱི། ཆོས་ཉིད་འབའ་ཞིག་དང་ལྡན་ཏེ། ཆོས་རྣམས་ཀྱི་ཆོས་ཉིད་ནི་གཞིག་ཏུ་མི་རུང་བ་ལགས་ན། གང་ཟག་དེས་སངས་རྒྱས་ཀྱི་སྐུ་གཞིག་ཀ་ལ་ནུས་མོདཀྱི། པའི་སེམས་དང་བཅས་པས་མཚམས་མ་མཆིས་པའི་ལས་སུ་ནི་འགྱུར་རོ།། དེའི་སླད་དུ་དཔེར་ན། ཆོས་རྣམས་ཀྱི་ཆོས་ཉིད་རིག་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤིན་ཏུ་ལེགས་སོ།། ཤིན་ཏུ་ལེགས་སོ།། རིགས་ཀྱི་བུ་ངས་གསུངས་པ་ལས་ཁྱོད་ཀྱིས་སྔར་གསོལ་བ་ལེགས་སོ། ། རིགས་ཀྱི་བུ་དཔེར་ན་མི་སྡིག་ཅན་ཞིག་མ་གསད་པར་བསམས་ནས། ཞིང་གི་ལས་བྱེད་པར་མ་ཟན་སྐྱེལ་དུ་འོངས་པ་ལས། དེ་ལ་གསད་པར་བསམས་ནས། རལ་ཟི་བརྡར་ནས་ཆས་པ་ལས། མས་ཚོར་ནས་ཁྲེ་འབྲས་སྤུངས་པའི་ཕུང་པོར་ཞུགས་ཏེ། མི་དེས་རལ་གྲི་ཐོགས་ཏེ་ཁྲེ་འབྲས་ཀྱི་ཕུང་པོ་ལ་བསྐོར་ཅིང་རལ་གྲོས་བཏབ་ན། དེནི་སོད་དོ་སྙམ་ནས་དགའ་བའི་སེམས་སྐྱེས་སོ།། ཕྱིས་དེའི་མཁྲེ་འབྲས་ཀྱི་ཕུང་པོའི་ནང་ནས་བྱུང་སྟེ། ཕྱིར་ཁྱིམ་དུ་འོངས་ན་དེ་ཁྱོད་ཀྱི་ཡིད་ལ་ཛ~ཾ་སྙམ། མི་དེ་མཚམས་མེད་པའི་སྡིག་བྱས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་གཅིག་ཏུ་ངེས་པ་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། དེ་ལ་སྡིག་པ་མཆིས་ཤེས་བགྱིར་ནི་མའི་ལུས་ཞིག་པར་གྱུར་པ་མ་ལགས། ལུས་ཞིག་པར་མ་གྱུར་ན་སྡིག་པ་མཆིས་ཤེས་བགྱིར་ག་ལ་རུང་། སྡིག་པ་མ་མཆིས་ཤེས་བགྱིར་ནི་སོད་དོ་སྙམ་བསམས་ནས་དགའ་བའི་སེམས་ཀྱང་བསྐྱེད་ན། མ་མཆིས་ཤེས་བགྱིར་ཡང་ག་ལ་རུང་སྟེ། མི་དེས་མཚམས་མེད་པ་རྫོགས་པ་མ་ལགས་པ་ནི་མ་ལགས་མོད་ཀྱི། འོན་ཀྱང་མཚམས་མ་མཆིས་པའི་ལས་བགྱིས་སོ།། རྒྱུ་དང་རྐྱེན་དེ་ལྟ་བས་ན་ཆོས་རྣམས་ཀྱི་ཆོས་ཉིད་རིག་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་ལེགས་སོ།། ཤིན་ཏུ་ལེགས་སོ།། རིགས་ཀྱི་བུ་རྒྱུ་དང་རྐྱེན་དེ་ལྟ་བས་ན། ངས་རྣམ་པ་སྣ་ཚོགས་ཀྱི་ཐབས་དང་དཔེས། རྣམ་པར་གྲོལ་བའི་དཔེར་གསུངས་པ་ཡིན་ནོ།། དཔེ་རྣམ་པ་གྲངས་མེད་ཚད་མེད་པ་སྙེད་ཀྱིས་དཔེར་བསྟན་ཀྱང་། ཡང་དག་བཔར་ན་དཔེར་བསྐྲུན་དུ་མེད་དེ། རྒྱུ་དང་རྐྱེན་ཁ་ཅིག་གི་སྐབས་སུ་དཔེས་བསྟན་དུ་རུང་ངོ་།། རྒྱུ་དང་རྐྱེན་ཁ་ཅིག་གི་སྐབས་སུ་ནི་དཔེར་བསྟན་དུ་མི་རུང་སྟེ། དེ་བས་ན་རྣམ་པར་གྲོལ་བ་ནི་དེ་ལྟ་བུ་ཡོན་ཏན་ཚད་མེད་པ་དང་ལྡན་ཏེ་མྱ་ངན་ལས་འདས་པ་ལ་ཞུགས་སོ། ། མྱ་ངན་ལས་འདའ་བ་དང་། དེ་བཞིན་གཤེགས་པ་ལའང་དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་དང་ལྡན་ནོ།། དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་དང་ལྡན་ཏེ། ཕུན་སུམ་ཚོགས་པའི་ཕྱིར་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་བདག་གིས་ནི་དེ་བཞིན་གཤེགས་པ་བྱོན་པའི་གནས་གདོད་འཚལ་ཏེ། བས་མི་འཚལ་བའི་གནས་སོ།། དེ་ལྟར་བས་མི་འཚལ་བས་ན། སྐུ་ཚེའི་ཚད་ཀྱང་བས་མི་འཚལ་བའི་རིག་པར་བགྱིའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ།། རིགས་ཀྱི་བུ་ཁྱོད་ནི་ཡང་དག་པའི་ཆོས་ཤིན་ཏུ་འཛིན་ཅིང་བསྲུངས་པའོ། ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཀུན་ནས་ཉོན་མོངས་པས་རྣམ་པར་བཅིངས་པ་གཅོད་འདོད་པ་དག་ནི་དེ་ལྟར་དམ་པའི་ཆོས་གཟུང་ཞིང་བསྲུང་བར་བྱའོ།། ། ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་བམ་པོ་དྲུག་པ།། རིགས་ཀྱི་བུ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ཤིན་ཏུ་ཟབ་མོ་འཇ་ལས་གང་ཟག་རྣམ་པ་བཞིས་ཡང་དག་པའི་ཆོས་སྲུང་ཞིང་། ཡང་དག་པའི་ཆོས་རྣམ་པར་འཇོག་པ་དང་། ཡང་དག་པའི་ཆོས་ཡིད་ལ་བྱེད་ནུས་ཤིང་། འཇིག་རྟེན་དུ་བཅས་པ་ལ་སྙིང་བརྩེ་བབ་དང་། འཇིག་རྟེན་དུ་བཅས་པའི་རྟེན་དང་གནས་སུ་འགྱུར་ཞིང་། ལྷ་དང་མི་མང་པོ་ལ་ཕན་པ་དང་བདེ་བའི་དོན་བྱེད་པར་འགྱུར་རོ།། གང་ཟག་བཞི་པོ་གང་ཞེ་ན། གང་ཟག་གང་འཇིག་། རྟེན་ལས་འདསཏེ། ཉོན་མོངས་པའི་མཚན་ཉིད་དང་ལྡན་པ་ནི་རྒྱུན་ཏུ་ཞུགས་པ་ཞེས་བྱ་སྟེ་གཅིག་གོ། གང་ཟག་ལན་ཅིག་ཕྱིར་ལྡོག་པ་ནི་གཉིས་སོ།། ལན་ཅིག་ཕྱིར་མི་ལྡོག་པ་ནི་གསུམ་མོ། ། དགྲ་བཅོམ་པ་ནི་བཞིའོ།། གང་ཟག་རྣམ་པ་བཞི་པོ་འདི་དག་འཇིག་རྟེན་དུ་བྱུང་ན། འཇིག་རྟེན་དུ་བཅས་པ་ལ་སྙིང་བརྩེ་ཞིང་། འཇིག་རྟེན་དུ། བཅས་པའི་རྟེན་དང་གནས་སུ་འགྱུར་ཏེ། ལྷ་དང་མི་མང་པོ་ལ་ཕན་པ་དང་བདེ་བའི་དོན་བྱེད་པར་འགྱུར་རོ།། དེ་ལ་ཉོན་མོངས་པའི་མཚན་ཉིད་དང་ལྡན་པ་གང་ཞེ་ན། དེ་ལ་གང་ཟག་ཞིག་ཚུལ་ཁྲིམས་ཡོངས་སུ་སྡོམ་ཞིང་སྤྱོད་ལམ་མི་ཉམས་པས། ཡང་དག་པའི་ཆོས་རྣམ་པར་གཞག་ནས། སངས་རྒྱས་ལས་ཇི་སྐད་དུ་ཐོས་པ་བཞིན་དུ་ཡི་གེ་དོན་ལ་མཁས་ཏེ།། གཞན་ལའང་རྒྱས་པར་འཆད་ཅིང་སྟོན་པ་ནི། འདི་ལྟ་སྟེ། འདོད་པ་ཉུང་བ་དང་། འདོད་པ་མང་བ་དང་། བྱང་ཆུབ་ཡིན་པ་ལ་སོགས་པ་སྐྱེས་བུ་ཆེན་པོ་ཡ་བརྒྱད་ཀྱི་ཆོས་རྒྱས་པར་སྟོན་པའོ། ། གང་ཉེས་བྱུང་བའི་རྣམས་ཀྱང་འཐོལ་ཞིང་འགྱོད་ཚངས་བྱེད་དུ་བཅུག་ནས་ཉེས་པ་བྱང་བར་བྱེད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐབས་དང་། སྤྱོད་པ་དང་། དགོངས་ཏེ་གསུངས་པའི་ཆོས་ལ་ཤིན་ཏུ་མཁས་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཞེས་བྱའི། སྐྱེས་བུ་ཡ་བརྒྱད་པོ་མ་ཡིན་ནོ།། སྐྱེས་བུ་ཡ་བརྒྱད་པོ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཞེས་མི་བྱ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱའི། སངས་རྒྱས་ཞེས་བྱ་བ་ནི་མ་ཡིན་ནོ།། སྐྱེས་བུ་གཉིས་པོ་ནི་རྒྱུན་དུ་ཞུགས་པ་ཞེས་བྱའོ།། ལན་ཅིག་ཕྱིར་ལོག་པ་ནི་ཡང་དག་པའི་ཆོས་རྙེད་དམ། ཡང་དག་པའི་ཆོས་འཛིན་ཏམ། སངས་རྒྱས་ལས་ཆོས་ཐོས་ན། ཇི་ལྟར་ཐོས་པ་བཞིན་དུ་གླེགས་བམ་དུ་འདྲི་ཞིང་། འཆང་བ་དང་། ཀློག་པ་དང་། འདོན་པ་དང་། གཞན་ལའང་རྒྱས་པར་སྟོན་ཅིང་འཆད་དོ། ། དེ་ཆོས་ཐོས་ནས་མི་འདྲི་བ་དང་འཆང་བ་འམ། འཛིན་པར་མི་བྱེད་པ་དང་། གཞན་ལའང་མི་འཆད་དེ། བྲན་པོ་དང་། བྲན་མོ་ལ་སོགས་པ་མ་བརྟགས་པའི་དངོས་པོ་དག་སངས་རྒྱས་ཀྱིས་འཆང་དུ་གནང་ངོ་ཞེས་སྨྲ་བའི་གནས་མེད་དེ། དེ་ནི་གང་ཟག་གཉིས་པ་ཞེས་བྱ་སྟེ། གང་ཟག་དེ་ནི་གཉིས་པོ་དང་། གསུམ་པོའི་ས་ཐོབ་པའང་མ་ཡིན་ལ། བྱང་ཆུབ་སེམས་དཔའ་ལུང་བསྟན་པ་ཞེས་ཀྱང་མི་བྱའོ། ། གང་ཟག་གསུམ་པོ་ནི་ལན་ཅིག་ཕྱིར་མི་ལྡོག་པ་ཞེས་བྱ་སྟེ། ལན་ཅིག་ཕྱིར་མི་ལྡོག་པ་ནི་ཡང་དག་པའི་ཆོས་ལ་སྐུར་པ་འམ། ཟན་པོ་དང་། བྲན་མོ་དང་། ལས་བྱེད་པའི་མི་ལ་སོགས་པ་མ་བརྟགས་པའི་དངོས་པོ་དག་འཆང་དུ་གནང་ཞེའམ། མུ་སྟེགས་ཅན་གྱི་གཙུག་ལག་དང་ཡི་གེ་ལ་སློབ་ཅིང་འཛིན་ཅེ་འམ། ཀུན་ནས་ཉོན་མོངས་པས་སྒྲིབ་པར་འགྱུར་ཞེ་འམ། བག་ལ་ཉལ་བའི་ཉོན་མོངས་པས་སྒྲིབ་ཅིང་གཡོག་པར་འགྱུར་ཞེ་འམ། དེ་བཞིན་གཤེགས་པའི་སྐུ་གདུང་ཡང་དག་པ་སྦེད་ཅིང་འཆབ་ཅེ་འམ་ཕྱི་རོལ་གྱི་ནད་རྣམ་པ་མང་པོས་འཚེ་ཞིང་གནོད་པར་འགྱུར་ཞེའམ། སྦྲུལ་གདུག་པ་རྣམ་པ་བཞིས་ཟིན་པར་འགྱུར་ཞེ་འམ། བདག་ཏུ་སྨྲ་བ་ལ་སོགས་པའི་གནས་མེད་ཀྱི། བདག་ཉིད་པར་སྨྲ་བའི་གནས་ནི་ཡོད་དོ།། འཇིག་རྟེན་གྱི་ཆོས་ལ་ཆགས་པར་སྨྲ་བའི་གནས་ནི་མེད་ཀྱི། ཐེག་པ་ཆེན་པོ་བར་ཆད་ཀྱི་རྒྱུན་མེད་པར་སྟོན་པའི་གནས་ནི་ཡོད་དོ།། གང་ལུས་ལེན་པ་དེ་ལ་སྲིན་བུ་བརྒྱད་ཁྲོས་བཟའ་བའི་གནས་ནི་མེད་ཀྱི། འདོད་ཆགས་ཡོངས་སུ་སྤངས་ནས་ཆུང་ངུ་ན་རྨི་ལམ་ནའང་མི་གཙང་བ་མི་འབྱུང་བའི་གནས་ནི་ཡོད་པ་དང་། མཐར་ཚེའི་བྱ་བ་བྱེད་པ་ན་འཇིགས་སྐྲག་པར་འགྱུར་བའི་གནས་ཀྱང་ཡོད་དོ། ། ལན་ཅིག་ཕྱིར་མི་ལྡོག་པ་ཞེས་བྱ་བ་ཅིའི་དོན་ཞེ་ན། གང་ཟག་དེ་ནི་ཉེས་པའི་སྐྱོན་གོང་དུ་སྨོས་པའི་ནང་དུ་ཕྱིར་མི་འཁོར་ཏེ།། དེས་གོས་པར་ཡང་མི་འགྱུར་ལ། ཕྱིར་འཁོར་ཞིང་སྐྱེའང་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ལུང་བསྟན་པའང་ཐོས་པས། རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་ཡང་འགྱུར་ཏེ། དེ་ནི་གང་ཟག་གསུམ་པ་ཞེས་བྱའོ།། གང་ཟག་བཞི་པ་ནི་དགྲ་བཅོམ་པ་ཞེས་བྱ་སྟེ། དགྲ་བཅོམ་པ་ནི་ཉོན་མོངས་པ་ཐམས་ཅད་བཅད་པ། ཁུར་བོར་བ། བྱ་བ་བྱས་པ། ཕྱིས་བདག་གི་དོན་རབ་ཏུ་རྙེད་པ། ས་བཅུ་ལ་རབ་ཏུ་གནས་པ། ཡེ་ཤེས་ལ་དབང་སྒྱུར་བ། སོ་སོའི་སྐྱེ་བོ་ཅི་ལ་མོས་པ་བཞིན་དུ་རྣམ་པ་སྣ་ཚོགས་ཀྱི་གཟུགས་དང་། ཆ་ལུགས་ཀྱང་དེ་བཞིན་དུ་སྟོན་པ། མངོན་པར་འཚང་རྒྱ་བར་འདོད་ནའང་མངོན་པར་སངས་རྒྱས་པ་སྟོན་པ་སྟེ། དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་དང་ལྡན་པས་ན་དགྲ་བཅོམ་པ་ཞེས་བྱའོ།། དེ་བས་ན་སྐྱེས་བུ་ཆེན་པོ་བཞི་འཇིག་རྟེན་དུ་བྱུང་ན། འཇིག་རྟེན་དུ་བཅས་པ་ལ་སྙིང་བརྩེ་བས་འཇིག་རྟེན་དུ་བཅས་པའི་གནས་དང་རྟེན་དུ་འགྱུར་ཞིང་། ལྷ་དང་མང་པོ་ལ་ཕན་པ་དང་བདེ་བའི་དོན་བྱེད་པ་དང་། ལྷ་དང་མིའི་ནིང་ན་མཆོག་ཏུ་འགྱུར། གཙོ་བོར་འགྱུར། ཕུལ་དུ་འགྱུར་ཏེ། ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐྱབས་སུ་འགྲོ་བའི་གནས་མིའོ་མཆོག་ཏུ་གྱུར་པ་བཞིན་ནོ།། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ནི་སྐྱེས་བུ་བཞི་པོ་ལ་མི་གནས་མི་རྟེན་ཏོ།། དེན་རྡོ་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་སྔོན་མདོ་སྡེ་གུ་ཤི་ལས་དྲིས་པ་ལས་འདི་སྐད་ཅེས་གསུངས་ཏེ། གུ་ཤི་ལ་ལྷ་དང་། བདུད་དང་། ཚངས་པ་ལ་སོགས་པ་ཁྱོད་གཞིག་ཅིང་མི་རུང་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་གཟུགས་ལྟ་བུར་བསྒྱུར་ནས། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། འོད་ཀྱི་དཀྱིལ་འཁོར་འདོམ་གང་བ་དང་། ཞལ་ཟླ་བ་རྒྱས་པ་ལྟ་བུ་དང་སྨིན་མཚམས་ཀྱི་མཛོད་སྤུའི་མཚན་དཀར་ཁྱད་གྲངས་སམ། དུང་ལྟ་བུ་ཡོངས་སུ་བརྒྱན་ཏེ་འོངས་ན། ཁྱོད་ཡང་དག་པ་ཡིན་ནམ་མ་ཡིན་པ་རྟོགས་ཤིག། རྟོགས་ཤོང་ཤེས་ནས་གདུལ་བར། བྱའོ་ཞེས་གསུངས་ཏེ། བཅོམ་ལྡན་འདས་བདུད་ལ་སོགས་པས་སངས་རྒྱས་ཀྱི་སྐུའང་སྟོན་ཅིང་སྤྲུལ་ནུས་ན། དགྲ་བཅོམ་པ་ལ་སོགས་པ་སྐྱེས་བུ་བཞིའི་ལུས་སུ་སྟོན་ཅིང་། ནམ་མཁའ་ལ་འགྲོ་བ་དང་། ཉལ་བ་དང་། འདུག་པ་དང་། རྩིབ་ལོགས་གཡོན་ནས་ཆུ་འབྱུང་བ་དང་། རྩི་བོ་ལོགས་གཡས་ནས་མེ་འབྱུང་བ་དང་། ལུས་ལ་དུད་པ་འཟུལ་ཞིང་མེའི་ཕུང་པོ་ལྟར་སྟོན་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། རྒྱུ་དང་རྐྱེན་དེ་ལྟ་བས་ན་བདག་ནི་དེ་ལ་དད་པའང་མི་སྐྱེལ། སྟོན་པ་ཞིག་ཡོད་ནའང་ཚུལ་བཞིན་དུ་མི་བགྱིད། བཀུར་སྟི་དང་། རྟེན་དང་གནས་ལྟ་བུར་ཡང་མི་སེམས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ངས་བསྟན་པ་ལ་ཐེ་ཚོམ་ཡོད་ནའང་གཟུང་བར་མི་བྱ་ན། དེ་དག་གིས་བསྟན་པ་ལྟ་ཅི་སྨོས་ཏེ། དེ་བས་ན་དགེ་འམ། མི་དགེ་འམ། བྱ་འམ། མི་བྱ་བ་ཤིན་ཏུ་བརྟགས་ཏེ་ཁོང་དུ་ཆུད་པར་བྱའོ།། དེ་ལྟར་བྱས་ན་ཡུན་རིང་པོར་བདེ་བ་མྱོང་བར་འགྱུར་རོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཁྱི་རྐུན་ཞིག་ཁྱིམ་དུ་འོངས་ཏེ། བྲན་མོའི་ཁྱིམ་སྲུན་གྱིས་ཚོར་ན་དེ་ལ་སྤྱོ་སྟེ་མྱུར་དུ་ཕྱིར་སོང་ཞིག། མ་ཟོས་ན་གསད་དོ་ཞེས་སྨྲ་སྟེ། ཁྱིས་དེ་སྐད་ཐོས་ན་བྲོས་ཏེ་ཕྱིར་མི་ལྡོག་གོ་ཁྱེད་ཀྱང་དེ་བཞིན་དུ་བདུད་སྡིག་ཏོ་ཅན་གདུལ་བ་ན། དེ་ལ་འདི་སྐད་དུ་བདུད་སྡིག་ཏོ་ཅན་ཁྱོད་འདི་འདྲ་བའི་གཟུགས་སུ་མ་སྟོན་ཅིག། ཅི་སྟེ་སྟོན་ན་འཆིང་བ་རྣམ་པ་ལྔས་བཅིང་ངོ་ཞེས་ཀྱིས་། བདུད་ཀྱི་ན་ཐོས་ན་ཐོས་ཏེ་སྦྱོན་བ་རྫོག་པའང། ཛསྦྱར་ཙ་རྐུན་དེ་བྱར་མ་ལྡོག་པ་བཞིན་ནོ།། འོད་སྲུངས་ཙས་ཡང་གསོལ་པ། བཅོམ་ལྡན་འདས་ཀྱིས་ཅན་གྶ་ཤིལ་འདི་སྐད་ཅེས་གསུངས་ཏེ། གང་ཞིག་དེ་ལྟར་བདུད་ཐུལ་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་ཉེ་བ་ཞེས་བགྱི་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་གང་ཟག་བཞི་པོ་ལ་གནས་དང་རྟེན་ལྟ་བུར་གསུངས། གང་ཟག་བཞི་པོས་སྟོན་པ་ལ་ངེས་པར་ཡོད་ཆེས་སུ་རུང་ངམ། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ངས་གསུངས་པའང་དེ་དང་འདྲ་སྟེ། དེ་ལྟ་བུ་ཡིན་ནོ།། རིགས་ཀྱི་བུ་ངས་ནི་ཉན་ཐོས་ཤའི་མིག་ཅན་དག་ལ་བདུད་འདུལ་བར་བསྟན་གྱི། ཐེག་པ་ཆེན་པོ་ལ་ནན་ཏན་བྱེད་པའི་གང་ཟག་ལ་བཤད་པ་མ་ཡིན་ནོ། ། ཉན་ཐོས་ཀྱི་གང་ཟག་ནི་འཕྲུལ་གྱི་མིག་ཅན་དུ་གྱུར་ཀྱང་ཤའི་མིག་ཅེས་བྱའོ།། ཐེག་པ་ཆེན་པོ་སློབ་པ་ནི་ཤའི་མིག་ཅན་ཡང་སངས་རྒྱས་ཀྱི་སྤྱན་ཞེས་བྱའོ།། དེ་ཅི་ཕྱིར་ཞེ་ན། ཐེག་པ་ཆེན་པོའི་མདོ་སྡེན་སངས་རྒྱས་ཀྱི་ཐེག་པ་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཐེག་པ་ནི་མཆོག་ཏུ་གྱུར་ཕུལ་དུ་གྱུར་པའོ།། རིགས་ཀྱི་བུ་འདི་ལྟར།། དཔེར་ན་སྐྱེས་བུ་དཔའ་ཞིང་སྒྱུ་རྩལ་ཆེ་བ་ལ་ནི་གང་སྔར་མ་ཞན་པ་དག་ཏུ་འཁོར་ཞིང་རྟེན་ཏོ། ། སྐྱེས་བུ་དཔའ་བོ་དེས་སྔར་མ་དེ་ལ་ཁྱོད་གཞུ་འདི་ལྟར་ཟུང་ཞིག། མངའ་འདི་ལྟར་འཕོངས་ཤིག། ཤག་ཏི་སློབ་ཅིང་ཀྱོ་བཏང་དང་ཞགས་པ་འདི་ལྟར་ཐོབ་ཅིག་ཅེས་སྟོན་ཏོ། ། གཞན་ཡང་འདི་སྐད་དུ་དགྲ་དང་འཐབ་པ་ནི་མཚོན་གྱི་ཁར་སོང་བ་དང་འདྲ་མོད་ཀྱི། འཇིགས་སྐྲག་པའི་འདུ་ཤེས་མ་སྐྱེད་པར། ཕ་རོལ་པོ་ལྷ་དང་མི་ལ་ཤིན་ཏུ་བརྙས་པའི་འདུ་ཤེས་སྐྱེད་ཅིག། བདག་ནི་ཤིན་ཏུ་དཔའ་ཞིང་རྩལ་ཆེ་བར་འདུ་ཤེས་སྐྱེད་ཅིག། བར་བར་གྱི་དུས་སུ་མི་སྔར་མ་ཞེན་པ་དག་ཅིག་དཔའ་བ་ལྟར་བཅོས་ཏེ་མདའ་གཞུ་དང་། རལ་གྲི་དང་། མཚོན་ཆ་སྣ་ཚོགས་ཐོགས་ཏེ་གཡུལ་ངོར་ལྷགས་ནས་སྐད་ཆེན་པོས་བོས་ན། ཁྱོད་དེ་ལ་འཇིགས་པ་འམ་སྐྲག་པ་ལྟར་མ་བྱེད་ཅིག་དང་། སྔར་མ་དེས་ཁྱོད་མི་སྐྲག་པར་ཤེས་ན། ཁྱི་རྐུན་དང་འདྲ་བར་དེ་མ་ཐག་ཏུ་འགྱེས་ཤིང་འབྲོས་སོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཉན་ཐོས་རྣམས་ལ་ཁྱེད་བདུད་སྡིག་ཏོ་ཅན་གྱིས་མ་སྐྲག་ཅིག། གལ་ཏེ་བདུད་སྡིག་ཏོ་ཅན་སངས་རྒྱས་ཀྱི་སྐུར་སྤྲུལ་ཏེ། ཁྱེད་ཀྱི་དྲུང་དུ་འོངས་ནའང་ཁྱེད་ཤིན་ཏུ་བརྟན་པའི་བརྩོན་འགྲུས་ཀྱིས་བདུད་ཀྱི་སྡེ་རྣམས་ཐུལ་ཅིག། དེའི་ཚེ་ན་བདུད་ཀྱང་མྱ་ངན་གྱིས་ནོན་ཏེ་མི་དགའ་ནས་ཕྱིར་འགྲོའོ།། རིགས་ཀྱི་བུ་དཔེར་ན་སྐྱེས་བུ་དཔའ་བོ་གཞན་ལ་སློབ་མི་དགོས་པ་ལྟར་ཐེག་པ་ཆེན་པོ་ལ་ནན་ཏན་བྱེད་པའང་དེ་དང་འདྲ་སྟེ། ཤིན་ཏུ་ཟབ་མོའི་མདོ་སྡེ་རྣམ་པ་སྣ་ཚོགས་ཐོས་ཀྱང་སེམས་རབ་ཏུ་དགའ་ཞིང་རངས་པར་འགྱུར་གྱི། འཇིགས་པ་འམ་སྐྲག་པ་མི་སྐྱེའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཐེག་པ་ཆེན་པོ་ལ་སློབ་པའི་གང་ཟག་ནི་སྔོན་འདས་པའི་སངས་རྒྱས་གྲངས་མེད་པ་བརྒྱ་སྟོང་ལ་ཕྱག་དང་། བསྙེན་བཀུར་དང་། མཆོད་པ་བྱས་པས། གལ་ཏེ་བདུད་ཀྱི་འཁོར་གྲངས་མེད་པ་བརྒྱ་སྟོང་སྙེད་ཀྱིས་གནོད་པ་འམ། རྣམ་པར་གཙེས་ཀྱང་དེ་ལ་ནམ་དུའང་འཇིགས་སྐྲག་པ་མི་འབྱུང་ངོ་། ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་མི་ཞིག་སྨན་ཨ་གས་རྙེད་ན་སྦྲུལ་གདུག་པ་ལ་སོགས་པ་ཐམས་ཅད་ཀྱིས་མི་འཇིགས་སོ།། སྨན་དེའི་མཐུས་གདུག་པ་ཐམས་ཅད་གཞིལ་ནུས་པའི་ཕྱིར་རོ། ། ཐེག་པ་ཆེན་པོའི་མདོ་སྡེའང་དེ་དང་འདྲ་སྟེ། བདུད་གདུག་པ་ཐམས་ཅད་ཀྱིས་མི་འཇིགས་ལ། ཕྱིས་མི་ལྡང་བར་ཡང་གདུལ་ནུས་སོ། ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་ཀླུ་གདུག་པ་ནི་ཕ་རོལ་ལ་གསོད་པའི་ཚེ། བར་འགའ་ནི་མོག་གིས་བལྟས་པ་ཙམ་མ་མ། བར་འགའ་ནི་དབུགས་ཀྱིས་བརྔུབས་པ་ཙམ་གྱིས་འཆི་སྟེ། དེ་བས་ན་སེང་གེ་དང་། རྟག་དང་། འཕར་སྤྱང་དང་། ཁྱི་ལ་སོགས་པ་ཐམས་ཅད་དེ་ལ་འཇིགས་སོ།། གཅན་གཟན་དེ་དག་ལ་སོགས་པས་དེའི་སྐད་ཐོས་སམ། དེའི་ལུས་ཀྱིས་རེག་པ་ཙམ་གྱིས་མི་འཚོ་བ་མེད་དེ། གང་སྔགས་ལ་ཤིན་ཏུ་མཁས་པ་ནི་སྔགས་ཀྱི་མཐུས་ན། ཀླུ་གདུག་པ་དང་། ནམ་མཁའ་ལྡིང་དང་། བལ་གྱི་གླང་པོ་ཆེའི་རྨིས་པ་དང་། སེང་གེ་དང་བྷག་དང་། འབར་སྤྱང་ལ་སོགས་པ་ཐམས་ཅད་ཐུལ་ཏེ་ཁ་ལོ་སྦྱར་ཞིང་ཞོན་ཀྱང་ནུས་སོ།། གཅན་གཟན་དེ་དག་གིས་སྔགས་ལ་མཁས་པ་དེ་མཐོང་བ་ཙམ་གྱིས་དེ་རང་འདུལ་ལོ།། ཉན་ཐོས་དང་རང་སངས་རྒྱས་ཀྱང་དེ་དང་འདྲ་སྟེ། བདུད་སྡིག་ཏོ་ཅན་མཐོང་ན་ཐམས་ཅད་འཇིགས་སྐྲག་གོ།། བདུད་སྡིག་ཏོ་ཅན་ནི་དེ་དག་ལ་འཇིགས་པའམ་སྐྲག་པའི་སེམས་མེད་དེ། བདུད་ཀྱི་ལས་ཀྱང་བྱེད་དོ།། ཐེག་པ་ཆེན་པོ་ལ་སློབ་པའང་དེ་དང་འདྲ་སྟེ། དེ་ལྟར་ཉན་ཐོས་དག་བདུད་ཀྱིས་སྐྲག་སྟེ། ཐེག་པ་ཆེན་པོ་ལ་མི་མོས་མི་དད་པ་མཐོང་ནས། སྔར་ཐབས་ཀྱིས་བདུད་ཀྱི་རིས་རྣམས་བཏུལ་ཏེ་ཐམས་ཅད་བཏུལ་བར་བྱས་ནས། དེའི་འོག་ཏུ་དམ་པའི་ཆོས་རྣམ་པ་སྣ་ཚོགས་སྟོན་ཅིང་འཆད་དོ།། ཉན་ཐོས་དང་རང་སངས་རྒྱས་དེ་དག་དེ་ལྟར་བདུད་རྣམས་བཏུལ་བ་མཐོང་ནས་གདོད་སྐྲག་པ་སྐྱེ་སྟེ། ཐེག་པ་ཆེན་པོ་དམ་པའི་ཆོས་བླ་ན་མེད་པ་ལ་མོས་པ་དང་དད་པ་བསྐྱེད་དེ། འདི་སྐད་དུ་བདག་ཅག་ནི་དེ་ཕྱིན་ཆད་དམ་པའི་ཆོས་འདིའི་བར་ཆད་དང་བགེགས་མིམོ་བྱའོ་ཞེས་སྨྲའོ། ། གཞན་ཡང་རིགས་ཀྱི་བུ་ཉན་ཐོས་དང་རང་སངས་རྒྱས་ནི་ཉོན་མོངས་པ་རྣམས་ལ་འཇིགས་པ་དང་སྐྲག་པ་སྐྱེའོ།། ཐེག་པ་ཆེན་པོ་ལ་སློབ་པ་དག་ནི་འཇིགས་པ་འམ་བག་ཚ་བ་མེད་དོ། ། ཐེག་པ་ཆེན་པོ་ལ་ནན་ཏན་བྱེད་པ་ནི་དེ་ལྟ་བུའི་མཐུ་དང་ལྡན་ཏེ། རྒྱུ་དང་རྐྱེན་དེ་ལྟ་བས་ན་སྦྱར་བསྟན་ཅིང་བཤད་པ་ནི་ཉན་ཐོས་དང་རང་སངས་རྒྱས་དག་གི་བདུད་འདུལ་བའི་ཕྱིར་གྱི་ཐེག་པ་ཆེན་པོའི་བྱོར་ནི་མ་ཡིན་ནོ། ། ཐེག་པ་ཆེན་པོ་མྱ་ངན་ལས་འདས་པའི་མདོ་ཤིན་ཏུ་ཟབ་མོ་འདི་ནི་ངོ་མཚར་ཆེ་ཞིང་རྨད་དུ་གྱུར་པ་སྟེ། གདུལ་ནུས་པ་མེད་དོ།། གང་ཞིག་མཉན་ཏེ་ཐོས་ས་དང་ཅིང་འཛིན་ཏམ། དེ་བཞིན་གཤེགས་པ་ལ་རྟག་པའི་ཆོས་ཅན་དུ་ཡིད་ཆེས་ན། གང་ཟག་དེ་ནི་མེ་ཏོག་ཨུ་དུ་མ་ཝར་ལྟར་ཤིན་ཏུ་དཀོན་པའོ།། ང་མྱ་ངན་ལས་འདས་ནས་གང་གིས་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་ཟབ་མོ་འདི་ཐོས་ནས་དད་པའི་སེམས་སྐྱེས་ན། དེ་ནི་མ་འོངས་པའི་དུས་སུ་བསྐལ་པ་བརྒྱ་སྟོང་གི་བར་དུ་ངན་སོང་དུ་མི་ལྟུང་བར་རིག་པར་བྱའོ།། ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ང་མྱ་ངན་ལས་འདས་ནས། ཡོངས་སུ་མྱ་ངན་ལས་འདའ་བའི་མདོ་སྡེ་དམ་པ་འདི་ལ་སེམས་ཅན་གྲངས་མེད་པ་བརྒྱ་སྟོང་སྙེད་ཀྱིས་སྐུར་ཅིང་ཡིད་མི་ཆེས་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་ཡང་གསོལ་པ། བཅོམ་ལྡན་འདས་སེམས་ཅན་དེ་དག་སངས་རྒྱས་མུ་ངན་ལས་འདས་པའི་འོག་ཏུ་ཡུན་རིང་དུ་མདོ་སྡེ་འདི་ལ་བསྙེན་ནས་སྐུར་བར་འགྱུར་ན། དེ་ལ་སྐྱེ་བོ་ཤིན་ཏུ་དགེ་བ་དང་ལྡན་པ་ཇི་ལྟ་བུས་ཆོས་ལ་རྣམ་པར་སྐུར་བ་དེ་སྒྲོལ་བར་འགྱུར། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ང་མྱ་ངན་ལས་འདས་ནས་ལོ་བཞི་བཅུའི་བར་དུ་ནི། འཛམ་བུ་གླིང་འདིར་རྒྱས་པར་འགྱུར་ཏེ། དེ་ནས་སའི་འོག་ཏུ་ནུབ་པར་འགྱུར་རོ། ། རིགས་ཀྱི་བུ་དཔེར་ན་བུ་རམ་གྱི་ཤིང་དང་། འབྲས་དང་། ཤ་ཁར་དང་། འོ་མ་དང་། མར་དང་། མར་གྱི་སྙིང་པོ་ཡོད་པའི་གནས་ན་འཁོད་པའི་སེམས་ཅན་དག་ནི་རོ་བྲོ་བ་དེ་ལ་རོའི་ནང་ན་མཆོག་དམ་པར་འཛིན་ཏོ། ། དེ་ལ་མི་ཁ་ཅིག་ནི་ཁྲི་དང་ཡུག་པོའི་ས་བོན་འབའ་ཞིག་ཟ་ན། དེ་དག་ཀྱང་འདི་སྐད་དུ་བདག་ཅག་གི་ཟས་འདི་ལས་བད་བ་མེད་ཅེས་ཟེར་རོ། ། དེ་ནི་སེམས་ཅན་བསོད་ནམས་ཆུང་བའི་ལས་ཀྱི་རྣམ་པར་སྨིན་པ་ཡོན་ཏེ། བསོད་ནམས་ཅན་སྐལ་བ་དང་ལྡན་པ་དགྲ་ནི་ཁྲི་དང་ཡུག་པོའི་ས་བོན་རྣམས་མི་ཐོགས་ཏེ། ཟས་སུ་འབྲས་དང་། བུ་ར་མ་དང་། ཤ་ཁ་ར་དང་། མར་གྱི་སྙིང་པོ་འབའ་ཞིག་ཟའོ།། མྱ་ངན་ལས་འདའ་བའི་མདོ་སྡེ་དམ་པ་འདིའང་དེ་དང་འདྲ་སྟེ། དབང་པོ་རྟུལ་པོ་བསོད་ནམས་ཆུང་ཞིང་སྐལ་བ་མེད་པ་དག་ཐོས་པར་མི་འདོད་དོ། ། ཇི་ལྟར་བསོད་ནམས་ཆུང་བ་དག་འབྲས་དང་། ཤ་ཁ་ར་ལ་སོགས་པ་མོ་འདོད་པ་ལྟར་ཐེག་པ་ཆུང་ངུ་གཉིས་ཀྱང་དེ་དང་འདྲ་སྟེ། མྱ་ངན་ལས་འདས་པ་ཆེན་པོ་མདོ་སྡེ་དམ་པ་འདི་མི་འདོད་དོ། ། དེ་ལ་སོ་སོའི་སྐྱེ་བོ་གང་མདོ་སྡེ་འདི་ཐོས་པར་མོས་ཤིང་། ཐོས་ནས་ཀྱང་རབ་ཏུ་དགའ་སྟེ་སྐུར་པ་མི་བྱེད་པ་ནི་སེམས་ཅན་བསོད་ནམས་ཅན་འབྲས་ལ་སོགས་པ་ཟ་བ་དང་མཚུངས་སོ། ། རིགས་ཀྱི་བུ་དཔེར་ན་རྒྱལ་པོ་ཞིག་རིའི་གསེབ་ཤིན་ཏུ་ཉམ་ང་བའི་གནས་ན་འདུག་ན། བུ་རམ་གྱི་ཤིང་དང་། འབྲས་དང་། ཤ་ཁ་ར་ཅིག་ཡོད་ཀྱང་དཀོན་པས་ན་ཟད་ཀྱིས་དོགས་ཏེ། ཟས་པའི་ཐུགས་མི་ཐུབ་ཀྱི་སོགས་སོ།། ཁྲེ་དང་ཡུག་པོའི་ས་བོན་འབའ་ཞིག་ཟའོ།། རྒྱལ་པོ་གཞན་ཞིག་གིས་ཐོས་ནས་དེ་སྙིང་བརྩེ་བའི་ཕྱིར་འབྲས་དང་ཤ་ཁ་ར་ལ་སོགས་པ་ཤིང་རྟས་བསྐྱས་ཏེ་བྱིན་ན། རྒྱལ་པོ་དེས་ཀུན་ལ་བགོས་ཏེ་བྱིན་ནས་གདོད་ཟའོ།། ཟོས་ནས་ཐམས་ཅད་དགའ་སྟེ། འདི་སྐད་དུ་རྒྱལ་པོ་དེའི་ཕྱིར་བདག་ཅག་ཀྱང་སྔོན་མ་མྱོང་བའི་ཟས་ཟོས་པར་གྱུར་ཏོ་ཞེས་ཟེར་རོ། ། རིགས་ཀྱི་བུ་སྐྱེས་བུ་གང་ཟག་བཞི་པོའང་དེ་དང་འདྲ་སྟེ། བླ་ན་མེད་པའི་ཆོས་ཆེན་པོའི་དེད་དཔོན་ནོ།། གང་ཟག་རྣམ་པ་དེ་བཞི་ལས་གང་ཟག་གཅིག་གིས་ཕྱོགས་གཞན་ཞིག་ན། བྱང་ཆུབ་སེམས་དཔའ་ཚད་མེད་པ་རྣམས་ཐེག་པ་ཆེན་པོའི་མདོ་སྡེ་འདྲ་སློབ་བམ། གླེགས་བམ་དུ་འདྲིའམ། གཞན་དག་གླེགས་བམ་དུ་འདྲིར་བཅུག་གམ། རྙེད་པ་དང་། བཀུར་སྟི་དང་། གྲགས་པའི་ཕྱིར་རམ། ཆོས་མངོན་པའི་ཕྱིར་རམ། རྟེན་དང་གནས་ཀྱི་ཕྱིར་རམ། མདོ་སྡེ་གཞན་དག་ཏུ་བསྐུར་ཞིང་བརྗེ་བ་ཙམ་གྱི་ཕྱིར་གྱི། གཞན་དག་ལ་རྒྱས་པར་སྟོན་ཅིང་འཆད་མི་ནུས་པ་མཐོང་ན། དེ་དག་གི་ཕྱིར་མདོ་སྡེ་དམ་པ་འདི་ཕྱོགས་དེར་བསྐྱལ་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ལ་བྱིན་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་སྟེ་བྱང་ཆུབ་ལ་བཀོད་ནས། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་མདོ་སྡེ་འདི་ཐོས་ནས། གཞན་དག་ལ་རྒྱས་པར་སྟོན་ཅིང་བཤད་དེ། སེམས་ཅན་ཚད་མེད་པ་རྣམས་ཀྱང་ཐེག་པ་ཆེན་པོའི་མདོ་སྡེ་འདིའི་ཆོས་ཀྱི་རོ་མྱོང་བར་བྱས་ན། དེ་ནི་བྱང་ཆུབ་སེམས་དཔའ་དེ་གཅིག་གི་མཐུས་སྔོན་མ་ཐོས་པའི་མདོ་སྡེང་ཐོས་པར་འགྱུར་ཏེ། ཇི་ལྟར་རྒྱལ་པོ་གཅིག་གི་མཐུས་ཐམས་ཅད་ཀྱིས་སྔོན་མ་མྱོང་བའི་ཟས་མྱོང་བར་འགྱུར་བ་བཞིན་ནོ།། རིགས་ཀྱི་བུ་གཞན་ཡང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་གང་ན་ཡོད་པའི་གནས་དེ་ནི་རྡོ་རྗེ་ལྟ་བུ་ཡིན་ལ། དེ་ན་གནས་པའི་མིའང་རྡོ་རྗེ་དང་འདྲ་བར་རིག་པར་བྱའོ།། གང་ཞིག་མདོ་སྡེ་འདི་མཉན་ན་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་སྟེ། ཇི་ལྟར་སྨོན་པ་བཞིན་དུའང་འགྲུབ་པར་འགྱུར་རོ།། ངས་འདིར་ཇི་སྐད་དུ་གསུང་བ་བཞིན། དགེ་སློང་ཁྱེད་ཤིན་ཏུ་གཟུངས་སུ་ཟུང་ཞིག་སེམས་ཅན་གང་ཞིག་མདོ་སྡེ་འདི་མཉན་མི་ནུས་ན། གང་ཟག་དེ་ནི་ཤིན་ཏུ་ཐུགས་བརྩེ་བའི་གནས་སུ་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེས་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་ཟ་བ་མོའི་དོན་འདི་གཟུང་མི་ནུས་པའི་ཕྱིར་རོ། ། དེ་ནས་ཡང་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལོ་བཞི་བཅུའི་བར་དུ། ཡོངས་སུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མདོ་འདི་འཛམ་བུ་གླིང་དུ་རྒྱས་པར་འགྱུར་རོ།། དེ་ནས་སའི་འོག་ཏུ་ནུབ་ནས་བྱིས་ཡུན་རིང་མོ་ཞིག་ན་ཕྱིར་ཡང་བྱུང་ངོ་། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ངའི་དམ་པའི་ཆོས་འདི་ལོ་བརྒྱད་ཅུ་ལ་མ་གཏོགས་པ་སྔར་ལོ་བཞི་བཅུའི་བར་དུ་འཛམ་བུ་གླིང་འདིར་ཆོས་ཀྱི་ཆར་ཆེན་པོ་འབབ་པར་འགྱུར་རོ། ། དེ་ནས་ཡང་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མདོ་སྡེ་འདི་དམ་པའི་ཆོས་འཇིག་པའི་ཚེ། ཡང་དག་པའི་ཚུལ་ཁྲིམས་ཉམས་པའི་ཚེ། ཆོས་མ་ལགས་པ་འཕེལ་ཞིང་སྐྱེ་བའི་ཚེ། ཚུལ་བཞིན་བྱེད་པའི་སེམས་ཅན་དག་མ་མཆིས་པའི་ཚེ། སུ་དག་གིས་འཆང་བ་དང་། འཛིན་པ་དང་། ཀློག་པ་དང་། འདོན་པ་དང་། ཁོང་དུ་ཆུད་པར་བགྱིད་པ་དང་། མཆོད་པ་དང་། རིམ་གྲོ་དང་། བཀུར་སྟི་བགྱིད་ཅིང་གླེགས་བམ་དུ་འདྲི་བ་དང་། རྣམ་པར་འགྲེལ་ཅིང་སྟོན་པར་འགྱུར་བ། དེ་བཞིན་གཤེགས་པས་སོ་སོའི་སྐྱེ་བོ་དག་ལ་ཐུགས་བརྩེ་བའི་སླད་དུ་རྒྱས་པར་ཕྱེ་སྟེ་བསྟན་དུ་གསོལ་བྱང་ཆུབ་སེམས་དཔའ་རྣམས་ཐོས་ནས་འཛིན་པར་འགྱུར་རོ། ། གཟུངས་སུ་བཟུང་བས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་ལེགས་སོ།། ཤིན་ཏུ་ལེགས་སོ་ཞེས་བཀའ་སྩལ་ནས། རིགས་ཀྱི་བུ་ཁྱོད་ཀྱིས་དོན་འདི་དག་དྲིས་པ་ལེགས་སོ། ། རིགས་ཀྱི་བུ་སེམས་ཅན་གང་ཞིག་ཆུ་ཀླུང་གངྒཱའི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་མདོ་སྡེ་འདི་འཆང་བ་དང་འཛིན་པར་འགྱུར་ཏེ། སྐུར་བ་མི་འདེབས་སོ།། རིགས་ཀྱི་བུ་སེམས་ཅན་གང་ཞིག་ཆུ་ཀླུང་ག་དྷཱ་གཅིག་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་ཆོས་འདི་ལ་མི་སྐུར་ཅིང་མདོ་སྡེ་འདི་ལ་མོས་པར་འགྱུར་ཏེ། གཞན་ལ་རྣམ་པར་འབྱེད་ཅིང་སྟོན་ནི་མི་ནུས་སོ།། རིགས་ཀྱི་བུ་སེམས་ཅན་གང་ཞིག་ཆུ་ཀླུང་གངྒཱ་གཉིས་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་ཆོས་འདི་ལ་མི་སྐུར་ཏེ། དད་ཅིང་མོས་པ་དང་། འཆང་ཞིང་འཛིན་པ་དང་། ཀློག་པ་དང་། འདོན་པར་འགྱུར་ཏེ། གཞན་ལ་རྒྱས་པར་སྟོན་ནི་མི་ནུས་སོ།། སེམས་ཅན་གང་ཞིག་ཆུ་ཀླུང་གངྒཱ་གསུམ་གྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་ཆོས་འདི་ལ་མི་སྐུར་ཏེ། འཆང་བ་དང་། འཛིན་པ་དང་། ཀློག་པ་དང་། འདོན་པ་དང་། གླེགས་བམ་དུ་འདྲི་བར་འགྱུར་ཏེ། གཞན་ལ་སྟོན་མོད་ཀྱི། དོན་ཟབ་མོ་ནི་མི་ཤེས་སོ།། སེམས་ཅན་གང་ཞིག་ཆུ་ཀླུང་གངྒཱ་བཞིའི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྡུད་ན། དེས་ནི་དུས་ངན་པའི་ཚེན་ཆོས་འདི་ལ་མི་སྐུར་ཏེ། འཆང་བ་དང་། འཛིན་པ་དང་ཀློག་པ་དང་། འདོན་པ་དང་། གླེགས་བམ་དུ་འདྲི་བར་འགྱུར་ཏེ། དེས་ནི་གཞན་དག་ལ་དོན་ཟབ་མོ་བཅུ་དྲུག་གི་ཆ་གཅིག་ཙམ་སྟོན་པར་འགྱུར་རོ།། སྟོན་ཅིང་འཆད་མོད་ཀྱི། དེའང་རྫོགས་པར་ཤེས་པ་ནི་མ་ཡིན་ནོ། ། སེམས་ཅན་གང་ཞིག་ཀླུ་གདྷཱ་ལྔའི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་ན་ཆོས་འདི་ལ་མི་སྐུར་ཏེ། འཆང་བ་དང་། འཛིན་པ་དང་། ཀློག་པ་དང་། འདོན་པ་དང་། གླེགས་བམ་དུ་འདྲ་བ་དང་། གཞན་ལའང་དོན་ཟབ་མོ་བཅུ་དྲུག་གི་ཆའི་ཆ་བརྒྱད་སྟོན་ནུས་པར་འགྱུར་རོ།། སེམས་ཅན་གང་ཞིག་ཀྲུང་གདྷཱ་དྲུག་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་ན་ཆོས་འདི་ལ་མི་སྐུར་ཏེ། འཆང་བ་དང་། འཛིན་པ་དང་། ཀློག་པ་དང་། འདོན་པ་དང་།། གླེགས་བམ་དུ་འདྲི་བ་དང་། གཞན་ལའང་བཅུ་དྲུག་ཆའི་ཆ་བཅུ་གཉིས་སྟོན་ནུས་པར་འགྱུར་རོ།། སེམས་ཅན་གང་ཞིག་ཀླུང་ག་ངྒཱ་བདུན་གྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེན་ཆོས་འདི་ལ་མི་ཀུར་ཏེ། འཆང་བ་དང་། འཛིན་པ་དང་། འདོན་པ་དང་། ཀློག་པ་དང་། གླེགས་བམ་དུ་འདྲི་བ་དང་། གཞན་ལའང་བཅུ་དྲུག་ཆུའི་ཆབཅུ་བཞི་སྟོན་ནུས་པར་འགྱུར་རོ། ། སེམས་ཅན་གང་ཞིག་ཀླུང་གངྒཱ་བརྒྱད་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་ན་ཆོས་འདི་ལ་མོ་སྐུར་ཏེ། 2་བ་དང་། འཛིན་པ་དང་། ཀློག་པ་དང་། འདོན་པ་དང་། གཞན་ལའང་གླེགས་བམ་དུ་འདྲོར་བསྐུལ་བ་དང་། བདག་ཀྱང་ཉན་ཅིང་འཛིན་ལ། གཞན་དག་ཀྱང་ཉན་པ་དང་། འཛིན་པ་ཀློག་པ་དང་། འདོན་པ་དང་། ཁོང་དུ་ཆུད་པར་བྱེད་པར་བསྐུལ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ཤིན་ཏུ་སྲུང་ཞིང་། མདོ་སྡེ་ལ་མཆོད་པར་བྱེད་པ་དང་གཞན་དག་ཀྱང་མཆོད་པ་དང་། རིམ་གྲོ་དང་། བཀུར་སྟི་དང་། ཕྱག་བྱ་བ་དང་། ཀློག་པ་དང་། འདོན་པའི་བར་དུ་བསྐུལ་བའང་དེ་བཞིན་ནོ།། དེས་དོན་ཟབ་མོའང་རྫོགས་པར་ཁོང་དུ་ཆུད་པ་ནི། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་བ་མཐར་བདེ་བ་དང་། སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་རྒྱས་པར་འཆད་པ་དང་དེ་བཞིན་གཤེགས་པའི་ཆོས་ཀྱི་གཏེར་ལ་ཤིན་ཏུ་མཁས་པ་དང་། སངས་རྒྱས་དེ་དག་ལ་མཆོད་པ་བྱས་ན། བླ་ན་མེད་པ་ཡང་དག་པའི་ཆོས་འདི་དག་འཆང་བ་དང་། འཛིན་པ་དང་། སྐྱོབ་པ་དང་། རྣམ་པར་གཞག་པ་རྟོགས་པར་འགྱུར་རོ།། གང་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། གང་ཟག་དེ་ནི་མ་འོངས་པའི་དུས་སུ་ཡང་དག་པའི་ཆོས་འདི་འཆང་བ་དང་། འཛིན་པ་དང་། སྐྱོབ་པར་འགྱུར་ཞིང་ངེས་པར་ཡང་དག་པའི་ཆོས་རྣམ་པར་གཞག་པར་རིག་པར་བྱའོ།། དེ་བས་ན་ཁྱོད་ཀྱིས་མ་འོངས་པའི་དེས་ངན་པའི་ཚེ་དམ་པའི་ཆོས་སྲུང་བར་འགྱུར་བ་དག་ཤེས་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། སེམས་བསྐྱེད་པ་དེ་དག་ནི་མ་འོངས་པའི་དུས་སུ་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པའི་ཆོས་དག་སྲུངས་ཞིང་འཛིན་ནུས་པའི་ཕྱིར་རོ། ། རིགས་ཀྱི་བུ་དགེ་སློང་ངན་པ་དག་ནིང་མྱ་ངན་ལས་འདས་པ་ཐོས་ན་མྱ་ངན་མི་བྱེད་དེ། དེང་དེ་བཞིན་གཤེགས་པ་མྱ་ངན་སུ་འདྲ་བས་ཚིམ་མོ།། དེ་བཞིན་གཤེགས་པ་འརྗིན་རྟེན་ན་བཞུགས་ན། བདག་ཅག་གི་སྙེད་པའི་བགེགས་སུ་འགྱུར་ཏེ། ད་མྱ་ངན་ལས་འདས་ན་བདག་ཅག་གི་སྙེད་པ་ལ་བགེགས་བྱེད་ཅིང་འཕྲོག་པ་མེད་དོ།། བགེགས་བྱེད་ཅིང་འཕྲོག་པ་མེད་པས་རྙེད་པའང་མང་དུ་ཐོབ་པར་འགྱུར་རོ། ། དེ་བཞིན་གཤེགས་པ་འཇིག་རྟེན་ན་བཞུགས་ན་ཚུལ་ཁྲིམས་ཤིན་ཏུ་དམ་སྟེ། ད་མྱ་ངན་ལས་འདས་ན་ཐམས་ཅད་ལྷོད་པར་འགྱུར་ཏེ། ལུས་ལ་ཆོས་གོས་འདིའང་ཆོས་ཀྱི་ཚུལ་འཆོས་པ་ཙམ་དུ་ཟད་དེ། ད་ནི་ཞིག་ཅིང་རལ་པར་གྱུར་ཀྱང་ཤིང་གི་ཁ་ན་བ་དཱན་དང་འདྲའོ།། ཞེས་སྨྲ་བའི་གང་ཟག་དེ་ནི་མདོ་སྡེ་འདི་ལ་སྐུར་ཅིང་དབང་ཟའོ།། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་ཡིད་ལ་ཟུང་ཞིག། སེམས་ཅན་གང་ཞིག་ཚད་མེད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ན། དེས་ནི་ཐེག་པ་ཆེན་པོའི་མདོ་སྡེ་འདི་ལ་དད་ཅིང་ཡིད་ཆེས་སོ།། དད་ནས་ཀྱང་འཆང་ཞིང་འཛིན་ཏེ། སེམས་ཅན་གཞན་དག་ཐོས་པར་མོས་པ་ལ་རྒྱས་པར་བསྟན་ཅིང་བཤད་ན། གང་ཟག་དེས་ཐོས་པ་ཙམ་གྱིས་སྔོན་འདས་པའི་བསྐལ་པ་གྲངས་མེད་ཚད་མེད་པའི་མི་དགེ་བའི་ལས་ཐམས་ཅད་ཞུ་ཞིང་བྱང་བར་འགྱུར་རོ། ། གང་ཞིག་མདོ་སྡེ་འདི་ལ་མ་དད་དམ། ཡིད་མི་ཆེས་ན་ཚེ་འདི་ཉིད་ལའང་ནད་རྣམ་པ་ཚད་མེད་པས་གཟིར་ཏེ་སྡུག་བསྔལ་བར་འགྱུར་བ་དང་། མི་མང་པོས་གཤེ་ཞིང་སྤྱོ་བ་དང་། ཚེ་འཕོས་ནས་ཀྱང་ཀུན་གྱིས་བརྙས་ཤིང་སྨོད་པ་དང་། བྱད་བཞིན་མི་སྡུག་པ་དང་། འཚོ་བའི་ཡོ་བྱད་ཀྱིས་བྲེལ་འཕོངས་པ་དང་། ཅུང་ཟད་ཅིག་རྙེད་ནའང་ངན་ལ་རྩུབ་པ་དང་། གང་ནས་གང་དུ་སྐྱེས་ཀྱང་རྟག་ཏུ་དབུལ་ཕོངས་ཤིང་མ་རབས་ངན་པར་སྐྱེ་བ་དང་། དམ་པའི་ཆོས་ལ་སྐུར་པ་ངན་པར་བལྟ་བའི་རིགས་སུ་སྐྱེ་བ་དང་། མཐར་དུས་བྱེད་པ་ན་ཡུལ་འཁྲུགས་པ་འམ་མཚོན་ཆ་དང་ཕྲད་པ་དང་། རྒྱལ་པོ་ཆོས་བཞིན་མི་བྱེད་པ་དང་། དགྲ་སྡང་བ་དང་ཕྲད་པ་དང་། བཤེས་གཉེན་གྲོགས་པོ་ཡོད་ཀྱང་མི་ཕྲད་པ་དང་། འཚོ་བའི་ཡོ་བྱད་ཅིའང་མི་རྙེད་པ་དང་། ཅུང་ཟད་ཅིག་རྙེད་ཀྱང་རྟག་ཏུ་བཀྲེས་པས་ཡོངས་སུ་གདུང་བ་དང་། མ་རབས་ངན་པ་དང་བཤེས་ཤིང་བསྟན་པ་དང་། རྒྱལ་པོ་དང་བློན་པོས་ཀྱང་མི་འདོད་པ་དང་། ཅི་སྟེ་སྟོན་ཅིང་འཆད་པ་དོན་ལས་མ་འགལ་ཡང་སུའང་ཡིད་མི་ཆེས་ཏེ་མི་འཛིན་པར་འགྱུར་རོ།། གང་ཟག་དེ་ནི་དགེ་བའི་གནས་བཟང་པོར་མི་སྐྱེ་སྟེ། བྱ་འདབ་མ་ཆག་པ་འཕུར་མོ་ནུས་པ་ལྟར་གང་ཟག་དེའང་དེ་དང་འདྲ་སྟེ། མ་འོངས་པའི་དུས་སུ་ལྷ་དང་མིའི་གནས་བཟང་པོར་ནི་མི་སྐྱེའོ།། དེ་ལ་གང་ཟག་སུ་ཞིག་ཐེག་པ་ཆེན་པོའི་མདོ་སྡེ་འདི་ལ་ཡིད་ཆེས་ཤིང་དང་ན་མངོན་པར་ཐོབ་པའི་ལུས་ངན་ལ་མི་སྡུག་ཀྱང་། མདོ་སྡེ་འདིའི་ཡོན་ཏན་གྱིས་བྱད་གཟུགས་བཟང་བ་དང་། གཟི་བརྗིད་དང་མཐུ་དང་ལྡན་པ་དང་། མདངས་ཀྱང་འཕེལ་ཞིང་སྐྱེ་སྟེ། འཇིག་རྟེན་དུ་བཅས་པ་ལྷ་དང་མི་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་ལྟ་འདོད་པ་དང་། རིམ་གྲོ་དང་། བཀུར་སྟི་དང་། མཆོད་པ་བྱེད་ཅིང་། གཏོང་མི་ཕོད་པར་འགྱུར་རོ།། རྒྱལ་པོ་དང་། བློན་པོ་དང་། གཉེན་དང་། འཁོར་རྣམས་ཀྱིས་སྨྲ་ཞིང་བསྒོ་བ་ལ་དད་ཅིང་ཡིད་ཆེས་པར་འགྱུར་རོ།། གལ་ཏེ་ངའི་ཉན་ཐོས་ཀྱི་ཉེ་གནས་གང་ཞིག་གིས་མཆོག་གིས་ཕུལ་དུ་གྱུར་པའི་དོན་སྤྱོད་པར་འདོད་ན། འཇིག་རྟེན་དུ་བཅས་པ་ལ་ཐེག་པ་ཆེན་པོའི་མདོ་སྡེ་འདི་རྒྱས་པར་འགྲེལ་ཅིང་བསྟན་པར་བྱའོ།། རིགས་ཀྱི་བུ་དཔེར་ན་ཟིལ་པ་ནི་རིང་དུ་གནས་པར་འདོད་ཀྱང་ཉི་མ་ཤར་བ་ལས་མི་འདའ་སྟེ། ཉི་མ་ཤར་མ་ཐག་ཏུ་ལྷག་མའང་མི་ལུས་པར་མེད་པར་འགྱུར་རོ།། རིགས་ཀྱི་བུ་སེམས་ཅན་དེ་དག་གི་མི་དགེ་བའི་ལས་ཇི་སྙེད་ཡོད་པའང་དེ་དང་འདྲ་སྟེ། རིང་དུ་གནས་པར་འདོད་ཀྱང་མྱ་ངན་ལས་འདས་པ་ཆེན་པོའི་ཉི་མ་ཤར་བ་མཐོང་བ་ལས་མི་འདའ་འོ།། ཉི་མ་དེ་ཤར་མ་ཐག་ཏུ་དེ་དག་གི་མི་དགེ་བའི་ལས་ཐམས་ཅད་ཞུ་ཞིང་བྱང་བར་འགྱུར་རོ། ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་གང་ཟག་རབ་ཏུ་བྱུང་བ་སྐྲ་དང་ཁ་སྤུ་བྲེགས་ཏེ། ཆོས་གོས་བྱོན་ན་དགེ་ཚུལ་གྱིས་ཁྲིམས་བཅུ་མ་མནོས་ཀྱང་། ཁྱིམ་བདག་གཅིག་གིས་དགེ་འདུན་ཀུན་པོས་ཏེ། ཁྲིམས་མ་མནོས་པའང་དགེ་འདུན་མཐོན་དུ་ཐོས་པའི་ནང་དུ་གཏོགས་ན། ཁྲིམས་མ་མནོས་མོད་ཀྱི། དགེ་འདུན་གྱི་གྲངས་སུ་འགྲོའོ། ། རིགས་ཀྱི་བུ་སེམས་ཅན་གང་ཞིག་ཐེག་པ་ཆེན་པོའི་མདོ་ཡོངས་སུ་མྱ་ངན་ལས་འདས་པ་འདི་བསླབ་པར་སེམས་བསྐྱེད་དེ། གླེགས་བམ་དུ་འདྲིའམ་འཆང་ངམ། འཛིན་ཏམ། ཀློག་གམ། འདོན་པའང་དེ་དང་འདྲ་སྟེ། ཕུན་སུམ་ཚོགས་པ་མ་ཡིན་ཡང་ས་བཅུར་ཕྱིན་པ་སྟེ། ས་བཅུ་པའི་གྲངས་སུ་བགྲང་ངོ་།། གལ་ཏེ་སེམས་ཅན་གང་སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་ཀྱང་རུང་། མ་གྱུར་ཀྱང་རུང་སྟེ། འདོད་ཆགས་ཀྱིས་སྐྲག་གམ། ཁེ་དང་རྙེད་པའི་ཕྱིར་མདོ་སྡེ་འདིའི་ཚིགས་སུ་བཅད་པ་གཅིག་ཙམ་མཉན་ཏེ་དེ་ཐོས་ནས་མི་སྐུར་ན། གང་ཟག་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་བསྙེན་པ་ཡིན་པར་རིག་པར་བྱའོ།། རིགས་ཀྱི་བུ་རྒྱུ་དང་རྐྱེན་དེ་ལྟ་བུས་ན་སྐྱེས་བུ་ཆེན་པོ་བཞི་སངས་རྒྱས་ཀྱིས་གསུངས་པ་བཞིན་དུ། སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཞེས་ཟེར་ན་དེ་ནི་གནས་མ་ཡིན་ནོ།། དེ་བས་ན་སྐྱེས་བུ་ཆེན་པོ་བཞི་ནི་འཇིག་རྟེན་གྱི་རྟེན་དང་གནས་ལྟ་བུར་ངས་གསུངས་སོ།། རིགས་ཀྱི་བུ་དེ་བས་ན་ཁྱོད་ཀྱིས་སྐྱེས་བུ་ཆེན་པོ་བཞི་པོ་ལ་མཆོད་པ་བྱའོ།། བཅོམ་ལྡན་འདས་བདག་ཅག་གིས་སྐྱེས་བུ་ཆེན་པོ་དེ་ཇི་ལྟ་བུར་འཚལ་ཅིང་མཆོད་པར་བགྱི། བཅོམ་ལྡན་འདས་ཀྱིས་འོད་སྲུངས་ལ་བཀའ་སྩལ་པ། གང་ན་དམ་པའི་ཆོས་སྲུང་ཞིང་རྣམ་པར་གཞག་པའི་གང་ཟག་དེ་ལ་ནི་གསོལ་བ་གདབ་ཅིང་། ལུས་དང་སྲོག་ཀྱང་བཏང་སྟེ་མཆོད་པར་བྱའོ་ཞེས་ངས་ཐེག་པ་ཆེན་པོའི་མདོ་སྡེ་གཞན་ལས་ཀྱང་འདི་སྐད་གསུངས་སོ། ། དམ་པའི་ཆོས་དག་ཤེས་ན། ནན་ནམ་གཞོན་ཡང་རུང་སྟེ། ཕ་མའམ་བྲམ་ཟེ་ལྟ་བུར། མཆོད་ཅིང་བསྟི་སྟང་ཕྱག་བྱ། དམ་པའི་ཆོས་དག་ཤེས་ན། རྒན་ནམ་གཞོན་ཡང་རུང་སྟེ། ལྷ་དག་དབང་ཕྱུག་མཆོད་ལྟར། མཆོད་ཅིང་བཀུར་སྟི་ཕྱག་བྱ།། དེ་ནས་ཡང་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་ཏེ། བླ་མ་དང་སློབ་དཔོན་ལ་མཆོད་པ་བགྱི་བ་ནི་དེ་ལགས་ན་ཡང་རྒྱས་པར་བཤད་དུ་གསོལ། གལ་ཏེ་བླ་མ་ཚུལ་ཁྲིམས་དང་ལྡན་པ་ཞིག་གཞོན་ནུ་ལས་སྔོན་མ་ཐོས་པ་དག་འདྲི་ན། གང་ཟག་དེ་ལ་ཕྱག་བགྱིའམ། ཅི་སྟེ་དེ་ལ་ཕྱག་བགྱིས་ན་ཚུལ་ཁྲིམས་སྲུང་བ་ཞེས་བགྱིར་ཡང་མི་རུང་། དེ་ལ་གཞོན་ནུ་ཚུལ་ཁྲིམས་དང་ལྡན་པ་ཞིག་བླ་མ་རྒན་པོ་ཚུལ་ཁྲིམས་ཉམས་པ་ཞིག་ལས་སྔོན་མ་ཐོས་པ་དག་འདྲི་ན། དེ་ལའང་ཕྱག་བགྱི་འམ། གལ་ཏེ་རབ་ཏུ་བྱུང་བ་ཞིག་ཁྱིམ་པ་ལས་སྔོན་མ་ཐོས་པ་འདྲིན། དེ་ལའང་ཕྱག་བགྱི་བ་ལགས་སམ། རབ་ཏུ་བྱུང་བས་ཁྱིམ་པ་ལ་ཕྱག་མི་བྱའོ་ཞེས་ཀྱང་གསུངས་ལ། སངས་རྒྱས་ཀྱི་ཆོས་ཀྱིས་ཆུང་དུ་གཞོན་ནུ་དག་གོས་བླ་མ་རྒན་པོ་ལ་བཀུར་སྟི་དང་ཕྱག་བྱའོ། ། ཅིའི་ཕྱིར་ཞེ་ན། བླ་མ་རྒན་པོ་དག་སྔར་བསྙེན་པར་རྫོགས་པའི་ཕྱིར་རིམ་གྲོ་དང་ཕྱག་བྱའོ་ཞེས་ཀྱང་གསུངས་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ནུ། ཚུལ་ཁྲིམས་ཉམས་པ་ནི་སངས་རྒྱས་ཀྱི་ནང་དུ་མི་ཆུད་དེ། དཔེར་ན་ཞིང་གཤིན་པའི་ནང་ན་ཡུག་པོའམ་རྩཝ་ལྟ་བུ་ཞེས་ཀྱང་གསུངས་གཞན་དུ་ན་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ཤེས་ན་རྒན་ནམ་གཞོན་ཡང་རུང་། དེ་ལ་ནི་ཇི་ལྟར་ལྷ་རྣམས་ཀྱིས་དབང་ཕྱུག་རྒྱལ་པོ་ལ་ཕྱག་བྱེད་ཅིང་རིམ་གྲོ་བྱེད་པ་ལྟར་མདོད་དོ་ཞེས་གསུངས་ན། དོན་རྣམ་པ་གཉིས་པོ་འདི་ཇི་ལྟ་བུ་ལགས། དེ་བཞིན་གཤེགས་པས་གསུངས་པ་འདི་ལ་འགལ་བ་མ་མཆིས་སམ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་རྣམ་པ་གཞན་དུ་ན། དགེ་སློང་ཚུལ་ཁྲིམས་སྲུང་བའང་ཉེས་པ་མ་མཆིས་ཤེས། བཅོམ་ལྡན་འདས་ཀྱིས་ཅིའི་སླད་དུ་དེ་སྐད་ཅེས་གསུངས། བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་དག་ལས་ཚུལ་ཁྲིམས་ཉམས་པ་དག་ཆད་པས་བཅད་དོ་ཞེས་གསུངས་པའང་དོན་ངེས་པ་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ངས་མ་འོངས་པའི་དུས་ན་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་རྩོལ་བ་དག་གི་ཕྱིར་ཚིགས་སུ་བཅད་པ་དེ་སྐད་ཅེས་གསུངས་ཀྱི། ཉན་ཐོས་ཀྱི་ཉེ་གནས་ཀྱི་ཕྱིར་གསུངས་པ་ནི་མ་ཡིན་ནོ། ། རིགས་ཀྱི་བུ་ངས་སྔོན་གསུངས་པ་ལྟར་ན། དམ་པའི་ཆོས་རྣམ་པར་འཇིག་ཅིང་ཚུལ་ཁྲིམས་ངན་པར་སྤྱོད་པ་ན། ཚུལ་ཁྲིམས་ངན་པ་དག་འབྱུང་ཞིང་ཆོས་མ་ཡིན་པ་སྤྱོད་བ་ན་འཕགས་པ་ཐམས་ཅད་མངོན་པར་མི་འབྱུང་བ་ན། བྲན་པོ་དང་། བྲན་མོ་དང་། མ་བརྟགས་པའི་དངོས་པོ་དག་འཆང་ཞིང་སྤྱོད་པའི་དུས་ན། སྐྱེས་བུ་རྣམ་པ་བཞི་པོ་ལས་གཅིག་ཙམ་ཞིག་མངོན་པར་བྱུང་སྟེ། སྒྲ་དང་ཁ་སྤུ་བྲེགས་ནས་རབ་ཏུ་བྱུང་སྟེ་ལམ་ལ་ནན་ཏན་བྱེད་དོ།། དེས་དགེ་སློང་དག་སོ་སོ་ནས་བྲན་པོ་དང་། བྲན་མོ་དང་། ལས་བྱེད་པའི་མི་མ་བརྟགས་པའི་དངོས་པོ་མ་བརྟགས་པ་འཆང་སྟེ། བརྟགས་སམ་མ་བརྟགས་པའང་མི་ཤེས། འདུལ་བ་དང་འདུལ་བ་མ་ཡིན་པའང་མི་ཤེས་པ་དེ་དག་མཐོང་ནས། སྐྱེས་བུ་དེས་དགེ་སློང་དེ་དག་གདུལ་བའི་ཕྱིར་ཚུལ་ཁྲིམས་འདྲ་བར་བྱེད་ཀྱང་སྤྱོད་པ་མི་མཐུན་ཏེ། བདག་གི་སྤྱོད་པའི་གནས་དང་། སངས་རྒྱས་ཀྱི་སྤྱོད་ཡུལ་ཡང་ཤིན་ཏུ་རྟོགས་ཤིང་ཤེས་ལ། ཕ་རོལ་པོ་ཕས་ཕམ་པའི་ཉེས་པ་བྱུང་བར་མཐོང་ཡང་ཅང་མི་སྨྲ་སྟེ་མི་གླེང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། བདག་འཇིག་རྟེན་དུ་འབྱུང་བ་ནི་དམ་པའི་ཆོས་བསྲུང་ཞིང་རྣམ་པར་གཞག་པའི་ཕྱིར་ཏེ།། དེ་བས་ན་ཅང་མི་སྨྲ་སྟེ་མི་གླེང་ངོ་། ། རིགས་ཀྱི་བུ་དེ་ལྟར་སྐྱེས་བུ་དེས་ཆོས་བསྲུང་བའི་ཕྱིར་ཉེས་པ་ཡོད་ཀྱང་ཚུལ་ཁྲིམས་ཞིག་པ་ཞེས་མི་བྱའོ།། རིགས་ཀྱི་བྱ་དཔེར་ན་རྒྱལ་པོ་ཞིག་ནད་ཀྱིས་བཏབ་སྟེ་ཤི་ལ། རྒྱལ་ཚབ་ནིན་གཞོན་ཏེ་སྲིད་ཀྱི་ལས་མི་ནུས་པའི་སྐབས་སུ། རེས་འགའ་ནི་གདོལ་པ་ནོར་རིན་པོ་ཆེ་ཤིན་ཏུ་མང་ཞིང་རབ་ཏུ་ཕྱུག་པོ་ལོངས་སྤྱོད་དང་ལྡན་པ། འཁོར་རབ་ཏུ་མང་པ་ཞིག་མཐུ་བསྙམས་ཏེ་རྒྱལ་པོའི་སྲིད་འཕྲོག་སྟེ། རྒྱལ་པོར་ཞུགས་ན་ཡུལ་དེ་ན་གནས་པའི་ཁྱིམ་བདག་དང་བྲམ་ཟེ་ལ་སོགས་པ་ཕལ་ཆེར་ཡུལ་གཞན་དུ་འབྱེར་ཞིང་འབྲོས་སོ། ། ཅི་སྟེ་དེ་ན་གནས་ནའང་རྒྱལ་པོ་དེ་ལ་ལྟའང་མི་འདོད་དོ།། གལ་ཏེ་ཁྱིམ་བདག་དང་། ཚོང་དཔོན་དང་། བྲམ་ཟེ་ལ་སོགས་པ་ཡུལ་གཏོང་མི་ཕོད་པའང་། དཔེར་ན་སྐྱེ་ཤིང་གར་སྐྱེས་པའི་གནས་དེ་ཉིད་དུ་ཤི་བར་འགྱུར་བ་དང་མཚུངས་སོ། ། རྒྱལ་པོ་གདོལ་པ་དེས་ཡུལ་མི་དག་བྱེར་བྲོས་མང་བར་རྟོགས་ནས། གཞན་ཡང་གདོལ་པ་དག་ལམ་དང་སྲང་ཀུན་བསྲུངས་ཏེ་ཞག་བདུན་གྱི་བར་དུ་རྔ་བརྡུངས་ནས་འདི་སྐད་དུ། ཀྱེ་བྲམ་ཟེ་དག་ཁྱེད་ལ་གང་ཞིག་གིས་བདག་གི་སྤྱི་བོ་ནས་དབང་བསྐུར་ན། ཡུལ་གྱི་ཕྱེད་སྦྱིན་ནོ་ཞེས་བོས་ཀྱང་། བྲམ་ཟེ་གཅིག་གིས་ཀྱང་མ་བཏུབ་སྟེ། སོ་སོ་ནས་གཅིག་ལ་གཅིག་འདི་སྐད་དུ། བྲམ་ཟེའི་རིགས་ལས་འདི་ལྟ་བུའི་ལས་བྱེད་པ་མི་སྲིད་དོ་ཞེའོ།། རྒྱལ་པོ་གདོལ་པས་ཡང་འདི་སྐད་དུ་བྲམ་ཟེར་ཁྱེད་ལས་གཅིག་ཙམ་ཡང་བདག་གི་སྟོན་པར་འགྱུར་བ་མེད་ན། བྲམ་ཟེ་ཁྱེད་ཀྱང་རིགས་ངན་གདོལ་པ་དང་ལྷན་ཅིག་ཏུ་གཞག་ཅིང་བསྐལ་ལ་ལས་ཀྱང་འདྲ་བར་བྱེད་དུ་གཞུག་གོ།། གལ་ཏེ་བདག་གི་སྤྱི་བོ་ནས་དབང་བསྐུར་ན་ཡུལ་གྱི་བྱེད་ཀྱང་སྦྱིན་ནོ།། ཚིག་འདི་མི་བརྫུན་པར་དམ་ཚིག་ཀྱང་གཟུང་ངོ་།། སུམ་ཅུ་རྩ་གསུམ་གནམ་གྱི་བདུད་རྩི་མོ་འཆི་བའང་བགོས་ཏེ་སྐྱོན་ནོ་ཞེས་སྨྲས་སོ། ། དེའི་ཚེ་ན་བྲམ་ཟེའི་བུ་ཤིན་ཏུ་ནས་གཞོན་པ། ཤིན་ཏུ་ཚངས་པར་སྤྱོད་པ། ཐོར་ཙུགས་ཀྱི་མཚན་དང་ལྡན་པ། སྔགས་དང་རློག་ལ་ཤིན་ཏུ་མཁས་པ་ཞིག་རྒྱལ་པོ་ག་ན་བ་དེར་སོང་ནས། རྒྱལ་པོ་དེ་ལ་རྒྱལ་པོ་ཆེན་པོས་བཀའ་སྩལ་པ་བདག་གིས་བགྱིའོ་ཞེས་གསོལ་ཏོ།། དེ་ནས་རྒྱལ་པོ་དེ་ཤིན་ཏུ་དགའ་ནས། བྲམ་ཟེ་གཞོན་ནུ་དེ་སྤྱི་བོ་ནས་དབང་བསྐུར་བའི་སྟོན་པར་བཅུག་གོ། ། བྲམ་ཟེ་གཞན་དག་དེ་ཐོས་ནས། ཐམས་ཅད་གཞོན་ནུ་དེ་ལ་གཤེ་སྟེ། ཁྱོད་བྲམ་ཟེའི་ཡིན་ན། ཅིའི་ཕྱིར་རིགས་ངན་གདོལ་པ་དེའི་སློབ་དཔོན་བྱེད་ཅེས་སྨོས་སོ། ། དེའི་ཚེ་རྒྱལ་པོ་དེས་ཡུལ་དེའི་ཕྱེད་གཞོན་ནུ་དེ་ལ་བྱིན་ནས། ཡུལ་གྱི་སྲིད་ལན་ཅིག་ཏུ་འཛིན་ཏོ།། ཕྱིས་རིང་ཞིག་ལོན་པ་དང་། གཞོན་ནུ་དེས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། ། བདག་གི་ཁྱིམ་བོར་ཏེ་རྒྱལ་པོའི་སྟོན་པར་མཆིས་ནས། རྒྱལ་པོ་ལ་སྔགས་དང་སྒྱུ་རྩལ་ལ་སོགས་པ་བསྟན་ཅིང་བསླབས་ཀྱང་རྒྱལ་པོས་ནི་བདག་ལ་ཉེ་བར་མི་སེམས་སོ།། རྒྱལ་པོས་སྨྲས་པ། བདག་གིས་ཁྱོད་ལ་ཇི་ལྟར་ཉེ་བར་མི་སེམས། གཞོན་ནུས་གསོལ་པ། སྔོན་གྱི་རྒྱལ་པོའི་མི་མི་འཆི་བའི་སྨན་ད་དུང་མ་འཚལ་ཏོ།། རྒྱལ་པོས་སྨྲས་པ། ལེགས་སོ་ལེགས་སོ། ། སྟོན་པ་ཆེན་པོ་བདག་གིས་དེ་ལྟར་མ་འཚལ་གྱིས་སྟོན་པ་བཞེད་ན་ཐམས་ཅད་བཞེས་ཤིག། དེ་ནས་གཞོན་ནུ་དེས་རྒྱལ་པོས་གནང་བའི་སྨན་བླངས་ནས་ཁྱིམ་དུ་འོངས་ཏེ། ཐོན་པོ་ཆེན་པོ་རྣམས་དང་ལྷན་ཅིག་འཐུངས་སོ།། བློན་པོ་རྣམས་ཀྱིས་འཐུངས་ནས་ཤིན་ཏུ་བྱེ་བུར་གྱུར་ཏོ།། སྨྱོན་པ་ལ་ས་ནམ་མ་འཆིབ་བདུད་རྩི་ཀྟ་བུ་སོད་དོནས་རྒྱལ་པོ་ལ་གསོལ་ཏོ། ། རྒྱལ་པོས་དེ་སྐད་ཅེས་ཐོས་ནས། སྟོན་པ་ལ་འདི་སྐད་ཅེས་སྨྲས་སོ།། སྟོན་པ་ཆེན་པོ་བློན་པོ་རྣམས་འཚལ་བའི་སྨན་བདུད་རྩི་དག་ཀྱང་ཤས་མི་སྩལ་ཏམ་དེ་ནས་གཞོན་ནུ་དེས་དུག་དང་བསྲིང་ཏེ་རྒྱལ་པོ་ལ་བྱིན་ནོ། ། རྒྱལ་པོས་དེ་ཟོས་མ་ཐག་ཏུ་དུག་ལངས་ནས་ཙའང་མི་ཚོར་ཏེ། ཤི་བ་བཞིན་ཏུ་ས་ལ་འགྱེལ་ཏོ།། དེ་ནས་བྲམ་ཟེ་གཞོན་ནུ་དེས་རྒྱལ་ཚབ་རྒྱལ་པོར་དབང་བསྐུར་ནས། འདི་སྐད་དུ་སེང་གེའི་ཁྲི་ལ་ཆོས་ཉིད་ཀྱིས་གདོལ་པ་ལ་སོགས་པ་འདུག་པ་མ་ལགས་ཀྱིས་བདག་གིས་ནི་གནའ་ནས་ཀྱང་རིགས་ངན་གདོལ་པས་རྒྱལ་པོ་བགྱིད་ཅེས་མ་ཐོས་སོ། ། རིགས་ངན་གདོལ་པས་རྒྱལ་པོ་བགྱིད་ཅིང་འབངས་ཀྱི་སྲིད་གཟུང་བའི་ཆོས་མ་མཆིས་ཀྱིས་ཁྱོད་ཀྱིས་རྒྱལ་པོ་མཛད་དོ་དྲང་པོའི་ཆོས་རྒྱལ་པོའི་སྲིད་ཟུང་ཞིག་དེའི་ཚེ་གཞོན་ནུ་དེས་ལས་ཀུན་བྱས་པའི་འོག་ཏུ། ཕྱིར་ཡང་གསོ་བའི་སྨན་རིགས་ངན་གདོལ་པ་ལ་བྱིན་ནས་ཕྱིར་དྲན་པར་བྱས་སོ།། ཕྱིར་དྲན་པར་བྱས་ནས་ཡུལ་དེ་ནས་བསྐྲད་དོ།། དེའི་ཚེཆེ་གཞོན་ནུ་དེས་ལས་ཀུན་བྱས་མོད་ཀྱི། འོན་ཀྱང་བྲམ་ཟེའི་ཆོས་ལས་མ་ཉམས་སོ།། ཁྱིམ་བདག་དང་བྲམ་ཟེ་ལ་སོགས་པ་དེ་ལྟ་བུར་གྱུར་པ་མཐོང་ནས། ངོ་མཚར་རྨད་དེ་ལེགས་སོ། ལེགས་སོ།། སྐྱེས་བུ་ཁྱོད་ཀྱིས་རིགས་ངན་གདོལ་པ་བསྐྲད་པ་ལེགས་པར་བསྐྲད་དོ།། ཞེས་ཀུན་གྱིས་བསྔགས་ཤིང་བསྟོད་པར་འགྱུར་ཏོ།། རིགས་ཀྱི་བུ་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ། དམ་པའི་ཆོས་སྲུང་ཞིང་འཛིན་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པའང་དེ་དང་འདྲསྟེ། སྦྱོར་བའི་ཐབས་ཀྱིས་ཚུལ་ཁྲིམས་ཉམས་པ་མིང་ཙམ་གྱི་དགེ་སློང་མ་བ་པའི་རྫས་ཐམས་ཅད་འཆང་བ་དང་ལས་མཐུན་པར་སྤྱོད་དོ། ། དེའི་ཚེ་ན་བྱང་ཆུབ་སེམས་དཔའ་དག་གིས་གང་ཟག་ལ་ལ་ཚུལ་ཁྲིམས་མང་དུ་ཉམས་ཀྱང་། ཚུལ་ཁྲིམས་ལོག་པ་ཅན་གྱི་དགེ་སློང་སྡིག་ཅན་དག་ལ་ཆད་པས་གཅོད་ན། དེའི་གན་དུ་སོང་སྟེ་བསྙེན་བཀུར་དང་ཕྱག་ཀྱང་བྱེད། ཡོ་བྱད་རྣམ་པ་བཞིའང་འབུལ། དེ་མ་ཡིན་པ་མདོ་སྡེ་དང་། འཚོ་བའི་ཡོ་བྱད་ཀུན་འཕྲུལ་ལོ། ། ཅི་སྟེ་བདག་ལ་མི་བདོག་ནའང་ཐབས་རྣམ་པ་སྣ་ཚོགས་ཀྱིས་སྦྱིན་བདག་ལས་ཀྱང་སྤོང་སྟེ་འབུལ་ལོ།། དེ་བས་ན་མ་བརྟགས་པའི་དངོས་པོ་རྣམ་པ་བརྒྱད་ཀྱང་འཆང་ཞིང་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེས་དགེ་སློང་སྡིག་ཅན་འདུལ་བ་ནི། ཇི་ལྟར་བྲམ་ཟེ་གཞོན་ནུས་རིགས་ངན་གདོལ་པ་འདུལ་བ་བཞིན་ནོ།། དེ་ལྟར་ན་བྱང་ཆུབ་སེམས་དཔས་གང་ཟག་དེ་ལ་བསྙེན། བཀུར་རམ། ཕྱག་བྱེད་དམ། མ་བརྟགས་པའི་དངོས་པོ་བརྒྱད་པོ་འཆང་ཡང་སྡིག་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དེས་དགེ་སློང་སྡིག་ཅན་རྣམས་བསྐྲད་དེ། ཡོངས་སུ་དག་པའི་དགེ་འདུན་རྣམས་རབ་ཏུ་བདེ་བར་བྱ་བའི་ཕྱིར། ཤིན་ཏུ་རྒྱས་པའི་ཐེག་པ་ཆེན་པོའི་མདོ་སྡེ་རྒྱས་ཤིང་འཇིག་རྟེན་དུ་བཅས་པ། ལྷ་དང་མི་ཐམས་ཅད་ལ་པན་པ་དང་བདེ་བར་བྱ་བའི་དོན་གྱི་ཕྱིར་རོ། ། རིགས་ཀྱི་བུ་དེའི་རྒྱུ་དེའི་རྐྱེན་གྱིས་ན། མདོ་སྡེ་དག་ལས་ངས་ཚིགས་སུ་བཅད་པ་གཉིས་པོ་གསུངས་ཏེ། བྱང་ཆུབ་སེམས་དཔའ་དག་ཀྱང་དམ་པའི་ཆོས་སྲུང་བའི་གང་ཟག་ལ་བསྔགས་ཤིང་བསྟོད་པ་ནི། ཇི་ལྟར་ཁྱིམ་བདག་དང་བྲམ་ཟེ་ལ་སོགས་པས། བྲམ་ཟེ་གཞོན་ནུ་ལ་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བཞིན་ནོ།། གང་ཆོས་སྲུང་བའི་བྱང་ཆུབ་སེམས་དཔའ་ནི་དེ་ལྟ་བུའི་ཚུལ་དུ་བྱའོ།། དེ་ལ་གང་ཞིག་ཆོས་སྲུང་བའི་གང་ཟག་དག་ཚུལ་ཁྲིམས་ལོག་པ་ཅན་དང་ལས་ལྷན་ཅིག་ཏུ་བྱེད་པ་མཐོང་བས་ཉེས་པ་ཡོད་པར་འཛིན་ན། གང་ཟག་དེ་ནི་བདག་ལ་གནོད་པར་རིག་པར་བྱ་སྟེ། ཆོས་སྲུང་བ་དེ་ལ་ནི་ཉེས་པ་མེད་དོ།། རིགས་ཀྱི་བུ་དགེ་སློང་གང་ཞིག་ཚུལ་ཁྲིམས་ཉམས་ནས་ང་རྒྱལ་གྱི་དབང་དུ་གྱུར་ཏེ་འཆབ་ཅིང་མི་འགྱོད་ན། གང་ཟག་དེ་ནི་ཡང་དག་པའི་ཚུལ་ཁྲིམས་ཉམས་པ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་སྲུང་བའི་ཕྱིར་ཉམས་པ་ཡོད་ཀྱང་ཚུལ་ཁྲིམས་ཉམས་པ་ཞེས་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ང་རྒྱལ་གྱི་དབང་དུ་མ་གྱུར་ཏེ་འཐོལ་ཞིང་བཤགས་པའི་ཕྱིར་རོ།། རིགས་ཀྱི་བུ་དེ་བས་ན་ངས་མདོ་སྡེ་ལས་ཕྱོགས་གཅིག་པ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། དམ་པ་ཆོས་དག་ཤེས་ན། ནན་ནས་གཞོན་པང་ཆུང། སྙེན་བཀུར་བཎྜི་66། བྲམ་སེམམ་ལྡན་ད།། ཛ་ལྟ་ས་བཞིན། སུམ་ཅུ་རྩ་གསུམ་སྒྱུ་དག། དབང་ཕྱུག་མཆོད་པ་ལྟར་རོ།། རྒྱུ་དང་རྐྱེན་དེ་ལྟ་བས་ན་ངས་ཉན་ཐོས་པོ་ཐེག་པ་ཅན་ལམ་གསུངས་ཀྱི། བྱང་ཆུབ་སེམ་དཔ་ཅན་ནོན་གོ་ཕྱིར་ཆགས་སུ་བཅད་པ་འདི་དག་གསུངས་སོ། ། དེ་ནས་ཡང་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ནི་ཚུལ་ཁྲིམས་ལ་རབ་ཏུ་ལྷོད་པ་འདྲ་ན། ཐོག་མ་མནོས་པའི་ཚུལ་ཁྲིམས་མཆིས་ཞེས་བགྱིར་རུང་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རིགས་ཀྱི་བུ་ཁྱོད་དེ་སྐད་མ་ཟེར་ཅིག། དེ་ཅིའི་ཕྱིར་ཞེ་ན། ཐོག་མ་མནོས་པའི་ཚུལ་ཁྲོམས་ཇི་ལྟར་མནོས་པ་བཞིན་དུ་མི་ཉམས་སོ།། ཅི་སྟེ་ཉམས་ནའང་དེ་མ་ཐག་ཏུ་འགྱོད་ཅིང་མཐོང་ཏེ། འཐོལ་བས་ན་ཡོངས་སུ་དག་གོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཆུ་བསྒྱུར་བའི་སྐ་མགོ་ལྟ་བུ་བུག་རྡོལ་དུ་གྱུར་ན་ཆུ་ཟག་གོ།། དེ་ཅིའི་ཕྱིར་ཞེ་ན། འཆོས་པ་མེད་པའི་ཕྱིར་རོ། ། ཅི་སྟེ་དེ་ལ་བཅོས་པའང་ཡོད་ན་ཆུ་ཕྱི་རོལ་དུ་མི་ཟག་གོ།། བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲ་སྟེ། ཚུལ་ཁྲིམས་ཉམས་པ་དང་ལྷན་ཅིག་ཏུ་གསོ་སྦྱིན་དང་། ཚུལ་ནས་འབྱུང་བའི་ལས་དང་། དགེ་འདུན་གྱི་ལས་བྱེད་ཀྱང་། ཚུལ་ཁྲིམས་མི་ཉམས་ཏེ། ཆུ་སྐྲ་བུག་རྡོལ་ཅན་ལྟ་བུ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཀལ་ཏེ་ཚུལ་ཁྲིམས་ཡོངས་སུ་དག་པའི་གང་ཟག་མེད་ན་དགེ་འདུན་འགྲིབ་པར་འགྱུར་ཏེ། ང་རྒྱལ་དང་ལེ་ལོའང་བྱི་ཕྱིར་སྐྱེའོ།། གལ་ཏེ་ཚུལ་ཁྲིམས་ཡོངས་སུ་དག་པ་ཡོད་ན། ཐོག་མར་བསྙེན་པར་རྫོགས་པའི་ཚུལ་ཁྲིམས་ཀྱང་མི་ཉམས་སོ།། རིགས་ཀྱི་བུ་ཐེག་པ་ལ་གློད་པ་ནི་གློད་པ་ཞེས་བྱའི། ཚུལ་ཁྲིམས་ལ་གློད་པ་ནི་གློད་པ་ཞེས་མི་བྱའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཐེག་པ་ཆེན་པོ་འདི་ལ་ང་རྒྱལ་དང་ལེ་ལོའི་སེམས་མེད་ན། ཚུལ་ཁྲིམས་ཉིད་ཅེས་བྱ་སྟེ། དམ་པའི་ཆོས་བསྲུང་བའི་ཕྱིར་ཐེག་པ་ཆེན་པོའི་ཆུས་ཁྲུས་བྱེད་དོ། ། དེ་བས་ན་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཉམས་པར་སྟོན་ཀྱང་གློད་པ་ཞེས་མི་བྱའོ།། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དགེ་འདུན་གྱི་ནང་ན་སྐྱེས་བུ་རྣམ་པ་བཞི་མཆོས་ཀྱང་། ཤིང་ཐོག་ཨ་འདྲའི་འབྲས་བུ་ལྟར་སྨོན་ནམ་མ་སྨོན་པ་བརྟག་དཀའ་ན། ཚུལ་ཁྲིམས་ཉམས་པ་དང་། ཚུལ་ཁྲིམས་མ་ཉམས་པ་ཇི་ལྟར་རྟོགས་པར་བགྱི། བཅོམ་ལྡན་ས་ས། 5། རགས་ཙས་ཡོངས་ས་མྱ་ངན་ལས་འདས་ལྡན་ནན་སྟན་ཤེས་པརའོ།། ནྣཿདྷན་ལས་འདུས་བྱས་ད་འདུས་ཤེས་པ་ཙྪིན། འདི་ལྟ། དཔེརྙན་ཞིང་པདག་ཞིང་ལ་འབྲས་དང་ཞེ་དག་རྨོས་ཏེ། ཁྲོ་རྒོད་ལ་སོགས་བྱ་བས་ལ་ནས། ཤའི་མྱོག་གིས་བརྟགས་ན་ཞིང་ག་ཤིན་པ་ཞེས་བྱ་སྟེ། བྷིཧྲཱིན་ནས་རྩཝ་དང་ཁྲེ་སོ་སོར་འབྱེའོ།། དེ་བཞིན་དུ་ཡོ་བྱད་རྣམ་པ་བརྒྱད་ཀྱིས་དགེ་འདུན་སྐྱེ་བར་འགྱུར་རོ།། དེ་དག་བསལ་ན་ཤའི་མིག་གིས་བརྟགས་ཀྱང་ཡོངས་སུ་དག་པར་རིག་གོ་ཚུལ་ཁྲིམས་ཉམས་པ་དང་། ཚུལ་ཁྲིམས་སྲུང་བ་དག་ཉེས་པ་མི་བྱེད་པའི་ཚེན། ཤའི་མོག་གིས་བརྟགས་པས་རྟོགས་པར་དཀའ་སྟེ། ཉེས་པ་མངོན་དུ་བྱུང་ན་ཤེས་པར་སླ་བ་ན་ལྟར་ཁྲེ་རྒོད་དག་ཤེས་ཤིང་རྟོགས་པར་སྨྲ་བ་བཞིན་ནོ། ། དགེ་འདུན་ཡང་དེ་དང་འདྲ་སྟེ། མ་བརྟགས་པའི་དངོས་པོ་བརྒྱད་སྦྲུལ་གདུག་པ་དང་འདྲ་བར་ཡོངས་སུ་སྤངས་ན། དེ་ནི་ཡོངས་སུ་དག་པའི་འཕགས་པའི་དགེ་འདུན་བསོད་ནམས་ཀྱི་ཞིང་ཞེས་བྱ་སྟེ། ལྷ་དང་མིས་མཆོད་པར་འོས་པའི་གནས་ཡོངས་སུ་དག་པའི་འབྲས་བུ་སྨིན་པར་འགྱུར་བ་སྟེ། ཤའི་མིག་ཅན་དག་གིས་། རྟོགས་པ་མ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་ཤིང་ཀཱ་ལ་ཀའི་ཚོལ་ན། ཤིང་ཀཱ་ལ་ཀ་ནི་རབ་ཏུ་མང་སྟེ། ཤིང་ཙིན་ཏ་ཀ་ནི་དྲུང་གཅིག་ལས་མེད་དོ།། ཤིང་ཀཱ་ལ་ཀ་དང་ཙིན་ཏ་ཀའི་འབྲས་བུ་འདྲ་སྟེ། བྱེ་བྲག་མོ་ཕྱེད་པས་འབྲས་བུ་སྨིན་པ་ན། བུད་མེད་གཅིག་གིས་ཀུན་བཏོགས་སོ།། ཚལ་དེན་ཙིན་ཏ་ཀའི་འབྲས་བུ་ནི་བཅུ་རྩ་གཅིག་ཙམ། ཀཱ་ལ་ཀའི་འབྲས་བུ་ནི་བཅུ་ཆབས་མང་སྟེ། བུད་མེད་དེས་མི་ཤེས་པས་བཏུས་ནས་ཚོང་དུས་སུ་བཙོངས་སོ།། བྱིས་པ་ཆུང་ངུ་གླེན་པ་དག་ངོ་མ་ཤེས་ནས། ཀཱ་ལ་ཀར་འབྲས་བུ་ཉོས་ཏེ་ཟོས་སོ། ། ཟོས་མ་ཐག་ཏུ་ཤི་བར་གྱུར་ཏོ།། མཁས་པ་ཤེས་རབ་ཅན་དག་དེ་ལྟར་གྱུར་པ་ཐོས་ནས།། བུད་མེད་དེ་ལ་འདི་སྐད་དུ་ཆེ་ཞེ་ཤོང་ཐོག་འདིག་ལས་འོངས་ཞེས་དྲིས་ན། བུད་མེད་དེས་ཕྱོགས་དང་གནས་འདི་ནས་འོངས་ཞེས་སྨྲའོ།། དེ་ལ་ཀུན་གྱིས་གནས་དང་ཕྱོགས་དེ་ན་ཤིང་ཀཱ་ལ་ཀ་མང་རབ་སྟེ། ཙིན་ཏ་ཀ་ནི་དྲུང་གཅིག་ལས་མེད་དོ་ཞེས་བགད་ནས་འགྲོའོ། ། རིགས་ཀྱི་བུ་དགེ་འདུན་གྱི་ནང་ན་མ་བརྟགས་པའི་རྣམ་པ་བརྒྱད་ལ་སྤྱོད་པའང་དེ་དང་འདྲ་སྟེ། དགེ་འདུན་གྱི་ནང་ན་མ་བརྟགས་པའི་ཆོས་རྣམ་པ་བརྒྱད་ལ་སྤྱོད་པ་ནི་མ་རབ་ཀྱི། ཚུལ་ཁྲིམས་ཡོངས་སུ་སྲུང་ཞིང་མ་བརྟགས་པའི་ཆོས་བརྒྱད་ལ་མི་སྤྱོད་པ་ནི་གཅིག་ཙམ་མོ།། དེ་ལྟར་མ་བརྟགས་པའི་ཆོས་མ་ཡིན་པ་འཆང་ཞིང་སྤྱོད་པར་ཤེས་ཀྱང་། དེ་དང་ལས་ལྷན་ཅིག་ཏུ་བྱེད་དོ། ། མི་འབྲལ་བ་ནི་ཇི་ལྟར་ཀཱ་ལ་ཀའི་ཚལ་ན་ཙན་ཏ་ཀ་དྲུང་གཅིག་སྐྱེས་པ་བཞིན་ནོ།། དགེ་བསྙེན་གཅིག་གིས་དེ་ལྟར་གང་ཟག་དེ་དག་ཆོས་མ་ཡིན་པ་མང་དུ་སྤྱོད་ཅིང་། མཆོད་པ་དང་། རིམ་གྲོ་བྱེད་པ་མེད་པ་མཐོང་བས། གང་ཟག་དེ་ལ་མཆོད་པ་བྱེད་པར་སེམས་ན། སྔར་དེ་ལ་འདི་སྐད་དུ་བཙུན་པ་མ་རྟགས་པའི་དངོས་པོ་བརྒྱད་སྤྱོད་དམ། སངས་རྒྱས་ཀྱིས་གནང་ངམ་ཞེས་དྲིས་ཤིག། གལ་ཏེ་སངས་རྒྱས་ཀྱིས་གནང་ཞེས་ཟེར་ན། གང་ཟག་དེ་དང་ལྷན་ཅིག་གསོ་སྦྱིན་དང་། གསོལ་བ་དང་། ཞུ་བའི་ལས་དང་། ཚུལ་ནས་འབྱུང་བའི་ལས་བྱར་རུང་ངམ་མི་རུང་ཞེས་དྲིས་ཤིག། དགེ་བསྙེན་གྱིས་དེ་སྐད་ཅེས་དྲིས་ཏེ། དགེ་འདུན་དག་འདི་སྐད་དུ་འདི་ལྟར་མ་བརྟགས་པའི་དངོས་པོ་བརྒྱད་པོ་ནི། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་ཅག་འཆང་ཞིང་སྤྱོད་དུ་གནང་ངོ་ཞེས་ཟེར་ན། དགེ་བསྙེན་གྱིས་འདི་སྐད་དུ་གཙུག་ལག་ཁང་མཚམས་གཅིག་གི་དགེ་སློང་ལས་ཁ་ཅིག་ནི། གསེར་དང་དངུལ་ལ་སོགས་པ་སངས་རྒྱས་ཀྱིས་སྤྱོད་དུ་གནང་ངོ་ཞེས་ཟེར་ཁ་ཅིག་ནི་མི་གནང་ངོ་ཞེས་ཟེར་ཏེ། གནང་ངོ་ཞེས་སྨྲ་བ་དང་མི་གནང་ངོ་ཞེས་སྨྲ་བ་ལྷན་ཅིག་ཏུ་གནས་པར་ཡང་མི་བྱ། གསོ་སྦྱིན་དང་ཚུལ་ནས་འབྱུང་བའི་ལས་ཀྱང་མི་བྱ། ཆུང་ངུ་ནི་ཆུ་མིག་གཅིག་ཏུ་ཆུའང་མོ་བཏུང་ཞིང་། འཚོ་བའི་ཡོ་བྱད་ཐུན་མོང་དུ་མི་སྤྱོད་དོ་ཞེས་གསུངས་ན། ཅིའི་བྱོར་ཁྱེད་ཀྱིས་སངས་རྒྱས་ཀྱིས་གནང་བ་སྐད་དུ་སྨྲ། བཅོམ་ལྡན་འདས་ལྷའི་ནང་ན་ལཱུ་ཅི་སྤྱོད་ཅིང་འཆང་དུ་གནང་ནའང་ཁྱེད་དགེ་འདུན་གྱིས་སྤྱོད་པར་མ་འོས་སོ། ། ཅི་སྟེ་སྤྱོད་པར་གྱུར་ན་གསོ་སྦྱིན་དང་། ཚུལ་ནས་འབྱུང་བ་དང་། གསོལ་བ་དང་། ཞུ་བ་དང་། དགེ་འདུན་གྱིས་བྱ་བའི་ལས་ཀྱི་བར་དུ་བྱེད་པར་མ་འོས་སོ། ། ཅི་སྟེ་གསོ་སྦྱིན་དང་། ཚུལ་ནས་འབྱུང་བ་དང་། གསོལ་བ་དང་། ཞུ་བ་དང་། དགེ་འདུན་གྱི་ལས་ལྷན་ཅིག་ཏུ་བྱས་ན། ཚེ་འཕོས་མ་ཐག་ཏུ་སེམས་ཅན་དམྱལ་བར་ལྷུང་སྟེ། ཇི་ལྟར་བྱིས་པ་དག་ཤིང་ཐོག་ཀཱ་ལ་ཀ་ཟོས་ནས་ཤི་བ་བཞིན་ནོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་གྲོང་ངམཚོང་དུས་ན་སྨན་འཚོང་བ། གངས་ལས་སྐྱེ་བའི་སྨན་བཟང་པོ་ཞིག་འཚོང་ན་ཉོ་བའང་མང་ངོ་།། སྨན་དེ་དང་འདྲ་བ་གཞན་ཞིག་བཙོངས་ཀྱང་། ཀུན་གྱིས་མི་ཤེས་པས་ཐམས་ཅད་སྨན་ཉོ་བའི་ཕྱིར། སྨན་འཚོང་བའི་གན་དུ་འོངས་ནས། ཁྱོད་ལ་གངས་ལས་སྐྱེ་བའི་སྨན་ཡོད་དམ་ཞེས་འདྲི་ན། སྨན་འཚོང་བ་དེས་དེ་དང་འདྲ་བའི་སྨན་ཞོག་འདི་གངས་ལས་སྐྱེ་བའི་སྨན་ཡིན་ནོ་ཞེས་བརྫུན་བྱས་ཏེ་བཙོངས་ཀྱང་། ཤའི་མིག་གོས་མི་རྟོགས་པས། བདག་ནི་གངས་ལས་སྐྱེ་བའི་སྨན་བཟང་པོ་ཉོས་ཏེ་རྙེད་དོ་སྙམ་སེམས་སོ།། འོད་སྲུངས་ཉན་ཐོས་ཀྱི་དགེ་འདུན་གྱི་ནང་ན་མིང་ཙམ་གྱི་དགེ་འདུན་དང་། ཡང་དག་པའི་དགེ་འདུན་དང་། འདུམ་པའི་དགེ་འདུན་ཞེས་བྱ་བའི་དགེ་འདུན་ཡོད་ཀྱིས། ཚུལ་ཁྲིམས་སྲུང་ངམ། ཚུལ་ཁྲིམས་ཉམས་ཀྱང་རུང་། དགེ་འདུན་དེ་ལ་ནི་མཆོད་པ་དང་། བཀུར་སྟི་དང་། ཕྱག་བྱ་བ་ལ་སོགས་པ་འདྲ་བར་བྱའོ།། དགེ་བསྙེན་གྱིས་མི་རྟོགས་པ་ནི་གང་ཟག་གིས་གངས་ལ་སྐྱེ་བའི་སྨན་བཟང་པོ་མི་རྟོགས་པ་བཞིན་ནོ། ། ཚུལ་ཁྲིམས་སྲུང་བནི་གང་། ཚུལ་ཁྲིམས་ཉམས་པ་ནི་ཀང་། ཀང་ནི་ཡང་དག་པའི་དགེ་འདུན། མིང་ཙམ་གྱི་དགེ་འདུན་ནི་གང་ཡིན་པ་ལྟའི་མིག་ཅན་གྱིས་ནི་ཤེས་ཤིང་རྟོགས་སོ། ། འོད་སྲུངས་གལ་ཏེ་དགེ་བསྙེན་གྱིས། དགེ་སློང་ཚུལ་ཁྲིམས་ཉམས་པར་ཤེས་ཡང་དག་ན་དེ་ལ་ནི་བསྙེན་བཀུར་དང་། ཕྱག་དང་། མཆོད་པ་ལ་སོགས་པ་མི་བྱའོ། ། གལ་ཏེ་གང་ཟག་དེས་མ་བརྟགས་པའི་ཆོས་བརྒྱད་པོ་སྤྱོད་པར་ཤེས་ཡང་དག་ན། ཡང་དེ་ལ་བསྙེན་བཀུར་དང་། མཆོད་པའི་ཡོ་བྱད་སྦྱར་བ་དང་། ཕྱག་དང་། མཆོད་བ་ལ་སོགས་པ་མི་བྱའོ། ། གལ་ཏེ་དགེ་འདུན་གྱི་ནང་ན་ཚུལ་ཁྲིམས་ཉམས་པ་ཡོད་ན། གོས་ངུར་སྨྲིག་གྱོན་པ་ཙམ་གྱིས་དེ་ལ་ཕྱག་དང་མཆོད་པ་ལ་སོགས་པ་མི་བྱའོ།། དེ་ནས་ཡང་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ལེགས་སོ་ལེགས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བཀའ་ཡང་དག་པ་གསུངས་ཏེ། བདག་གཟུངས་སུ་འཛིན་པར་འཚལ་ལོ།། དཔེར་ན་རྡོ་རྗེ་རིན་པོ་ཆེ་གཞན་དང་ཐ་དད་དེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན། དགེ་སློང་རྣམས་ནི་ཆོས་རྣམ་པ་བཞི་པོ་ལ་གནས་པར་བགྱིའོ། ། བཞི་གང་ཞེ་ན། ཆོས་ལ་གནས་ཀྱི་གང་ཟག་ལ་མི་གནས་པ་དང་། དོན་ལ་གནས་ཀྱི་ཚིག་ལ་མི་གནས་པ་དང་། ཡེ་ཤེས་ལ་གནྡ་ཀྱི་རྣམ་པར་ཤེས་པ་ལ་མི་གནས་པ་དང་། ངེས་པའི་དོན་ལ་གནས་ཀྱི་བཀྲི་བའི་དོན་ལ་མི་གནས་པ་སྟེ། ཆོས་རྣམ་པ་བཞི་པོ་འདི་ནི་རྟོགས་པར་བགྱི་བ་ལགས་ཀྱི། སྐྱེས་བུ་རྣམ་པ་བཞི་པོ་ནི་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་ལ་གནས་ཤེས་བྱ་བ་ནི། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོའོ། ། སངས་རྒྱས་རྣམས་ཀྱི་ཆོས་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ།། ཆོས་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའོ།། དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་མི་འགྱུར་བའོ། ། དེ་ལ་གང་ཞིག་དེ་བཞིན་གཤེགས་པ་མི་རྟག་ཅེས་སྨྲ་ན། གང་ཟག་དེ་ནི་ཆོས་ཉིད་མི་མཐོང་མི་ཤེས་པའོ།། གལ་ཏེ་ཆོས་ཉིད་མི་མཐོང་མི་ཤེས་ན།། དེ་ལ་མི་ག་ནས་མི་རྟེན་ཏོ།། གོང་དུ་གསུངས་པའི་སྐྱེས་བུ་བཞི་པོ་འཇིག་རྟེན་དུ་བྱུང་བ་དམ་པའི་ཆོས་སྲུང་ཞིང་འཛིན་ན་ཤེས་ཤིང་རིག་པར་བྱ་སྟེ། དེ་ལ་གནས་ཤིང་བརྟེན་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེ་ནི་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་དོན་ཟབ་མོ་ལ་ཤིན་ཏུ་མཁས་པས། དེ་བཞིན་གཤེགས་པ་ནི་རྟོག་པ་མི་འགྱུར་བར་ཤེས་པའི་ཕྱིར་རོ།། གལ་ཏེ་དེ་བཞིན་གཤེགས་པ་ལ་མི་རྟག་ཅེའམ། འགྱུར་བ་འཕོ་བའི་ཆོས་ཅན་ནོ་ཞེས་བྱ་བའི་གནས་མེད་དེ། སྐྱེས་བུ་རྣམ་པ་བཞི་པོ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེ་ནི་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཤེས་ལ་སྟོན་ཀྱང་ནུས་པའི་ཕྱིར་རོ།། སྐྱེས་བུ་གང་ཞིག་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་དོན་ཟབ་མོའང་ཤེས་ལ། དེ་བཞིན་གཤེགས་པ་ནི་རྟག་པ་མི་འགྱུར་བའི་ཆོས་ཅན་དུ་ཤེས་ན། སྐྱེས་བུ་དེ་ནི་རྙེད་པ་ཙམ་གྱི་ཕྱིར། དེ་བཞིན་གཤེགས་ནི་མོ་རྟག་གོ་ཞེས་སྨྲ་བའི་གནས་མེད་དོ། ། སྐྱེས་བུ་དེ་ལའང་གནས་ཤིང་བརྟན་པར་བྱ་ན། སྐྱེས་བུ་བཞི་པོ་ལ་གནས་ཤིང་བརྟེན་པ་ལྟ་ཅི་སྨོས་ཆོས་ལ་གནས་ཤེས་བྱ་བ་ནི་ཆོས་ཉིད་ལ་བྱའོ།། གང་ཟག་ལ་མི་གནས་ཤེས་བྱ་བ་ནི་ཉན་ཐོས་ལ་བྱའོ།། ཆོས་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའོ།། ཉན་ཐོས་ཤེས་བྱ་བ་ནི་འདུས་བྱས་སོ།། དེ་བཞིན་གཤེགས་པ་ནི་རྟག་པའོ། ། འདུས་བྱས་ནི་མི་རྟག་པའོ།། རིགས་ཀྱི་བུ་གང་ཟག་ཚུལ་ཁྲིམས་ཉམས་པ་རྙེད་པ་འམ། གྲགས་པའི་ཕྱིར་དེ་བཞིན་གཤེགས་པ་ནི་མི་རྟག་པར་འགྱུར་ཞིང་འཕོ་བའོ་ཞེས་སྤྱ་ན། གང་ཟག་དེ་ལ་ནི་གནས་པར་མི་བྱ་སྟེ། རིགས་ཀྱི་བུ་དེ་ནི་ངེས་པའི་དོན་ཞེས་བྱའོ།། དོན་ལ་གནས་ཀྱི་ཚིག་ལ་མི་གནས་ཞེས་བྱ་བ་གང་ཞེ་ན། དོན་ནི་དོན་མངོན་པར་རྟོགས་བའོ། ། མངོན་པར་རྟོགས་པའི་དོན་ཞེས་བྱ་བ་ནི་མ་ཞུམ་པའོ།། མི་ཞུམ་པ་ནི་ཕུན་སུམ་ཚོགས་པའོ།། ཕུན་སུམ་ཚོགས་པའི་དོན་ནི་དེ་བཞིན་གཤེགས་པ་རྟག་ཏུ་གནས་པ་མི་འགྱུར་མི་འཕོ་པའོ། ། དེ་བཞིན་གཤེགས་པ་རྟག་ཏུ་གནས་པ་མི་འགྱུར་མི་འཕོ་བའི་དོན་ནི་ཆོས་རྟག་པའོ།། ཆོས་རྟག་པའི་དོན་ནི་དགེ་འདུན་རྟག་པ་སྟེ། འདི་ནི་དོན་ལ་གནས་པ་སྟེ་ཚིག་ལ་མི་གནས་པ་ཞེས་བྱའོ། ། དེ་ལ་མི་གནས་པའི་ཚིག་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སྤྲོས་པའི་འཇིག་རྟེན་གྱི་གཙུག་ལག་དང་། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་མདོ་སྡེ་ཚད་མེད་པ། འདོད་པ་མང་ཞིང་ཆོ་ག་མི་ཤེས་པ། སྒྱུས་འཚོ་ཞིང་གཡོ་བྱེད་པ། སྤྱོད་ལམ་འཆོས་པ། རྙེད་པ་དང་གྲགས་པའི་ཕྱིར་ཁྱིམ་པ་ལ་བརྟེན་པ་དང་། གཞན་ཡང་འདི་སྐད་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་འཆང་ཞིང་སྤྱོད་དུ་གནང་བ་ནི། འདི་ལྟ་སྟེ། བྲན་པོ་དང་། བྲན་མོ་དང་། ཡོངས་སུ་མ་བརྟགས་པའི་དངོས་པོ་གསེ་ར་དང་། དངུལ་དང་། རིན་པོ་ཆེ་དང་། ནས་དང་། འབྲས་དང་། བང་མཛོད་དང་། བ་ལང་དང་། ལུག་དང་བལ་གྱི་གླང་པོ་ཆེ་དང་། རྟ་ལ་སོགས་པ་སྤྱོད་ཅིང་། ཚོང་སྤོགས་བྱེད་དུ་ཀ་ནང་བ་དང་། མུ་གེའི་དུས་བྱུང་བ་ན་སྲས་རྣམས་ལ་ཐུགས་བརྩེ་བའི་ཕྱིར་དགེ་སྦྱོང་དག་ཡོ་བྱད་ལྷག་པ་སོགས་ཤིང་འཆང་དུ་གནང་ངོ་ཞེས་གསུངས་པ་དང་། བདག་གིས་ལག་དར་ཏེ། ཁ་ཟས་ཀྱི་གཡོས་བྱས་ནས། བྱིན་ལེན་མ་བྱས་པར་ཟོས་ཀྱང་རུང་ངོ་ཞེས་མདོ་སྡེ་ལས་གསུངས་ཀྱང་ཚིག་དེ་ལ་གནས་པར་མ་བྱའོ། ། ཡེ་ཤེས་ལ་གནས་ཀྱི་རྣམ་པར་ཤེས་པ་ལ་མོ་གནས་ཤེས་བྱ་བ་གང་ཞེ་ན། ཡེ་ཤེས་ནི་དེ་བཞིན་གཤེགས་པའོ།། ཉན་ཐོས་གང་ཞིག་དེ་བཞིན་གཤེགས་པའི་ཡོན་ཏན་ལ་ཤིན་ཏུ་མི་གནས་ཟེར་བ་དེ་ནི་རྣམ་པར་ཤེས་པ་ཞེས་བྱ་སྟེ། གནས་པར་མི་བྱའོ།། གང་ཞིག་དེ་བཞིན་གཤེགས་པ་ཉིད་ཆོས་ཀྱི་སྐུར་ཤེས་ན་དེ་ནི་ཡང་དག་པའི་ཡེ་ཤེས་ཡིན་ཏེ། དེ་ལ་ནི་གནས་པར་བྱའོ།། གང་གིས་དེ་བཞིན་གཤེགས་པས་ཐམས་ཅད་དུ་སྟོན་པའི་སྐུ་ལ་འདི་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལས་འདུས་པ་སྟེ། ཞལ་ཟས་ཀྱིས་གསོ་བ་ཡིན་པར་ཤེས་ན། དེ་ནི་རྣམ་པར་ཤེས་པ་སྟེ་གནས་པར་མི་བྱའོ།། གང་ཞིག་དེ་སྐད་དུ་སྟོན་ཏམ། ཡི་གེ་དང་གཙུག་ལས་འབྱུང་ཡང་གནས་པར་མི་བྱའོ། ། ངེས་པའི་དོན་གྱི་མདོ་སྡེ་ལ་གནས་ཀྱི་བཀྲི་བའི་དོན་གྱི་མདོ་སྡེ་ལ་མི་གནས་སོ་ཞེས་བྱ་བ་གང་ཞེ་ན། བཀྲི་བའི་དོན་གྱི་མདོ་སྡེ་ནི། འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་ཅན་དག། བཅོམ་ལྡན་འདས་ཀྱི་དོན་ཤིན་ཏུ་ཟབ་མོ་ཐོས་ན། ཐེ་ཚོམ་སྐྱེ་ཞིང་ངོ་མཚར་དུ་གྱུར་ཏེ། དོན་ཟབ་མོའི་སྙིང་པོ་ལས་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་འབྱུང་བར་མི་ཤེས་སོ། ། དཔེར་ན་བྱིས་པ་ཆུང་ངུ་ཅིའང་མི་ཤེས་ཤིང་བྱེ་བྲག་མི་ཕྱེད་པ་ལྟ་བུ་ནི་བཀྲི་བའི་དོན་ཅེས་བྱའོ།། ངེས་པའི་དོན་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཡེ་ཤེས་ཀྱིས་ཇི་ལྟར་བསམས་པ་བཞིན་དུ་ཐོགས་པ་མེད་པའི་ཡེ་ཤེས་འཇུག་སྟེ། དཔེར་ན་སྐྱེས་བུ་ཆེན་པོ་ཅིའང་མི་ཤེས་པ་མེད་པ་ནི་ངེས་པའི་དོན་ཅེས་བྱའོ།། གཞན་ཡང་ཉན་ཐོས་ཀྱི་ཐེག་པ་ནི་བཀྲི་བའི་དོན་ཅེས་བྱའོ།། བླ་ན་མེད་པའི་ཐེག་པ་ཆེན་པོ་ནི་ངེས་པའི་དོན་ཅེས་བྱའོ།། གང་ཞིག་དེ་བཞིན་གཤེགས་པ་ནི་མི་རྟག་གོ། འགྱུར་ཞིང་འཕོ་བའོ་ཞེས་སྨྲ་བ་ནི་བཀྲི་བའི་དོན་ཏོ། ། གང་ཞིག་དེ་བཞིན་གཤེགས་པ་ནི་རྟག་པའོ།། མི་འགྱུར་མི་འཕོ་བའོ་ཞེས་སྨྲ་བ་ནི་ངེས་པའི་དོན་ཅེས་བྱའོ།། གང་ཉན་ཐོས་ཀྱི་བསྟན་པས་ཆུད་ཅིང་རྟོགས་པ་ནི་བཀྲི་བའི་དོན་ཏོ། ། བྱང་ཆུབ་སེམས་དཔའི་བསྟན་པས་ཆུད་ཅིང་རིག་པ་ནི་ངེས་པའི་དོན་ཅེས་བྱའོ།། གང་ཞིག་དེ་བཞིན་གཤེགས་པ་ལ་ཞལ་ཟས་ཀྱིས་གསོ་དགོས་ཤེས་སྨྲ་བ་ནི་བཀྲི་བའི་དོན་ཏོ། ། གང་ཞིག་རྟག་པ་གནས་པ་མི་འགྱུར་མི་འཕོ་བའོ་ཞེས་སྨྲ་བ་ནི་ངེས་པའི་དོན་ཅེས་བྱའོ།། གང་ཞིག་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་ནི་ཇི་ལྟར་ཤིང་ཟད་ན་མེ་ཤི་བ་བཞིན་ནོ་ཞེས་སྨྲ་བ་ནི་བཀྲི་བའི་དོན་ཏོ། ། གང་ཞིག་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་དབྱིངས་ཉིད་ལ་ཞུགས་སོ་ཞེས་སྨྲ་བ་ནི་ངེས་པའི་དོན་ཅེས་བྱ་སྟེ། མདོར་ན་ཉན་ཐོས་ཀྱི་ཐེག་པའི་ཆོས་ལ་ནི་གནས་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་སོ་སོའི་སྐྱེ་བོ་བསྒྲལ་བའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ནི་སྦྱོར་བའི་ཐབས་སུ་གསུངས་སོ། ། འདི་ལྟ་སྟེ། དཔེར་ན་ཁྱིམ་བདག་གིས་བུ་ཆུང་ངུ་ལ་ཡི་གེ་ཕྱེད་བསྟན་པ་བཞིན་ནོ།། རིགས་ཀྱི་བུ་ཉན་ཐོས་ཀྱི་ཐེག་པ་ནི། དཔེར་ན་ཞིང་ཐོག་མ་རྨོས་མ་ཐག་དང་མཚུངས་ཏེ། འབྲས་བུ་མེད་པས་གནས་པར་མི་བྱའོ།། དེ་བས་ན་ཉན་ཐོས་ཀྱི་ཐེག་པ་ནི་བཀྲི་བའི་དོན་ཅེས་བྱའོ།། ཐེག་པ་ཆེན་པོའི་ཆོས་ལ་ནི་གནས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་སོ་སོའི་སྐྱེ་བོ་དག་བསྒྲལ་བའི་ཕྱིར་སྦྱོར་བའི་ཐབས་སུ་ཐེག་པ་ཆེན་པོ་གསུངས་ཏེ། དེ་བས་ན་ངེས་པའི་དོན་ཅེས་བྱ་སྟེ་གནས་པར་བྱའོ།། དེ་ལྟར་དེ་ལྟ་བུའི་ཚུལ་དུ་གནས་པ་རྣམ་པ་བཞི་ཁོང་དུ་ཆུད་ཅིང་ཤེས་པར་བྱའོ། ། གཞན་ཡང་དོན་ལ་གནས་ཤེས་བྱ་བ་དོན་ནི་ཡང་དག་པའོ།། ཡང་དག་པ་ནི་འོད་གསལ་བའོ།། འོད་གསལ་བ་ནི་མ་ཞུམ་པའོ། ། མ་ཞུམ་པ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་འོད་གསལ་བ་ནི་ཡེ་ཤེས་སོ།། ཡང་དག་པ་ནི་རྟག་ཏུ་གནས་པའོ།། དེ་བཞིན་གཤེགས་བརྟག་པ་ནི་ཆོས་ལ་གནས་པའོ། ། ཆོས་ཤེས་བྱ་བ་ནི་རྟག་པ། མཐའ་ཡས་པ། བསམ་གྱིས་མི་ཁྱབ་པ། གཟུང་དུ་མེད་བཅིང་དུ་མེད་པ་སྟེ་བལྟར་རུང་བའོ།། གང་ཞིག་མཐོང་བར་མི་རུང་ཞེས་སྨྲན། གང་ཟག་དེ་ལ་གནས་པར་མི་བྱ་སྟེ། དེ་བས་ན་ཆོས་ལ་གནས་ཀྱི་གང་ཟག་ལ་མི་གནས་སོ།། གང་ཞིག་ཤིན་ཏུ་ཚིག་བཟང་པོས་མི་རྟག་ཅེས་སྨན། ཚིག་དེ་ལ་ནི་གནས་པར་མི་བྱ་སྟེ། དེ་བས་ན་དོན་ལ་གནས་ཀྱི་ཚིག་ལ་མིག་ནས་ཤེས་བྱའོ།། ཡེ་ཤེས་ལ་གནས་པའི་དགེ་འདུན་ནི་རྟག་པ། ། འདུས་མ་བྱས་པ། མི་འཕོ་བ། མི་བརྟགས་པའི་དངོས་པོ་བརྒྱད་མི་འཆང་བ་སྟེ། དེ་བས་ན་ཡེ་ཤེས་ལ་གནས་ཀྱི་རྣམ་པར་ཤེས་པ་ལ་མི་གནས་སོ།། ཁ་ཅིག་འདི་སྐད་དུ་རྣམ་པར་ཤེས་པས་བྱས། རྣམ་པར་ཤེས་པས་མྱོང་སྟེ། འདུམ་པའི་དགེ་འདུན་མེད་ཅེས་སྨྲ་བའང་ཡོད་དོ།། དེ་ཅིའི་ཕྱིར་ཞེ་ན། འདུམ་པ་ཞེས་བྱ་བ་ནི་ཅིའང་མེད་པའོ། ། ཅིའང་མེད་ན་རྟག་ཅེས་ཅི་ལ་བྱ། དེ་བས་ན་རྣམ་པར་ཤེས་པ་མི་གནས་སོ།། ངེས་པའི་དོན་ལ་གནས་པ་གང་ཞེ་ན། ངེས་པའི་དོན་ཞེས་བྱ་བ་ནི་ཆོག་ཤེས་པ་སྟེ་ནམ་དུའང་སྒྱུས་མི་འཚོ། ། སྤྱོད་ལམ་མི་འཆོས། ང་རྒྱལ་མི་བྱེད། རྙེད་པ་དང་གྲགས་པ་ལ་མི་ཆགས། དེ་བཞིན་གཤེགས་པས་སྦྱོར་བའི་ཐབས་སུ་གསུང་བའི་ཆོས་ལ་ཆགས་པར་མི་བྱེད་པ་སྟེ། དེ་ནི་ངེས་པའི་དོན་ཅེས་བྱའོ།། གང་ཞིག་དེ་ལ་གནས་ན་གང་ཟག་དེ་ནི་དོན་དམ་པ་ལ་གནས་པ་ཞེས་བྱ་སྟེ། དེ་བས་ན་ངེས་པའི་དོན་ལ་གནས་སོ།། བཀྲི་བའི་དོན་ལ་མི་གནས་པ་གང་ཞེ་ན། བཀྲི་བའི་དོན་ནི་མདོ་སྡེ་དག་ལས་ཐམས་ཅད་གདུང་བ་ཅན། ཐམས་ཅད་མི་རྟག་པ། ཐམས་ཅད་སྡུག་བསྔལ་བ། ཐམས་ཅད་བདག་མེད་པའོ་ཞེས་གསུངས་པ་ནི་བཀྲི་བའི་དོན་ཅེས་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། དོན་དེ་དག་མི་ཤེས་པས་འགྲོ་བ་མང་པོ་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་བྱེད་པའི་ཕྱིར་རོ།། དེ་ཇི་ལྟ་ཞེ་ན། ཆགས་ཤིང་ཞེན་པས་དོན་མངོན་པར་མི་རྟོགས་སོ།། ཐམས་ཅད་གདུང་བ་ཅན་ནི་མྱ་ངན་ལས་འདའ་བའང་གདུང་བ་དང་། ཐམས་ཅད་མི་རྟག་ན་ནི་མྱ་ངན་ལས་འདའ་བའང་མི་རྟག་གོ་ཞེས་དེ་བཞིན་གཤེགས་པས་གསུངས་པར་འཛིན་ཏེ། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་བར་དུ་རྒྱས་པར་རིག་པར་བྱ་སྟེ། དེ་བས་ན་བཀྲི་བའི་དོན་གྱི་མདོ་སྡེ་ལ་གནས་པར་མི་བྱའོ། ། དེ་ལ་གང་ཞིག་འདི་སྐད་དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་ཕྱིར་དུས་དང་ཚོད་ལ་ཤིན་ཏུ་མཁས་སོ།། དུས་ལ་མཁས་པས་ཡང་བ་དག་ཀྱང་ལྕི་བར་གསུངས། ལྕི་བའང་ཡང་བར་གསུངས་ཏེ། དེ་བཞིན་གཤེགས་པས་མཁྱེན་ཅིང་རྟོགས་པས། ཉེ་གནས་གང་ལ་སྦྱིན་བདག་དད་པས་བསྒོས་པའི་ཡོ་བྱད་ཅིའདོད་པ་སྦྱོར་ཞིང་། སྦྱིན་པའི་གང་ཟག་དེ་ལ་ནི། བཅོམ་ལྡན་འདས་ཀྱིས་བྲན་པོ་དང་། ཟན་མོ་དང་། གསེར་དང་། དངུལ་དང་། རིན་པོ་ཆེ་ལ་སྤྱོད་ཅིང་། ཚོང་སྤོགས་བྱེད་པ་ལ་སོགས་པ་མ་བརྟགས་པའི་དངོས་པོ་ཐམས་ཅད་འཆང་ཞིང་སྤྱོད་དུ་མ་གནང་ངོ་། ། ཉེ་གནས་གང་ལ་འཚོ་བའི་ཡོ་བྱད་སྦྱིན་པའི་ཡོན་བདག་མེད་ལ། མུ་གེ་བྱུང་སྟེ་བསོད་སྙོམས་མི་རྙེད་པའི་དུས་ན། ཡང་དག་པའི་ཆོས་རྣམ་པར་གཞག་ཅིང་བསྲུང་བའི་ཕྱིར། ངའི་ཉེ་གནས་དག་ཟན་པོ་དང་། བྲན་མོ་དང་། གསེར་དང་། དངུལ་དང་། བཞོན་པའི་ཐེག་པ་དང་། ཁང་ཁྱིམ་དང་། ནས་འབྲས་དང་། ཚོང་སྤོགས་ལ་སོགས་པ་འཆང་ཞིང་སྤྱོད་དུ་གནང་སྟེ། དེ་ལྟར་འཆང་ཞིང་སྤྱོད་དུ་གནང་མོད་ཀྱི། སྦྱིན་བདག་དད་པ་ཆེན་པོ་དང་ལྡན་པ་མེད་དུ་མི་རུང་ངོ་། ། དེ་ལྟར་ན་ཆོས་རྣམ་པ་བཞི་པོ་འདི་ལ་ནི་གནས་པར་བྱའོ།། གཞན་ཡང་ཆོས་འདུལ་བ་དང་། ཆོས་མངོན་པ་དང་། མདོ་སྡེ་ལས་རྣམ་པ་བཞི་པོ་འདི་དང་མི་འགལ་ན་གནས་པར་བྱའོ། ། དེ་ལ་གང་ཞིག་དུས་དང་དུས་མ་ཡིན་པ་འམ། ཆོས་སྲུང་བ་འམ། ཆོས་མི་སྲུང་བ་དང་སྦྱོར་བའང་མེད་དེ། དེ་བཞིན་གཤེགས་པས་མ་བརྟགས་པའི་དངོས་པོ་འདི་དག་དགེ་སློང་ཐམས་ཅད་སྤྱོད་དུ་གནང་ངོ་ཞེས་དེ་སྐད་སྨྲ་ན། ཚིག་དེ་ལ་ནི་གནས་པར་མི་བྱའོ།། འདུལ་བ་འམ། ཆོས་མངོན་པ་འམ། མདོ་སྡེ་དག་ལས་འདི་སྐད་དུ་འདི་དང་མཐུན་པར་གསུངས་ན། སྡེ་སྣོད་གསུམ་པོ་ལའང་གནས་པར་མི་བྱའོ།། ངས་སྐྱེ་བོ་ཤའི་མིག་ཅན་ལ་གནས་པ་བཞི་པོ་འདི་གསུངས་ཀྱི། ཤེས་རབ་ཀྱི་མིག་ཅན་གྱི་ཕྱིར་མ་ཡིན་ནོ། ། དེ་བས་ན་ངས་གནས་པ་བཞི་པོ་འདི་གསུངས་སོ།། ཆོས་ཤེས་བྱ་བ་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ།། དོན་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་རྟག་པ་མི་འགྱུར་བའོ། ། ཡེ་ཤེས་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཤེས་པའོ།། ངེས་པའི་དོན་ཅེས་བྱ་བ་ནི་ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ད་རྟོགས་པའོ། ། དེ་ནས་ཡང་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་སྔར་གསུངས་པའི་སྐྱེས་བུ་རྣམ་པ་བཞི་པོ་ལ་གནས་པར་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ།། དེ་དེ་བཞིན་ནོ།། རིགས་ཀྱི་བུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན་དེ་ལ་གནས་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། བདུད་རྣམ་པ་བཞི་ཡོད་པའི་ཕྱིར་རོ།། བཞི་གང་ཞེ་ན། བདུད་ཀྱིས་བསྟན་པའི་མདོ་སྡེ་དང་འདུལ་བ་འཛིན་པའོ། ། དེ་ནས་ཡང་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་བདུདེ་རྣམ་པ་བཞིའང་མཆིས་པར་གསུངས་ན། དེ་ལ་བདུད་ཀྱིས་བསྟན་པ་དང་། སངས་རྒྱས་ཀྱིས་གསུངས་པ་བདག་ཅག་གིས་བྱེ་བྲག་ཅིས་དབྱེ། སོ་སོའི་སྐྱེ་བོ་དག་བདུད་ཀྱི་རྗེས་སུ་སྤྱོད་པའང་མཆིས། སངས་རྒྱས་ཀྱིས་བསྟན་པའི་རྗེས་སུ་འཇུག་པའང་མཆིས་ན། དེ་དག་ཇི་ལྟ་བུར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། ང་ཡོངས་སུ་མྱ་ངན་ལས་འདས་ནས། ལོ་བདུན་བརྒྱ་ལོན་པའི་འོག་ཏུ་བདུད་སྡིག་ཏོ་ཅན་གྱིས་དམ་པའི་ཆོས་བགས་ཀྱིས་འཇིག་ཅིང་མ་རུང་བར་བྱེད་དོ།། དཔེར་ན་རྔོན་པ་དུར་སྨྲིག་གི་ཚུལ་དུ་གྱོན་པ་ལྟར། བདུད་སྡིག་ཏོ་ཅན་ཡང་དེ་བཞིན་དུ། དགེ་སློང་གི་གཟུགས་དང་། དགེ་སློང་མའི་གཟུགས་དང་། དགེ་བསྙེན་གྱི་གཟུགས་དང་། དགེ་བསྙེན་མའི་གཟུགས་སུའང་སྟོན་ཏེ། དེ་མ་ཡིན་པ་གཞན་ཡང་རྒྱུན་དུ་ཞུགས་པ་ནས། དགྲ་བཅོམ་པའི་ལུས་ཀྱི་བར་དུའང་སྤྲུལ་ཅིང་། སངས་རྒྱས་ཀྱི་གཟུགས་སུའང་སྤྲུལ་ཅིང་སྟོན་ཏོ། ། བདུད་ཀྱི་རྒྱལ་པོ་ཟག་པ་དང་བཅས་པའི་ལུས་ཀྱིས་ཟག་པ་མེད་པའི་ལུས་སུ་སྤྲུལ་ཏེ། ངའི་དམ་པའི་ཆོས་འཇིག་ཅིང་མ་རུང་བར་བྱེད་དོ།། པ་དུད་སྡིག་ཏོ་ཅན་དེ་དམ་པའི་ཆོས་མ་རུང་བར་བྱེད་པ་ན་འདི་སྐད་ཅེས་ཟེར་རོ། ། བྱང་ཆུབ་སེམས་དཔའ་སྔོན་དགའ་ལྡན་གནས་ནས་མི་སྣང་བར་གྱུར་ཏེ། གྲོང་ཁྱེར་སེར་སྐྱའི་རྒྱལ་པོ་ཟས་གཙང་མའི་ཕོ་བྲང་དུ་ཕ་མ་གཉིས་འདུས་པའི་འདོད་པ་ལས་ལུས་འདི་སྐྱེས་སོ་ཞེས་སྨྲའོ། ། གང་ཟག་ནི་མེའི་རྒྱུད་དུ་སྐྱེས་ཏེ། འཇིག་རྟེན་དུ་བཅས་པ་ལྷ་དང་མིའི་འཁོར་ཐམས་ཅད་ཀྱིས་མཆོད་ཅིང་བ་སྟི་སྟེང་བྱེད་པར་འགྱུར་བ་ནི་གནས་མེད་དོ། ། གཞན་ཡང་འདི་སྐད་དུ་སྔོན་དཀའ་བ་རྣམ་པ་མང་པོ་སྤྱོད་ཅིང་། མགོ་དང་། མིག་དང་། རུས་པ་དང་། རྐང་དང་། ཡུལ་དང་། གྲོད་དང་། ཆུང་མ་དང་། བུ་པོ་ལ་སོགས་པ་སྦྱིན་པ་བྱས་པས་མངོན་པར་སངས་རྒྱས་ཏེ། དེའི་རྒྱུ་དེའི་རྐྱེན་གྱིས་འཇིག་རྟེན་དུ་བཅས་པ། ལྷ་དང་། མི་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མཽ་འམ་ཅི་དང་། ལྷོ་འཕྱེ་ཆེན་པོ་ལ་སོགས་པས་མཆོད་ཅིང་བསྟི་སྟང་བྱེད་པར་གྱུར་ཏོ།། ཞེས་གལ་ཏེ་མདོ་སྡེ་དང་འདུལ་བ་ལས་འདི་སྐད་ཅེས་འབྱུང་ནའང་། དེ་ནི་བདུད་ཀྱིས་བསྟན་པ་ཡིན་པར་རིག་པར་བྱའོ།། རིགས་ཀྱི་བུ་མདོ་སྡེའམ། འདུལ་བ་ལས་གང་འདི་སྐད་དུ་དེ་བཞིན་གཤེགས་པ་ནི་མངོན་པར་སངས་རྒྱས་ནས་ཡུན་རིང་སྟེ། མངོན་པར་སངས་རྒྱས་པ་བསྟན་པ་ནི་སེམས་ཅན་རྣམས་སྒྲོལ་བའི་ཕྱིར་ཏེ། འཇིག་རྟེན་པའི་རྗེས་སུ་ཕ་མ་འདུས་པ་ལས་སྐྱེས་པར་བསྟོན་ཏོ།། ཞེས་མདོ་སྡེ་དང་འདུལ་བ་ལས་འདི་སྐད་དུ་འབྱུང་ན། དེ་ནི་ཡང་དག་པར་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱའོ།། དེ་ལ་གང་བདུད་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བདུད་ཀྱི་རིས་སུ་གཏོགས་སོ། ། དེ་ལ་གང་སངས་རྒྱས་ཀྱིས་བསྟན་པའི་མདོ་སྡེ་དང་། འདུལ་བའི་རྗེས་སུ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ།། དེ་ལ་གང་ཞིག་དེ་བཞིན་གཤེགས་པ་ཐོག་མ་བལྟམས་ནས། ཕྱོགས་བཅུར་གོམ་པ་བདུན་བདུན་གཤེགས་པར་ཡིད་མི་ཆེས་ན། དེ་ནི་བདུད་ཀྱིས་བསྟན་པ་ལ་ཞུགས་པའོ།། དེ་ལ་གང་ངོ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ནས། ཕྱོགས་བཅུར་གོམ་པ་བདུན་བདུན་གཤེགས་ཏེ། དེ་ནི་དེ་བཞིན་གཤེགས་པས་ཐབས་སུ་བསྟན་པ་ཡིན་ནོ། ཞེས་སྨྲ་ན། དེ་ནི་དེ་བཞིན་གཤེགས་པས་བསྟན་པའི་མདོ་སྡེ་དང་འདུལ་བ་ཡིན་ནོ།། དེ་ལ་གང་བདུད་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བདུད་ཀྱི་རིས་སུ་གཏོགས་པ་ཞེས་བྱའོ།། སངས་རྒྱས་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་ལ་གང་ཞིག་བྱང་ཆུབ་སེམས་དཔའ་ཐོག་མ་བཙས་ནས། རྒྱལ་པོ་ཡབ་ཀྱིས་ལྷའི་རྟེན་ལ་ཕྱག་འཚལ་དུ་ཁྲིད་པ་ན། ཕྱིར་ལྷ་རྣམས་ཀྱིས་མཐོང་མ་ཐག་ཏུ་ཕྱག་བྱས་ཏེ། དེ་བས་ན་སངས་རྒྱས་ཞེས་བྱའོ།། དེ་ལ་གང་ཞིག་འདི་སྐད་དུ་ལྷ་ཞེས་བྱ་བ་ལྔར་བྱུང་སྟེ། སངས་རྒྱས་ནི་འཕྱིན། ཅིའི་ཕྱིར་ལྷ་རྣམས་ཀྱིས་སངས་རྒྱས་ལ་བསྟི་སྟེང་དང་ཕྱག་བྱེད་ཅེས་དེ་སྐད་དུ་རྒོལ་ན། དེ་ནི་བདུད་སྡིག་ཏོ་ཅན་གྱིས་བསྟན་པ་ཡིན་པར་རིག་པར་བྱའོ།། དེ་ལ་གང་ཞིག་འདི་སྐད་དུ་སངས་རྒྱས་བཅོམ་ལྡན་འདས་ལྷའི་རྟེན་དུ་གཤེགས་པ་ན། དབང་སྒྱུར་ཆེན་པོ་དང་། ཚངས་པ་ཆེན་པོ་དང་། བརྒྱ་བྱིན་ལྷའི་དབང་ཕྱུག་ལ་སོགས་པ་ལྷ་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ཏེ། བསྟི་སྟང་དང་བཅས་པས་ཞབས་ལ་ཕྱག་བྱས་སོ་ཞེས། མདོ་སྡེ་དང་འདུལ་བ་ལས་འབྱུང་ན། དེ་ནི་སངས་རྒྱས་ཀྱིས་བསྟན་པའོ།། དེ་ལ་གང་བདུད་ཀྱིས་བསྟན་པའི་རྗེས་སུ་འཇུག་ན། དེ་ནི་བདུད་ཀྱི་རིས་སུ་གཏོགས་པ་ཞེས་བྱའོ།། དེ་ལ་གང་སངས་རྒྱས་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། ། མདོ་སྡེ་དང་འདུལ་བ་གང་ལས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་མཛད་པ་ན། འདོད་པའི་སེམས་ཀྱིས་ཕྱོགས་བཞི་ནས་བཙུན་མོ་བཙལ་ཏེ། ཕོ་ཟང་གི་ནིང་དུ་འདོད་པ་རྣམ་པ་ལྔ་ལ་བདེ་བར་སྤྱོད་དོ་ཞེས་མདོ་སྡེ་དང་འདུལ་བ་ལས་འབྱུང་ན། དེ་ནི་བདུད་ཀྱིས་བསྟན་པ་ཡིན་ནོ།། དེ་ལ་གང་ཞིག་བྱང་ཆུབ་སེམས་དཔའ་ཡུན་རིང་པོ་ནས་འདོད་པའི་སེམས་དང་། བཙུན་མོའི་འཁོར་གྱི་འདོད་པ་ཡོངས་སུ་སྤངས་ཏེ། སུམ་ཅུ་རྩ་གསུམ་ག་ནམ་གྱི་ལྷའི་འདོད་པ་ལྔའང་མཆིལ་མ་བཞིན་དུ་བོར་ན། མིའི་འདོད་པ་ལྟ་ཅི་སྨོས་ཏེ། སྐྲ་དང་ཁ་སྤུ་བྲེགས་ནས་ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་བྱུང་སྟེ། བྱང་ཆུབ་ལ་ནན་ཏན་བྱེད་དོ་ཞེས་མདོ་སྡེ་དང་འདུལ་བ་ལས་དེ་སྐད་ཅེས་འབྱུང་ན། དེ་ནི་སངས་རྒྱས་ཀྱིས་བསྟན་པ་ཡིན་ནོ། ། དེ་ལ་གང་བདུད་ཀྱིས་བསྟན་པའི་མདོ་སྡེ་དང་འདུལ་བའི་རྗེས་སུ་འཇུག་པ་ནི་བདུད་ཀྱི་རིགས་སུ་གཏོགས་པ་ཞེས་བྱའོ།། དེ་ལ་གང་སངས་རྒྱས་ཀྱིས་བསྟན་པའི་མདོ་སྡེ་དང་། འདུལ་བའི་རྗེས་སུ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། གཞན་ཡང་འདི་སྐད་དུ་སྔོན་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་འཛེ་ཏའི་ཚལ་ན་བཞུགས་པའི་ཚེ། དགེ་སློང་རྣམས་ཀྱིས་ཟན་པོ་དང་། ཟན་མོ་དང་། ལས་བྱེད་པའི་མི་དང་། བ་ལང་དང་། ལུག་དང་། བལ་གྱི་གླང་པོ་ཆེ་དང་། རྟ་དང་། བོང་བུ་དང་། དྲེའུ་དང་། བྱ་དང་། ཁྱི་དང་། ཕག་ལ་སོགས་པ་གསོ་ཞིང་འཆང་བ་དང་། གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། མུ་ཏོག་དང་། ཤེལ་དང་། ཨ་ས་སྨ་ག་ར་བ་དང་། མུས་ས་ལ་གར་ལ་བ་དང་། ཤེལ་གྱི་སྣམ་བུ་དང་། ལྕགས་དང་། ཟངས་དང་། ཟངས་གཞོང་ཆེ་ཆུང་ལ་སོགས་པ་མ་བརྟགས་པའི་དངོས་པོ་རྣམས་འཆང་ཞིང་སྤྱོད་པ་དང་། ཞིང་རྨོ་བ་དང་། ཚོང་སྤོགས་དང་། ཁྲེ་འབྲས་ལ་སོགས་པ་འཇོག་ཅིང་སྤྱོད་དུ་གནང་བར། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོས་སེམས་ཅན་ལ་ཐུགས་བརྩེ་བའི་སླད་དུ། འཆང་ཞིང་སྤྱོད་དུ་གནང་ངོ་ཞེས་མདོ་སྡེ་དང་འདུལ་བ་ལས་འབྱུང་ན། དེ་ནི་བདུད་ཀྱིས་བསྟན་པ་ཡིན་ནོ།། དེ་ལ་གང་ཞིག་སྔོན་སངས་རྒྱས་རྒྱལ་བུ་འཛེ་ཏའི་ཚལ་ཡི་དགས་འདའ་ལོ་ལོ་ཞེས་བྱ་བ་གནས་པ་ན། དེའི་ཚེ་བཅོམ་ལྡན་འདས་བྲམ་ཟེའི་ཡོན་ཏན་ཞེས་བྱ་བ་དང་། རྒྱལ་པོ་སྒྲ་རབ་ཏུ་འཕམ་བྱེད་ཀྱི་ཕྱིར་འདི་སྐད་དུ་གསུངས་ཏེ། དགེ་སློང་ནི་གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། ཤེལ་དང་། མུ་ཏིག་དང་། མུ་ས་ལ་གར་བ་དང་། བྱི་རུ་དང་ཨས་སྨ་གར་བ་དང་། ཤེལ་གྱི་སྣམ་བུ་དང་། བྲན་པོ་དང་། བྲན་མོ་དང་། ལས་བྱེད་པའི་མི་དང་། ཁྱེའུ་དང་། བུ་མོ་དང་། བ་ལང་དང་། ལུག་དང་། བལ་རྒྱ་གླང་པོ་ཆེ་དང་། རྟ་དང་། བོང་བུ་དང་། དྲེའུ་དང་། བྱ་དང་། ཁྱི་དང་། ཕག་དང་། ལྕགས་དང་། ཟངས་དང་། ཟངས་གཞོང་ཆེ་ཕྲ་ལ་སོགས་པ་མ་བརྟགས་པའི་དངོས་པོ་ཁྲི་སྟན་དང་། མལ་ཆ་དང་། འཚོ་བའི་ཡོ་བྱད་རྣམ་པ་མང་པོ་དང་། ཁང་ཁྱིམ་དང་། ཞིང་རྨོ་བ་དང་། ཞིང་སྤོགས་དང་། ལག་དར་ཏེ་ཁ་ཟས་ཀྱི་གཡོས་བྱེད་པ་དང་། ལག་དར་ཏེ་ཕྱེ་འཐག་པ་དང་། འབྲས་དྲུ་བ་དང་། ལུས་གསོ་བའི་སྔགས་དང་། ཁྲ་འདུལ་བའི་ཆོ་ག་དང་། སྐར་མ་བལྟ་བ་དང་། མོ་ག་དབ་པ་དང་། ཁྱོ་ཤུག་གི་མཚན་བལྟ་བ་དང་། རྨི་ལམ་གསོད་པ་དང་། འདི་ནི་བུ་ཕོར་འོང་། འདི་ནི་བུ་མོར་འོང་། འདི་ནི་བུ་ཕོ་མ་ཡིན། འདི་ནི་བུ་མོ་མ་ཡིན་ཞེས་མཁས་པའི་གནས་དྲུག་ཅུ་རྩ་བཞི་བརྟག་པ་དང་། གཞན་ཡང་རིག་པའི་གནས་བཅོ་བརྒྱད་དང་། སྔགས་དང་། བཟོ་རྣམ་པ་སྣ་ཚོགས་དང་། འཇིག་རྟེན་གྱི་གཙུག་ལག་ཚད་མེད་པ་སྨྲ་བ་དང་། སྤོས་བེ་མ་དང་། བྱུག་སྤོས་དང་། འདུག་སྤོས་རྣམ་པ་སྣ་ཚོགས་སྦྱོར་བ་དང་། མེ་ཏོག་གི་འཕྲེང་བ་རྣམ་པ་སྣ་ཚོགས་དང་། སྐྲ་འཆོས་པའི་ཆོ་ག་དང་། གཡོ་དང་། སྒྱུ་དང་། ཁེ་དང་། རྙེད་པ་ལ་ཆོག་མི་ཤེས་པ་དང་། འདུ་འཛི་ལ་དགའ་བ་དང་། གཏམ་དང་སྤང་ལ་དགའ་བ་དང་། ཉ་ཤ་ལ་དགའ་བ་དང་། དུག་སྦྱོར་བ་དང་། སྨེ་བ་བྱུང་བའི་སྨན་སྦྱོར་བ་དང་། བྱུག་པའི་མར་བསུང་ཅན་སྦྱོར་བ་དང་། རིན་པོ་ཆེའི་གདུགས་དང་། ལྷ་མ་ལ་སོགས་པ་བྱེད་པ་དང་། བསིལ་ཡ་བ་དང་། ཟ་མ་ཏོག་དང་། རི་མོ་ལ་སོགས་པ་བྱེད་པ་དང་། ཁྲེ་དང་། འབྲས་དང་། སྲན་མ་རྣམ་པ་མང་པོ་དང་། ཤིང་ཐོག་གི་རྣམ་པ་ལ་སོགས་པ་དང་། རྒྱལ་པོ་དང་། རྒྱལ་བུ་དང་། བློན་པོ་དང་། བློན་པོ་ཆེན་པོ་ལ་བརྟེན་པ་དང་། བུད་མེད་ལ་བརྟེན་པ་དང་། བར་བར་སྐ་ཆེན་པོས་དགོད་པ་དང་། བར་བར་ཅང་མི་སྨྲ་བར་ཁ་རོག་པ་དང་། ཆོས་རྣམས་ལ་ཐེ་ཙོམ་བྱེད་པ་དང་། བརྫུན་དུ་སྨྲ་བ་དང་། བཟང་ངོ་།། ངན་ནོ།། དགེའོ།། མི་དགེའོ་ཞེས་བརྫུན་དུ་སྨྲ་བ་དང་། གོས་བཟང་པོ་ས་ཚ་ཞིང་འཇོ་བ་ལ་སོགས་པ་དེ་ལྟ་བུའི་མ་བརྟགས་པའི་གནས་རྣམ་པ་སྣ་ཚོགས་ལ་སྤྱོད་ཅིང་བྱེད་པ་དང་། ཡོན་པ་དག་དད་པའི་མདུན་དུ་བདག་བསྟོད་པ་དང་མ་བརྟགས་པའི་གནས་ཆང་འཚོང་བ་དང་། སྤྲུལ་འཚོང་མ་དང་། ཚོང་བྱེད་པར་རྟག་ཏུ་འགྲོ་བ་ལ་སོགས་པ་དེ་དག་ཐམས་ཅད་དགེ་སློང་དག་ལ་གནང་བར་ངས་མ་གསུངས་ཏེ། དེ་ནི་དགེ་སློང་གི་ནང་ན་འདུག་པར་ཡང་གནང་བ་མ་ཡིན་ཏེ། ཁྱིམ་པར་ཕ་བ་ལ་ལས་བྱེད་དུ་གཞུག་གོ།། དཔེར་ན་ཞིང་གཤིན་པའི་ནང་ན་ཁྲེ་རྒོད་སྐྱེས་པ་དང་མཚུངས་ཏེ། ལྷག་མ་མ་ལུས་པར་བསལ་ཞིང་འབྱུང་ངོ་ཞེས་གསུངས་པའི་མདོ་སྡེ་དང་། འདུལ་བ་ནི་དེ་བཞིན་གཤེགས་པས་བསྟན་པ་ཡིན་པར་རིག་པར་བྱའོ།། དེ་ལ་གང་བདུད་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བདུད་ཀྱི་རིགས་སུ་གཏོགས་པ་ཞེས་བྱའོ། ། སངས་རྒྱས་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། གཞན་ཡང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་གྱི་ལྷ་དག་མཆོད་པའི་ཕྱིར་ལྷའི་རྟེན་དུ་འགྲོའོ། ། འདི་ལྟ་སྟེ། ཚངས་པའི་ལྷ་དང་། དབང་སྒྱུར་ཆེན་པོ་དང་། འཇུག་སེ་ལ་དང་། ཀ་ཏ་ཡ་ན་ལ་སོགས་པ་སྟེ། དེར་འགྲོ་བའང་ལྷ་རྣམས་གདུལ་བའི་ཕྱིར་གྱི། དེ་ལྟ་བུ་མ་ཡིན་ནོ་ཞེས་བྱ་བའི་གནས་མེད་དོ།། གཞན་ཡང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་ནི་མུ་སྟེགས་ཅན་གྱི་གཙུག་ལག་དང་། དཀའ་ཐུབ་དང་། སྤྱོད་ལམ་དང་། ཚིག་དང་སྨྲ་བ་ལས་རྒྱལ་བའི་སྒྱུ་རྩལ་དང་། འཐབ་ཅིང་རྩོད་པའི་སྡུམས་བྱེད་མི་ནུས་པས། ཁྱེའུ་དང་། བུ་མོ་དང་། བློན་པོ་ཆེན་པོ་ལ་སོགས་པས་བསྟི་སྟང་དུ་མི་བྱེད་དོ།། སྨན་ལ་སོགས་པའ་སྦྱོར་མི་ཤེས་པས་ན། དེ་བཞིན་གཤེགས་པ་ཞེས་བྱ་སྟེ། ཅི་སྟེ་ཤེས་ན་ངན་པར་ལྟ་བ་ལོག་པ་ཅན་ཞེའམ། གཞན་ཡང་དེ་བཞིན་གཤེགས་པ་ནི་དགྲ་དང་གཉེན་ལ་མཉམ་པར་དགོངས་ཏེ། མཚོན་གྱིས་བཏབ་བམ། བྱུག་སྤོས་ཀྱིས་བསྐུས་ཀྱང་དེ་གཉིས་ཀ་ལ་ཕན་པ་འམ། གནོད་པའི་ཐུགས་མི་མངའ་སྟེ། དབུ་མར་གནས་པས་དེ་བཞིན་གཤེགས་པའོ་ཞེས་དེ་སྐད་དུ་མདོ་སྡེ་འམ་འདུལ་བ་ལས་འབྱུང་ན། དེ་ནི་བདུད་ཀྱིས་བསྟན་པ་ཡིན་པར་རིག་པར་བྱའོ། ། དེ་ལ་གང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་ནི་དེ་ལྟར་ཐབས་ཀྱིས་ལྷའི་རྟེན་དུ་འགྲོ་བ་དང་། མུ་སྟེགས་ཅན་གྱི་ཆོས་ལས་རབ་ཏུ་བྱུང་ནས་སློབ་པ་ལ་འཇུག་པ་བསྟན་པ་དང་། སྤྱོད་ལམ་དང་། དཀའ་ཐུབ་དང་། ཆོག་ཤེས་པར་བསྟན་པ་དང་། ཚིག་དང་སྨྲ་བ་ལས་རྒྱལ་བ་ཐམས་ཅད་ཤེས་པར་བྱ་བའི་ཕྱིར་ཡི་གེའི་གྲཝ་ར་སློབ་པ་བསྟན་པ་དང་། འཐབ་ཅིང་རྩོད་པ་འགྱུར་བའི་སྡུ་མས་བྱེད་པ་བསྟན་པ་དང་། འཁོར་མང་པོ་དང་། ཁྱེའུ་དང་། བུ་མོ་དང་། བཙུན་མོ་དང་། ཕོ་བྲང་གི་སླས་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། བྲམ་ཟེ་ལ་སོགས་པ་རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། དབུལ་པོ་ལ་སོགས་པ་ལ་ཕུལ་དུ་གྱུར་པ་དང་། མཆོག་ཏུ་གྱུར་པར་བསྟན་ཏོ།། དེ་དག་གིས་བསྙེན་བཀུར་བྱེད་པ་ལ་སོགས་པའང་བསྟན། དེ་ལྟ་བུ་ལ་སོགས་པའི་དངོས་པོ་རྣམ་པ་མང་པོ་བསྟན་ཏོ།། ལྟ་བ་དེ་དག་ལ་གནས་ཀྱང་མ་ཆགས་པ་ནི། དཔེར་ན་བདྨོ་རྡུལ་དང་དྲི་མས་མི་གོས་པ་བཞིན་ནོ། ། དེ་ཡང་འགྲོ་བ་མང་པོ་བསྒྲལ་བའི་ཕྱིར། འཇིག་རྟེན་པའི་རྗེས་སུ་དེ་ལྟ་བུའི་ཐབས་མཁས་པ་རྣམ་པ་སྣ་ཚོགས་སྤྱོད་དོ་ཞེས། མདོ་སྡེ་དང་འདུལ་བ་གང་ལས་འབྱུང་ན། དེ་ནི་དེ་བཞིན་གཤེགས་པས་བསྟན་པ་ཡིན་པར་རིག་པར་བྱའོ།། དེ་ལ་གང་བདུད་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བདུད་ཀྱི་རིགས་སུ་གཏོགས་པ་ཞེས་བྱའོ། ། སངས་རྒྱས་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའོ།། དེ་ལ་གང་འདི་སྐད་དུ་དེ་བཞིན་གཤེགས་པས་ནི་བདག་ཅག་ལ་མདོ་སྡེ་དང་འདུལ་བ་གསུངས་པ་ལས་མི་དགེ་བའི་ཆོས་ལྕི་བ་དང་། ཡང་བ་དང་། ཉེས་བྱས་ཀྱི་བར་དུ་རང་བཞིན་གྱིས་ལྕི་བ་ཡིན་པས། བདག་ཅག་ནི་འདུལ་བ་ལས་འགལ་བར་མི་བྱེད་དོ།། བདག་ཅག་ནི་ཡུན་རིང་པོ་ནས་བཟོད་ཀྱང་ཆོས་འདི་དག་ལ་ཁྱེད་ནི་ཡིད་མི་ཆེས་ན། བདག་ཅག་གོས་ཇི་སྐད་དུ་བདག་ཅག་གིས་འདུལ་བ་སྟེ། ཁྱེད་ཀྱི་འདུལ་བའི་རྗེས་སུ་འཇུག་བར་བྱ། ཁྱེད་ཀྱི་འདུལ་བ་ནི་བདུད་ཀྱིས་བསྟན་པ་ཡིན་གྱི། བདག་ཅག་གི་མདོ་སྡེ་དང་འདུལ་བ་ནི་སངས་རྒྱས་ཀྱིས་བཅས་པ་ཡིན་ནོ།། དེ་བཞིན་གཤེགས་པས་སྔར་གསུངས་པའི་གསུང་རབ་དགུ་པོའང་། བདག་ཅག་གི་མདོ་སྡེ་དང་འདུལ་བ་དགུ་པོ་ལ་ངེས་པར་གསུངས་ཀྱི། ཤིན་ཏུ་རྒྱས་པའི་མདོ་སྡེ་ནི་ཚིག་གཅིག་ག་མ་ཡི་གེ་གཅིག་ཙམ་ཡང་མ་ཐོས་སོ། ། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་དང་འདུལ་བ་ནི་ཚད་ཀྱང་མ་མཆིས་ན། ཤིན་ཏུ་རྒྱས་པའི་མདོ་སྡེ་ཞེས་མི་འབྱུང་སྟེ། དེ་དག་ལས་ནི་གསུང་རབ་མདོ་སྡེ་བཅུ་ཡོད་དོ་ཞེས་མ་ཐོས་སོ།། ཅི་སྟེ་ཡོད་ན་གདོན་མི་ཟ་བར་ལྷ་སྦྱིན་གྱིས་བྱས་པ་ཡིན་པར་རིག་པར་བྱའོ། ། ལྷ་སྦྱིན་ངན་པ་དགེ་བའི་ཆོས་གཞིག་པའི་ཕྱིར་ཤིན་ཏུ་རྒྱས་པའི་མདོ་སྡེ་བྱས་ཏེ། བདག་ཅག་ནི་མདོ་སྡེ་བདུད་ཀྱིས་བསྟན་པ་ཡིན་པས་ན་ཡིད་མ་ཆེས་སོ།། ། དེ་ཅིའི་ཕྱིར་ཞེ་ན། ཆོས་གཞིག་ཅིང་གཅིག་ལ་གཅིག་གིས་སྐྱོན་འདོགས་པའི་ཚིག་དེ་ལྟ་བུ་ནི་ཁྱེད་ཀྱི་མདོ་སྡེ་ལས་འབྱུང་གི། བདག་ཅག་གི་མདོ་སྡེ་ལ་མེད་དོ།། བདག་ཅག་གི་མདོ་སྡེ་དང་འདུལ་བ་དེ་བཞིན་གཤེགས་པས་གསུངས་པ་ལས། གསང་བ་འདི་སྐད་ཅེས་འབྱུང་སྟེ། ང་ཡོངས་སུ་མྱ་ངན་ལས་འདས་ནས་དུས་ངན་པའི་ཚེ། མདོ་སྡེ་དང་འདུལ་བ་ཡང་དག་པ་མ་ཡིན་པ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ཞེས་བྱ་བ་འབྱུང་ངོ་ཞེས་སྨྲ་བ། མ་འོངས་པའི་དུས་ན་དེ་ལྟ་བུའི་དགེ་སློང་སྡིག་པ་ཅན་དག་འབྱུང་ངོ་།། ངས་ཡང་འདི་སྐད་དུ་གསུངས་ཏེ། གསུངརབ་སྡེ་དགུ་ལ་མ་གཏོགས་པ་ཤིན་ཏུ་རྒྱས་པའི་མདོ་སྡེ་ཡོད་པར་གསུངས་སོ།། དེ་ལ་གང་ཞིག་དེའི་དོན་ཤེས་ན། དེ་ནི་མདོ་སྡེ་དང་འདུལ་བ་ཤིན་ཏུ་ཡང་དག་པར་རྟོགས་པ་ཡིན་ཏེ། དེ་ནི་མ་བརྟགས་པའི་དངོས་པོ་ཐམས་ཅད་སྤངས་པ་ཟླ་བ་ཉ་བ་ལྟར་ཤིན་ཏུ་གསལ་ཞིང་དག་པའོ་ཞེས་ངས་གསུངས་སོ།། དེ་ལ་གང་འདི་སྐད་དུ་དེ་བཞིན་གཤེགས་པས་མདོ་སྡེ་རེ་རེ་ལས་ཀྱང་དོན་གངྒཱའི་ཀླུང་གི་བྱེ་མ་སྙེད་འབྱུང་ཡང་། འདི་སྐད་དུ་མ་གསུངས་པས་འདི་ནི་ཡང་དག་པར་མེད་པ་ཡིན་ནོ།། ཅི་སྟེ་ཡོད་ན་བདག་ཅག་གི་འདུལ་བ་ལས་ཅིའི་ཕྱིར་མ་གསུངས། འདི་ལྟར་མ་གསུངས་ཏེ་མ་བྱུང་བས་ན། བདག་ཅག་ནི་དེ་ལ་ཡིད་མི་ཆེས་སོ་ཞེས་དེ་སྐད་སྨྲ་ན། གང་ཟག་དེ་ནི་ཤིན་ཏུ་ཁ་ན་མ་ཐོ་བ་ཐོབ་པ་ཡིན་པར་རིག་པར་བྱའོ། ། གང་ཟག་དེ་ཡང་འདི་སྐད་དུ་མདོ་སྡེ་དང་འདུལ་བ་དེ་ནི་བདག་གིས་གཟུང་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདིས་ཆོག་ཤེས་ཤིང་འདོད་པ་ཉུང་བ་དང་། ཀུན་ནས་ཉོན་མོངས་པ་གཅོད་པ་དང་། ཤེས་རབ་དང་། མྱ་ངན་ལས་འདའ་བའི་དགེ་བའི་ཆོས་ཀྱི་རྒྱུར་འགྱུར་བའི་ཕྱིར་རོ།། ཞེས་དེ་སྐད་དུ་སྨྲ་ནའང་ངའི་ཉེ་གནས་མ་ཡིན་ནོ།། དེ་ལ་གང་འདི་སྐད་དུ་དེ་བཞིན་གཤེགས་པས་འགྲོ་བ་མང་པོ་བསྒྲལ་བའི་ཕྱིར་ཤིན་ཏུ་རྒྱས་པའི་མདོ་སྡེ་གསུངས་སོ་ཞེས་སྨྲ་ན། དེ་ནི་ངའི་ཉེ་གནས་ཡང་དག་པ་ཡིན་པར་རིག་པར་བྱའོ།། དེ་ལ་གང་ཞིག་ཤིན་ཏུ་རྒྱས་པའི་མདོ་སྡེ་མི་འདོད་ན། དེ་ནི་ངའི་ཉེ་གནས་ཀྱང་མ་ཡིན། སངས་རྒྱས་ཀྱི་ཆོས་ཀྱིས་རབ་ཏུ་འབྱུང་བ་མ་ཡིན་ཏེ། དེ་ནི་ངན་པར་ལྟ་བ་མུ་སྟེགས་ཅན་གྱི་འཁོར་ཡིན་པར་རིག་པར་བྱའོ།། མདོ་སྡེ་དང་འདུལ་བ་གང་ལས་འདི་སྐད་དུ་གསུངས་ན། དེ་ནི་སངས་རྒྱས་ཀྱིས་བསྟན་པ་ཡིན་ནོ།། དེ་མ་ཡིན་པ་ནི་བདུད་ཀྱིས་བསྟན་པ་ཡིན་ནོ།། དེ་ལ་གང་བདུད་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བདུད་ཀྱི་འཁོར་ཅེས་བྱའོ།། དེ་ལ་གང་སངས་རྒྱས་ཀྱི་བསྟན་པའི་རྗེས་སུ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། ། ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་བམ་པོ་བདུན་པ།། ། རིགས་ཀྱི་བུ་གཞན་ཡང་འདི་སྐད་དུ་དེ་བཞིན་གཤེགས་པ་ནི་ཡོན་ཏན་ཚད་མེད་པ་ལས་གྲུབ་པ་མ་ཡིན་ཏེ། མི་རྟག་པ་འགྱུར་ཞིང་འཕོ་བའོ།། སྟོང་པའི་ཆོས་ཐོབ་པས་བདག་མེད་ཅེས་གསུངས་ཏེ། དེ་ནི་འཇིག་རྟེན་དང་མཐུན་པ་མ་ཡིན་ནོ། ། ཞེས་དེ་སྐད་འབྱུང་བའི་མདོ་སྡེ་དང་འདུལ་བ་ནི་བདུད་ཀྱིས་བསྟན་པ་ཞེས་བྱའོ།། དེ་ལ་གང་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བསམ་གྱིས་མི་ཁྱབ་པ་སྟེ། ཚད་མེད་གྲངས་མེད་པའི་ཡོན་ཏན་ལས་གྲུབ་པའོ།། དེ་བས་ན་རྟག་པ་གནས་པ་མི་འགྱུར་མི་འཕོ་བའོ།། ཞེས་མདོ་སྡེ་དང་འདུལ་བ་ལས་འབྱུང་ན། དེ་ནི་སངས་རྒྱས་ཀྱིས་བསྟན་པ་ཡིན་ནོ།། དེ་ལ་གང་བདུད་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བདུད་ཀྱི་རོས་སུ་གཏོགས་པ་ཞེས་བྱའོ།། སངས་རྒྱས་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། གཞན་ཡང་ཁ་ཅིག་འདི་སྐད་དུ་དགེ་སློང་དག་པས་ཕམ་པའི་ཁ་ན་མ་ཐོ་བ་མ་བྱུང་བར་ཀུན་གྱིས་ཕས་ཕམ་པ་བྱུང་སྟེ། ཏ་ལའི་མགོ་བཅད་པ་བཞིན་དུ་གྱུར་ཏོ་ཞེས་སྨྲའང་། དགེ་སློང་དེ་ནི་ཕས་ཕམ་པ་བྱུང་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ངས་ནི་ཕས་ཕམ་པ་བཞི་ལས་གཅིག་ཙམ་ཉམས་ན། རྡོ་བཅག་པ་ལྟར་ཕྱིར་མི་འབྱོར་རོ་ཞེས་གསུངས་ཏེ། དེ་ལ་གང་ཞིག་བླ་མ་མིའི་ཆོས་ཐོབའོ་ཞེས་དེ་སྐད་སྨྲ་ན་དེ་ནི་ཕས་ཕམ་པའོ།། དེ་ཅིའི་ཕྱི་ཞེ་ན། ཡང་དག་པར་ཅིའང་མ་ཐོབ་པར་ཐོབ་པ་ལྟར་བྷཱུ་དང་གཡོ་འཆོས་ན། གང་ཟག་དེ་ན་མོའི་ཆོས་ལས་ཉམས་པ་ཞེས་བྱ་སྟེ་བས་ཕམ་པ་ཡིན་ནོ།། འདི་ལྟ་སྟེ། དགེ་སློང་གང་ཞིག་འདོད་པ་ཉུང་བ། ཆོག་ཤེས་པ། ཚུལ་ཁྲིམས་སྲུང་བ་ཡོངས་སུ་དག་པ། བས་མཐར་གནས་པའི་དྲུང་དུ་རྒྱལ་པོ་འམ། བློན་པོ་ཆེན་པོ་འོངས་ནས་དགེ་སློང་འདིན་དགྲ་བཅོམ་པར་གྱུར་ཏོམ་བསམས་ཏེ། དྲུང་དུ་བསྙེན་ནས་བསྟོད་པ་དང་། བསྙེན་བཀུར་དང་། ཕྱག་བྱས་ཏེ། འདི་སྐད་དུ་སློབ་དཔོན་ཆེན་པོ་ལུས་འདི་བརྗེས་མ་ཐག་ཏུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ་ཞེས་སྤྲས་ན། དགེ་སློང་དེ་རྒྱལ་པོ་དེ་ལ་འདི་སྐད་ཅེས་སྔའོ།། རྒྱལ་པོ་ཆེན་པོ་བདག་ནི་ཡང་དག་པར་དགེ་སྦྱོང་གི་འབྲས་བུ་མ་ཐོབ་ཀྱིས། རྒྱལ་པོ་ཆེན་པོ་བདག་ལ་དགེ་སྦྱོང་གི་འབྲས་བུ་ཐོབ་བོ་ཞེས་མ་གསུངས་ཤིག། རྒྱལ་པོ་ཆེན་པོ་བདག་ལ་ཆོག་མི་ཤེས་པའི་ཆོས་བཀའ་མི་སྩལ་དུ་གསོལ། གང་ཆོག་མི་ཤེས་པ་དེ་དག་ནི་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ།། ཞེས་བྱ་བའི་བར་དུ་བསྟོད་ཀྱང་ལན་བཏབ་སྟེ་ཅང་མི་སྨྲའོ། ། བདག་གིས་ཀྱང་ཅི་སྟེ་ལན་མི་འདེབས་པར་ཅང་མ་སྨྲས་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྣམ་པར་སྨད་པར་འགྱུར་རོ། ། གང་ཆོག་ཤེས་པར་སྤྱོད་པ་ལ་ནི་སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་ཏེ། དེ་བས་ན་བདག་ནི་ནམ་དུའང་ཆོག་ཤེས་པ་ལ་སྤྱོད་པར་དཀའ་འོ།། ཆོག་ཤེས་པ་ནི་བདག་གིས་འབྲས་བུ་མ་ཐོ་བ་པར། རྒྱལ་པོ་ས་འབྲས་བུ་ཐོབ་བོ་ཞེས་སྨྲས་ཀྱང་། བདག་མི་འདོད་པ་ནི་རློག་ཤེས་པ་ཞེས་བྱའོ།། དེའི་ཚེ་ན་རྒྱལ་པོས་ཡང་འདི་སྐད་དུ་སློབ་དཔོན་ཆེན་པོ་ཁྱོད་ནི་ཡང་དག་པར་དགྲ་བཅོམ་པའི་འབྲས་བུ་ཐོ་བ་སྟེ། སངས་རྒྱས་དང་ཐ་མི་དད་དོ་ཞེས་སྨྲས་ནས། དེའི་ཚེ་ན་རྒྱལ་པོ་དེས་ཡུལ་མི་ཐམས་ཅད་དང་། བཙུན་མོ་དང་། ཕོ་བྲང་གི་སྲས་ཀྱི་འཁོར་ཐམས་ཅད་དུ། དགེ་སློང་དེས་དགེ་སློང་གི་འབྲས་བུ་ཐོབ་བོ་ཞེས་བསྒྲགས་ནས། དེ་སྐད་ཅེས་ཐོས་པ་ཐམས་ཅད་དགེ་སློང་དེ་ལ་ཤིན་ཏུ་དད་པ་དང་། མཆོད་པ་བྱ་བ་དང་། བཀུར་སྟི་དང་། རིམ་གྲོ་བྱ་བའི་སེམས་སྐྱེས་སོ།། དེ་ལྟར་དགེ་སློང་དེའང་ཡང་དག་པར་ཚངས་པར་སྤྱོད་ཅིང་ཡོངས་སུ་དག་པ་ཡིན་པས། དེའི་རྒྱུ་དེའི་རྐྱེན་གྱིས་དེ་ལ་དགའ་བ་ཐམས་ཅད་བསོད་ནམས་ཆེན་པོ་ཐོབ་ཀྱིས། དགེ་སློང་དེ་ནི་ཕས་ཕམ་པའི་ཁ་ན་མ་ཐོ་བས་ཉམས་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ཕ་རོལ་པོས་དགའ་བ་དང་། དད་པ་དང་། བསྟོད་པ་དང་། མཆོད་པ་བྱ་བའི་སེམས་རངས་པ་སྐྱེས་པའི་ཕྱིར་རོ།། དེ་ལྟར་ན་དགེ་སློང་དེ་ལ་ནི་ཁ་ན་མ་ཐོ་བ་མེད་དོ། ། དེ་ལ་གང་ཞིག་དེ་ལ་ཁ་ན་མ་ཐོ་བ་ཡོད་ཅེས་སྨྲ་ན། མདོ་སྡེ་དེ་ནི་བདུད་ཀྱིས་བསྟན་པ་ཡིན་པར་རིག་པར་བྱའོ།། གཞན་ཡང་དགེ་སློང་དག་སངས་རྒྱས་ཀྱིས་དགོངས་ཏེ་གསུངས་པའི་མདོ་སྡེ་ཟབ་མོ་ལས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ། ། སངས་རྒྱས་ཀྱི་རང་བཞིན་ཡོད་པས་ཚད་མེད་པའི་ཀུན་ནས་ཉོན་མོངས་པ་ཆོད་ཅིང་།། བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། ལོག་སྲེད་ཅན་ནི་མ་གཏོགས་སོ་ཞེས་སྨྲ་བ་ལ། རྒྱལ་པོ་འམ། བློན་པོ་ཆེན་པོ་ཞིག་འདི་སྐད་དུ། དགེ་སློང་ཁྱོད་མངོན་པར་འཚང་རྒྱའམ་མི་རྩེ། སངས་རྒྱས་ཀྱི་རང་བཞིན་ཡོད་དམ་ཞེས་འདྲིན། དེ་ལ་འདི་སྐད་ཅེས་སྤྲོས་ཤོག། བདག་གི་ལུས་ལ་སངས་རྒྱས་ཀྱི་རང་བཞིན་ནི་ངེས་པར་ཡོད་ན། སངས་རྒྱས་སུ་འགྲུབ་པམ་མི་འགྲུབ་པ་ནི་མ་གཏོགས་སོ།། རྒྱལ་པོས་སྤྲས་པ། བཙུན་པ་ལོག་སྲེད་ཅན་གྱི་ལས་མ་བྱས་ན་གདོན་མི་ཟ་བར་འགྲུབ་སྟེ་ཐེ་ཙོམ་མེད་དོ། ། དགེ་སློང་གིས་དེ་ལ་རྒྱལ་པོ་ཆེན་པོས་སྨྲས་པ་བཞིན་ནོ།། དེ་སྐད་དུ་ངེས་པར་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་དགེ་སློང་དེས་སྨྲས་ཀྱང་ཕས་ཕ་མ་བྱར་མམི་འགྱུར་རོ། ། གཞན་ཡང་དགེ་སློང་དག་རབ་ཏུ་བྱུང་བའི་ཚེ་ན་འདི་སྙམ་དུ་སེམས་ཏེ། བདག་ནི་མཐར་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ་སྙམ་བསམས་ན། གང་ཟག་དེ་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱང་། བསོད་ནམས་ཚད་མེད་མཐའ་ཡས་དཔག་ཏུ་མེད་པ་ཐོབ་བོ།། ཅི་སྟེ་དེ་ལ་གང་ཞིག་གིསེ་ཕས་པམ་པ་བྱུང་ངོ་ཞེས་སྨྲ་ན། འོ་ན་ལྟ་དགེ་སློང་ཐམས་ཅད་ཕས་ཕམ་པ་མ་བྱུང་བ་མེད་མོ་ད། དེ་ཅིའི་ཕྱིར་ཞེ་ན། ང་སྔོན་བསྐལ་པ་ཁྲག་ཁྲིག་བརྒྱ་ཅུའི་བཔར་དུ་མ་བརྟགས་པའི་དངོས་པོ་ཐམས་ཅད་སྤངས་ཏེ། གདོད་པ་ཉུང་བ་དང་ཆོག་ཤེས་པའི་སྤྱོད་ལམ་དང་ལྡན་པས། དེ་བཞིན་གཤེགས་པའི་བླ་ན་མེད་པའི་ཆོས་ཀྱི་སྡེ་སྣོད་ལ་ནན་ཏན་བྱས་ཏེ། བདག་གི་ལུས་ལ་སངས་རྒྱས་ཀྱི་རང་བཞིན་ངེས་པར་ཡོད་པར་ཤེས་པས། དེ་བས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། སངས་རྒྱས་ཤེས་བྱ་བ་ཐུགས་རྗེ་ཆེན་པོ་དང་ལྡན་པར་གྱུར་ཏོ།། གང་འདི་སྐད་དུ་སྨྲ་བའི་མདོ་སྡེ་དང་འདུལ་བ་ནི་སངས་རྒྱས་ཀྱིས་བསྟན་པ་ཞེས་བྱའོ།། ། དེ་ལ་གང་བསྟན་པ་འདིའི་རྗེས་སུ་མི་འཇུག་པ་ནི་བདུད་ཀྱི་རིགས་སུ་གཏོགས་པ་ཞེས་བྱའོ།། བསྟན་པ་འདིའི་རྗེས་སུ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། གཞན་ཡང་འདི་སྐད་དུ་ཕས་ཕམ་པ་བཞིའང་མེད་ལ། དགེ་འདུན་གྱི་ལྷག་མ་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བ་སུམ་ཅུ་དང་། ལྟུང་བ་དགུ་བཅུ་རྩ་གཅིག་དང་། སོ་སོར་བཤགས་པའི་ཆོས་བཞི་དང་། བསླབ་པ་མང་པོ་དང་། བདུན་ཤིན་ཏུ་ཞི་བར་བྱེད་པ་ལ་སོགས་པའང་མེད་སྦོམ་པོ་དང་མཚམས་མེད་པ་ལྔ་ལ་སོགས་པ་དང་། ལོག་སྦེད་ཅེས་བྱ་བ་ཐམས་ཅད་མེད་དོ།། གལ་ཏེ་དགེ་སློང་དག་དེ་དག་ལ་སོགས་པ་ཉམས་པས་སེམས་ཅན་དམྱལ་བར་ལྟུང་ན། མུ་སྟེག་ཅན་ཐམས་ཅད་ལྟ་མཐོ་རིས་ཀྱི་ལྷར་སྐྱེ་མོད། དེ་ཅིའི་ཕྱིར་ཞེ་ན། མུ་སྟེགས་ཅན་ལ་སོགས་པ་ལ་ཚུལ་ཁྲིམས་ཤེས་བྱ་བ་ཉམས་པ་མེད་པའི་ཕྱིར་རོ།། དེ་བས་ན་དེ་བཞིན་གཤེགས་པས་གང་ཟག་དག་གདུལ་བའི་ཕྱིར་ཚུལ་ཁྲིམས་ཤེས་བྱ་བ་གསུངས་སོ། ། སངས་རྒྱས་ཀྱིས་གསུངས་པ་ལས་ཀྱང་། ངའི་དགེ་སློང་དག་གལ་ཏེ་མི་ཚངས་པར་སྤྱོད་འདོད་ན་ཆོས་གོས་གཞག་སྟེ། ཁྱིམ་པའི་གོས་གྱོན་ལ་མི་ཚངས་པར་སྤྱོད་ཅིག། གཞན་ཡང་འདི་སྙམ་དུ་མི་ཚངས་པར་སྤྱོད་པ་འདི་བདག་ཅག་འབའ་ཞིག་གི་སྐྱོན་མ་ཡིན་ཏེ། དེ་བཞིན་གཤེགས་པ་བཞུགས་པའི་ཚེའང་དགེ་སློང་དག་མི་ཚངས་པར་སྤྱོད་དེ། རྣམ་པར་གྲོལ་བའང་ཡོད། ཚེ་འཕོས་ནས་མཐོ་རིས་ཀྱི་ལྷར་སྐྱེ་བའང་ཡེ་ནས་ཡོད་དེ། བདག་འབའ་ཞིག་གིས་སྤྱོད་པ་མ་ཡིན། ལ་ལ་ཕས་ཕམ་པ་བཞི་ཉམས་པ་དང་། ལ་ལ་ཚུལ་ཁྲིམས་ལྔ་ཉམས་པ་དང་། ལ་ལ་ནི་མ་བརྟགས་པ་སྤྱོད་ལམ་མ་ཡིན་པའི་ལས་ཐམས་ཅད་བྱས་ཀྱང་། ཡང་དག་པར་རྣམ་པར་གྲོལ་བ་ཡོད་དེ། དེ་བཞིན་གཤེགས་པས་ཉེས་བྱས་གཅིག་བྱས་ན། སུམ་ཅུ་རྩ་གསུམ་གནམ་གྱི་ཉི་མ་དང་། ཟླ་བ་དང་། ལོར་བགྲང་བའི་འོ་སྟོང་ཕྲག་བརྒྱད་བརྒྱའི་བར་དུ་སེམས་ཅན་དམྱལ་བར་ལྟུང་ངོ་ཞེས་གསུང་མོད་ཀྱི། དེའང་དེ་བཞིན་གཤེགས་པས་གང་ཟག་དག་གདུལ་བའི་ཕྱིར་གསུངས་པར་ཟད་ཅེ་འམ། ཕས་ཕམ་པ་དང་ཉེས་བྱས་ཀྱི་བར་དུ་ལྕི་ཡང་ཁྱད་པར་མེད་དེ། འདུལ་བ་འཛིན་པ་དག་གིས་སངས་རྒྱས་ཀྱིས་བཅས་པར་བརྫུན་དུ་སྨྲས་སོ་ཞེས་དེ་སྐད་ཟེར་ན། དེ་ནི་སངས་རྒྱས་ཀྱིས་བསྟན་པ་མ་ཡིན་གྱི། དེ་སྐད་དུ་སྨྲ་བ་ནི་བདུད་ཀྱི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ།། དེ་ལ་གང་ཞིག་འདི་སྐད་དུ་ཚུལ་ཁྲིམས་ལ་གནས་པ་ཉེས་བྱས་ཕྲ་མོའི་བར་དུ་གཅིག་ཙམ་ཉམས་ནའང་། དཔག་ཏུ་མེད་པའི་སྡུག་བསྔལ་མྱོང་བར་འགྱུར་ཏེ། དེ་ལྟར་ཤེས་ནས་ཇི་ལྟར་རུས་སྦལ་དག་ཡན་ལག་དྲུག་ཐེད་པ་བཞིན་དུ་བདག་གི་ལུས་ཤིན་ཏུ་བསྲུང་ངོ་། ། དེ་ལ་གཞན་ཡང་འདུལ་བ་འཛིན་པ་དག་འདི་སྐད་དུ། ཚུལ་ཁྲིམས་ཅི་ཉམས་ཀྱང་ཁ་ན་མ་ཐོ་བའི་འབྲས་བུ་སྨིན་པ་མེད་དོ་ཞེས་སྨྲ་ན། གང་ཟག་དེ་ལ་བསྙེན་པར་མི་བྱའོ་ཞེས། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་ལས་གསུངས་པ། ཆོས་གཅིག་ཙམ་ལས་འདས་པ་གང་། དེ་ནི་རྫུན་དུ་སྨྲ་བ་སྟེ། འཇིག་རྟེན་ཕྱི་མ་མི་མཐོང་བས། སྡིག་པ་གང་ཡང་མི་བྱེད་མེད། དེ་བས་ན་གང་ཟག་དེ་ལ་བསྙེན་པར་མི་བྱ་སྟེ། ངའི་སངས་རྒྱས་ཀྱི་ཆོས་ནི་འདི་ལྟར་ཡོངས་སུ་དག་པ་ཡིན་ན། ཉེས་པ་སྦོམ་པོ་དང་། དགེ་འདུན་གྱི་ལྷག་མ་དང་། ཕས་ཕམ་པ་དག་ཁ་ན་མ་ཐོ་བ་ཡིན་པར་བརྩི་བ་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན་ཆོས་དེ་དག་ཤིན་ཏུ་བསྲུང་ངོ་།། གལ་ཏེ་མ་བསྲུངས་ན་གཞན་དུ་ན་ཆོས་གང་ལ་ཚུལ་ཁྲིམས་ཤེས་གདགས། ངས་མདོ་སྡེ་ལས་ཀྱང་གསུངས་ཏེ། ཕས་ཕམ་པ་བཞི་ཉམས་པས་ན། ཉེས་བྱས་ཕྲ་མོའི་བར་དུ་ཉམས་ན་ཆད་པས་གཅད་དོ་ཞེས་གསུངས་སོ། ། སོ་སོའི་སྟེ་བོ་དག་གལ་ཏེ་ཚུལ་ཁམས་མ་བསྲུངས་ན། སངས་རྒྱས་ཀྱི་རང་བཞིན་ཇི་ལྟར་མཐོང་བར་འགྱུར་ཏེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པའང་ཚུལ་ཁྲིམས་བསྲུངས་པ་ལས་མཐོང་བར་འགྱུར་རོ།། སངས་རྒྱས་ཀྱིས་རང་བཞིན་མཐོང་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། ། མདོ་སྡེ་གསུང་རབ་དགུ་པོ་ལས་ཤིན་ཏུ་རྒྱས་པའི་མདོ་སྡེ་མེད་དེ། སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཡང་མ་གསུངས་སོ། ། མདོ་སྡེ་དེ་ལས་མ་གསུངས་མོད་ཀྱི། ཡང་དག་པར་ཡོད་པར་རིག་པར་བྱའོ།། དེ་ལ་གང་ཞིག་དེ་སྐད་དུ་སྨྲ་བ་ནི་ངའི་ཉེ་གནས་ཡང་དག་པ་ཡིན་པར་རིག་པར་བྱའོ། ། བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་པར་བཀའ་སྩལ་པ་འདི་མདོ་སྡེ་གསུང་རབ་དགུ་པོ་ལས་ནི་མེ་ཐོས་ན། ད་མཆིས་པར་བསྟན་ཅིང་གསུངས་ན་ཕས་ཕམ་པར་མི་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་སྨྲས་པ་བཞིན་ཏེ་ཕས་ཕ་མ་པར་མི་འགྱུར་རོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་གང་ཟག་གཅིག་གི་འདི་སྐད་དུ་རྒྱ་མཚོའི་ནང་ན་རིན་པོ་ཆེ་བདུན་ནི་ཡོད་ཀྱིས། བརྒྱད་མེད་དོ་ཞེས་སྨྲས་ཀྱང་ཉེས་པ་མེད་དོ།། དེ་བཞིན་དུ་མདོ་སྡེ་གསུང་རབ་དགུ་པོ་ལས་སངས་རྒྱས་རྒྱས་ཀྱི་རང་བཞིན་མེད་ཅེས་སྨྲས་ཀྱང་ཉེས་པ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་ཡེ་ཤེས་ཀྱི་རྒྱ་མཚོ་ལས། སངས་རྒྱས་ཀྱི་རང་བཞིན་ཡོད་པར་གསུངས་ཀྱི། ཐེག་པ་གཉིས་ཀྱིས་ནི་ཤེས་པའམ་མཐོང་བ་མ་ཡིན་ཏེ། དེ་བས་ན་མེད་ཅེས་སྨྲས་ཀྱང་ཉེས་པ་མེད་དོ།། འདི་ལྟར་སྤྱོད་ཡུལ་འདི་ནི་སངས་རྒྱས་རྣམས་ཀྱིས་མཁྱེན་གྱིས། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པའི་ཡུལ་མ་ཡིན་ནོ།། རིགས་ཀྱི་བུ་གལ་ཏེ་གང་ཟག་གིས་དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ཏུ་ཐོས་ན། སངས་རྒྱས་ཀྱི་རང་བཞིན་ཡོད་པར་མི་ཤེས་སོ།། དེ་ལ་ཤིན་ཏུ་ཟབ་མོའི་སྙིང་པོ་གང་ཞེ་ན། དེ་ནི་འདི་ལྟ་སྟེ། ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོའི་མདོ་སྡེའོ། ། རིགས་ཀྱི་བུ་མུ་སྟེགས་ཅན་ཁ་ཅིག་ནི་བདག་ཅེས་བྱ་བ་རྟག་པར་ཡང་སྨྲ། ཁ་ཅིག་ནི་བདག་མེད་ཅེས་བྱ་བ་ཆད་པར་ཡང་སྨྲའོ།། དེ་བཞིན་གཤེགས་པ་ནི་དེ་ལྟ་མ་ཡིན་ཏེ། བདག་ཡོད་པར་ཡང་གསུངས་ལ། བདག་མེད་པར་ཡང་གསུངས་པས་དབུ་མ་ཞེས་བྱའོ།། དེ་ལ་གང་ཞིག་སངས་རྒྱས་ཀྱིས་དབུ་མར་གསུངས་པ་ལས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། ཉོན་མོངས་པས་བསྒྲིབས་པས་ནི་མ་ཤེས་མོ་མཐོང་ངོ་།། དེ་བས་ན་ཉོན་མོངས་པ་གཅད་པའི་ཐབས་ལ་ནན་ཏན་བྱའོ་ཞེས་གང་དེ་སྐད་དུ་སྨྲན། དེ་ནི་ཕས་ཕམ་པ་བཞི་མ་ཉམས་པ་ཡིན་པར་རིག་པར་བྱའོ།། གང་འདི་སྐད་དུ་མི་སྨྲ་བ་དེ་ནི་བས་ཕམ་པ་ཉམས་པ་ཞེས་བྱའོ། ། དེ་ལ་གང་ཞིག་འདི་སྐད་དུ་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ།། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་རང་བཞིན་ཡོད་པའི་ཕྱིར་རོ།། སངས་རྒྱས་ཀྱི་རང་བཞིན་ཡོད་པ་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་སྟེ། དེ་བས་ན་བདག་ནི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། ཞེས་སྨྲས་ན། གང་ཟག་དེ་ནི་ཕས་ཕམ་པ་བྱུང་བར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་རང་བཞིན་ཡོད་མོད་ཀྱི། བསྒྲུབ་པའི་ཐབས་ལ་ནན་ཏན་མ་བྱས་ན་མཐོང་པབར་མི་འགྱུར་རོ། ། མཐོང་བས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་མི་རྒྱའོ།། རིགས་ཀྱི་བུ་དེ་ལྟ་བས་ན་སངས་རྒྱས་ཀྱི་ཆོས་ནི་ཤིན་ཏུ་ཟབ་སྟེ་བསམ་གྱིས་མི་ཁྱབ་བོ། ། དེ་ནས་ཡང་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྒྱལ་པོ་ཞིག་གིས་ཇི་ལྟར་ན་དགེ་སློང་དག་བླ་མ་མིའི་ཆོས་ལས་ཉམས་པ་ལགས་ཤེས་འདྲི་ན་དེ་ལ་ཇི་སྐད་བགྱི། བཅོམ་ལྡན་འདས་ཀྱིས་འོད་སྲུངས་ལ་བཀའ་སྩལ་པ། དགེ་སློང་གང་ཞིག་སྙེད་པ་དང་བསོད་སྙོམས་ཀྱི་ཕྱིར་གཡོ་དང་སྒྱུས་འཚོ་ཞིང་། འདི་སྙམ་དུ་བདག་ལ་འཇིག་རྟེན་དུ་བཅས་པས་དགེ་སློང་དུ་ཤེས་པར་འགྱུར་སྙམ་དུ་སེམས་ཏེ། བདག་ཇི་ལྟར་ན་རྙེད་པ་ཆེར་རྙེད་ཅིང་གྲངས་པར་འགྱུར་སྙམ་ནས། དགེ་སློང་གླེན་པ་གཏི་མུག་ཅན་དག་ཉིད་མཚན་དུ་འདི་སྙམ་དུ་སེམས་ཏེ། བདག་དགེ་སྦྱོང་གི་འབྲས་བུ་མ་ཐོབ་ཀྱང་། འཇིག་རྟེན་དུ་བཅས་པ་དག་གིས་བདག་དགེ་སྦྱོང་གི་འབྲས་བུ་ཐོབ་པ་ཙམ་དུ་འཛིན་པར་འགྱུར། དགེ་བསྙེན་དང་། དགེ་བསྙེན་མ་ལ་སོགས་པ་ཐམས་ཅད་ཀྱིས་བདག་ལ་འཕགས་པ་བསོད་ནམས་ཅན་ནོ་ཞེས་བརྗོད་པར་འགྱུར་སྙམ་དུ་སེམས་ཏེ། དེའང་རྙེད་པ་དང་གྲགས་པའི་ཕྱིར་རྒྱཆོས་འདོད་པའི་ཕྱིར་ནི་མ་ཡིན་ནོ།། སྤྱོད་ལམ་འཆོས་ཤིང་ངུར་སྨྲིག་བགོ་བ་དང་། ལྷུང་བཟེད་ཐོགས་པ་ཚུལ་ལས་མི་ཉམས་ཤིང་བས་མཐར་གནས་ནས། དགྲ་བཅོམ་པ་ལྟ་བུར་འཆོས་ཏེ། འཇིག་རྟེན་གྱི་མི་དག་ཇི་ལྟར་ན་དགེ་སློང་འདི་ནི་མཆོག་དམ་བོ་སྟེ། དཀའ་ཐུབ་དང་རབ་ཏུ་ཞི་བའི་ཆོས་ལ་ནན་ཏན་བྱེད་པའོ་ཞེས་བསྔགས་ཤིང་། དེའི་རྒྱ་དེའི་རྐྱེན་གྱིས་བདག་ལ་སློབ་མ་དང་འཁོར་མང་བར་འགྱུར། ཐམས་ཅད་ཀྱིས་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་སྨན་མང་དུ་འབུལ་ཞིང་། བུད་མེད་མང་པོས་བསྙེན་བཀུར་དང་བསྟི་སྟང་བྱེད་པར་འགྱུར་སྙམ། དགེ་སློང་བ་འམ། དགེ་སློང་མ་དག་དེ་ལྟར་སེམས་ན་དེ་ནི་བླ་མ་མིའི་ཆོས་ཅན་དུ་འགྱུར་བ་ཞེས་བྱའོ།། དེ་ལ་གང་དགེ་སློང་དག་བླབྲབླན་མེད་པའི་ཆོས་རྣམ་པར་གཞག་པའི་ཕྱིར་བས་མཐར་གནས་ན། དགྲ་བཅོམ་པ་མ་ཡིན་ཡང་ཕ་རོལ་པོས་དགྲ་བཅོམ་པ་ཡིན་པར་སེམས་ན། དེ་ནི་དགེ་སློང་ཤིན་ཏུ་དགེ་བ། དགེ་སློང་ཞི་བ། དགེ་སློང་བཟང་པོ་སྟེ། སྐྱེ་བོ་ཚད་མེད་པ་རྣམས་དད་པའི་སེམས་སྐྱེ་བར་འགྱུར་རོ།། དེའི་རྒྱུ་དེའི་རྐྱེན་གྱི་ན་ཚད་མེད་པའི་དགེ་སློང་དག་དེའི་འཁོར་དུ་འགྱུར་ཏེ། ཚུལ་ཁྲིམས་ཉམས་པའི་དགེ་སློང་དང་། དགེ་བསྙེན་དག་ཀྱང་ཚུལ་ཁྲིམས་སྡོམ་པ་ལ་གནས་པར་འགྱུར་རོ།། དེའི་རྒྱུ་དེའི་རྐྱེན་གྱིས་དམ་པའི་ཆོས་ཡུན་རིང་དུ་གནས་ཤིང་། དེ་བཞིན་གཤེགས་པའི་བླ་ན་མེད་པའི་ཆོས་རྒྱས་པ་དང་། ཤིན་ཏུ་རྒྱས་པའི་ཐེག་པ་ཆེན་པོའི་ཆོས་ཀྱིས་སྐྱེ་བོ་ཚད་མེད་པ་སྒྲོལ་བ་དང་། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་དང་། འདུལ་བའི་དོན་ལྕི་བ་དང་ཡང་བ་ལ་ཤིན་ཏུ་མཁས་པར་འགྱུར་རོ།། དེ་འདི་སྐད་དུ་བདག་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་མདོ་ལས་ཀྱང་བདག་ནི་ག་དོན་མི་ཟ་བར་མངོན་པར་འཆང་རྒྱ་སྟེ། ཚད་མེད་པའི་ཀུན་ནས་ཉོན་མོངས་པའང་ཟད་པར་འགྱུར་རོ། ཞེས་སྤྲུལ། ཚད་མེད་པའི་དགེ་བསྙེན་རྣམས་ལའང་འདི་སྐད་དུ། ཁྱེད་ལའང་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། བདག་ཅག་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ས་ལ་གནས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་སྟེ། ཚད་མེད་པའི་ཀུན་ནས་ཉོན་མོངས་པའང་ཞི་བར་འགྱུར་རོ་ཞེས་དེ་སྐད་དུ་སྨྲས་ཀྱང་གང་ཟག་དེ་ནི་བླ་མ་མིའི་ཆོས་སྨྲ་བ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་ལ་ཉེས་བྱས་ཀྱི་ཁ་ན་མ་ཐོ་བས་ཀྱང་། སུམ་ཅུ་རྩ་གསུམ་གནམ་གྱི་ཉི་མ་དང་། ཟླ་བ་དང་། ལོར་བགྲང་བའི་ལོ་སྟོང་ཕྲག་བརྒྱད་བརྒྱའི་བར་དུ་སེམས་ཅན་དམྱལ་བར་ལྟུང་སྟེ་སྡུག་བསྔལ་མྱོང་བར་འགྱུར་ན། ཆེད་དུ་ཉེས་པ་སྡོམ་པའི་སྡིག་པ་བྱེད་པ་ལྟ་ཅི་སྨོས། ཐེག་པ་ཆེན་པོ་ལས་དགེ་སློང་གང་ཞིག་ཉེས་པ་སྦོམ་པོ་བྱུང་ན་བསྙེན་པར་མ་བྱའོ་ཞེས་གསུངས་སོ།། དེ་ལ་ཐེག་པ་ཆེན་པོའི་མདོ་ལས་ཉེས་པ་སྦོམ་པོར་འགྱུར་བ་གང་ཞེ་ན། གལ་ཏེ་ཁྱིམ་བདག་གཅིག་གིས་སངས་རྒྱས་ཀྱི་རྟེན་གཙུག་ལག་ཁང་བརྩིགས་ནས། མེ་ཏོག་གི་འཕྲེང་བས་སངས་རྒྱས་ལ་ཕུལ་ཏེ། དགེ་སློང་གཅིག་གིས་མེ་ཏོག་གི་འཕྲེང་བ་བརྒྱུས་པའི་སྲད་བུ་མ་ཞུས་པར་བླངས་ན་ཉེས་པ་སྦོམ་པོའོ། ། ཤེས་ཀྱང་རུང་མི་ཤེས་ཀྱང་རུང་སྦོམ་པོའོ།། གལ་ཏེ་འདོད་པའི་སེམས་ཀྱིས་སངས་རྒྱས་ཀྱི་མཆོད་རྟེན་བཤིག་ནའང་ཉེས་པ་སྦོམ་པོ་སྟེ། གང་ཟག་དེ་ལ་ནི་བརྟེན་པར་མི་བྱའོ།། གལ་ཏེ་རྒྱལ་པོ་འམ། བློན་པོ་ཞིག་གིས་མཆོད་རྟེན་ཞིག་པ་མཐོང་ནས། གདུང་མཆོད་པའི་ཕྱིར་རམ་ཞིག་པ་གསོ་བའི་ཕྱིར་བཅོས་ཏེ། མཆོད་རྟེན་གྱི་ནང་ནས་རིན་པོ་ཆེ་རྙེད་ནས་དགེ་སློང་ལ་བཞག་པ་ལས། དགེ་སློང་གིས་དབང་བྱས་ཏེ། བདག་གིར་སྤྱད་ན། དགེ་སློང་དེ་ནི་སྨེ་བའོ།། རྩོད་ཅིང་འཐབ་པའི་གཞིར་འགྱུར་བ་སྟེ། དགེ་བསྙེན་པ་རྣམས་ཀྱིས་དེ་ལ་བསྙེན་བཀུར་དང་། མ་རྨོད་པ་དང་། བསྟི་སྟང་མི་བྱའོ།། དགེ་སློང་དེ་ནི་དབང་པོ་མེད་པ་ཞེས་ཀྱང་བྱ། མཚན་གཉིས་པ་ཞེས་ཀྱང་བྱ། མ་ནིང་ཞེས་ཀྱང་བྱའོ།། མ་ནིང་ཞེས་བྱ་བ་ནི་བུད་མེད་ལ་ཆགས་པའི་ཚེ་བུད་མེད་དུ་འགྱུར་བ་དང་། སྐྱེས་པ་ལ་ཆགས་པའི་ཚེ་སྐྱེས་པར་འགྱུར་བའོ། ། དགེ་སློང་དེ་ནི་དབང་པོ་ངན་པ་ཞེས་བྱ་སྟེ། སྐྱེས་པ་ཞེས་ཀྱང་མི་བྱ། བུད་མེད་ཅེས་ཀྱང་མི་བྱ། རབ་ཏུ་བྱུང་བ་ཞེས་ཀྱང་མི་བྱ། ཁྱིམ་པ་ཞེས་ཀྱང་མི་བྱ་སྟེ། དགེ་སློང་དེ་ནི་བསྙེན་བཀུར་དང་། མཆོད་པ་དང་། བསྟི་སྟང་མི་བྱའོ།། སངས་རྒྱས་ཀྱིས་བསྟན་པ་ལས་དགེ་སྦྱོང་གི་ཆོས་ནི་སྙིང་རྗེའི་སེམས་ཀྱིས་སེམས་ཅན་གྱི་མགོན་དང་སྐྱབས་བྱེད་ཅིང་། ཆུང་ངུན་ཐོག་མའི་བར་དུའང་མི་འཇིགས་པ་སྦྱིན་པ་ནི་དགེ་སྦྱོང་གི་ཆོས་ཤེས་བྱའོ།། སྤྲོ་བའི་ཁུ་བཆང་མི་བཏུང་ཞིང་དྲི་མི་ཞིམ་པ་དང་། མནམ་པའི་བར་དུ་ཡོངས་སུ་སྤང་བ་ནི་དགེ་སློང་གི་ཆོས་ཤེས་བྱའོ།། རྫུན་དུ་མི་སྨྲ་ཞིང་། ཆུང་ངུན་རྨི་ལ་མནའང་རྫུན་སྤ་བར་མི་སེམས་པ་ནི་དགེ་སྦྱོང་གི་ཆོས་ཤེས་བྱའོ།། འདོད་ཆགས་ཀྱི་སེམས་རྨི་ལམ་གྱི་བར་དུའང་མེད་པ་ནི་དགེ་སྦྱོང་གི་ཆོས་ཤེས་བྱའོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། དགེ་སློང་གིས་རྨི་ལམ་དུ་མི་ཚངས་པར་སྤྱད་ན་ཚུལ་ཁྲིམས་ཉམས་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་མ་ཡིན་ནོ།། ། མི་ཚངས་པར་སྤྱོད་པ་ལ་ཤན་ཏུ་བཙོག་པར་བསམས་ཏེ། ཆུང་ངུན་སྐད་ཅིག་ཙམ་ཡང་གཙང་བའི་འདུ་ཤེས་མི་སྐྱེད་དོ།། བུད་མེད་ཀྱིས་རྣམ་པར་ཉོན་མོངས་པའི་འདུ་ཤེས་སྤང་ཏེ། རྨི་ལམ་དུ་མི་ཚངས་པར་སྤྱོད་པར་རྨིས་ན། སད་མ་ཐག་ཏུ་ཤིན་ཏུ་འགྱོད་པའི་སེམས་བསྐྱེད་དོ།། དགེ་སློང་གིས་བསོད་སྙོམས་སྤྱོད་པ་ན་མུ་གེ་བྱུང་བའི་ཚེ། ཤ་ཞིག་རྙེད་ན་བུའི་ཤཱ་ལ་ཟ་བའི་ཙམ་དུ་འདུ་ཤེས་བསྐྱེད་དོ། ། འདོད་ཆགས་ཀྱི་སེམས་བྱུང་ན་དེ་མ་ཐག་ཏུ་ཡོངས་སུ་སྤང་ངོ་།། ཆོས་ཀྱི་རྣམ་གྲངས་འདི་དག་ནི་སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་ཤེས་པར་བྱའོ། ། དེ་ལ་གང་བདུད་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བདུད་ཀྱི་རིགས་སུ་གཏོགས་པ་ཡིན་ནོ།། སངས་རྒྱས་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། ། དེ་ལ་གང་འདི་སྐད་དུ་རྟག་ཏུ་རྐང་པ་ཡ་གཅིག་གིས་འགྲེང་བ་དང་། ཁ་རོག་སྟེ་ཅང་མི་སྨྲ་བ་དང་། ཆུར་མཆོང་བ་དང་། མེར་མཆོང་བ་དང་། བྲག་ལས་མཆོང་བ་དང་། ཡང་བ་ལ་མི་འཛེམ་པ་དང་། དུག་འཐུང་བ་དང་། ཁ་ཟས་མི་ཟ་བ་དང་། ཐལ་ཁུང་ན་ཉལ་བ་དང་། བདག་གི་རྐང་ལག་འཚང་བ་དང་། སེམས་ཅན་གསོད་པ་དང་། རིག་སྔགས་ཅན་དང་། གདོལ་བུ་དང་། དབང་པོ་མེད་པ་དང་། མཚན་གཉིས་པ་དང་། མཚན་མ་ངེས་པ་དང་། དབང་པོ་མ་ཚང་བ་ལ་སོགས་པ་ཐམས་ཅད་དེ་བཞིན་གཤེགས་པས་རབ་ཏུ་འབྱུང་བར་གནང་ངོ་ཞེས་སྨྲ་ན། དེ་ནི་བདུད་ཀྱིས་བསྟན་པ་ཡིན་ནོ། ། སྔོན་བཅོམ་ལྡན་འདས་ཀྱིས་ཟར་གནང་བ་ནི་བའི་འོ་མ་ལས་བསྒྱུར་བ་རྣམ་པ་ལྔ་དང་། འབྲུ་མར་དང་། སྦྲང་རྩི་ལ་སོགས་པ་དང་། གོས་ཀེའུ་ཤ་ཡ་དང་། ལྷམ་ཡུ་རྡུ་མ་ལ་སོགས་པ་གྱོན་དུ་གནང་བ་ལས། དེ་མ་ཡིན་པ་གཞན་ཡང་འདི་སྐད་དུ་མ་ཧ་ལང་ཀའང་གྱོན་དུ་གནང་ངོ་ཞེ་འམ། ས་བོན་ཐམས་ཅད་སོགས་སུ་གནང་ངོ་ཞེ་འམ་རྩ་དང་ཤིང་ལ་སོགས་པ་ཐམས་ཅད་ལ་སྲོག་ཡོད་པར་སངས་རྒྱས་ཀྱིས་གསུངས་ནས། མྱ་ངན་ལས་འདས་སོ་ཞེས་མདོ་སྡེ་དང་འདུལ་བ་ལས་དེ་སྐད་འབྱུང་ན། དེ་ནི་བདུད་ཀྱིས་བསྟན་པ་ཡིན་པར་ཤེས་པར་བྱའོ། ། སངས་རྒྱས་ཀྱིས་ནི་རྟག་ཏུ་རྐང་པ་ཡ་གཅིག་འགྲེང་བར་ཡང་མ་ཀ་ནང་སྟེ། ཆོས་ཀྱི་ཕྱིར་འགྲོ་བ་དང་། སྡོད་པ་དང་། འདུག་པ་དང་། ཉལ་དུ་གནང་ངོ་། ། དེ་མ་ཡིན་པ་དུག་ཟ་བ་དང་། ཁ་ཟས་མི་ཟ་བ་དང་། ཚ་བ་རྣམ་པ་ལྔས་ལུས་སྲེག་པ་དང་། རྐང་ལག་འཚང་བ་དང་། སེམས་ཅན་གསོད་པ་དང་། རིག་སྔགས་སྤྱོད་པ་དང་། འགྲོན་བུ་དང་། བ་གླང་གི་མཆེ་བ་ལ་ས་ལྷམ་བྱེད་པ་དང་། ས་བོན་སོགས་པ་དང་། རྩི་ཤིང་ལ་སྲོག་ཡོད་པ་དང་། མ་ཧ་ལིང་ཀ་གྱོན་དུ་མི་ག་ནང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་བར་གསུངས་སོ་ཞེས་སྨྲ་ན། དེ་ནི་མུ་སྟེགས་ཅན་གྱི་འཁོར་ཡིན་ཏེ། སངས་རྒྱས་ཀྱི་ཉེ་གནས་མ་ཡིན་ནོ།། སངས་རྒྱས་ཀྱིས་གནང་བ་ནི་བའི་འོ་མ་ལས་བསྒྱུར་བ་རྣམ་པ་ལྔ་དང་། འབྲུ་མར་དང་། སྦྲང་རྩི་ལ་སོགས་པ་དང་། ཀེའུ་ཤ་ཡ་དང་། ལྷམ་བུ་ཡུ་ཆད་གྱོན་དུ་གནང་ངོ་།། སངས་རྒྱས་ཀྱིས་ཆེན་པོ་བཞི་ལ་སྲོག་མེད་པར་གསུངས་མདོ་སྡེ་དང་འདུལ་བ་ལས་འདི་སྐད་དུ་འབྱུང་བ་ནི་སངས་རྒྱས་ཀྱིས་བསྟན་པ་ཞེས་བྱའོ། ། དེ་ལ་གང་སངས་རྒྱས་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་ངའི་ཉེ་གནས་ཡང་དག་པ་ཡིན་ནོ།། གལ་ཏེ་སངས་རྒྱས་ཀྱིས་བསྟན་པའི་རྗེས་སུ་མི་འཇུག་པ་ནི་བདུད་ཀྱི་གཏོགས་པ་ཞེས་བྱའོ།། གལ་ཏེ་སངས་རྒྱས་ཀྱིས་བསྟན་པའི་མདོ་སྡེ་དང་འདུལ་བའི་རྗེས་སུ་ཞུགས་ན། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་རིག་པར་བྱའོ། ། རིགས་ཀྱི་བུ་བདུད་ཀྱིས་བསྟན་པ་དང་། སངས་རྒྱས་ཀྱིས་གསུངས་པའི་ཁྱད་པར་དང་བྱེ་བྲག་ནི་རྒྱས་པར་ཁྱོད་ལ་བཤད་པ་འདི་ཡོན་ནོ། ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་ཡང་གསོལ་པ། བཅོམ་ལྡན་འདས་བདག་གིས་ནི་གདོད་བདུད་ཀྱིས་བསྟན་པ་དང་། སངས་རྒྱས་ཀྱིས་གསུངས་པའི་བྱེ་བྲག་མཚན་ཉིད་འཚལ་ཏེ། དེ་བས་ན་སངས་རྒྱས་ཀྱི་ཆོས་ཟབ་མོའང་རྟོགས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། ལེགས་སོ་ལེགས་སོ།། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་ཤིན་ཏུ་བྱེ་བྲག་ཕྱེད་ཅིང་གསལ་བར་རྟོགས་ན་མཁས་པ་ཤེས་རབ་ཅན་ཞེས་བྱའོ།། རིགས་ཀྱི་བུ་སྡུག་བསྔལ་ནི་འཕགས་པའི་བདེན་པ་ཞེས་བྱར་མི་རུང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། ཅི་སྟེ་སྡུག་བསྔལ་ལ་སྡུག་བསྔལ་གྱི་འཕགས་པའི་བདེན་པ་ཞེས་བྱ་ན་ལྟ། བ་ལང་དང་། ལུག་དང་། བོང་བུ་དང་། རྟ་དང་། སེམས་ཅན་དམྱལ་བའི་སེམས་ཅན་ལའང་འཕགས་པའི་བདེན་པ་ཡོད་པར་འགྱུར་རོ།། རིགས་ཀྱི་བུ་གང་ཞིག་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཤིན་ཏུ་ཟབ་མོ་རྟག་པར་གནས་པ་མི་འགྱུར་བའི་ཆོས་ཀྱི་སྐུ་དམ་པ་ལ་ཞལ་ཟས་ཀྱིས་གསོ་བའི་སྐུ་སྙམ་སྟེ། ཆོས་ཀྱི་སྐུ་མ་ཡིན་པར་སེམས་ཤིང་། དེ་བཞིན་གཤེགས་པའི་ཡོན་ཏན་དང་། གཟི་བརྗིད་དང་། ཆེ་བ་ཉིད་མི་ཤེས་ན་སྡུག་བསྔལ་བ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། མི་ཤེས་པའི་ཕྱིར་ཆོས་ལ་ནི་ཆོས་མ་ཡིན་པར་། ཆོས་མ་ཡིན་པ་ལ་ནི་ཆོས་སུ་ལྟ་སྟེ། དེ་བས་ན་གང་ཟག་དེ་ནི་གདོན་མི་ཟ་བར་ངན་སོང་དུ་ལྟུང་ཞིང་འཁོར་བར་འཁོར་ཏེ། ཀུན་ནས་ཉོན་མོངས་པ་སྐྱེ་ཞིང་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ།། དེ་ལ་གང་ཞིག་དེ་བཞིན་གཤེགས་པ་ནི་རྟག་པ། གནས་པ། མི་འགྱུར་མི་འཕོ་བར་ཤེས་སམ། རྟག་པ་དང་གནས་པའི་ཚིག་གཉིས་རྣ་ཁུང་དུ་ཐོས་པ་ཙམ་གྱིས་མཐོ་རིས་སུ་སྐྱེ་སྟེ། ཕྱིས་རྣམ་པར་གྲོལ་བ་ན་དེ་བཞིན་གཤེགས་པ་ནི་རྟག་པ། གནས་པ། མི་འགྱུར་མི་འཕོ་བར་རྟོགས་ཤིང་རིག་པར་འགྱུར་ཏེ། རིག་ཅིང་རྟོགས་པས་འདི་སྐད་དུ། བདག་སྔོན་དོན་འདི་ཐོས་པས་རྣམ་པར་གྲོལ་བར་གྱུར་ཏོ། ། བདག་ཐོག་མ་ནས་མི་ཤེས་མ་རྟོགས་པས་འཁོར་བར་འཁོར་བའི་མཐའ་མེད་པར་འགྱུར་ཏེ། དེ་ནི་ཡང་དག་པའི་ཡེ་ཤེས་ཀྱིས་ཤེས་པར་གྱུར་ཏོ་ཞེས་སྨྲའོ། ། དེ་ལྟར་ཡང་དག་པའི་ཡེ་ཤེས་ཀྱིས་ཤེས་པ་ནི་སྡུག་བསྔལ་སྒོམ་པ་ཞེས་བྱ་སྟེ། ཕན་པ་དང་བདེ་བའི་དོན་ཆེན་པོར་འགྱུར་རོ།། གང་དེ་ལྟ་བུའི་ཚུལ་དུ་མི་ཤེས་ན་ཤིན་ཏུ་ནན་ཏན་བྱས་ཀྱང་ཕན་པ་དང་བདེ་བའི་དོན་དུ་མི་འགྱུར་རོ། ། དེ་ལྟར་ན་དེ་ནི་སྡུག་བསྔལ་ཤེས་པ་སྟེ། སྡུག་བསྔལ་གྱི་འཕགས་པའི་བདེན་པ་ཞེས་བྱའོ།། དེ་ལ་གང་དེ་ལྟ་བུའི་ཚུལ་དུ་ནན་ཏན་མ་བྱས་ན་སྡུག་བསྔལ་ཞེས་བྱ་སྟེ། སྡུག་བསྔལ་གྱི་འཕགས་པའི་བདེན་པ་མ་ཡིན་ནོ།། སྡུག་བསྔལ་ཀུན་འབྱུང་གི་བདེན་པ་ནི་ཡང་དག་པའི་ཆོས་ལ་ཡང་དག་པའི་ཡེ་ཤེས་མི་སྐྱེ་ཞིང་། མ་བརྟགས་པའི་དངོས་པོ་ཟན་པོ་དང་ཟན་མོ་ལ་སོགས་པ་འཆང་ཞིང་སྤྱོད་པ་དང་། ཆོས་མ་ཡིན་པ་ལ་ཡང་དག་པའི་ཆོས་སུ་སྨྲ་ཞིང་དམ་པའི་ཆོས་མེད་པར་བྱེད། ཡུན་རིང་དུ་གནས་པར་མི་བྱེད་པའོ། ། དེའི་རྒྱུ་དེའི་རྐྱེན་གྱིས་ཆོས་རྣམས་ཀྱི་ཆོས་ཉིད་ཀྱང་མི་ཤེས་སོ།། མི་ཤེས་པས་ན་འཁོར་བར་འཁོར་ཏེ་སྡུག་བསྔལ་མང་པོ་མྱོང་བས་མཐོ་རིས་སུ་སྐྱེ་བ་འམ། ཡང་དག་པའི་རྣམ་པར་གྲོལ་བས་རྣམ་པར་མི་འགྲོལ་ལོ།། དེ་ལ་གང་ཟབ་མོའི་ཡེ་ཤེས་དང་ལྡན་པ་དམ་པའི་ཆོས་མི་འཇིག་པ་ནི། དེའི་རྒྱུ་དེའི་རྐྱེན་གྱིས་མཐོ་རིས་སུ་སྐྱེ་ཞིང་། ཡང་དག་པའི་རྣམ་པར་གྲོལ་བས་རྣམ་པར་གྲོལ་ལོ། ། གང་སྡུག་བསྔལ་ཀུན་འབྱུང་གི་བདེན་པ་མི་ཤེས་ཏེ། དམ་པའི་ཆོས་ནི་མི་རྟག་པ། མི་གནས་པ། འགྱུར་བའི་ཆོས་ཅན་ནོ་ཞེས་སྨྲ་ན། དེའི་རྒྱུ་དེའི་རྐྱེན་གྱིས་བསྐལ་པ་གྲངས་མེད་པའི་བར་དུ་འཁོར་བར་འཁོར་ཞིང་སྡུག་བསྔལ་མང་པོ་མྱོང་བར་འགྱུར་རོ། ། དེ་ལ་གང་དམ་པའི་ཆོས་ནི་རྟག་པ། གནས་པ། མི་འགྱུར་མི་འཕོ་བ་ཉིད་དུ་ཤེས་ན་ཀུན་འབྱུང་ཤེས་པ་སྟེ། ཀུན་འབྱུང་འཕགས་པའི་བདེན་པ་ཞེས་བྱའོ།། གང་དེ་ལྟ་བུའི་ཚུལ་དུ་ནན་ཏན་མི་བྱེད་ན། ཀུན་འབྱུང་ཞེས་བྱ་སྟེ། ཀུན་འབྱུང་འཕགས་པའི་བདེན་པ་མ་ཡིན་ནོ།། སྡུག་བསྔལ་འགོག་པའི་བདེན་པ་ནི། གང་སྟོང་པ་ཉིད་ལ་མང་དུ་བསྒོམ་ཞིང་ནན་ཏན་བྱེད་པ་དང་། དགེ་བ་ཞེས་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་འགོག་པའི་ཕྱིར། དེ་བཞིན་གཤེགས་བཔའི་ཡང་དག་པའི་ཆོས་ཀྱི་སྡེ་སྣོད་འཇིག་པའི་ཕྱིར་རོ། ། གང་དེ་ལྟར་སློབ་ཅིང་ནན་ཏན་བྱེད་པ་ནི་སྟོང་པ་ཉིད་སྒོམ་པའོ།། སྡུག་བསྔལ་འགོག་པ་སྒོམ་པ་ནི་མུ་སྟེགས་ཅན་ཐམས་ཅད་ལས་ཕྱིར་བཟློག་པའོ། ། ཅི་སྟེ་སྟོང་པ་ཉིད་སྒོམ་པ་འགོགས་པའི་བདེན་པ་ཡིན་དུ་ཟིན་ན། མུ་སྟེགས་ཅན་ཐམས་ཅད་ཀྱང་སྟོང་པའི་ཆོས་སྒོམ་པས་འགོག་པའི་བདེན་པ་ཡོད་པར་འགྱུར་རོ།། དེ་ལ་གང་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དེ་བལྟར་མི་མཐོང་མོད་ཀྱི། ཉོན་མོངས་པ་ཐམས་ཅད་བསལ་ན་རྟོགས་པར་འགྱུར་རོ་ཞེས་སྨྲ་འམ། གལ་ཏེ་སྐད་ཅིག་ཙམ་སེམས་བསྐྱེད། ནའང་། དེའི་རྒྱུ་དེའི་རྐྱེན་གྱིས་ཆོས་ཐམས་ཅད་ལ་དབང་ཐོབ་པར་འགྱུར་རོ།། གང་ཞིག་དེ་བཞིན་གཤེགས་པའི་སྙིང་པོ་ལ་བདག་དང་། སྟོང་པ་དང་། ཞི་བ་མེད་པའི་ཚུལ་དུ་སྒོམ་ན། གང་ཟག་དེ་ནི་སྐྱེ་བ་ཚད་མེད་པའི་བར་དུ་འཁོར་བར་ཡོངས་སུ་འཁོར་ཞིང་སྡུག་བསྔལ་མྱོང་བར་འགྱུར་རོ། ། དེ་ལ་གང་དེ་ལྟ་བུའི་ཚུལ་དུ་མི་སྒོམ་ན། ཉོན་མོངས་པ་དང་བཅས་ཀྱང་མྱུར་དུ་བྱུང་བར་འགྱུར་རོ།། དེ་ཅི་བྱོར་ཞེ་ན། དེ་བཞིན་གཤེགས་པའི་སྙིང་པོ་གཙང་བ་ཤེས་པའི་ཕྱིར་ཏེ། སྡུག་བསྔལ་འགོག་པའི་བདེན་པ་ཞེས་བྱའོ།། དེ་ལ་གང་དེ་ལྟ་བུའི་ཚུལ་དུ་ནན་ཏན་བྱེད་ན་ངའི་ཉེ་གནས་སོ།། གང་དེ་ལྟ་བུའི་ཚུལ་དུ་ནན་ཏན་མི་བྱེད་པ་ནི་དོན་མེད་པར་སྒོམ་པ་སྟེ། འགོག་པ་འཕགས་པའི་བདེན་པ་མ་ཡིན་ནོ།། ལར་གྱི་འཕགས་པའི་བདེན་པ་ནི། འདི་ལྟ་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཡང་དག་པར་རྣམ་པར་གྲོལ་བ་ལ། སེམས་ཅན་ཁ་ཅིག་ཕྱིན་ཅི་ལོག་གི་སེམས་ཀྱིས་འདི་སྐད་དུ་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཡང་དག་པར་རྣམ་པར་གྲོལ་བ་མེད་དེ། སྒྱུ་མ་ལྟ་བུར་འཁོར་བར་འཁོར་རོ་ཞེས་དེ་ལྟ་བུའི་ཚུལ་དུ་ལྟན། དེའི་ཆུ་དེའི་རྐྱེན་གྱིས་སྲིད་པ་གསུམ་དུ་འཁོར་ཞིང་ཡུན་རིང་པོར་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ། ། དེ་ལ་གང་འདི་ལྟ་བུར་སེམས་བསྐྱེད་དེ། དེ་བཞིན་གཤེགས་པ་དང་། ཆོས་དང་། དགེ་འདུན་དང་། རྣམ་པར་གྲོལ་བ་ནི་རྟག་པ། གནས་པ། མི་འགྱུར་མི་འཕོ་བའི་ཚུལ་དུ་ལྟ་ན། དེ་ལྟར་སྐད་ཅིག་སེམས་པ་ཙམ་གྱིས་སྐྱེ་བ་ཚད་མེད་པའི་བར་དུ་བསོད་ནམས་ཡིད་བཞིན་དུ་འགྱུར་བའི་དབང་ཐོབ་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ངའང་སྔོན་ཕྱིན་ཅི་ལོག་བཞིས་ཆོས་མ་ཡིན་པ་ལ་ཆོས་སུ་གཟུང་བས་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ཚད་མེད་པ་མྱོང་བར་གྱུར་ཏོ། ། ད་ནི་ལྟ་བ་དེ་ལྟ་བུའི་ཚུལ་དུ་ལྟ་བ་བགགས་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། དེ་ནི་ལམ་གྱི་འཕགས་པའི་བདེན་པ་ཞེས་བྱའོ།། དེ་ལ་གང་ཞིག་འདི་སྐད་དུ་དཀོན་མཆོག་གསུམ་མི་རྟག་ཅེས་སྨྲ་ཞིང་ལྟ་བ་དེ་ལ་སྒོམ་ན། དོན་མེད་པར་སྒོམ་པ་སྟེ། ལམ་གྱི་འཕགས་པའི་བདེན་པ་མ་ཡིན་ནོ།། གང་ཆོས་དེ་ལ་རྟག་པ་གནས་པའི་ཚུལ་དུ་སྒོམ་ན་ངའི་ཉེ་གནས་ཞེས་བྱ་སྟེ། འཕགས་པའི་བདེན་པ་བཞི་ཡང་དག་པར་མཐོང་ཞིང་། འཕགས་པའི་བདེན་པ་བཞི་སྒོམ་པ་ལ་ནན་ཏན་བྱེད་པ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ། བདག་ནི་གདོད་འཕག་པའི་བདེན་པ་བཞི་ཤིན་ཏུ་ནན་ཏན་བྱ་བའི་ཆོས་འཚལ་བར་གྱུར་ཏོ། ། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལ་ཕྱིན་ཅི་ལོག་བཞི་ཞེས་བྱ་བ་ནི། འདི་ལྟ་སྟེ། སྡུག་བསྔལ་མ་ཡིན་པ་ལ་སྡུག་བསྔལ་དུ་འདུ་ཤེས་བསྐྱེད་པ་ནི་ཕྱིན་ཅི་ལོག་ཅེས་བྱའོ།། སྡུག་བསྔལ་མེད་པ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ།། སྡུག་བསྔལ་བར་འདུ་ཤེས་བསྐྱེད་པ་ནི་དེ་བཞིན་གཤེགས་པ་ལ་མི་རྟག་པ་འམ། འགྱུར་ཞིང་འཕོ་བར་སེམས་པའོ།། གང་དེ་བཞིན་གཤེགས་པ་ལ་མི་རྟག་ཅེས་སྨྲ་བ་ནི་ཁ་ན་མ་ཐོ་བ་ཆེན་པོའི་སྡུག་བསྔལ་ལོ།། གང་འདི་སྐད་དུ་དེ་བཞིན་གཤེགས་པ་ནི་སྡུག་བསྔལ་བའི་སྐུ་བོར་ཏེ། ཤིང་ཟད་པའི་མེ་ཤི་བ་བཞིན་དུ་མྱ་ངན་ལས་འདས་སོ་ཞེས་སྨྲ་ན། དེ་ནི་སྡུག་བསྔལ་མེད་པ་ལ་སྡུག་བསྔལ་བར་འདུ་ཤེས་བསྐྱེད་པ་སྟེ། བྱིན་ཅི་ལོག་ཅེས་བྱའོ།། ཅི་སྟེ་ངས་དེ་བཞིན་གཤེགས་པ་རྟག་ཅེས་གསུང་ན། དེ་ནི་བདག་ཏུ་ལྟ་བ་སྟེ། བདག་ཏུ་ལྟ་ན་ཚད་མེད་པའི་ཁ་ན་མ་ཐོ་བར་འགྱུར་ཏེ། དེ་བས་ན་དེ་བཞིན་། གཤེགས་པ་ནི་མི་རྟག་ཅེས་གསུངས་པའི་རིགས་སོ།། གང་དེ་སྐད་དུ་སྨྲ་ན་བདག་ཅེས་པ་བདེ་བ་མྱོང་ངོ་།། དེ་བཞིན་གཤེགས་པ་མི་རྟགས་ཅེས་སྨྲ་ན་སྡུག་བསྔལ་བའོ།། ། ནོ་སྟེ་སྡུག་བསྔལ་བ་ཡིན་ན། ཅིའི་ཕྱིར་བདེ་བར་འགྱུར་ཞེ་ན། སྡུག་བསྔལ་ལ་བདེ་བར་འདུ་ཤེས་པས་ཕྱིན་ཅི་ལོག་གོ།། བདེ་བ་ལ་སྡུག་བསྔལ་བར་འདུ་ཤེས་ནའང་ཕྱིན་ཅི་ལོག་གོ།། བདེ་བ་ནི་དེ་བཞིན་གཤེགས་པའོ། ། སྡུག་བསྔལ་བ་ནི་དེ་བཞིན་གཤེགས་པ་མི་རྟག་ཅེས་སྨྲ་བའོ།། ཅི་སྟེ་དེ་བཞིན་གཤེགས་པ་མི་རྟག་ཅེས་སྨྲ་ན། དེ་ནི་བདེ་བ་ལ་སྡུག་བསྔལ་དུ་འདུ་ཤེས་པ་ཞེས་བྱའོ།། དེ་བཞིན་གཤེགས་པ་རྟག་ཅེས་བྱ་བ་ནི་བདེ་བའི། ། ཅི་སྟེ་ངས་གསུངས་པ་ལྟར་དེ་བཞིན་གཤེགས་པ་རྟག་པ་ཡིན་ན། ཅིའི་ཕྱིར་མྱ་ངན་ལས་འདས། གལ་ཏེ་དེ་བཞིན་གཤེགས་པ་སྡུག་བསྔལ་བ་མ་ཡིན་ན། ཅིའི་ཕྱིར་སྐུ་བོར་ཏེ་མྱ་ངན་ལས་འདའ་བར་བཞུགས་ཤེས་དེ་ལྟར་བདེ་བ་ལ་སྡུག་བསྔལ་བར་འདུ་ཤེས་ན་ཕྱིན་ཅི་ལོག་གཅིག་ཅེས་བྱའོ།། མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། རྟག་པ་ལ་མི་རྟག་པར་འདུ་ཤེས་པའང་ཕྱིན་ཅི་ལོག་ཅེས་བྱའོ། ། མི་རྟག་པ་ནི་སྟོང་པ་ཉིད་མི་སྒོམ་པའོ།། སྟོང་པ་ཉིད་མ་བསྒོམས་པས་ཚེ་ཐུང་བར་གྱུར་ཏོ།། དེ་ལ་གང་སྟོང་པ་ཉིད་ཀྱིས་ཞི་བ་མ་སྒོམས་ཀྱང་ཚེ་རིང་བར་འགྱུར་རོ་ཞེས་སྨྲ་ན། ཕྱིན་ཅི་ལོག་ཅེས་བྱ་སྟེ། ཕྱིན་ཅི་ལོག་གཉིས་སོ།། བདག་མེད་པ་ལ་བདག་ཏུ་འདུ་ཤེས། བདག་ལ་བདག་མེད་པར་འདུ་ཤེས་པའང་ཕྱིན་ཅི་ལོག་གོ། འཇིག་རྟེན་པའང་བདག་ཡོད་པར་སྨྲ། སངས་རྒྱས་ཀྱི་ཆོས་ལའང་བདག་ཡོད་པར་སྨྲ་སྟེ། འཇིག་རྟེན་པ་དག་བདག་ཡོད་པར་སྨྲ་མོད་ཀྱི། སངས་རྒྱས་ཀྱི་རང་བཞིན་ཡོད་པ་མ་ཡིན་པས། དེ་ནི་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་སྟེ། ཕྱིན་ཅི་ལོག་ཅེས་བྱའོ།། སངས་རྒྱས་ཀྱི་ཆོས་ཀྱི་བདག་ཡོད་པ་ནི་སངས་རྒྱས་ཀྱི་རང་བཞིན་ནོ།། འཇིག་རྟེན་པ་དག་ནི་སངས་རྒྱས་ཀྱི་ཆོས་ལ་བདག་མེད་ཅེས་སྨྲ་བས། དེ་བས་ན་བདག་ལ་བདག་མེད་པར་འདུ་ཤེས་པ་ཞེས་བྱའོ། ། གལ་ཏེ་སངས་རྒྱས་ཀྱི་ཆོས་ལ་ངེས་པར་བདག་མེད་ཅེས་སྨྲས་ན། དེ་བཞིན་གཤེགས་པས་ཉེ་གནས་རྣམས་ལ་བདག་མེད་པར་སྒོམས་ཤིག་ཅེས་བཀའ་སྩལ་བའང་བྱིན་ཅི་ལོག་ཅེས་བྱ་བར་འགྱུར་ཏེ། འདི་ནི་ཕྱིན་ཅི་ལོག་གསུམ་མོ།། གཙང་བ་ལ་མི་གཙང་བར་འདུ་ཤེས། མི་གཙང་བ་ལ་གཙང་བར་འདུ་ཤེས་པའང་ཕྱིན་ཅི་ལོག་གོ། ། གཙང་བ་དེ་བཞིན་གཤེགས་པར་རྟག་པར་གནས་པ་ཞལ་ཟས་དང་འདྲེས་པའི་སྐུ་མ་ཡིན། ཉོན་མོངས་པའི་སྐུ་མ་ཡིན། ཤ་དང་ཁྲག་གི་སྐུ་མ་ཡིན། རྩ་དང་། ཆུ་དང་། རུས་པས་རྣམ་པར་གླགས་པའི་སྐུ་ཡིན་ཏེ། དེ་ལ་གང་འདི་སྐད་དུ་དེ་བཞིན་གཤེགས་པ་ནི་མི་རྟག་པ་ཞལ་ཟས་དང་འདྲེས་པའི་སྐུ། རྩ་དང་། ཆུབ་དང་། རུས་པའི་བར་དུ་རྣམ་པར་གླགས་པའི་སྐུ་ཡིན་ཏེ། ཆོས་དང་། དགེ་འདུན་དང་། རྣམ་པར་གྲོལ་བའང་འགོག་ཅིང་ཟད་པར་འགྱུར་རོ་ཞེས་སྨྲ་ན་ཕྱིན་ཅི་ལོག་ཅེས་བྱའོ།། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་ནི། གང་འདི་སྐད་དུ་ངའི་ལུས་འདི། ལ་གཅིག་ཙམ་ཡང་མི་གཙང་བ་མེད་དོ།། མི་གཙང་བ་མེད་པས་ན་གདོན་མི་ཟ་བར་ཡོངས་སུ་དག་པའི་གནས་སུ་ཕྱིན་པར་འགྱུར་ཏེ། དེ་བཞིན་གཤེགས་པས་མི་གཙ་བཅོམ་པ་ལ་ནན་ཏན་གྱིས་ཤོག་ཅེས་གསུངས་པའང་རྫུན་ནོ་ཞེས་སྨན་བྱིན་ཅི་ལོག་ཅེས་བྱསྟེ། འདོན་ཕུན་ཅི་ལོག་པའི་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་ཡང་བཅོམ་ལྡན་འདས་ལ་གསོལ་པ། བདག་ཅག་ནི་སྔོན་ངན་པར་ལྟ་བ་ལས་གདོད་ཡང་དག་པར་ལྟ་བར་གྱུར་ཏོ།། བཅོམ་ལྡན་འདས་སྲིད་པ་ཉི་ཤུ་ལྔ་པོ་ལ་བདག་ཅེས་བགྱི་བ་མཆིས་སམམམ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རིགས་ཀྱི་བུ་བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྟོང་པོའི་དོན་ཏོ།། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་ནི་བདག་ཅེས་བྱབ་དོན་ཏོ། ། དེས་བ་དག་ཅེས་བྱ་བའི་དོན་ནོ་ཐོག་མ་མེད་པའི་དུས་ནས། ཚད་མེད་པའི་ཀུན་ནས་ཉོན་མོངས་པས་རྣམ་པར་མརྣམས་ཏེ། དེ་བས་ན་སེམས་ཅན་དག་མཐོང་བར་མགྱུར་ཏོ།། རིགས་ཀྱི་ཐ་འང། སྟེ། དཔེར་ན་བུད་མེད་དབུལ་མོ་ཞིག་ཁང་པའི་ནང་ན་གསེར་གྱི་གཏེར་ཡོད་ཀྱང་ཐམས་ཅད་ཀྱིས་ཡོད་པར་མི་ཤེས་པ་ལས། བྱིས་སྐྱེས་བུ་ཤིན་ཏུ་ཐབས་ལ་མཁས་པ་གཅིག་གིས། བུད་མེད་དབུལ་མོས་འདིས་དན་བྲ་མོ་ཁྱོད་ལ་པོའི་ཕྱག་བད་བ་ཐ་བནུས་ས་པ། བུད་མེད་དེས་སྨྲས་པ། ཁོ་མོ་མ་ནུས་སོ།། ཅིག་ཁྱོད་ཀྱིས་མ་ཚོའི་བྲིས་གསེར་གྱི་ག་ཏེར་ནིག་སྦས་པ་བརྟན་ནུས་ན་ཁྱོད་ཀྱིལས་བྱའོ།། སྐྱེས་བུ་དེས་སྨྲས་པ། ཁོ་བོ་ན་ཤིན་ཏུ་ཐབས་མཁས་པས་ཁྱོད་ཀྱི་བུས་སྦས་པའི་གསེར་གྱི་གཏེར་ཁོ་བོས་ཤེས་ཀྱིས་བསྟན་ཏོ།། བུད་མེད་དེས་སྨྲས་པ། ཁོ་མོའི་ཁྱིམ་གང་གི་མི་ཆེ་ཕྲ་ཐམས་ཅད་ཀྱིས་ཀྱང་མི་ཤེས་ན། ཇིག་ཁྱོད་ཀྱིས་ཤེས་སམ། སྐྱེས་བུ་དེས་སྨྲས་པ། ཁོ་བོས་ནི་ཐེ་ཙོམ་མེད་པར་ཤེས་སོ།། བུད་མེད་དེས་སྨྲས་པ། ཁོ་བོ་དེ་མཐོང་བར་འདོད་ཀྱིས་སྟོན་ཅིག། དེ་ནས་སྐྱེས་བུ་དེས་མོའི་ཁང་པར་ཞུགས་ནས་གསེར་གྱི་གཏེར་བྲུས་ཏེ་བུད་མེད་དེ་ལ་བསྟན་ཏོ། ། བུད་མེད་དེས་གཏེར་མཐོང་ནས་ཤིན་ཏུ་མགུ་དགའ་སྟེ། ངོ་མཚར་རྨད་ཀྱི་འདུ་ཤེས་སྐྱེས་ནས། སྐྱེས་བུ་དེ་ལ་བསྟི་སྟང་དུ་བྱེད་དེ། རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ཀྱིས་མི་མཐོང་བའང་ཇི་ལྟར་བུད་མེད་དབུལ་མོས་རིན་པོ་ཆེའི་གཏེར་མི་མཐོང་བ་བཞིན་ནོ། ། རིགས་ཀྱི་བུ་ངས་སྐྱེ་བོ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཡོད་པ་ཀུན་ནས་ཉོན་མོངས་པས་བསྒྲིབས་ཏེ་མི་མཐོང་བ་བསྟན་པའང་། ཇི་ལྟར་བུད་མེད་དབུལ་མོས་གསེར་གྱི་གཏེར་མི་མཐོང་བ་བསྣུན་པ་བཞིན་ནོ། ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཀྱང་སེམས་ཅན་ཐམས་ཅད་ལ་མངོན་པར་སངས་རྒྱས་པའི་རིན་པོ་ཆེའི་གཏེར་བསྟན་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་རང་བཞིན་ནོ། ། སོ་སོའི་སྐྱེ་བོ་དག་ཀྱང་དེ་ལྟ་བུའི་དངོས་པོ་དག་མཐོང་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱེད་ཅིང་ཕྱོགས་སོ།། ཐབས་མཁས་པའི་སྐྱེས་བུ་ཞེས་བྱ། བ་ནི་དེ་བཞིན་གཤེགས་པའི་དཔེའོ།། བུད་མེད་དབུལ་མོ་ཞེས་བྱ་བ་ནི་སོ་སོརའི་སྐྱེ་བོ་ཚད་མེད་པའི་དཔེའོ།། གསེར་གྱི་གཏེར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་གྱི་དཔེའོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་བུད་མེད་བུ་ཆུང་ངུ་ཁ་མྱག་གསོ་བ་ཞིག་གལ་ཏེ་བུ་དེ་ནད་ཀྱིས་བཏབ་ན། བུད་མེད་དེ་ཤིན་ཏུ་མྱ་ངན་གྱིས་གདུངས་ཏེ་སྨན་པ་ཚོལ་ལོ།། དེ་ལ་སྨན་པས་སྨན་མར་དང་། འོ་མ་དང་། ཤ་ཁ་ར་གསུམ་དུ་སྦྱར་ཏེ། བུ་ལ་བླུད་ནས། བུད་མེད་དེ་ལ་འདི་སྐད་ཅེས་བསྒོའོ།། བུ་འདི་སྨན་བཏང་གིས། རེ་ཞིག་སྨན་མ་ཞུ་བའི་བར་དུ་ནུ་ཞོ་བླུད་དུ་མི་རུང་ངོ་ཞེས་བསྒོའོ།། དེ་ནས་བུད་མེད་དེས་ནུ་ཞོ་མི་བསྣུན་པའི་ཕྱིར། ནུ་མ་ལ་མཁྲིས་པས་བྱུགས་ནས། བུ་ལ་ཁོ་མོའི་ནུ་མ་དུག་གིས་བསྐུས་ཏེ་ནུར་མི་རུང་ངོ་ཞེས་ཟེར་རོ།། བུ་དེ་སྐོམ་གྱིས་གདུངས་ཏེ་ནུ་མ་ནུ་འདོད་ཀྱང་། ཁ་བའི་རོ་བྲོ་བ་ཚོར་མ་ཐག་ཏུ་ནུར་མི་བཏུབ་བོ། ། སྨན་ཞུ་ནས་བུད་མེད་ཀྱིས་ནུ་མ་དག་པར་བཀྲུས་ཏེ་འདི་སྐད་དུ་བུ་ཚུར་ཤོག། ད་ནུ་མ་ནུར་གཞུག་གོ་ཞེས་སྨྲས་ན། ཁྱེའུ་དེ་སྐོམ་གྱིས་གདུངས་ཀྱང་། སྔར་ཁ་བའི་རོ་མྱོང་བས་བོས་ཀྱང་འོང་དུ་མ་བཏུབ་བོ། ། དེ་ལ་ཡང་མས་འདི་སྐད་དུ་བསྒོའོ།། ཁྱོད་ད་ཅི་སྔར་སྨན་འཐུངས་ཏེ། སྨན་མ་ཞུ་བའི་ནུ་མ་བླུད་དུ་མི་རུང་བས། ཁོ་མོས་དུག་གིས་བསྐུས་པ་ཡིན་གྱིས།། ད་ཁྱོད་ཀྱི་སྨན་ཀྱང་ཞུ་ལ་ཁ་བའང་བཀྲུས་ཀྱིས་ད་ནི་ཁེ་བའི་རོ་མེད་དོ་ཞེས་སྨྲས་ན། གདོད་པགས་ཀྱིས་ཉེ་སྟེ་འཐུང་ངུ་བཏུབ་བོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པའང་དེ་བཞིན་དུ་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར། སེམས་ཅན་ཐམས་ཅད་བདག་མེད་པའི་ཆོས་ལ་ནན་ཏན་བྱེད་པ་སྟོན་ཏོ།། དེ་ལ་ནན་ཏན་བྱས་པས་བདག་ཅེས་བྱ་བའི་སེམས་མེད་དེ་ཡོངས་སུ་མྱ་ངན་ལས་འདའ་འོ། ། དེའང་འཇིག་རྟེན་རྒྱང་འཕེན་པའི་ངན་པར་ལྟ་བ་བསལ་བའི་ཕྱིར། འཇིག་རྟེན་རྒྱང་འཕེན་པའི་ཆོས་ལས་འདས་པ་བསྟན་པའི་ཕྱིར། གཞན་ཡང་འཇིག་རྟེན་རྒྱང་འཕན་པ་དག་བདག་ཏུ་ལྟ་བ་ཡང་དག་པ་མ་ཡིན་པར་བསྟན་པའི་ཕྱིར། བདག་མེད་པའི་ཆོས་བསྒོམས་པས་ཡོངས་སུ་དག་པའི་ལུས་སུ་འགྱུར་བའི་ཕྱིར། ཇི་ལྟར་བུད་མེད་དེས་བུའི་ཕྱིར་མཁྲིས་པས་ནུ་མ་བསྐུས་པ་བཞིན་དུ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སྟོང་པ་ཉིད་བསྒོམས་པའི་ཕྱིར། ཆོས་ཐམས་ཅད་ལ་བདག་མེད་ཅེས་གསུངས་སོ།། ཇི་ལྟར་བུད་མེད་དེས་ནུ་མ་བྱིས་བཀྲུས་ནས་བུ་བོས་ཏེ་ནུ་ཞོ་བླུད་དོ་ཞེས་བྱ་བ་བཞིན་དུ། ངས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའང་དེ་དང་འདྲ་སྟེ། དགེ་སློང་ཁྱོད་ཀྱང་མ་སྐྲག་པར་ཇི་ལྟར་བུ་དེ་ལ་མས་བོས་ཏེ་ནུ་ཞོ་བགས་ཀྱིས་འཐུང་བ་བཞིན་དུ། དགེ་སློང་ཁྱེད་ཀྱང་བྱེ་བྲག་བྱེད་པར་གྱིས་ཤིག། དེ་བཞིན་གཤེགས་པའི་སྙིང་པོ་ནི་མེད་པར་བྱ་བ་མ་ཡིན་ནོ།། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཡང་དག་པར་བདག་ཅེས་བགྱི་བ་མ་མཆིས་སོ།། དེ་ཅིའི་སླད་དུ་ཞེ་ན། བྱིས་པ་ཆུང་ངུན་ཐོག་མ་བཙས་པ་ན་ཅིའང་བྱེ་བྲག་མི་བྱེད་དེ་མི་འཚལ་ཏོ། ། གལ་ཏེ་བདག་ཅེས་བགྱི་བ་མཆིས་པ་ལགས་ན། བཙས་མ་ཐག་ཏུ་ཐམས་ཅད་བྱེ་བྲག་བྱེད་ཅིང་འཚལ་བའི་རིགས་སོ། ། དེ་བས་ན་ངེས་པར་བདག་ཅེས་བགྱི་བ་མ་མཆིས་པར་མངོན་ནོ།། གལ་ཏེ་བདག་ཅེས་བགྱི་བ་ངེས་པར་མཆིས་པ་ཞིག་ལགས་ན། སྐྱེ་བ་གཅིག་བླངས་ནས་མཐར་མ་མཆིས་པར་འགྱུར་བའི་མི་རིགས་སོ། ། ཅི་སྟེ་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་ཏེ་རྟག་པ་ཞིག་ལགས་ན། འཇིག་པའི་ཡང་མི་རིགས་སོ།། གལ་ཏེ་འཇིག་པའི་མཚན་ཉིད་མ་ལགས་ན། ཅིའི་སླད་དུ་རྒྱལ་རིགས་དང་། བྲམ་ཟེ་དང་། རིགས་ངན་དང་། གདོལ་པ་དང་། བྱོལ་སོང་ལ་སོགས་པ་རྣམ་པ་ཐ་དད་དེ། ལས་ཀྱི་རྣམ་བར་སྨིན་པ་སྣ་ཚོགས་མི་མཐུན་ཞིང་རྒྱུ་ཐ་དད་པར་གྱུར། ཅི་སྟེ་བདག་ཅེས་བགྱི་བ་ངེས་པར་མཆིས་ན། སེམས་ཅན་ཐམས་ཅད་ལ་བཟང་ངན་མ་མཆིས་པའི་རིགས་ཏེ། དེ་ལྟ་བས་ནསངས་རྒྱས་ཀྱི་རང་བཞིན་ཞེས་བགྱི་བ་ནི་རྟག་པའི་ཆོས་མ་ལགས་པར་མངོན་ནོ། ། ཅི་སྟེ་སངས་རྒྱས་ཀྱི་རང་བཞིན་ངེས་པར་རྟག་པ་ཞིག་ལགས་ན། ཅིའི་སླད་དུ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་རྩུབ་པོ་དང་། ཚིག་ཐུན་ཚགས་དང་། འདོད་ཆགས་དང་། ཞེ་སྡང་དང་། ངན་པར་ལྟ་བ་ལ་སོགས་པ་བསྟན་ཅིང་གསུངས། གལ་ཏེ་བདག་ཅེས་བགྱི་བའི་རང་བཞིན་རྟག་པ་ལགས་ན། ཅིའི་སླད་དུ་ཆང་འཐུངས་པས་མྱོས་ཤིང་དྲན་པ་ཉམས་པར་འགྱུར། གལ་བདག་ཅེས་བགྱི་བའི་རང་བཞིན་རྟག་པ་ལགས་ན། ལོང་བས་ཀྱང་གཟུགས་མཐོང་ལ། འོན་པས་གང་སྒྲ་ཐོས། ལྐུགས་པས་ཀྱང་སྠ་ནུས། ན་བོས་ཀྱང་འགྲོ་ནུས་པར་འགྱུར་རོ།། ཅི་སྟེ་བདག་ཅེས་བགྱི་བའི་རང་བཞིན་རྟག་ན། ཆུ་དང་། མེ་དང་། གཡང་ས་དང་། དུག་དང་། མཚོན་དང་། གཅན་གཟན་མ་རུངས་པ་ལས་ཀྱང་འབྱོལ་བའི་མི་རིགས་སོ།། ཅི་སྟེ་བདག་ཅེས་བགྱི་བ་རྟག་ན། སྔོན་ཅི་ཤེས་པ་ཕྱིས་བརྗེད་པའི་མི་རིགས་སོ།། ཅི་སྟེ་ཕྱིས་མི་བརྗེད་ན་ཅིའི་སླད་དུ་བདག་གིས་མི་འདི་སྔོན་མ་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་སྨྲ་བར་འགྱུར།། གལ་ཏེ་བདག་ཅེས་བགྱི་བ་རྟག་ན། གཞོན་ནུ་ལང་ཚོ་དང་། རྒས་ཏེ་རྒུད་པ་ལ་སོགས་པ་དང་། སྔོན་ཅི་བྱས་པའི་དངོས་པོ་ཐམས་ཅད་ཀྱང་མི་བརྗེད་དེ་དྲན་པའི་རིགས་སོ།། ཅི་སྟེ་བདག་ཅེས་བགྱི་བ་རྟག་ན་ཅི་ལ་གནས། མཆིལ་མ་དང་སྣབས་ལ་གནས་སམ། ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་ལ་སོགས་པ་ལ་གནས། ཅི་སྟེ་བདག་ཅེས་བགྱི་བ་རྟག་པ་ཞིག་ལགས་ན། ཏིལ་མར་གྱིས་ལུས་བསྐུས་པ་བཞིན་དུ་ཐམས་ཅད་དུ་ཁྱབ་པའི་རིགས་ཏེ། གལ་ཏེ་ལུས་གཅད་པའི་ཚེ་ན། བདག་ཀྱང་ཆོད་པར་འགྱུར་བའི་རིགས་སོ།། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱལ་པོ་ལ་གྱད་གཅིག་ཡོད་པའི་དཔྲལ་བ་ན། རྡོ་རྗེའི་ནོར་བུ་གཅིག་ཡོད་པ་གྱད་གཞན་དང་སྟོབས་བཀྱེ་བ་ལས། གྱད་ཕ་རོལ་པོས་མགོས་རེག་སྟེ་དཔྲལ་བའི་ནོར་བུ་དེ་ཤའི་ནང་དུ་ནུབ་ཀྱང་ནོར་བུ་གར་སོང་བ་མི་ཤེས་སོ།། རྨ་བྱུང་བའི་ཕྱིར་སྨན་པ་བོས་ནས་སྨན་པ་ཤིན་ཏུ་མཁས་པས་ནི་ནོར་བུ་ཤའི་ནང་དུ་སོང་བའི་ཕྱིར་རྨ་བྱུང་བས་དེ་ལ་སྨན་མི་བྱེད་དེ། འདི་སྐད་དུ་སྟོབས་པོ་ཆེ་ཁྱོད་ཀྱི་དཔྲལ་བའི་ནོར་བུ་ག་རེ་ཞེས་ཟེར་རོ།། གྱད་དེ་སྤངས་ནས་སྨན་པ་ལ་འདི་སྐད་དུ་བདག་གི་དེ་པྲལ་བའི་ནོར་བུ་གར་ཡང་མ་སོང་བའི་རིགས་ཏེ། ད་མེད་ན་འདི་སྒྱུ་མ་མ་ཡིན་ནམ་སྙམ་སེམས་ཏེ་ཤིན་ཏུ་མྱ་ངན་བྱེད་དོ།། དེ་ནས་སྨན་པ་དེས་ཀྱང་དེའི་སྤྲོ་བ་བསྐྱེད་ནས། ཁྱོད་དེ་ལྟར་མྱ་ངན་མ་བྱེད་ཅིག། ཁྱོད་སྟོབས་བཀྱེ་བ་ན་ནོར་བུ་ཤའི་ནང་དུ་ནུབ་སྟེ། གཟུགས་བརྙན་ཙམ་ཕྱི་རོལ་དུ་སྣང་ངོ་།། ཁྱོད་སྟོབས་བཀྱེ་བ་ནཞེ་སྡང་བསྐྱེད་དེ། ནོར་བུའི་མཐུས་ཤའི་ནང་དུ་ནུབ་ཀྱང་མ་ཚོར་བ་ཡིན་ནོ།། དེ་སྐད་དུ་སྨྲས་ཀྱང་ཡིད་མཆིས་ནས། འདི་སྐད་དུ་སྨན་པ་ཁྱོད་བརྫུན་མ་ཟེར་ཅིག། ཅི་སྟེ་ཤའི་ནང་དུ་ནུབ་ན་རྣག་དང་ཁྲག་ཤིན་ཏུ་བཅོག་པ་ཡིན་པས་ཕྱིར་འབྱུང་བའི་རིགས་སོ། ། ཅི་སྟེ་ཆུ་བོའི་ནང་དུ་སོང་ན་ནི་ཁྱོད་ཀྱིས་ཀྱང་མཐོང་བའི་མི་རིགས་སོ།། དེ་ནས་སྨན་པས་མེ་ལོང་ལྟར་བཅུག་ནས་མེ་ལོང་གི་ནང་དུ་ནོར་བུའང་གསལ་བར་སྣང་བར་གྱུར་རོ། ། གྱད་དེས་དེ་ལྟར་གྱུར་པ་མཐོང་ནས་ངོ་མཚར་རྨད་ཀྱི་འདུ་ཤེས་སྐྱེས་སོ།། རིགས་ཀྱི་བུ་སེམས་ཅན་ཐམས་ཅད་དེ་དང་འདྲ་སྟེ། དགེ་བའི་བཤེས་བསྙེན་ལ་བསྙེན་བཀུར་མ་བྱས་པས། སངས་རྒྱས་ཀྱི་རང་བཞིན་ཡོད་ཀྱང་མཐོང་བར་མི་ནུས་སོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་བསྒྲིབས་ཏེ་ཟིལ་གྱིས་ནོན་པས། སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་དང་། ལྷ་མ་ཡིན་དང་། གདོལ་པ་དང་། རིགས་ངན་དང་། རྒྱལ་རིགས་དང་། བྲམ་ཟེའི་རིགས་ལ་སོགས་པ་རྣམ་པ་སྣ་ཚོགས་སུ་སྐྱེ་ཞིང་ལྟུང་བར་གྱུར་ཏོ།། སེམས་ལ་རྣམ་པ་སྣ་ཚོགས་ཀྱི་ལས་བསྐྱེད་པས་མིའི་ལུས་ཐོབ་ཀྱང་འོན་པ་དང་། ལོང་བ་དང་ལྐུགས་པ་དང་། ཞ་བོ་ལ་སོགས་པར་གྱུར་ཏེ། སྲིད་པ་ཉི་ཤུ་ལྔ་པོར་རྣམ་པར་སྨིན་པའི་འབྲས་བུ་མྱོང་བར་གྱུར་ཏོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་སེམས་བསྒྲིབས་པས་ན། སངས་རྒྱས་ཀྱི་རང་བཞིན་མི་ཤེས་པ་ནི། ཇི་ལྟར་གྱད་དེས་ནོར་བུ་རིན་པོ་ཆེ་ཤའི་ནང་དུ་ནུབ་པར་མི་ཤེས་ཏེ། སྟོར་སྙམ་སེམས་པ་ལྟར་སོ་སོའི་སྐྱེ་བོའང་དེ་དང་འདྲ་སྟེ། དགེ་བའི་བཤེས་བསྙེན་ལ་བསྙེན་བཀུར་བྱེད་པ་མི་ཤེས། དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ཏུ་གསང་བ་མི་ཤེས་པས། བདག་མེད་པ་ལ་བསྒོམ་ཞིང་ནན་ཏན་བྱེད་དོ། ། དཔེར་ན་འཕགས་པ་མ་ཡིན་པ་དག་ནི། བདག་མེད་པ་སྨྲའང་བདག་ཅེས་བྱ་བའི་ཡང་དག་པའི་མཚན་ཉིད་མ་ཤེས་སོ། ། ངའི་ཉེ་གནས་ཀྱང་དེ་དང་འདྲ་སྟེ། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པའང་མི་ཤེས་པས། བདག་མེད་པ་སྒོམ་པའང་མི་ཤེས་ཏེ། བདག་མེད་པའི་གནས་ཀྱང་མི་ཤེས་སོ། ། བདག་མེད་པའི་མཚན་ཉིད་ཀྱང་མི་ཤེས་ན། བདག་གི་ཡང་དག་པའི་མཚན་ཉིད་ཤེས་པ་ལྟ་སྨོས། རིགས་ཀྱི་བུ་དེ་ལྟར་དེ་བཞིན་གཤེགས་བྱས། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་གསུངས་པའང་། ཛ་ལྟར་ལྡན་པ་མཁས་པས་གྱད་ཀྱི་རྡོ་རྗེའི་ནོར་བུ་བསྟན་པ་བཞིན་ནོ།། སོ་སོའི་སྐྱེ་བོ་དག་ནི་ཀུན་ནས་ཉོན་མོངས་པ་ཚད་མེད་པ་སྐྱེད་ཀྱིས་བསྒྲིབས་ཤིང་ཟིལ་གྱིས་ནོན་པས། སངས་རྒྱས་ཀྱི་རང་བཞིན་མི་ཤེས་སོ།། གལ་ཏེ་ནམཉོན་མོངས་པ་ཟད་པན་དེའི་ཚིགསལ་བར་མངོན་པར་རྟོགས་པར་འགྱུར་བ་ནི་ཛ་སྐཱར་ཟད་མོ་ལོང་གསལ་བ་ནང་དུ་ནོར་བུ་རིན་པོ་ཆེ་མཐོང་བྱ་བཞིན་ནོ། ། རིགས་ཀྱི་བུ་དེ་བཞིན་གཤེགས་དའི་ནང་མོ་ན་ད་མེད་བསམ་གྱིས་མོ་ཆུབའོ། ། རིགས་ཀྱི་བུ་གཞན་ཡང་འདིས་། དཔེར་ན་གངས་ཀྱི་རོལ་སྨན་པ་དེ་བཞེས་བྱ་བའི་ཚེ་ཡོད་དོ།། དེ་ཚན་ཤིན་ཏུ་དང་ན་སྟུག་པོའི་དྲུང་དུ་སྐྱེ་བས་མཐོང་བར་མི་ནུས་སོ། ། དེ་ལ་དྲི་བྲོ་བ་ཙམ་གྱིས་གནས་དེ་ནི་སྨན་དེ་ཡོད་པར་ཤེས་སོ།། སྔོན་འདས་པའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞིག། སྨན་དེ་འདོད་པའི་ཕྱིར་གངས་ཀྱི་རི་དི་ལ་གནས་ཀུན་ཏུ་ཤིང་གི་ཝ་བཙུགས་ནས། སྨན་ཟག་པ་བཟེད་དོ།། སྨན་དེ་ནམ་སྨིན་པ་ན་ཆུ་བཞིན་དུ་ས་ལ་ཟག་པས། ཤིང་གི་ཝ་བཟེད་པའི་ནང་དུའང་ཟགས་ཏེ། རོ་དེ་ནི་ཡང་དག་པའོ།། རྒྱལ་པོ་དེ་འདས་པའི་འོག་ཏུ་ནི་སྨན་དེ་བར་འགའ་ནི་སྐྱུར། བར་འགའ་ནི་ལན་ཚྭ་ཁ། བར་འགའ་ནི་དང་ར། བར་འགའ་ནི་ཁ་བར་འགའ་ནི་ཚེ། བར་འགའ་ནི་བསྔལ་ལོ།། དེ་ལྟར་རོ་གཅིག་པ་དེ་ཡང་གར་ཟག་པའི་གནས་ལས་རྣམ་པ་ཐ་དད་དུ་གྱུར་ཏེ། སྨན་དེའི་རོ་ཉིད་ནི་རེ་ལ་ཡོད་དོ།། དཔེར་ན་ཟླ་བ་རྒྱས་པ་ནི་བསོད་ནམས་ཆུང་བ་དག་གིས་ཤིན་ཏུ་ཉམ་ཐག་པར་ལས་སུ་བྱས་ཏེ། གཞོར་གྱིས་བརྐོས་ཀྱང་ཐོབ་པར་མི་ནུས་སོ།། གལ་ཏེ་རྒྱལ་པོ་འཕགས་པ་དག་འཇིག་རྟེན་དུ་བྱུང་ན།། བསོད་ནམས་ཀྱི་རྐྱེན་གྱིས་སྨ་ན་དེའི་རོ་ཡང་དག་པར་ཐོབ་པར་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོའི་རོའོང་དེ་དང་འདྲ་སྟེ། ཀུན་ནས་ཉོན་མོངས་པའི་ནགས་སྟུག་པོས་བསྒྲིབས་པས་སེམས་ཅན་མ་རིག་པ་དག་གིས་མཐོང་བར་མི་ནུས་སོ། ། སྨན་རོ་གཅིག་པ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་རང་བཞིན་གྱི་དཔེ་སྟེ། ཀུན་ནས་ཉོན་མོངས་པའི་དབང་གིས་རོ་རྣམ་པ་སྣ་ཚོགས་སུ་གྱུར་པ་ནི། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་། ཡི་དགས་དང་། བྱོལ་སོང་དང་། ལྷ་དང་། མི་དང་། སྐྱེས་པ་དང་། བུད་མེད་དང་། མ་ནིང་དང་། རྒྱལ་རིགས་དང་། བྲམ་ཟེ་དང་། རིགས་ངན་གདོལ་པ་ལ་སོགས་པར་གྱུར་པའོ།། སངས་རྒྱས་ཀྱི་རང་བཞིན་ནི་ཤིན་ཏུ་དཔའ་བས་དེ་བས་ན་གསོད་མི་ནུས་སོ། ། ཅི་སྟེ་བསད་ན་སངས་རྒྱས་ཀྱི་རང་བཞིན་མེད་པར་བྱས་པ་ཡིན་ནོ།། སངས་རྒྱས་ཀྱི་རང་བཞིན་ནི་རང་བཞིན་གྱིས་མེད་པར་བྱེད་ནུས་པ་མ་ཡིན་ཏེ། མེད་པར་བྱ་བའི་གནས་མེད་དོ།། བདག་ཅེས་བྱ་བའི་རང་བཞིན་ཉིད་ནི་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོའོ།། དེ་ལྟར་གསང་བའི་སྙིང་པོ་དེ་ནི་གང་གིས་ཀྱང་འཇིག་ཅིང་མེད་པར་བྱེད་ནུས་པ་མ་ཡིན་ཏེ། མེད་པར་བྱེད་མི་ནུས་ཀྱང་མཐོང་བར་མི་རུང་ངོ་།། གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ན་རྟོགས་ཤིང་རིག་པར་འགྱུར་ཏེ། དེ་བས་ན་གསོད་ནུས་པ་མེད་དོ།། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་གསོལ་པ། ཅི་སྟེ་གསོད་ནུས་པ་མ་མཆིས་ན། མི་དགེ་བའི་ལས་ཤེས་བགྱི་བའང་མ་མཆིས་སམ། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། ཡང་དག་པར་ན་གསོད་པ་ཡོད་དོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་ཕུང་ནི་ལྔ་ལ་གནས་ཏེ། གལ་ཏེ་ཕུང་པོ་ལྔ་བཤིག་ན་སྲོག་བཅད་པ་ཞེས་བྱའོ།། གལ་ཏེ་སྲོག་བཅད་ན་ངན་སོང་དུ་ལྟུང་བར་འགྱུར་ཏེ། ལས་ཀྱི་རྒྱུ་དང་རྐྱེན་གྱིས་རྒྱལ་རིགས་དང་། བྲམ་ཟེ་ལ་སོགས་པ་དང་། རིགས་ངན་གདོལ་པ་དང་། སྐྱེས་པ་དང་། བུད་མེད་དང་། མ་ནིང་དང་། སྲིད་པ་ཉི་ཤུ་ལྔ་པོ་ལ་སོགས་པ་རྣམ་པ་ཐ་དད་པའི་མཚན་ཉིད་ཀྱིས་འཁོར་བར་འཁོར་རོ། ། འཕགས་པ་མ་ཡིན་པ་དག་ནི་བདག་ཅེས་བྱ་བ་མཚན་ཉིད་ཆེན་པོ་དང་། ཆུང་ངུ་དང་། ཏིལ་ལམ། ཁྲེ་འམ། སྲན་མ་འམ། ཐེ་བོའི་བར་དུ་རྣམ་པ་སྣ་ཚོགས་སུ་འཛིན་ཏེ། གང་མི་བདེན་པའི་སྒྱུ་མའི་མཚན་ཉིད་དུ་འཛིན་པ་ཡང་དག་པ་མ་ཡིན་ནོ།། འཇིག་རྟེན་ལས་འདའ་བའི་བདག་གི་མཚན་ཉིད་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་སྟེ། དེ་ལྟར་བདག་ཏུ་འཛིན་པ་ནི་ཤིན་ཏུ་མཆོག་ཅེས་བྱའོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་གཏེར་གྱི་རྒྱུས་ལ་ཤིན་ཏུ་མཁས་པ་ཞིག་གཞོར་རྣོན་པོ་ཐོགས་ཏེ་བརྐོས་ན། རྡོ་འམ། གསེག་མ་འམ། ཕ་བོང་ལའང་ཐོགས་པ་མེད་པར་རྐོའོ།། གལ་ཏེ་རྡོ་རྗེ་ལ་ཐུག་ན་ཅིས་ཀྱང་མི་ཚུགས་སོ། ། རྡོ་རྗེ་ཞེས་བྱ་བ་ལ་ནི་མེཚོན་ཅིས་ཀྱང་མི་ཚུགས་ཤིང་གཅོད་མོ་ནུས་སོ།། རིགས་ཀྱི་བུ་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲསྟེ། འཇིག་རྟེན་ན་རྒོལ་བ་ཐམས་ཅད་ལྷ་དང་། བདུད་སྡིག་ཅན་དང་། མི་དྲང་། འཇིག་རྟེན་དུ་བཅས་པ་ཐམས་ཅད་ཀྱིས་གཞིག་མི་ནུས་སོ།། ཕུང་པོ་ལྔའི་མཚན་ཉིད་ནི་བྱེད་པ་དང་བཅས་པའོ། ། བྱེད་པ་དང་བཅས་པའི་མཚན་ཉིད་ནི་རྡོ་འམ་གསོག་མ་ལྟ་བུ་སྟེ། འབིགས་ཤིང་གཅོད་ནུས་སོ།། སངས་རྒྱས་ཀྱི་རང་བཞིན་ནི་རྡོ་རྗེ་ལྟ་བུ་སྟེ། གཞིག་མི་ནུས་སོ།། དེ་བས་ན་ཕུང་པོ་ལྔ་བཤིག་པ་ནི་སྲོག་གཅོད་པ་ཞེས་བྱའོ།། རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་ནི་དེ་ལྟར་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ།། རིགས་ཀྱི་བུ་ཤིན་ཏུ་རྒྱས་པའི་མདོ་སྡེ་ནི་བདུད་རྩི་ལྟ་བུའང་ཡིན་ལ། དུག་ལྟ་བུའང་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། ཅིའི་སླད་དུ་དེ་བཞིན་གཤེགས་པས་ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་བདུད་རྩི་ལྟ་བུ་དང་། དུག་ལྟ་བུ་ལགས་སོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པའི་སྙིང་པོ་ཡང་དག་པའི་དོན་ཤི་བ་འདོད་དམ། འོད་སྲུངས་ཀྱིས་གསོལ་པ། བདག་དེ་བཞིན་གཤེགས་པའི་སྙིང་པོའི་དོན་གང་ལགས་པ་རྫོགས་པར་འཚལ་ལོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཁ་ཅིག་བདུད་རྩི་འཐུངས་པ་ལས།། ཚེ་ཟུང་སྔར་ཤི་བ་ཡང་ཡོད།། ཁ་ཅིག་བདུད་རྩི་འཐུངས་པ་ལས།། ཚེ་རིང་རྟག་ཏུ་འདུག་པའང་ཡོད།། ཁ་ཅིག་དུག་འཐུངས་དབང་གིས་འཚོ།། ཁ་ཅིག་དུག་གི་རྐྱེན་གྱིས་འཆི།། ཐོགས་མེད་ཡེ་ཤེས་ཟིལ། དངར་ནི།། ཐེག་པ་ཆེན་པོའི་མདོ་སྡེ་སྟེ།། ཐེག་པ་ཆེན་པོའི་མདོ་སྡེ་ནི།། སྨན་དང་དུག་ཏུ་འདྲེས་པའོ།། ཇི་ལྟར་མར་དང་ཁ་ར་དང་།། མར་གྱི་སྙིང་པོ་ལ་སོགས་པ། བཐུངས་ཏེ་ཞུ་ན་སྨན་དུ་འགྱུར།། མ་ཞུ་བ་ནི་དུག་ཅེས་བྱ།། ཤིན་ཏུ་རྒྱས་པའང་དེ་བཞིན་ཏེ།། མཁས་པ་དག་གིས་བདུད་རྩིར་འགྱུར།། གླེན་པས་སངས་རྒྱས་རང་བཞིན་དག་མི་ཤེས་པ་ཡི་དུག་ཏུ་འགྱུར། ། ཉན་ཐོས་པ་དང་རང་རྒྱལ་དང་།། ཐེག་པ་ཆེན་པོའི་བདུད་རྩི་སྟེ།། ཇི་ལྟར་བྲོ་བའི་རོ་ཐམས་ཅད།། འོ་མ་མཆོག་ཏུ་འགྱུར་བ་ཡིན།། དེ་ལྟར་བརྩོན་འགྲུས་རྩོམ་པ་དག། ཐེག་པ་ཆེན་པོའི་དབང་གིས་ནི།། ཡོངས་སུ་མྱ་ངན་འདས་འགྱུར་ཞིང་།། མི་ཡི་ཁྱུ་མཆོག་རྒྱལ་པོར་འགྱུར།། འོད་སྲུངས་ཁྱོད་དང་སེམས་ཅན་གང་།། སངས་རྒྱས་རང་བཞིན་ཤེས་པ་ནི།། བླ་ན་མེད་པའི་ཟིལ་དང་ར་རོས།། མི་སྐྱེ་མི་འཆི་བར་འགྱུར་རོ།། འོད་སྲུངས་ཁྱོད་ཀྱིས་ཤེས་རབ་ཀྱིས།། དཀོན་མཆོག་གསུམ་དག་རྟོགས་པར་གྱིས། ། དཀོན་མཆོག་གསུམ་གྱི་མཚན་ཉིད་ནི།། བདག་ཅེས་བྱ་བའི་མཚན་ཉིད་དོ།། བདག་དང་སངས་རྒྱས་རང་བཞིན་ཉིད།། གང་གིས་མངོན་སུམ་རྟོགས་གྱུར་ན། ། དེ་བཞིན་གཤེགས་པའི་སྙིང་པོ་ཉིད།། སྐྱེས་བུ་དེས་ནི་རྟོགས་འགྱུར་རོ།། བདག་དང་བདག་གིར་གང་ཤེས་པ།། དེ་ནི་འཇིག་རྟེན་འདས་པའོ། ། སངས་རྒྱས་ཆོས་དང་དགེ་འདུན་ནི།། ཕུལ་དུ་བླ་ན་མེད་པའི་མཆོག། ཚིགས་སུ་བཅད་དེ་ངས་གསུངས་པ།། མཚན་ཉིད་དོན་ནི་འདི་དག་གོ།། དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་ཚོགས་སུ་བཅད་དེ། བཅོམ་ལྡན་འདས་ལ་གསོལ་པ། སྐྱབས་སུ་འགྲོ་བའི་གནས་གསུམ་པོ།། བདག་ནི་གང་ཡང་མ་རྟོགས་ན། ། བླ་མེད་འཇིགས་པ་མ་མཆིས་པར།། དེ་ལ་ཇི་ལྟར་སྐྱབས་སུ་མཆི།། དཀོན་མཆོག་གསུམ་ཡང་མ་རྟོགས་ན།། བདག་མ་མཆིས་པར་ཇི་ལྟར་བགྱི། ། ཇི་ལྟར་སངས་རྒྱས་སྐྱབས་གསོལ་ན།། རབ་ཏུ་བདེ་བ་ཐོབ་པར་འགྱུར།། ཇི་ལྟར་ཆོས་ལ་སྐྱབས་གསོལ་བ།། བདག་ལ་རྒྱལ་བས་བསྟན་དུ་གསོལ།། ཇི་ལྟར་ཆེ་བའི་དབང་ཐོབ་འགྱུར།། དབང་དུ་མི་འགྱུར་གང་ལགས་པ།། ཇི་ལྟར་དགེ་འདུན་སྐྱབས་གསོལ་ན།། བླ་མེད་བདེ་བ་ཐོབ་པར་འགྱུར།། ཇི་ལྟར་བདེ་བའི་ཚིག་སྦ་ན། ། མ་འོངས་དུས་སུ་མངོན་སངས་རྒྱས།། མ་འོངས་དུས་སུ་མི་འགྲུབ་ན།། དཀོན་མཆོག་གསུམ་ལ་ཇི་ལྟར་ཕྱོགས།། བདག་གིས་སྔ་ནས་མི་འཚལ་ཏེ།། བགས་ཀྱིས་འཚལ་བར་འགྱུར་བས་ན། ཇི་ལྟ་བུར་ན་མོ་སྦྲུམ་པར།། བུ་དག་བཙའ་བའི་འདུ་ཤེས་བསྐྱེད།། མངལན་ཇི་ལྟར་མཆིས་ངེས་ན།། དེ་ནི་བུ་མཆིས་པ་ཞེས་བགྱི།། ཅི་སྟེ་མངལ་ན་བུ་མཆིས་ན།། རིང་པོར་མི་ཐོགས་ངེས་པར་འབྱུང་།། དེ་ནི་བུ་ཡི་དོན་ལགས་ཏེ།། སེམས་ཅན་ལས་ཀྱང་དེ་བཞིན་ནོ།། བཅོམ་ལྡན་འདས་ཀྱིས་གསུང་པ་ལྟར། ། གླེན་པ་དག་གིས་ཤེས་མི་ནུས།། དེ་ལྟར་མི་རྟོགས་མི་ཤེས་པས།། ཡང་དང་ཡང་དུ་འཁོར་བར་འཁོར།། མིང་ཙམ་གྱི་ནི་དགེ་བསྙེན་དག། ཡང་དག་པ་ཡི་དོན་མི་འཚལ། ། ཤིན་ཏུ་རྒྱས་པར་འབྱེད་བསྟན་ཏེ།། བདག་གི་ཐེ་ཙོམ་བཤད་དུ་གསོལ།། ཡེ་ཤེས་ཆེན་པོ་བཅོམ་ལྡན་འདས།། ཐུགས་བརྩེ་སླད་དུ་རྒྱས་པར་ནི། ། དེ་བཞིན་གཤེགས་པས་གསུངས་པ་ཡི།། རིན་ཆེན་སྙིང་པོ་བཤད་དུ་གསོལ།། འོད་སྲུངས་ཁྱོད་ཀྱིས་ཤེས་པར་གྱིས།། གསང་བའི་སྙིང་པོ་གང་ཡིན་པ།། ངས་ནི་རབ་ཏུ་འབྱེད་བསྟན་ཏེ།། ཁྱོད་ཀྱི་ཐེ་ཙོམ་གཅད་པར་བྱ།། ཤིན་ཏུ་རྟག་པར་ཉོན་ཅིག་དང་།། ཁྱོད་ནི་བྱང་ཆུབ་སེམས་དཔའི་ནང་།། སངས་རྒྱས་འབྱུང་བ་བདུན་པོ་ཡི། ། མཚན་དང་མིང་དུ་མཐུན་པར་གྱུར།། སངས་རྒྱས་དག་ལ་སྐྱབས་གསོལ་པ།། དེ་ནི་ཡང་དག་དགེ་བསྙེན་ཏེ།། ནམ་དུའང་ལྷ་རྣམས་གཞན་དག་ལ།། སྐྱབས་གསོལ་བར་ན་མོ་འགྱུར་རོ། ། དམ་པའི་ཆོས་ལ་སྐྱབས་ཚོལ་ན།། འཚོ་ཞིང་གསོད་པའི་སེམས་དང་ཐལ།། དགེ་འདུན་ལ་ནི་སྐྱབས་གསོལ་ན། མུ་སྟེགས་ཅན་ལ་ཕྱོགས་མི་འགྱུར།། དཀོན་མཆོག་གསུམ་ལ་སྐྱབས་ཚོལ་ན།། འཇིགས་པ་མེད་པ་ཐོབ་པར་འགྱུར།། འོད་སྲུངས་སངས་རྒྱས་ལ་གསོལ་པ།། བདག་ནི་གསུམ་ལ་སྐྱབས་གསོལ་བས། ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་གྱི།། ཡང་དག་པ་ཡི་ལམ་ཞེས་བགྱི།། དཀོན་མཆོག་གསུམ་གྱི་མཚན་ཉིད་མཉམ།། ཡེ་ཤེས་ཆེན་པོ་ཉིད་དང་ལྡན། ། བདག་དང་སངས་རྒྱས་རང་བཞིན་ནོ།། གཉིས་སུ་མེད་དེ་བྱེ་བྲག་མེད།། སངས་རྒྱས་བསྟོད་པའི་ལམ་འདི་ནི།། ཡང་དག་ཚོལ་བ་བདེ་བའི་གནས། ། ཐམས་ཅད་མཁྱེན་ཅིང་གཟིགས་པས་ན།། སངས་རྒྱས་མང་པོས་བསྔགས་པར་འགྱུར།། བདག་ཀྱང་བ་དེར་གཤེགས་བསྔགས་པ་ཡི།། བླ་མེད་ལམ་ལ་གཞོལ་ཅིང་འབབ། ། བདུད་རྩི་མཆོག་གི་དམ་པ་སྟེ།། སྲིད་པའི་ནང་ན་མེད་པའོ།། དེ་ནས་བཅོམ་ལྡན་འདས་ཀྱི། བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ཉན་ཐོས་སམ། བུས་པ་མ་རབས་ལྟར། དཀོན་མཆོག་གསུམ་ལ་བྱེ་བྲག་མ་འབྱེད་ཅིག། ཐེག་པ་ཆེན་པོ་ལ་ནི་དཀོན་མཆོག་གསུམ་ལ་རྣམ་པར་བྱེ་བྲག་འབྱེད་པའི་མཚན་ཉིད་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཉིད་ལ་ཆོས་དང་དགེ་འདུན་ཡོད་པའི་ཕྱིར་རོ།། ཉན་ཐོས་དང་བུས་པ་མ་རབས་བསྒྲལ་བའི་ཕྱིར། དཀོན་མཆོག་གསུམ་རྣམ་པར་ཕྱེ་སྟེ་ཐ་དད་པར་བསྟན་ཏོ།། རིགས་ཀྱི་བུ་གང་འཇིག་རྟེན་པའི་ཆོས་ཀྱི་རྗེས་སུ་འཇུག་འདོད་པ་དག་ནི། སྐྱབས་སུ་འགྲོ་བའི་གནས་གསུམ་ཡོད་པར་བྱེ་བྲག་འབྱེད་དོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དག་ནི་འདི་སྙམ་དུ་སེམས་ཏེ། བདག་གི་ལུས་འདི་སངས་རྒྱས་ལ་སྐྱབས་སུ་སོང་བས།། ལུས་འདི་ཉིད་ཀྱིས་མངོན་པར་འཚང་རྒྱ་སྟེ། མངོན་པར་སངས་རྒྱས་ནས་སངས་རྒྱས་ལ་བསྙེན་བཀུར་དང་། བསྟི་སྟང་དང་། མཆོད་པ་དང་། ཕྱག་བྱ་བའི་ཆོས་མེད་དོ། ། དེ་ཅིའི་བྱོར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ནི་མཉམ་པར་སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་འགྲོ་བའི་གནས་མཛད་པའི་ཕྱིར་རོ།། གང་ཆོས་ཀྱི་སྐུ་གདུང་ལ་རིམ་གྲོ་བྱེད་པ་ནི། སངས་རྒྱས་རྣམས་ཀྱི་མཆོད་རྟེན་ལ་གུས་པར་ཕྱག་བྱ་བའོ།། དེ་ཇི་ལྟ་ཞེ་ན། སོ་སོརའི་སྐྱེ་བོ་བསྒྲལ་བའི་ཕྱིར་རོ།། གཞན་ཡང་སེམས་ཅན་དག་ངའི་སྐུ་ལ་མཆོད་རྟེན་ལྟ་བུར་འདུ་ཤེས་བསྐྱེད་དེ་ཕྱག་དང་མཆོད་པ་བྱེད་དོ། ། དེ་ལྟར་སེམས་ཅན་དེ་དག་གིས་ངའི་ཆོས་ཀྱི་སྐུ་ལའང་སྐྱབས་ཚོལ་བའི་གནས་བྱེད་དོ།། སེམས་ཅན་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་ཆོས་ལོག་པ་ལ་གནས་ཏེ། དེ་བས་ན་ངས་རིམ་གྱིས་ཡང་དག་པའི་ཆོས་བསྟན་ཏོ།། གཞན་ཡང་ཡང་དག་པའི་དགེ་འདུན་མ་ཡིན་པ་ལ་སྐྱབས་སུ་སོང་བ་དག་ལ་ཡང་དག་པའི་དགེ་འདུན་དག་ལ་སྐྱབས་སུ་འགྲོ་བའི་གནས་ཀྱང་བྱེད་དོ། ། གང་དཀོན་མཆོག་གསུམ་ལ་བྱེ་བྲག་འབྱེད་པ་དག་ལ་ནི་སྐྱབས་སུ་འགྲོ།། པབའི་གནས་གཅིག་སྟེ། གསུམ་དུ་བྱེ་བྲག་མེད་དོ་ཞེས་ཀྱང་སྟོན་ཏོ།། དམུས་ལོང་མདོངས་པར་གྱུར་པ་ནི་མོག་ལྟ་བུར་ཡང་སྟོན་ཏོ།། གཞན་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྐྱབས་སུ་འགྲོ་བའི་གནས་ཡང་དག་པའང་བྱའོ་སྙམ་དུ་སེམས་སོ། ། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་དག་ནི་སེམས་ཅན་མ་རུངས་པ་ཚད་མེད་པ་དང་། མཁས་པ་ཤེས་རབ་ཅན་དེ་དག་གི་ཕྱིར་སངས་རྒྱས་ཀྱི་མཛད་པ་བྱེད་དོ། ། རིགས་ཀྱི་བུ་དཔེར་ན་སྐྱེ་བུ་ཞིག་གཡུལ་ངོར་ཕྱིན་པའི་ཚེ། འདི་སྙམ་དུ་བདག་ནི་མཆོག་སྟེ། བདག་གི་ཚོགས་འདི་དག་ཐམས་ཅད་ཀྱང་བདག་འབའ་ཞིག་ལ་ལྟོས་སོ་སྙམ་སེམས་སོ། ། གཞན་ཡང་དཔེར་ན་རྒྱལ་ཚ་བ་གཞོན་ནུ་འདི་སྙམ་དུ་སེམས་ཏེ། བདག་ནི་རྒྱལ་བུ་ཐམས་ཅད་འདུལ་ཏེ། རྒྱལ་པོ་ཆེན། པོའི་སྲིད་དང་། དབང་བ་ཐམས་ཅད་ལ་བདག་དབང་དུ་གྱུར་ཏེ། རྒྱལ་བུ་ཐམས་ཅད་ཀྱང་བདག་ལ་ཕྱོགས་པས། དེ་བས་ན་ཞན་པའི་བསམ་པ་མི་སྐྱེད་དོ་སྙམ་སེམས་ཏེ། ཇི་ལྟར་རྒྱལ་པོ་དང་། རྒྱལ་བུ་བཞིན་དུ་བློན་པོའང་དེ་དང་འདྲའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་བར་འདི་སྙམ་དུ་སེམས་སོ།། ཇི་ལྟར་ན་དངོས་པོ་གསུམ་པོ་བདག་དང་རང་བཞིན་གཅིག་ཏུ་འགྱུར་སྙམ་སེམས་སོ། ། རིགས་ཀྱི་བུ་ངས་བསྟན་པའི་དངོས་པོ་གསུམ་པོ་འདི་ནི་མྱ་ངན་ལས་འདས་པའོ།། དེ་བཞིན་གཤེགས་པ་ནི་བླ་ན་མེད་པའི་སྐྱེས་བུ་དམ་པ་སྟེ། ཇི་ལྟར་མིའི་ལུས་ལ་ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱི་ནང་ན་མགོ་བོ་དམ་པ་སྟེ། གཞན་མ་ཡིན་པ་བཞིན་དུ། སངས་རྒྱས་ཀྱང་དེ་དང་འདྲ་བར་མཆོག་དམ་པ་སྟེ། ཆོས་དང་དགེ་འདུན་ནི་མ་ཡིན་ནོ།། འཇིག་རྟེན་པ་རྣམས་བསྒྲལ་བའི་ཕྱིར། མཚན་ཉིད་རྣམ་པ་སྣ་ཚོགས་སུ་སྐས་ཀྱི་ཐེམ་པ་ལྟར་བྱེ་བྲག་ཏུ་བསྟན་ཏོ། ། དེ་བས་ན་ཁྱོད་ནི་བུས་པ་གླེན་པ་ལྟར་དཀོན་མཆོག་གསུམ་ལ་ཐ་དད་པའི་མཚན་ཉིད་དུ་མི་གཟུང་ངོ་།། ཁྱོད་ནི་ཐེག་པ་ཆེན་པོ་ལ་ཞུགས་ཤིང་དབང་པོ་རྣོ་བ་ནི་ཇི་ལྟར་རལ་གྲི་རྣོན་པོ་དང་འདྲའོ། ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ། བདག་ནི་རྟོགས་བཞིན་དུ་བཅོམ་ལྡན་འདས་ལ་ཞུ་བ་ལགས་ཀྱི་མི་འཚལ་བ་ནི་མ་ལགས་ཏེ། བདག་གིས་བྱང་ཆུབ་སེམས་དཔའ་ཞིང་དབང་པོ་རྟུལ་ཕོད་པ་རྣམས་ཀྱི་སླད་དོ།། དྲི་མ་མ་མཆིས་པ་ཡོངས་སུ་དག་པའི་སྤྱོད་ཡུལ་དུ་ཞུས་པ་ལགས་སོ། ། གཞན་ཡང་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ལ་ངོ་མཚར་རྨད་ཀྱི་དངོས་པོ་འབྱེད་ཅིང་བསྟན་པ་དང་། ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོན་མདོ་སྡེ་བསྔགས་པའི་སླད་དུ་ཞུས་ཏེ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོས་ལེགས་པར་གསུངས་པས། བདག་ཀྱང་དེ་ལ་བདེ་བར་གནས་པར་འཚལ་ལོ།། གང་ན་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡོངས་སུ་དག་པ་སྟོན་པ་དེ་ན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་སྟོན་པ་ལགས་སོ།། བཅོམ་ལྡན་འདས་བདག་གིས་ཀྱང་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་འདི་སེམས་ཅན་ཐམས་ཅད་ལ་རྒྱས་པར་བསྟན་ཅིང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གནས་ཡང་དག་པའང་རྟོགས་པར་བགྱིའོ།། དེ་ལ་སེམས་ཅན་གང་ཞིག་འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་ལ་དད་ཅིང་ཡིད་ཆེས་ན། སྐྱེས་བུ་དེ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གནས་རྟོགས་ཤིང་ཁོང་དུ་ཆུད་པ་ལགས་སོ།། ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་པའི་ཕྱིར་རོ།། གང་མདོ་སྡེ་འདི་སྟོན་ཅིང་འཆད་པ་དེའི་ལུས་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་པར་སྤུ་སྟེ། སྐྱེས་བུ་དེ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་མ་ཡིན་པ་གཞན་མི་ཚོལ་ལོ།། དེ་ཅིའི་སླད་དུ་ཞེ་ན། ཕྱི་མ་མ་འོངས་པའི་དུས་སུ་བདག་གི་ལུས་འདི་ཉིད་དཀོན་མཆོག་གསུམ་དུ་འགྱུར་ཏེ། ཉན་ཐོས་དང་། རང་སངས་རྒྱས་དང་། དེ་མ་ཡིན་པའི་སྐྱེ་བོ་གཞན་ཐམས་ཅད་ཀྱང་བདག་ལ་བརྟེན་ཏེ་རིམ་གྲོ་དང་། བཀུར་སྟི་དང་། ཕྱག་འཚལ་བར་འགྱུར་བའི་ཕྱིར་རོ།། རིགས་ཀྱི་བུ་དོན་དེ་ལྟ་བས་ན་ཐེག་པ་ཆེན་པོའི་མདོ་སྡེ་ལ་ཡང་དག་པར་བསླབ་པར་བྱའོ།། འོད་སྲུངས་ཀྱིས་ཡང་གསོལ་པ། སངས་རྒྱས་ཀྱི་རང་བཞིན་བསམ་གྱིས་མི་ཁྱབ་སྟེ། དེ་བཞིན་དུ་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའང་བསམ་གྱིས་མི་ཁྱབ་བོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འོད་སྲུང་ལ་ལེགས་སོ་ཤིན་ཏུ་ལེགས་སོ་ཞེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་ཁྱོད་ནི་ཤིན་ཏུ་ཟབ་པའི་ཤེས་རབ་དང་ལྡན་པས། ངས་ཀྱང་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་པ་ལེགས་པར་བསྟན་པར་བྱའོ། ། གལ་ཏེ་བདག་ཅེས་བྱ་བ་ཐེར་ཟུག་ཏུ་རྟག་པའི་ཆོས་ཡིན་ན་ནི་སྡུག་བསྔལ་དང་མི་འབྲལ་བར་འགྱུར་རོ།། གལ་ཏེ་བདག་ཅེས་བྱ་བ་མེད་ན་ནི་ཚངས་པར་སྤྱོད་པ་དག་ཕན་པའི་དོན་མེད་པར་འགྱུར་རོ། ། གལ་ཏེ་ཆོས་ཐམས་ཅད་བདག་མེད་པར་སྨྲ་ན་དེ་ནི་ཆད་པར་ལྟ་བ་ཡིན་ནོ།། ཅི་སྟེ་བདག་ཅེས་བྱ་བ་ཐེར་ཟུག་ཏུ་སྨྲ་ན་དེ་ནི་རྟག་པར་ལྟ་བ་ཡིན་ནོ།། གང་འདུ་བྱེད་ཐམས་ཅད་མི་རྟག་པར་ལྟ་ན་དེའང་ཆད་པར་ལྟ་བར་འགྱུར་རོ། ། འདུ་བྱེད་རྟག་པར་ལྟ་ན་དེ་ལའང་རྟག་པར་ལྟ་བར་འགྱུར་རོ།། གང་སྡུག་བསྔལ་བ་སྨྲན་ཆད་པར་ལྟ་བ་ཡིན་ནོ།། གལ་ཏེ་བདེ་བར་སྨྲ་ནའང་རྟག་པར་ལྟ་བ་ཡིན་ནོ། ། གང་ཆོས་ཐམས་ཅད་རྟག་གོ་བར་ནན་ཏན་བྱེད་ན་ཆད་པར་ལྟ་བར་ལྟུང་ངོ་།། ཆོས་ཐམས་ཅད་ཆད་པར་ནན་ཏན་བྱེད་ན་རྟག་པར་ལྟ་བར་ལྟུང་ངོ་།། དཔེར་ན་སྲིན་བུ་ཁུང་བུར་འགྲོ་བ་དག་རྐང་པ་སྔ་མ་བོར་ནས་རྐང་པ་ཕྱི་མ་འདོར་རོ།། རྟག་པ་དང་ཆད་པ་ལ་ནན་ཏན་བྱེད་པའང་དེ་དང་འདྲ་སྟེ། ཆད་པ་དང་རྟག་པའི་རྐྱེན་ལ་བལྟོས་སོ།། དོན་དེ་ལྟ་བས་ན་སྡུག་བསྔལ་བའི་ཆོས་གཞན་ལ་ནན་ཏན་བྱེད་པ་ནི་མི་དགེ་བའོ། ། བདེ་བའི་ཆོས་གཞན་ལ་ནན་ཏན་བྱེད་པ་ནི་དགེ་བ་ཞེས་བྱའོ།། བདག་མེད་པའི་ཆོས་གཞན་ལ་ནན་ཏན་བྱེད་པ་ནི་ཀུན་ནས་ཉོན་མོངནི་ཕྱོགས་ཡིན་ནོ། ། རྟག་པའི་ཆོས་གཞན་ལ་ནན་ཏན་བྱེད་པ་ནི་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་ཞེས་བྱ་སྟེ། མྱ་ངན་ལས་འདས་པ་ནི་གནས་དང་རྟེན་མེད་པའོ།། མི་རྟག་པའི་ཆོས་གཞན་ལ་ནན་ཏན་བྱེད་པ་ནི་རྫས་དང་ཟང་ཟིང་ཡོད་པའོ། ། རྟག་པའི་ཆོས་གཞན་ལ་ནན་ཏན་བྱེད་པ་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཡང་དག་པར་རྣམ་པར་གྲོལ་པའོ། ། དེ་བས་ན་སངས་རྒྱས་ཀྱི་རང་བཞིན་ནི་ལམ་དབུ་མ་མཐའ་གཉིས་དང་ཡོངས་སུ་བྲལ་བ་ཡིན་པར་རིག་པར་བྱའོ།། ཡང་དག་པའི་ཆོས་བསྟན་པ་ལ་བུས་པ་མ་རབས་དག་ནི་དེ་ལ་ཐེ་ཚོམ་བྱེད་དོ། ། དཔེར་ན་ནད་པ་ཉམ་ཆུང་བ་དག་མར་འཐུངས་ན་ལུས་ཡང་ཞིང་དགའ་བར་འགྱུར་རོ།། ཡོད་པ་དང་མེད་པའི་ཆོས་ཀྱང་རང་བཞིན་གཅིག་ཏུ་མ་ཆད་དེ། དཔེར་ན་ཆེན་པོ་བཞི་ནི་མི་མཐུན་པས་གཅིག་གི་གཉེན་པོར་གཅིག་འགྱུར་ཏེ། དེ་ལ་སྨན་པ་མཁས་པས་ནི་གང་གི་ཤས་ཆེ་བ་བཞིན་དུ་ཤིན་ཏུ་རྟོགས་སོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ལ་སྨན་པ་ལྟ་བུར་ཀུན་ནས་ཉོན་མོངས་པའི་རང་བཞིན་རྣམ་པ་ཐ་དད་པ་མཁྱེན་པས་ཡོངས་སུ་གསལ་ཏེ། དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་སངས་རྒྱས་ཀྱི་རང་བཞིན་ཡོངས་སུ་དག་པ་མི་འགྱུར་མི་འཕོ་བ་སྟོན་ཏོ། ། གལ་ཏེ་ཡོད་པར་སྨྲ་ན་མཁས་པ་ཤེས་རབ་ཅན་དག་ཆགས་པའི་མི་རིགས། གལ་ཏེ་མེད་པར་སྨྲ་ན་བརྫུན་དུ་སྨྲ་བར་འགྱུར་རོ།། གལ་ཏེ་ཡོད་པར་སྨྲ་ན་འཕགས་པ་ཅང་མི་སྨྲ་བའི་མོ་རིགས་ལ། གཞན་ཡང་འཁྱལ་པ་དང་རྩོད་པར་སྨྲ་བའི་མི་རིགས་ཏེ། ཡང་དག་པའི་ཆོས་ཉིད་རྟོགས་པར་འདོད་དོ།། བུས་པ་མ་རབས་ནི་ཁྱད་པར་སྨྲ་ཞིང་རྩོད་པས། དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་མི་ཤེས་སོ།། གལ་ཏེ་སྡུག་བསྔལ་བར་སྨྲ་ན་བུས་པ་གླེན་པ་དག་ལུས་འདི་མི་རྟག་གོ་སྙམ་སེམས་སོ།། ཐམས་ཅད་སྡུག་བསྔལ་བར་སྨྲ་ན་ལུས་ལ་བདེ་བའི་རང་བཞིན་ཡོད་པར་མི་ཤེས་སོ། ། གལ་ཏེ་མི་རྟག་པར་སྨྲ་ན་བུས་པགླེན་པ་དག་ལུས་ཐམས་ཅད་མི་རྟག་གོ་སྙམ་སྟེ། རྫ་སོམ་གཏང་བ་དང་འདྲ་བར་འཛིན་ཏོ། ། དེ་ལ་མཁས་པ་ཤེས་རབ་ཅན་དག་ནི་རྣམ་པར་ཕྱེ་སྟེ། ཐམས་ཅད་ཀྱི་ཐམས་ཅད་དུ་མི་རྟག་པར་མི་སྨྲའོ།། དེ་ཅིའི་ཕྱིར་ཞེ་ན། བདག་གི་ལུས་ལ་སངས་རྒྱས་ཀྱི་རང་བཞིན་གྱི་ས་བོན་ཡོད་པའི་ཕྱིར་རོ། ། གལ་ཏེ་བདག་མེད་པར་སྨྲན་བུས་པ་གླེན་པ་དག་སངས་རྒྱས་ཀྱི་ཆོས་ཐམས་ཅད་བདག་མེད་དོ་སྙམ་འཛིན་ཏོ།། མཁས་པ་ཤེས་རབ་ཅན་ནི་བདག་མེད་པ་བླ་དགས་སུ་བཏགས་པར་ཟད་དེ། བདེན་པ་མེད་པར་རྣམ་པར་དབྱེའོ།། དེ་ལྟར་ཤེས་ནས་དེ་ལ་ཐེ་ཚོམ་མི་སྐྱེད་དོ།། གང་དེ་བཞིན་གཤེགས་པའི་སྙིང་པོ་སྟོང་པར་སྨྲས་ན། བུས་པ་གླེན་པ་དག་ཐོས་ནས་ཆད་པའམ་མེད་པར་ལྟ་བ་སྐྱེའོ། ། མཁས་པ་ཤེས་རབ་ཅན་དག་ནི་དེ་བཞིན་གཤེགས་པ་རྟག་པ་མི་འགྱུར་མི་འཕོ་བར་བྱེ་བྲག་དབྱེའོ།། གལ་ཏེ་རྣམ་པར་གྲོལ་བ་སྒྱུ་མ་ལྟ་བུར་སྨྲ་ན། བུས་པ་གླེན་པ་དག་རྣམ་པར་གྲོལ་བ་ཐོབ་པ་རྣམས་བདུད་ཀྱི་ཆོས་ཡིན་ནོ་སྙམ་འཛིན་ཏོ། ། མཁས་པ་ཤེས་རབ་ཅན་ནི་རྣམ་པར་ཕྱེ་སྟེ། མིའི་ནང་ན་སེང་གེ་ལྟ་བུར་དེ་བཞིན་གཤེགས་པ་ཉག་གཅིག་ནི་རྟག་པ་གནས་པ། མི་འགྱུར་མི་འཕོ་བར་དབྱེའོ། ། གལ་ཏེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འབྱུང་བར་སྨྲ་ན། བུས་པ་གླེན་པ་དག་ཐོས་ནས་རིག་པ་དང་མ་རིག་པར་ཆོས་གཉིས་སུ་བྱེ་བྲག་འབྱེད་དོ།། མཁས་པ་ཤེས་རབ་ཅན་ནི་རང་བཞིན་གྱིས་གཉིས་སུ་མེད་པར་རྟོགས་སོ། ། གང་གཉིས་སུ་མེད་པ་ཉིད་ནི་ཡང་དག་པ་ཉིད་དོ།། གལ་ཏེ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་འབྱུང་བར་སྨྲ་ན། བུས་པ་གླེན་པ་དག་འདུ་བྱེད་དང་། རྣམ་པར་ཤེས་པ་གཉིས་སུ་འཛིན་ཏོ། ། མཁས་པ་ཤེས་རབ་ཅན་ནི་རང་བཞིན་གྱིས་གཉིས་སུ་མེད་པར་རྟོགས་ཏེ། གཉིས་སུ་མེད་པ་ཉིད་ནི་ཡང་དག་པ་ཉིད་དོ།། གལ་ཏེ་དགེ་བ་བཅུ་དང་། མི་དགེ་བ་བཅུ་པོ་འདི་ནི་བྱ་བའི་རིགས། འདི་ནི་མོ་བྱ་བའི་རིགས། འདི་ནི་མཐོ་རིས་ཀྱི་ལམ། འདི་ནི་ངན་སོང་གི་རྒྱུད། འདི་ནི་རྣམ་པར་དཀར་བའི་ཆོས། འདི་ནི་ཆོས་ནག་པོ་ཞེས་སྨྲ་ན། བུས་པ་གླེན་པ་དག་གཉིས་སུ་འཛིན་ཏོ། ། མཁས་པ་ཤེས་རབ་ཅན་ནི་རང་བཞིན་གྱིས་གཉིས་སུ་མེད་པར་རྟོགས་ཏེ། གཉིས་སུ་མེད་པ་ཉིད་ནི་ཡང་དག་པ་ཉིད་དོ།། གལ་ཏེ་ཆོས་ཐམས་ཅད་སྡུག་བསྔལ་བར་ནན་ཏན་བྱའོ་ཞེས་སྨྲས་ན། བུས་པ་གླེན་པ་དག་གཉིས་སུ་འཛིན་ཏོ། ། མཁས་པ་ཤེས་རབ་ཅན་ནི་རང་བཞིན་གྱིས་གཉིས་སུ་མེད་པར་རྟོགས་ཏེ། གཉིས་སུ་མེད་པ་ཉིད་ནི་ཡང་དག་པ་ཉིད་དོ།། གལ་ཏེ་འདུ་བྱེད་ཐམས་ཅད་མི་རྟག་ཅེས་སམ། དེ་བཞིན་གཤེགས་པའི་སྙིང་པོའང་མི་རྟག་ཅེས་སྨྲས་ན། བུས་པ་གླེན་པ་དག་གཉིས་སུ་འཛིན་ཏོ།། མཁས་པ་ཤེས་རབ་ཅན་ནི་རང་བཞིན་གྱིས་གཉིས་སུ་མེད་པར་རྟོགས་ཏེ། གཉིས་སུ་མེད་པ་ཉིད་ནི་ཡང་དག་པ་ཉིད་དོ། ། ཆོས་ཐམས་ཅད་བདག་མེད་དེ། དེ་བཞིན་གཤེགས་པའི་སྙིང་པོའང་མེད་ཅེས་སྨྲས་ན། བུས་པ་གླེན་པ་དག་གཉིས་སུ་འཛིན་ཏོ།། མཁས་པ་ཤེས་རབ་ཅན་ནི་རང་བཞིན་གྱིས་གཉིས་སུ་མེད་པར་རྟོགས་ཏེ། གཉིས་སུ་མེད་པ་ཉིད་ནི་ཡང་དག་པ་ཉིད་དོ།། བདག་དང་བདག་མེད་པ་རང་བཞིན་གྱིས་གཉིས་སུ་མེད་དོ།། དེ་བཞིན་གཤེགས་པའི་སྙིང་པོའི་དོན་ནི་དེ་ལྟར་དཔག་ཏུ་མེད་ཅིང་། ཚད་མེད་འཐའ་ཡས་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡོངས་སུ་བསྔགས་པས། ངས་ཀྱང་ཡོན་ཏན་དང་ལྡན་པའི་མདོ་སྡེ་ཐམས་ཅད་ལས་ཀྱང་རྒྱས་པར་གསུངས་སོ།། །། བམ་པོ་བརྒྱད་པ། རིགས་ཀྱི་བུ་བདག་ཅེས་བྱ་བ་དང་། བདག་མེད་པ་རང་བཞིན་གྱིས་གཉིས་སུ་མེད་པར་ཁྱོད་ཀྱིས་དེ་ལྟར་གཟུངས་སུ་ཟུང་ལ་སྐྱེ་བོས་ལོང་ཞིག་རིགས་ཀྱི་བུ་ཁྱོད་ཀྱིས་མདོ་སྡེ་འདི་བརྟན་པར་གཟུངས་སུ་ཟུང་ལ་དྲན་པར་གྱིས་ཤིག། ངས་སྔོན་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་མདོ་ལས་ཀྱང་། བདག་དང་བདག་མེད་པ་མཚན་ཉིད་ཀྱིས་གཉིས་སུ་མེད་པར་བསྟན་ཏོ། ། འདི་ལྟ་སྟེ། འོ་མ་ལས་ཞོ་འབྱུང་བ་དང་། ཞོ་ལས་མར་འབྱུང་བ་དང་། མར་ལས་ཞུན་མར་འབྱུང་བ་དང་། ཞུན་མར་ལས་མར་གྱི་སྙིང་པོ་འབྱུང་སྟེ། དེ་ལྟར་ཞོའི་རང་བཞིན་དེ་འོ་མ་ལས་བྱུང་ངམ། འོན་ཏེ་ཞོ་ཉིད་ལས་འབྱུང་ངམ། འོན་ཏེ་གཞན་ནས་བྱུང་བ་མར་གྱི་སྙིང་པོའི་བར་དུའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ།། གལ་ཏེ་གཞན་ནས་བྱུང་ན་གཞན་གྱིས་བྱས་པ་ཡིན་ཏེ། གཞན་གྱིས་བྱས་ན་འོ་མ་ལས་འབྱུང་བ་མ་ཡིན་པར་འགྱུར་རོ།། གལ་ཏེ་འོ་མ་ལས་མར་བྱུང་ན་འོ་མ་ཙར་ཡང་མི་དགོས་པར་འགྱུར་རོ།། གལ་ཏེ་ཞོ་ཉིད་ལས་བྱུང་ན་འདྲ་བའི་ཡང་མི་རིགས་ཏེ་རྒྱུན་ལས་སྐྱེ་བར་འགྱུར་རོ། ། གལ་ཏེ་རྒྱུན་ལས་སྐྱེས་ན་ལྷན་ཅིག་སྐྱེས་པ་མ་ཡིན་ནོ།། གལ་ཏེ་ལྷན་ཅིག་མ་སྐྱེས་ན་རོ་རྣམ་པ་ལྔ་དུས་གཅིག་ཏུ་འབྱུང་བའི་རིགས་ཏེ། དུས་གཅིག་ཏུ་འབྱུང་བའང་མ་ཡིན་མོད་ཀྱི། ངེས་པར་གཞན་ནས་འོངས་པའང་མ་ཡིན་ནོ།། དེ་བས་ན་འོ་མའི་ནང་ན་དང་ར་བའི་རོ་ཚ་བས། སྔ་ནས་ཞོའི་མཚན་ཉིད་ཡོད་ཀྱང་རང་འགྱུར་བར་ནི་མོ་ནུས་སོ།། དེ་བཞིན་དུ་མར་གྱི་སྙིང་པོའི་བར་དུ་རྒྱས་པར་རིག་པར་བྱའོ།། བས་རྩཝ་ཟོས་པ་དང་ཆུ་འཐུངས་པའི་རྒྱུ་དང་རྐྱེན་གྱིས་ཁྲག་ཏུ་འགྱུར་ཏེ། ཁྲག་ལས་འོ་མར་གྱུར་ཏོ།། གལ་ཏེ་རྩཝ་དང་ར་བ་ཟོས་ན་འོ་མའང་དངར་རོ། ། གལ་ཏེ་རྩཝ་ཁ་བ་ཟོས་ན་འོ་མའང་ཁ་བར་འགྱུར་རོ།། གངས་ཀྱི་རོ་ལ་རྩཝ་སྣུམ་པ་ཞེས་བྱ་བ་ཡོད་དེ། གལ་ཏེ་བས་ཟོས་ན་མར་གྱི་སྙིང་པོ་འབའ་ཞིག་ཏུ་གྱུར་ཏེ། ཁ་དོག་སྔོན་པོ་འམ། སེར་པོ་འམ། དམར་པོ་འམ། དཀར་པོ་འམ། ནག་པོར་ནི་མ་ཡིན་ནོ།། རྩཝ་གཞན་ཟོས་པའི་རྒྱུ་དང་རྐྱེན་ལས་འོ་མའི་རོ་དང་ཁ་དོག་ཀྱང་ཐ་དད་པར་འགྱུར་རོ།། བུས་པ་སོ་སོའི་སྐྱེ་བོ་དག་ཀྱང་རིག་པ་དང་མ་རིག་པའི་ལས་ཀྱི་རྒྱུ་དང་རྐྱེན་གྱིས་མཚན་ཉིད་གཉིས་བསྐྱེད་དོ།། གལ་ཏེ་མ་རིག་པ་ལས་བཟློག་ན་རིག་པ་ཞེས་བྱ་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དགེ་བ་དང་། མི་དགེ་བ་ཞེས་བྱ་བ་མཚན་ཉིད་གཉིས་སུ་མེད་དོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་འོ་མའི་ནང་ན་ཞོ་མཆིས་ཤེས་བགྱི་བའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཅི་སྟེ་འོ་མའི་ནང་ན་ཞོའི་རང་བཞིན་ངེས་པར་མཆིས་ལ། ཤིན་ཏུ་ཕྲ་བས་མ་མཐོང་ན་ཅིའི་སླད་དུ་འོ་མའི་རྐྱེན་གྱིས་ཞོ་འབྱུང་ངོ་ཞེས་གསུངས། ཆོས་ཐོག་མ་ནས་མ་མཆིས་ན་ནི་སྐྱེས་ཞེས་བགྱིར་རུང་ན། སྔ་ནས་མཆིས་པ་ཞིག་ལགས་ན། ཅིའི་སླད་དུ་སྐྱེས་ཤེས་བཀའ་སྩལ། ཅི་སྟེ་འོ་མའི་ནང་ན་ཞོའི་རང་བཞིན་མཆིས་པར་ངེས་ན། རྩི་ཤིང་ཐམས་ཅད་ཀྱི་ནང་ནའང་འོ་མ་མཆིས་པའི་རིགས་སོ།། དེ་བཞིན་དུ་འོ་མའི་ནང་ནའང་རྩི་ཤིང་མཆིས་པར་འགྱུར་རོ།། ཅི་སྟེ་འོ་མའི་ནང་ན་ཞོའི་རང་བཞིན་མཆིས་པར་ངེས་ན། རྩི་ཤིང་ཐམས་ཅད་ཀྱི་ནང་ནའང་འོ་མ་མཆིས་པའི་རིགས་སོ།། དེ་བཞིན་དུ་འོ་མའི་ནང་ནའང་རྩི་ཤིང་མཆིས་པར་འགྱུར་རོ།། ཅི་སྟེ་འོ་མའི་ནང་ན་ངེས་པར་ཞོ་མ་མཆིས་པ་ཞིག་ལགས་ན། ཅིའི་སླད་དུ་འོ་མའི་རྐྱེན་གྱིས་ཞོ་འབྱུང་བར་འགྱུར། གལ་ཏེ་ཆོས་ཀྱང་སྔ་ནས་མ་མཆིས་ལ། ཕྱིས་སྐྱེས་པ་ཞིག་ལགས་ན། ཅིའི་སླད་དུ་འོ་མའི་ནང་ན་རྩཝའི་ཤིང་མི་སྐྱེ་རིགས་ཀྱི་བུ་གཅིག་ཏུ་ངེས་པར་འོ་མའི་ནང་ན་ཞོ་ཡོད་ཅེ་འམ། འོ་མའི་ནང་ན་ཞོ་མེད་ཅེས་བྱར་མི་རུང་ལ། དེ་མ་གཏོགས་པ་ལས་བྱུང་ཞེས་བྱར་ཡང་མི་རུང་ངོ་།། གལ་ཏེ་འོ་མའི་ནང་ན་ཞོ་ངེས་པར་ཡོད་དོ་ཞེས་སྨྲ་ན། ཅིའི་ཕྱིར་དངོས་པོ་དང་རོ་ཐ་དད་པར་གྱུར་ཏེ། དེ་བས་ན་ངེས་པར་འོ་མའི་ནང་ན་ཞོའི་རང་བཞིན་ཡོད་ཅེས་བྱར་ཡང་མི་རུང་ངོ་།། གལ་ཏེ་འོ་མའི་ནང་ན་ངེས་པར་ཞོ་མེད་དོ་ཞེས་སྨྲ་ནའང་། ཅིའི་ཕྱིར་དངོས་པོ་དང་རོ་ཐ་དད་པར་འགྱུར་ཏེ། དེ་བས་ན་ངེས་པར་འོ་མའི་ནང་ན་ཞོའི་རང་བཞིན་མེད་ཅེས་བྱར་ཡང་མི་རུང་ངོ་།། གལ་ཏེ་འོ་མའི་ནང་ན་ངེས་པར་ཞོ་མེད་དོ་ཞེས་སྨན་ཡང་། ཅིའི་ཕྱིར་རི་བོང་གོ་རཱ་མི་འབྱུང་། འོ་མའི་ནང་དུ་དུག་བླུགས་ན་ཞོ་དེ་འཐུངས་པས་འཆི་བར་འགྱུར་ཏེ། དེ་བས་ན་འོ་མའི་ནང་ན་ངེས་པར་ཞོའི་རང་བཞིན་མེད་ཅེས་བྱར་ཡང་མི་རུང་ངོ་།། ཅི་སྟེ་དེ་མ་གཏོགས་པ་གཞན་ལས་བྱུང་ཞེས་སྨྲན། ཅིའི་ཕྱིར་ཆུ་ལས་ཞོ་མི་འབྱུང་། དེ་བས་ན་དེ་མ་གཏོགས་པར་གཞན་ལས་ཞོ་འོ་མ་འབྱུང་ངོ་ཞེས་བྱར་ཡང་མི་རུང་ངོ་།། རིགས་ཀྱི་བུ་བས་རྩཝ་ཟོས་པ་ལས་ཁྲག་ཏུ་འགྱུར། ཁྲག་ལས་འོ་མར་འགྱུར་ཏེ། སེམས་ཅན་གྱི་བསོད་ནམས་ཀྱི་རྒྱུས་གྲུབ་པ་ཡིན་ནོ།། དེ་ལྟར་འོ་མ་དེ་རྩཝ་དང་ཁྲག་ལས་གྱུར་མོད་ཀྱི། གཉིས་ཤེས་བྱར་མི་རུང་སྟེ། རྒྱུ་དང་རྐྱེན་ལས་བྱུང་བ་ཞེས་བྱའོ།། ཞོ་དང་མར་གྱི་སྙིང་པོའི་བར་དུའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། ། དེ་བས་ན་བའི་ཞོ་ཞེས་བྱ་སྟེ། འོ་མར་མི་སྣང་བའི་རྒྱུ་དང་རྐྱེན་གྱིས་ཞོ་ཞེས་གདགས་སོ།། རྒྱུ་དང་རྐྱེན་གང་ལས་གྱུར་ཅེ་ན། དྲོད་དང་སྐྱུར་བ་ལས་གྱུར་ཏེ།། དེ་བས་ན་རྒྱུ་དང་རྐྱེན་ལས་བྱུང་བ་མར་གྱི་སྙིང་པོའི་བར་དུ་དེ་བཞིན་རྒྱས་པར་བྱའོ།། དེ་བས་ན་འོ་མའི་ནང་ན་ངེས་པར་ཞོའི་རང་བཞིན་མེད་དེ། གཞན་ལས་བྱུང་ངོ་ཞེས་བྱར་མི་རུང་སྟེ་གནས་མེད་དོ།། རིགས་ཀྱི་བུ་རིག་པ་དང་མ་རིག་པའང་དེ་དང་འདྲ་སྟེ། ཀུན་ནས་ཉོན་མོངས་པ་དང་ལྷན་ཅིག་པའི་དུས་ན་ནི་མ་རིག་པ་ཞེས་བྱའོ།། ནམ་དགེ་བའི་ཆོས་དང་ལྷན་ཅིག་པ་དེའི་དུས་ན་རིག་པ་ཞེས་བྱ་སྟེ། དེ་བས་ན་ངས་གསུངས་པ་ལ་མཚན་ཉིད་གཉིས་སུ་མེད་དེ། དེ་བས་ན་དེའི་རྒྱུ་དེའི་རྐྱེན་གྱིས་སྔར་ངས་འདི་སྐད་ཅེས་གསུངས་སོ།། གངས་ཀྱི་རི་ལ་རྩཝ་སྣུམ་པ་ཞེས་བྱ་བ་ཡོད་དེ། བས་ཟོས་ན་ཐམས་ཅད་མར་གྱི་སྙིང་པོར་འགྱུར་བ་དང་འདྲ་བར། སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲའོ།། རིགས་ཀྱི་བུ་སེམས་ཅན་བསོད་ནམས་ཆུང་བས་རྩཝ་སྣུམ་པ་ཞེས་བྱ་བ་མི་མཐོང་བ་དང་འདྲ་བར། སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། ཀུན་ནས་ཉོན་མོངས་པས་ཁེབས་པས་སེམས་ཅན་རྣམས་ཀྱིས་མི་མཐོང་ངོ་།། འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་རོ་གཅིག་ཏུ་ལན་ཚྭ་བྲོ་བ་ཡིན་ཡང་། དེའི་ནང་ན་ཆུའི་རོ་དམ་པ་འོ་མར་རོ་ཐོ་བའང་ཡོད་དོ།། དཔེར་ན་གངས་ཀྱི་ར་ནི་ཡོན་ཏན་སྣ་ཚོགས་དང་ལྡན་ཏེ། སྨན་བཟང་པོ་ཤ་སྟག་སྐྱེའང་དེ་ལ་དུག་ཀྱང་མི་སྐྱེ་བ་མ་ཡིན་ནོ། ། སོ་སོའི་སྐྱེ་བོའི་ལུས་ཀྱང་དེ་དང་འདྲ་སྟེ། སྦྲུལ་གདུག་པ་བཞི་དང་བཅས་པ་ཡིན་མོད་ཀྱི། དེ་ལ་སྨན་བཟང་པོ་རྒྱལ་པོ་ལྟ་བུའང་ཡོད་པ་ནི། འདི་ལྟ་སྟེ། སངས་རྒྱས་ཀྱི་རང་བཞིན་དུ་བྱས་པའི་ཆོས་མ་ཡིན་པ་སྟེ། ཀུན་ནས་ཉོན་མོངས་པས་བསྒྲིབས་པར་གྱུར་ཏོ།། དེ་ལ་གང་རྒྱལ་རིགས་སམ། ཟམ་ཟེ་འམ། རྗེའུ་རིགས་སམ། དམངས་རིགས་ཀྱིས་ཉོན་མོངས་པ་ཀུན་བསལ་ན། སངས་རྒྱས་ཀྱི་རང་བཞིན་མཐོང་ཞིང་། བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ།། འདི་ལྟ་སྟེ། དཔེར་ན་སྟེང་གི་ནམ་མཁའ་ལ་སྤྲིན་ཆགས་ཏེ། འབྲུག་གྲགས་ན། བ་གླང་གི་མཆེ་བ་ཀུན་ལ་མེ་ཏོག་སྐྱེའོ།། ཅི་སྟེ་འབྲུག་མ་གྲགས་ན་མེ་ཏོག་ཀྱང་མི་སྐྱེ་ལ། བཏགས་པའང་མེད་དོ།། སེམས་ཅན་རྣམས་ཀྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། གལ་ཏེ་ཀུན་ནས་ཉོན་མོངས་པས་ཁེབས་ན་མཐོང་བར་མི་འགྱུར་རོ།། དེ་བས་ན་སེམས་ཅན་ལ་བདག་མེད་ཅེས་ངས་གསུངས་ཏེ། གང་གིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་ཐོས་ན། སངས་རྒྱས་ཀྱི་རང་བཞིན་འདི་མཐོང་བར་འགྱུར་ཏེ། བལ་གླང་གི་མཆེ་བའི་མེ་ཏོག་བཞིན་ནོ།། མདོ་སྡེ་གཞན་གྱི་ཏིང་ངེ་འཛིན་ཐམས་ཅད་ཐོས་ཀྱང་།། མདོ་སྡེ་འདིམ་ཐོས་ན་དེ་བཞིན་གཤེགས་པའི་སྙིང་པོ་དམ་པ་མི་མཐོང་སྟེ། ཇི་ལྟར་འབྲུག་མ་གྲགས་ན་བ་གླང་གི་མཆེ་བའི་མེ་ཏོག་མི་མཐོང་བ་བཞིན་ནོ།། མདོ་སྡེ་འདི་ཐོས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་ཏེ་གསུངས་པའི་སྙིང་པོ་རྟོགས་པར་འགྱུར་རོ། ། སངས་རྒྱས་ཀྱི་རིང་བཞིན་ཞེས་བྱ་བ་ནི། སྟེང་གི་ནི་མ་མཁའ་ལ་འབྲུག་གྲགས་ན། བལ་གླང་གི་མཆེ་བའི་མེ་ཏོག་མཐོང་བའི་དཔེའོ།། མདོ་སྡེ་འདི་ཐོས་ན་སེམས་ཅན་ཚད་མེད་པ་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་རྟོགས་པར་འགྱུར་རོ།། དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ནི་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་སྙིང་པོ་ཞེས་བྱ་སྟེ། ཆོས་ཀྱི་སྐུ་སྐྱེད་པར་འགྱུར་བ་ནི། ཇི་ལྟར་འབྲུག་གྲགས་ན་བལ་གླང་གི་མཆེ་བའི་མེ་ཏོག་སྐྱེས་པ་བཞིན་ནོ།། དེ་ལྟ་བུའི་དོན་ཆེན་པོ་འབྱུང་ཞིང་སྐྱེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཞིག་གིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་ཤིན་ཏུ་ནན་ཏན་བྱེད་ན། དེ་ནི་སངས་རྒྱས་ཀྱི་དྲིན་ལ་ལན་གློན་པ་ཡིན་ཏེ། སངས་རྒྱས་ཀྱི་ཉེ་གནས་ཡང་དག་པ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། ཤིན་ཏུ་ངོ་མཚར་ཏོ།། བཅོམ་ལྡན་འདས་སངས་རྒྱས་ཀྱི་རང་བཞིན་ཞེས་བགྱི་བ་ནི་ཤིན་ཏུ་ཟབ་ཅིང་། ཤིན་ཏུ་ཕྲ་བས་མཐོང་བར་ཡང་དཀའ་ལ་འཇུག་པར་ཡང་དཀའ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་རྟོགས་པར་འགྱུར་བ་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ།། ཁྱོད་ཀྱིས་སྨྲས་པ་བཞིན་ནོ།། དེ་ནས་ཡང་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་ཀྱི་རང་བཞིན་ཞེས་བགྱི་བ་ཇི་ལྟ་བུར་ཟབ་ཅིང་མཐོང་བར་ཡང་དཀའ་ལ་འཇུག་པར་ཡང་དཀའ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་གང་ཟག་དམུས་ལོང་ཞིག་མིག་གསོ་བའི་ཕྱིར་སྨན་པ་མཁས་པའི་གན་དུ་སོང་ངོ་། ། སྨན་པས་གསེར་གྱི་གྲི་ཐོགས་ཏེ་མིག་གི་རབ་རིབ་ཀྱི་པྲིས་མ་བཅད་ནས། མཛུབ་མོ་གཅིག་བསྒྲེང་སྟེ་བསྟན་ན། ལོང་བ་དེས་མི་མཐོང་ངོ་ཞེས་ཟེར་རོ།། མཛུབ་མོ་གཉིས་གསུམ་བསྟན་ན། གདོད་ཅུང་ཟད་ཅིག་མཐོང་ངོ་ཞེས་ཟེར། རིགས་ཀྱི་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་གསུངས་ན། བྱང་ཆུབ་སེམས་དཔའ་ཚད་མེད་པ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ནས། ས་བཅུའི་བར་དུ་གནས་ཀྱང་སངས་རྒྱས་ཀྱི་རང་བཞིན་མི་མཐོང་བ་ནི་དེ་དང་འདྲ་སྟེ། དེ་བཞིན་གཤེགས་པས་གསུངས་ནས་ཅུང་ཟད་ཅིག་མཐོང་བར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དེ་ལྟར་མཐོང་བར་གྱུར་ནས་འདི་སྐད་ཅེས་སྨྲའོ།། ཤིན་ཏུ་ངོ་མཚར་ཏོ།། བཅོམ་ལྡན་འདས་བདག་ཅག་ནི་བསྐལ་བ་གྲངས་མེད་བའི་བར་དུ་འཁོར་བར་འཁོར་ཏེ། བདག་མེད་པས་ཡོངས་སུ་བསླུས་པར་གྱུར་ཏོ།། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པའང་སངས་རྒྱས་ཀྱི་རང་བཞིན་གསལ་བར་མི་མཐོང་ན། ཉན་ཐོས་དང་རང་སངས་རྒྱས་ཀྱིས་མི་མཐོང་བ་ལྟ་སྨོས་ཀྱང་ཅི་དགོས། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་སྟེང་གི་ནེམ་མཁའ་མཐོན་པོ་ལ་བྱ་ལྡིང་ན། བྱ་འམ་ནམ་མཁའ་ལེགས་པར་མི་རྟོགས་ཏེ། བརྟགས་ན་གདོད་མངོན་ནོ།། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྙིང་པོ་ཕྱོགས་ཙམ་ཞིག་རྟོགས་ཤིང་མཐོང་བའང་དེ་དང་འདྲ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱིས་རྟོགས་ཤིང་མཐོང་བ་ལྟ་ཅི་སྨོས། རིགས་ཀྱི་བུ་དཔེར་ན་ཆང་གི་རེ་རོ་བ་ལམ་དུ་འགྲོ་ན། ལམ་བདེ་བླག་ཏུ་ལེགས་པར་མི་མཐོང་བ་བཞིན་དུ། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲ་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་ཕྱོགས་ཙམ་ཞིག་རྟོགས་ཤིང་མཐོང་ངོ་།། རིགས་ཀྱི་བུ་དཔེར་ན་མི་ཞིག་འབྲོག་དགོན་པར་སོང་བ་ལས་སྐོམ་གྱིས་གདུངས་ཏེ་ཆུ་ཚོལ་བ་ལས། ཤིང་གི་སྟེང་ན་བྱ་བ་ཞད་འདུག་པ་མཐོང་ན། མི་དེ་སྐོམ་གྱིས་གདུངས་པས་ཤིང་ངམ་ཆུ་ཡིན་པར་མི་རྟོགས་སོ།། ལེགས་པར་བརྟགས་ན་གདོད་བྱ་བཞད་དང་ཤིང་ཡིན་པར་ཤེས་སོ།། རིགས་ཀྱི་བུ་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྙིང་པོ་ཕྱོགས་ཙམ་ཞིག་མཐོང་ཞིང་རྟོགས་པའང་དེ་དང་འདྲ་སྟེ། གསལ་བར་བདེ་བླག་ཏུ་རྟོགས་པ་ནི་མ་ཡིན་ནོ།། རིགས་ཀྱི་བུ་དཔེར་ན་རྒྱ་མཚོར་ཞུགས་པ་དག་དཔག་ཚད་བརྒྱ་འམ། སྟོང་ངམ། ཚད་མེད་པའི་ཕ་རོལ་ནས་གྲུ་ཆེན་པོའི་ཡང་རྟོག་གམ། ཁང་པ་བརྩེགས་མ་མཐོང་ན་དེ་དག་འདི་སྙམ་དུ་ཡང་ཐོག་གམ། ནམ་མཁའ་གང་ཡིན་སྙམ་སེམས་ཏེ། ཡུན་རིང་དུ་བརྟགས་ན་གདོད་ངེས་པར་ཡང་ཐོག་གམ། ཁང་པ་བརྩེགས་མར་རྟོགས་སོ།། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔས་བདག་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བའང་དེ་དང་འདྲ་སྟེ། བདེ་བླག་ཏུ་གསལ་བ་ནི་མ་ཡིན་ནོ།། རིགས་ཀྱི་བུ་དཔེར་ན་རྒྱལ་བུ་ཤིན་ཏུ་ཞན་པ་ཞིག་མཚན་མོ་མཚན་ཡལ་ནངས་ཀྱི་བར་དུརྩེ་རྩེ་ན་ནང་བར་དུ་ཐམས་ཅད་ལ་བདེ་བླག་ཏུ་གསལ་བར་མི་རྟོགས་སོ། ། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔས་བདག་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བའང་དེ་དང་འདྲ་སྟེ། གསལ་བར་མི་རྟོགས་སོ།། རིགས་ཀྱི་བུ་དཔེར་ན་བློན་པོ་ཞིག་རྒྱལ་པོས་མངགས་ན། མཚན་མོ་མུན་པའི་ནང་དུ་སོང་སོང་བ་ལས་གློག་གི་འོད་ཀྱིས་གནག་གི་ཁྱུ་གཅིག་མཐོང་ནས།། དེ་འདི་སྙམ་དུ་གནག་གམ། ནགས་ཚལ་ལམ། སྤྲིན་ནམ། ཁང་ཁྱིམ་གང་ཡིན་སྙམ་སེམས་སོ།། མི་དེས་གནག་ཡིན་པར་སེམས་མོད་ཀྱི། ངེས་པ་ནི་མ་ཡིན་ནོ།། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲ་སྟེ། བདག་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ལེགས་པར་མི་རྟོགས་སོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་ཚུལ་ཁྲིམས་ལ་གནས་པའི་དགེ་སློང་དག་སྲིན་བུ་མེད་པའི་ཆུ་ལ་རྟོགས་ན། ཆུའི་ནང་ན་འགུལ་བ་སྲིན་བུ་ཡིན་ནམ། རྡུལ་ཡིན་པ་བདེ་བླག་ཏུ་མི་རྟོགས་སོ།། ཡུན་རིང་དུ་བརྟགས་ན་རྡུལ་ཡིན་པར་ཤེས་མོད་ཀྱི། ངེས་པར་རྟོགས་པ་ནི་མ་ཡིན་ནོ། ། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲ་སྟེ། བདག་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་བདེ་བླག་ཏུ་གསལ་བར་མི་རྟོགས་སོ།། རིགས་ཀྱི་བུ་དཔེར་ན་ནམ་རྨས་ཏེ་ནམ་མཁའ་མ་དག་ན། རྒྱང་མ་ནས་བྱིས་པ་ཆུང་ངུ་མཐོང་ན། ཕྱུགས་སམ། བྱ་འམ། མི་འམ། ཅི་ཡིན་པ་མི་རྟོགས་ཏེ། ཡུན་རིང་དུ་བརྟགས་ན་བྱིས་པ་ཡིན་པར་མཐོང་ཡང་གསལ་བར་རྟོགས་པ་ནི་མ་ཡིན་ནོ།། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བདག་གི་ལུས་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བའང་དེ་དང་འདྲ་སྟེ། གསལ་བར་མི་རྟོགས་སོ།། རིགས་ཀྱི་བུ་དཔེར་ན་མི་ཞིག་མཚན་མོ་མུན་པའི་ནང་ན་བྱང་ཆུབ་སེམས་དཔའི་སྐུ་གཟུགས་རི་མོ་ལ་ཐོས་པ་ཞིག་མཐོང་ན། དེ་འདི་སྙམ་དུ་འདི་བྱང་ཆུབ་སེམས་དཔའི་གཟུགས་སམ། དབང་ཕྱུག་གི་གཟུགས་སམ། ཚངས་པ་ཆེན་པོའི་གཟུགས་སམ། གོས་ཁ་དོག་བསྒྱུར་བ་ཡིན་ནམ་སྙམ་སེམས་ཏེ། དེས་ཡུན་རིང་དུ་རྟགས་ན། བྱང་ཆུབ་སེམས་དཔའི་གཟུགས་ཡིན་པར་ཤེས་མོད་ཀྱི། གསལ་བར་རྟོགས་པ་ནི་མ་ཡིན་ནོ།། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔས་བདག་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བའང་དེ་དང་འདྲ་སྟེ། གསལ་བར་རྟོགས་པ་མ་ཡིན་ནོ།། རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་དེ་ལྟར་ཤིན་ཏུ་ཟབ་སྟེ། མཐོང་ཞིང་རྟོགས་པར་དཀའ་བས། སངས་རྒྱས་ཉག་གཅིག་གིས་རྟོགས་ཀྱི། ཉན་ཐོས་དང་རང་སངས་རྒྱས་ཀྱིས་རྟོགས་པར་འགྱུར་བ་མ་ཡིན་ནོ།། རིགས་ཀྱི་བུ་མཁས་པ་ཤེས་རབ་ཅན་གྱིས་དེ་བཞིན་གཤེགས་པའི་སྙིང་པོ་ལ། དེ་ལྟ་བུར་བརྟག་ཅིང་བྱེ་བྲག་དབྱེ་བར་བྱའོ།། དེ་ནས་ཡང་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་ལྟར་སངས་རྒྱས་ཀྱི་རང་བཞིན་དེ་ཤིན་ཏུ་ཟབ་ཅིང་མཐོང་བར་དཀའ་ན། ཤའི་མིག་ཅན་དག་གིས་ཇི་ལྟར་མཐོང་བར་འགྱུར་བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷ་དག་ཀྱང་ཐེག་པ་གཉིས་པོས་མི་རྟོགས་མོད་ཀྱི། མདོ་སྡེའི་ལུང་གི་རྗེས་སུ་ཡིད་ཆེས་པས་རྟོགས་སོ། ། རིགས་ཀྱི་བུ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་བརྟེན་ཏེ། བདག་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་རྟོགས་པའང་དེ་དང་འདྲ་སྟེ། རིགས་ཀྱི་བུ་དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྤྱོད་པའི་ནན་ཏན་ལ་བརྩོན་འགྲུས་བྱའོ།། རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ནི་སངས་རྒྱས་ཉག་གཅིག་གིས་མཁྱེན་གྱི། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ནི་ཤེས་པ་མ་ཡིན་ནོ།། ཡང་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་གསོལ་པ། འཕགས་པ་མ་ཡིན་པ་བྱིས་པ་མ་རབས་ནི་སྲོག་ཆགས་ཐམས་ཅད་ལ་བདག་མཆིས་པས་སྨྲའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔེར་ན་རྒྱལ་བུ་ཞིག་དང་། མི་དབུལ་པོ་ཞིག་མཛའ་བོར་འཐམས་ཏེ་གཅིག་གི་ཁྱིམ་དུ་གཅིག་འགྲོའོ།། དེའི་ཚེ་ན་མི་དབུལ་པོ་དེས་རྒྱལ་བུ་དེ་ལ་རལ་གྲི་ཤིན་ཏུ་བཟང་པོ་གཅིག་ཡོད་པ་མཐོང་ནས་ཆགས་པའི་སེམས་སྐྱེས་སོ། ། ཕྱི་ས་རྒྱལ་བུ་དེ་རལ་གྲི་ཐོགས་ཏེ་ཡུལ་གཞན་དུ་སོང་ནས། མ་དབུལ་པོ་དེའང་ཕྱི་ས་གཞན་ཞིག་གི་ཁྱིམ་ན་ཉལ་བ་ལས་གཉིད་ལོག་ན་ཁ་ནས་རལ་གྲི་རིལ་གྲི་ཞེས་བརྡོལ་ལོ།། དེའི་གན་ན་འདུག་པའི་མོས་དེ་སྐད་ཅེས་བརྡོལ་བ་ཐོས་ནས་གཟུང་སྟེ་རྒྱལ་པོ་ལ་ཕུལ་ལོ།། དེ་ནས་རྒྱལ་པོས་མི་དེ་ལ་འདི་སྐད་དུ། ཁྱོད་ཀྱི་ཁ་ནས་རལ་གྲི་རལ་གྲི་ཞེས་ཟེར་བ་ག་རེ་ཞེས་བཀའ་སྩལ་ཏོ། ། མི་དེས་རྒྱུས་ཞིབ་ཏུ་རྒྱས་པར་རྒྱལ་པོ་ལ་གསོལ་ནས། གལ་ཏེ་རྒྱལ་པོས་བདག་གིས་ལུས་དང་། ཡན་ལག་དང་། ཉིང་ལག་ཀུན་དུམ་བུ་དུམ་བུར་གཏུབས་ཀྱང་རལ་གྲི་ནི་བདག་ལ་མ་མཆིས་ཏེ། བདག་སྔོན་རྒྱལ་བུ་ཆེ་གེ་མོ་ཞིག་དང་མཛའ་བས། རྒྱལ་བུ་དེ་ལ་རལ་གྲི་བཟང་པོ་གཅིག་མཆིས་པར་མིག་གིས་ནི་མཐོང་གི། ལག་པས་རེག་པའི་ཐུགས་ཀྱང་མ་ཐུབ་ན། ཆེད་དུ་གྲངས་པ་ལྟ་ཅི་སྨོས། རྒྱལ་པོ་དེས་བཀའ་སྩལ་པ། ཁྱོད་ཀྱིས་རལ་གྲི་དེ་མཐོང་ཡང་དག་ན། རལ་གྲི་དེའི་དཔྱང་ཅི་འདྲ། གསོལ་པ། རྒྱལ་པོ་ཆེན་པོ་བདག་གིས་མཐོང་བ་ནི་རེ་རུ་འདྲ་བ་ཞིག་མཐོང་ངོ་།། རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་དགོད་དེ། ཁྱོད་མྱ་ངན་མ་བྱེད་པར་གར་དགའ་བར་སོང་ཞིག། ཁོ་བོའི་མཛོད་ན་རལ་གྲི་དེ་འདྲ་བ་མི་སྲིད་ན། ཁྱོད་ཀྱི་རྒྱལ་བུ་དེ་ལ་མཐོང་བ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་རྒྱལ་པོ་དེས། བློན་པོ་རྣམས་ལ་བཀའ་སྩལ་པ། ཁྱེད་ཀྱིས་རལ་གྲི་དེ་འདྲ་བ་ཞིག་མཐོང་ངམ་ཞེས་དྲིས་ནས། དེ་རིང་པོར་མ་ལོན་པར་ཚེ་འདས་སོ།། དེ་ནས་རྒྱལ་པོ་དེའི་རྒྱལ་ཚབ་རྒྱལ་པོའི་དབང་བསྐུར་ནས།། རྒྱལ་པོ་དེས་ཀྱང་བློན་པོ་རྣམས་ལ་འདི་སྐད་དུ། ཁྱོད་ཀྱིས་སྔོན་མཛོད་ཀྱི་ནང་ན་རལ་གྲི་དེ་འདྲ་བ་ཞིག་མཐོང་ངམ་ཞེས་དྲིས་སོ།། བློན་པོ་རྣམས་ཀྱིས་སྨྲས་པ། བདག་ཅག་གིས་སྔོན་མཐོང་ངོ་ཞེས་གསོལ་ཏོ།། ཡང་དྲིས་པ་ཁྱེད་ཀྱིས་མཐོང་ན་རལ་གྲི་དེའི་དབྱིབས་ཅི་འདྲ་བ་ཞིག་མཐོང་། གསོལ་པ། རྒྱལ་པོ་ཆེན་པོ་བདག་ཅག་གི་སེར་རུ་འདྲ་བ་ཞིག་མཐོང་ངོ་།། རྒྱལ་པོས་སྨྲས་པ། ཁོ་བོའི་མཛོད་ཀྱི་ནང་ན་རལ་གྲི་དེ་འདྲ་བ་ཡོད་མི་སྲིད་དོ། ། དེ་བཞིན་དུ་རྒྱལ་པོ་རབས་བཞིའི་བར་དུ་རལ་གྲི་དེ་རྨས་ཀྱང་ཁུངས་མ་ཕྱིན་ཏོ།། ཕྱིས་ལོ་མང་ཞིག་ལོན་པའི་འོག་ཏུ། སྔོན་བྲོས་པའི་རྒྱལ་བུ་དེ་ཡུལ་གཞན་ནས་ཕྱིར་ལོག་ནས། རྒྱལ་པོར་ཞུགས་ཏེ་རྒྱལ་པོའི་དབང་ཐོབ་ནས། དེས་ཀྱང་བློན་པོ་རྣམས་ལ་བཀའ་སྩལ་པ། ཁྱེད་ཀྱིས་རལ་གྲི་དེ་མཐོང་ངམ། བློན་པོ་རྣམས་ཀྱིས་གསོལ་པ། རྒྱལ་པོ་ཆེན་པོ་བདག་ཅག་གོས་མཐོང་ངོ་། ། སྨྲས་པ། ཁྱེད་ཀྱིས་ཅི་སྟེ་མཐོང་ན་རལ་གྲི་དེའི་དབྱིབས་ཅི་འདྲ། བློན་པོ་ཁ་ཅིག་གིས་གསོལ་བ། ལྷའི་སྲས་ཤིན་ཏུ་གསལ་ཏེ་མེ་ཏོག་ཨུཏྤ་ལ་འདྲའོ།། ཁ་ཅིག་གིས་ནི་རེ་རུ་འདྲའོ་ཞེས་གསོལ་ཏོ། ། ཁ་ཅིག་གིས་ནི་ཁ་དོག་དམར་ཁྱད་མེའི་ཕུང་པོ་འདྲའོ་ཞེས་གསོལ་ཏོ།། ཁ་ཅིག་གིས་ནི་སྦྲུལ་ནག་པོ་འདྲའོ་ཞེས་གསོལ་ཏོ།། དེའི་ཚེ་རྒྱལ་པོ་དེ་དགོད་ནས། བློན་པོ་རྣམས་ལ་ཁྱེད་ཀྱིས་ནི་ངའི་རལ་གྲི་ཡང་དག་པར་མ་མཐོང་ངོ་ཞེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། འཇིག་རྟེན་དུ་བྱུང་ནས་བདག་ཅེས་བྱ། བའི་མཚན་ཉིད་ཡང་དག་པར་བསྟན་ཏེ། བསྟན་མ་ཐག་ཏུ་སོང་བ་ནི་དཔེར་རྒྱལ་བུ་རལ་གྲི་བཟང་པོ་ཐོགས་ཏེ་ཡུལ་གཞན་དུ་བྲོས་པ་དང་མཚུངས་སོ།། བྱིས་པ་གླེན་པ་དག་ཐམས་ཅད་ལ་བདག་ཡོད་དོ་ཞེས་སྨྲ་བ་ནི། མི་དབུལ་པོ་གཞན་གྱི་ཁྱིམ་ན་གཉིད་ལོག་པ་ལས་རལ་གྲི་རལ་གྲི་ཞེས་བརྡོལ་བ་དང་མཚུངས་སོ།། ཉན་ཐོས་དང་རང་སངས་རྒྱས་ཀྱིས་སེམས་ཅན་རྣམས་ལ་བདག་ཅེས་བྱ་བའི་མཚན་ཉིད་ཅི་འདྲ་བ་དྲིས་ན། དེ་ལ་ཁ་ཅིག་ནི་བདག་ཏུ་ལྟ་བ་དང་། བདག་ཅེས་བྱ་བའི་མཚན་ཉིད་མཐེ་བོང་ཙམ་ཞིག་ཡོད་དོ་ཞེས་སྨྲའོ།། ཁ་ཅིག་ནི་ཁྲེའི་འབྲུམ་བུ་ཙམ་ཞིག་ཡོད་དོ་ཞེས་སྨྲའོ། ། ཁ་ཅིག་ནི་ཏིལ་གྱི་འབྲུམ་བུ་ཙམ་ཞིག་ཡོད་དོ་ཞེས་སྨྲའོ།། ཁ་ཅིག་ནི་བདག་གི་མཚན་ཉིད་ཅེས་བྱ་བ་སེམས་ལ་གནས་ཏེ་ཉི་མ་ལྟ་བུར་འབར་ཞིང་གསལ་ལོ་ཞེས་སྨྲས་ཏེ། དེ་ལྟར་སོ་སོའི་སྐྱེ་བོ་དག་བདག་ཅེས་བྱ་བའི་མཚན་ཉིད་མི་ཤེས་པའང་། ཇི་ལྟར་བློན་པོ་རྣམས་ཀྱིས་རལ་གྲི་བཟང་པོ་དེ་མི་ཤེས་པ་བཞིན་ནོ།། བྱང་ཆུབ་སེམས་དཔས་དེ་ལྟར་བ་དག་ཅེས་བྱ་བའི་མཚན་ཉིད་བསྟན་པ། བྱིས་པ་གླེན་པ་དག་མི་ཤེས་པས་རྣམ་པ་སྣ་ཚོགས་བྱེ་བྲག་ཕྱེ་སྟེ། བདག་ཅེས་བྱ་བའི་མཚན་ཉིད་དུ་འཛིན་པ་ནི་རལ་གྲིའི་དབྱིངས་ཅི་འདྲ་ཞེས་དྲིས་ན་ར་རུ་འདྲའོ་ཞེས་སྨྲ་བ་དང་མཚུངས་སོ། ། དེ་ལྟར་བྱིས་པ་མ་རབས་དག་ནི་རྒྱུན་མི་འཆད་པར་ངན་པར་ལྟ་བ་བསྐྱེད་དེ། དེ་ལྟར་ངན་པར་ལྟ་བ་གཅད་པའི་ཕྱིར། དེ་བཞིན་གཤེགས་པས་བདག་མེད་པ་བསྟན་པ་ནི། དཔེར་ན་རྒྱལ་བུ་དག་བློན་པོ་རྣམས་ལ་ངའི་མཛོད་ན། དེ་འདྲ་བའི་རལ་གྲི་མེད་དོ་ཞེས་སྨྲ་བ་དང་མཚུངས་སོ།། རིགས་ཀྱི་བུ་དེང་དེ་བཞིན་གཤེགས་པས་བདག་ཅེས་བྱ་བ་བསྟན་པ་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱའོ། ། དེ་ལྟར་སངས་རྒྱས་ཀྱི་རང་བཞིན་དེ་ནི་སངས་རྒྱས་ཀྱིས་བསྟན་པའི་ཆོས་ཀྱི་ནང་ན་རལ་པོ་ཤིན་ཏུ་གསལ་ཞིང་དག་པ་དང་མཚུས་སོ། ། རིགས་ཀྱི་བུ་དེ་ལ་བྱིས་པ་མ་རབས་གང་དེ་སྐད་དུ་ལེགས་པར་སླ་བ་ནི། བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་ལ་འབབ་པ་ཡིན་ནོ།། དེ་ལ་གང་ཞིག་ལེགས་པར་རྣམ་པར་བྱེ་སྟེ་བསྟན་པའི་རྗེས་སུ་ཞུགས་ན། དེ་ནི་བྱང་ཆུབ་སེམས་དཔའི་གཟུགས་ལྟ་བུར་རིག་པར་བྱའོ།། རིགས་ཀྱི་བུ་ཇི་ཙམ་དུ་རྣམ་པ་ཐ་དད་དུ་སྨྲ་བ་རིག་སྔགས་དང་། ཚིག་ལས་རྣམ་པར་རྒྱལ་བའི་གཙུག་ལག་དང་། ཡི་གེ་ལ་སོགས་པ་ཐམས་ཅད་ཀྱང་སངས་རྒྱས་ཀྱིས་བསྟན་པ་ཡིན་གྱི། མུ་སྟེགས་ཅན་གྱིས་བསྟན་པ་མ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། དེ་བཞིན་གཤེགས་པས་ཇི་ལྟ་བུར་ཡི་གེའི་མ་མོ་རྣམས་བསྟན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སྔར་ཡི་གེ་ཕྱེད་ཀྱི་མ་མོ་བསྟན་པས་གཙུག་ལག་དང་། རིག་སྔགས་དང་། ཚིག་ལས་རྣམ་པར་རྒྱལ་བ་དང་། སྒྲ་སྐད་ལ་སོགས་པ་འཛིན་པར་འགྱུར་ཏེ། བྱིས་པ་མ་རབས་དག་ཡི་གེའི་མམོ་བསླབས་པས། དེའི་འོག་ཏུ་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་ཤེས་པར་འགྱུར་རོ།། ཡང་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་གསོལ་པ། ཡི་གེ་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་ཡི་གེ་འབྲུ་བཞི་བཅུ་པོ་ནི་ཡི་གེའི་དོན་ཅེས་བྱའོ།། ཡི་གེ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ་སྟག་པས་ན་མི་ཟག་པའོ།། གང་མི་ཟག་པ་དེ་ནི་མི་ཟད་པའོ། ། མི་ཟད་པ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པའི་རྡོ་རྗེའི་སྐུའོ།། དེ་བས་ན་ཡི་གེའི་འབྲུ་བཞི་བཅུ་པོ་ནི་ཡི་གེའི་མ་མོའོ།། དེ་ལ་ཨ་ཞེས་བྱ་བ་ནི་མི་འཇིག་པའོ།། གང་མི་འཇིག་པ་ནི་དཀོན་མཆོག་གསུམ་ཞེས་བྱ་སྟེ་རྡོ་རྗེ་ལྟ་བུའོ། ། གཞན་ཡང་ཨ་ཞེས་བྱ་བ་ནི་ཟག་པའོ།། གང་མི་ཟག་པ་ནི་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ནི་བུ་གུ་དགུ་པོ་ནས་ཅིའང་མི་ཟག་པས། དེ་བས་ན་ཟག་པ་མེད་པ་ཞེས་བྱའོ།། བུ་གུ་དགུ་མེད་པས་མི་ཟག་པ་སྟེ། མི་ཟག་པ་ནི་རྟག་པའོ།། རྟག་པ་ནི་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པས་མི་ཟག་པའོ།། གཞན་ཡང་ཨ་ཞེས་བྱ་བ་ནི་ཡོན་ཏན་གྱི་ཚོགས་ཤེས་བྱའོ།། ཡོན་ཏན་གྱི་ཚོགས་ནི་དཀོན་མཆོག་གསུམ་ཡིན་པས། དེའི་ཕྱིར་ཨ་ཞེས་བྱའོ།། དེ་ལ་ཨཱ་ཞེས་བྱ་བ་ནི་སློབ་དཔོན་ཞེས་བྱ་བའི་དོན་ཇི་ལྟ་བུ་ཞེ་ན། འཇིག་རྟེན་ན་འཕགས་པ་ཞེས་གྲགས་པའོ།། འཕགས་པ་ཞེས་བྱ་བ་དེའང་ཇི་ལྟ་བུ་ཞེ་ན། འཕགས་པ་ནི་མ་ཆགས་པ། འདོད་པ་ཉུང་བ། ཆོག་ཤེས་པ། ཡོངས་སུ་དག་པ། སྲིད་པ་གསུམ་དུ་འཁོར་བའི་སེམས་ཅན་སྒྲོལ་བ་ནི་འཕགས་པ་ཞེས་བྱའོ།། གཞན་ཡང་ཨ་ཞེས་བྱ་བ་ནི་བཅས་པ་སྟེ། ཚུལ་ཁྲིམས་ལྷག་པར་སྲུང་ཞིང་སྤྱོད་ལམ་གྱི་རྗེས་སུ་གཞོལ་བའོ།། གཞན་ཡང་ཨ་ཞེས་བྱ་བ་ནི་འཕགས་པའི་རྗེས་སུ་སྤྱོད་ལམ་འགྲོ་བ་དང་། སྡོད་པ་དང་། བསྐྱོད་པ་དང་། གཡོ་བ་དང་། དཀོན་མཆོག་གསུམ་དང་། ཕ་མ་ལ་སྲིའུ་དང་། མཆོད་པ་དང་། བསྐུར་སྟི་དང་། རིམ་གྲོ་དང་། ཕྱག་བྱེད་པ་སློབ་ཅིང་ཐེག་པ་ཆེན་པོ་ལའང་སློབ་པའོ།། རིགས་ཀྱི་བུ་ཁྱེད་ལ་སོགས་པ་ཚུལ་ཁྲིམས་སྡོམ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་འཕགས་པ་ཞེས་བྱའོ།། གཞན་ཡང་ཨཱ་ཞེས་བྱ་བ་ནི་སྟོན་ཅིང་འཆོས་པ་སྟེ། ཇི་ལྟར་དེ་བཞིན་གཤེགས་པས་འདི་དག་ནི་བྱ་བའི་རིགས་པའོ། ། འདི་དག་ནི་བྱ་བའི་མི་རིགས་སོ་ཞེས་བསྟན་པ་ཆོས་མ་ཡིན་པ་རྣམས་མི་བྱེད་པ་ནི་འཕགས་པ་ཞེས་བྱ་སྟེ། དེ་བས་ན་ཨ་ཞེས་བྱའོ།། དེ་ལ་ཨི་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཚངས་པར་སྤྱོད་པ་རྒྱ་ཆེན་པོ་ཟླ་བ་རྒྱས་པ་ལྟར་གསལ་ཞིང་དྲི་མ་མེད་པ་སྟེ། ཁྱེད་ལ་སོགས་པ་འདི་དག་ནི་བྱ་བའི་རིགས་པའོ།། འདི་དག་ནི་བྱ་བའི་མི་རིགས་པའོ། ། འདི་ནི་དོན་ནོ།། འདི་ནི་དོན་མ་ཡིན་ནོ།། འདི་ནི་སངས་རྒྱས་ཀྱིས་གསུངས་པའོ།། འདི་ནི་བདུད་ཀྱིས་བསྟན་པའོ་ཞེས་བཤད་པ་སྟེ། དེ་བས་ན་ཨི་ཞེས་བྱའོ།། དེ་ལ་ཨཱི་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཤིན་ཏུ་ཟབ་ཅིང་ཕྲ་བ། ཆུད་དཀའ་བ། ལྷ་དབང་སྒྱུར་ཆེན་པོའམ། ཚངས་པ་ཆེན་པོ་ལྟར་ཆོས་ཀྱི་དབང་སྒྱུར་བའོ།། གང་གཟུངས་སུ་འཛིན་པ་ནི་ཆོས་སྲུང་ཞེས་བྱའོ། ། གཞན་ཡང་དབང་སྒྱུར་བ་ནི་འཇིག་རྟེན་གྱི་མགོན་པོ་བཞི་སྟེ། དབང་སྒྱུར་བ་བཞི་པོས་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་སྲུང་ཞིང་འཛིན་ལ། རྒྱས་པར་སྟོན་ཅིང་འཆད་པའི་དབང་ཡང་བྱེད་དོ། ། གཞན་ཡང་ཨཱི་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ལ་ཆོས་སྟོན་པའི་དབང་བྱེད་པའོ།། གཞན་ཡང་ཨཱི་ཞེས་བྱ་བ་ནི་གང་དབང་དུ་འགྱུར་བའི་ཕྱིར་བཤད་པའོ།། དེའང་གང་ཞེ་ན། འདི་ལྟ་སྟེ། ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་ནན་ཏན་བྱེད་པའོ།། གཞན་ཡང་ཨོཾ་ཞེས་བྱ་བ་ནི་མོ་གཙང་བ་བསལ་བ་ལྟར་སེར་སྣ་དང་ཕྲག་དོག་ཡོངས་སུ་བཅད་དེ། ཐམས་ཅད་བཀྲ་ཤིས་པར་བསྒྱུར་བས་དེའི་ཕྱིར་ཨི་ཞེས་བྱའོ།། དེ་ལ་ཨུ་ཞེས་བྱ་བ་ནི་མདོ་སྡེ་ཀུན་གྱི་ནང་ན་ཕུལ་དུ་གྱུར་པ། མཆོག་དམ་པ། བླ་མའི་ཡང་བླ་མར་གྱུར་པ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའོ།། གཞན་ཡང་ཨུ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རང་བཞིན་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་སྔོན་མ་ཐོས་པ་སྟེ། གླིང་ཐམས་ཅད་ཀྱི་ནང་ན་བྱང་གི་སྒྲ་མི་སྙན་མཆོག་དམ་པར་གྱུར་པ་བཞིན་དུ། བྱང་ཆུབ་སེམས་དཔས་གལ་ཏེ་མདོ་སྡེ་འདི་ཉན་ནམ། གཟུངས་སུ་འཛིན་ན་སེམས་ཅན་ཐམས་ཅད་ཀྱི་ཕུལ་དུ་འགྱུར། གཙོ་བོར་འགྱུར། མཆོག་དམ་པར་འགྱུར་ཏེ། དེ་བས་ན་མདོ་སྡེ་འདི་ནི་ཀུན་གྱི་གཙོ་བོ།། མཆོག་དམ་པ། ཕུལ་དུ་གྱུར་པས་ཨུ་ཞེས་བྱའོ།། དེ་ལ་ཨུ་ཞེས་བྱ་བ་ནི་ཇི་ལྟར་བའི་འོ་མ་རོ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་གྱུར་པ་ལྟར། དེ་བཞིན་གཤེགས་པའི་རང་བཞིན་ཡང་དེ་དང་འདྲ་སྟེ། མདོ་སྡེ་ཐམས་ཅད་ཀྱི་ནང་ན་གཙོ་བོ།། མཆོག་དམ་པ། ཕུལ་དུ་གྱུར་པའོ།། གང་ཞིག་འདི་ལ་འཕྱ་བ་འམ། སྐུར་ན་དེ་བྱོལ་སོང་དང་ཐ་མི་དད་པར་རིག་པར་བྱའོ།། གཞན་ཡང་ཨཱུ་ཞེས་བྱ་བ་ནི་གང་ཟག་དེ་ཡང་དག་པར་དྲན་པའི་ཤེས་རབ་མེད་པས། དེ་བཞིན་གཤེགས་པའི་སྙིང་པོ་ལ་འཕྱ་ཞིང་སྐུར་བས། གང་ཟག་དེ་ནི་ཤིན་ཏུ་སྙིང་བརྩེ་བའི་གནས་སུ་རིག་པར་བྱ་སྟེ། དེ་ནི་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་བདག་མེད་པ་བསྟན་པ་དང་བྲལ་བས་ཨཱུ་ཞེས་བྱའོ། ། དེ་ལ་ཨེ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཉིད་མྱ་ངན་ལས་འདས་པ་སྟེ། དེ་བས་ན་ཨེ་ཞེས་བྱའོ།། དེ་ལ་ཨཻ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དོན་ཏོ། ། གཞན་ཡང་ཨཻ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་གཤེགས་སམ། བཞུགས་སམ། རྨྱང་ངམ། བསྒྱུ་མ་མ་མ། བསྐྱོད་ཅིང་གཡོ་བ་ཐམས་ཅད་དུ་སོ་སོའི་སྐྱེ་བོ་ལ་ཕན་པ་དང་བདེ་བའི་དོན་དུ་མི་འགྱུར་བ་མ་ཡིན་ཏེ། དེ་ནི་ཨཻ་ཞེས་བྱའོ།། དེ་ལ་ཨོ་ཞེས་བྱ་བ་ནི་ཉོན་མོངས་པའི་དོན་ཏོ།། ཉོན་མོངས་པ་ནི་ཟག་པ་དང་བཅས་པ་ཞེས་བྱའོ། ། དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་ཐམས་ཅད་ཡོངས་སུ་བཅད་པས་ཨོ་ཞེས་བྱའོ།། དེ་ལ་ཨོཾ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་དོན་ཏེ། ཡི་གེ་འབྲུ་བཅུ་བཞི་པོ་མཐར་ཕྱིན་པའི་དོན་ཏོ། ། ཐེག་པ་ཆེན་པོའི་མདོ་སྡེའང་དེ་དང་འདྲ་སྟེ། མདོ་སྡེ་ཐམས་ཅད་ཀྱི་ནང་ན་མཐར་པའི་མཆོག་ཡིན་པས་ཨོཾ་ཞེས་བྱའོ།། དེ་ལ་ཨཾ་ཞེས་བྱ་བ་ནི་མ་བརྟགས་པའི་མི་གཙང་བའི་དངོས་པོ་ཐམས་ཅད་གསལ་ཏེ། སངས་རྒྱས་ཀྱི་བསྟན་པ་ལས་གསེར་དང་དངུལ་ལ་སོགས་པ་རིན་པོ་ཆེ་ཐམས་ཅད་མཐོང་ནུས་པས་ཨཾ་ཞེས་བྱའོ།། དེ་ལ་ཨཾ་ཞེས་བྱ་བ་ནི་ཐེག་པ་མཆོག་གོ་དོན་ཏོ། ། དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོའི་མདོ་མྱ་ངན་ལས་འདས་པ་ཆེན་པོ་འདིའང་མདོ་སྡེ་ཐམས་ཅད་ཀྱི་ནང་ན་གཙོ་བོ་དམ་པ། ཕུལ་དུ་གྱུར་པས་ཨཾ་ཞེས་བྱའོ།། དེ་ལ་ཀ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྐྱེ་བ་སྟེ། ཇི་ལྟར་སྒྲ་གཅན་འཛིན་བཞིན་དུ་སྲས་སུ་འདུ་ཤེས་ཤིང་། དགེ་བའི་དོན་དུ་འགྱུར་བས་ཀ་ཞེས་བྱའོ། ། དེ་ལ་ཁ་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་མ་ཡིན་པའོ།། དགེ་བའི་བཤེས་གཉེན་མ་ཡིན་པ་ནི་སྨེ་བ་རྩོག་པ་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མ་ཆེས་པས་ཁ་ཞེས་བྱའོ། ། དེ་ལ་ག་ཞེས་བྱ་བ་ནི་སྙིང་པོའི་སྙིང་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་སྟེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ཅེས་བྱ་བ་སྟེ། དེ་ནི་གེ་ཞེས་བྱའོ།། དེ་ལ་གྷ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྟག་པའི་སྒྲའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་རྟག་པའི་སྒྲ་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྟག་པ་གནས་པ། མི་འགྱུར་མི་འཕོ་བས་གྷ་ཞེས་བྱའོ།། དེ་ལ་ང་ཞེས་བྱ་བ་ནི་འདུ་བྱེད་ཐམས་ཅད་ཞིག་པའི་མཚན་ཉིད་དེ་བས་ན་ང་ཞེས་བྱའོ།། དེ་ལ་ཙ་ཞེས་བྱ་བ་ནི་བསྒོམ་པའི་དོན་ཏེ། སེམས་ཅན་ཐམས་ཅད་གདུལ་བ་ནི་བསྒོམ་པའི་དོན་ཅེས་བྱ་སྟེ་ཅི་ཞེས་བྱོའོ།། དེ་ལ་ཚ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ལ་གདུགས་ཆེན་པོ་ལྟར་སྐྱོབ་ཅིང་ཁེབས་པས་ཚ་ཞེས་བྱའོ། ། དེ་ལ་ཛ་ཞེས་བྱ་བ་ནི་ཡང་དག་པར་གྲོལ་བ་རྒ་བའི་མཚན་ཉིད་མེད་པས་ཛ་ཞེས་བྱའོ།། དེ་ལ་ཛྙཱ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པས་འཆིང་བ་ནི་ནགས་ཐིབས་པོ་དང་འདྲ་བས་ཛྙཱ་ཞེས་བྱའོ།། དེ་ལ་ཉ་ཞེས་བྱ་བ་ནི་ཤེས་རབ་ཀྱི་དོན་ཏོ།། ཡང་དག་པའི་ཆོས་ཉིད་ཤེས་པས་ན་ཉ་ཞེས་བྱའོ།། དེ་ལ་ཊ་ཞེས་བྱ་བ་ནི་འཛམ་བུ་ཀློང་དུ་སྐུ་བྱེད་བསྟན་ཏེ་ཆོས་བཤད་པ་ནི་ཟླ་བ་ཕྱེད་ལྟ་བུ་ཡིན་པས་རྦ་ཞེས་བྱའོ། ། དེ་ལ་ཏྲ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་ཟླ་བ་རྒྱས་དང་འདྲ་བས་ཏྲ་ཞེས་བྱའོ།། དེ་ལ་ཌ་ཞེས་བྱ་བ་ནི་དགེ་སློང་གླེན་པ་དག་རྟག་པ་དང་མི་རྟག་པ་མི་ཤེས་ཏེ། བྱིས་པ་ཆུང་དུ་དང་འདྲ་བས་ཌ་ཞེས་བྱའོ། ། དེ་ལ་ཌྷ་ཞེས་བྱ་བ་ནི་སློབ་དཔོན་གྱི་དྲིན་མི་ཤེས་ཏེ། ལུག་ཤ་ག་ཟན་དང་འདྲ་བས་ཌྷ་ཞེས་བྱའོ།། དེ་ལ་ཎ་ཞེས་བྱ་བ་ནི་འཕགས་པའི་དོན་མ་ཡིན་ཏེ། མུ་སྟེགས་ཅན་ལྟ་བུ་ཡིན་པ་ས་ཎ་ཞེས་བྱའོ། ། དེ་ལ་ཏ་ཞེས་བྱ་བ་ནི་གནས་གང་དུ་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། ཀྱེ་དགེ་སློང་དག་འཇིགས་ཤིང་སྐྲག་པ་སྤོངས་ཤིག་དང་། ཁྱེད་ལ་དམ་པའི་ཆོས་བསྟན་ནོ་ཞེས་བྱུང་བ་ནི་ཏེ་ཞེས་བྱའོ། ། དེ་ལ་ཐ་ནི་གླེན་པ་གཏི་མུག་པའི་དོན་ཏེ། སེམས་ཅན་འཁོར་བས་རྣམ་པར་གླགས་ཏེ། རྣམ་པར་འཁོར་བ་ནི་དར་གྱི་སྔོན་བུ་འམ། སྐུར་པ་ལྟ་བུ་ཡིན་པས་ཐ་ཞེས་བྱའོ། ། དེ་ལ་ད་ནི་སྦྱིན་པ་ཆེན་པོ་བྱིན་པ་སྟེ། ཐེག་པ་ཆེན་པོ་ཡིན་པས་ད་ཞེས་བྱའོ།། དེ་ལ་དྷ་ནི་ཡོན་ཏན་བསྔགས་ཤིང་བསྟོད་པ་འདི་ལྟ་སྟེ། དཀོན་མཆོག་གསུམ་ནི་རྀ་རབ་རིའི་རྒྱལ་པོ་དང་འདྲ་སྟེ། ཤིན་ཏུ་བཟང་ཞིང་མཐོ་ལ་ཡངས་ཤིང་ཆེ་བས་རྡིབ་ཅིང་འགྱེལ་བ་མེད་དོ་ཞེས་བྱ་བ་ནི་དྷ་ཞེས་བྱའོ།། དེ་ལ་ན་ནི་དཀོན་མཆོག་གསུམ་རབ་ཏུ་བརྟན་ཏེ་སྒོའི་གཏན་པ་དང་འདྲ་བར་མི་གཡོ་ཞེས་བྱ་བ་ནི་ནི་ཞེས་བྱའོ། ། དེ་ལ་པ་ནི་ཕྱིན་ཅི་ལོག་གི་དོན་ཏེ། གང་འདི་སྐད་དུ་དཀོན་མཆོག་གསུམ་ཟད་ཅིང་མེད་པར་འགྱུར་ཞེས་སྨྲ་ན། དེ་ནི་བདག་བསླུས་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་པ་ཞེས་བྱའོ།། དེ་ལ་བ་ནི་འཇིག་རྟེན་གྱི་བགེགས་ཏེ། འཇོག་རྟེན་ན་བསྐལ་པ་འབྱུང་བའི་ཚེ། དཀོན་མཆོག་གསུམ་ཡང་མེད་པར་འགྱུར་རོ་ཞེས་སྨྲ་ན། དེ་ནི་ཤིན་ཏུའང་གླེན་ཞིང་ཤེས་རབ་མེད་པ་སྟེ། འཕགས་པ་ལ་དབང་ཟ་བ་ཡིན་པས་པ་ཞེས་བྱའོ།། དེ་ལ་བ་ནི་སངས་རྒྱས་ཀྱི་སྟོབས་བཅུ་ཡིན་པས་པ་ཞེས་བྱའོ།། དེ་ལ་བྷ་ནི་ཁུར་ལྕི་བ་ཁྱེར་བ་སྟེ། བླ་ན་མེད་པའི་ཡང་དག་པའི་ཆོས་ཕྲག་པ་ལ་བཀུར་བཟོད་པས། དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་པར་རིག་པར་བྱ་སྟེ་བྷ་ཞེས་བྱའོ།། དེ་ལ་མ་ནི་ཤིན་ཏུ་སྡོམ་པ་གཉན་པ་བཅས་ཐེག་པ་ཆེན་པོའི་མདོ་སྡེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟེ་མ་ཞེས་བྱའོ། ། དེ་ལ་ཡ་ནི་བྱང་ཆུབ་སེམས་དཔའ་རྣམས་གནས་ཐམས་ཅད་དུ་སེམས་ཅན་རྣམས་ལ་ཐེག་པ་ཆེན་པོའི་ཆོས་སྟོན་པས་ཡ་ཞེས་བྱའོ། ། དེ་ལར་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཡོངས་སུ་བཅོམ་ནས་ཡང་དག་པའི་ཆོས་སྟོན་པས་ར་ཞེས་བྱའོ།། དེ་ལ་ལ་ནི་ཉན་ཐོས་ཀྱི་ཐེག་པ་ཅན་ནི་འགྱུར་བ་མི་གནས་པ་སྟེ། ཐེག་པ་ཆེན་པོ་ནི་བརྟན་པ་མི་གཡོ་བས། ཉན་ཐོས་ཀྱི་ཐེག་པ་སྤོང་ཞིང་བླ་ན་མེད་པའི་ཐེག་པ་ཆེན་པོ་ལ་བརྩོན་པས་ལ་ཞེས་བྱའོ།། དེ་ལ་ཝ་ནི་སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་གྱི་ཕྱིར་ཆོས་ཆེན་པོའི་ཆེར་ཕ་བ་ནས། འཇིག་རྟེན་གྱི་རིག་སྔགས་དང་། ཡི་གེ་དང་། གཙུག་ལག་ལ་སོགས་པ་ནི་ཝེ་ཞེས་བྱའོ།། དེ་ལ་ཤ་ནི་ཟུག་རྔུ་རྣམ་པ་གསུམ་པོ་ཡོངས་སུ་སྤངས་པས་ཤ་ཞེས་བྱའོ། ། དེ་ལ་ཥ་ནི་དོན་ཡོངས་སུ་རྫོགས་པ་སྟེ། གང་ཞིག་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་མཉན་ན། དེ་ནི་ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་ཐོས་ཤིང་འཛིན་པས་ཥ་ཞེས་བྱའོ། ། དེ་ལས་ནི་སེམས་ཅན་རྣམས་ལ་དམ་པའི་ཆོས་བསྟན་ཏེ། སེམས་དགའ་བར་འགྱུར་བས་ས་ཞེས་བྱའོ།། དེ་ལ་ཧ་ནི་སེམས་རབ་ཏུ་དགའ་སྟེ། བཅོམ་ལྡན་འདས་འདུ་བྱེད་ཐམས་ཅད་དང་བྲལ་བ་ངོ་མཚར་ཆེའོ།། ཨེ་མ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་བྱ་བ་ཧ་ཞེས་བྱའོ།། དེ་ལ་ཀྵཿ། ཞེས་བྱ་བ་ནི་བདུད་ཀྱི་དོན་ཏོ། ། ཚད་མེད་པའི་བདུད་ཀྱི་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་འཇིག་མི་ནུས་པས་ཀྵཱཿཞེས་བྱའོ།། གཞན་ཡང་ཀྵཿནི་འཇིག་རྟེན་པའི་རྗེས་སུ་ཕ་མ་དང་། ཆུང་མ་དང་། བུའི་བར་དུ་བསྟན་པས་ཀྵཿཞེས་བྱའོ།། དེ་ལ་ར་རཱྀ་ལྀ་ལཱྀ་ཞེས་བྱ་བའི་ཡི་གེ་བཞི་འདི་ནི་དོན་རྣམ་པ་བཞིའོ།། འདི་ལྟ་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། གཉེན་པོའི་ཆོས་སོ། ། དེ་ལ་གཉེན་པོའི་ཆོས་ནི་འཇིག་རྟེན་པའི་རྗེས་སུ་ལྷ་སྦྱིན་ལྟར་དགེ་འདུན་གྱི་དབྱེན་བྱས་པ་དང་། ཚུལ་ཁྲིམས་བཅས་པའི་ཕྱིར་གཟུགས་དང་། ཆཆལུགས་རྣམ་པ་སྣ་ཚོགས་བསྟན་ཀྱང་། མཁས་པ་ཤེས་རབ་ཅན་ནི་ཁོང་དུ་ཆུད་པས་དེ་ལ་མི་འཇིགས་ཏེ། འདི་ནི་འཇིག་རྟེན་གྱི་རྗེས་སུ་འཇུག་པ་ཡིན་པས། དེའི་ཕྱིར་རྀ་རཱྀ་ལྀ་ལཱྀ་ཞེས་བྱའོ།། དབུགས་རྔུབ་པ་དང་། ལྕེའི་དབང་པོ་དང་། སྣའི་དབུགས་རིང་ཐུང་དང་འདྲེན་པ་ལས་སྒྲའི་རྗེས་སུ་དོན་ཤེས་པར་འགྱུར་ཏེ། དེའང་ལྕེ་དང་སོ་ལས་རྣམ་པ་ཐ་དད་དུ་འགྱུར་རོ།། དེ་ལྟར་ཡི་གེའི་དོན་ནི་སེམས་ཅན་དག་གིས་ངག་གི་ལས་ཡོངས་སུ་དག་པར་འགྱུར་ཏེ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་ཡི་གེ་ལ་བལྟོས་པས། གདོད་ཡོངས་སུ་དག་པར་འགྱུར་བ་ནི་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་ཐོག་མ་ནས་རྣམ་པར་དག་པས། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་ནང་ན་གནས་ཀྱང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལྟ་བུ་ནི་མ་ཡིན་ནོ།། དེ་བས་ན་སེམས་ཅན་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་སྐྱབས་སུ་འགྲོ་བར་བྱའོ།། སངས་རྒྱས་ཀྱི་རང་བཞིན་གྱི་བྱོར་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པར་མཉམ་པར་བལྟའོ། ། དེ་བས་ན་ཡོ་གེ་བྱེད་པོ་ནི་མདོ་སྡེ་དང་། གཙུག་ལག་དང་། སྨྲ་བ་དང་། ཚིག་གིས་རྣམ་པར་རྒྱལ་བའི་རྩ་བ་ཡིན་ནོ།། ཡི་གེ་ཕྱེད་པོའི་དོན་ནི་ཀུན་ནས་ཉོན་མོངས་པ་ཀུན་གྱི་སྨྲ་བའི་རྩ་བ་ཡིན་པས་ཡི་གེ་ཕྱེད་ཅེས་བྱའོ།། ཡི་གེ་རྫོགས་པ་ནི་དགེ་བའི་ཆོས་ཐམས་ཅད་སྨྲ་བའི་རྩ་བའོ།། དཔེར་ན་འཇིག་རྟེན་ན་གང་སྡིག་པ་མི་དགེ་བ་བྱེད་པ་ནི་སྐྱེས་བུ་ཕྱེད་ཅེས་བྱའོ། ། དགེ་བ་ཀུན་སྤྱོད་པ་ནི་རྫོགས་པ་ཞེས་བྱའོ།། དེ་ལྟར་ན་མདོ་སྡེ་དང་། གཙུག་ལག་དང་། སྨྲ་བ་ཐམས་ཅད་ནི་ཡི་གེ་བྱེད་བོ་རྩུ་བར་འགྱུར་རོ། ། དེ་ལ་གང་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པ་དང་། ཡང་དག་པར་རྣམ་པར་གྲོལ་བ་དང་། ཡི་གེ་ཕྱེད་པོའི་ནང་དུ་འཇུག་ཅེས་སྨྲ་ན་དེ་ལྟ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཡི་གེ་དང་བྲལ་བའི་ཕྱིར་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ལ་མ་ཐོགས་མ་ཆགས་ཏེ། ཡང་དག་པར་རྣམ་པར་གྲོལ་ལོ།། དེ་ལ་ཡི་གེའི་དོན་རྟོགས་ཤིང་ཤེས་པ་གང་ཞེ་ན། གང་ཞིག་དེ་བཞིན་གཤེགས་པ་འཇིག་རྟེན་དུ་གཤེགས་ནས་ཡི་གེ་ཕྱེད་པོ་མེད་པར་བྱས་པ་ཤེས་ན། དེ་ནི་ཡི་གེའི་དོན་ཤེས་ཤིང་རྟོགས་པ་ཞེས་བྱའོ།། གང་ཡི་གེ་བྱེད་པོའི་དོན་གྱི་རྗེས་སུ་འཇུག་པ་ནི་དེ་བཞིན་གཤེགས་པའི་རང་བཞིན་མ་ཤེས་པའོ། ། དེ་ལ་ཡི་གེ་མེད་པའི་དོན་གང་ཞེ་ན། གང་མི་དགེ་བའི་ཆོས་ལ་བསྙེན་ཅིང་སྤྱོད་པ་དེ་ནི་ཡི་གེ་མེད་པ་ཞེས་བྱའོ། ། གཞན་ཡང་ཡི་གེ་མེད་པ་ནི་དགེ་བའི་ཆོས་ལ་བསྙེན་ཅིང་སྤྱོད་ཀྱང་། དེ་བཞིན་གཤེགས་པ་རྟག་གམ། མི་རྟག་གམ། ཐེར་ཟུག་གམ། ཐེར་ཟུག་མ་ཡིན་པ་མི་ཤེས། ཆོས་དང་དགེ་འདུན་ཡང་མི་ཤེས། འདུལ་བ་དང་། འདུལ་བ་མ་ཡིན་པ་དང་། མདོ་སྡེ་དང་། མདོ་སྔ་མ་ཡིན་པ་དང་། བདུད་ཀྱིས་བསྟན་པ་དང་། སངས་རྒྱས་ཀྱིས་བསྟན་པ་མི་ཤེས་ཏེ། བྱེ་བྲག་མི་ཕྱེད་པ་དེ་ནི་ཡི་གེ་མེད་པའི་དོན་ལ་ཞུགས་པ་ཞེས་བྱའོ།། དེ་ལྟར་ནངས་ཡི་གེ་མེད་པའི་དོན་གྱི་རྗེས་སུ་འཇུག་པའང་ངས་བཤད་དོ།། རིགས་ཀྱི་བུ་དེ་བས་ན་ཁྱོད་ཀྱིས་ཡི་གེ་བྱེཕྱེད་པོ་སྤངས་ཏེ། ཡི་གེ་རྫོགས་པ་ལ་ཤིན་ཏུ་མཁས་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་ཡི་གེའི་གྲངས་ཤིན་ཏུ་མཁས་པར་བགྱིའོ། ། བདག་ཅག་གི་སྟོན་པ་བླ་ན་མེད་པ་དང་ཡང་མཇལ་བས། དེ་བཞིན་གཤེགས་པས་བསྟན་པའི་བཀའ་བཞིན་དུ་བགྱིའོ།། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་བཀའ་སྩལ་པ། ལེགས་སོ་ལེགས་སོ།། གང་དམ་པའི་ཆོས་བསྙེན་པར་འདོད་པ་དག་དེ་བཞིན་དུ་བསླབ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟ་སྟེ། བྱའི་ནང་ན་ཀ་ལན་ཏ་ཀ་དང་། བྱ་ངུར་པ་ནི་གར་སོང་ཡང་མི་འབྲལ་ཏེ་ལྷན་ཅིག་གོ། དེ་བཞིན་དུ་སྡུག་བསྔལ་དང་། མི་རྟག་པ་དང་། བདག་མེད་པའང་དེ་དང་འདྲ་སྟེ་མི་འབྲལ་ལོ། ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་སྡུག་བསྔལ་བ་དང་། མི་རྟག་པ་དང་། བདག་མེད་པ་ལ་བྱ་ངུར་པ་དང་། བྱཱ་ཀ་ལན་ཏ་ཀ་ལྟ་བུ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སྡུག་བསྔལ་གྱི་ཆོས་ཀྱང་གཞན་ལ། བདེ་བའི་ཆོས་ཀྱང་གཞན། རྟག་པའི་ཆོས་ཀྱང་གཞན་ལ། མི་རྟག་པའི་ཆོས་ཀྱང་གཞན། བདག་ཅེས་བྱ་བའི་ཆོས་ཀྱང་གཞན་ལ། བདག་མེད་ཅེས་བྱ་བའི་ཆོས་ཀྱང་གཞན་ནོ།། དཔེར་ན་འབྲས་ནི་ནས་ལས་གཞན་ལ། ནས་ཀྱང་སྲན་དང་བུ་རམ་ཤིང་ལས་གཞན་ནོ། ། དེ་ལྟར་རྣམ་པ་དེ་བདག་ཐོག་མ་མྱུ་གུ་བྱུང་བ་ནས། ལོ་མ་དང་མེ་ཏོག་གི་བར་དུ་ནི་མི་རྟག་གོ།། འབྲས་བུར་སྨིན་ནས་མིས་ཡོངས་སུ་སྤྱོད་པ་ན་རྟག་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། མཚན་ཉིད་ཀྱིས་ཡང་དག་པ་བདེན་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་དེ་ལྟར་དངོས་པོ་དེ་དག་རྟག་པ་ལགས་ན་དེ་བཞིན་གཤེགས་པ་དེ་དང་འདྲ་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་སྐད་ཅེས་མ་ཟེར་ཅིག། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་རི་རབ་རིའི་རྒྱལ་པོ་དང་འདྲའོ་ཞེས་བྱ་ན། ཅི་བསྐལ་པས་བཤིག་པའི་ཚེ། རི་རབ་ལྷུན་པོ་ནི་འཇིག་ཅིང་བསྙིལ་བར་འགྱུར་ན། དེ་བཞིན་གཤེགས་པའང་དེའི་ཚེ་འཇིག་པར་འགྱུར་རམ། རིགས་ཀྱི་བུ་ཁྱོད་ཀྱིས་ནི་དོན་དེ་དག་ཞུ་བར་མི་བྱའོ། ། རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱི་ནང་ན་མྱ་ངན་ལས་འདས་པ་མ་གཏོགས་པར་ཆོས་གཅིག་ཀྱང་རྟག་ཅེས་བྱ་བ་མེད་དེ། ཀུན་རྫོབ་ཏུ་འབྲས་བུ་ནི་རྟག་ཅེས་གཟུངས་སོ། ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས་ལེགས་སོ་ཤིན་ཏུ་ལེགས་སོ།། བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་ནོ། ། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། རིགས་ཀྱི་བུ་མདོ་སྡེ་ལ་སོགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་ནན་ཏན་བྱས་ཀྱང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མ་ཐོས་ན་ཐམས་ཅད་མི་རྟག་ཅེས་སྨྲ། མདོ་སྡེ་འདི་ཐོས་ནས་ཉོན་མོངས་པ་དང་བཅས་ཀྱང་ཉོན་མོངས་པ་མེད་པ་དང་འདྲ་སྟེ། ལྷ་དང་མིར་བཅས་པའི་འཇིག་རྟེན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་བྱེད་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། བདག་གི་ལུས་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་རྟོགས་པས་རྟག་པ་ཞེས་བྱའོ། ། རིགས་ཀྱི་བུ་གཞན་ཡང་དཔེར་ན་ཤིང་ཨམ་བྲལ་མེ་ཏོག་མ་བྱུང་བ་ན་མི་རྟག་པ་ཞེས་བྱའོ།། འབྲས་བུར་མངོན་དུ་གྱུར་ནས་ཕན་པའི་དོན་དུ་འགྱུར་པས་རྟག་པ་ཞེས་བྱའོ། ། དེ་ལྟར་ན་རིགས་ཀྱི་བུ་མདོ་སྡེ་ཐམས་ཅད་ལས་བྱུང་བའི་ཏིང་ངེ་འཛིན་བསྒོམས་ཀྱང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་མ་ཐོས་ན་ཐམས་ཅད་མི་རྟག་ཅེས་སྨྲའོ།། ། གལ་ཏེ་འདི་ཐོས་ནས་ཉོན་མོངས་པ་དང་བཅས་ཀྱང་ཉོན་མོངས་པ་མེད་པ་དང་འདྲ་སྟེ། ལྷ་དང་མི་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་བྱེད་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། བདག་གི་ལུས་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་རྟོགས་པའི་རྟག་པ་ཞེས་བྱའོ། ། རིགས་ཀྱི་བུ་གཞན་ཡང་དཔེར་ན་གསེར་གྱི་གར་བུ་བཞུ་སྟེ། ཞུ་བའི་ཚེན་མི་རྟག་པ་ཞེས་བྱའོ།། ཞུ་ནས་གསེར་དུ་གྱུར་ཏེ་ཕན་པའི་དོན་དུ་གྱུར་པས་ན་རྟག་པ་ཞེས་བྱའོ། ། དེ་ལྟར་ན་རིགས་ཀྱི་བུ་མདོ་སྡེ་ཐམས་ཅད་ཀྱི་ཏིང་ངེ་འཛིན་བསྒོམས་ཀྱང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་མ་ཟོས་ན་ཐམས་ཅད་མི་རྟག་ཅེས་བྱའོ།། མདོ་སྡེ་འདི་ཐོས་ནས་ཉོན་མོངས་པ་དང་བཅས་ཀྱང་ཉོན་མོངས་པ་མེད་པ་དང་འདྲ་སྟེ། ལྷ་དང་མི་ཐམས་ཅད་ལ་ཕན་པ་དང་བདེ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། བདག་གི་ལུས་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་རྟོགས་པས་རྟག་པ་ཞེས་བྱའོ། ། རིགས་ཀྱི་བུ་གཞན་ཡང་དཔེར་ན་ཏིལ་ནི་མ་བཙིར་བའི་ཚེ་མི་རྟག་པ་ཞེས་བྱའོ།། བཙིར་ཏེ་མར་དུ་གྱུར་ནས་ཕན་པའི་དོན་དུ་འགྱུར་བས་རྟག་པ་ཞེས་བྱའོ།། རིགས་ཀྱི་བུ་མདོ་སྡེ་ཐམས་ཅད་ཀྱི་ཏིང་ངེ་འཛིན་བསྒོམས་ཀྱང་། ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་མ་ཐོས་ན་ཐམས་ཅད་མི་རྟག་ཅེས་སྨྲའོ།། མདོ་སྡེ་འདི་ཐོས་ནས་ཉོན་མོངས་པ་དང་བཅས་ཀྱང་ཉོན་མོངས་པ་མེད་པ་དང་འདྲ། སྟེ། ལྷ་དང་མི་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། བདག་གི་ལུས་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་རྟོགས་པས་རྟག་པ་ཞེས་བྱའོ།། རིགས་ཀྱི་བུ་གཞན་ཡང་དཔར་ན་འབབ་ཆུ་ཐམས་ཅད་ནི་རྒྱ་མཚོར་འབབ་པོ། ། དེ་བཞིན་དུ་མདོ་སྡེ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ཀྱང་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ལ་འབབ་པོ།། དེ་ཅིའི་ཕྱིར་ཞེ་ན། མཐར་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ལེགས་པར་གསུངས་པའི་ཕྱིར་རོ། ། རིགས་ཀྱི་བུ་དེ་བས་ན་རྟག་པའི་ཆོས་ཀྱང་གཞན་ལ། མི་རྟག་པའི་ཆོས་ཀྱང་གཞན་ཞེས་ངས་གསུངས་ཏེ། བདག་མེད་པའི་བར་དུའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ།། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་སྨོས་པའི་མྱ་ངན་གྱི་ཟུག་རྔུ་དང་བྲལ་བའོ། ། སྨོས་པའི་མྱ་ངན་ཅན་ནི་གནམ་གྱི་ལྷ་ལགས་ཏེ། དེ་བཞིན་གཤེགས་པ་ནི་ལྷ་མ་ལགས་སོ།། སྨོས་པའི་མྱ་ངན་ཅན་ནི་མི་ལགས་ཏེ། དེ་བཞིན་གཤེགས་པ་ནི་མི་མ་ལགས་སོ། ། སྨོས་པའི་མྱ་ངན་ཅན་ནི་སྲིད་པ་ཉི་ཤུ་ལྔ་པོ་ལགས་ཏེ། དེ་བཞིན་གཤེགས་པ་ནི་སྲིད་པ་ཉི་ཤུ་ལྔ་པོ་མ་ལགས་སོ།། དེ་བས་ན་དེ་བཞིན་གཤེགས་པ་ལ་སྨོས་པའི་མྱ་ངན་མི་མངའ་ནཅིའི་སླད་དུ་དེ་བཞིན་གཤེགས་པ་ལ་སྨོས་པའི་མྱ་ངན་མངའ་ཞེས་བསྒྲགས་ཤིང་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རིགས་ཀྱི་བུ་འདུ་ཤེས་མེད་པའི་ལྷ་ནི་འདུ་ཤེས་མེ་པ་ཞེས་བྱའོ། ། གལ་ཏེ་འདུ་ཤེས་མེད་ན་འཚོ་བའི་སྲོག་ཀྱང་མེད་དོ།། གལ་ཏེ་འཚོ་བའི་སྲོག་མེད་ན་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ག་ལ་ཞིག་ཡོད་དེ། དེ་བས་ན་འདུ་ཤེས་མེད་པའི་ལྷའི་སྲོག་ནི་འདི་ན་གནས་སོ་ཞེས་སྨྲར་མི་རུང་ངོ་། ། རིགས་ཀྱི་བུ་དཔེར་ན་ཤིང་གི་ལྷ་ལྟ་བུ་ཤིང་ལ་གནས་ཀྱང་། ཡལ་གའམ། འཛེར་པ་འམ། སྡོང་པོ་འམ།། ལོ་མ་ལ་ངེས་པར་གནས་ཤེས་བྱར་མི་རུང་སྟེ། གནས་མ་ངེས་ཀྱང་མེད་ཅེས་བྱར་མི་རུང་ངོ་།། འདུ་ཤེས་མེད་པའི་ལྷའི་སྲོག་ཀྱང་དེ་དང་འདྲའོ།། རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་ཀྱང་དེ་དང་འདྲ་སྟེ། ཤིན་ཏུ་ཟབ་པ་ལ་རྟོགས་པར་དཀའའོ།། དེ་བཞིན་གཤེགས་པ་ལ་སྨོས་པའི་མྱ་ངན་དང་སྡུག་བསྔལ་བ་མེད་ཀྱང་། སེམས་ཅན་ལ་ཐུགས་རྗེ་ཆེན་པོ་བསྐྱེད་པའི་ཕྱིར་སྨོས་པའི་མྱ་ངན་ཡོད་པར་སྟོན་ཏེ། སེམས་ཅན་རྣམས་ལ་སྒྲ་གཅན་འཛིན་ལྟ་བུར་གཟིགས་སོ། ། གཞན་ཡང་རིགས་ཀྱི་བུ་འདུ་ཤེས་མེད་པའི་ལྷའི་སྲོག་ནི་སངས་རྒྱས་ཉག་གཅིག་གིས་མཁྱེན་གྱི། གཞན་གྱིས་རྟོགས་པ་འམ་ཤེས་པ་མ་ཡིན་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེངས་ཀྱི་ལྷའང་དེ་དང་འདྲའོ། ། འོད་སྲུངས་དེ་བཞིན་གཤེགས་པའི་རང་བཞིན་ནི་ཡོངས་སུ་དག་ཅིང་ཆགས་པ་མེད་པ་སྟེ། དཔེར་ན་སྤྲུལ་པ་ལྟ་བུ་ཡིན་ན་སྨོས་པའི་མྱ་ངན་དང་སྡུག་བསྔལ་ག་ལ་ཞིག། ཡོད། གལ་ཏེ་དེ་བཞིན་གཤེགས་པ་ལ་མྱ་ངན་མེད་ན་ཇི་ལྟར་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་འགྱུར་ཞིང་། སངས་རྒྱས་ཀྱི་ཆོས་རྒྱས་པར་སྟོན་པར་འགྱུར། ཅི་སྟེ་མེད་ན་ཅིའི་ཕྱིར་སེམས་ཅན་ཐམས་ཅད་ལ་སྲས་སྒྲ་གཅན་འཛིན་དང་འདྲ་བར་གཟིགས་སོ་ཞེས་གསུངས། ཇི་ལྟར་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་འཛིན་དང་འདྲ་བར་མི་གཟིགས་ན། དེ་སྐད་དུ་གསུངས་པ་དེའང་བརྫུན་པར་འགྱུར་རོ།། དེ་བས་ན་རིགས་ཀྱི་བུ་སངས་རྒྱས་ཀྱང་བསམ་གྱིས་མི་ཁྱབ་ལ། ཆོས་ཀྱང་བསམ་གྱིས་མི་ཁྱབ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་བསམ་གྱིས་མི་ཁྱབ། འདུ་ཤེས་མེད་པའི་ལྷའི་ཚེ་ཚད་ཀྱང་བསམ་གྱིས་མི་ཁྱབ་བོ། ། དེ་བཞིན་གཤེགས་པ་ལ་མྱ་ངན་ཡོད་ཅེས་པ་དང་། མྱ་ངན་མེད་ཅེས་པ་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་གྱིས། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པ་ནི་མ་ཡིན་ནོ། ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་སྟོང་པ་ལ་ཁང་པ་དང་རྡུལ་ཕྲ་མོ་ལ་སོགས་པའང་མི་ཆགས་ཏེ། ཅི་སྟེ་ཁང་པ་ནི་ནམ་མཁའ་ལ་མི་རྟེན་ཞེས་བྱ་བའང་གནས་མེད་དོ། ། དེ་བས་ན་ཁང་པ་ནི་ནམ་མཁའ་ལ་གནས་ཤེ་འམ། ནམ་མཁའ་ལ་མི་གནས་ཤེས་བྱར་མི་རུང་ངོ་།། བྱིས་པ་སོ་སོའི་སྐྱེ་བོ་དག་ནི་ཁང་པ་ནི་ནམ་མཁའ་ལ་གནས་ཤེས་སྨྲ་མོད་ཀྱི། ན་མོ་མཁའ་ནི་ཡང་དག་པར་ན་གནས་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་གནས་པའི་ཕྱིར་རོ།། རིགས་ཀྱི་བུ་སེམས་ཀྱང་དེ་དང་འདྲ་སྟེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་གནས་ཤེ་འམ། མི་གནས་ཤེས་བྱར་མི་རུང་ངོ་།། འདུ་ཤེས་མེད་པའི་ལྷའི་ཚེ་ཚད་ཀྱང་དེ་དང་འདྲ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པའི་མྱ་ངན་ཡང་དེ་དང་འདྲའོ།། ཅི་སྟེ་མྱ་ངན་མེད་པ་ན་ཅིའི་ཕྱིར་སེམས་ཅན་ལ་སྲས་སྒྲ་གཅན་འཛིན་དང་འདྲ་བར་གཟིགས་ཤེས་གསུངས། ཅི་སྟེ་ཡོད་ན་ཅིའི་ཕྱིར་རང་བཞིན་གྱིས་ནམ་མཁའ་དང་འདྲའོ་ཞེས་གསུངས། རིགས་ཀྱི་བུ་དཔེར་ན་སྒྱུ་མ་མཁན་ཞིག་ཁང་པ་དང་། གསོད་པ་དང་། གསོ་བ་དང་། འཆིང་བའི་ཟག་པ་དང་། བཏང་བ་དང་། གཞན་ཡང་གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་དང་། ནགས་ཚལ་དང་། ཤིང་གེལ་བ་ལ་སོགས་པ་སྣ་ཚོས་བྱས་ན། དེ་ལ་ནི་བདེན་པའི་རང་བཞིན་མེད་དོ།། དེ་བཞིན་གཤེགས་པའང་དེ་དང་འཇ་སྟེ། འཇིག་རྟེན་པའི་རྗེས་སུ་མྱ་ངན་ལ་སོགས་པ་སྟན་གྱི། བདེན་པ་ནི་མ་ཡིན་ནོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་ཡོངས་སུ་མྱ་ངན་ལས་འདས་ན། དེ་ལ་མྱ་ངན་དང་སྡུག་བསྔལ་ག་ལ་ཞིག་ཡོད། གང་ཞིག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཏེ་མི་རྟག་གོ་སྙམ་སེམས་ན། གང་ཟག་དེ་ཉིད་མྱ་ངན་དང་བཅས་པར་ཡིན་པར་རིག་པར་བྱའོ། ། དེ་ལ་གང་ཞིག་དེ་བཞིན་གཤེགས་པ་མྱ་ངན་ལས་མ་འདས་ཤེའམ། རྟག་པ་གནས་པ་མི་འགྱུར་བར་སེམས་ན། གང་ཟག་དེ་ནི་མྱ་ངན་མེད་པ་སྟེ། དེ་བཞིན་གཤེགས་པ་ལ་མྱ་ངན་ཡོད་པར་རམ་མྱ་ངན་མེད་པར་ཤེས་པ་མེད་དོ། ། གཞན་ཡང་རིགས་ཀྱི་བུ་དཔེར་ན་མི་མ་རབས་ཐ་མ་ནི་སྐྱེས་བུ་འབྲིང་དང་རབ་ཀྱི་ཆོས་མི་ཤེས་སོ།། སྐྱེས་བུ་འབྲིང་ཡང་སྐྱེས་བུ་རབ་ཀྱི་ཆོས་མི་ཤེས་སོ། ། སྐྱེས་བུ་རབ་ནི་རབ་ཀྱི་ཆོས་ཀྱང་ཤེས་ལ། འབྲིང་དང་ཐ་མའི་ཆོས་ཀྱང་ཤེས་སོ།། ཉན་ཐོས་དང་རང་སངས་རྒྱས་ཀྱང་དེ་དང་འདྲ་སྟེ། བདག་གིས་ཤེས་པར་ཟད་ཀྱི། དེ་བཞིནི་གཤེགས་པ་ནི་དེ་ལྟ་མ་ཡིན་ཏེ། བདག་གིའང་མཁྱེན་ལ། གཞན་གྱིའང་མཁྱེན་པ། དེའི་ཕྱིར་ན་དེ་བཞིན་གཤེགས་པ་ནི་ཐོགས་པ་མེད་པའི་ཡེ་ཤེས་ཤེས་བྱའོ།། འཇིག་རྟེན་གྱི་རྗེས་སུ་སྒྱུ་མ་དང་འདྲ་བ་བསྟན་པས། བྱས་པ་ཤའི་མིག་ཅན་དག་ནི་ཡང་དག་པ་བདེན་པ་ཡིན་ནོ་སྙམ་སེམས་ཏེ། དེས་དེ་བཞིན་གཤེགས་པའི་ཐོགས་པ་མེད་པའི་ཡེ་ཤེས་པར་འགྱུར་བའི་གནས་མེད་དོ།། མྱ་ངན་ཡོད་དམ་མྱ་ངན་མེད་པ་ནི་སངས་@རྒྱས་ཉག་གཅིག་གིས་མཁྱེན་པས། དེའི་ཕྱིར་ན་བདག་ཡོད་པའི་ཆོས་ཀྱང་གཞན་ལ། བདག་མེད་པའི་ཆོས་ཀྱང་གཞན་ཏེ། བྱ་ངུར་བྱལ། ཀ་ཡན་ཏ་ཀ་ལྟ་བུའོ།། གཞན་ཡང་། རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་ནི་བྱི་ངུར་པ་ལྷན་ཅིག་འགྲོ་བ་དང་མཚུངས་སོ།། བྱ་ངུར་བ་དང་། ཀ་ལན་ཏ་ཀ་ནི་དབྱར་ཆུ་ཟུག་པ་ན་གནས་མཐོ་ཞིང་བརྩན་པོར་ཕྲུག་གུ་ཐགས་ནས། གསོ་བའི་ཕྱིར་གདོང་གང་ན་ཆུ་ཡོད་པར་འགྲོའོ། ། དེ་བཞིན་གཤེགས་པ་འཇིག་རྟེན་དུ་གཤེགས་པའང་དེ་དང་རདྲ་སྟེ། ཚད་མེད་པའི་སེམས་ཅན་དམ་པའི་ཆོས་ཀྱིས་སྐྱོངས་པ། ཇི་ལྟར་བྱ་ངུར་པ་དང་། ཀ་ལན་ཏ་ཀ་ལ་སོགས་པ་གནས་བརྩན་ཞིང་མཐོན་པོར་ཕྲུག་གུ་འཇོག་པ་དང་འདྲ་བར། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སེམས་ཅན་གྱི་མཛད་པ་ཀུན་མཛོད་ནས། ཡོངས་སུ་མྱ་ངན་ལས་འདས་པར་གཤེགས་སོ། ། རིགས་ཀྱི་བུ་དེ་ནི་སྔགས་བསྔལ་གྱི་ཆོས་ཀྱང་གཞན་ལ། བདེ་བའི་ཆོས་ཀྱང་གཞན་ཏེ། འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་པ། མྱ་ངན་ལས་འདས་པ་ནི་བདེ་བའོ།། དོན་དམ་པར་ནི་འདུ་བྱེད་ཐམས་ཅད་འཇིག་པའོ། ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་སེམས་ཅན་མྱ་ངན་ལས་འདའ་བ་ཐོབ་པ་དག་རབ་ཏུ་བདེ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རིགས་ཀྱི་བུ་ངས་གསུངས་པ་ལྟར་ན། འདུ་བྱེད་ཐམས་ཅད་འདུས་པ་ནི་རྒ་བ་དང་འཆི་བའོ་ཞེས་གསུངས་སོ།། བག་དང་ལྡན་ཞིང་བག་བྱེད་པ། དེ་ནི་བདུད་རྩི་ལྟ་བུའི་གནས།། བག་དང་ལྡན་ཞིང་བག་བྱེད་པ།། དེ་ནི་འཆི་བའི་ཚིག་ཡིན་ནོ།། དེ་ལ་བག་བྱེད་པ་དག་ནི་མི་འཆི་བའི་གནས་ཀྱང་ཐོབ། དེ་ལ་བག་མེད་པ་དག་ནི་རྟག་ཏུ་འཆི་བའི་ལམ་དུ་འགྲོ། གང་བག་མི་བྱེད་པ་ནི་འདུས་བྱས་ཀྱི་ཆོས་ཤེས་བྱའོ།། གང་འདུས་བྱས་ཀྱི་ཆོས་དེ་ནི་སྡུག་བསྔལ་བའི་མེ་ཆོས་ཡིན་ནོ།། གང་བག་བྱེད་པ་ནི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། མྱ་ངན་ལས་འདས་པ་ནི་བདུད་རྩི་ཞེས་བྱ་སྟེ། བདེ་བའི་མཆོག་གོ།། གལ་ཏེ་འདུ་བྱེད་ལ་ཞུགས་ན་འཆི་བའི་གནས་ཤེས་བྱ་སྟེ། སྡུག་བསྔལ་གྱི་མཆོག་ཏུ་འགྱུར་རོ།། གལ་ཏེ་མྱ་ངན་ལས་འདས་པར་ཕྱིན་ན་མི་འཆི་བ་ཞེས་བྱ་སྟེ། བདེ་བའི་མཆོག་མྱོང་བར་འགྱུར་རོ།། གལ་ཏེ་བག་བྱེད་ན་འདུ་བྱེད་མང་པོས་འདུས་ཀྱང་རྟག་པ། བདེ་བ། མི་འཆི་བ། མི་འཇིག་པ་ཞེས་བྱའོ།། དེ་ལ་བག་མེད་པ་ནི་གང་ཟག་བྱེད་པ་ནི་གང་ཞེ་ན། འཕགས་པ་མ་ཡིན་པ་བྱིས་པ་མ་རབས་ནི་བག་མེད་པ་སྟེ། འཆི་བ་དང་བཅས་པའི་ཆོས་ཅན་ནོ།། འཇིག་རྟེན་ལས་འདས་པའི་འཕགས་པ་ནི་བག་དང་ལྡན་པ་སྟེ་རྒ་མེད་པའོ། ། དེ་ཅིའི་ཕྱིར་ཞེ་ན། མཆོག་ཏུ་བདེ་བའི་མྱ་ངན་ལས་འདས་པར་ཞུགས་པའི་ཕྱིར་རོ།། དེ་བས་ན་སྡུག་བསྔལ་བའི་ཆོས་ཀྱང་གཞན་ལ། བདེ་བའི་ཆོས་ཀྱང་གཞན་ནོ།། བདག་ཅེས་བྱ་བའི་ཆོས་ཀྱང་གཞན་ལ། བདག་མེད་པའི་ཆོས་ཀྱང་གཞན་ཏེ། ཇི་ལྟར་ས་ལ་འགྲོ་བའི་མི་དག་ནམ་མཁའི་བྱ་རྗེས་བརྟགས་ན་མི་མཐོང་བ་བཞིན་ནོ།། རིགས་ཀྱི་བུ་སེམས་ཅན་ཡང་དེ་དང་འདྲ་སྟེ། འཕྲུལ་གྱི་མོག་ནི་མེད་ཀྱིས། ཉོན་མོངས་པ་དང་བཅས་པས་བདག་ལ་སངས་རྒྱས་ཀྱི་རང་བཞིན་སོང་བར་མི་མཐོང་སྟེ། དེ་བས་ན་ངས་བདག་མེད་པ་ཞེས་བྱ་བ་བསྟན་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འཕྲུལ་གྱི་མིག་མེད་པ་དག་བདག་ཅེས་བྱ་བ་ཡང་དག་པ་ནི་མི་ཤེས་ཀྱི། ཐ་དགས་སུ་བདག་ཅེས་བྱ་བ་འཛིན་པས་ཉོན་མོངས་པའི་དབང་གིས་འདུས་བྱས་ལ་རྣམ་པར་འདུ་བྱེད་དེ་མི་རྟག་པ་ཞེས་བྱའོ། ། དེ་བས་ན་ངས་རྟག་པའི་ཆོས་ཅན་ཡང་གཞན་ལ། མི་རྟག་པའི་ཆོས་ཀྱང་གཞན་ཞེས་བཤད་དོ།། དེ་ལ་འདི་སྐད་ཅེས་བྱའོ།། དཔའ་ཞིང་ཅོན་ནུས་པ་དག་ནི།། རི་ཡི་རྩེ་མོ་ལ་འདུག་གམ་ཐང་ངམ་དགོན་པ་གར་གནས་ཀྱང་། ། བྱིས་པ་མ་རབས་རྟག་ཏུ་མཐོང་།། ཡེ་ཤེས་ཆེན་པོའི་གནས་ཕྱིན་ཏེ།། བླ་ན་མེད་པའི་སྟེགས་འཛེགས་ན།། བདག་གི་མྱ་ངན་ཀུན་སེལ་བས།། སེམས་ཅན་ཀུན་གྱི་མྱ་ངན་མཐོང་། ། དེ་བཞིན་གཤེགས་པ་ནི་ཚད་མེད་པའི་ཉོན་མོངས་པ་ཐམས་ཅད་བཅོམ་ནས་ཡེ་ཤེས་ཀྱི་རི་བོ་ལ་ཞུགས་པས། སོ་སོའི་སྐྱེ་བོ་ཐམ་ན་ནི་རྟག་ཏུ་ཚད་མེད་པའི་ཉོན་མོངས་པས་རྣམ་པར་གཟིར་བ་གཟིགས་སོ། ། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་གསུངས་པ་ལྔར་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། མྱ་ངན་ལས་འདས་པ་ལ་མྱ་ངན་ཞེས་བགྱི་བའང་མ་མཆིས། དགའ་བའང་མ་མཆིས་ན། ཅིའི་སླད་དུ་ཡེ་ཤེས་ཀྱི་སྟེགས་ལ་འཛེགས་པ་དང་། རིའི་རྩེ་མོ་ལྟ་བུར་ཕྱིན་པ་དང་འཇ་སྟེ།། སེམས་ཅན་ཐམས་ཅད་མཐོང་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཡེ་ཤེས་ཀྱི་སྟེགས་ནི་མྱ་ངན་ལས་འདས་པ་ལ་བྱའོ།། མྱ་ངན་མེད་པ་ནི་དེ་བཞིན་གཤེགས་པའོ།། ངན་དང་བཅས་པ་ནི་བྱིས་པ་མ་རབས་ཀྱི་རྣམས་སོ།། བྱིས་པ་མ་རབས་ནི་མྱ་ངན་དང་བཅས་པ། དེ་བཞིན་གཤེགས་པ་ནི་མྱ་ངན་མེད་པ་ཞེས་བྱའོ།། རི་རབས་ཀྱི་རྩེ་མོ་ཞེས་བྱ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། ། གང་བརྩོན་འགྲུས་ལ་འབད་པ་ནི་རི་རབས་ལྷུན་པོ་ལྟ་བུ་སྟེ། མི་གཡོ་མི་ལྡེག་པའོ།། ས་ཞེས་བྱ་བ་ནི་འདུས་བྱས་ཀྱི་རྣམ་པར་འདུ་བྱེད་པ་སྟེ། བྱིས་པ་མ་རབས་དག་ནི་ས་དེ་ལ་གནས་ནས་འདུས་བྱས་ལ་རྣམ་པར་འདུ་བྱེད་དོ། ། མཁས་པ་ཤེས་རབ་ཅན་དག་ནི་མངོན་པར་སངས་རྒྱས་པ་སྟེ། ཡོད་པ་རྣམ་པར་སྤངས་ནས་རྟག་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ།། དེ་བཞིན་གཤེགས་པས་ནི་སོ་སོའི་སྐྱེ་བོ་ཚད་མེད་པ་དག་སྲིད་པའི་ཟུག་རྔུས་ཟུག་པ་ལ་ཐུགས་བརྩེ་བའི་ཕྱིར། དེ་བཞིན་གཤེགས་པ་ལ་མྱ་ངན་ཡོད་ཅེས་བྱའོ།། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་གསོལ་པབཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པ་ལ་མྱ་ངན་མངར་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་གདགས་སུ་མི་རུང་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་བ། དེའང་དོན་མེད་པ་མ་ཡིནད། སོ་སོའི་སྐྱེ་བོ་གང་དང་གང་གིས་འདུལ་བར་འགྱུར་བ་དེ་དང་དེ་དག་ཏུ་དེ་བཞིན་གཤེགས་པ་སྐྱེ་བ་སྟོན་ཏོ།། སྐྱེ་བ་སྔོན་མོད་ཀྱི། ཡང་དག་པར་སྐྱེ་བ་མེད་དེ། བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་གནས་པའི་ཆོས་ཅན་ཏེ། ཀ་ལན་ཏ་ཀ་དང་། བྱ་དྲར་པ་ལྟ་བུའོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་གང་ཟག་དག་རྣ་སྤྲིན་གྱིས་ཆོད་དེ་མི་སྣང་ན་ཟླ་བ་ནུབ་བོ་སྙམ་སེམས་ཏེ། ཡང་དག་པར་ན་ཟླ་བ་ལ་ནུབ་པ་མེད་དོ།། གླིང་གཞན་དུ་ཤར་བ་ན། དེ་ན་གནས་པའི་སེམས་ཅན་དག་ནི་ཟླ་བ་ཤར་རོ་སྙམ་སེམས་ཏེ། ཡང་དག་པར་ན་ཟླ་བ་ལ་ཤར་བའང་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རི་རབ་ལྷུན་པོས་བསྒྲིབས་ཏེ་མི་སྣང་གི། ཟླ་བ་ལ་ཤར་བ་འམ་ནུབ་པ་ཞེས་བྱ་བ་མེད་དོ།། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་དེ་དང་འདྲ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཤེགས་པ། འཛམ་བུ་གླིང་དུ་ནི་ཕ་དང་མའང་ཡོད་པར་བསྟན་ནས། སོ་སོའི་སྐྱེ་བོ་དག་ནི་དེ་བཞིན་གཤེགས་པ་འཛམ་བུ་གླིང་དུ་བྱུང་ངོ་སྙམ་སེམས་སོ། ། འཛམ་བུ་གླིང་དུ་མྱ་ངན་ལས་འདས་པར་ཡང་བསྟན་ཏེ། དེ་བཞིན་གཤེགས་པ་ཡང་དག་པར་མྱ་ངན་ལས་འདས་པ་མེད་ཀྱང་། སེམས་ཅན་དག་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་སོ་སྙམ་སེམས་ཏེ། ཇི་ལྟར་ཟླ་བ་ནུབ་པའི་དཔེ་བཤད་པ་བཞིན་ནོ།། རིག་ཀྱི་བུ་དེ་བཞིན་གཤེགས་པ་ཉིད་ལ་ཡང་དག་པར་ན་སྐྱེ་བ་དང་འགོག་པ་མེད་དེ། སེམས་ཅན་གདུལ་བའི་ཕྱིར་སྐྱེ་བ་དང་འགོག་པ་བསྟན་ཏོ། ། རིགས་ཀྱི་བུ་དཔེར་ན་ཟླ་བ་ཁམས་འདི་དག་ཏུ་ཡོངས་སུ་རྒྱས་པར་སྣང་ན། ཁམས་གཞན་ན་ཕྱེད་དུ་སྣང་ངོ་།། ཁམས་འདི་ན་ཕྱེད་དུ་སྣང་ན། ཁམས་གཞན་ན་རྒྱས་པར་སྣང་ངོ་། ། འཛམ་བུ་གླིང་གི་མི་དག་ཟླ་བ་ཐོག་མ་ཤར་བ་མཐོང་ན་ཚེས་གཅིག་ཅེས་ཟེར་ཏེ། ཟླ་བ་ཚེས་པའི་འདུ་ཤེས་སྐྱེད་དོ།། ཟླ་བ་རྒྱས་ཤིང་གང་བ་མཐོང་ན་ཚེས་བཅོ་ལྔ་ཞེས་ཟེར་ཏེ།། ཟླ་བ་རྒྱས་པའི་འདུ་ཤེས་སྐྱེད་དོ།། ཡང་དག་པར་ན་ཟླ་བ་ཉིད་ལ་ནི་སྐྱེ་བ་དང་འབྲི་བ་མེད་དེ། རི་རབ་ལྷུན་པོའི་དབང་གིས་ན་སྐྱེ་བ་དང་འབྲི་བའང་ཡོད་དོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། འཛམ་བུའི་གླིང་འདིར་ཐོག་མ་སྐྱེ་བའང་བསྟན། མྱ་ངན་ལས་འདས་པར་ཡང་བསྟན་ཏེ། ཐོག་མ་སྐྱེ་བ་བསྟན་པ་ནི་ཟླ་བ་ཚེས་པ་དང་འདྲའོ།། ཐམས་ཅད་ཀྱིས་གཞོན་ནུ་ཐོག་མ་བཙས་ནས་གོམ་པ་བདུན་བོར་བ་ན། ཚེས་གཉིས་ཀྱི་ཟླ་བ་ལྟ་བུར་སེམས་སོ།། དེ་ནས་གཞོན་ནུ་སློབ་པ་ལ་ཞུགས་པ་བསྟན་པ་ན་ཚེས་གསུམ་གྱི་ཟླ་བ་ལྟ་བུ་སེམས་སོ།། རབ་ཏུ་བྱུང་བ་བསྟན་པ་ན་ཆོས་བརྒྱད་ཀྱི་ཟླ་བ་ལྟ་བུ་སེམས་སོ། ། ཡེ་ཤེས་ཀྱི་འོད་ཆེན་པོ་བཏང་ནས་སེམས་ཅན་ཚད་མེད་པ་དང་། བདུད་མང་པོ་བཏུལ་བ་ན་ཚེས་བཅོ་ལྔའི་ཟླ་བ་རྒྱས་པ་ལྟ་བུ་སེམས་སོ།། གཞན་ཡང་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ཡོངས་སུ་བརྒྱན་པ་མྱ་ངན་ལས་འདས་པ་བསྟན་པ་ན་ཟླ་བ་བྲི་བ་ལྟ་བུར་སེམས་སོ།། དེ་ལྟར་སེམས་ཅན་དག་ནི་མཐོང་བ་མི་འདྲ་སྟེ། ལ་ལ་ནི་ཟླ་བ་ཕྱེད་རལ་དུ་མཐོང་། ལ་ལ་ནི་ཟླ་བ་རྒྱས་པར་མཐོང་། ལ་ལ་ནི་ཟླ་བ་བྲི་བར་མཐོང་སྟེ། ཟླ་བའི་རང་བཞིན་ལ་ནི་ཡང་དག་པར་ན་སྐྱེ་བ་དང་འབྲི་བ་མེད་དོ།། རྟག་ཏུ་རྒྱས་ཤིང་གང་ངོ་།། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། དེ་བས་ན་རྟག་པ། གནས་པ། མི་འགྱུར་བ་ཞེས་བྱའོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་ཟླ་བ་རྒྱས་པ་ནི་གནས་གང་དང་གང་དུ་གྲོང་ཁྱེར་རམ། ཟོང་རྡལ་ལམ། རིའམ། འབྲོག་གམ། ཆུ་འམ། ཁྲོན་པ་འམ། རྫིང་ངམ། གཞོང་པ་འམ། གནས་ཐམས་ཅད་དུ་སྣང་སྟེ། སེམས་ཅན་གང་དཔག་ཚད་གཅིག་གམ། དཔག་ཚད་བརྒྱ་སྟོང་གྱི་བར་དུ་སོང་ཡང་ཟླ་བ་དེ་བཞིན་དུ་མཐོང་སྟེ། དེ་ལ་བུས་པ་གླེན་པ་དག་འདི་སྙམ་དུ་སེམས་ཏེ། བདག་ཁྱིམ་ན་འདུག་པ་ན་ཟླ་བ་འདི་མཐོང་ན། ད་འབྲོག་དགོན་པར་འདིར་ཡང་མཐོང་བ། འདི་ཟླ་བ་སྔོན་མཐོང་བདེ་ཡིན་ནམ་མ་ཡིན་སྙམ་སེམས་སོ། ། དེ་ལ་དེ་དག་ཆེ་ཆུང་གི་ཚད་ཀྱང་དཔྱོད་དེ། ལ་ལ་ནི་ཟངས་ཀྱི་ཁ་འཁོར་ཙམ་མོ་ཞེས་ཟེར་རོ།། ལ་ལ་ནི་ཤིང་རྟའི་འཁོར་ལོ་ཙམ་མོ་ཞེས་ཟེར་རོ།། ལ་ལ་ནི་དཔག་ཚད་བཞི་བཅུ་རྩ་དགུ་ཡོད་དོ་ཞེས་ཟེར་ཏེ། ཐམས་ཅད་ཀྱིས་ཟླ་བའི་འོད་མཐོང་ཡང་། ལ་ལ་ནི་ཟླུམ་པོ་གསེར་གྱི་གཞོང་པ་ལྟ་བུར་མཐོང་སྟེ། དེ་ལྟར་ཟླ་བའི་རང་བཞིན་གཅིག་ཀྱང་སེམས་ཅན་རྣམ་པ་ཐ་དད་པས་སྣ་ཚོགས་སུ་རྣམ་པ་ཐ་དད་བར་འདུ་ཤེས་སོ། ། རིགས་ཀྱི་བུ་དེ་བཞིན་གཤེགས་པའང་དེ་འང་སྟེ། འཇིག་རྟེན་དུ་མངོན་པར་གཤེགས་ནས། དེ་ལ་ལྷ་དང་མི་ཁ་ཅིག་ནི་འདི་སྙམ་དུ་དེ་བཞིན་གཤེགས་པ་ནི་བདག་འབའ་ཞིག་གི་མིག་སྔ་ན་བཞུགས་སོ་སྙམ་སེམས་སོ། ། སེམས་ཅན་ཁ་ཅིག་ཀྱང་འདི་སྙམ་དུ་དེ་བཞིན་གཤེགས་པ་ནི་བདག་འབའ་ཞིག་གི་མིག་སྔ་ན་སྣང་ངོ་སྙམ་སེམས་སོ།། སེམས་ཅན་འོན་པ་དང་ལྐུགས་པ་ཁ་ཅིག་ནི་དེ་བཞིན་གཤེགས་པའང་འོན་ནམ་ལྐུགས་སྙམ་སེམས་སོ།། སེམས་ཅན་སྐང་རྣམ་པ་སྣ་ཚོགས་མི་མཐུན་པའང་སོ་སོ་ན་དེ་བཞིན་གཤེགས་པ་ནི་བདག་གི་སྐད་དུ་གསུང་ངོ་སྙམ་སེམས་ཏེ། སོ་སོ་ནས་བདག་འབའ་ཞིག་གི་ཁྱིམ་དུ་གཤེགས་ཏེ། བདག་འབའ་ཞིག་གི་མཆོད་པ་བཞིས་སོ་སྙམ་སེམས་སོ།། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུའི་ཚད་མེད་པར་རྒྱ་ཆེན་པོར་མཐོང་ངོ་། ། ལ་ལ་ནི་སྐུ་རབ་ཏུ་ཆུང་ངུར་མཐོང་ངོ་།། ལ་ལ་ནི་ཉན་ཐོས་ཀྱི་གཟུགས་ལྟ་བུར་མཐོང་ངོ་།། ལ་ལ་ནི་རང་སངས་རྒྱས་ཀྱི་གཟུགས་ལྟ་བུར་མཐོང་ངོ་།། མུ་སྟེགས་ཅན་ཁ་ཅིག་ནི་འདི་སྙམ་དུ་དེ་བ་གཤེགས་པ་ནི་བདག་གི་ཆོས་ཀྱིས་རབ་ཏུ་ཕྱུང་སྟེ་སློབ་པ་ལ་ཞུགས་སོ་སྙམ་སེམས་སོ། ། སེམས་ཅན་ལ་ལ་ནི་འདི་སྙམ་དུ་དེ་བཞིན་གཤེགས་པ་བདག་འབའ་ཞིག་གི་ཕྱིར། འཇིག་རྟེན་དུ་གཤེགས་སོ་སྙམ་སེམས་སོ།། དེ་བཞིན་གཤེགས་པའི་རང་བཞིན་ཡང་དག་པ་ནི་ཟླ་བ་དང་འདྲ་སྟེ། ཆོས་ཀྱི་སྐུ། མི་སྐྱེ་བའི་སྐུ། ཐབས་ཀྱི་སྐུ་སྟེ། འཇིག་རྟེན་པའི་རྗེས་སུ་སྔོན་གྱི་ལས་རྣམ་པ་ཚད་མེད་པ། གནས་ཐམས་ཅད་དུ་སྐྱེ་བ་བསྟན་པ་ནི་ཟླ། བདང་འདྲའོ།། དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ། གནས་པ། མི་འགྱུར། མི་ཕོ་བའོ།། རིགས་ཀྱི་བུ་གཞན་ཡང་ལྷ་མ་ཡིན་སྒྲ་གཅན་འཛིན་ལྟ་བུ་ལག་པས་ཟླ་བ་བཀབ་པ་ནི། འཇིག་རྟེན་པ་དག་ནི་ཟླ་ཤིའོ་ཞེས་ཟེར་ཏེ། ཡང་དག་པར་ན་ལྷ་མ་ཡིན་གྱི་རྒྱལ་པོས་ཟླ་བ་བསད་པ་མ་ཡིན་གྱི། སྣང་བ་བསྒྲིབས་སུ་ཟད་དོ།། ཟླ་བ་རྒྱས་པ་ལ་འབྲི་བ་མེད་ཀྱི། ལག་པས་བསྒྲིབས་པས་མི་སྣང་བར་ཟད་དོ།། ཕྱིར་ལག་པ་བསྐུམ་པ་ན་འཇིགས་རྟེན་པ་དག་ནི་ཟླ་བ་ཕྱིར་སྐྱེས་སོ་ཞེས་ཟེར་ཏེ། ཟླ་བ་འདི་ནི་སྡུག་བསྔལ་ཡང་མྱོང་ངོ་ཞེས་ཟེར་རོ།། གལ་ཏེ་ལྷ་མ་ཡིན་བརྒྱ་སྟོང་སྙེད་ཚོགས་ཀྱང་ཟླ་བ་ལ་ནི་གནོད་པར་བྱེད་མི་ནུས་སོ། ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སེམས་ཅན་ཁ་ཅིག་དེ་བཞིན་གཤེགས་པ་ལ་སྡིག་པའི་སེམས་བསྐྱེད་དེ། སངས་རྒྱས་ཀྱི་སྐུ་ལ་ཁྲག་ཕྱུང་བ་དང་། མཚམས་མེད་པ་ལྔ་བྱས་པ་དང་། ལོག་སྲེག་ཀྱི་ལས་ཀྱི་བར་དུ་བྱས་པ་བསྟན་པའང་། ཕྱི་མ་མ་འོངས་པའི་སེམས་ཅན་དགེ་འདུན་དང་། ཆོས་འཇིག་ཅིང་མ་རུངས་པར་བྱེད་པའི་ཕྱིར་བསྟན་པར་ཟད་ཀྱི། གལ་ཏེ་བདུད་ཚད་མེད་པ་བརྒྱ་སྟོང་སྙེད་ཚོགས་ཀྱང་དེ་བཞིན་གཤེགས་པའི་སྐུ་ལ་ཁྲག་མི་ཕྱིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་སྐུ་ལ་ནི་ཤ་དང་། ཁྲག་དང་། ཆུ་བ་དང་། རྩ་དང་། རྐང་དང་། རུས་པ་མེད་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་ནི་ཡང་དག་པར་ན་འཁྲུག་པ་འམ་འཇིག་པ་མེད་དེ། སེམས་དག་ནི་ཆོས་དང་དགེ་འདུན་འཛག་པ་དང་། དེ་བཞིན་གཤེགས་པའང་མེད་པར་འགྱུར་རོ་སྙམ་སེམས་སོ།། དེ་བཞིན་གཤེགས་པའི་ཡང་དག་པའི་རང་བཞིན་ནི་འགྱུར་པ་འམ་འཇིག་པ་མེད་དེ། འཇིག་རྟེན་པའི་རྗེས་སུ་དེའང་བསྟན་ཏོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་མི་གཉིས་ཤིག་འཐབ་ན་མཚོན་ཆས་བཏབ་སྟེ་ལུས་ལ་ཁྲག་བྱུང་ངམ། ཤི་བར་གྱུར་ཀྱང་གསོད་པའི་འདུ་ཤེས་མ་བསྐྱེད་པས། ལས་དེའི་མཚན་ཉིད་ནི་ཡང་གི། ལྕི་བ་མ་ཡིན་ནོ།། དེ་བཞིན་གཤེགས་པ་ལའང་ཐོག་མཿ་གསོད་བའི་སེམས་མེད་ན། སྐུལ་ཁྲག་བྱུང་ན་ལས་ཀྱི་མཚན་ཉིད་དེ་ནི་ཡང་གི། ལྕི་བ་མ་ཡིན་ནོ།། དེ་ལྟར་ན་དེ་བཞིན་གཤེགས་པས་མ་འོངས་པའི་སེམས་ཅན་དག་གདུལ་བའི་ཕྱིར། ལས་ཀྱི་འབྲས་བུ་བུ་རྣམ་པར་སྨིན་པ་བསྟན་ཏོ། ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་སྨན་པ་མཁས་པས་ནི་བརྩོན་འགྲུས་བསྐྱེད་དེ་བུ་ལ་སྨན་སྟོན་ཏོ།། འདི་ནི་རྩ་བའི་སྨན། འདི་ནི་དྲིའི་སྨན། འདི་ནི་ཁ་དོག་གི་སྨན་ཏེ། རྣམ་པ་སྣ་ཚོགས་ཐ་དད་ཀྱིས། ཁྱོད་ལེགས་པར་ཤེས་པར་གྱིས་ཤིག་ཅེས་སྟོན། བུའང་ཕས་བསྒོ་བ་བཞིན་དུ་བརྩོན་བགྲུས་སུ་སློབ་སྟེ་སྨན་ལ་མཁས་པར་བྱེད་དོ།། ཕྱིས་སྨན་བ་དེ་ཚེའི་དུས་བྱས་ཏེ་ཤིན་སྨན་པའི་བུ་དེ་འདི་སྐད་དུ། ཕས་བདག་ལ་རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། མེ་ཏོག་གི་སྨན་དང་། ཁ་དོག་གི་སྨན་འདི་ཡིན་ནོ་སྙམ་བསྟན་པ་དྲན་ནོ།། དེ་བཞིན་ག་པའང་དེ་དང་འཇ་སྟེ། སེམས་ཅན་གདུལ་བའི་ཕྱིར་ཚུལ་ཁྲིམས་བཅས་ནས། འདི་ནི་ཚུལ་ཁྲིམས་སུ་གསུངས་སོ།། འདི་ནི་མཚམས་མེད་པ་ལྔ་དང་། དམ་པའི་ཆོས་ལ་དབང་བསྐུར་ཅིང་དབང་ཟ་བ་དང་འདི་ནི་ལོག་སྲད་ཀྱི་ལས་ཡིན་གྱིས་མ་བྱེད་ཅིག་ཅེས་མ་འོངས་པའི་སྐྱེ་བོའི་ཕྱིར་དེ་དག་ཀྱང་བསྟན་པ་ཡིན་ནོ། ། དེ་བས་ན་དགེ་སློང་དག་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཤིན་ཏུ་ཟབ་མོའི་དོན་གྱི་མདོ་སྡེ་འདི་དག་ཡིན། ལྕི་བ་དང་ཡང་བའི་མཚན་ཉིད་དུ་གསུངས་པའི་འདུལ་བ་ནི་འདི་དག་ཡིན། ཆོས་ཀྱི་ཚིག་རྣམ་པར་སྤྲོས་པ་ཆོས་མངོན་པ་ནི་འདི་དག་ཡིན་ནོ་ཞེས། ཇི་ལྟར་སྨན་པ་མཁས་པས་བུ་ལ་སྨན་བསྟན་པ་བཞིན་དུ་མངོན་པར་སྟོན་ཏོ། ། གཞན་ཡང་རིགས་ཀྱི་བུ་འཇིག་རྟེན་ན། མི་དག་ནི་ཟླ་བ་དྲུག་ལ་ཟླ་བ་གཅིག་ཤི་བ་སེམས་སོ།། མཐོ་རིས་ཀྱི་ལྷ་དག་ནི་སྐད་ཅིག་ཙམ་གྱིས་ཟླ་བ་ཤི་བར་མཐོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། ལྷའི་ཞག་ནི་རིང་ལ། མིའི་ཞག་ནི་ཐུང་བའི་ཕྱིར་རོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ལྷ་དང་མི་རྣམས་ཀྱིས་ནི་དེ་བཞིན་གཤེགས་པའི་སྐུ་ཚེ་རབ་ཏུ་ཐུང་ངོ་སྙམ་དུ་སེམས་ཏེ། ཇི་ལྟར་ལྷ་དང་མི་དག་གིས་སྐད་ཅིག་ཐང་ཅིག་གིས་ཟླ་བ་ཤི་བར་མཐོང་བ་བཞིན་ནོ། ། དེ་བཞིན་གཤེགས་པས་ནི་གཞན་ཡང་སྐད་ཅིག་ཐང་ཅིགགི་རྒྱ་ན་ལས་འདས་པ་ཁྲི་ཕྲག་བརྒྱ་སྟོང་སྟོང་སྟོན་ཅིང་། ཉོད་མོངས་པའི་བདུད་དང་། ཕུང་པོའི་བདུད་དང་འཆི་བདག་གི་བདུད་དང་། ལྷའི་བདུད་ལ་སོགས་པ་བཅོམ་པ་སྟན་པས། དེ་བས་ན་ལྷའི་བདུད་ཁྲིད་ཕྲག་བརྒྱ་གི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་ཤེས་སོ།། གཞན་ཡང་སྔོན་གྱི་ལས་དང་། རྒྱུ་དང་། རྐྱེན་ཁྲི་ཕྲག་བརྒྱ་སྟོང་སྙེད་འཇིག་རྟེན་གྱི་མཚན་རྣམ་པ་ཐ་དད་པ་བཞིན་དུ་སྟོན་ཏེ། དེ་ལྟར་ཚད་མེད་མཐའ་ཡས་བསམས་ཀྱིས་མི་ཁྱབ་པས་ན། དེ་བཞིན་གཤེགས་པ་ནི་རྟག་པ། གནས་པ། མི་འགྱུར་བའོ། ། གཞན་ཡང་རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ཟླ་བ་གསལ་བ་ལ་ནི་འགྲོ་བ་ཐམས་ཅད་བལྟ་འདོད་པའི་ཕྱིར། དེ་བས་ན་ཟླ་བ་བལྟ་ན་དགའ་བ་ཞེས་བྱའོ།། སེམས་ཅན་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་རྨུགས་ཏུ་བཅས་པས་བལྟན་དགའ་བ་ཞེས་མི་བྱའོ། ། དེ་བཞིན་གཤེགས་པ་ནི་ཡོངས་སུ་དག་པ། དྲི་མ་མེད་པ། མཆོག་དང་ཕུལ་དུ་གྱུར་པ་ཡིན་པས་བལྟན་དཀའ་བ་ཞེས་བྱའོ།། གང་ཆོས་ལ་མོས་པའི་སྐྱེ་བོ་དག་ནི་བལྟ་བ་དགའ་བ་མི་སྐྱེའོ། ། གང་མི་དགེ་བ་དག་ནི་མཐོང་བར་ཡང་མི་འདོད་དོ།། དེ་བས་ན་དེ་བཞིན་གཤེགས་པ་ནི་དཔེར་ན་ཟླ་བ་གསལ་བ་དང་འདྲའོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་ཉི་མ་ལྟ་བུར་ཤར་བ་དང་འདྲ་བ་ལ། དཔྱིད་དང་། དབྱར་དང་། དགུན་ལྟ་བུ་དུས་གསུམ་ཐ་དད་དེ། དགུན་ནི་ཉི་མ་ཐུང་ལ། དབྱར་ནི་ཉི་མ་རིང་སྟེ། དཔྱིད་ནི་རིང་བའང་མ་ཡིན། ཐུང་བའང་མ་ཡིན་ནོ།། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་སྐུ་ཚེ་རབ་ཏུ་ཐུང་ལ། ཉན་ཐོས་རྣམས་ལའང་སྐུ་ཚེ་རབ་ཏུ་ཐུང་བ་བསྟན་པས། དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྐུ་ཚེ་རབ་ཏུ་ཐུང་བར་སེམས་ཏེ། དཔེར་ན་དགུན་གྱི་ཉི་མ་དང་འདྲའོ།། བྱང་ཆུབ་སེམས་དཔའ་རྣམས་ལ་ནི་རིང་བའང་མ་ཡིན། ཟུང་བའང་མ་ཡིན་པ་བསྐལ་པ་གཅིག་གམ། བསྐལ་བ་གཅིག་འགྲིབ་ཀྱི་བར་དུ་བསྟན་ཏེ། ཇི་ལྟར་དཔྱིད་ཀྱི་ཉི་མ་བཞིན་ནོ།། སངས་རྒྱས་རྣམས་ཀྱིས་ནི་སངས་རྒྱས་ཀྱི་སྐུ་ཚེའི་ཚད་མེད་པར་གཟིགས་ཏེ། ཇི་ལྟར་དབྱར་གྱི་ཉི་མ་བཞིན་ནོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པས་གསུངས་པ་ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོའི་མདོ་སྡེ་འཇིག་རྟེན་དུ་བསྟན་ཏེ། ཆོས་ཆེན་པོའི་ཆར་ཕབ་པ་མ་འོངས་པའི་དུས་སུ་སྐྱེས་བུ་གང་ཞིག་མདོ་སྡེ་འདི་སྲུང་ངམ། འཛིན་ཏེམང་རྣམ་པར་འབྱེད་ཅིང་བསྟན་ཏེ། སེམས་ཅན་ལ་ཕན་པའི་དོན་བྱེད་ན། དེ་བྱང་ཆུབ་སེམས་དཔའ་ཡང་དག་པ་ཡིན་པར་རིགས་པར་བྱ་སྟེ། དཔེར་ན་དབྱར་གྱི་དུས་སུ་ཆར་ཕབ་པ་དང་མཚུངས་སོ།། དེ་ལ་ཉན་ཐོས་སམ་རང་སངས་རྒྱས་ཀྱིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་བསྟན་པ་འདི་ཐོས་ན། དཔེར་དགུན་གྱི་དུས་དང་མཚུངས་ཏེ་གྲང་བ་དང་། ལྷགས་པ་ཆེན་པོ་དང་འཕྲད་དོ། ། བྱང་ཆུབ་སེམས་དཔས་དགོངས་ཏེ་གསུངས་པ། དེ་བཞིན་གཤེགས་པ་རྟག་པ་དང་མི་འགྱུར་བ་བརྟན་པ་འདི་ཐོས་ན། དཔེར་དཔྱིད་ཀྱི་དུས་སུ་མྱུ་གུ་ཐམས་ཅད་འབྱུང་བ་དང་མཚུངས་སོ།། དེ་བཞིན་གཤེགས་པའི་རང་བཞིན་ལ་རིང་ཐུང་ཞེས་བྱ་བ་མེད་དེ། འཇིག་རྟེན་པའི་ཕྱིར་དེ་དག་བསྟན་ཀྱང་། དེ་ནི་སངས་རྒྱས་ཀྱི་ཡང་དག་པའི་ཆོས་ཉིད་དོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་སྐར་མ་ཐམས་ཅད་ནི་ཉོན་པར་མི་སྣང་སྟེ། གང་ཟག་གླེན་པ་དག་ནི་སྐར་མ་ནུབ་སྟེ་མེད་པར་སོང་ངོ་སྙམ་སེམས་སོ།། ཡང་དག་པར་མེད་པ་ནི་མ་ཡིན་གྱི། ཉི་མའི་འོད་ཀྱིས་མི་སྣང་བར་ཟད་དོ།། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཉན་ཐོས་དང་སངས་རྒྱས་ཀྱིས་མི་མཐོང་བ་ནི། ཇི་ལྟར་འཇིག་རྟེན་པ་དག་གིས་ཉིན་པར་སྐར་མ་མི་མཐོང་བ་བཞིན་ནོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་ན་མ་རྨུས་པའི་ཚེ་ཉི་མ་དང་ཟླ་བ་མི་སྣང་ན། བྱིས་པ་གླེན་པ་དག་ནི་ཉི་མ་དང་ཟླ་བ་མེད་པར་སོང་ངོ་སྙམ་སེམས་ཏེ། ཡང་དག་པར་ན་ཉི་མ་དང་ཟླ་བ་མེད་པར་མ་སོང་ངོ་།། དེ་བཞིན་གཤེགས་པའི་དམ་པའི་ཆོས་མེད་པར་སོང་བ་ན། དཀོན་མཆོག་གསུམ་མངོན་སུམ་དུ་མི་སྣང་བའང་དེ་དང་འདྲ་སྟེ། དེ་བཞིན་དུ་གཏན་མེད་པར་སོང་བ་ནི་མ་ཡིན་ནོ།། དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་མི་འགྱུར་མི་འཕོ་བར་རིག་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། དཀོན་མཆོག་གསུམ་གྱི་ཡང་དག་པ་ཉིད་ལ་ནི་དྲི་མས་མི་གོས་པའི་ཕྱིར་རོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་ཟླ་བ་ཤི་བའི་ནུབ་མོ་ནི་སྐར་མ་ཕོང་ཤར་ན་ཤིན་ཏུ་གསལ་ཏེ། དེ་མ་ཐག་ཏུ་ཕྱིར་ཡང་ནུབ་བོ།། འཇིག་རྟེན་པ་དག་མཐོང་ན་བཀྲ་མི་ཤེཤིས་སོ་ཞེས་ཟེར་རོ།། རང་སངས་རྒྱས་ཀྱང་དེ་དང་འདྲ་སྟེ། སངས་རྒྱས་མེད་པའི་འཇིག་རྟེན་དུ་འབྱུང་བས། སོ་སོའི་སྐྱེ་བོ་དག་གིས་མཐོང་ན། ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཡང་དག་པར་མྱ་ངན་ལས་འདས་སོ་སྙམ་སེམས་ཏེ་མྱ་ངན་བྱེད་དོ།། དེ་བཞིན་གཤེགས་པ་ནི་ཡང་དག་པར་ན་མེད་པར་མ་གྱུར་ཏེ། ཇི་ལྟར་ཉི་མ་དང་ཟླ་བ་མི་སྣང་བ་བཞིན་ནོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་ཉི་མ་ཤར་ན་ལྟོ་བུར་མེད་པར་འགྱུར་རོ།། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེའང་དེ་དང་འདྲ་སྟེ། འཇིག་རྟེན་དུ་བྱུང་བས་གལ་ཏེ་སེམས་ཅན་གྱི་རྣ་ཁུང་དུ་ཐོས་ན། མི་དགེ་བ་ཐམས་ཅད་དང་། མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཐམས་ཅད་སེལ་བར་འགྱུར་རོ།། ཡོངས་སུ་མྱ་ངན་ལས་འདས་པ་ཤིན་ཏུ་ཟབ་མོའི་སྤྱོད་ཡུལ་འདི་ནི་བསམ་གྱིས་མི་ཁྱབ་སྟེ། དེ་བཞིན་གཤེགས་པའི་རང་བཞིན་ལེགས་པར་གསུངས་པས། དེའི་ཕྱིར་ན་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་དེ་བཞིན་གཤེགས་པ་ལ་རྟག་པ་དང་། མི་འགྱུར་མི་འཕོ་བ་དང་། དམ་པའི་ཆོས་ཀྱང་རྒྱུན་མི་འཆད་པ་དང་། དགེ་འདུན་ཡང་མེད་པར་འགྱུར་བའི་སེམས་མི་སྐྱེད་དོ།། དེ་བས་ན་ཤིན་ཏུ་ཐབས་མཁས་པས་མདོ་སྡེ་འཛི་ལ་བརྩོན་འགྲུས་སུ་ནན་ཏན་བྱས་ན། སྐྱེས་བུ་དེ་ནི་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ།། དེ་བས་ན་མདོ་སྡེ་འདི་ནི་ཚད་མེད་པའི་ཡོན་ཏན་ལྷུན་གྱིས་གྲུབ་ཞེས་ཀྱང་བྱ། བྱང་ཆུབ་ཟད་མི་ཤེས་པ་ཤེས་པ་ཞེས་ཀྱང་བྱ་སྟེ། ཟད་མི་གོས་པས་ན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་གདགས་སོ།། ཤིན་ཏུ་འོད་དང་ལྡན་པས་དབྱར་གྱི་ཉི་མ་དང་མཚུངས་སོ། ། ཚོགས་མཐའ་ཡས་པས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཉི་ཟླའི་འོད་ནི་འོད་སྩག་ཐམས་ཅད་ཀྱི་། མཆོག་གོ།། མྱ་ངན་ལས་འདས་པ་ཆེན་པོའི་འོད་ཀྱང་དེ་དང་འདྲ་སྟེ། མདོ་སྡེའི་ཏིང་ངེ་འཛིན་གྱི་འོད་ཐམས་ཅད་པས་མཆོག་སྟེ། མདོ་སྡེའི་ཏིང་ངེ་འཛིན་གྱི་འོད་ཐམས་ཅད་ཀྱིས་ཉེ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཡོངས་སུ་མྱ་ངན་ལས་འདས་པའི་འོད་འདི་ནི་སེམས་ཅན་དག་གི་བ་སྤུའི་ཁུང་བུ་ཀུན་ཏུ་འཇུག་སྟེ། སེམས་ཅན་ལ་བྱང་ཆུབ་ཀྱི་སེམས་མེད་ཀྱང་བྱང་ཆུབ་ཀྱི་རྒྱུར་འགྱུར་བར་བྱེད་པས་ན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། །། བམ་པོ་དགུ་པ།། ། དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་མྱ་ངན་ལས་འདས་པ་ཆེན་པོའི་འོད་ཟེར་གྱི་རེག་ན། སེམས་ཅན་ཐམས་ཅད་ཀྱི་བ་སྤུའི་བུ་གར་འཇུག་པས། སེམས་ཅན་དག་ལ་བྱང་ཆུབ་ཀྱི་སེམས་མ་མཆིས་ཀྱང་བྱང་ཆུབ་ཀྱི་རྒྱུར་འགྱུར་རོ་ཞེས་བགྱི་བ་དེ་མི་རུང་ངོ་། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཕས་ཕམ་པ་བཞི་བྱུང་བ་དང་། མཚམས་མེད་པ་ལྔ་བགྱིས་པ་དང་། ལོག་སྲེད་ཀྱི་ལས་བགྱིས་པ་འོད་ཟེར་གྱིས་རེག་པས། བྱང་ཆུབ་ཀྱི་རྒྱུར་འགྱུར་ན་ལྟ་དེ་དག་དང་ཚུལ་ཁྲིམས་སྲུང་ཞིང་དགེ་བའི་ཚོགས་ལ་སོགས་པ་ལ་ཁྱད་པར་ཡང་ཅི་མཆིས། གལ་ཏེ་ཁྱད་པར་ཞིག་མ་མཆིས། ནན། དེ་བཞིན་གཤེགས་པས་གནས་པར་བགྱི་བའི་ཆོས་རྣམ་པ་བཞིའི་ང་ཅིའི་སླད་དུ་གསུངས། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར། སེམས་ཅན་གང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་རྣ་ཁུང་དུ་ཐོས་པས། ཉོན་མོངས་པ་ཐམས་ཅད་སེལ་བར་འགྱུར་ན། དེ་བཞིན་གཤེགས་པས་ཅིའི་སླད་དུ་སྔར་འདི་སྐད་དུ་གང་ཟག་དག་སྔོན་སངས་རྒྱས་ཀླུང་གངྒཱའི་བྱེ་མ་སྙེད་ལ་སེམས་བསྐྱེད་དེ་མྱ་ངན་ལས་འདས་པ་ཆེན་པོ་ཐོས་ཀྱང་དོན་ཤེས་པར་མ་གྱུར་ཏོ་ཞེས་གསུངས། གལ་ཏེ་དོན་མི་འཚལ་ན་ཉོན་མོངས་པ་ཐམས་ཅད་ཇི་ལྟར་ཆོད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལོག་སྲེད་ཅན་མ་གཏོགས་པར་སེམས་ཅན་གཞན་དག་མདོ་སྡེ་འདི་ཐོས་ན། ཐམས་ཅད་ཀྱི་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། ཆོས་ཀྱི་སྒྲའི་འོད་ཟེར་བ་སྤུའི་བུ་གར་ཞུགས་ན། གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་གང་ཞིག་སངས་རྒྱས་ཚད་མེད་པ་སྙེད་ལ་བསྙེན་བཀུར་དང་། མཆོད་པ་དང་། ཕྱག་བྱས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཐོས་ཏེ། བསོད་ནམས་ཆུང་ངུ་རྣམས་ཀྱིས་ནི་ཐོས་པར་འགྱུར་བ་མ་ཡིན་ནོ།། དེའང་ཇི་ལྟ་ཞེ་ན། གང་ཡོན་ཏན་ཆེན་པོ་དང་ལྡན་པ་དག་ནི་དོན་ཆེན་པོ་འདི་ཐོས་པར་འགྱུར་གྱིས། ཞན་པ་ཆུང་ང་རྣམས་ཀྱིས་ཐོས་པར་མི་འགྱུར་རོ།། དེ་ལ་དོན་ཆེན་པོ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་ཤིན་ཏུ་ཟབ་པའི་གསང་བའི་སྙིང་པོ་སངས་རྒྱས་ཀྱི་རང་བཞིན་ལ་བྱ་སྟེ། དེ་བས་ན་དོན་ཆེན་པོ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་ཡང་། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་ཏུ་སེམས་མ་སྐྱེད་པ་དག་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། གང་ཞིག་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོས་མདོ་སྡེ་ཐོས་ནས། འདི་སྐད་དུ་བདག་ནི་བྱང་ཆུབ་ཏུ་སེམས་བསྐྱེད་མི་དགོས་སོ་ཞེས་དམ་པའི་ཆོས་ལ་སྐུར་ན། མི་དེ་རྨི་ལམ་ན་སྲིན་པོའི་གཟུགས་མཐོང་སྟེ་ཤིན་ཏུ་སྐྲག་པར་ཡང་འགྱུར་ལ། སྲིན་པོ་དེ་འདི་སྐད་དུ་ཀྱེ་རིགས་ཀྱི་བུ་ཁྱོད་དགལ་ཏེ་བྱང་ཆུབ་ཏུ་སེམས་མ་བསྐྱེད་ན། ཁྱོད་ཀྱི་འཚོ་བའི་སྲོག་གཅོད་དོ་ཞེས་སྨྲས་པས། མི་དེ་སྨ་ག་བཞིན་དུ་སད་ནས་བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུར་རོ།། སྐྱེས་བུ་དེ་ཚེ་འཕོས་ནས། གལ་ཏེ་ངན་སོང་གསུམ་དུ་ལྟུང་ངམ། མི་དང་མཐོ་རིས་ཀྱི་ལྷར་སྐྱེས་ཀྱང་བྱང་ཆུབ་ཀྱི་སེམས་རྒྱུན་མི་འཆད་དེ་དྲན་པས་ན། གང་ཟག་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་རིག་པར་བྱའོ།། དོན་དེ་ལྟ་བས་ན་མྱ་ངན་ལས་འདས་པ་ཆེན་པོའི་བྱིན་དང་ཤུགས་ཀྱིས། བྱང་ཆུབ་ཏུ་སེམས་མ་སྐྱེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་ཞེས་བྱའོ།། རིགས་ཀྱི་བུ་དེ་ནི་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པའི་རྒྱུ་དང་རྐྱེན་ཞེས་བྱ་སྟེ། རྒྱུ་དང་རྐྱེན་མེད་པ་ནི་མ་ཡིན་ནོ།། དེ་བས་ན་ཐེག་པ་ཆེན་པོའི་མདོ་སྡེ་དམ་པ་འདི་ནི་ཡང་དག་པར་སངས་རྒྱས་ཀྱིས་གསུངས་པའོ།། རིགས་ཀྱི་བུ་གཞན་ཡང་འདི་ལྔ་སྟེ། དཔེར་ན་སྟེང་གི་ནམ་མཁའ་ལ་ཆར་སྤྲིན་གིས་ཁེབས་ཏེ་ཆར་པ་ཆེན་པོ་འབབ་ན། ཤིང་སྐམ་མམ། ཟག་གམ། རི་མཐོན་པོ་ཆུ་མི་ཕྱིན་པའི་གནས་ཐམས་ཅད་དུའང་འབབ་སྟེ། གཤོང་བུ་དང་ས་དམའ་བ་ཀུན་ཏུ་ཆུས་ཡོངས་སུ་གང་ལ། སེམས་ཅན་ཚད་མེད་པ་ཐམས་ཅད་ལ་ཕན་པའི་དོན་དུ་འགྱུར་རོ།། མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེའང་དེ་དང་འདྲ་སྟེ། ཆོས་ཆེན་པོའི་ཆར་སེམས་ཅན་ཀུན་ལ་ཕག་ཀྱང་ལོག་སྲེད་ཅན་འབའ་ཞིག་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་གནས་མེད་དོ། ། རིགས་ཀྱི་བུ་དཔེར་ན་ས་བོན་ཆོག་པ་དག་བསྐལ་བ་བརྒྱ་སྟོང་གི་བར་དུ་ཆར་གྱིས་ཡོངས་སུ་བརླན་ཀྱང་མྱུ་གུ་མི་སྐྱེ་སྟེ། མྱུ་གུ་སྐྱེ་བའི་གནས་མེད་དོ། ། ལོག་སྲེད་ཅན་ཡང་དེ་དང་འདྲ་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་ཐོས་སུ་ཟིན་ཀྱང་། བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་མི་སྐྱེ་སྟེ། སྐྱེ་བའི་གནས་མེད་དོ།། ཅིའི་ཕྱིར་ཞེ་ན། གང་ཟག་དེ་ནི་དགེ་བའི་རྩ་བ་ཐམས་ཅད་མེད་པར་བྱ་སྟེ། ས་བོན་ཚིག་པ་དང་འདྲ་བར་གྱུར་པས། བྱང་ཆུབ་ཀྱི་རྩ་བ་དང་མྱུ་གུ་མི་སྐྱེའོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ཆུ་འདོང་ལྟ་བུ་ཆུ་རྙོག་པ་ཅན་གྱི་ནང་དུ་བཅུག་ན་ནོར་བུའི་མཐུས་ཆུ་དང་བར་འགྱུར་གྱི། འཇིམ་པའི་ནང་དུ་བཅུག་ན་དང་བར་མི་འགྱུར་རོ།། མྱ་ངན་ལས་འདས་པ་ཆེན་པོ་མདོ་སྡེ་དམ་པའང་དེ་དང་འཇ་སྟེ། སེམས་ཅན་མཚམ་མེད་པ་ལྔ་བྱས་པ་དང་། ཕས་ཕམ་པ་བཞི་བྱུང་བའི་ཆུ་རྙོག་མ་ཅན་ལྟ་བུའི་ནང་དུ་བཅུག་ན་དག་པར་འགྱུར་ཞིང་། བྱང་ཆུབ་ཏུ་སེམས་སྐྱེའང་སྲིད་ཀྱི་ལོག་སྲེད་ཅན་འཇིམ་རྫ་བ་ལྟ་བུའི་ནང་དུ་ནི་ལོ་བརྒྱ་སྟོང་གི་བར་དུ་གཞག་ཀྱང་དག་པར་འགྱུར་ཞེ་འམ། བྱང་ཆུབ་ཀྱི་སེམས་སྐྱེ་མི་སྲིད་དོ།། དེ་ཅིའི་ཕྱིར་ཞེ་ན། ལོག་སྲེད་ཅན་ནི་དགེ་བའི་རྩ་བ་ཀུན་མེད་པར་བྱས་པས་སྣོད་དུ་མ་གྱུར་ཏོ། ། གལ་ཏེ་གང་ཟག་དེས་ལོ་བརྒྱ་སྟོང་གི་བར་དུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་ཉན་ཏམ། འཛིན་ཀྱང་བྱང་ཆུབ་ཏུ་སེམས་སྐྱེད་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། དགེ་བའི་སེམས་མེད་པའི་ཕྱིར་རོ། ། རིགས་ཀྱི་བུ་ཞན་ཡང་འདི་ལྟ་སྟེ། དཔེར་ན་སྨན་གྱི་སྡོང་པོའི་ནང་ན། སྨན་གྱི་རྒྱལ་པོ་ཞེས་བྱ་བ་ནི་སྨན་གྱི་ནང་ན་མཆོག་དང་ཕུལ་དུ་གྱུར་པས། དར་བ་དང་སྦྱར་ཏམ། སྦྲང་རྩི་དང་སྦྱར་ཏམ། མར་དང་སྦྱར་ཏམ། ཆུ་དང་བསྲེས་སམ། འོ་མ་དང་བསྲེས་སམ། ཕྱེ་མར་བཏགས་སམ། རིལ་བུར་བྱས་སམ། མེད་གུར་བསྐུས་སམ། དྲིས་འདུག་ས་མ། མིག་ཏུ་བསླུས་སམ། མཐོང་ངམ། བསྣམས་པ་ཙམ་གྱིས་ཀྱང་སེམས་ཅན་གྱི་ནད་ཐམས་ཅད་ཞི་བར་བྱེད་དེ། འོན་ཀྱང་སྨན་གྱི་སྡོང་པོ་དེ་འདི་སྙམ་དུ། སེམས་ཅན་དག་བདག་གི་རྩ་བ་བླངས་ན་ལོམ་བརྡ་བའི་མི་རིགས་སྙམ་མམ། ལོ་མ་བརྔས་ན་རྩ་བ་བླང་བའི་མི་རིགས་སྙམ་མམ། སྡོང་པོ་བླངས་ན་པགས་པ་བ་ཤུ་བའི་མི་རིགས་སྙམ་མམ། པགས་པ་བཤུས་ན་སྡོང་བུ་བརྡ་བའི་མི་རིགས་སྙམ་མི་སེམས་ཏེ། དེ་ལྟར་མི་སེམས་མོད་ཀྱི། འོད་ཀྱང་སེམས་ཅན་གྱི་ནད་ཀྱི་སྡུག་བསྔལ་ཐམས་ཅད་སེལ་ནུས་སོ།། རིགས་ཀྱི་བུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་འདིའང་དེ་དང་འཇ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཕས་ཕམ་པ་བཞི་དང་། མཚམས་མེད་པ་ལྔ་དང་། ཕྱི་རོལ་དང་ནང་གི་མི་དགེ་བའི་ལས་ཐམས་ཅད་མེད་པར་བྱེད་དེ། གང་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དག་ཀྱང་འདིའི་དབང་གིས་བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་འདིའང་མདོ་སྡེ་ཐམས་ཅད་ཐམས་ཅད་ཀྱི་ནང་ན་རྒྱལ་པོ་ལྟ་བུ་སྟེ། ཇི་ལྟར་སྨན་གྱི་ནང་ན་སྨན་གྱི་རྒྱལ་པོ་ལྟ་བུའོ།། གང་ཞིག་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་ནན་ཏན་བྱེད་དམ་ནན་ཏན་མི་བྱེད་ཀྱང་རུང་། མདོ་སྡེ་འདིའི་མཚན་ཡོད་པ་ཐོས་ཏེ། ཐོས་མ་ཐག་ཏུ་དད་ཅིང་ཡོད་ཆེས་ན་ཉོན་མོངས་པའི་ནད་ཐམས་ཅད་མེད་པར་བྱེད་ཀྱང་ལོག་སྲེད་ཅན་དག་ཐ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བདེ་བར་དགོད་མི་ནུས་སོ། ། ཇི་ལྟར་སྨན་གྱི་རྒྱལ་པོ་དེ་ནད་ཐམས་ཅད་འཚོ་བར་བྱེད་མོད་ཀྱི། ངེས་པར་འཆི་བའི་དུས་ལ་བབ་པ་ནི་མ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་ལག་པ་ལ་རྨ་ཡོད་པ་དག་གིས་དུག་གཟུང་ན་དུག་ཁོང་དུ་འགྲོའི། རྨ་མེད་པས་ནི་གཟུང་ཡང་ཁོང་དུ་མི་འགྲོའོ།། ལོག་སྲེད་ཅན་ཡང་དེ་དང་འདྲ་སྟེ། བྱང་ཆུབ་ཀྱི་རྒྱུ་མེད་པས་རྨ་མེད་པས་དུག་བཟུང་བ་དང་མཚུངས་ཏེ་ཁོང་དུ་མི་འགྲོའོ། ། རྨ་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུའོ།། དུག་ཅེས་བྱ་བ་ནི་དོན་དམ་པའི་སྨན་ལྟ་བུའོ།། རྨ་མེད་པ་ནི་ལོག་སྲེད་ཅན་ལྟ་བུའོ། ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་ནི་ཅིས་ཀྱང་མི་ཆོགས་ཏེ། ཐམས་ཅད་ཕིགས་ཤིང་གཅོག་ནུས་ཀྱང་རུས་སྦལ་གྱི་ཁོག་པ་དང་ར་རུས་ཚོགས་སོ།། མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདིའང་དེ་དང་འདྲ་སྟེ། ཚད་མེད་པའི་སེམས་ཅན་བྱང་ཆུབ་ཀྱི་ལམ་ལ་བདེ་བར་བཙུད་ཀྱང་། ལོག་སྲེད་ཅན་དག་ནི་བྱང་ཆུབ་ཀྱི་རྒྱུ་བསྐྱེད་མི་ནུས་སོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། རྩཝ་དན་ཧུ་ལ་ཀ་དང་། ཤིང་སྦ་ལི་ཤི་དང་། ལ་ཀི་ལ་ལྟ་བུ་སྡོང་བུ་དང་། ཡལ་ག་གཅད་ཀྱང་དེ་མ་ཐག་ཏུ་ཕྱིར་སྐྱེ་སྟེ། ཤིང་ཏ་ལ་ལྟར་གཅད་ནས་ཕྱིར་མི་སྐྱེ་བ་ནི་མི་ཡིན་ནོ།། སེམས་ཅན་དེ་དག་ཀྱང་དེ་དང་འདྲ་སྟེ། གལ་ཏེ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཐོས་ན་ཕས་ཕམ་པ་བཞི་བྱུང་ངམ། མཚམས་མེད་པའི་ལས་བྱས་ཀྱང་བྱང་ཆུབ་ཀྱི་རྒྱུ་ཕྱིར་སྐྱེའང་སྲིད་ཀྱི། ལོག་སྲེད་ཅན་ནི་དེ་ལྟ་མ་ཡིན་ཏེ། མདོ་སྡེ་དམ་པ་འདི་ཐོས་སམ་མཉན་ཀྱང་བྱང་ཆུབ་ཀྱི་རྒྱུ་སྐྱེ་མི་སྲིད་དོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྡེ། དཔེར་ན་ཤིང་ཁ་ཏ་ལ་དང་། ཙན་ཏོ་ཀ་ལྟ་བུ་བཅད་ན། ས་བོན་ཚིག་པ་དང་འདྲ་སྟེ་ཕྱིར་མི་སྐྱེའོ། ། ལོགས་སྲེད་ཅན་དག་ཀྱང་དེ་དང་འདྲ་སྟེ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཐོས་ཀྱང་། བྱང་ཆུབ་ཀྱི་རྒྱུ་མི་སྐྱེ་བ་ནི་ས་བོན་ཚིག་པ་དང་འདྲའོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་ཆར་ཆེན་པོ་བབ་ན་ནམ་མཁའ་སྟོང་པ་ལ་མི་ཆགས་སོ།། མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེའང་དེ་དང་འདྲ་སྟེ། ཆོས་ཀྱི་ཆར་ཀུན་ཏུ་ཕབ་ཀྱང་ལོག་སྲེད་ཅན་མི་ཆགས་སོ། ། ལོག་སྲེད་ཅན་གྱི་ལུས་ལ་རྡོ་རྗེ་བརྟན་པ་ལྟར་ཀུན་ཏུ་ཁྱབ་པས་ཅིས་ཀྱང་མི་ཚུགས་སོ།། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་ལས་ཀྱང་བཀའ་སྩལ་པ། དགེ་བ་མ་མཐོང་དགེ་མི་བྱེད། སྡིག་པ་མཐོང་བས་སྡིག་པ་བྱེད།། དེ་ལ་འཇིགས་ཤིང་འབྱོལ་བ་ནི།། ཇི་ལྟར་ལམ་ངན་གཡངས་ས་བཞིན། ཞེས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་མ་མཐོང་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་མ་མཐོང་བའོ།། དགེ་བ་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། ། མི་བྱེད་ཅེས་བྱ་བ་ནི་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་མི་བྱེད་པའོ།། མཐོང་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་མེད་པར་མཐོང་བའོ།། སྡིག་པབ་ཞེས་བྱ་བ་ནི་ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོའི་མདོ་སྡེ་ལ་བསྐུར་བའོ། ། བྱེད་ཅེས་བྱ་བ་ནི་ལོག་སྲེད་ཅན་ཤིན་ཏུ་རྒྱས་པ་མེད་པར་སྨྲ་བ་སྟེ། དེ་བས་ན་ལོག་སྲེད་ཅན་དག་ནི་ཡོངས་སུ་དག་པའི་དགེ་བའི་ཆོས་ལ་འཇུག་ཅིང་འབད་པའི་སེམས་མེད་དོ། ། ཆོས་གང་ལ་དགེ་བ་ཞེས་བྱ་ཞེ་ན། དེ་ནི་མྱ་ངན་ལས་འདས་པའོ།། མྱ་ངན་ལས་འདས་པ་ལ་འཇུག་ཅིང་འབད་པ་ནི་འཕགས་པས་སྤྱོད་པ་ལ་ནན་ཏན་དུ་བྱེད་པའོ།། ལོག་སྲེད་ཅན་དག་ནི་འཕགས་པའི་སྤྱོད་པ་མི་སྤྱོད་པས། མྱ་ངན་ལྔ་འདྲ་བ་ལ་འཇུག་ཅིང་འབབ་མི་ནུས་སོ།། དེ་ལ་སྐྲག་པར་བྱའོ་ཞེས་བྱ་བ་ནི་དམ་པའི་ཆོས་ལ་སྐུར་བ་སྟེ། གང་གིས་སྐྲག་པར་བྱ་ཞེ་ན། མཁས་པ་ཤེས་རབ་ཅན་དག་གིས་སོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ལ་སྐུར་བས་དགེ་བའི་སེམས་མེད་དེ། སྦྱོར་བའི་ཐབས་མེད་པའི་ཕྱིར་རོ།། ལམ་གཡངས་ས་ཞེས་བྱ་བ་ནི་འདུ་བྱེད་རྣམས་སོ། ། འོད་སྲུངས་ཀྱིས་ཡང་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལས།། བྱ་བ་མཐོང་བ་གང་དག་ལགས། དགེ་བའི་ཆོས་སུ་གང་དག་འགྱུར།། མི་འཇིགས་པ་ཡི་གནས་ནི་གང་། རྒྱལ་པོས་བདེ་བའི་ལམ་བགྲོད་བཞིན།། ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱ་བ་མཐོང་བ་ཞེས་བྱ་བ་ནི་སྡིག་པ་མཐོལ་བ་ལ་བྱ་སྟེ། འཁོར་བའི་མཐའ་ནས་སྡིག་པ་མི་དགེ་བའི་ཆོས་ཅི་བྱས་པ་ཀུན་བཤགས་ཏེ་ཕྱིན་པ་མེད་པའི་གནས་སུ་ཕྱིན་པའོ།། དེ་བས་ན་གནས་དེ་ནི་མི་འཇིགས་པ་སྟེ། དཔེར་ན་རྒྱལ་པོ་ལམ་དུ་ཞུགས་ཏེ་སོང་ན། ལམ་ཀ་ནས་མི་རྒོད་ལ་སོགས་པ་འབྱོལ་ཞིང་འབྲོས་སོ།། དེ་བཞིན་དུ་སྡིག་པ་མི་དགེ་བའི་ཆོས་ཀྱང་མཐོལ་ཞིང་བཤགས་ན་ཐམས་ཅད་འབྲང་བར་འགྱུར་རོ།། གཞན་ཡང་བྱེད་པ་མི་མཐོང་བ་ནི་ལོག་སྲེད་ཅན་དག་སྡིག་པ་མི་དགེ་བའི་ལས་བྱས་ཀྱང་མི་མཐོང་བའོ།། ལོག་སྲེད་ཅན་དག་ནི་ང་རྒྱལ་གྱི་དྲེགས་པས་སྡིག་པ་མི་དགེ་བའི་ཆོས་མང་དུ་བྱས་ཀྱང་ཐོག་མ་ནས་མི་སྐྲག་མི་འཇིགས་པའོ། ། དེ་བས་ན་མྱ་ངན་ལས་འདས་པ་མི་ཐོབ་པ་ནི། དཔེར་ན་སྤྲེའུ་དག་ཆུའི་ནང་གི་ཟླ་བ་འཛིན་པ་དང་མཚུངས་སོ།། རིགས་ཀྱི་བུ་གལ་ཏེ་ཚད་མེད་པའི་སེམས་ཅན་ཐམས་ཅད་ཅིག་ཅར་དུས་ཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཀྱང་། དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་ལོག་སྲེད་ཅན་དག་བྱང་ཆུབ་ཐོབ་པར་མི་རིགས་ཏེ། དེ་བས་ན་བྱ་བ་མི་མཐོང་བ་ཞེས་བྱའོ།། གཞན་ཡང་སུས་བྱས་པ་མི་མཐོང་ཞེ་ན། དེ་བཞིན་གཤེགས་པས་མཛད་པ་མི་མཐོང་ངོ་།། དེ་བཞིན་གཤེགས་པས་སོ་སོའི་སྐྱེ་བོ་ལ་སངས་རྒྱས་ཀྱི་རང་བཞིན་བསྟན་ཅིང་བཤད་ཀྱང་། ལོག་སྲེད་ཅན་དག་ནི་འཁོར་བ་ན་ཡོངས་སུ་འཁོར་བས། ཤེས་པར་རམ་མཐོང་བར་མི་འགྱུར་རོ།། དེ་བས་ན་དེ་བཞིན་གཤེགས་པས་མཛད་པ་མི་མཐོང་བ་ཞེས་བྱའོ། ། གཞན་ཡང་ལོག་སྲེད་ཅན་དག་ནི་མཐའ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ཏེ། ཡང་དག་པར་མི་རྟག་པར་འཛིན་པ་ནི་ཇི་ལྟར་མར་མི་དང་མར་དང་བཅས་པར་ཟད་པ་ལྟ་བུར་མཐོང་བའོ། ། དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེ་སྡིག་པ་མི་དགེ་བའི་ལས་མི་འཆི་བའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་གང་ཞིག་དགེ་བ་བྱས་པའི་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པ་ན། ལོག་སྲད་ཅན་དག་ནི་དེ་ལ་འབྱ་ཞིང་མ་དང་མོད་ཀྱི། འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ནི་དེ་དག་ཀྱང་ཐ་ན་མེད་པའི་བྱང་ཆུབ་ཐོབ་པར་ཡོངས་སུ་སྔོ་བར་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་རྣམས་ཀྱི་ཆོས་ཉིད་དེ་འཟ་བའི་ཕྱིར་རོ།། འོ་མ་ལས་ནི་ཞོར་འགྱུར་བཞིན།། སྡིག་པ་འཕྲལ་དུ་སྨིན་མི་འགྱུར།། མེ་མདག་ཐལ་བས་གསོགས་པ་ལ། ། གླེན་པ་བརྙས་པས་རྫི་བར་འགྱུར།། ལོག་སྲེད་ཅན་དག་ནི་མིག་མེད་པ་ཞེས་བྱ་སྟེ། དེ་བས་ན་དགྲ་བཅོམ་པའི་ལས་མི་མཐོང་ངོ་།། དགྲ་བཅོམ་པ་ནི་འཁོར་བའི་ལམ་ངན་པ་གཡངས་སར་མི་འགྲོའོ། ། མིག་མེད་པ་དག་ནི་ཤིན་ཏུ་རྒྱས་པ་ལ་སྐུར་བས་དགྲ་བཅོམ་པ་ལྟར་བྱམས་པའི་སེམས་ལ་ནན་ཏན་མི་བྱེད་དོ།། ལོག་སྲེད་ཅན་དག་ཤིན་ཏུ་རྒྱས་པ་ལ་ནན་ཏན་མི་བྱེད་པའང་དེ་དང་འདྲའོ། ། སྐྱེས་བུ་གང་ཞིག་འདི་སྐད་དུ་བདག་ནི་ཉན་ཐོས་པའི་མདོ་སྡེ་ལ་མ་དད་ཀྱི། ཐེག་པ་ཆེན་པོ་ལ་དད་དེ་འདོན་པ་དང་། ཀློག་པ་དང་། སྟོན་ཅིང་འཆད་པའང་བྱེད་དོ།། དེ་བས་ན་བདག་ནི་བྱང་ཆུབ་སེམས་དཔའ་སྟེ། སེམས་ཅན་ཐམས་ཅད་ལའང་སངས་རྒྱས་ཀྱི་རང་བཞིན་ཡོད་པས། སེམས་ཅན་གྱི་ལུས་ཀྱི་ནང་ན་སྟོབས་བཅུ་དང་། མཚན་སུམ་ཅུ་རྩ་གཉིས་དང་།། དཔེ་བྱད་བཟང་པོ་བརྒྱད་ཅུའང་ཡོད་དོ།། བདག་སྨྲ་བ་དང་། སངས་རྒྱས་ཀྱིས་གསུངས་པ་ཐ་མི་དད་དོ།། བདག་དང་ཁྱེད་བཅས་སུ་ཚད་མེད་པའི་ཉོན་མོངས་པ་འཇོམས་པར་འགྱུར་བ་ནི་ཇིལྟར་ཆུ་སྣོད་ཆག་པ་བཞིན་དུ་ཉོན་མོངས་པ་ཀུན་བཅོམ་པས། ཟན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཐོང་བར་འགྱུར་རོ།། ཞེས་སྐྱེས་བུ་དེས་དེ་སྐད་དུ་སྟོན་ཅིང་འཆད་མེད་ཀྱི། སེམས་ཅན་ལ་ཡང་དགེ་བར་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཡིད་ཆེས་པ་མ་ཡིན་ཏེ། ཕན་པ་དང་བདེ་བའི་ཕྱིར་ཡི་གེ་ལས་བླང་བ་བཞིན་སྟོན་ཏེ། དེ་ལྟར་སྟོན་པ་དེ་ནི་སྡིན་པ་ཅན་ཞེས་བྱ་སྟེ། སྡིག་པ་ཅན། དེ་མིང་ལྟར་འོ་མ་ཁས་ནོར་འགྱུར་བ་བཞིན་དུ་འཟས་བུ་མྱུར་དུ་མི་འགྲུབ་བོ།། དཔེར་ན་རྒྱལ་པོའི་ཕོ་ཉ་ཤིན་ཏུ་སྤྲ་མཁས་ལ་ཐབས་དང་ལྡན་པ་ཞིག་ཡུལ་གཞན་དུ་བཀའ་སྩལ་ཏོ་གཏང་ན། ལུས་དང་ལྐོག་ས་བྱབ་ཀྱང་རྒྱལ་པོའི་བཀའ་མོ་འཆ་བའོ། ། མཁས་པ་ཤེས་རབ་ཅན་ཡང་དེ་དང་ང་སྟེ། བྱིས་པ་མ་རབ་ཀྱི་ནང་དུ་ལུས་དང་སྲོག་ལ་མི་ལྟ་བར། ག་པ་ཆེན་པོ་ཤིན་ཏུ་རྒྱས་པ་དེ་བཞིན་གཤེས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་སྒྲོགས་ཤིང་སྟོན་ཏོ། ། རིགས་ཀྱི་བུ་ལོག་སྲེད་ཅན་འགའ་ཞིག་དགྲ་བཅོམ་པ་ལྟར་འཆོས་ཏེ། བས་མཐར་གནས་ནས་ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོའི་མདོ་སྡེ་ལ་འཕྱ་ཞིང་སྐུར་ན། བྱིས་པ་མ་རབས་དག་དེ་ལ་ཡང་དག་པར་དགྲ་བཅོམ་པ་འམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་འཛིན་ཏོ།། ལོག་སྲེད་ཅན་དགེ་སློང་སྡིག་པ་བས་མཐར་གནས་པའི་ཆོས་མ་རུངས་པར་བྱེད་དོ། ། ཕ་རོལ་པོས་རྙེད་པ་དང་བཀུར་སྟི་ཐོབ་པ་ལ་ཕྲག་དོག་གི་སེམས་སྐྱེད་ནས་འདི་སྐད་དུ། ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོའི་མདོ་སྡེ་འང་འདུད་སྡིག་ཏོ་ཅན་གྱིས་བསྟན་པ་ཡིན་ཏེ། དེ་བཞིན་གཤེགས་པའང་མི་རྟག་པའོ་ཞེས་སྨྲས་ཏེ། དམ་པའི་ཆོས་འཇིག་ཅིང་དགེ་འདུན་མ་རུངས་པར་བྱེད་དོ།། གཞན་ཡང་འདི་སྐད་དུ་བདུད་སྡིག་ཏོ་ཅན་གྱིས་སྨྲས་བན་དག་པའི་རྫས་སུ་སྨྲས་པས་ཡིན། ། ནམ་ན་པ་མངོན་ཅན་ཆོས་དཀ་ཅེས་ས། དརྫོག་པ། བྱས་ཀྱང་རོམལ་སན་གྱུར་འནས་ལ་ཅུ་ཚན་པ་ན་པས། མེད་མ་དག་ཐལ་བས་བཀང་པ་ལ་བརྙས་པ་བཞིན་དུ་སྟེང་དུ་རྫིའོ།། གང་ཟག་དོན་ལོག་སྐྱེད་ཅན་ཞེས་བྱའོ།། དེ་བས་ན་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མད་ལྡ་དམ་པ་ན་ངས་པར་ཡོངས་སུ། རོ་ན་པོ་མཚུནགམ་ཅན་གྱི་ནང་དུ་བཅུགན་ཆུ་དང་བར་འགྱུར་བལྟར། ཐེག་པ་ཆེན་པོའི་མདོ་རྗེ་འདི་ང་དེ་དང་འཇའོ།། རིགས་ཀྱི་སུ་གཞན་ཡང་འདི་སྟེ་སྟེ། དཔེར་ནམ་རྒྱག་པརྗོད་པན་ཉི་མའི་ཛི་ས་། ས་འ་། ས་མྱ་རྣམ་ལ་འདས་པའི་འོད་འཕྲུ་བུ་བུར་ནགས་ན་རྒྱདམ་པར་འགྱུར་རོ་ཞེས་ངས་གསུངས་སོ། ། མིག་མེད་ཅན་ན་སངས་རྒྱས་ཀྱི་རང་མཞིན་མོང་སྐྱེབ་ལརྣམཐ་ཟེར་གྱིམ་། བྱང་ཀྵྨ། ང་ཆུ་། མ་གྱུ་། ། ས་མ་རྐྱེན་མ་། མགྱི་མི་གས་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་འདི་ལ་ནན་ཏན་བྱེད་པའང་དེ་དང་འདྲ་སྟེ། ཉོན་མོངས་པ་དང་བཅས་མོད་ཀྱི། ཉོན་མོངས་པས་མི་གོས་སོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་རང་བཞིན་གྱི་མཚན་ཉིད་ཤེས་པའི་ཕྱིར་རོ། ། རིགས་ཀྱི་བུ་དཔེར་ན་ཡུལ་ལ་ལན་ཤིན་ཏུ་བསིལ་བའི་རླུང་དང་ལྡན་ན། སེམས་ཅན་གང་ཚ་བས་བདུངས་པའི་ལུས་ཀྱི་བ་སྤུའི་ཁུང་ལ་རེག་ན་ཚ་བས་གདུངས་པ་མེད་པར་འགྱུར་རོ། ། ཐེག་པ་ཆེན་པོས་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་འདིའང་དེ་དང་འདྲའོ།། སེམས་ཅན་ཐམས་ཅད་ཀྱི་བ་སྤུའི་བུ་གང་འཇུགས་ཅིང་བྱང་ཆུབ་ཀྱི་རྒྱུར་འགྱུར་བར་བྱེད་དེ། ལོག་སྲེད་ཅན་འབའ་ཞིག་ནི་མ་གཏོགས་སོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་སྣོད་མ་ཡིན་པའི་ཕྱིར་རོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་སྨན་པ་མཁས་པ་རིག་པ་རྣམ་པ་བརྒྱད་ལ་མཁས་པ་དག་ནད་ཐམས་ཅད་ཞི་བར་བྱེད་ནུས་མོད་ཀྱི། ངེས་པར་ཤི་བའི་དུས་ལ་བབ་པ་ལ་ནི་མ་ཡིན་ནོ།། མདོ་སྡེའི་ཏིང་ངེ་འཛིན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཀུན་ནས་ཉོན་མོངས་པའི་ངེས་པའི་ནད་གསོ་ཞིང་། ཀུན་ནས་ཉོན་མོངས་པའི་ཟུག་རྔུ་འབྱིན་ནུས་མོད་ཀྱི། ཕས་ཕམ་པ་བཞི་ཉམས་པ་དང་། མཚམས་མེད་པ་ལྔ་བྱས་པ་ལ་ནི་མ་ཡིན་ནོ། ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། སྨན་པ་མཁས་པ་རིག་པ་བརྒྱད་ལས་ཀྱང་འདས་པ་དག་སེམས་ཅན་གྱི་ནད་ཀྱི་སྡུག་བསྔལ་ཐམས་ཅད་སེལ་ནུས་མོད་ཀྱི། གདོན་མི་ཟ་བར་ཤི་བའི་དུས་ལ་བབ་པ་ལ་ནི་མ་ཡིན་ནོ། ། མྱ་ངན་ལས་འདས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་སྡེ་འདིའང་དེ་དང་འདྲ་སྟེ། སེམས་ཅན་གྱི་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད། ཅིང་། དེ་བཞིན་གཤེགས་པའི་ཡོངས་སུ་དག་པའི་རྒྱུར་འགྱུར་བ་ལ་བདེ་བར་འཇོག་པ་དང་། སེམས་མ་བསྐྱེད་པ་དག་སེམས་སྐྱེད་པར་ནི་བྱེད་མོད་ཀྱི། ངེས་པར་འཆི་བ་ལོག་སྲེད་ཅན་ལ་ནི་མ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། སྨན་པ་མཁས་པས་ནི་མིག་ནད་ལས་ལོང་བར་གྱུར་བ་དག་ལ་ནི། ཉི་མ་དང་། ཟླ་བ་དང་། མེ་དང་། སྐར་མ་དང་། གཟུགས་རྣམ་པ་ཐམས་ཅད་མཐོང་བར་བྱེད་ནུས་ཀྱི། ཐོག་མ་ནས་དམུས་ལོང་དུ་གྱུར་པ་ལ་ནི་མ་ཡིན་ནོ།། ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་འདིའང་དེ་དང་འདྲ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཅན་ཡང་། ཤེས་རབ་ཀྱི་མིག་ཐོབ་ཅིང་ཚད་མེད་མཐའ་ཡས་པའི་ཐེག་པ་ཆེན་པོའི་མདོ་ལ་དགོད་པ་དང་། སེམས་མ་བསྐྱེད་པ་དང་། ཕས་ཕམ་པ་བཞི་ཉམས་པ་དང་། མཚམས་མེད་པ་ལྔ་བྱས་པ་དག་ཀྱང་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་ནི་ནུས་ཀྱི། ཐོག་མ་ནས་དམུས་ལོང་དུ་གྱུར་པ་ལོག་སྲེད་ཅན་དག་ལ་ནི་མ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་སྨན་པ་ཤིན་ཏུ་མཁས་པ་རིགས་བ་རྣམ་པ་བརྒྱད་དང་ལྡན་པ་ནི། སེམས་ཅན་གྱི་ནད་ཐམས་ཅད་གསོ་བའི་ཕྱིར་སྨན་རྣམ་པ་མང་པོ་སྦྱོར་ཏེ། སྤྲུག་པ་དང་། འཁྲུ་བ་དང་། བསླུ་བ་དང་། འདུག་པ་དང་། སྔར་ཐུགས་པ་དང་ཕྱེ་མ་དང་། རིལ་བུ་ལ་སོགས་པ་སྦྱོར་རོ།། གལ་ཏེ་མི་དབུལ་པོ་སྨན་མི་འདོད་པ་ཞིག་ནའང་སྨན་པའི་དེ་ལ་སྙིང་བརྩེ་བའི་ཕྱིར། ཁྱིམ་དུ་ཁྲིད་ནས་ནན་གྱིས་སྨན་བླུད་དེ་ནད་འཚོ་བར་བྱེད་དོ།། གལ་ཏེ་བུད་མེད་བུ་བཙས་པ་ཞིག་ཤ་མ་མ་ཕྱིན་ནའང་དེ་ལ་སྨན་གཏོང་སྟེ། ཤ་མའང་བྱུང་ལ་བུའང་བདེ་བར་བཙས་པར་བྱེད་དོ།། ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་འདིརང་དེ་དང་འདྲ་སྟེ། གནས་གང་ན་ཡོད་པ་དེ་དང་དེ་དག་ཏུ། སེམས་ཅན་གྱི་ཉོན་མོངས་པ་ཚད་མེད་པ་སྙེད་ཞི་བར་བྱེད་དེ། ཕས་ཕམ་པ་བཞི་ཉམས་པ་དང་། མཚམས་མེད་པ་ལྔ་བྱས་པ་དང་སེམས་མ་བསྐྱེད་པའང་སེམས་སྐྱེད་པར་འགྱུར་ན་ལོག་སྲེད་ཅན་ནི་མ་གཏོགས་སོ། ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱི། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་པས་ཕམ་པ་བཞི་ཉམས་པ་དང་། མཚམས་མ་མཆིས་པ་ལྔ་བགྱིས་པ་དག་ནི་ཇི་ལྟར་ཤིང་ཏ་ལའི་མགོ་གཅད་ན་ཕྱིར་མི་སྐྱེ་བ་དང་འདྲ་སྟེ། དེ་དག་བྱང་ཆུབ་ཏུ་སེམས་མ་བསྐྱེད་པར་ཅིའི་སླད་དུ་བྱང་ཆུབ་ཀྱི་རྒྱུར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཅན་དེ་དག་གལ་ཏེ་རྨི་ལམ་ན་སེམས་ཅན་དམྱལ་བར་ལྷུང་སྟེ། སྡུག་བསྔལ་མང་པོ་མྱོང་བར་རྨིས་ན་འགྱོད་པའི་སེམས་སྐྱེས་ཏེ། ཀྱི་ཆུང་བདག་ཅིའི་ཕྱིར་འདི་འདྲ་བའི་སྡིག་པ་མྱོང་བར་འགྱུར། བདག་ཅི་སྟེ་སྡིག་པ་འདི་ལས་ཐར་ན་གདོན་མི་ཟ་བར་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱའོ།། ད་ལྟར་མྱོང་བ་འདི་ནི་རབ་ཏུའང་སྡུག་བསྔལ་བའོ།། སྙམ་བསམ་ནས། དེ་ནས་སད་དེ་དམ་པའི་ཆོས་ལ་འཟས་བུ་ཆེན་པོ་དང་ལྡན་པར་ཤེས་སོ།། ཇི་ལྟར་བུ་ཆུང་ངུ་བགས་ཀྱིས་ཆེར་སྐྱེས་ཀྱི་བར་དུ་རྟག་ཏུ་འདི་སྙམ་དུ་སེམས་ཏེ། སྨན་པ་དེ་ནི་སྨན་ལ་ཤིན་ཏུ་མཁས་སོ།། བདག་མངལ་ན་འདུག་པ་ལས་བདག་གི་མ་ལ་སྨན་གཏང་བས་སྨན་གྱི་མཐུས་བདེ་བར་གྱུར་ཏེ། བདག་ཀྱང་འཚོ་བར་གྱུར་ཏོ།། ངོ་མཚར་ཆེའོ།། བདག་གི་མས་ཟླ་བ་བཅུའི་བར་དུ་སྡུག་བསྔལ་ཆེན་པོ་མོང་སྟེ། བདག་བཙས་ནས་ཀྱང་གཤེར་བ་མི་བདེ་བ་དང་ནི་ཟལ། སྐམ་པ་བདེ་བ་དང་ཕྲད་དེ། མི་གཙང་བ་བཤང་གཅི་ཆེ་ཆུང་ཡང་ཕྱགས་ནས་ནུ་ཞོ་བསྣུན་ཏེ། བདག་གི་ལུས་འདི་གསོས་ནས་རིམ་ཟེ་ཆེར་བྱས་སོ། ། དེ་བས་ནས་བདག་ཀྱང་དྲིན་ལ་ལན་ཐན་པའི་ཕྱིར་རིམ་གྲོ་ཆེར་བྱས་ཏེ། ཡིད་དང་མའི་གལ་བར་མཆོད་པར་བྱའོ་སྙམ་སེམས་སོ།། ཕས་ཕམ་པ་བཞི་ཉམ་པ་དང་། མཚམས་མེད་པའི་སྡིག་བྱས་པའང་མཐར་དུས་བྱས་པ་ན། ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་འདི་དྲན་པར་བྱས་ན་སེམས་ཅན་དམྱལ་བ་འམ། བྱོལ་སོང་གི་སྐེ་གནས་སམ། ཡི་དགས་སམ། ལྷ་རམ། མིར་སྐྱེས་ཀྱང་མདོ་སྡེ་འདིས་མི་དེའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བར་བྱེད་དོ།། ལོག་སྲེད་ཅན་ནི་མ་གཏོགས་སོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ནསྨན་པ་མཁས་པ་འམ། སྨན་པ་མཁས་པའི་བུ་སྨན་གཞན་ལས་འཕགས་པར་མཁས་པ་དུག་གི་སྨན་ལའང་ཤིན་ཏུ་མཁས་ཤིང་། རིགས་སྔགས་ལའང་མཁས་ན། སྦྲུལ་གདུག་པ་འམ་ཀླུ་འམ། གདུག་པ་གཞན་དག་ཀྱང་རིག་སྔགས་དང་སྨན་གྱི་མཐུས་གདུག་པ་མེད་པར་བྱེད་དོ།། གལ་ཏེ་ལྷམ་ལ་སྨན་བསྐུས་ཏེ། སྦྲུལ་གདུག་པ་ལ་སོགས་པ་ལ་རེག་ན་གདུག་པ་ཞི་བར་འགྱུར་ཡང་། གདུག་པ། ཀླུ་ཆེན་པོ་ཞེས་བྱ་བ་ནི་མ་ཡིན་ནོ།། ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་འདིའང་དེ་དང་འདྲ་སྟེ། སེམས་ཅན་ལ་ཕས་ཕམ་པ་བཞི་ཉམས་སམ། མཚམས་མེད་པ་ལྔ་བྱས་ཀྱང་དེ་དག་གི་ཁ་ན་མ་ཐོ་བའི་སྡིག་པ་བྱང་ཞིང་བྱང་ཆུབ་ལ་དགོད་པར་བྱེད་དོ། ། ལྷམ་ལ་སྨན་གྱིས་བསྐུས་ནའང་དུ་ག་ཞི་བར་བྱེད་པ་ལྟར། སེམས་མ་བསྐྱེད་པ་དག་ཀྱང་སེམས་སྐྱེད་ཅིང་བྱང་ཆུབ་ལ་བདེ་བར་དགོད་པར་བྱེད་དོ། ། ཐེག་པ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་སྨན་ལྟ་བུ་འདིའི་མཐུས་སེམས་ཅན་ཐམས་ཅད་བདེ་བར་བྱེད་ཀྱང་། ཀླུ་ཆེན་པོ་ལྟ་བུ་ལོག་སྲེད་ཅན་དག་ནི་མ་གཏོགས་སོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་མི་ཞིག་གིས་དུག་རྣམ་པ་སྦྱར་ནས་རྔ་ཆེན་པོ་ལ་བསྐུས་ཏེ། མི་མང་པོའི་ནང་དུ་བརྡུངས་ན་སྨ་དེ་ཐོས་པར་མི་འདོད་མོད་ཀྱི། ཐོས་པ་ཐམས་ཅད་ཅིའང་གློ་བུར་དུ་འཆི་བར་མི་འགྱུར་བ་འབའ་ཞིག་ནི་མ་གཏོགས་སོ། ། ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་འདིའང་དེ་དང་འདྲ་སྟེ། གང་དང་གང་ན་འདུ་བྱེད་མང་པོའི་ནང་དུ་སྒྲ་ཐོས་པར་གྱུར་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པ་ཀུན་འབྱུང་བར་འགྱུར་ཏེ། དེ་ལ་སེམས་ཤིང་ཡིད་ལ་བྱ་བའི་བསམ་པ་མེད་ཀྱང་། མྱ་ངན་ལས་འདས་པ་ཆེན་པོའི་མཐུས་ཉོན་མོངས་པ་ཀུན་ཞི་བར་འགྱུར་རོ། ། ཕས་ཕམ་པ་བཞི་ཉམས་པ་དང་། མཚམས་མེད་པ་ལྔ་བྱས་པ་དག་ཀྱང་མདོ་སྡེ་འདི་ཐོས་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། ཉོན་མོང་པ་ཁད་ཀྱིས་འབྱུང་བར་འགྱུར་ན། གློ་བུར་དུ་མི་འཆི་བ་ལོག་སྲེད་ཅན་ནི་མེ་ཏོགས་སོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་མུན་སྲོས་ན་ལས་བྱ་བ་ཐམས་ཅད་གཏོང་སྟེ། འཕྲོ་ལུས་ཀྱང་སང་གྱི་བར་དུ་སྡོད་དོ། ། ཐེག་པ་ཆེན་པོ་སློབ་པའང་དེ་དང་འདྲ་སྟེ། མདོ་སྡེའི་ཏིང་ངེ་འཛིན་ཐམས་ཅད་ལ་ནན་ཏན་བྱས་ཀྱང་། མྱ་ངན་ལས་འདས་པ་ཆེན་པོ་ཉི་མ་ལྟ་བུ་འདི་ལས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་འདི་ཐོས་ནས། གདོད་བྱང་ཆུབ་ཀྱི་ལས་བྱེད་དེ་དམ་པའི་ཆོས་ལ་བདེ་བར་གནས་སོ།། དཔེར་ན་ཆར་པ་ནི་ས་བོན་ཐམས་ཅད་སྐྱེ་བ་དང་། འབྲས་བུ་ཐམས་ཅད་སྨིན་པ་དང་མུ་གེ་ལ་སོགས་པ་སེལ་ཅིང་ལོངས་སྤྱོད་དང་ལྡན་པར་བྱེད་དོ། ། དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་ཆར་ཚད་མེད་པ་འདིའང་དེ་དང་འདྲ་སྟེ། གདུང་བའི་ནད་རྣམ་པ་བརྒྱད་སེལ་བ་དང་། མདོ་སྡེ་འདི།། འཇིག་རྟེན་དུ་བྱུང་བས་འབྲས་བུ་ཐམས་ཅད་སྨིན་པར་བྱེད་པ་དང་། ཐམས་ཅད་ལ་ཕན་པ་དང་བདེ་བར་འགྱུར་པ་དང་། ས་སོ་སྐྱེ་བོ་དག་སངས་རྒྱས་ཀྱི་རང་བཞིན་མཐོང་བ་ཇི་ལྟར། པུན་ད་རི་ཀ་འར་ལས་ཉན་ཐོས་བརྒྱད་སྟོང་རྣམས་ལ་ལུང་བསྟན་ཏེ་འབྲས་བུ་ཆེན་པོ་ཐོབ་པ་བཞིན་ནོ། ། ཇི་ལྟར་སྟོན་གྱི་དུས་སུ་ལས་བྱས་ནས་དགུན་སྦེད་པ་ལྟར། ལས་གཞན་མི་བྱེད་པ་ལོག་སྲེད་ཅན་ཡང་དེ་དང་འདྲ་སྟེ་པའི་ཆོས་ལ་རྩོལ་བ་མེད་དོ། ། རིགས་ཀྱི་བུ་གཞན་ཡང་འདི་ལྷ་སྟེ། དཔེར་ན་སྨན་པ་མཁས་པ་ཞིག་ཕ་རོལ་པོའི་ངུ་ཞིག་འཛེས་པ་རྣམས་ཤེས་ཐོས་ན་སྨན་པའང་པོ་སྦྱར་ཏེ། མི་ནག་དེའི་སྟེང་དུ་མངགས་ནས། འདི་སྐད་ཅེས་ཁྱོད་སྨན་འདི་ཐོགས་ལ་དེའི་གན་དུ་སྩོལ་ཅིག། ཅི་སྟེ་མངགས་པའི་མི་དེ་ཉིད་ལམ་དུ་ཡི་དགས་དང་ཕྲད་ནའང་། སྨན་དེའི་སྟོབས་ཀྱིས་འབྱོལ་ཞིང་འཟོས་པར་འགྱུར་རོ།། ཁྱོད་ཅི་སྟེ་ཐོགས་ནའང་ཁོ་བོ་ཉིད་དོན་དུ་འགྲོ་སྟེ། ནང་པ་དེ་གློ་བུར་གྱི་འཆི་བར་མི་བྱའོ།། ཅི་སྟེ་ནད་པ་དེས་མངགས་པའི་མི་དེའམ། ཁོ་བོ་ཉིད་དང་ཕྲད་ན་སྨན་གྱི་སྟོབས་ཀྱིས་ནད་ཀྱི་སྡུག་བསྔལ་དང་བྲལ་ཏེ་བདེ་བར་འགྱུར་རོ། ། ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་འདིའང་དེ་དང་འཇ་སྟེ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། མུ་སྟེགས་ཅན་ལ་སོགས་པ་གང་སུའང་རུང་སྟེ། མདོ་སྡེ་འདི་འཆང་ངམ། འཛིན་ཏམ། ཀློག་གམ། འདོན་ཏམ། ཁོང་དུ་ཆུད་པར་བྱེད་དམ། གཞན་ལ་རྒྱས་པར་སྟོན་ཅིང་འཆད་དམ། བདག་གིས་གླེགས་བམ་དུ་ཐིས་སམ། གཞན་འདྲིར་བཅུག་ན་དེ་དག་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་རྒྱུར་འགྱུར་རོ།། གལ་ཏེ་ཕས་ཕམ་པ་བཞི་ཉམས་སམ། མཚམས་མེད་པ་ལྔའི་སྡིག་པ་བྱས་སམ། ཡི་དགས་ཀྱིས་བརླམས་སམ། གདུག་པས་གནོད་པར་གྱུར་པ་དག་མདོ་སྡེ་འདི་ཐོས་ན། སྡིག་པ་ཐམས་ཅད་བྱང་བར་གྱུར་ཏེ། ཇི་ལྟར་སྨན་པ་མཁས་པ་དེ་མཐོང་ན་ཡི་དགས་ལ་སོགས་པ་འབྱོལ་ཞིང་འབྲོས་པ་བཞིན་ནོ། ། དེ་བས་ན་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་ཆེན་པོ་ཐོས་པ་ཙམ་དང་བཞིན་གཤེགས་པ་རྟག་ཀོ་བར་བསམས་པའི་ཕྱིར་རོ། ། ཟོས་པ་ཙམ་གྱིས་ཀྱང་དེ་ལྟ་བུར་གྱུར་ན། གླེགས་བམ་དུ་འདྲི་འམ། འཆང་ངམ། འཛིན་ཏམ། ཀློག་གམ། འདོན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ལོག་སྲེད་ཅན་མ་གཏོགས་པར་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་རིག་པར་བྱའོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་འོན་པ་ནི་སྒྲ་སྐ་ཅི་རང་མི་ཐོས་སོ། ། ལོག་སྲེད་ཅན་ཡང་དེ་དང་འདྲ་སྟེ། མདོ་སྡེ་དམ་པ་འདི་ཉན་པར་རྩོལ་ཡང་མི་ཐོས་སོ།། དེ་ཅིའི་ཕྱིར་ཞེ་ན། ཐོས་པའི་རྒྱུ་མེད་པའི་ཕྱིར་རོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་སྨན་པ་མཁས་པ་དཔྱད་ཐམས་ཅད་རབ་ཏུ་རྟོགས་པ། རིག་སྔགས་ཚད་མེད་པའང་ཤེས་པ་ཞིག་གིས། རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ།། རྒྱལ་པོ་ཆེན་པོ་རྒྱལ་པོ་ལ་ནི་ངེས་པར་འཆི་བར་འགྱུར་པའི་ནད་ཡོད་དོ། ། རྒྱལ་པོས་སྨྲས་པ། ཁྱོད་ཁོ་བོའི་ཁོང་པར་ནི་མ་ཕྱིན་ན། ཁོ་བོ་ལ་ངེས་པར་འཆི་བར་འགྱུར་བའི་ནད་ཡོད་པར་ཇི་ལྟར་ཤེས། སྨན་པས་སྨྲས་པ། དེ་ལྟར་ཡིད་མི་ཆེས་ན་བཀྲུ་སྨན་ཐོང་ཞིག་དང་། ནད་ཕྱིར་འབྱུང་སྟེ་མཐོང་བར་འགྱུར་རོ།། ཞེས་སྨྲས་ཀྱང་སྨན་འཐུང་ངུ་མ་བཏུབ་བོ།། དེ་ནས་སྨན་པ་དེས་རིག་སྔགས་ཀྱི་མཐུས། རྒྱལ་པོ་དེའི་རྐུ་བ་ལ་ཤུ་བསྐྱེས་ནས། རྐུབ་ནས་སྲིན་བུ་དང་ཁྲག་བྱུང་བར་བྱས་སོ།། རྒྱལ་པོ་དེ་དེ་ལྟར་གྱུར་པ་མཐོང་ནས་ཤིན་ཏུ་སྐྲག་སྟེ། སྨན་པ་དེ་ལ་ལེགས་སོ་ལེགས་སོ་ཞེས་བསྟོད་ནས། སྔར་ཁྱོད་ཀྱི་ཚིག་མ་མཉན་ད་ཡང་ཁྱོད་ཀྱིས་བདག་གི་ལུས་ལ་ཤིན་ཏུ་ཕན་པ་ཆེན་པོ་བྱས་སོ་ཞེས་སྨྲས་ནས། སྨན་པ་དེ་ལ་ཕ་མ་ལྟ་བུར་བཀུར་སྟི་བྱེད་དོ།། ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོའང་དེ་དང་འདྲ་སྟེ། སེམས་ཅན་གང་འདོད་པ་དང་བཅས་པའམ། འདོད་པ་མེད་ཀྱང་རུང་སྟེ། དེ་དག་གི་ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་དོ།། སེམས་ཅན་གང་རྨི་ལམ་ན་མདོ་སྡེ་འདི་རྨིས་པས་མཆོད་པ་དང་བཀུར་སྟི་བྱེད་པ་ནི། ཇི་ལྟར་རྒྱལ་པོ་ཆེན་པོས་སྨན་པ་མཁས་པ་ལ་བཀུར་སྟི་བྱེད་པ་བཞིན་ནོ།། ཇི་ལྟར་སྨན་པ་མཁས་པས་ངེས་པར་འཆི་བར་འགྱུར་བ་མི་གསོ་བ་བཞིན་དུ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདིའང་དེ་དང་འཇ་སྟེ། ལོག་སྲེད་ཅན་ལ་གསོ་བར་མི་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་འདི་ལྔ་སྟེ། དཔེར་ན་སྨན་པ་མཁས་པ་རིག་པའི་གནས་བརྒྱད་ལ་མཁས་པ་དག་ནང་ཐམས་ཅད་གསོ་ནུས་ཀྱང་ངེས་པར་འཆི་བར་འགྱུར་པའི་ནད་གསོ་ནུས་པ་ནི་མ་ཡིན་ནོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་དང་འདྲ་སྟེ། སེམས་ཅན་གྱི་སྲིད་པ་ཁ་ན་མ་ཐོ་བ་ཐམས་ཅད་གསོ་ནུས་ཀྱང་ངེས་པར་འཆི་བར་འགྱུར་པ་ལྔ་བུ་ལོག་སྲེད་ཅན་དག་གསོ་ནུས་པ་ནི་མ་ཡིན་ནོ། ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་སྨན་པ་མཁས་པ་རིག་པའི་གནས་བརྒྱད་ལ་མཁས་པ། སྨན་དཔྱད་ཀུན་དང་རིག་པའི་གནས་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་ཏེ། ཐམས་ཅད་རྫོགས་ནས་སྔར་ཐུལ་ཆུའི་ནང་ནས་འབྱུང་བ་དང་། སྐམས་ལས་འབྱུང་བ་དང་། རི་ལས་འབྱུང་བའི་རླན་ཐམས་ཅད་སྟོན་ཏོ།། དེ་དག་ཤེས་ནས་བཀས་ཀྱིས་རིག་པའི་གནས་བརྒྱད་ཀྱང་སྟོན་ཏོ།། དེ་ནས་དེ་མ་ཡིན་པ་དཔྱད་གསང་བའི་མཆོག་ཀྱང་སྟོན་ཏོ།། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་དེ་དང་ར་ཛ་སྟེ། སྔར་སྲས་དང་འདྲ་བའི་དགེ་སློང་རྣམས་ལ་ཉོན་མོངས་པ་ཐམས་ཅད་བསལ་བའི་ཐབས་བསྟན་ཏེ། ལུས་བཙལ་བར་བྱ་བའི་སྙིང་པོ་མེད་པའི་འདུ་ཤེས་ལ་ནན་ཏན་བྱེད་དུ་བཅུག་པ་དེ་ནི་ཆུ་དང་། སྐམས་དང་། རི་ཟག་ལྟ་བུ་བསྟན་པའོ།། ཆུ་ཞེས་བྱ་བ་ནི་ལུས་སྡུག་བསྔལ་མྱོང་བ། ཆུའི་ཆུ་བུར་དང་འདྲའོ་ཞེས་བསྟན་པའོ།། སྐམས་ཞེས་བྱ་བ་ནི་ལུས་འདི་སྙིང་པོ་མེད་དེ། ཆུ་ཤིང་དང་འདྲའོ་ཞེས་བསྟན་པའོ།། རི་ཟག་ཞེས་བྱ་བ་ནི་ཉོན་མོངས་པའི་ནང་ན་བདག་མེད་པའི་འདུ་ཤེས་བསྒོམ་པ་བསྟན་པ་སྟེ། དེ་བས་ན་ལུས་ལ་བདག་མེད་པ་ཞེས་བྱའོ། ། དེ་བཞིན་གཤེགས་པས་དེ་ལྟར་ཉེ་གནས་རྣམས་ལ་བགས་ཀྱིས་མདོ་སྡེ་དགུ་པ་བསྟན་ཏེ། རྟོགས་པར་བྱས་ནས་དེའི་འོག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་ཏེ། སྲས་ལྟ་བུའི་ཕྱིར་དེ་བཞིན་གཤེགས་པ་རྟག་གོ་ཞེས་པ་བཤད་དོ།། དེ་བཞིན་གཤེགས་པས་དེ་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་བསྟན་པ་ནི་སེམས་ཅན་གང་སེམས་སྐྱེད་དམ་སེམས་མ་བསྐྱེད་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། ལོག་སྲེད་ཅན་འབའ་ཞིག་ནི་མ་གཏོགས་སོ།། རིགས་ཀྱི་བུ་ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་འདི་ནི་ཚད་མེད་མཐའ་ཡས་པ་སྟེ་བསམ་གྱིས་མི་ཁྱབ་པའོ། ། དེ་བས་ན་འདི་ནི་སྨན་མཁས་པའི་མཆོག་ཕུལ་དུ་གྱུར་པ། གཙོ་བོར་གྱུར་པ། མདོ་སྡེ་ཀུན་གྱི་རྒྱལ་པོ་ལྟ་བུའོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་གྲུ་ཆེན་པོ་ནི་རྒྱ་མཚོའི་ཚུ་རོལ་ནས་རྒྱ་མཚོས་ཕ་རོལ་ཏུ་སྒྲོལ་ལ། རྒྱ་མཚོའི་ཕ་རོལ་ནས་ཚུ་རོལ་ཏུའང་སྒྲོལ་ལོ།། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་དེ་དང་འཆ་སྟེ། མྱ་ངན་ལས་འདས་པ་ཆེན་པོ་རིན་པོ་ཆེ་ཆེན་པོའི་ཟུར་ཞུགས་ན་སེམས་ཅན་ཡོངས་སུ་སྒྲོལ་ཏེ། གང་ནས་གང་དུ་འགྲོ་བར་འགྱུར་བ་ཡོད་ན། དེ་དང་དེ་དག་ཏུ་སྒྲོལ་ཞིང་དེ་བཞིན་གཤེགས་པའི་སྐུ་མཐོང་བར་མཛད་དོ། ། དེ་བས་ན་དེ་བཞིན་གཤེགས་པ་ནི་གྲུ་སྒྲོལ་བའི་མཁན་པོ་ལྟ་བུའོ།། དཔེར་ན་གྲུ་གཟིངས་ཀྱང་མཉམ་པ་ཡོད་ན་འགྲོ་བ་དག་རྒྱ་མཚོ་ལས་རྒལ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་རྟག་ཏུ་སེམས་ཅན་མང་པོ་སྒྲོལ་བའི་དོན་མཛད་པའང་དེ་དང་འདྲའོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་ལ་རྒལ་བའི་གླུར་ཞུགས་པ་དག། གལ་ཏེ་རླུང་དང་ལྡན་ན་ནི་སྐད་ཅིག་ཐང་ཅིག་གིས་དཔག་ཚད་ཚད་མེད་པའི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ།། གལ་ཏེ་རླུང་དང་མ་ལྡན་ན་ལོ་ཚད་མེད་པའི་བར་དུ་བསྡད་ཀྱང་གནས་ནས་མི་འཇམ་སོ། གལ་ཏེ་མུ་ཞིག་ན་ཆུར་ནུབ་སྟེ་འཆི་བར་ཡང་འགྱུར་རོ།། གལ་ཏེ་སེམས་ཅན་དག་གཏི་མུག་གི་འཁོར་བའི་རྒྱ་མཚོ་ཆེན་པོར་འདུ་བྱེད་ཀྱི་གྲུལ་ཞུགས་པའང་དེ་དང་འཇ་གལ་ཏེ་མྱ་ངན་ལས་འདས་པ་ཆེན་པོའི་རླུང་དྲག་པོ་དང་ཟད་ན་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་ཕྱིན་པར་འགྱུར་གྱི། གལ་ཏེ་མ་ཕྲད་ན་བསྐལ་པ་ཚད་མེད་པའི་བར་དུ་འཁོར་བར་ཡོངས་སུ་འཁོར་ཏེ། གས་ཏེ་ན་སེམས་ཅན་དམྱལ་བ་དང་། ཡི་དཀས་དང་། བྱིམ་སོང་གི་སྐྱེ་གནས་སུ་ལྷུང་བར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོའི་གླུར་ཞུགས་ཏེ་ཨུན་རིང་པདྨས་ཆུ་ང་དུམ་ས་ས། ། དུ་གང་བར་འཚ་བ་གྱུར་རོག་ས་སྟེ། དེ་སེམས་པདྨོ་ཅི་ཎྜི་རླུང་དྲུག་པོ་དང་ཟང་ནས་སོང་ན་དུཿ་ཕ་རོལ་ཏུ་ཕྱིན་དེ། དེ་འདི་མེ་ས་ཆུང་གིས་ཤིན་ཏུ་ཚིམ་པར་གྱུར་ཏོ།། བདག་ཅག་ཀྱང་འདེ་བར་རྒྱ་མཚོའི་འགེགས་ལས་ཐར་པར་གྱུར་ཏོ་ཞེས་ཟེར་རོ།། སེམས་ཅན་ཡུན་རིང་པོ་རོ་གཏི་མུག་ས་མཁོར་བའི་རྒྱ་མཚོར་འཁོར་ཏེ། སྡུག་བསྔལ་གྱིས་གཟི་རབ་མྱ་ངན་ལས་འདས་པ་ཆེན་པོའི་ཆུང་དང་མ་ཕྲད་པ་ན། དེ་འདི་སྙམ་དུ་སེམས་སོ།། བདག་ཅག་ནི་གདོན་མོ་མ་པར་སེམས་ཅན་དམྱལ་དང་མངགས་དང་། བྱོལ་སོང་གི་སྐྱེ་གནས་སུ་ལྟུང་བར་འགྱུར་རོ་སྙམ་དུ་སེམས་སོ།། དེ་ལྟར་སེམས་པན་ཅོ་སྟེ་མྱ་ངན་ལས་འདས་པ་ཆེན་པོའི་རླུང་དང་ཟད་ནས་ཡིད་བཞིན་དུ་ཐ་ན་མ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཞག་ན། གདོད་ཡང་དག་པར་ཡིན་པར་རྟོགས་ཏེ་ངོ་མཚར་རྨད་ཀྱི་འདུ་ཤེས་སྐྱེས་ནས། བདག་སྟོན་འདི་ལྟ་བུའི་དེ་བཞིན་གཤེགས་པའི་གསང་བའི་སྙིང་བོ་མ་ཐོས་སོ་ཞེས་ཟེར་ཏེ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ལ་ཡོངས་སུ་དག་པའི་དད་པའི་སེམས་སྐྱེ་བར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་སྦྲུལ་པགས་པ་བརྗེ་བ་ན་དེ་ལ་ཤི་བ་ཞེས་བྱ་འམ། གསོལ་པ། མ་ལགས་སོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པའང་དེ་དངར་ཛ་སྟེ། ཐབས་ཀྱིས་སྐུ་ཡོངས་སུ་བཏང་བ་བསྟན་པ་ལ་ཅི་དེ་ལ་དེ་བཞིན་གཤེགས་པ་མི་རྟག་གོ་ཞེས་བྱར་རུང་ངམ། གསོལ་པ། མ་ལགས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་འཛམ་བུའི་གླིང་འདིར་ཐབས་ཀྱིས་སྐུ་བཏང་བ་ནི་དཔེར་ན་སྤྲུལ་པགས་པ་བརྗེས་པ་དང་འདྲ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་གནས་པ་ཞེས་བྱའོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་གསེར་མགར་མཁས་བས་གསེར་ལ་ཡོ་བྱད་རྣམ་པ་སྣ་ཚོགས་ཡིད་བཞིན་དུ་རྡུང་ངོ་། ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སྲིད་པ་ཉི་ཤུ་ལྔ་པོར་གཟུགས་ཀྱི་སྐུ་རྣམ་པ་སྣ་ཚོགས་མངོན་པར་བསྟན་ཏེ། སོ་སོའི་སྐྱེ་བོ་འཁོར་བ་ལས་ཡོངས་སུ་འདོན་པས་དེ་བཞིན་གཤེགས་པ་ནི་སྐུད་པག་ཏུ་མེད་པ་ཞེས་བྱའོ།། དེ་ལྟར་སྐུ་རྣམ་པ་སྣ་ཚོགས་སྟོན་ཀྱང་རྟག་པ། གནས་པ། མི་འགྱུར། མི་འ་བ་ཞེས་བྱའོ། ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་ཤིང་ཨ་འཟ་དང་འཛམ་བུའི་ཤིང་ནི་ལོ་གཅིག་ལ་ལན་གསུམ་འགྱུར་རོ།། འདི་ལྟ་སྟེ། ཆེ་དའརྒན་དུས་སུ་ནི་མེ་ཏོག་ལ་སོགས་པ་ཤིན་ཏུ་རྒྱས་པར་འགྱུར། ཆེད་འགའི་དུས་སུ་ནི་འདབ་མ་ལ་སོགས་པ་ཤིན་ཏུ་རྒྱས་པར་འགྱུར། ཆེད་འགའི་དུས་སུ་འདབ་མ་ཐམས་ཅད་ལྷགས་ནས་ཤིང་སྐམ་ལྟ་བུར་འགྱུར་རོ། ། རིགས་ཀྱི་བུ་དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ་སེམས། དེའི་ཚེ་ན་ཤིང་དེ་ཡང་དག་པར་བསྐམས་སམ། གསོལ་པ། མ་ལགས་སོ།། བཅོམ་ལྡན་འདས་རིགས་ཀྱི་བུ་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། འཇིག་རྟེན་གསུམ་པོར་སུ་རྣམ་པ་གསུམ་སྟོན་ཏོ།། འདི་ལྟ་སྟེ། ཆེད་འགའི་ནི་ཐོག་མ་བཙས་པ་དང་། ཆེད་འགའི་ནི་སྐུ་རྫོགས་པ་དང་། ཆེད་འགའི་ནི་མྱ་ངན་ལས་འདས་པ་བསྟན་ཏེ། དེ་བཞིན་གཤེགས་པའི་སྐུ་མི་རྟག་པ་ནི་མ་ཡིན་ནོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་ལེགས་སོ་ཤིན་ཏུ་ལེགས་སོ་ནས་བསྟོད་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་ཏེ། དེ་བཞིན་གཤེགས་པ་ནི་རྟག་པ། གནས་པ། མི་འགྱུར། མི་འཕོ་བའོ་ཞེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ནི་ཤིན་དུའང་ཤེས་པར་དཀའ་འོ།། འདི་ལྟ་སྟེ། དཔེར་ན་རྒྱལ་པོ་ཆེན་པོ་ཞིག་གིས་བློན་པོ་རྣམས་ལ་སེན་ཏ་པ་འོན་ཅིག་ཅེས་བཀའ་སྩལ་ན། ལེན་ཏ་བ་ཞེས་བྱ་བ་མིང་གཅིག་ལ་དངོས་པོར་བསྔོ་བ་བཞི་ཡོད་དོ།། འདི་ལྟ་སྟེ། ལན་ཚྭ་དང་། སྣོད་དང་། ཆུ་དང་། ཏ་སྟེ། དངོས་པོ་འདི་བན་ནི་མཐུན་ནོ།། དེ་ལ་བློན་པོ་མཁས་པས་ནི། ཀལ་ཏེ་རྒྱལ་གོ་ལུས་བྱ་བར་མསམས་ཏེ། སེན་ཏ་པ་འོན་ཅིག་ཅེས་བསྒོ་བའི་དུས་ན་ཆུ་བྲལ་ལོ།། རྒྱས་པོ་བས་ཀྱི་བྱ་བ་བྱེད་པ་ན། སན་ཏ་པ་འོན་ཅིག་ཅེས་བསྒོ་བའི་དུས་ན། ལན་ཚྭ་འབུལ་ལོ།། རྒྱལ་པོ་ཟས་བ་བྱས་ནས་སྐོམ་འཐུང་བ་ན། སེན་ཏ་པ་འོན་ཅིག་ཅེས་བསྒོ་བའི་དུས་ན་དེ་ལ་སྣོད་འཁྲུལ་ལོ།། ཀལ་ཏེ་རྒྱལ་པོ་འགྲོ་བར་གཟས་ཏེ། སེན་ཏ་བ་འོན་ཅིག་ཅེས་བསྒོ་བའི་དུས་ན་རྟ་ཟད་དེ་འོང་ངོ་།། དེ་ལྟར་བློཐོན་པོ་མཁས་པས་ནི་རྒྱལ་པོའི་མན་ངག་བཞི་པོ་ལ་མཁས་སོ། ། ཐེག་པ་ཆེན་པོའི་མདོ་སྡེ་འདིའང་དེ་དཔར་དྲ་སྟེ། མི་རྟག་པ་རྣམ་པ་བཞི་ཡོད་དོ།། ཐེག་པ་ཆེན་པོ་ལ་ཤིན་དུ་མཁས་པའི་སྐྱེས་བུ་དག་ན་མཁས་པར་བྱའོ། ། སངས་རྒྱས་བཅོམ་ལྡན་འདས་ཇིག་རྟེན་དུ་བྱུང་ན། སེམས་ཅན་དག་ལ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་བཤད་པས། སྐྱེས་བུ་མཁས་པ་དག་གིས་དེ་བཞིན་གཤེགས་པས་རྟག་པར་འཛིན་པ་ལ་མི་རྟག་པ་བསྟན་པར་ཤེས་ཏེ། དགེ་སློང་དག་ནི་མི་རྟག་པའི་མཚན་ཉིད་ལ་ནན་ཏན་བྱེད་དུ་འཇུག་པའི་ཕྱིར་རོ།། གཞན་ཡང་ཆེད་འགའི་དུས་ན་དམ་པའི་ཆོས་འཇིག་པར་འགྱུར་རོ་ཞེས་བསྟན་པས། སྐྱེས་བུ་མཁས་པ་དག་གིས་དེ་བཞིན་གཤེགས་པ་གང་བདེ་བར་འཛིན་པ་ལ་སྡུག་བསྔལ་བ་བསྟན་པར་ཤེས་ཏེ། དགེ་སློང་དག་སྡུག་བསྔལ་བའི་ཚན་ཉིད་ལ་ནན་ཏན་བྱེད་དུ་གཞུག་པའི་ཕྱིར་རོ།། ། གཞན་ཡང་འདི་སྐད་དུ་ངལ་ན་བའི་སྡུག་བསྔལ་ཡོད་དོ།། དགེ་འདུན་ཡང་འཇིག་པར་འགྱུར་རོ་ཞེས་བསྟན་པས། སྐྱེས་བུ་མཁས་པ་དག་གིས་དེ་བཞིན་གཤེགས་པས་བདག་ཏུ་འཛིན་པ་རྣམས་ལ་བདག་མེད་པར་བསྟན་པར་ཤེས་ཏེ། དགེ་སློང་དག་བདག་མེད་པ་ལ་ནན་ཏན་བྱེད་དུ་གཞུག་པའི་ཕྱིར་རོ།། ཆེད་འགའི་འདི་སྐད་དུ་སྟོང་པ་ཉིད་ཅེས་བྱ་བ་ནི། ཡང་དག་པར་རྣམ་པར་གྲོལ་བའོ། ཞེས་བསྟན་པས། སྐྱེས་བུ་མཁས་པ་དག་གིས་ནི། དེ་བཞིན་གཤེགས་པས་ཡང་དག་པར་རྣམ་པར་གྲོལ་བར་བསྟན་གྱི། སྲིད་པ་ཉི་ཤུ་ལྔ་པོ་ནི་མེད་པར་ཤེས་ཏེ། དགེ་སློང་དང་སྟོང་པ་ཉིད་ལ་ནན་ཏན་བྱེད་དུ་གཞུག་པའི་ཕྱིར་རོ། ། དེ་བས་ན་ཡང་དག་པར་རྣམ་པར་གྲོལ་བ་ནི་སྟོང་པ་ཉིད་ལ་ཞེས་བསྟན་ཏོ།། མི་གཡོ་བ་གཡོ་བ་མེད་པ་ཞེས་ཀྱང་བྱ་སྟེ། རྣམ་པར་གྲོལ་བ་དེ་ལ་སྡུག་བསྔལ་བ་མེད་པའི་ཕྱིར་མི་གཡོ་བ་ཞེས་བྱའོ། ། ཡང་དག་པར་རྣམ་པར་གྲོལ་བ་ནི་མཚན་མ་མེད་པས་མཚན་མ་མེད་པ་ཞེས་བྱ་སྟེ། གཟུགས་དང་། སྒྲ་དང་། ཐི་དང་། རོ་དང་། རེག་བྱ་ལ་སོགས་པ་མེད་པའི་ཕྱིར་མཚན་མེད་པ་ཞེས་བྱའོ། ། ཡང་དག་པར་རྣམ་པར་གྲོལ་བ་ནི་རྟག་པ་མི་འགྱུར་མི་འཕོ་བ་སྟེ། རྣམ་པར་གྲོལ་བ་ལ་མི་རྟག་པ་དང་། གདུང་བར་འགྱུར་པ་དང་། འཕོ་བ་མེད་པས་ན་རྣམ་པར་གྲོལ་བ་ནི་རྟག་པ། གནས་པ། མི་འགྱུར་བ། བསིལ་བའོ།། གལ་ཏེ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་རང་བཞིན་ཡོད་པར་བསྟན་ན། དེ་ལ་སྐྱེས་བུ་མཁས་པས་ནི་དེ་ལྟར་དེ་བཞིན་གཤེགས་པས་རྟག་པ་ཞེས་བྱ་བའི་ཆོས་བསྟན་ཏེ། དགེ་སློང་དག་ཡང་དག་པར་རྟག་པའི་ཆོས་ལ་ནན་ཏན་བྱེད་དུ་གཞུག་པར་ཤེས་སོ།། དགེ་སློང་དག་དེ་ལྟར་རྗེས་སུ་ནན་ཏན་བྱེད་ཅིང་སློབ་པ་དེ་ནི། ངའི་ཉེ་གནས་ཡང་དག་པ་ཡིན་པར་རིག་པར་བྱའོ། ། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་སྙིང་པོ་ལ་མཁས་པ་དེ་ནི། ཇི་ལྟར་རྒྱལ་པོ་ཆེན་པོ་དེའི་བློན་པོ་མཁས་པས་རྒྱལ་པོའི་བསམ་པ་ཤེས་པ་དང་འདྲའོ། ། རིགས་ཀྱི་བུ་དེ་ལྟར་རྒྱལ་པོ་ཆེན་པོ་དེ་ལའང་མན་ངག་ཏུ་སྨྲ་བའི་ཚིག་ཡོད་ན། དེ་བཞིན་གཤེགས་པ་ལ་ཡོད་པ་ལྟ་ཅི་སྨོས། རིགས་ཀྱི་བུ་དེ་བས་ན་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ནི་ཤིན་ཏུ་ཤེས་པར་དཀའ་སྟེ། མཁས་པ་ཤེས་རབ་ཅན་གྱིས་ནི་ངས་དགོངས་ཏེ་གསུངས་པའི་ཆོས་ཟབ་མོ་འདི་ཤེས་པར་འགྱུར་གྱི། འཇིག་རྟེན་ན་བྱིས་པ་གླེན་པ་དག་གིས་ཤེས་པར་འགྱུར་བ་ནི་མ་ཡིན་ནོ། ། གཞན་ཡང་རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཤིང་བ་ལ་ཤ་དང་། ཀ་ནི་ཀ་དང་། ཨ་ཤོ་ཀ་ནི་ཐན་ཆེན་བྱུང་ན་མེ་ཏོག་དང་འབྲས་བུ་མི་སྐྱེ་སྟེ། གཞན་ཡང་ཆུ་ལས་སྐྱེས་པ་ཐམས་ཅད་ཀྱང་སྣུམ་མེད་ལ་ཚད་དུ་ཕྱིན་པར་མི་སྐྱེ་ཞིང་། སྨན་ཐམས་ཅད་ཀྱང་མཐུ་ཆུང་བར་འགྱུར་རོ།། རིགས་ཀྱི་བུ་ཐེག་པ་ཆེན་པོའི་མདོ་སྡེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདིའང་དེ་དང་འདྲ་སྟེ། ང་མྱ་ངན་ལས་འདས་ནས་སེམས་ཅན་དག་བསྟི་སྟང་མི་བྱེད་དེ། གཟི་བརྗིད་ཀྱང་ཆུང་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་མི་ཤེས་པའི་ཕྱིར་རོ། ། དེའང་ཇི་ལྟ་ཞེ་ན། སེམས་ཅན་དག་བསོད་ནམས་ཆུང་བའི་ཕྱིར་རོ།། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པའི་དམ། བའི་ཆོས་རྣམ་པར་འཇིག་ཅིང་ཟད་དུ་ཉེ་བ་ན། དེའི་ཚེ་དེའི་དུས་ན་དགེ་སློང་སྡིག་པ་སྤྱོད་པ་མང་སྟེ། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་སྙིང་པོ་མི་ཤེས་པས་ལེ་ལོ་དང་སྙོམས་ལས་བྱེད་དེ། དེ་བཞིན་གཤེགས་པའི་ཡང་དག་པའི་ཆོས་ཀློག་པ་དང་། འདོན་པ་དང་། རྣམ་པར་འབྱེད་ཅིང་སྟོན་མི་ནུས་སོ།། དཔེར་ན་རྐུན་པོ་གླེན་པ་དག་རིན་པོ་ཆེ་ཡང་དག་པར་བོར་ནས། ཕུག་མཁུར་དུ་ཁྱེར་བ་དང་འཇ་བར། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་སྙིང་པོ་མི་ཤེས་པས། མདོ་སྡེ་འདི་ལ་ལེ་ལོ་བྱེད་དེ། བརྩོན་འགྲུས་མི་སྐྱེད་དོ།། ཀྱི་ཧུད་དེ་དག་ནི་མ་འོངས་པའི་དུས་སུ་ཤིན་ཏུ་འཇིགས་པའི་གཡངས་ས་ཆེན་པོར་ལྷུང་བར་འགྱུར་རོ། ། ཀྱི་ཧུད་སེམས་ཅན་དེ་དག་ནི་ཐེག་པ་ཆེན་པོའི་མདོ་སྡེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་བརྩོན་པར་མི་བྱེད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབའ་ཞིག་གིས་ནི་མདོ་སྡེ་འདིའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་འཇུག་སྟེ། འབྲུ་དང་ཚིག་ལ་མི་ཆགས། དེའི་རྗེས་སུ་གཞོལ་ཞིང་འགལ་བར་མི་བྱེད་པས། སེམས་ཅན་རྣམས་ལའང་དེ་བཞིན་དུ་སྟོན་ཏོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་རྫིའུ་འོ་མ་འཚོང་བ་དག་འོ་མ་མང་བར་བྱ་བའི་ཕྱིར་ཆུ་སུམ་གཉིས་བསྣན་ནས། རྗེའུ་གཞན་ལ་ཡང་འཚོང་ངོ་།། རྫིའུ་དེ་ཀྱང་དེ་ལས་ཆུ་སུམ་གཉིས་བསྣན་ནས། གྲོང་ཁྱེར་དང་ཉེ་བའི་མི་ལ་འཚོང་ངོ་།། དེས་ཀྱང་དེའི་སྟེང་དུ་ཆུ་སུམ་གཉིས་བསྟན་ནས། ཟོབ་ཁྱེར་ན་གནས་པའི་མི་ལ་འཚོང་ངོ་།། དེས་ཉོས་ནས་དེའི་སྟེང་།། དུཡང་ཆུ་སུམ་གཉིས་བསྣན་ནས། ཚོང་དུས་སུ་འཚོང་ངོ་།། དེའི་ཚེ་དེའི་དུས་ན་མི་ཞིག་བུ་ཆུང་མ་ལེན་པའི་མགྲོན་བོས་ནས། འོ་མ་ཟང་པོ་འདོད་པའི་ཕྱིར་ཚོང་དུས་སུ་འོ་མ་ཉོར་སོང་བ་ལས། འོ་མ་དང་ཕྲད་ནས་ཆུས་བསྣན་པ་ཆུ་མང་བ་ཤེས་བཞིན་དུ། དགོས་པའི་ཁར་བབ་པས་རིན་ཆེའང་ཉོས་སོ།། ཉོས་ནས་ཕྱིར་ཁྱིམ་དུ་ཕྱིན་པ་དང་། ཐུག་པ་བཙོས་ན་འོ་མའི་རོ་མེད་དོ།། དེ་ལྟར་འོ་མའི་རོ་མེད་མོད་ཀྱི། ཁ་བའི་རོ་ལས་བརྒྱ་སྟོང་སྙེད་ཀྱིས་ལྷག་གོ།། དེ་ཅིའི་ཕྱིར་ཞེ་ན། འོ་མས་བསྒྱུར་བའི་རོ་ནི་གཞན་པས་མཆོག་ཏུ་འགྱུར་བའི་ཕྱིར་རོ།། རིགས་ཀྱི་བུ་ང་མྱ་ངན་ལས་འདས་ནས་དམ་པའི་ཆོས་འཇིག་བར་གྱུར་པ་ལོ་བརྒྱད་ཅུ་ན། དེའི་ཚེ་དེའི་དུས་ན་འཛམ་བུའི་གླིང་འདིར་མདོ་སྡེ་འདི་ཤིན་དུ་རྒྱས་པར་འགྱུར་རོ།། དེའི་ཚེ་དེའི་དུས་ན་དགེ་སློང་སྡིག་ཅན་དག་མདོ་སྡེ་འདི་ལ་མདོ་བཏུས་ནས་ཕྱོགས་ཆ་རྣམ་པ་མང་དུ་བྱེད་དེ། དེས་ནི་དམ་པའི་ཆོས་ཀྱི་མདོག་དང་། བསུང་དང་། ཟོ་བའི་རོ་མེད་པར་བྱས་སོ།། སྡིག་པ་ཅན་དེ་དག་དེ་ལྟར་མདོ་སྡེ་འདི་ཀློག་གམ། འདོན་མོད་ཀྱི། དེ་བཞིན་གཤེགས་བས་དགོངས་ཏེ་གསུངས་པའི་དོན་ཟབ་མོ་ནི་མེད་པར་བྱས་ཀྱི། འཇིག་རྟེན་གྱི་སྙན་ཚིག་དོན་མེད་པར་བཏགས་ནས། གོང་དུ་སྨོས་པ་ནི་འོག་ཏུ་བཅུག། འོག་ཏུ་སྨོས་པ་ནི་གོང་དུ་བཅུག། ཐོག་མ་དང་ཐ་མར་སྨོན་པ་ནི་བར་དུ་གཙུག། བར་དུ་སྨོན་པ་ནི་ཐོག་མ་དང་ཐ་མར་བཅུག་གོ།། དེ་ལྟར་དགེ་སློང་སྡིག་པ་ཅན་དག་ནི་བདུད་ཀྱི་གྲོགས་ཡིན་ཏེ་མ་བརྟགས་པའི་དངོས་པོ་ཐམས་ཅད་འཆང་ཡང་། དེ་བཞིན་གཤེགས་པས་འཆང་དུ་གནང་ངོ་ཞེས་ཟེར་ཏེ། ཇི་ལྟར་རྫིའུ་ལ་སོགས་པ་འོ་མའི་ནང་དུ་ཆུ་སྣོན་པ་ཡིན་ནོ།། དགེ་སློང་སྡིག་པ་ཅན་ཡང་དེ་དང་འདྲ་སྟེ། འཇིག་རྟེན་ཀྱི་ཚིག་གིས་བསྣན་ཏེ། ནོར་བར་གཏན་ལ་ཕབ་པས་སྐྱེ་བོ་མང་དུ་ཡང་དག་པར་བསྟན་པ་ཡང་། ཡང་དག་པར་གླེགས་བམ་དུ་འབྲི་བ་དང་། ཡང་དག་པར་འཆིར་འཇུག་ཅིང་བཀུར་སྟི་དང་། བསྟོད་པ་དང་། མཆོད་པ་དང་། རིམ་གྲོར་བྱར་མེད་པར་བྱས་སོ།། དགེ་སློང་སྡིག་པ་ཅན་དེས་རྙེད་པ་དང་གྲགས་པའི་ཕྱིར། མདོ་སྡེ་འདི་ཅུང་ཟད་ཙམ་ཡང་སྟོན་མི་ནུས་ན། རྒྱ་ཆེར་སྟོན་པ་ལྟ་ཅི་སྨོས་ཏེ། ཇི་ལྟར་རྫིའུ་དབུལ་མོས་འོ་མ་གཅིག་ནས་གཅིག་ཏུ་འཚོང་ཞིང་རོ་མེད་པར་འགྱུར་བ་ལྟར། ཐེག་པ་ཆེན་པོའི་མདོ་སྡེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདིའང་དེ་དང་འདྲ་སྟེ། ཕྱིར་ཞིང་ཐོ་བ་དང་རོ་མེད་པར་འགྱུར་རོ། ། དེ་ལྟར་རོ་མེད་ཀྱང་གཞན་པས་སྟོང་གྱུར་གྱིས་ལྷག་པ་ནི་ལོ་མའི་རོ་ད་གཞན་པས་སྟོང་འགྱུར་གྱིས་ལྷག་པ་བཞིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོའི་མན་ཡོངས་སུ་མྱ་ངན་ལས་འདས་པ་འདི་ཉན་ཐོས་ཀྱི་མདོ་སྡེ་ལས་ཕུལ་དུ་གྱུར། མཆོག་ཏུ་གྱུར་པ་ནི་ཇི་ལྟར་བའི་འོ་མ་རོ་ཐམས་ཅད་པས་མཆོག་ཏུ་གྱུར་པ་བཞིན་ནོ།། དེ་བས་ན་ཡོངས་སུ་མྱ་ངན་ལས། འདས་པ་ཆེན་པོ་ནས་བྱའོ།། རིགས་ཀྱི་བུ་གཞན་ཡང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ལ་སོགས་པ་གང་ཡང་སྐྱེས་པའི་ལུས་མི་འདོད་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། བུད་མེད་ཐམས་ཅད་ནོ་སྡུག་པ་ཐམས་ཅད་ཀྱི་གནས་ཡིན་པའི་ཕྱིར་རོ། ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་སྦྲང་བུའི་གཅིན་གྱིས་ནི་ས་ཆེན་པོ་འདི་རྒན་པར་མི་ནུས་སོ།། བུད་མེད་ཅེས་བྱ་བ་འདོད་ཆགས་ཆོ་ག་མི་ཤེས་པའང་དེ་དང་འདྲའོ། ། འདི་ལྟ་སྟེ། དཔེར་ན་ས་ཆེན་པོ་འདི་ཐམས་ཅད་ཡུངས་ཀར་གྱི་འབྲུམ་བུ་ཙམ་དྲིལ་བའི་སྐྱེས་པ་དེ་སྙེད་བུད་མེད་གཅིག་ལ་མི་ཚངས་པར་སྤྱོད་ཀྱང་ཆོག་པའི་སེམས་མེད་དོ། ། གལ་ཏེ་ཀླུང་གངྒཱའི་བྱེ་མ་སྙེད་ཀྱི་སྐྱེས་པ་བུད་མེད་གཅིག་ལ་བྱིན་ཏེ་མི་ཚངས་པར་སྤྱོད་དུ་བཅུག་ཀྱང་ཆོག་པ་འམ། སྐྱོ་བ་མེད་དོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོར་ནི་ཆར་པ་དང་འབབ་ཆུ་ཐམས་ཅད་འབབ་ཀྱང། རྒྱ་མཚོ་དེ་ལ་གང་བ་འམ། ཆོག་པ་མེད་དོ།། བུད་མེད་ཀྱང་ཆོས་ཉིད་ཀྱིས་དེ་དང་འདྲ་བས། ཅི་སྟེ་དངོས་པོ་ཐམས་ཅད་སྐྱེས་པར་འགྱུར་ཏེ། བུད་མེད་གཅིག་ལ་མི་ཚངས་པར་སྤྱོད་ཀྱང་ཆོག་པར་རམ། སྐྱོ་བར་མི་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་ཤིང་ཨ་ཤོ་ཀ་དང་། པ་ཏ་ལ་དང་། ཀ་ནི་ཀ་ལྟ་བུ་དབྱར་མེ་ཏོག་རྒྱས་པ་ན་བུང་པ་དག་དྲི་དང་བསུང་ལེན་པ་ཆོ་ག་མི་ཤེས་སོ།། བུད་མེད་སྐྱེས་པ་ལ་ཆགས་པའང་དེ་དང་འཇ་སྟེ་སྒྱུ་མི་ཤེས་སོ། ། རིགས་ཀྱི་བུ་དེ་བས་ན་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ད། ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ཉན་ན། རྟག་ཏུ་བུད་མེད་ལ་ཡོངས་སུ་སྨོད་དེ། སྐྱེས་པའི་ལུས་ཚོལ་ལོ།། དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོའི་མདོ་སྡེ་འདི་སྐྱེས་བུའི་མཚན་དང་ལྡན་ནོ། ། འདི་ལྟ་སྟེ། དེ་ནི་སངས་རྒྱས་ཀྱི་རང་བཞིན་ནོ།། དེ་ལ་གང་སངས་རྒྱས་ཀྱི་རང་བཞིན་མི་ཤེས་པ་དེ་ནི་སྐྱེས་བུའི་མཚན་མེད་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བདག་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་མི་ཤེས་པའི་ཕྱིར་རོ། ། གང་སངས་རྒྱས་ཀྱི་རང་བཞིན་མི་ཤེས་པ་དེ་ནི་བུད་མེད་ཅེས་ངས་བཤད་དོ།། གང་སངས་རྒྱས་ཀྱི་རང་བཞིན་ཤེས་པ་དེ་ནི་སྐྱེས་བུའི་མཚན་དང་ལྡན་པ་ཞེས་ངས་བཤད་དོ། ། དེ་ལ་བུད་མེད་གང་ཞིག་གལ་ཏེ་བདག་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཤེས་ན་དེ་ནི་སྐྱེས་པ་ཞེས་བྱའོ།། རིགས་ཀྱི་བུ་ཐེག་པ་ཆེན་པོ་ཡོངསསུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ནི་ཚད་མེད། དཔག་ཏུ་མེད། བསམ་གྱི་མི་ཁྱབ་པའི་བསོད་ནམས་ཀྱི་ཕུང་པོར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་ཆད་པའི་ཕྱིར་རོ།། དེ་བས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག། དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་མྱུར་དུ་ཤེས་པར་འདོད་ན། མདོ་སྡེ་འདི་ལ་སྦྱོར་བའི་ནན་ཏན་བརྩོན་འགྲུས་སུ་བྱའོ།། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ། དེ་དེ་བཞིན་ནོ།། དེ་དེ་བཞིན་ནོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་ཏེ། བདག་ཀྱང་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་རྟོགས་པར་སྐྱེས་བུའི་མཚན་དང་ལྡན་ནོ། ། དེ་བཞིན་གཤེགས་པས་བསྐུལ་བས་ངེས་པར་རྟོགས་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ།། རིགས་ཀྱི་བུ་ཁྱོད་འཇིག་རྟེན་པའི་རྗེས་སུ་འདི་སྐད་སྨྲས་པ་ལེགས་སོ།། འོད་སྲུངས་ཀྱིས་གསོལ་པ། བདག་ནི་འཇིག་རྟེན་པའི་ཆོས་ཀྱི་རྗེས་སུ་འཇུག་པ་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས།། འོད་སྲུངས་ལ་བཀའ་སྩལ་བ། ལེགས་སོ།། ཤིན་ཏུ་ལེགས་སོ།། ཁྱོད་ཀྱིས་ཤེས་པ་ནི་བླ་ན་མེད་པའི་ཆོས་ཀྱི་རོ་ཤིན་ཏུ་ཟབ་མོ་ཤེས་པར་དཀའ་བ་ཤེས་ཏེ། ཇི་ལྟར་བུང་བ་དག་ཁ་དོག་ལ་མི་གནོད་པར་རོ་མྱོང་བ་བཞིན་ནོ། ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་སྦྲང་བུའི་གཅིན་གྱིས་ས་ཆེན་པོ་འདི་རླན་པར་མི་ནུས་སོ།། མ་འོངས་པའི་དུས་སུ་མདོ་སྡེ་འདི་འཕེལ་བའང་དེ་དང་འདྲ་སྟེ། དམ་པའི་ཆོས་རྣམ་པར་འཇིག་ཏུ་ཉེ་བ་ན། མདོ་སྡེ་འདིས་ཕྱོགས་འདིར་སྔར་ནུབ་པར་འགྱུར་རོ།། དེ་བས་ན་དམ་པའི་ཆོས་ཉམས་པར་འགྱུར་བར་རིག་པར་བྱའོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་དབྱར་འདས་པའི་འོག་ཏུ་སྟོན་འབྱུང་ཏེ། སྟོན་གྱི་དུས་སུ་ནི་རྒྱུན་མི་འཆད་པར་ཆར་པ་འབབ་བོ།། ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདིའང་དེ་དང་འཇ་སྟེ། ལྷོ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་ཤིན་ཏུ་རྒྱས་པར་འགྱུར་ཏེ། ཆོས་ཀྱི་ཆར་གྱིས་གནས་ཀུན་ཏུ་གང་བར་འགྱུར་རོ།། དམ་པའི་ཆོས་འཇིག་ཏུ་ཉེ་བ་ན་ཡུལ་ཁ་ཆེའི་ཡུལ་དུ་མི་ཉམས་པར་བགགས་ཀྱི་སའི་ནང་དུ་ནུབ་པར་གྱུར་ཏེ། དེ་དག་ལས་ཁ་ཅིག་ནི་དང་། ཁ་ཅིག་ནི་མ་དད་དོ།། དེ་ནས་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ཟིལ་དངར་གྱི་རོ་དང་ལྡན་པ་ཐམས་ཅད་སའི་ནང་དུ་ནུབ་པར་འགྱུར་རོ། ། མདོ་སྡེ་འདི་ནུབ་ནས་ཐེག་པ་ཆེན་པོའི་མདོ་སྡེ་གཞན་ཐམས་ཅད་ཀྱང་ནུབ་ཅིང་མེད་པར་འགྱུར་རོ།། གལ་ཏེ་མདོ་སྡེ་འདིའི་ཕུན་སུམ་ཚོགས་བ་མི་ཉམས་པ། མིའི་ནང་ན་གླང་པོ་ཆེའི་རྒྱལ་པོ་ལྟ་བུ་བྱང་ཆུབ་སེམས་དཔའ་ལ་སོགས་པས་ནི། དེ་བཞིན་གཤེགས་པའི་བླ་ན་མེད་པའི་དམ་པའི་ཆོས་རིང་པོར་མི་ཐོགས་པར་མེད་པར་འགྱུར་བ་ཤེས་སོ། ། །། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་བམ་པོ་བཅུ་པ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ད་ལྟར་ཙུན་དའི་ཐེ་ཙོམ་དུ་གྱུར་པ། བཅོམ་ལྡན་འདས་ཀྱིས་ཐེ་ཙོམ་གཅད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་ཐེ་ཙོམ་དུ་གྱུར་པ་སྤྲོས་ཤིག་དང་། ཁྱོད་ཀྱི་ཐེ་ཙོམ་བསལ་བར་བྱའོ།། འཇམ་དཔལ་གྱིས་གསོལ་པ། སངས་རྒྱས་ཀྱི་རང་བཞིན་འཚལ་ཅིང་མཐོང་བའི་དུས་ན་དེ་བཞིན་གཤེགས་པ་རྟག་པ་ལགས་སང་སངས་རྒྱས་ཀྱི་རང་བཞིན་མཐོང་བས་རྟག་པ་ཞེས་བགྱིན། མ་མཐོང་བའི་སྔོན་པོ་ལྡན་པ་མ་ལགས་སམ། ཐོག་མ་ནས་མི་རྟག་པ་ཞིག་ལགས་ན་ནི་ཕྱིས་ཀྱང་མི་རྟག་པར་འགྱུར་བ་མ་རིགས་སོ།། ཨུ0f7f་སླད་དུ་ཞེ་ན། དཔེར་ན་འཇིག་རྟེན་གྱི་རྫས་ལྟ་བུ་ཐོག་མ་ནས་མ་མཆིས་པ་ཞིག་ལགས་ལ། ད་མཆིས་པར་རུང་ན་མཆིས་ནས་ཀྱང་སླར་མ་མཆིས་པར་འགྱུར་ཏེ། དངོས་པོ་ཐམས་ཅད་ནི་རྟག་པ་མ་ལགས་སོ།། དེ་བས་ན་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ལ་སོགས་པའང་དེ་དང་བྱེ་བྲག་མ་མཆིས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཐོག་མ་ཡོད་ལ་ད་ལྟར་མེད།། ཐོག་མ་མེད་ལ་ད་ལྟར་ཡོད།། དུས་གསུམ་སྲིད་པའི་ཆོས་ཐམས་ཅད།། དེ་ལྟ་བུ་ནི་མ་ཡིན་ནོ།། རིགས་ཀྱི་བུ་དེ་བས་ན་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་དག་ཐ་དད་པའང་ཡོད་ལ། ཐ་དད་པའང་མེད་དོ།། འཇམ་དཔལ་གྱིས། བཅོམ་ལྡན་འདས་ལ་གསོལ་པ། ལེགས་སོ་ལེགས་སོ།། འཕགས་པའི་བཀའ་བཞིན་ཏེ། བདག་ཀྱང་དེ་ལྟར་རྟོགས་སོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་དག་ཐ་དད་པའང་ལགས་ལ། ཐ་དད་པའང་མ་ལགས་པར་འཚལ་ཏོ།། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་དག་ཏུ་དང་བ་མ་མཆིས་ཞེས་བགྱི་བ་དེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་སླད་དུ། དེ་བཞིན་གཤེགས་པས་རྒྱས་པ་དབྱེ་ཞིང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཤིན་བུ་བརྟགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང་། ངས་ཁྱོད་ལ་རྒྱས་པར་བཤད་པར་བྱའོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཁྱིམ་བདག་གམ། ཁྱིམ་བདག་གི་བུ་ཞིག་ལ། བ་བཞོན་སྤུ་མདོག་རྣམ་པ་དད་པ་མང་དུ་ཡོད་དེ། རྫི་རུ་གཅིག་འཚོར་བཅུག་ནས། ཕྱིས་དུས་ཀྱི་ལྷ་རྗེད་པ་ཞིག་ན་བ་ཐམས་ཅད་བཞོས་ཏེ་འོ་མ་སྣོད་གཅིག་ཏུ་བླུགས་སོ། ། འོ་མ་དེ་དག་ཐམས་ཅད་ཁ་དོག་དཀར་པོ་གཅིག་ཏུ་མཐུན་པ་མཐོང་ནས་ངོ་མཚར་མད་དུ་གྱུར་ཏེ། འདི་ལྟར་བ་འདི་དག་སྤུ་མདོག་ཐ་དད་ན་ཅིའི་ཕྱིར་འོ་མ་ཁ་དོག་གཅིག་ཏུ་འགྱུར་སྙམ་ཡ་མཚན་དུ་གྱུར་ཏེ། འདི་ཡང་སེམས་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་འོ་མའི་ཁ་དོག་གཅིག་ཏུ་གྱུར་ཏོ་སྙམ་དུ་སེམས་སོ།། རིགས་ཀྱི་བུ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཡང་དེ་དང་འཇ་སྟེ། སངས་རྒྱས་ཀྱི་རང་བཞིན་གཅིག་ཏུ་མཐུན་པ་ནི་འོ་མ་དེ་དག་ལྟ་བུའོ།། དེ་ཅིའི་ཕྱིར་ཞེ་ན། ཟས་པ་མེད་པར་མཐུན་པའི་ཕྱིར་རོ།། སོ་སོའི་སྐྱེ་བོ་དག་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་དག་དང་ཐ་དད་དོ་ནས་སྤྲས་ཏེ། ཉན་ཐོས་དང་། བྱིས་པ་མ་རབས་དག་ཀྱང་ཐེག་པ་གསུམ་ལྟ་བུ་ཅིའི་ཕྱིར་ཐ་མི་དངད་སྙམ་ཐེ་ཙོམ་པ་མོད་ཀྱི། དེ་དག་གིས་ཐེག་པ་གསུམ་ཆར་སངས་རྒྱས་ཀྱི་རང་བཞིན་མཐུན་པར་ཕྱིར་རང་རྟོགས་པ་ནི། ཇི་ལྟར་གང་ཟག་དེས་ལས་ཀྱི་རྒྱུ་དང་རྐྱེན་གྱི་དབང་གིས་འོ་མའི་ཁ་དོག་གཅིག་པར་ཤེས་པ་བཞིན་ནོ། ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་གསེར་རྡོ་ལྟ་བུ་གང་ངན་པའི་རྣམས་བསལ་ཏེ་བོར་ལ་བཞུས་ན་གསེར་ཡང་དག་པར་འབྱུང་སྟེ། རིན་ཐང་ཡང་ཚད་མེད་དོ།། རིགས་ཀྱི་བུ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཡང་དེ་དང་འཇ་སྟེ། ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་དུ་སྒྲུབ་པར་མཐུན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་ཡོངས་སུ་བསལ་བའི་ཕྱིར་རོ། ། དེའང་གསེར་རྡོ་བཞུས་ཏེ་ངན་པ་བོར་བ་དང་མཚུངས་སོ།། དེ་བས་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་དུ་མཐུན་ཏེ་ཐ་དད་པ་མེད་དོ།། སྔར་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་སྙིང་པོ་ཐོས་ན། ཕྱིས་མངོན་པར་འཚང་རྒྱ་བའི་ཚེ། རང་གིས་རིག་པ་ནི་ཇི་ལྟར་ཁྱིམ་བདག་ངེས་པའི་འོ་མ་དེ་ཁ་དོག་གཅིག་དུ་རྟོགས་པ་བཞིན་ནོ།། དེ་ཅིའི་ཕྱིར་ཞེ་ན་དཔག་ཏུ་མེད་པའི་ཉོན་མོངས་པ་ཐམས་ཅད་བསལ་བའི་ཕྱིར་རོ། ། དེ་བས་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་གཅིག་ཏུ་མཐུན་ཏེ། ཐ་དད་པ་མེད་པ་ནི་སྔོན་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་སྙིང་པོ་ཐོས་པ་ལྟར། ཕྱིས་མངོན་པར་འཚང་རྒྱ་བ་ན་རང་གིས་རིག་པར་འགྱུར་བ་ནི། ཇི་ལྟར་ཁྱིམ་བདག་ངེས་པའི་འོ་མ་གཅིག་ཏུ་མཐུན་པར་རིག་པ་བཞིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དཔག་ཏུ་མེད་པའི་ཉོན་མོངས་པ་ཐམས་ཅད་བསལ་བའི་ཕྱིར་རོ། ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་ཡང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅི་སྟེ་སེམས་ཅན་ཐམ་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་ན། སངས་རྒྱས་དང་སེམས་ཅན་དུ་ཐ་དད་པའི་བྱེ་བྲག་ཅི་མཆིས། དེ་སྐད་ཅེས་གསུངས་པ་འདི་སྐྱོན་དུ་འགྱུར་རོ།། དེ་ལྟར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་ན། ཅིའི་སླད་དུ། ཤཱ་རིའི་བུ་ལ་སོགས་པ་ནི་མྱ་ངན་ལས་འདས་པ་ཆུང་ངུས་ལས་འདས་པར་གྱུར། རང་སངས་རྒྱས་རྣམས་ནི་མྱ་ངན་ལས་འདའ་བ་འབྲིང་པོས་མྱ་ངན་ལས་འདའ་བར་གྱུར། བྱང་ཆུབ་སེམས་དཔའ་ནི་མྱ་ངན་ལས་འདས་པ་ཆེན་པོས་མྱ་ངན་ལས་འདས་པས་གྱུར། དེ་དག་ལ་སོགས་པ་སངས་རྒྱས་ཀྱི་རང་བཞིན་གཅིག་ཏུ་མཐུན་ན། ཅིའི་སླད་དུ། དེ་བཞིན་གཤེགས་བའི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདས་པར་མ་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདའ་བ་ཐོབ་པ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐོབ་པ་མ་ཡིན་ཏེ། དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ནི་དགེ་བའི་བཤེས་གཉེན་ཞེས་བྱའོ།། གལ་ཏེ་འཇིག་རྟེན་ན་སངས་རྒྱས་མི་བཞུགས་ཀྱང་། ཐེག་པ་གཉིས་པོས་མྱ་ངན་ལས་འདའ་བ་གཉིས་པོ་མི་ཐོབ་པ་མ་ཡིན་ནོ། ། འོད་སྲུངས་ཀྱིས་ཡང་གསོལ་པ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་གསུངས་པའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྐལ་པ་ཚད་མེད། དཔག་ཏུ་མེད། ཟངས་མེད་པའི་བར་དུ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་ལན་འགའ་འབྱུང་སྟེ། ཐེག་པ་རྣམ་གསུམ་འབྱེད་ཅིང་སྟོན་ཏོ།། རིགས་ཀྱི་བུ་ཇི་ལྟར་ཁྱོད་ཀྱིས་བྱུང་། ཆུབ་སེམས་དཔའ་དང་། ཐེག་པ་རྣམ་གཉིས་པོ་བྱེ་ཟག་ཅི་ཡོད་ཅེས་དྲིས་པ་ནི། ངས་སྔར་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་སྙིང་པོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལས་དོན་དེ་ཉིད་རྒྱས་པར་བསྟན་ཏེ། དགྲ་བཅོམ་པ་རྣམས་ལ་དགེ་བའི་བཤེས་གཉེན་མེད་དོ་ཞེས་བཤད་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དགྲ་བཅོམ་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པའི་ཕྱིར་རོ། ། དེ་བས་ན་མྱ་ངན་ལས་འདས་པ་ཆེན་པོ་ནི་མཐར་བདེ་བར་འགྱུར་པས་ན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། འོད་སྲུངས་ཀྱི་ཡང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་བྱེ་བྲག་མཆིས་པ་དང་། བྱེ་བྲག་མ་མཆིས་པའི་དོན་བདག་གིས་གདོད་རྟོགས་སོ།། དེའང་ཅིའི་སླད་དུ་ཞེ་ན། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ཐམས་ཅད་ཀྱང་མ་འོངས་པའི་དུས་སུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་འབབ་པར་འཚལ་ཏོ། ། དཔེར་ན་འབབ་ཆུ་ཐམས་ཅད་རྒྱ་མཚོར་འབབ་པ་ལྟར། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་རྟག་པ་ཞེས་བགྱིའོ། ། མི་རྟག་པ་ནི་མ་ལགས་སོ།། དེ་བས་ན་བྱེ་ཟག་ཀྱང་མཆིས་ལ། བྱེ་བྲག་ཀྱང་མ་མཆིས་སོ།། འོད་སྲུངས་ཀྱིས་ཡང་གསོལ་པ། མཚན་ཉིད་ལ་བྱེ་ཟག་མཆིས་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉན་ཐོས་དག་ནི་འོ་མ་ལྟ་བུའོ།། རང་སངས་རྒྱས་ནི་ཞོ་ལྟ་བུའོ།། བྱང་ཆུབ་སེམས་དཔའ་ནི་མར་རམ། ཞུན་མར་ལྟ་བུའོ།། སངས་རྒྱས་བཅོམ་ལྡན་འདས་ནི་མར་གྱི་སྙིང་པོ་ལྟ་བུ་སྟེ། དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལས་མཚན་ཉིད་རྣམ་པ་བཞི་ཐ་དད་པར་བཤད་དོ།། ། འོད་སྲུངས་ཀྱིས་ཡང་གསོལ་པ། སེམས་ཅན་ཐམས་ཅད་ཀྱི་མཚན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན། བ་བེའུ་བྱུང་མ་ཐག་གི་འོ་མ་ནི་ཁྲག་དང་འདྲེས་སོ། ། བྱིས་པ་མ་རབས་ཀྱི་མཚན་ཉིད་ཉོན་མོངས་པ་དང་འཛེས་པའང་དེ་དང་འདྲའོ།། ཡང་འོད་སྲུངས་ཀྱིས་གསོལ་པ། རྩཝ་མཆོག་གི་གྲོང་ཁྱེར་ན་གནས་པའི་རིགས་ངན་རབ་ཏུ་དགའ་བ་ཞེས་བྱ་བ་ལ། བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ། ཁྱོད་ནི་སེམས་བསྐྱེད་ཙམ་གྱིས་འཇིག་རྟེན་གྱི་ཁམས་འདིར་སངས་རྒྱས་སྟོང་གི་གྲངས་སུ་གཏོགས་པར། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ་ཞེས་ལུང་བསྟན་ལ། བཙུན་པ་ཤཱ་རིའི་བུ་དང་། མོའུ་འགལ་ཡན་ལ་སོགས་པ་མྱུར་དུ་མངོན་པར་འཚང་རྒྱའོ་ཞེས་ལུང་མི་སྟོན། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། རིགས་ཀྱི་བུ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ལ་ལ་ནི་སྨོན་ལམ་གྱི་དབང་གིས་འཇིག་རྟེན་ན་ཡུན་དུ་གནས་ཤིང་། དམ་པའི་ཆོས་ཡུན་དུ་གཟུང་ནས། གདོད་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ།། གང་མྱུར་དུ་འགྲུབ་པར་སྨོན་ལམ་བཏབ་པ་ནི་མྱུར་དུ་འགྲུབ་པའོ་ཞེས་ལུང་བསྟན་པ་ཡིན་ནོ།། རིགས་ཀྱི་བུ་གཞ། ཡང་འདི་ལྟ་སྟེ། དཔེར་ན་ཚོང་དཔོན་ཞིག་རིན་ཐང་མེད་པའི་ནོར་བུ་རིན་པོ་ཆེ་ཐོགས་ཏེ། ཚོང་དུས་སུ་འཚོང་དུ་འོངས་ན། གླེན་པ་ནོར་ངོ་མི་ཤེས་པ་བདག་གིས་མཐོང་ན་དེ་ལ་བརྙས་སྨོད་དེ་འཕྱའོ། ནོར་བདག་གིས་འདི་ནི་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་ཡིན་ནོ་ཞེས་སྨྲས་ཀྱང་། འོན་ཀྱང་འཕྱའོ།། དེ་དག་གཅིག་ལ་གཅིག་འདི་སྐད་དུ་འདི་ནི་ནོར་བུ་རིན་པོ་ཆེ་ཡང་དག་པ་མ་ཡིན་གྱི། ཤེལ་གྱི་སྒོ་ང་ཡིན་ནོ་ཞེས་ཟེར་རོ། ། རིགས་ཀྱི་བུ་ཉན་ཐོས་དང་རང་སངས་རྒྱས་ཀྱང་དེ་དང་འདྲ་སྟེ། གལ་ཏེ་མྱུར་དུ་འགྲུབ་པར་ལུང་བསྟན་པ་ཐོས་ན་ལེ་ལོ་དང་སྙོམས་ལས་བྱེད་དེ། བརྙས་ཤིང་སྨོད་ལ་འཕྱ་བ་ནི། ཇི་ལྟར་གླེན་པ་དག་ནོར་བུ་རིན་པོ་ཆེ་ཡང་དག་པ་མི་ཤེས་པ་བཞིན་ནོ།། ཕྱི་མ་མ་འོངས་པའི་དུས་སུ་དགེ་སློང་དག་དགེ་བའི་ཆོས་ལ་བརྩོན་འགྲུས་སུ་ནན་ཏན་བྱེད་ནི་མི་ནུས་ཀྱི། དབུལ་འཕོངས་ནས་ཟས་དང་སྐོམ་གྱིས་ཟེལ་བའི་རྐྱེན་གྱིས་རབ་ཏུ་བྱུང་སྟེ། ལུས་གསོ་བའི་ཕྱིར་སེམས་རྒོད་པས་སྒྱུས་འཚོའོ།། ཅི་སྟེ་དེ་བཞིན་གཤེགས་པས་ཉན་ཐོས་དག་མྱུར་དུ་འགྲུབ་བོ་ཞེས་ལུང་བསྟན་ན།། འབྲུ་ཞིང་བརྙས་སྨོད་པར་འགྱུར་ཏེ། དེ་དག་ནི་ཚུལ་ཁྲིམས་ཡོངས་སུ་ཉམས་ཀྱང་ཐ་མ་མིའི་ཆོས་ཐོབ་བོ་ཞེས་སྨྲའོ།། དེ་བས་ན་གང་སྨོན་ལམ་མྱུར་བར་བསྐྱེད་པ་ནི་མྱུར་བའི་ལུང་བསྟན་ཏོ།། གང་དམ་པའི་ཆོས་སྲུང་ཞིང་འཛིན་པ་དག་ནི་ཡུན་རིང་པོའི་ལུང་བསྟན་ཏོ། ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་ཡང་། བཅོམ་ལྡན་འདས་ལ་གསོལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཇི་ལྟར་ན་མི་ཤིགས་པའི་འཁོར་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་གང་དམ་པའི་ཆོས་སྲུང་ཞིང་འཛིན་པ་ལ་བརྩོན་འགྲུས་རྩོམ་ན། དེའི་རྒྱུ་དེའི་རྐྱེན་གྱིས་འཁོར་མི་ཤིགས་པ་ཐོབ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་ཡང་། བཅོམ་ལྡན་འདས་ལ་གསོལ་པ། ཅིའི་རྒྱུ་ཅིའི་རྐྱེན་གྱིས་ན་སེམས་ཅན་དག་ཁ་དང་མཆུབ་སྐམས་པར་འགྱུར། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། གང་ཞིག་དཀོན་མཆོག་གསུམ་ཡུན་དུ་གནས་པར་མི་ཤེས་ན། དེའི་རྒྱུ་དེའི་རྐྱེན་གྱིས་ཁ་དང་མཆུ་རྟག་ཏུ་བསྐམས་པར་འགྱུར་རོ། ། མི་གང་དང་ར་བ་དང་། ཁ་བ་དང་། ཚ་བ་དང་། སྒྱུར་བ་དང་། བསྔལ་བ་དང་། ལན་ཚྭའི་རོ་ལ་སོགས་པ་བྲོ་བ་རྣམ་པ་དྲུག་བྱེ་བྲག་མི་བྱེད་ཅིང་མི་རྟོགས་པར་འགྱུར་རོ། ། སེམས་ཅན་ཐམས་ཅད་གླེན་ཞིང་གཏི་མུག་པའི་དབང་གིས་དཀོན་མཆོག་རྟོག་པར་མི་ཤེས་ན། དེའི་ཕྱིར་ཁ་དང་མཆུ་རྟག་པར་བསྐམས་པར་འགྱུར་རོ།། རིགས་ཀྱི་གཞན་ཡང་འདི་ལྟ་སྟེ། སེམས་ཅན་གང་ཞིག་དེ་བཞིན་གཤེགས་པ་ལ་རྟག་པ་ཉིད་དུ་མི་ཤེས་ན། གང་ཟག་དེ་ནི་དམུས་ལོང་དུ་རིག་པར་བྱའོ།། སེམས་ཅན་གང་ཞིག་དེ་བཞིན་གཤེགས་པ་ལ་རྟག་པ་ཉིད་དུ་ཤེས་ན། གང་ཟག་དེ་ནི་ཤའི་མིག་ཅན་ཡིན་མོད་ཀྱི། ལྷའི་མིག་དང་ལྡན་པར་ངས་བཤད་དོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། གང་ཞིག་གིས་དེ་བཞིན་གཤེགས་པ་ལ་རྟག་པ་ཉིད་དུ་ཤེས་ན། ཀང་ཟག་དེ་ནི་ཡུན་རིང་པོ་ནས་མདོ་སྡེ་འདི་ལ་ནན་ཏན་བྱས་པ་ཡིན་ཏེ། ལྷའི་མིག་དང་ལྡན་པར་རིག་པར་བྱའོ།། གང་ཞིག་ལྷའི་མིག་དང་ལྡན་དུ་ཟིན་ཀྱང་། གལ་ཏེ་དེ་བཞིན་གཤེགས་པ་ལ་རྟག་པ་ཉིད་དུ་མི་ཤེས་ནཿདེ་ནི་ཤའི་མིག་ཅན་ཞེས་བྱ་སྟེ། གང་ཟག་དེ་ནི་བདག་གིས་ལུས་ཀྱི་ཡན་ལག་དང་ཉིང་ལག་ཀྱང་མི་ཤེས་ལ། གཞན་དག་ཀྱང་ཤེས་པར་བྱེད་མི་ནུས་ཏེ། དེ་བས་ན་ཤའི་མིག་ཅན་ཞེས་བྱའོ།། ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ནི་རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི་ཕ་མ་མཛད་དོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམ་པ་སྣ་ཚོགས་རྐང་གཉིས་དང་། རྐང་བཞི་དང་རྐང་མངས་དང་། རྐང་མེད་ཐམས་ཅད་ལ་དེ་བཞིན་གཤེགས་པས་གསུང་གཅིག་གིས་ཆོས་བསྟན་ན། རྣམ་པ་ཐ་དད་པ་དེ་དང་དེ་དག་ཐམས་ཅད་ཀྱིས་སོ་སོར་གོ་སྟེ། དེ་དག་སོ་སོ་ནས་དེ་བཞིན་གཤེག། པ་ནི་དེང་བདག་འབའ་ཞིག་ལ་ཆོས་བསྟན་ཏོ་སྙམ་སེམས་ཏེ། དེ་བས་ན་ཕ་མ་ལྟ་བུ་ཞེས་བྱའོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། བྱིས་པ་བཙས་ནས་ཟླ་བ་བཅུ་དྲུག་ལོན་པ་དག་སྨྲར་རྩོལ་མོད་ཀྱི། གོ་བ་འམ་བརྡ་ཕྲད་པ་ཉིད་དུ་མི་ལྕོགས་ཏེ། དེའི་ཕ་མས་སྐད་བསླབ་པའི་ཕྱིར། བྱིས་པ་ཅི་རེ་རབ་བཞིན་དུ་སྨྲས་ཏེ། བཀས་ཀྱིས་སྟོན་ན། ཅི་ཁྱེའུ་དེའི་ཕ་མ་དེའང་སྐད་མ་ལྕོགས་ཏེ་ཟུར་མ་ཕྱིན་པ་ཡིན་ནམ་གསོལ་པ། མ་ལགས་སོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སེམས་ཅན་རྣམ་པ་སྣ་ཚོགས་ཀྱི་རྗེས་སུ་གསུང་རྣམ་པ་སྣ་ཚོགས་ཀྱིས་ཆོས་བསྟན་ཏོ།། དམ་པའི་ཆོས་ལ་དགོད་པའི་ཕྱིར་ཅི་རིགས་སུ་ཆ་ལུག་རྣམ་པ་སྣ་ཚོགས་སྟོན་ཏོ།། དེ་བཞིན་གཤེགས་པ་དེ་དང་མཐུན་པའི་སྐད་གསུངས་ན། དེ་ཅི་ཡང་མ་ལྕོགས་པ་ཡིན་ནམ། གསོལ་པ། མ་ལགས་སོ།། བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པའི་གསུང་ནི་སེང་གེའི་སྒྲ་ལྟ་བུ་སྟེ། འཇིག་རྟེན་པ་རྣམ་པ་སྣ་ཚོགས་ཀྱི་རྗེས་སུ་གསུང་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་ལ་དམ་པའི་ཆོས་སྟོན་ཏོ།། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོའི་ལེའུ་སྟེ་བཞི་པའོ།། །། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་རྣམ་པ་སྣ་ཚོགས་བཀྱེ་བ་ནི། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། སྨུག་པོ་སྟེ། ཙུན་དའི་ལུས་ཀུན་སྣང་བར་བྱས་སོ།། ཙུན་དའི་ལུས་ལ་འོད་དེས་རེག་པ་དང་། འཁོར་དང་བཅས་ཏེ་ཞལ་ཟས་མང་པོ་ཐོགས་ཏེ་སངས་རྒྱས་གང་ན་བ་དེར་མྱུར་དུ་སོང་སྟེ། དེ་བཞིན་གཤེགས་པ་དང་། དགེ་སློང་གི་དགེ་འདུན་ལ་མཆོད་པ་ཐ་མ་འབུལ་བའི་ཕྱིར། མཆོད་པའི་ཡོ་བྱད་ཕུན་སུམ་ཚོགས་པ་རྣམ་པ་མང་པོ་ཐོགས་ཏེ། སངས་རྒྱས་ལ་ཉེ་བར་བསྟེན་ཏོ།། དེའི་ཆེན་ལྷགཟི་བརྗིད་ཆེན་པོ་དང་ལྡན་པ་རྣམས་འཁོར་བར་བསྐོར་ཏེ། མདུན་ཀྱང་མཆོད་པར་གྱུར་ནས། ཀུན་ད་མཙུན་ད་ཁྱོད་ཀྱི་མཆོད་པ་རེ་ཞིག་སྡོད་ཅིག་ཅེས་བསྐོའོ།། དེའི་ཚེ་ན་ཡང་དེ་བཞིན་གཤེགས་པས་འོད་ཚད་མེད་དཔག་ཏུ་མེད་པ་རྣམ་པ་སྣ་ཚོགས་བཀྱེ་ནས། ལྷ་རྣམས་ཀྱི་ལུས་ལ་སྣང་བར་བྱས་སོ།། ལྷའི་འཁོར་དེ་དག་འོད་དེས་རེག་མ་ཐག་ཏུ་ལྷ་རྣམས་ཀྱང་ཀོ་ཕྱེ་ནས་མཆོད་པ་འབུལ་དུ་བཅུག་གོ། དེའི་ཚེ་ན་ལྷ་དང་མི་ཐམས་ཅད་ཀྱང་སོ་སོ་ནཱ་མཆོད་པ་རྣམ་པ་སྣ་ཚོགས་ཐོགས་ནས། སངས་རྒྱས་ཀྱི་སྤྱན་སྔར་བསྙེན་ཏེ་པུས་མོ་བཙུགས་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་འདི་དག་བདག་ཅག་གིས་མཆོད་པ་ལེན་དུ་གནང་བར་མཛད་དུ་གསོལ་ཞེས། དེ་བཞིན་གཤེགས་པ་ལ་གསོལ་ཏོ།། དགེ་སློང་གི་དགེ་འདུན་རྣམས་ཀྱང་དུས་ཤེས་པས་ལྷུང་བཟེད་ཐོག་ནས་སེམས་རྩེ་གཅིག་ཏུ་སྤྱོད་ལམ་ལ་གནས་སོ།། དེའི་ཚེ་ཙུན་དེས་སངས་རྒྱས་དང་དགེ་འདུན་བཞུགས་པའི་གདན་སེང་གེའི་ཁྲི་རྣམ་པ་མང་པོ་བཙུགས་ནས། བ་དན་དང་། རྒྱལ་མཚན་དང་། གདུགས་བྲེས་ཏེ། སྤོས་དང་། མེ་ཏོག་དང་། འཕྲེང་བས་ཀྱང་ཡོངས་སུ་བརྒྱན་ཏོ།། དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་རྒྱན་གྱིས་ཡོངས་སུ་བརྒྱན་པ་ནི། ཇི་ལྟར་ནུབ་ཕྱོགས་ཀྱི་རབ་ཏུ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ལྟ་བུར་གྱུར་ཏོ།། དེ་ནས་ཙུན་ད་སངས་རྒྱས་ཀྱི་སྤྱན་སྔར་མི་དགའ་བའི་མྱ་ངན་ཆེན་པོས་ནོན་ནས། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཐུགས་བརྩེའི་སླད་དུ། བསྐལ་པ་གཅིག་གམ། བསྐལ་པ་གཅིག་འགྲིབ་ཀྱི་བར་དུ་བཞུགས་སུ་གསོལ་ལོ།། བཅོམ་ལྡན་འདས་ཀྱིས། ཙུན་ད་ལ་བཀའ་སྩལ་པ། ང་འཇིག་རྟེན་ན་ཡུན་དུ་གནས་པར་འདོད་ན། ཁྱོད་ཀྱི་མཆོད་པ་ཐ་མར་འབུལ་བའི་ཡོ་བྱད་མྱུར་དུ་ཕུལ་ལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱིས་ཤིག། དེའི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། མི་ལ་སོགས་པ་ཐམས་ཅད་ཀྱིས་སྐད་མཐུན་པར་འདི་སྐད་ཅེས་སྨྲས་སོ། ། ངོ་མཚར་ཆེའོ།། ཙུན་ད་ཁྱོད་བསོད་ནམས་ཆེན་པོ་ཡོངས་སུ་རྫོགས་པས། དེ་བཞིན་གཤེགས་པ་ཁྱོད་ཀྱི་མཆོད་པ་ཐ་མ་བཞེས་སོ།། བདག་ཅག་ནི་བསོད་ནམས་མེད་པས་མཆོད་པའི་ཡོ་བྱད་བཤམས་པའང་ཆུད་ཟོས་པར་གྱུར་ཏོ་ཞེས་སྨྲས་སོ། ། དེའི་ཚེ་ན་བཅོམ་ལྡན་འདས་དེ་དག་གི་རེ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། སྐུའི་བ་སྤུའི་ཁུང་བུ་རེ་རེ་ནས་སྤྲུལ་པའི་སངས་རྒྱས་ཚད་མེད་པ་སྤྲུལ་སྟེ། སངས་རྒྱས་དེ་དག་རེ་རེ་ལའང་། དགེ་སློང་གི་འཁོར་ཚད་མེད་པ་སྙེད་ཀྱིས་བསྐོར་ནས། བཅོམ་ལྡན་འདས་དང་། དགེ་འདུན་གྱི་འཁོར་ཚད་མེད་པ་དེ། དག་གིས་ཀྱང་དེ་དག་གི་མཆོད་པ་བཞེས་པར་བསྟན་ཏོ།། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའང་། ཙུན་དའི་མཆོད་པ་བཞེས་སོ།། དེའི་ཚེ་ཙུན་དས་ཕུལ་བའི་བསོད་སྙོམས་འཟས་ཀྱང་ཡུལ་དབུས་འགྱུར་ཚལ་གྱི་ཟེ་ཁལ་ཚད་བརྒྱད་ཕུལ་བའང་། བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་འཁོར་གྱི་དཀྱིལ་འཁོར་དེ་དག་ཐམས་ཅད་བསོད་སྙོམས་ཀྱིས་ཆོག་པར་གྱུར་ཏོ།། དེའི་ཚེ་ཙུན་ད་དེ་ལྟ་བུར་གྱུར་པ་མཐོང་ནས་རབ་ཏུ་དཀའ་བ་སྐྱེས་ཏེ། འཁོར་གྱི་དཀྱིལ་འཁོར་དེ་དག་ཐམས་ཅད་ཀྱང་རབ་ཏུ་དགའ་བར་གྱུར་ཏོ།། དེའི་ཚེ་ན་འཁོར་གྱི་དཀྱིལ་འཁོར་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་སོ་སོའི་ཡིད་ལ། དེ་བཞིན་གཤེགས་པ་ནི་བདག་ཅག་གི་མཆོད་པ་བཞེས་པར་རིང་པོ་མི་ཐོགས་པར་ཡོངས་སུ་མྱ་ངན་ལས་འདའ་འོ་སྙམ་དུ་སེམས་པར་གྱུར་ཏོ།། དེ་སྙམ་དུ་བསམས་ནས་སོ་སོའི་སེམས་ལ་མྱ་ངན་དང་དགའ་བ་འདྲེས་པར་གྱུར་ཏོ། ། དེའི་ཚེ་ན་ཚལ་དེའི་ས་གཞི་ཤིན་ཏུ་ཆུང་ཞིང་དོག་པ་ལས། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས། ཁབ་ཀྱི་རྩེ་མོ་འཇུག་པའི་ས་ཙམ་ལའང་ཚད་མེད་པའི་སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་ཏེ་བཞུགས་ཤིང་བསོད་སྙོམས་བཞེས་ཏེ། བསོད་སྙོམས་དེ་དག་ཀྱང་བྱེ་བྲག་མེད་པར་མཐོང་ངོ་།། དེའི་ཚེ་ན་ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་མཆི་མ་བླགས་ཏེ་ངུས་ནས་འདི་སྐད་ཅེས་སྨྲས་སོ། ། དེ་བཞིན་གཤེགས་པས་བདག་ཅག་གི་མཆོད་པ་ཐ་མ་བཞེས་ཏེ། མཆོད་པ་བཞེས་ནས་ཡོངས་སུ་མྱ་ངན་ལས་འདས་བར་གཤེགས་ན་བདག་ཅག་གིས་སླན་ཆད་མཆོད་པ་སུ་ལ་བགྱི། བདག་ཅག་གི་བླ་ན་མེད་པའི་ཁ་ལོ་སྒྱུར་བ་དང་གཏན་བྲལ་བས་ན། མིག་མདོངས་པར་གྱུར་ཏོ་ཞེས་སྨྲས།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་དེ་དག་སྤྲོ་བ་སྲིང་བའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཁྱོད་རྣམས་མྱ་ངན་མ་བྱེད་ཅིག། སངས་རྒྱས་ཆོས་ཉིད་དེ་བཞིན་ཏེ།། ང་ནི་མྱ་ངན་འདས་ནས་ཀྱང་།། ཚད་མེད་པ་ཡི་བསྐལ་པ་སྙེད།། རྟག་ཏུ་བདེ་བའི་མཆོག་ལ་སྤྱོད།། རྟག་ཏུ་རབ་ཏུ་བདེ་ལ་གནས།། ཁྱེད་རྣམས་ཤིན་ཏུ་བརྟགས་པར་ཉོན།། མྱ་ངན་འདའ་བ་ངས་བཤད་ཀྱིས།། ཟས་ཀྱི་འདུ་ཤེས་མེད་པས་ན།། བཀྲེས་ཤིང་སྐོམ་པའི་སྐྱོན་རྣམས་མེད།། དེང་འདིར་ཁྱེད་ལ་སོགས་པ་ལ།། རྗེས་སུ་གཞོལ་བའི་སྨོན་ལམ་བསྟན།། འཁོར་གྱི་དཀྱིལ་འཁོར་འདི་ཐམས་ཅད་རབ་ཏུ་བདེ་བ་ཐོབ་པར་བྱ། ། ཁྱེད་རྣམས་ཐོས་ནས་ནན་ཏན་བྱོས།། སངས་རྒྱས་ཆོས་རྣམས་རྟག་པ་ལ།། ནམ་ཞིག་ཁྭ་དང་རུག་པ་གཉིས།། ཚང་གཅིག་ནང་དུ་གནས་བཅས་ཏེ།། དེ་གཉིས་སྤུན་བཞིན་གྱུར་པ་ན། ། དེ་ན་མྱ་ངན་འདའ་བར་འགྱུར།། དེ་བཞིན་གཤེགས་པས་ཐམས་ཅད་ལ།། སྒྲ་གཅན་འཛན་ལྟར་གཟིགས་པས་ན།། འགྲོ་བ་ཀུན་གྱི་གཙོར་གྱུར་པ།། ཅི་ཕྱིར་ཡོངས་སུ་མྱ་ངན་འདའ།། ནམ་ཞིག། སྤྲུལ་དང་སྲེ་མོ་གཉིས།། ཁུང་གཅིག་ནང་དུ་ཚང་བཅས་ཏེ།། དེ་གཉིས་སྤུན་ལྟར་གྱུར་པ་ན།། དེ་ན་ཡོངས་སུ་མྱ་ངན་འདའ།། དེ་བཞིན་གཤེགས་པས་ཐམས་ཅད་ལ།། སྒྲ་གཅན་འཛིན་ལྟར་ཀུན་གཟིགས་ཏེ། ། སེམས་ཅན་ཀུན་གྱི་གཙོར་གྱུར་པ།། ཅི་ཕྱིར་ཡོངས་སུ་མྱ་ངན་འདའ།། ཅི་སྟེ་མེ་ཏོག་འདབ་བདུན་པོ།། ཀ་ཤི་ཀ་ཡི་ཅིར་གྱུར་ཏམ།། ཀ་ལ་ཀ་ཡི་ཤིང་ལས་ནི།། ཙིན་དའི་འབྲས་བུ་ཆགས་སྲིད་ཀྱི། ། དེ་བཞིན་གཤེགས་པས་ཐམས་ཅད་ལ།། སྒྲ་གཅན་འཛིན་ལྟར་གཟིགས་པས་ན།། ཅིའི་ཕྱིར་སྙིང་རྗེ་ཀུན་གཏང་སྟེ།། ཡོངས་སུ་མྱ་ངན་འདའ་བར་གཤེགས།། ཅི་སྟེ་ལོ་སྲེད་ཅན་དེ་དག་སྙིང་པོ་བྱང་ཆུབ་སངས་རྒྱས་ཏེ། ། བདེ་བའི་མཆོག་ལ་གནས་གྱུར་ན།། དེ་ན་མྱ་ངན་འདའ་བར་འགྱུར།། དེ་བཞིན་གཤེགས་པས་ཐམས་ཅད་ལ།། སྒྲ་གཅན་འཛིན་ལྟར་གཟིགས་པས་ན།། ཅིའི་ཕྱིར་སྙིང་རྗེ་ཀུན་གཏང་སྟེ། ། ཡོངས་སུ་མྱ་ངན་འདའ་བར་གཤེགས།། གལ་ཏེ་སོ་སོའི་སྐྱེ་བོ་དག། དུས་གཅིག་མཉམ་པར་སངས་རྒྱས་ཏེ།། ཉེས་པའི་སྐྱོན་རྣམས་ཀུན་སྤངས་ན།། དེ་ན་མྱ་ངན་འདའ་བར་འགྱུར། ། དེ་བཞིན་གཤེགས་པས་ཐམས་ཅད་ལ།། སྒྲ་གཅན་འཛིན་ལྟར་གཟིགས་པས་ན།། ཅིའི་ཕྱིར་སྙིང་རྗེ་ཀུན་བཏང་སྟེ།། ཡོངས་སུ་མྱ་ངན་འདའ་བར་གཤེགས།། ཅི་སྟེ་སྦྲང་བུ་ཆུང་ངུའི་གཅིན། ། ས་ཆེན་འདི་ཡང་འཇིག་ནུས་ལ།། རི་དང་ལྗོངས་ཀུན་མེད་པར་རག། རྒྱ་མཚོ་ཆེན་པོ་འགེངས་གྱུར་ན།། དེ་ན་ཡོངས་སུ་མྱ་ངན་འདའ།། སྙིང་རྗེའི་སེམས་ཀྱིས་ཐམས་ཅད་ལ།། གཅན་འཇན་ལྟར་གཟིགས་པས་ན།། འགྲོ་བ་ཀུན་གྱི་གཙོར་འགྱུར་བཔ།། ཅི་ཕྱིར་ཡོངས་སུ་མྱ་ངན་འདའ།། དེ་བས་ཁྱེད་ལ་སོགས་པ་དག། དམ་པའི་ཆོས་ལ་མོས་པར་གྱིས།། མྱ་ངན་གྱིས་ཀྱང་མ་གདུང་བར། ། མི་རྨོང་ངུ་བར་མ་བྱེད་ཅིག། ཡང་དག་ལ་ནི་གང་སྤྱོད་པ།། དེ་བཞིན་གཤེགས་པ་རྟག་པ་སྒོམ།། དེ་ལྟར་དམ་ཆོས་དེ་ཉིད་ཀྱང་།། མི་འགྱུར་རྟག་ཏུ་གནས་པར་རྟོགས།། གཞན་ཡང་དཀོན་མཆོག་གསུམ་དག་ལ།། རྟག་ཏུ་གནས་པར་འདུ་ཤེས་སྐྱེད།། དེ་ལ་ཤིན་ཏུ་སྲུང་བ་ནི།། སྔགས་ཀྱི་མཐུ་དབང་ཤིང་སྐམ་ལས།། མེ་ཏོག་དག་ཀྱང་སྐྱེ་བ་བཞིན།། དེ་ནི་དཀོན་མཆོག་གསུམ་པོ་ཡི། ། འཁོར་རྣམ་བཞི་སྟེ་ལེགས་པར་ཉོན།། ཐོས་ནས་ཤིན་ཏུ་དཀའ་བཞིན་དུ།། བྱང་ཆུབ་ཏུ་ནི་སེམས་སྐྱེད་ཅིག། གང་ཞིག་དཀོན་མཆོགས་པོ་ལ་དོན་དམ་བདེན་པར་རྟག་འཛིན་ན། ། དེ་ནི་སངས་རྒྱས་མང་པོ་ཡི།། སྨོན་ལམ་ཕུལ་གྱི་མཆོག་ཡིན་ནོ།། དེ་ལ་དགེ་སློང་ངམ།། དགེ་སློང་མ་འམ།། དགེ་བསྙེན་དང་། དགེ་བསྙེན་མགང་ཞིག་དེ་བཞིན་གཤེགས་པ་སྨོན་ལམ་བཏབ་པ་ནི། གླེན་པ་འམ། གཏི་མུག་ཅན་མ་ཡིན་ཏེ། མཆོད་པའི་གནས་ཡིན་པར་རིག་པར་བྱའོ།། སྨོན་ལམ་དེའི་མཐུས་ཡོན་ཏན་གྱི་འབྲས་བུ་སྨིན་པ་ནི་དགྲ་བཅོམ་པ་ལྟར་འཇིག་རྟེན་གྱི་ཕུལ་གྱི་མཆོག་དུ་འགྱུར་རོ། ། གང་ཞིག་དེ་ལྟར་དཀོན་མཆོག་གསུམ་ལ་རྟག་པ་ཉིད་དུ་མི་ཤེས་ན།། དེ་ནི་རིགས་ངན་ཡིན་པར་རིག་པར་བྱའོ།། གང་ཞིག་ཆོས་རྣམ་པ་གསུམ་པོ་རྟག་པ་ཉིད་དུ་ཤེས་ན། ཆོས་བདེན་པའི་རྐྱེན་གྱིས་སྡུག་བསྔལ་དང་འབྲལ་ཞིང་རབ་ཏུ་བདེ་བར་འགྱུར། གནོད་པ་མེད་པར་འགྱུར།། བར་ཆད་བྱེད་པ་མེད་པར་འགྱུར་རོ།། དེའི་ཚེ་ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པ་འཁོར་དེ་དག་གིས་དེ་སྐད་ཅེས་གསུངས་པ་ཐོས་ནས། རབ་ཏུ་དགའ་མགུ་རངས་པའི་སེམས་སྐྱེས་ཏེ། ཤིན་ཏུ་དུལ་ཞིང་ངེས་པའི་སེམས་སུ་གྱུར། སྒྲིབ་པ་ཀུན་ཏུ་ཤིན་ཏུ་བསལ་བའི་སེམས་སུ་གྱུར། མཐོ་དམན་མེད་པའི་སེམས་སུ་གྱུར་ཏེ། གཟི་བརྗིད་རྣམ་པར་དང་བ་དང་། འཛུམ་པའི་མདངས་ཅན་དུ་གྱུར་ནས། དེ་བཞིན་གཤེགས་པ་རྟག་པ་ཉིད་དུ་ཤེས་ཏེ། དེ་བས་ན་ལྷ་རྫས་ཀྱི་མཆོད་པ་རྣམ་པ་མང་པོས་མཆོད་དེ། ལྷ་རྫས་ཀྱི་མེ་ཏོག་དང་། སྤོས་དང་། ཕྱེ་མ་དང་། བྱུག་སྤོས་དང་། ལྷ་རྫས་ཀྱི་རོལ་མོས་ཡོངས་སུ་མཆོད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་འཁོར་གྱི་དཀྱིལ་འཁོར་འདི་དག་ངོ་མཚར་རྨད་དུ་གྱུར་པ་མཐོང་ངམ། འོད་སྲུངས་ཀྱིས་གསོལ་པ། མཐོང་ངོ་།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚད་མེད་དཔག་ཏུ་མེད་པ་དག་འཁོར་མང་པོའི་མཆོད་པ་ཡོངས་སུ་བཞེས་པབ་མཐོང་ངོ་། ། གཞན་ཡང་སངས་རྒྱས་མང་པོའི་སྐུ་ནི་རབ་ཏུ་ཆེ་ལ་བཞུགས་པའི་གདན་ནི་ཁབ་ཀྱི་རྩེ་མོ་ཙམ་སྟེ། འཁོར་མང་པོས་ཡོངས་སུ་བསྐོར་ཀྱང་གཅིག་གཟེར་བར་མ་གྱུར་པར་མཐོང་ངོ་།། གཞན་ཡང་འཁོར་མང་པོ་འདི་དག་སྨོན་ལམ་ཆེན་པོ་བསྐྱེད་ནས་ཚིགས་སུ་བཅད་པ་བཅུ་གསུམ་པོ་སྨྲས་པའང་མཐོང་ངོ་།། གཞན་ཡང་འཁོར་གྱི་དཀྱིལ་འཁོར་འདི་དག་སོ་སོ་ནས་འདི་སྙམ་དུ། དེ་བཞིན་གཤེགས་པ་ནི་བདག་འབའ་ཞིག་གི་མཆོད་པ་བཞེས་སོ་སྙམ་དུ་སེམས་པར་ཡང་འཚལ་ཏོ།། གལ་ཏེ་ཙུན་དས་ཕུལ་བའི་མཆོད་པ་རྡུལ་ཕྲ་མོར་བཏགས་ཏེ། སངས་རྒྱས་གཅིག་ལ་ཚུལ་ལ་མོ་གཅིག་ཙམ་ཕུལ་ཡང་ཆོག་པ་འམ། ཁྱབ་པར་མི་འགྱུར་ན། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཐམས་ཅད་ལ་ཁྱབ་ཅིང་ཆོག་པར་གྱུར་ཏོ།། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པས། ངོ་མཚར་རྨད་དུ་གྱུར་པ་འདི་དག་ཤེས་སོ།། དེའང་དེ་བཞིན་གཤེགས་པས་ཐབས་སུ་བསྟན་ཏེ། ཉན་ཐོས་ཀྱི་འཁོར་རྣམས་དང་། ལྷ་མ་ཡིན་ལ་སོགས་པས་དེ་བཞིན་གཤེགས་པ་ནི་ཆོས་ཉིད་དུ་ཤེས་སོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས། ཙུན་ད་ལ་བཀའ་སྩལ་པ། ཁྱོད་ཀྱིས་མཐོང་བ་འདི་དག་ངོ་མཚར་རྨད་དོ་སྙམ་སེམས་སམ། གསོལ་པ། དེ་བཞིན་ནོ།། བཅོམ་ལྡན་འདས་བདག་སྔར་ཚད་མེད་པའི་སངས་རྒྱས་མང་པོ་མཚན་གསུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ཡོངས་སུ་བརྒྱན་པར་མཐོང་ན། ད་ནི་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱད་གཟུགས་མཆོག་ཏུ་གྱུར་ཏེ། སངས་རྒྱས་ཉག་གཅིག་སྨན་གྱི་སྡོང་པོ་ལྟར་བཞུགས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྐོར་བར་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས། ཙུན་ད་ལ་བཀའ་སྩལ་པ། ཁྱོད་ཀྱིས་སྔར་སངས་རྒྱས་ཚད་མེད་པ་མཐོང་བ་ནི་ངས་མངོན་པར་སྤྲུལ་པ་ཤ་སྟག་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་དགའ་བ་བྱ་བའི་ཕྱིར་མངོན་པར་སྤྲུལ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་སྤྱོད་པ་བསམ་གྱིས་མི་ཁྱའོ་སྟེ། ཚད་མེད་པའི་སངས་རྒྱས་ཀྱི་མཛད་པ་བྱེད་པ་ཤ་སྟག་གོ།། ཙུན་ད་ཁྱོད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་པ་དང་ལྡན་ཏེ། ས་བཅུལ་རབ་ཏུ་གནས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྫོགས་པར་ལྡན་ནོ། ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ། དེ་དེ་བཞིན་ནོ།། དེ་དེ་བཞིན་ནོ།། བཅོམ་ལྡན་འདས།། ཀྱིས་གསུངས་པ་བཞིན་ཏེ། ཙུན་ད་འདི་ནི་སྤྱོད་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ལྡན་ཏེ། བདག་ཅག་རྗེས་སུ་ཡི་རང་ངོ་།། དེ་བཞིན་གཤེགས་པས་ཕྱི་མ་མ་འོངས་པའི་སྐྱེ་བོ་ཚད་མེད་པ་ལ་སྣང་བ་ཆེན་པོ་མཛད་པའི་སླད་དུ། ཐེག་པ་ཆེན་པོའི་མདོ་སྡེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་གསུངས་སོ།། བཅོམ་ལྡན་འདས་མདོ་སྡེ་ཐམས་ཅད་ལས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྷག་མ་དང་བཅས་པའི་དོན་ལགས་སམ། ལྷག་མ་མཆིས་པའི་དོན་དུ་གསུངས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ངས་གསུངས་པ་ནི་ལྷག་མ་བཅས་པའང་ཡོད་ལ། ལྷག་མ་མེད་པའི་དོན་ཡང་ཡིན་ནོ། ། དེ་ནས་ཙུན་དས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ཟང་ཟིང་བདོག་པ་ཐམས་ཅད་སྦྱིན་པ་བྱོན་པ་ན་བསྔག་ཤིང་བསྟོད་མོད་ཀྱི། རྣམ་པར་སྨོད་པར་མི་བྱའོ་ཞེས། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་དེ་ཇི་ལྟ་བུ་ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་ངན་པ་ཅན་ལ་བྱེ་བྲག་གི་ཁྱད་པར་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་གཅིག་པུ་མ་གཏོགས་པར་སྦྱིན་པ་གཞན་ཐམས་ཅད་ལ་བསྟོད་ཅིང་བསྔགས་སོ།། ཙུན་དས་གསོལ་པ། གཅིག་པུ་མ་གཏོགས་ཞེས་བགྱི་བ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མདོ་སྡེ་འདི་ལས་གང་ཚུལ་ཁྲིམས་ངན་པ་ཅན་དུ་གསུངས་པའོ།། ཙུན་དས་ཡང་གསོལ་པ། བཅོམ་ལྡན་འདས་དེའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚུལ་ཁྲིམས་ངན་པ་ཅན་ཞེས་བྱ་བ་ནི་ལོག་སྲེད་ཅན་ལ་བྱའོ།། དེ་མ་ཡིན་པ་སྦྱིན་པ་ཐམས་ཅད་ལ་བསྟོན་ཅིང་བསྔགས་ཏེ་འབྲས་བུ་ཆེན་པོ་ཐོབ་པར་འགྱུར་རོ།། ཙུན་དས་ཡང་གསོལ་པ་ལོགས་སྲེད་ཅན་ཞེས་བགྱི་བ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས། ཙུན་ད་ལ་བཀའ་སྩལ་པ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ཞིག་ཚིག་ངན་པ་སྨྲ་ཞིང་དམ་པའི་ཆོས་ལ་སྐུར་པ་འདེབས་པ་དང་། ཁ་ན་མ་ཐོ་བའི་ལས་བྱས་ཀྱང་འགྱོད་པ་འམ། ཁྲེལ་བ་འམ། འཛེམ་པའི་སེམས་མེད་དེ། གང་ཟག་དེ་ནི་ལོག་སྲེད་ཅན་གྱི་ལམ་ལ་འབབ་པ་ཞེས་བྱའོ།། གང་ཞིག་རྩ་བ་བཞི་ཉམས་སམ། མཚམས་མེད་པ་ལྔ་བྱས་པར་བདག་ཉིད་ཀྱིས་ཤེས་ལ། དེ་ལྟར་ཁ་ན་མ་ཐོ་བ་ཆེན་པོ་བྱས་ཀྱང་། ཐོག་མ་ནས་འཇིགས་པ་འམ། ཟེལ་ཞིང་འམཛེམ་པའི་སེམས་མེད་དེ། མི་འགྱོད་མི་འཐོལ་བ་དང་། དམ་པའི་ཆོས་ལ་འཕངས་ཤིང་གཅེས་པར་མི་འཛིན་ཏེ། རྣམ་པར་གཞག་པའི་སེམས་མེད་ཀྱི། བརྙས་སྐུར་པ་དང་ཉེས་པ་མང་ངོ་ཞེས་སྐྱོན་འདོགས་པའི་གང་ཟག་དེའང་ལོག་སྲེད་ཅན་གྱི་ལམ་ལ་འབབ་པ་ཞེས་བྱའོ། ། གཞན་ཡང་གང་ཞིག་སངས་རྒྱས་དང་། ཆོས་དང་། དགེ་འདུན་མེད་དོ་ཞེས་སྨྲ་བ་དེའང་ལོག་སྲེད་ཅན་གྱི་ལམ་ལ་འབབ་པ་ཞེས་བྱའོ།། དེ་ལྟར་ལོག་སྲེད་ཅན་འ་འབའ་ཞིག་མ་གཏོགས་པར་བྱིས་པ་གཞན་ཐམས་ཅད་ལ་བསྟོད་ཅིང་བསྔགས་སོ། ། དེ་ནས་ཙུན་དས་ཡང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཚུལ་ཁྲིམས་ངན་པ་ཅན་གྱི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས། ཙུན་ད་ལ་བཀའ་སྩལ་པ། གང་ཚུལ་ཁྲིམས་ཀྱི་རྩ་བ་བཞི་ཉམས་པ་དང་། མཚམས་མེད་པ་བྱས་པ་དང་། དམ་པའི་ཆོས་ལ་རྣམ་པར་སྐུར་པ་འདེབས་པ་དེ་ནི་ཚུལ་ཁྲིམས་ངན་པ་ཅན་ཞེས་བྱའོ། ། ཙུན་དས་ཡང་གསོལ་པ། དེ་ལྟར་ཚུལ་ཁྲིམས་ངན་པ་ཅན་དེ་རྣམ་པར་གྲོལ་བའི་སྐལ་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱུ་དང་རྐྱེན་དུ་ལྡན་ན་གྲོལ་བའི་སྐལ་བ་ཡོད་དེ། གལ་ཏེ་ཆོས་གོས་ཀྱང་གྱོན་ལ་ཡོངས་སུ་མ་སྤངས། ཁྲེལ་ཞིང་འཛེམ་པ་དང་འཇིགས་པའི་སེམས་དང་ཡང་ལྡན། ཤིན་ཏུའང་འགྱོད་ལ། འདི་སྙམ་དུ་ཀྱི་ཧུད་བདག་གིས་ཅིའི་ཕྱིར་ཁ་ན་མ་ཐོ་བའི་ལས་ཆེན་པོ་འདི་བྱས། ཀྱི་ཧུད་བདག་གིས་ཅིའི་ཕྱིར་སྡུག་བསྔལ་དུ་འགྱུར་བའི་ལས་བྱས་སྙམ་དུ། ཤིན་ཏུ་འགྱོད་པའི་སེམས་སྐྱེས་ལ། ཆོས་སྲུང་བའི་སེམས་དང་། ཆོས་རྣམ་པར་གཞག་པའི་སེམས་ཀྱང་བསྐྱེད་དེ། ཆོས་སྲུང་ཞིང་འཛིན་པ་ལ་མཆོད་པ་བྱེད་པ་དང་། ཐེག་པ་ཆེན་པོའི་མདོ་སྡེ་འདོན་ཅིང་ཀློག་པ་ལ་ཞུ་བ་དང་། གསོལ་བ་འདེབས་པ་དང་བདག་ཀྱང་འཆང་བ་དང་། འཛིན་པ་དང་། ཀློག་པ་དང་། འདོན་པ་དང་། ཁོང་དུ་ཆུད་པར་བྱེད་ལ། གཞན་ལའང་རྒྱས་པར་སྟོན་ཅིང་འཆད་པའི་གང་ཟག་དེ་ནི་ཚུལ་ཁྲིམས་ངན་པ་ཅན་ཞེས་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཉི་མ་ཤར་ན་ན་བུན་དང་ཁུ་རྣ་མི་སྣང་བའི་མུན་པ་ཀུན་སེལ་བར་འགྱུར་རོ།། ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ཆེན་པོ་འདི་འཇིག་རྟེན་དུ་བྱུང་བའང་དེ་དང་འདྲ་སྟེ། སེམས་ཅན་གྱི་བསྐལ་པ་ཚད་མེད་པའི་ཁ་ན་མ་ཐོ་བའི་ལས་ཅི་བྱས་པ་ཐམས་ཅད་སེལ་བར་ནུས་སོ།། དེ་བས་ན་མདོ་སྡེ་འདི་ལས་དམ་པའི་ཆོས་ཀྱི་སྐྱབས་བྱས་པ་དག་འབྲས་བུ་ཆེན་པོ་ཐོས་པར་འགྱུར་ཏེ། ཚུལ་ཁྲིམས་ངན་པ་ཅན་དག་རྣམ་པར་གྲོལ་ནུས་སོ་ཞེས་བཤད་པ་ཡིན་ནོ།། དེ་ལ་གང་ཞིག་དམ་པའི་ཆོས་ལ་སྐུར་ཀྱང་ཤིན་ཏུ་འགྱོད་ཅིང་འཐོལ་ལ། ཆོས་ལ་སྐྱབས་སུ་སོང་ནས་མི་དགེ་བའི་ལས་བྱས་པ་ཐམས་ཅད་དྲན་པར་བྱས་ཏེ། དཔེར་ན་མི་ཞིག་གསད་པའི་ལས་བྱས་ན། ཤིན་ཏུ་འཇིགས་པའི་སེམས་སྐྱེ་བ་ལྟར་རམ། རབ་ཏུ་ངོ་ཚ་བ་དང་ཁྲེལ་བའི་སེམས་སྐྱེས་ཏེ། དམ་པའི་ཆོས་འདི་མ་གཏོགས་པར་གཞན་གུད་ན་སྐྱབས་དང་དཔུང་གཉེན་དུ་འགྱུར་བ་མེད་དོ་སྙམ་པའི་སེམས་སྐྱེས་ཏེ། དམ་པའི་ཆོས་ལ་སྐྱབས་སུ་འགྲོ་བ་ཇི་ལྟར་བསྟན་ཅིང་གསུངས་པ་བཞིན་དུ་སྐྱབས་སུ་སོང་བའི་གང་ཟག་དེ་ལ་སྦྱིན་པ་བྱིན་ན། བསོད་ནམས་དཔག་ཏུ་མེད་པ་འཐོབ་ཅིང་འཇིག་རྟེན་གྱི་མཆོད་པའི་གནས་སུ་འགྱུར་རོ།། གང་ཞིག་དེ་ལྟར་གོང་དུ་སྨོས་པའི་ཁ་ན་མ་ཐོ་བའི་ལས་བྱས་ནས། ཟླ་བ་གཅིག་ཀམ། ཞག་བཅོ་ལྔའི་བར་དུ་སྐྱབས་སུ་འགྲོ་བ་འམ། འཐོལ་བ་འམ། འགྱོད་པའི་སེམས་མི་སྐྱེ་བའི་གང་ཟག་དེ་ལ་སྦྱིན་པ་བྱིན་ནའང་འབྲས་བུ་ཆེན་པོར་མི་འགྱུར་ཏེ། མཚམས་མེད་པ་ལྔའི་སྡིག་བྱས་པའང་དེ་དང་འདྲ་སྟེ། འགྱོད་པའི་སེམས་སྐྱེས་ལ་ཁོང་ནས་ངོ་ཚ་བ་དང་ཁྲེལ་བའི་སེམས་སུ་ལྡན་ཏེ། བདག་གིས་མི་དགེ་བའི་ལས་བྱས་པས་སྡུག་བསྔལ། ཆེན་པོ་མྱོང་བར་འགྱུར་རོ་སྙམ་སེམས་ཏེ། དམ་པའི་ཆོས་རྣམ་པར་གཞག་པའི་ཕྱིར་མགོན་དང་སྐྱབས་བྱེད་ན། དེའང་མཚམས་མེད་པ་ལྔའི་སྡིག་བྱས་པ་མ་ཡིན་ནོ།། ཅི་སྟེ་དེ་ལ་སྦྱིན་པ་བྱིན་ན་ཚད་མེད་པའི་བསོད་ནམས་འཐོབ་པར་འགྱུར་རོ། ། མཚམས་མེད་པའི་ལས་བྱས་ཀྱང་དམ་པའི་ཆོས་སྲུང་བའམ། སྐྱབས་སུ་འགྲོ་བའི་སེམས་སྐྱེད་པ་དེ་ལ་སྦྱིན་པ་བྱིན་ན། བསོད་ནམས་སུ་འགྱུར་བ་ནི་སྨོས་སུའང་མི་ཆོག་གོ། ། རིགས་ཀྱི་བུ་འདི་ལྟ་སྟེ། ཁ་ན་མ་ཐོ་བའི་ལས་ཆེན་པོ་བྱས་པ་དག་ཤིན་ཏུ་བརྟགས་པར་ཉོན་ཅིག་དང་། ཁྱོད་ལ་རྒྱས་པར་ཕྱེ་སྟེ་བཤད་པར་བྱའོ།། དེ་དག་འདི་སྙམ་དུ་སེམས་སྐྱེད་ཅིག། དམ་པའི་ཆོས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། དེ་བས་ན་བསྲུང་ཞིང་བསྐྱབ་པ་དང་རྣམ་པར་གཞག་པར་བྱའོ།། དེ་ལ་སྦྱིན་པ་བྱིན་པས་བསོད་ནམས་ཀྱི་འབྲས་བུ་མཆོག་ཐོབ་པར་འགྱུར་རོ། ། རིགས་ཀྱི་བུ་དཔེར་ན་བུད་མེད་སྦྲུ་མ་མ་བུ་འབྱུང་དུ་ཉེ་བ་ཞིག་ཡུལ་དུ་མུ་གེ་བྱུང་སྟེ་འཁྲུགས་ནས་ཡུལ་གཞན་ཞིག་གི་ལྷའི་རྟེན་བཅས་པ་ཞིག་ཏུ་བུ་བཙས་ནས་ཕྱིས་བདག་གི་ཡུལ་ཉིད་ན་འཁྲུག་པའང་ཞི། ལོའང་རབ་ཏུ་ལེགས་སོ་ཞེས་གཏམ་ཐོས་ནས་བུ་ཁུར་དུ་ཁྱེར་ཏེ་ཕྱིར་བདག་གི་ཡུལ་དུ་ཆས་སོ།། དེའི་བར་དུ་ཆུ་ཆེན་པོ་བྲུག་ནས། བུ་ཁུར་དུ་ཁྱེར་ཏེ་ཆུ་རྒལ་མ་ནུས་པས་དེ་འདི་སྙམ་དུ་སེམས་སོ། ། བདག་ཅག་མ་སྨད་གཉིས་ལྷན་ཅིག་ཚེ་འཕོས་ཀྱང་ཟའི། བུ་བོར་ཏེ་བདག་འབའ་ཞིག་ཆུ་བརྒལ་བར་མི་བྱ་སྙམ་བསམས་ནས། ཆུབརྒལ་བ་ལས་མ་སྨད་གཉིས་ཆུའི་ནང་དུ་ཤིའོ།། ཤི་མ་ཐག་ཏུ་མཐོ་རིས་ཀྱི་ལྷར་སྐྱེས་སོ།། དེའང་བུ་ལ་བྱམས་ཏེ་ཆུ་ལས་སྒྲོལ་བར་བསམས་པའི་ཕྱིར་རོ།། བུད་མེད་དེ་རང་བཞིན་ངན་ལ་གཏུམ་ཡང་བུ་ལ་བྱམས་པར་བསམས་པས་མཐོ་རིས་ཀྱི་ལྷར་སྐྱེས་སོ། ། རྩ་བ་བཞི་ཉམས་པ་དང་། མཚམས་མེད་པ་ལྔ་བྱེད་པ་དག་ཀྱང་། དམ་པའི་ཆོས་སྲུང་ཞིང་བསྐྱབས་པའི་སེམས་བསྐྱེད་པའང་དེ་དང་འདྲ་སྟེ། སྔར་མི་དགེ་བའི་ལས་བྱས་མོད་ཀྱི། ཆོས་བསྲུངས་པས་ན་འཇིག་རྟེན་ན་བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་དུ་འགྱུར་ཏེ། དེ་ལྟར་ན་ཆོས་སྲུང་ཞིང་སྐྱོབ་པ་དེ་ཚད་མེད་པའི་འབྲས་བུ་མཆོག་དང་ལྡན་ནོ། ། ཙུན་དས་ཡང་གསོལ་པ། བཅོམ་ལྡན་འདས་ལོག་སྲེད་ཅན་དག་ཤིན་ཏུ་འགྱོད་ཅིང་ངོ་ཚ་བ་དང་ལྡན་ལ། དཀོན་མཆོག་གསུམ་ལའང་བསྟི་སྟང་དང་བཅས་པས་མཆོད་པ་བགྱིད། བསྟོད་པ་བགྱིད་ན། དེ་ལ་སྦྱིན་པ་བྱིན་ན་འབྲས་བུ་ཆེན་པོ་འཐོབ་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་དེ་སྐད་ཅེས་མ་ཟེར་ཅིག། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཤིང་ཐོག་ཨ་འཐ་ཟོས་ནས་འབྲས་བུ་ས་ལ་བོར་རོ།། དེ་འདི་སྙམ་དུ་འབྲས་བུའི་ནང་ནའང་རོ་དང་རབ་ཡོད་དུ་ངེས་སོ་བསྙམ་བསམས་ནས། འབྲས་བུ་བཅག་སྔ་མྱངས་པ་དང་། ཤིན་ཏུ་ཁ་བར་གྱུར་པས་དེ་ལ་འགྱོད་པའི་སེམས་སྐྱེས་ཏེ། ཤིང་ཐོག་དེ་མཐར་མེད་ཀྱིས་དོགས་པས་འབྲས་བུ་བཅག་པ་ཕྱིསས་ལ་རྨོས་ནས། དེ་སྐྱེ་བར་འདོད་པའི་ཕྱིར་དུས་སུ་མར་དང་འོ་མ་ལ་སོགས་པ་བླུགས་ཏེ་ཤིན་ཏུ་ནན་ཏན་བྱས་ན། དེ་ཁྱེད་ཀྱི་ཡིད་ལ་ཇི་སྙམ་དེ་སྐྱེ་བར་འགྱུར་རན་གསོལ་པ། མ་ལགས་སོ།། བཅོམ་ལྡན་འདས་གལ་ཏེ་གནམ་ལས་བླ་ན་མེད་བའི་བདུད་རྩིའི་ཆར་བབ་ཀྱང་སྐྱེ་བར་མི་འགྱུར་རོ། ། རིགས་ཀྱི་བུ་ལོག་སྲེད་ཅན་དེའང་དེ་དང་འདྲ་ཏེ། དགེ་བའི་རྩ་བ་ཀུན་བསྲེགས་ན་ཁ་ན་མ་ཐོ་བའི་ལས་ཅི་ལ་བརྟེན་ཏེ་འབྱུང་བར་འགྱུར། རིགས་ཀྱི་བུ་གལ་ཏེ་དགེ་བའི་སེམས་སྐྱེས་ན་དེ་ནི་ལོག་སྲེད་ཅན་ཞེས་མི་བྱའོ། ། རིགས་ཀྱི་བུ་སྦྱིན་པ་བྱས་པ་ཐམས་ཅད་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་ཁྱད་པར་མེད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་རྣམས་ལ་སྦྱིན་པ་བྱས་པའི་འབྲས་བུ་རྣམ་པ་སྨིན་པ་དང་། རང་སངས་རྒྱས་ལ་སྦྱིན་པ་བྱིན་པའང་ཁྱད་པར་ཡོད་དེ། དེ་བཞིན་གཤེགས་པ་འབའ་ཞིག་ལ་སྦྱིན་པ་བྱིན་པ་ནི་བླ་ན་མེད་པའི་འབྲས་བུ་ཐོབ་པར་འགྱུར་ཏེ། དེ་བས་ན་སྦྱིན་པ་ཐམས་ཅད་ལ་ཁྱད་པར་མེད་པའང་མ་ཡིན་ནོ།། ཙུན་དས་ཡང་གསོལ་པ། ཅིའི་སླད་དུ་དེ་བཞིན་གཤེགས་པས་ཚིགས་སུ་བཅད་པ་འདི་སྐད་ཅེས་གསུངས། བཅོམ་ལྡན་འདས་ཀྱིས། ཙུན་ད་ལ་བཀའ་སྩལ་པ། ངས་ཚིགས་སུ་བཅད་པ་འདི་གསུངས་པ་ནི་རྒྱུ་དང་རྐྱེན་མེད་པ་མ་ཡིན་ཏེ། སྔོན་རྒྱལ་པོའི་ཁབ་འདི་ན་དགེ་བསྙེན་ཤིན་ཏུ་མ་དད་པ་ཞིག་མུ་སྟེགས་ཅན་གཅེར་བུ་པ་ལ་སྦྱིན་པ་བྱིན་ནས། ང་ལ་སྦྱིན་པའི་དོན་རྨིས་པས། དེའི་རྒྱུ་དང་རྐྱེན་གྱིས་ཚིགས་སུ་བཅད་པ་དེ་དག་ངས་སྨྲས་སོ།། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དགོངས་གསུངས་པའི་སྙིང་པོ་ཕྱིར་ཡང་གསུངས་སོ། ། ཚིགས་སུ་བཅད་པ་འདིའི་དོན་ཇི་ལྟ་བུ་ཞེ་ན། ཐམས་ཅད་ཅེས་བྱ་བའང་ཕྱོགས་གཅིག་གི་ཐམས་ཅད་ལ་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིའི་གཙོ་བོར་གྱུར་པའང་། ཚུལ་ཁྲིམས་སྲུང་བ་དག་ནི་ཡོངས་སུ་སྡུད་ཅིང་ཅི་དགོས་པ་སྦྱིན་པར་ཡང་བྱེད་དོ།། ཚུལ་ཁྲིམས་ངན་པ་ཅན་དག་ནི་ཞིང་གཤིན་པའི་ཡུག་པོ་འམ། ཁྲེ་རྒོད་ལྟར་ཡོངས་སུ་སྤོང་ངོ་།། གཞན་ཡང་རིགས་ཀྱི་བུ་ངས་སྔོན་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། འབབ་ཆུའི་ཆུ་ཀླུང་ཐམས་ཅད་ནི། ངེས་པར་གྱ་གྱུ་ཡོད་ཡང་དག། ནགས་ཚལ་གཏོགས་པ་ཐམས་ཅད་ནི།། ངེས་པར་ཤིན་ཏུ་གདོན་མི་ཟ།། བུད་མེད་སྨོས་པ་ཐམས་ཅད་ནི།། ཀུན་ཀྱང་གཙམ་སྒྱུ་ཡོད་དུ་ངེས།། དབང་དང་ལྡན་པ་ཐམས་ཅད་ནི། ། གདོན་མི་ཟ་བར་ལོངས་སྤྱོད་ལྡན།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་འདུག་པ་ལས་ལངས་ནས་ཐ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ།། འབབ་པའི་ཆུ་ཀླུང་ཐམས་ཅད་ནི་མངེས་པར་གྱ་རྒྱུ་མཆིས་མ་ལགས། ། ནགས་ཚལ་གཏོགས་པ་ཐམས་ཅད་ནི།། ངེས་པར་ཐམས་ཅད་ཤིང་མ་ལགས།། བུད་མེད་སྨོས་པ་ཐམས་ཅད་ནི།། ཐམས་ཅད་གསོ་སྒྱུ་མཆིས་མ་ལགས། ། དབང་དུ་གྱུར་པ་ཐམས་ཅད་ནི།། ཐམས་ཅད་ལོངས་སྤྱོད་ལྡན་མ་ལགས།། དེ་བས་ན་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འདི་ནི་ལྷག་མ་དང་བཅས་པ་ལགས་ན། གདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། དེའི་རྒྱུ་དང་རྐྱེན་བསྟན་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། གླིང་ནུབ་ཀྱི་བ་ལང་སྤྱོད་ཅེས་བྱ་བ་ན། ཆུ་ཀླུང་ས་པ་ཡ་ཞེས་བགྱི་བ་ཞིག་མཆིས་ཏེ། ཐིག་དག་པོ་ལྟར་ནུབ་ཀྱི་རྒྱ་མཚོར་འབབ་བོ།། ཆུ་ཀླུང་དེའི་མཚན་ཉིད་མདོ་སྡེ་གཞན་དག་ལས་ཀྱང་བཅོམ་ལྡན་འདས་ཀྱིས་མ་གསུངས་ན། དེ་བཞིན་གཤེགས་པས་ཤིན་ཏུ་རྒྱས་པའི་མདོ་སྡེ་འདི་ལས་ལྷག་མ་མཆིས་པར་གསུངས་པ་འདི། བྱང་ཆུབ་སེམས་དཔའ་རྣམས་ཀྱང་དོན་འདི་དག་རྟོགས་པར་མཛད་དུ་གསོལ། བཅོམ་ལྡན་འདས་དཔེར་ན་མི་ལ་ལ་ཞིག་སྔར་གསེར་རྡོ། ངོམ་ཤེས་ལ། གསེར་ཉིད་མི་ཤེས་པ་དང་མཚུངས་ཏེ། དེ་བཞིན་གཤེགས་པའང་འདི་དང་འདྲ་བར། ཆོས་ཐམས་ཅད་ཐུགས་སུ་ཆུད་ཀྱང་བསྟན་ཅིང་གསུངས་པ་ནི་མཁས་པའི་ལྷག་མ་དང་བཅས་སོ།། དེ་བཞིན་གཤེགས་པས་དེ་ལྷག་མ་དང་བཅས་པ་གསུངས་མོད་ཀྱི། དེའང་ཐབས་དང་སྦྱར་ཏེ་དགོངས་ནས་གསུངས་པར་འཚལ་ཏོ།། ནགས་ཚལ་ཐམས་ཅད་ངེས་པར་ཤིང་ངོ་ཞེས་བགྱི་བའང་ལྷག་མ་དང་བཅས་སོ། ། དེ་ཅིའི་སླད་དུ་ཞེ་ན། གསེར་དང་། བཻ་ཌཱུན་ལ་སོགས་པ་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་ནགས་ལའང་ཚལ་ཞེས་བགྱིའོ།། བུད་མེད་ཐམས་ཅད་ངེས་པར་གཡོ་སྒྱུ་ཅན་ནོ། ཞེས་བགྱི་བའང་ལྷག་མ་དང་བཅས་སོ།། དེ་ཅིའི་སླད་དུ་ཞེ་ན། བུད་མེད་ཁ་ཅིག་ཚུལ་ཁྲིམས་ཡོངས་སུ་སྲུང་ཞིང་ཡོན་ཏན་དང་ལྡན་པ། བྱམས་པ་དང་སྙིང་རྗེར་ལྡན་པའང་མཆིས་སོ།། དབང་དང་བཅས་པ་ཐམས་ཅད་ལོངས་སྤྱོད་དང་ལྡན་ནོ་ཞེས་བགྱི་བའང་ལྷག་མ་དང་བཅས་སོ། ། དེ་ཅིའི་སླད་དུ་ཞེ་ན། དབང་དང་བཅས་པ་འཁོར་ལོས་སྒྱུར་བ་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོ་ནི་འཆི་བདག་གི་བདུད་ཀྱི་རིས་སུ་གཏོགས་ཏེ་མེད་པར་བྱེད་མི་ནུས་སོ། ། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ནི་དབང་དང་བཅས་མོད་ཀྱི། མི་རྟག་པ་ལགས་སོ།། གང་རྟག་པ་མི་འགྱུར་མི་འཕོ་བ་ནི་དབང་དང་བཅས་པ་ཞེས་བགྱི་སྟེ། དེའང་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་འདི་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ནི་ཤིན་ཏུ་སྨྲ་བའི་སྤོབས་པ་དང་ལྡན་ཏེ། འོན་ཀྱང་སྐད་ཅིག་སྡོད་ལ་བརྟན་པོར་ཉོན་ཅིག། འཇམ་དཔལ་དཔེར་ན་ཁྱིམ་བདག་ནད་ཀྱིས་གཟིར་ཏེ། ཤིན་ཏུ་ཉམ་ཆུང་བ་ཞིག་སྨན་པ་མཁས་པ་དང་ཕྲད་ནས། སྨན་པ་དེས་སྨན་ཨ་ཀས་སྦྱར་ཏེ། ནད་པ་དེ་བརྐམ་པ་ཞིག་སྟེ། མང་དུ་ཟ་འདོད་ན་དེ་ལ་སྨན་པ་འདི་སྐད་ཅེས་ཟེར་རོ། ། ནད་པ་ཁྱོད་སྨན་ཞུན་ནི་མང་དུའང་གཏང་བ་ཞིག་ན། ཁྱོད་ཉམ་ཆུང་ཞིང་རིད་དེ་མི་འཇུ་བས་མང་དུ་གཏང་དུ་མི་རུང་ངོ་།། དེ་བས་ན་སྨན་ཨ་གས་འདི་ནི་བདུད་རྩི་ཞེས་ཀྱང་བྱ་ལ། དུག་ཅེས་ཀྱང་བྱའོ།། གལ་ཏེ་མང་དུ་འཐུངས་ཏེ་མཞུན་དུག་ཅེས་བྱའོ།། རིགས་ཀྱི་བུ་ཁྱོད་སྨན་པ་མཁས་པ་དེས་སྨྲས་པ་དེ་ལ་དོན་འགལ་ཞིང་ནོར་བ་འམ། སྨན་གྱི་མཐུ་མེད་པར་གྱུར་ཏོ་སྙམ་དུ་མ་སེམས་ཤིག། རིགས་ཀྱི་བུ་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། རྒྱལ་པོ་དང་། བཙུན་མོ་དང་། རྒྱལ་བུ་དང་། བློན་པོ་ཆེན་པོ་རྣམས་དང་། རྒྱལ་པོ་རབ་ཏུ་སྡེ་འཕམ་བྱེད་དང་རྒྱལ་བུ་དང་། བཙུན་མོ་དང་། ཕོ་བྲང་གི་སླས་ང་རྒྱལ་ཅན་དག་གི་དབང་དུ་བྱས་ཏེ། དེ་དག་གདུལ་བའི་ཕྱིར། དེ་དག་འཇིགས་ཤིང་སྐྲག་པར་བྱ་བའི་ཕྱིར། སྨན་པ་མཁས་པ་དེ་དང་འདྲ་བར་ཚོགས་སུ་བཅད་པ་འདི་དག་གསུངས་སོ། ། འབབ་པའི་ཆུ་ཀླུང་ཐམས་ཅད་ནི།། ངེས་པར་གྱ་གྱུ་ཡོད་ཡང་དག། ནགས་ཚལ་གཏོགས་པ་ཐམས་ཅད་ནི།། ངེས་པར་ཤིན་ཏུ་གདོན་མི་ཟ།། བུད་མེད་སྨོས་པ་ཐམས་ཅད་ནི། ། ཀུན་ཀྱང་གཅམ་སྒྱུ་ཡོད་དུ་ངེས།། དབང་དང་ལྡན་པ་ཐམས་ཅད་ནི།། གདོན་མི་ཟ་བར་ལོངས་སྤྱོད་ལྡན།། འཇམ་དཔལ་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། དེ་བཞིན་གཤེགས་པས་གསུངས་པ་ལ་ནི་འཁྲུལ་པ་མེད་དོ། ། ས་ཆེན་པོ་འདི་འགྱུར་ཞིང་ལྡོག་ཀྱང་སྲིད་ཀྱི། དེ་བཞིན་གཤེགས་པས་གསུང་བ་ལ་འཁྲུལ་པ་མེད་དོ།། དེ་བས་ན་དེ་བཞིན་གཤེགས་པས་གསུངས་པ་ཐམས་ཅད་ལྷག་མ་དང་བཅས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་གཞོན་ནུ་ལ་ཤིན་ཏུ་ལེགས་སོ།། ཤིན་ཏུ་ལེགས་སོ་ཞེས་བསྟོད་དེ། རིགས་ཀྱི་བུ་ཁྱོད་ནི་ཡུན་རིང་པོ་ནས་དོན་འདི་རབ་ཏུ་རྟོགས་པས་ཐམས་ཅད་ལ་སྙིང་བརྩེ་བ་དང་། སེམས་ཅན་ཐམས་ཅད་ཡེ་ཤེས་སུ་འགྱུར་བར་བྱ་བའི་བྱོར། དེ་བཞིན་གཤེགས་པ་ལ་ཚིགས་སུ་བཅ་པའི་དོན་འདི་རྒྱས་པར་དྲིས་པ་ལེགས་སོ། ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཡང་སངས་རྒྱས་ཀྱི་སྤྱན་སྔར་ཚིགས་སུ་བཅད་དེ་གསོལ་པ།། ཕ་རོལ་གཞན་གྱིས་སྨྲས་པ་ལ།། རྗེས་སུ་གཞོལ་གྱི་ཕྱིར་མི་ལྡོག། གཞན་གྱིས་བྱས་དང་མ་བྱས་པ།། དེ་ལ་བརྟག་པར་མི་བྱའོ།། བདག་ལ་ཤིན་ཏུ་བརྟག་པ་ནི།། དགེ་དང་མི་དགེ་གང་སྤྱོད་པ།། བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་པའི་ཆོས་ཀྱི་སྨན་ཏེ་ནི་ཡང་དག་པར་གསུངས་པ་མ་ལགས། ཕ་རོལ་པོ་གཞན་གྱིས་སྨྲ་བའི་རྗེས་སུ་གཞོལ་ཞིང་འགལ་བར་མི་བགྱིད་པ། དེ་བཞིན་གཤེགས་པས་ཐུགས་བརྩེ་བའི་སླད་དུ་ཡང་དག་པར་བསྟན་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་རྣམ་པ་དུ་མ་ལས་སློབ་པ་ཕྱི་རོལ་པ་རྣམ་པ་དགུ་བཅུ་རྩ་ལྔ་པོ་ཐམས་ཅད་ངན་སོང་དུ་འགྲོའོ་ཞེས་གསུངས་ལ། ཉན་ཐོས་ཀྱི་ཉེ་གནས་རྣམས་ནི་ཐམས་ཅད་ཡང་དག་པའི་ལམ་དུ་འགྲོའོ་ཞེས་གསུངས་ཏེ། གང་ཚུལ་ཁྲིམས་ཡོངས་སུ་སྲུང་ཞིང་། སྤྱོད་ལམ་ཤིན་ཏུ་སྡོམ་པ་དབང་པོ་རྣམས་སྲུང་བའི་གང་ཟག་དེ་ནི་ཆོས་ཆེན་པོ་ལ་ཤིན་ཏུ་མོས་ཤིང་། དགེ་བའི་ལམ་ལ་ཕྱོགས་པབའང་ལགས་ན། བཅོམ་ལྡན་འདས་ཀྱིས་ཅིའི་སླད་དུ། མདོ་སྡེ་དགུ་པོ་ལས་ཕ་རོལ་པོ་གཞན་ལ་སྨོད་ན་རྣམ་པར་སྨད་ཅིང་སྤྱོ་བར་བྱའོ།། ཚིགས་སུ་བཅད་པའི་དོན་འདི་ཅི་ལས་དགོངས་ཏེ་གསུངས། བཅོམ་ལྡན་འདས་ཀྱིས། འཇམ་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ངས་ཚིགས་སུ་བཅད་དེ་གསུངས་པ་འདིའང་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ནི་མ་ཡིན་གྱི། དེའི་ཚེ་ན་རྒྱལ་པོ་མ་སྐྱེས་དགྲ་འབའ་ཞིག་གི་ཕྱིར། གསུངས་ཏེ། སངས་རྒྱས་བཅོམ་ལྡན་འདས་ནི་རྒྱུ་དང་རྐྱེན་མེད་པར་བཟློག་ཏེ་གསུངས་པའི་ཆོས་མེད་དོ།། རྒྱུ་དང་རྐྱེན་ཡོད་པས་ན་དེ་སྐད་ཅེས་གསུངས་པ་ཡིན་ནོ།། རིགས་ཀྱི་བུ་རྒྱལ་པོ་མ་སྐྱེས་དགྲ་བསད་ནས། ང་ཀང་ན་བ་དེར་འོངས་ནས་གདུལ་བར་འདོད་པའི་ཕྱིར་ང་ལ་འདི་སྐད་ཅེས་དྲིས་སོ།། ཇི་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཞེས་བགྱི་བ་དེ་ནི་ཐམས་ཅད་མཁྱེན་པ་མ་ལགས་སོ། ། ཅི་སྟེ་ཐམས་ཅད་མཁྱེན་པ་ལགས་ན། ལྷ་སྦྱིན་ལྟ་བུ་སྔོན་སྐྱེ་བ་གྲངས་མེད་པའི་བར་དུ་ངན་སེམས་ཀྱིས་དེ་བཞིན་གཤེགས་པ་ལ་གནོད་པ་བགྱིད་པ་ལགས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པས་རབ་ཏུ་འབྱུང་བར་གནང་ཞེས་དྲིས་ནས། རིགས་ཀྱི་བུ་དེའི་རྒྱུ་དེའི་རྐྱེན་གྱིས་རྒྱལ་པོ་དེའི་ཕྱིར་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ།། ཕ་རོལ་གཞན་གྱིས་སྨྲ་བ་ལ།། རྗེས་སུ་གཞོལ་གྱི་ཕྱིར་མི་ལྡོག་གཞན་གྱིས་བྱས་དང་མ་བྱས་པ། ། དེ་ལ་བརྟག་པར་མི་བྱའོ།། བདག་གི་ལུས་ལ་ཤིན་ཏུ་བརྟག། དགེ་དང་མི་དགེ་གང་སྤྱོད་པ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་པ་བསད་པའི་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་བྱས་ཀྱིས། ཤིན་དུ་འགྱོད་ཅིང་འཐོལ་ལ་ཡོངས་སུ་དག་པར་འགྱུར་བར་མི་བྱ་བར། ཅིའི་ཕྱིར་གཞན་གྱི་ཉེས་པའི་སྐྱོན་ཚོལ་བ་ལ་ཞུགས་ཞེས། རིགས་ཀྱི་བུངས་རྒྱལ་པོ་དེའི་ཕྱིར་དེ་བས་ན་ཚིགས་སུ་བཅད་པ་དེ་དག་གསུངས་པ་ཡིན་ནོ། ། གཞན་ཡང་རིགས་ཀྱི་བུ་གང་ཚུལ་ཁྲིམས་ཡོངས་སུ་སྲུང་ཞིང་། སྤྱོད་ལམ་དང་ལྡན་པ་དག་གཞན་གྱི་སྐྱོན་ཚོལ་བ་ལ་ཞུགས་པ་རྣམས་ཀྱི་ཕྱིར་ཡང་ཚིགས་སུ་བཅད་པ་དེ་སྐད་ཅེས་གསུངས་པ་ཡིན་ནོ། ། གང་ཟག་སུ་ཞིག་ཕ་རོལ་པོས་བསྟན་ཅིང་འཆོས་པའི་རྗེས་སུ་མི་དགེ་བ་ཡོངས་སུ་སྤོང་སྟེ། གཞན་དག་ཀྱང་མི་དགེ་བའི་ལས་ཟློག་པར་བྱེད་ན། དེ་ནི་ངའི་ཉེ་གནས་ཡང་དག་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། མཚོན་ཆས་མི་འཇིགས་གང་ཡང་མེད། ། འཚོ་བའི་སྲོག་ལ་ཐམས་ཅད་ཆགས།། བདག་གི་ལུས་དཔེ་བླངས་ཏེ།། གཞན་ལ་མ་འཚོག་མ་གསོད་ཅིག། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚིགས་སུ་བཅད་དེ་གསོལ་པ། ཐམས་ཅད་མཚོན་ཆས་འཇིགས་པ་མིན།། སྲོག་ལ་ཐམས་ཅད་ཆགས་མ་ལགས།། བདག་གི་ལུས་ལ་དཔེ་བླངས་ཏེ།། དགེ་བར་སྤྱོད་ལ་བརྩོན་པར་བྱར། ། དེ་བཞིན་གཤེགས་པས་ཆོས་ཀྱི་ཚིག་གི་དོན་གསུངས་པ་འདིའངབས་པའི་མཐར་ཕྱིན་པ་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། དགྲ་བཅོམ་པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུད་མེད་རིན་པོ་ཆེ་དང་། བལ་གླང་དང་། རྟ་དང་། བློན་པོ་རིན་པོ་ཆེ་ནི་ཀ་ནམ་གྱི་ལྷ་འམ། ལྷ་མ་ཡིན་གྱི་མཚོན་རྣོན་པོ་ཐོགས་ཀྱང་གསོད་ནུས་པའི་གནས་མེད་དོ།། སྐྱེས་བུ་དཔའ་ངོ་བོ་དང་། བུད་མེད་ཆུ་གང་ཅན་དང་། རྟའི་རྒྱལ་པོ་དང་། གཅན་གཟན་གྱི་རྒྱལ་པོ་དང་། དགེ་སློང་ཚུལ་ཁྲིམས་སྲུང་བ་ནི་གཉེན་པོ་མངོན་དུ་སྣང་ཡང་མི་འཇིགས་མི་སྐྲག་པས། དེ་བས་ན་དེ་བཞིན་གཤེགས་པས་ཚིགས་སུ་བཅད་དེ་གསྲུངས་པ་འདིའང་ལྷག་མ་དང་བཅས་སོ། ། བདག་གི་ལུས་ལ་དཔེ་བླང་ངོ་ཞེས་བགྱི་བའང་ལྷག་མ་དང་བཅས་པ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། ཅི་སྟེ་དགྲ་བཅོམ་པ་དག་བདག་ལ་གཞན་གྱི་དཔེ་ལེན་ན། བདག་ཏུ་འདུ་ཤེས་པ་དང་། སྲོག་ཏུ་འདུ་ཤེས་པ་ཡོད་པར་འགྱུར་རོ།། བདག་ཏུ་འདུ་ཤེས་པ་དང་། སྲོག་ཏུ་འདུ་ཤེས་པ་ཡོད་ན་བསྲུངས་པར་འགྱུར་ཏེ། བྱིས་པ་མ་རབས་དག་གིས་ཀྱང་དགྲ་བཅོམ་པ་འཐོབ་པར་འགྱུར་ཏེ། ཐམས་ཅད་རྣལ་འབྱོར་ཅན་དུ་འགྱུར་རོ།། ཅི་སྟེ་དེ་ལྟ་བུ་ལགས་ན་ངན་པར་ལྟ་བ་ལགས་སོ།། གལ་ཏེ་ངན་པར་ལྟ་བ་ལགས་ན། ཚེ་འཕོས་མ་ཐག་ཏུ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ།། གཞན་ཡང་དགྲ་བཅོམ་པ་དག་ནི་སེམས་ཅན་ལ་གསོད་པའི་སེམས་གལ་ཏེ་ཡང་སྐྱེ་བའི་གནས་མ་མཆིས་སོ། ། སེམས་ཅན་ཚད་མེད་པ་དག་ཀྱང་དགྲ་བཅོམ་པ་ལ་གསོད་ནུས་པ་མ་མཆིས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བདག་ཏུ་འདུ་ཤེས་ཞེས་བྱ་བ་ནི། སེམས་ཅ་ལ་སྙིང་རྗེ་ཆེན་པོའི་སེམས་སྐྱེས་ཏེ། བསོད་པའི་འདུ་ཤེས་མེད་པ་ནི་དགྲ་བཅོམ་པ་དག་གི་སེམས་མཉམ་པ་ཉིད་དོ།། བཅོམ་ལྡན་འདས་ལ་རྒྱུ་དང་རྐྱེན་མེད་པར་འགལ་བར་གསུངས་པ་ཡོད་དོ་སྙམ་སེམ་ཤིག་སྔོན་རྒྱལ་པོའི་ཁབ་འདི་ན་རྔོན་པ་ཆེན་པོ་ཞིག་རི་དགས་མང་དུ་བསད་ནས། ང་ལ་ཤ་བོ་ཞིག་ཅེས་སྤྱན་དྲངས་སོ།། ངས་དེའི་ཚེ་གསོལ་པར་གནང་མོད་ཀྱི་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་འཛིན་ལྟར་ཤིན་དུ་བྱམས་པའི་སེམས་ཉེ་བར་གཞག་ནས་ཚིགས་སུ་བཅད་པ་འདི་སྐད་གསུངས་སོ། ། ཁྱོད་ནི་ཤིན་ཏུ་ཚེ་རིང་ཤོག། འཇིག་རྟེན་འདིར་ཡང་རིང་དུ་འདུག། མི་གསོད་པ་ཡི་ཆོས་འཛིན་ཅིང་།། སངས་རྒྱས་ཚེ་དང་འདྲ་བར་ཤོག། ཚིགས་སུ་བཅད་པ་འདི་ཡང་སྨྲས།། མཚོན་ཆས་མི་འཇིགས་གང་ཡང་མེད།། འཚོ་བའི་སྲོག་ལ་ཐམས་ཅད་ཆགས། ། བདག་གི་ལུས་ལ་དཔེ་བླངས་ཏེ།། བཙོག་དང་གསོད་པ་མ་བྱེད་ཅིག། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་གཞོན་ནུ་ལ་ཤིན་ཏུ་ལེགས་སོ།། ཤིན་དུ་ལེགས་སོ། ཞེས་བྱ་བ་བྱིན་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕྱིར། དེ་བཞིན་གཤེགས་པ་ལ་དོན་ཤིན་ཏུ་ཟབ་མོ་འདི་ལྟ་བུ་དྲིས་པ་ལེགས་སོ་ཞེས་བྱ་བ་བྱིན་ནོ།། དེ་ནས་འཇམ་དཔལ་གྱིས་ཚིགས་སུ་བཅད་དེ་གསོལ་པ། ཇི་ལྟར་ཤིན་དུ་ཕ་མ་ལ། བསྟི་སྟང་བཅས་པས་རྗེས་སུ་གཞོལ།། ཇི་ལྟར་ཉམས་སུ་བླངས་པ་དག། མཚམས་མེད་སེམས་ཅན་དམྱལ་བར་ལྟུང་།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ། འཇམ་དཔལ་ལ་བཀའ་སྩལ་པ། འདོད་ཆགས་པ་ནི་མ་ཞེས་བྱ།། མ་རིག་པ་ནི་ཕ་ཡིན་ནོ།། བསྟི་སྟང་བཅས་པས་རྗེས་འཇུག་ན།། མཚམས་མེད་སེམས་ཅན་དམྱལ་བར་ལྟུང་། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཐམས་ཅད་གཞན་གྱིས་དབང་སྒྱུར་ན།། དེ་ནི་སྡུག་བསྔལ་བ་ཞེས་བྱ།། ཐམས་ཅད་བདག་གིས་དབང་སྒྱུར་ན།། དེ་ནི་དབང་དང་བདེ་བར་ལྡན།། ང་རྒྱལ་དྲེགས་པ་ཐམས་ཅད་ནི།། མཐུ་དང་ལྡན་པས་ཁྲོ་གདུམ་ཆེ།། དགེ་ཞིང་ངེས་པ་ཐམས་ཅད་ནི།། ཀུན་ལ་བྱམས་ཏེ་སྙིང་རྗེར་ལྡན། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པས། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པས་གསུངས་པ་འདིའིའང་བས་པའི་མཐར་ཕྱིན་པ་ལགས་སོ། ། བཅོམ་ལྡན་འདས་ཐུགས་བརྩེ་བའི་སླད་དུ་དེའི་རྒྱུ་དང་རྐྱེན་བསྟན་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། དཔེར་ན་ཁྱིམ་བདག་གི་བུ་དག་སློབ་དཔོན་ལ་སློབ་པའི་ཚེ་ན། སློབ་དཔོན་གྱི་དབང་དུ་གྱུར་པ་མ་ལགས་སམ། གལ་ཏེ་སློབ་དཔོན་གྱི་དབང་དུ་འགྱུར་ནའང་སློབ་པའི་དོན་མི་འགྲུབ་ལ། སློབ་དཔོན་གྱི་དབང་དུམ་གྱུར་ནའང་མི་འགྲུབ། བདག་གི་དབང་དུ་འགྱུར་ན་སློབ་པའང་མི་འགྲུབ་སྟེ། དེ་བས་ན་དེ་བཞིན་གཤེགས་པས་གསུངས་པ་ནི་ལྷག་མ་དང་བཅས་པ་ལགས་སོ།། བཅོམ་ལྡན་འདས་གཞན་ཡང་འདི་ལྟ་སྟེ། དཔེར་ན་རྒྱལ་བུ་ཅིའང་མི་སློབ་པ་ཅིའང་མི་ཤེས་པ་དག་བདག་གི་དབང་དུ་འགྱུར་བ་ལགས་མོད་ཀྱི། གླེན་ཞིང་མི་ཤེས་པས་རྟག་ཏུ་སྡུག་བསྔལ་ལོ།། དེ་ལྟར་ན་རྒྱལ་བུ་དེ་ནི་དེ་དག་གི་དབང་དུ་འགྱུར་ཞེས་བགྱིར་ཡང་གྲུབ་པའི་དོན་མ་མཆིས་ལ། གཞན་གྱི་དབང་དུ་འགྱུར་ཞེས་བགྱིར་ཡང་གྲུབ་པའི་དོན་མ་མཆིས་པས། དེ་བས་ན་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འདི་ནི་ལྷག་མ་དང་བཅས་པ་ལགས་པས། དེ་བས་ན་ཐམས་ཅད་གཞན་གྱི་དབང་དུ་འགྱུར་བ་ལའང་ངེས་པར་སྡུག་བསྔལ་ཞེས་བགྱིར་མི་རུང་ལ། ཐམས་ཅད་བདག་གི་དབང་དུ་འགྱུར་བ་ལའང་ངེས་པར་བདེ་བ་ཞེས་བགྱིར་མི་རུང་ངོ་།། ང་རྒྱལ་གྱིས་དྲེགས་པ་ཐམ་ཅད་ཀྱང་ཁྲོ་གཏུམ་ཅན་ནོ་ཞེས་བགྱི་བའང་ལྷག་མ་དང་བཅས་སོ། ། བཅོམ་ལྡན་འདས་དཔེར་ན་བུད་མེད་ཆུ་ཀང་ཅན་དག་ང་རྒྱལ་གྱི་དབང་གིས་རབ་ཏུ་བྱུང་སྟེ་སློབ་པ་ལ་ཞུགས་ན། ཚུལ་ཁྲིམས་ཡོངས་སུ་སྲུང་ཞིང་། སྤྱོད་ལམ་ཤིན་དུ་སྡོམ་སྟེ། དབང་པོ་མི་གཡེང་བར་ནན་ཏན་བགྱིད་དོ།། དེ་བས་ན་ང་རྒྱལ་གྱི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ངེས་པར་ཁྲོ་གདུམ་པའོ་ཞེས་བགྱིར་མི་རུང་ངོ་།། དེས་ཤིང་དགེ་བ་ཐམས་ཅད་ཀྱང་བྱམས་པ་དང་སྙིང་རྗེར་ལྡན་ནོ་ཞེས་བགྱི་བའང་ལྷག་མ་དང་བཅས་པ་ལགས་སོ། ། དཔེར་ན་མི་ཞིག་ཕས་ཕམ་པ་ཞིག་བྱུང་ཡང་ཆོས་གོས་མ་སྤངས། ཕྱི་རོལ་གྱི་སྤྱོད་ལམ་ཤིན་ཏུ་སྡོམ་ཡང་ཆོས་སྲུང་བ་དག་མཐོང་ན་མི་འདོད་དེ་སྤོང་ངོ་། ། དེ་ཚེ་འཕོས་ནས་ཀྱང་སེམས་ཅན་དམྱལ་བར་ལྟུང་ངོ་།། གལ་ཏེ་དགེ་སློང་ཞིག་པས་ཕམ་པ་བྱུང་ན་ཆོས་སྲུང་བ་དེ་དག་གིས་སྐྲོད་པར་བྱེད་དེ་ཁྱིམ་པར་འབེབླ། སོ།། དེ་བས་ན་ངེས་ཤིང་དགེ་བ་ཐམས་ཅད་ལ་ངེས་པར་བྱམས་པ་དང་ལྡན་ནོ་ཞེས་བགྱིར་མི་རུང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་ལ་བཀའ་སྩལ་པ། རྒྱུ་དང་རྐྱེན་ཡོད་པའི་ཕྱིར་དེ་བཞིན་གཤེགས་པས་འདི་ལྟར་ལྷག་མ་དང་བཅས་པའི་དོན་གསུངས་སོ། ། གཞན་ཡང་བཅོམ་ལྡན་འདས་ནི་རྒྱུ་དང་རྐྱེན་ཡོད་པའི་ཕྱིར་འདི་སྐད་ཅེས་གསུངས་པ་ཡིན་ནོ།། རྒྱལ་པོའི་ཁབ་འདིར་བུད་མེད་ཤིན་ཏུ་བཟང་མོ་ཞེས་བྱ་བ་ཞིག་པ་མའི་ཁྱིམ་དུ་འགྲོ་བའི་ལམ་ཡོགས་སུ་ང་ཀང་ན་བར་འོངས་ནས། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་གསོལ་ནས། འདི་སྐད་ཅེས་སྨྲས་སོ།། ། བུད་མེད་ཐམས་ཅད་ནི་མཐུ་མེད་པ་དབང་མེད་པ་ཡིན་ནོ།། སྐྱེས་པ་ཐམས་ཅད་ནི་དབང་ལ་ཐོགས་པ་མེད་པ་ཡིན་ནོ་ཞེས་སྨྲས་པས། དེའི་ཚེ་ན་བུད་མེད་དེའི་བསམ་པ་ཐུགས་སུ་ཆུད་ནས། དེའི་ཕྱིར་ཚིགས་སུ་བཅད་པ་འདི་དག་སྨྲས་པ་ཡིན་ནོ། ། འཇམ་དཔལ་ལེགས་སོ་ལེགས་སོ།། ཁྱོད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཕྱིར། དེ་བཞིན་གཤེགས་པ་ལ་དེ་ལྟ་བུའི་དོན་དྲིས་པ་ལེགས་སོ།། ། དེ་ནས་འཇམ་དཔལ་གྱིས་ཚིགས་སུ་བཅད་དེ་གསོལ་པ། སེམས་ཅན་སྐྱེ་དགུ་ཐམས་ཅད་ནི།། ཀུན་ཀྱང་ཟས་དང་སྐོམ་ལ་བརྟེན།། མཐུ་དང་ལྡན་པ་ཐམས་ཅད་ནི།། དེ་ཡི་སེམས་ལ་ཕྲག་དོག་མེད། ཐམས་ཅད་ཟས་དང་སྐོམ་གྱི་རྐྱེན།། ནད་ཀྱི་སྡུག་བསྔལ་མྱོང་བར་འགྱུར།། སྤྱོད་པ་རྣམ་པར་དག་པ་ནི།། རབ་ཏུ་བདེ་བ་མྱོང་བར་འགྱུར།། དེ་བས་ན་བཅོམ་ལྡན་འདས། ཙུན་དའི་བསོད་སྙོམས་དང་མཆོད་པ་བཞེས་པ་འདི། དེ་བཞིན་གཤེགས་པ་ལ་བསྙེངས་པ་མ་མངའ་འམ། དེ་ལ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ། འཇམ་དཔལ་ལ་བཀའ་སྩལ་པ། སེམས་ཅན་སྐྱེ་དགུ་ཐམས་ཅད་ནི། ། ཟས་དང་སྐོམ་ལ་ལྟོས་མ་ཡིན།། མཐུ་དང་ལྡན་པ་ཐམས་ཅད་ཀྱང་།། ཕྲག་དོག་སེམས་ནི་མེད་མ་ཡིན།། ཐམས་ཅད་ཟས་ཀྱི་རྐྱེན་དབང་གིས།། ནད་ཀྱིས་གཟེར་བར་གྱུར་མ་ཡིན།། སྤྱོད་པ་དག་པ་ཐམས་ཅད་ཀྱང་།། ཐམས་ཅད་བདེ་བ་མྱོང་མ་ཡིན།། འཇམ་དཔལ་ཅི་སྟེ་ཁྱོད་ན་བར་གྱུར་ན།། དེ་བཞིན་དུ་ངའང་ན་བར་འགྱུར་བའི་རིགས་སོ།། ། དེ་ཅིའི་ཕྱིར་ཞེ་ན། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ནི་ཡང་དག་པར་ན་ཅིའང་ཟབ་མེད་དེ། ཕ་རོལ་གདུལ་བའི་ཕྱིར་སོ་སོའི་སྐྱེ་བོ་ཚད་མེད་པ་དག་གི་སྦྱིན་པ་བླངས་པར་བསྟན་ཏེ། དེའང་དེ་དག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ལས་བསྒྲལ་པའི་ཕྱིར་རོ།། དེ་ལ་གང་ཞིག་འདི་སྙམ་དུ། དེ་བཞིན་གཤེགས་པའང་ལོ་དྲུག་གི་བར་དུ་ཤིན་ཏུ་སྤྱོད་དཀའ་བ་སྤྱད་དེ། སྐུའང་ཤིན་ཏུ་ཉམ་ཆུང་བར་གྱུར་ཏོ་སྙམ་སེམས་ན། དེ་ནི་གནས་མ་ཡིན་ནོ།། སངས་རྒྱས་བཅོམ་ལྡན་འདས་ནི་སྲིད་པ་ལས་རྣམ་པར་གྲོལ་བས། བུས་པ་མ་རབས་དང་མི་འདྲ་བ་ཡིན་ན། ཅིའི་ཕྱིར་སྐུ་ཉམ་ཆུང་ཞིང་འདི་བར་གྱུར། སངས་རྒྱས་བཅོམ་ལྡན་འདས་ནི་ཤིན་དུ་བརྩོན་འགྲུས་སུ་ནན་ཏན་བྱས་པས། རྡོ་རྗེ་ལྟ་བུའི་སྐུ་ཐོབ་པར་འགྱུར་ཏེ། འཇིག་རྟེན་དང་བཅས་པའི་ལུས་སྐྱོན་ཡོད་པ་ལྟ་བུ་དང་འདྲ་བ་མ་ཡིན་ཏེ། ངའི་ཉེ་གནས་རྣམས་ཀྱང་དེ་དང་འདྲ་བར་བསམ་གྱིས་མི་ཁྱབ་པས་ཟས་ལ་བརྟེན་པ་མ་ཡིན་ནོ།། མཐུ་ཆེ་བ་ཐམས་ཅད་ཕྲག་དོག་མེད་དོ་ཞེས་བྱ་བའང་ལྷག་མ་དང་བཅས་སོ།། དཔེར་ན་འཇིག་རྟེན་ན་མི་ཁ་ཅིག་ཚེ་གཅིག་ཏུ་ཕྲག་དོག་གི་སེམས་ཀྱང་མེད་ལ་མཐུ་མེད་པའང་ཡོད་དོ། ། ནད་ཐམས་ཅད་ཟས་ལས་འགྱུར་ཞེས་བྱ་བའང་ལྷག་མ་དང་བཅས་སོ།། མི་ཁ་ཅིག་ནི་གློ་བུར་གྱི་ནད་བག་མ་བྱས་པ་ལས་འགྱུར་བའང་ཡོད་དོ། ། འདི་ལྟ་སྟེ། དེ་ནི་ཚེར་མ་ཟུག་པ་དང་། མཚོན་ཆས་ཕོག་པ་ལ་སོགས་པའོ།། སྤྱོད་པ་རྣམ་པར་དག་པ་ཐམས་ཅད་བདེ་བ་མྱོང་ངོ་ཞེས་བྱ་བའང་ལྷག་མ་དང་བཅས་པའོ། ། འཇིག་རྟེན་ན་མུ་སྟེགས་དག་ཚངས་པར་ཡོངས་སུ་དག་པར་སྤྱོད་མོད་ཀྱི། སྡུག་བསྔལ་མང་དུ་མྱོང་བའང་ཡོད་དོ།། དེ་བས་ན་དེ་བཞིན་གཤེགས་པས་གསུངས་པ་ཐམས་ཅད་ཀྱང་ལྷག་མ་དང་བཅས་ཏེ། དེ་ནི་དེ་བཞིན་གཤེགས་པས་རྒྱུ་དང་རྐྱེན་མེད་བཞིན་དུ་ཚིགས་སུ་བཅད་པ་འདི་སྨྲས་པ་མ་ཡིན་གྱི། རྒྱུ་ཡོད་རྐྱེན་ཡོད་པས་གསུངས་སོ།། སྔོན་ཡུལ་ཧུ་ད་ཡ་ན་འདིར་བྲམ་ཟེར་སྐྱེས་ཡོན་ཏན་ཞེས་བྱ་བ་གང་ན་བ་དེར་འོངས་ནས། དུས་བརྒྱད་ཀྱི་ཁྲིམས་བཞི་པོ་སྲུང་བར་འདོད་པས་ངས་དེའི་ཚེ་དེ་ལ་ཚིགས་སུ་བཅད་པ་དེ་དག་གསུངས་པ་ཡིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་དག་ནི་ལྷག་མ་མཆིས་པའི་དོན་ཞེས་བགྱི་བ་ལགས། གང་དག་ནི་དོན་ཐམས་ཅད་ཅེས་བགྱི་བ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཐམས་ཅད་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་དང་། དགེ་བའི་ཆོས་ལ་མོས་པ་མ་གཏོགས་པ་ན་ཐམས་ཅད་ཀྱང་ཡིན་ལ། ལྷག་མ་མེད་པ་ཞེས་ཀྱང་བྱའོ།། ཆོས་གཞན་ཐམས་ཅད་ནི་ལྷག་མ་དང་བཅས་པ་ཞེས་ཀྱང་བྱ་ལ། ལྷག་མ་མེད་པ་ཞེས་ཀྱང་བྱ་སྟེ། ཆོས་ལ་མོས་པའི་རིགས་ཀྱི་བུ་དག་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པའི་དོན་ཤེས་པར་འདོད་པའི་ཕྱིར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་འོད་ཀྲུ་དྲ་ཤིན་ཏུ་དགའ་ཞིང་མགུ་ལ་རངས་པར་གྱུར་ནས་ཡང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། ངོ་མཚར་ཆེའོ།། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་སྲས་སྒྲ་གཅན་འཛིན་ལྟར་མཉམ་པར་གཟིགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུ་སེམས་དཔའ་འོད་སྲུངས་ལ་ལེགས་སོ་ལེགས་སོ། ། ཁྱོད་ཀྱིས་དོན་ཤིན་ཏུ་ཟབ་མོ་རྟོགས་པ་ལེགས་སོ་ཞེས་བྱ་བ་བྱིན་ནོ།། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་འདིའི་ཡོན་ཏན་དང་བསོད་ནམས་ཇི་སྙེད་ཅིག་ཐོབ་པ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། རིགས་ཀྱི་བུ་གང་ཞིག་གིས་མདོ་སྡེ་འདིའི་མིང་ཐོས་པ་ཙམ་གྱིས་བསོད་ཀྱི་ཕུང་པོ་ཐོབ་པ་ནི། སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་པར། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཀྱང་བརྗོད་ནུས་པ་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་ཏེ། བསམ་གྱིས་མི་ཁྱབ་པའི་ཕྱིར་རོ།། དེ་ལ་གང་ཞིག་འཆང་ངམ། འཛིན་ཏམ། ཀློག་གམ། འདོན་ཏམ། ཁོང་དུ་ཆུད་པར་བྱེད་དམ། གླེགས་བམ་དུ་འདྲིའམ། འཇིར་བཅུག་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེའི་ཚེ་འཇིག་རྟེན་དུ་བཅས་པ་ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་ཀྱིས། སངས་རྒྱས་ཀྱི་སྤྱན་སྔར་སྐད་མཐུན་པར་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ། ། སངས་རྒྱས་རྣམས་ནི་བསམ་མི་ཁྱབ།། ཆོས་དང་དགེ་འདུན་དེ་བཞིན་ཏེ།། དེ་བས་བདག་ཅག་གསོལ་བ་འདེབས།། ད་རུང་ཅུང་ཟད་བཞུགས་པབར་གསོལ། ། བཙུན་པ་འོད་སྲུངས་ཆེན་པོ་དང་།། གཞན་ཡང་དགའ་བོ་ལ་སོགས་པ།། འཁོར་གྱི་དཀྱིལ་འཁོར་གཉིས་པོ་ཡང་།། མ་མཆིས་རེ་ཞིག་གཞེས་སུ་གསོལ།། དབུས་འགྱུར་ཚལ་གྱི་ཡུལ་བདག་པོ། ། རྒྱལ་པོ་ཆེན་པོ་མ་སྐྱེས་དགྲ།། སངས་རྒྱས་ལ་ནི་རབ་མོས་པ།། དེ་ཡང་ད་རུང་འདིར་མ་མཆིས།། དེ་བཞིན་གཤེགས་པ་ཐུགས་བརྩེའི་ཕྱིར།། ད་རུང་ཅུང་ཟད་གཞེས་སུ་གསོལ། ། འཁོར་གྱི་དཀྱིལ་འཁོར་མང་པོ་འདིར།། བདག་གི་ཐེ་ཙོམ་གཅད་དུ་གསོལ།། དེ་ནས་དེ་བཞིན་གཤེགས་པས། འཁོར་མང་པོ་དག་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ང་ཡི་ཆོས་ཀྱི་སྲས་ཐུ་བོ།། འོད་སྲུངས་ཆེན་པོ་ཞེས་བྱ་སྟེ།། དགའ་བོ་བརྩོན་འགྲུས་རྩོམ་པའི་མཆོག། ཀུན་གྱི་ཐེ་ཙོམ་གཅོད་པར་འགྱུར།། ཁྱེད་ཀྱིས་ཤིན་ཏུ་ལེགས་པར་ཉོན།། དགའ་བོ་མང་དུ་ཐོས་པ་ལས།། ཤིན་ཏུ་རྟོགས་པར་འགྱུར་བ་ནི།། རྟག་དང་མི་རྟག་དོན་རྣམས་ཏེ།། དེ་བས་དེ་ཡི་ཕྱིར་ན་ཁྱེད།། མི་དགའ་མྱ་ངན་མ་བྱེད་ཅིག་དེའི་ཚེ་འཁོར་གྱི་དཀྱིལ་འཁོར་མང་པོ་དེ་དག་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས། བཅོམ་ལྡན་འདས་ལ་མངོན་པར་མཆོད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམ་བསྐྱེད་པར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་ཚད་མེད་མཐའ་ཡས་པ་ཀླུང་ཀངྐའི་བྱེ་མ་སྙེད་ནི་ས་དང་པོ་ལ་གནས་པར་གྱུར་ཏོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་གཞོན་ནུ་དང་། བྱང་ཆུབ་སེམས་དཔའ་འོད་སྲུངས་དང་། ཙུན་ད་ལ་ལུང་བསྟན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་དག་བདག་གི་སེམས་ལ་ཤིན་ཏུ་ནན་ཏན་བྱོས་ལ་བག་ཡོད་པར་གྱིས་ཤིག། ང་ནི་ལྟར་རྒྱབ་ན་བས་ཐམས་ཅད་དུ་ན་པར་གྱུར་གྱིས། ང་ནི་ཇི་ལྟར་བྱིས་པ་ཆུང་ངུ་ན་པ་ལྟར་ཉལ་ལོ་སྙམ་དགོངས་སོ།། འཇམ་དཔལ་ལ་སོགས་པ་ཁྱེད་རྣམས་འཁོར་བཞི་པོ་ལ་ཐེག་པ་ཆེན་པོའི་ཆོས་རྒྱས་བར་སྟོན་ཅིག། ང་ཆོས་འདི་དག་ཀྱང་ཁྱོད་ལ་ཡོངས་སུ་གདམས་སོ།། དེ་བཞིན་དུ་འོད་སྲུངས་དང་དགའ་བོ་ཁྱེད་ལའང་ཡང་དག་པའི་ཆོས་འདི་དག་གདམས་སོ།། དེའི་ཚེ་དེ་བཞིན་གཤེགས་པས་དེ་སྐད་ཅེས་གསུངས་ནས། སོ་སོའི་སྐྱེ་བོ་དག་གདུལ་བའི་ཕྱིར་ནད་པ་ལྟར་གློ་གཡས་པས་ཕབ་སྟེ་གཟིམས་སོ།། །། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་བམ་པོ་བཅུ་གཅིག་པ། ། །། དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་ནད་ཀྱིས་སྡུག་བསྔལ་བའི་སྐྱོན་ཐམས་ཅད་དང་བྲལ་བ་ལགས་ཏེ་བསྙེངས་པ་མི་མངའ་ན། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ནི་གདུག་པའི་ཟུག་རྔུ་རྣམ་པ་བཞིས་ནས་ནད་ཀྱི་རྒྱུར་འགྱུར་བ་ནི། འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་ལོ།། གལ་ཏེ་ནད་ཀྱི་རྒྱུ་མཆིས་ན། ནད་མང་པོ་སྐྱེ་བར་འགྱུར་པ་ནི། འདི་ལྟ་སྟེ། འདོད་པས་ཚ་བ་དང་། གློན་པ་དང་། དབུགས་རྒོད་པ་དང་། སྐྱུག་བྲོ་བ་དང་། ལུས་ཀུན་སྦྲིད་པ་དང་། སྙིང་འཁྲུག་ཅིང་མི་དྲན་པ་དང་། ཚད་པར་འཁྲུ་བ་དང་། ཟག་གུ་དང་། མིག་དང་རྣ་བ་ཚ་ཞིང་ན་བ་དང་། རྒྱབ་འཛིངས་པ་དང་། ལྟོ་དབོ་བ་དང་། སྨྱོ་བ་དང་། རིད་ཅིང་སྐམ་པ་དང་། ཡི་དགས་ཀྱིས་བརླམས་པ་ལ་སོགས་པ་སྟེ། ལུས་དང་སེམས་ཀྱི་ནད་རྣམ་པ་སྣ་ཚོགས་ནི་བཅོམ་ལྡན་འདས་ལ་མི་མངར་ན། དང་ཅིའི་སླད་དུ་དེ་བཞིན་གཤེགས་པ་སྐུ་མ། ལ་གཟིགས་ཏེ་ངརྒྱབ་ན་བར་གྱུར་གྱིས། འཇམ་དཔལ་ཁྱོད་འཁོར་མང་པོ་ལ་ཆོས་སྟོན་ཅིག་ཅེས་བཀའ་སྩལ། རྒྱུ་དང་རྐྱེན་རྣམ་པ་གཉིས་ཀྱིས་ནད་ཀྱིས་སྡུག་བསྔལ་བར་མི་འགྱུར་བ་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་བྱམས་ཤིང་སྙིང་བརྩེ་བ་དང་། ནད་པ་ལ་ན་བའི་རྐྱེན་སྨན་སྦྱིན་ཞིང་འབུལ་བ་སྟེ། དེ་བཞིན་གཤེགས་པ་ནི་སྔོན་བསྐལ་པ་ཚད་མ་མཆིས་པའི་བར་དུ་བྱང་ཆུབ་ཀྱི་ལམ་ལ་ཤི་ནན་ཏན་མཛད་དེ། རྟག་ཏུ་གསུང་སྙན་པས་སེམས་ཅན་ལ་བདེ་བའི་དོན་མཛད་ཅིག་སྡུག་བསྔལ་བར་མི་འགྱུར་བ་དང་། ནད་པ་ལ་སྨན་རྣམ་པ་སྣ་ཚོགས་ཡོངས་སུ་གཏོང་བ་ལགས། ཅིའི་རྐྱེན་གྱིས་དེང་འདི་ལྟར་སྐུང་ངོ་ཞེས་བཀའ་སྩལ། བཅོམ་ལྡན་འདས་འཇིག་རྟེན་ན་ནད་པ་དག་ནི་བར་བར་འདུག། བར་བར་ཉལ། བར་འགའ་ནི་མི་བདེ་བས་བཟའ་བ་དང་བཏུང་བའང་སློང་། བར་འཤའ་ནི་འཁོར་རྣམས་ལ་སོ་ཆིས་དང་ལས་ཀྱང་འདི་ལྟར་བྱབྱོར་ཞེས་སྟོན་ན། དེ་བཞིན་གཤེགས་པ་ཅིའི་སླད་དུ་ཅང་མི་གསུང་བར་གཟིམས་ཏེ། ཉན་ཐོས་ཀྱི་ཉེ་གནས་རྣམས་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་དང་། རྣམ་པར་གྲོལ་བ་དང་། སྙོམས་པར་འཇུག་པ་དང་། ཡང་དག་པར་སྤོང་བ་ལ་བརྩོན་པ་དག་ཅིའི་སླད་དུ་མི་སྟོན། ཅིའི་རྐྱེན་གྱིས་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་དུ་ཟབ་མོ་འདི་དག་མི་གསུངས་ཞིང་། ཅིའི་སླད་དུ་དེ་བཞིན་གཤེགས་པས་ཚད་མེད་ཐབ་ཐབས་ཀྱིས། འོད་སྲུངས་ཆེན་པོ་མིའི་ནང་ན་གླང་པོའི་རྒྱལ་པོ་དང་འདྲ་བ་དང་། སྐྱེས་བུ་ཆེན་པོ་རྣམས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་མི་སྟོན། ཅིའི་སླད་དུ་དགེ་སློང་མ་རུངས་པ་མ་བརྟགས་པའི་དངོས་པོ་ཐམས་ཅད་འཆང་བ་ལ་ཆད་པས་གཅད་པ་མི་སྟོན། བཅོམ་ལྡན་འདས་ཡང་དག་པར་སྦྱང་བ་མི་མངའ་བཞིན་དུ། ཅིའི་སླང་དུ་ཅང་མི་གསུང་བར་གློ་གཡས་པས་ཕབ་ནས་གཟིམས་པར་གྱུར། བྱང་ཆུབ་སེམས་དཔའ་དག་ནད་པ་ལ་ནད་ཀྱི་རྐྱེན་སྨན་བྱིན་པ་ན། དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ལ་བདར་ནས་ཐུན་མོང་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་བསྔོས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་དང་། རྣམ་པར་སྨིན་པའི་སྒྲིབ་པ་ཡོངས་སུ་སེལ་ཏོ།། ཉོན་མོངས་པའི་སྒྲིབ་པ་ཞེས་བགྱི་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཁོང་ཁྲོ་བའི་ཀུན་ནས་དཀྲི་བའི་ཉོན་མོངས་པ་དང་། ཕྲག་དོག་དང་། སེར་སྣ་དང་། གཡོ་དང་། སྒྱུ་དང་། མི་འཛེམ་པ་དང་། ཁྲེལ་མེད་པ་དང་། ང་རྒྱལ་དང་། རབ་ཀྱི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ཆུང་བའི་ང་རྒྱལ་དང་། བག་མེད་པ་དང་། ཟེགས་པ་དང་། ཁོན་དུ་འཛིན་པ་དང་། རྩོད་པ་དང་། ལོག་པར་འཚོ་བ་དང་། གཡོ་སྒྱུས་ཚུལ་འཆོས་པ་དང་། རྙེད་པས་རྙེད་པ་ཚོལ་བ་དང་། ཆོས་མ་ཡིན་པས་ཚོལ་བ་དང་། མང་དུ་ཚོལ་བ་དང་། བསྟི་སྟང་མེད་པ་དང་། བསྟན་པ་བཞིན་དུ་མི་བྱེད་པ་དང་། མི་དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། རྙེད་པ་ལ་ཆགས་པས་མི་སྐྱོ་བ་དང་། འཆིང་བའི་རྣམ་པར་བཅིངས་པས་དགྲོལ་དཀའ་བ་དང་། འདོད་པ་ངན་པ་ལ་འདོད་པ་དང་། ཆགས་བ་ངན་པ་ལ་ཆགས་པ་དང་། འཇིག་ཚོགས་སུ་ལྟ་བ་དང་། ཡོད་པར་ལྟ་བ་དང་། མེད་པར་ལྟ་བ་དང་། རྨྱང་ཞིང་འཕྲེས་པ་དང་། དགའ་བ་དང་། གཉིད་དང་། བརླང་བ་དང་། མི་དགའ་བ་དང་བཟའ་བ་དང་བཏུང་བ་ལ་ཆགས་པ་དང་། སེམས་རྨུགས་པ་དང་། སེམས་གཞན་ལ་དམིགས་པ་དང་། མི་དགེ་བ་ཡིད་ལ་བྱེད་པ་དང་། ལུས་དང་ངག་ངན་པར་སྤྱོད་པ་དང་། མང་དུ་སྨྲ་བ་ལ་དགའ་བ་དང་དབང་པོ་རྣམས་རྟུལ་བ་དང་། སྨྲའོ་ཅོག་ཏུ་བརྫུན་ཟེར་བ་དང་། འདོད་པའི་རྟོག་པ་དང་། ཞེ་སྡང་གི་རྟོགས་པ་དང་། གནོད་པའི་རྟོག་པས་ཀུན་ཏུ་ཁེབས་པ། ཉོན་མོངས་པའི་སྒྲིབ་པ་ཞེས་བྱ་བ་དང་། མཚམས་མེད་པ་ལྔའི་ཁ་ན་མ་ཐོ་བའི་ལས་ཀྱི་སྒྲིབ་པ་དང་། སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་སུ་སྐྱེ་བ་དང་། དམ་པའོ་ཆོས་ལ་སྐུར་བ་དང་། ལོག་སྲེད་ཅན་དུ་སྐྱེས་པ་ནི་རྣམ་པར་སྨིན་པའི་སྒྲིབ་པ་ཞེས་བགྱི་སྟེ། སྒྲིབ་པ་རྣམ་པ་གསུམ་པོ་འདི་ནི་ནད་ཆེན་པོ་ཞེས་བགྱི་ན། བྱང་ཆུབ་སེམས་དཔའ་རྣམས་ནི་བསྐལ་པ་ཚད་མེད་པའི་བར་དུ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན། ན་བ་ཐམས་ཅད་ལ་སྨན་གསོས་ཀྱི་སྦྱིན་པ་བྱིན་ཏེ། འདི་སྐད་དུ་སྨོམ་ལམ་བཏབ་བོ།། སེམས་ཅན་ཐམས་ཅད་ནད་དང་ཡོངས་སུ་ཐལ་ཏེ། དེ་བཞིན་གཤེགས་པའི་རྡོ་རྗེའི་སྐུ་ཐོབ་པར་གྱུར་ཅིག། སེམས་ཅན་ཐམས་ཅད་སྨན་དམ་པའི་རྒྱལ་པོར་གྱུར་ཏེ། ནད་མ་རུངས་པ་ཐམས་ཅད་སེལ་བར་གྱུར་ཅིག། སེམས་ཅན་ཐམས་ཅད་སྨན་ཨ་ག་ཏུ་ཐོབ་ཅིང་། སྨན་དེའི་མཐུ་ས་གདུག་པ་ཐམས་ཅད་སེལ་བར་གྱུར་ཅིག། གཞན་ཡང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་། མྱུར་དུ་བླ་ན་མེད་པའི་སངས་རྒྱས་ཀྱི་སྨན་རྙེད་དེ། ཉོན་མོངས་པའི་ཟུག་རྔུ་ཐམས་ཅད་བསལ་བར་གྱུར་ཅིག། གཞན་ཡང་སེམས་ཅན་ཐམས་ཅད་ཤིན་ཏུ་བརྩོན་འགྲུས་རྩོམ་པའི། དེ་བཞིན་གཤེགས་པའི་རྡོ་རྗེ་ལྟ་བུའི་ཐུགས་དང་ལྡན་ཏེ་སྨན་དམ་པར་གྱུར་ནས། ནད་ཐམས་ཅད་གསོ་ཞིང་རྩོད་པའི་འདུ་ཤེས་མེད་པར་གྱུར་ཅིག། གཞན་ཡང་སེམས་ཅན་དག་སྨན་གྱི་སྡོང་པོ་ཆེན་པོར་གྱུར་ཏེ། ནད་མ་རུངས་ཐམས་ཅད་བས་བཔར་གྱུར་ཅིག། གཞན་ཡང་སེམས་ཅད་ཐམས་ཅད་གདུག་པའི་ཟུག་རྔུ་ཕྱུང་ནས། དེ་བཞིན་གཤེགས་པའི་བླ་ན་མེད་པའི་འོད་ཟེར་ཐོབ་པར་གྱུར་ཅིག། གཞན་ཡང་སེམས་ཅན་ཐམ་ཅ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྨན་ཆེན་པོའི་ཆོས་ཀྱི་གཏེར་ཤིན་ཏུ་ཟབ་མོ་ལ་འཇུག་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཡང་དེ་ལྟར་བསྐལ་པ་ཚད་མེད། དཔག་ཏུ་མེད་བགྲང་དུ་མེད་པ་བརྒྱད་སྟོང་གི་བར་དུ་དེ་སྐད་ཅེས་སྨོན་ལམ་བཏབ་སྟེ། སེམས་ཅན་ཐམས་ཅད་ནད་མ་མཆིས་པར་བགྱིད་ན། ཅིའི་རྐྱེན་གྱིས་དེ་བཞིན་གཤེགས་པ་ང་ནའོ་ཞེས་བཀའ་སྩ་ལ། བཅོམ་ལྡན་འདས་གཞན་ཡང་འཇིག་རྟེན་ན་ནད་པ་ཁ་ཅིག་ནི་འདུག་པ་དང་། ལྡང་བ་དང་། འགྲོ་བ་དང་། འགོག་ཀྱང་མི་ནུས། ཁ་ཟས་དང་སྐོམ་ཡང་མི་ཆུད་དེ། བུ་ཚལ་སྟོན་ཅིང་འཆོས་ཀྱང་མི་ནུས། འཚོ་ནམ་གྱི་ལས་བྱ་བའི་འདོམས་ཀྱང་མི་ནུས་ཏེ། དེའི་ཚེ་ན་དེའི་ཕ་མ་དང་། ཆུང་མ་དང་། བུ་དང་། འཁོར་དང་། གཉེན་བཤེས་ལ་སོགས་པ་ཐམས་ཅད་ཀྱིས་དེ་ནི་ངེས་པར་འཆི་བར་འདུ་ཤེས་སོ།། བཅོམ་ལྡན་འདས་ད་ལྟར་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། གློ་གཡས་པས་ཕབ་ནས་གཟིམས་ཏེ་ཅང་མི་གསུང་བར་གྱུར་པས། འཛམ་བུའི་གླིང་འདི་ན་སྐྱེ་བོ་ཐུན་པོ་དག་འདི་སྙམ་དུ་སེམས་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངེས་པར་མྱ་ངན་ལས་འདས་ཏེ། འགོག་པ་ཟད་པའི་འདུ་ཤེས་སྐྱེད་དོ།། དེ་བཞིན་གཤེགས་པ་ཉིད་ནི་མཐར་ཡོངས་སུ་མྱ་ངན་ལས་འདའ་བའང་མ་མཆིས་སོ། ། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་ནི་རྟག་པ་མི་འགྱུར་མི་འཕོ་བའི་ཕྱིར་རོ།། དེའི་རྒྱུ་དེའི་རྐྱེན་གྱིས་ང་འདི་ལྟར་རྒྱབ་ནའོ་ཞེས་གསུངས་པའི་མི་རིགས་སོ།། བཅོམ་ལྡན་འདས་གཞན་ཡང་འཇིག་རྟེན་ན་ནད་པ་ཁ་ཅིག་ནི་ཤིན་ཏུ་རྐེ་ཞིང་རིད་པས། ཀན་རྒྱལ་ལམ། གློས་ཉལ་ནས་ལྡང་མི་ནུས་ཏེ། དེའི་ཚེ་འཁོར་རྣམས་ཀྱང་དེ་ལ་མི་འདོད་པའི་སེམས་སྐྱེས་ནས། གདོན་མ་བར་འཆི་བར་འདུ་ཤེས་སོ། ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། མུ་སྟེགས་ཅན་རྣམ་པ་དགུ་བཅུ་རྩ་ལྔ་པོ་མི་འདོད་དེ། མྱ་ངན་ལས་འདའ་བར་འདུ་ཤེས་སོ།། མུ་སྟེགས་ཅན་དག་འདི་སྐད་དུ་བདག་ཅག་ལ་སོགས་པ་ནི། བདག་ཅེས་བྱ་བ་དང་། བདག་པོ་དང་། དུས་དང་། རྡུལ་ཕྲ་མོ་ལ་སོགས་པའི་ཆོས་ཀྱིས་རྟག་པར་གྱུར་པས་འགྱུར་ཞིང་ཕོ་བ་མེད་ཀྱི། དགེ་སྦྱོང་གོའུ་ཏ་མ་ནི་མི་རྟག་པས་ཕྲོགས་ནས་འགྱུར་ཞིང་འཕོ་བའི་ཆོས་ཅན་དུ་གྱུར་ཏོ་ཞེས་སྨྲའོ། ། དེ་བས་ན་བཅོམ་ལྡན་འདས་ཅང་མི་གསུང་བར་གློ་གཡས་པས་ཕབ་སྟེ་གཟིམས་པའི་མི་རིགས་སོ།། བཅོམ་ལྡན་འདས་གཞན་ཡང་འཇིག་རྟེན་ན་ནང་པ་དག་ནི་ཆེན་པོ་བཞི་ཉམས་ནས། ཤེས་མི་མཉམ་པ་ལས་ཤིན་དུ་རིང་ཅིང་ཤེ་བར་ཏེ། དེ་བས་ན་ཡང་བཞིན་དུ་ལྡང་བ་དང་འདུག་མི་ནུས་ཏེ་ཉལ་བ་ལགས་ན། དེ་བཞིན་གཤེགས་པ་ནི་ཆེན་པོ་བཞིའང་མི་མཉམ་པ་མ་མཆིས་ལ། སྐུའི་མཐུ་དང་ཡང་ལྡན། ཉམ་རིང་བའང་མ་མཆིས་ཏེ། བཅོམ་ལྡན་འདས་ཁྱུ་མཆོག་ཆུང་ངུ་བཅུའི་སྟོབས་ནི་ཁྱུ་མཆོག་ཆེན་པོ་གཅིག་གི་སྟོབསུ་མ་མཆིས། ཁྱུ་མཆོག་ཆེན་པོ་བཅུའི་སྟོབས་ཀྱང་། ཁྱུ་མཆོག་ཆེན་པོ་སྔོན་པོ་གཅིག་གི་སྟོབས་སུ་མ་མཆིས། ཁྱུ་མཆོག་སྔོན་པོ་བཅུའི་སྟོབས་ཀྱང་། བལ་གླང་གཡུང་གཅིག་གི་སྟོབས་སུ་མ་མཆིས། བལ་གླང་གཡུང་བཅུའི་སྟོབས་ཀྱང་། བལ་གླང་རྒོད་གཅིག་གི་སྟོབས་སུ་མ་མཆིས། བལ་གླང་རྒོད་བཅུའི་སྟོབས་ཀྱང་། བལ་གླང་མཆེ་བ་གཉིས་པ་གཅིག་གི་སྟོབས་སུ་མ་མཆིས། བལ་གླང་མཆེ་བ་གཉིས་པ་བཅུའི་སྟོབས་ཀྱང་། བལ་གླང་མཆེ་བ་བཞི་པ་གཅིག་གི་སྟོ་སུ་མ་མཆིས། བལ་གླང་མཆེ་བ་བཞི་པ་བཅུའི་སྟོབས་ཀྱང་། གངས་ཀྱི་རིའི་བལ་གླེང་དཀར་པོ་གཅིག་གི་སྟོབས་སུ་མ་མཆིས། གངས་ཀྱི་རིའི་བལ་གླང་དཀར་པོ་བཅུའི་སྟོབས་ཀྱང་། སྤོས་ཀྱི་བལ་གླང་གཅིག་གི་སྟོབས་སུ་མ་མཆིས། སྤོས་ཀྱི་བལ་གླང་བཅུའི་སྟོབས་ཀྱང་། བལ་གླང་སྔོན་པོ་གཅིག་གི་སྟོབས་སུ་མ་མཆིས་བལ་གླང་སྔོན་པོ་བཅུའི་སྟོབས་ཀྱང་། བལ་གླང་སེར་པོ་གཅིག་གི་སྟོབས་སུ་མ་མཆིས། བལ་གླང་སེར་པོ་བཅུའི་སྟོབས་ཀྱང་། བལ་གླང་དམར་པོ་གཅིག་གི་སྟོབས་སུ་མ་མཆིས། བལ་གླང་དམར་པོ་བཅུའི་སྟོབས་ཀྱང་། བལ་གླང་དཀར་པོ་གཅིག་གི་སྟོབས་སུ་མ་མཆིས་བལ་གླང་དཀའ་པོ་བཅུའི་སྟོབས་ཀྱང་། བལ་གླང་རི་ཞེས་བྱ་བ་གཅིག་གི་སྟོབས་སུ་མ་མཆིས། བལ་གླང་རི་ཞེས་བྱ་བ་བཅུའི་སྟོབས་ཀྱང་། བལ་གླང་ཨུཏྤ་ལ་གཅིག་གི་སྟོབས་སུ་མ་མཆིས། བལ་གླང་ཨུཏྤ་ལ་བཅུའི་སྟོབས་ཀྱང་། བལ་གླང་ཀུ་མུ་ད་གཅིག་གི་སྟོབས་སུ་མ་མཆིས། བལ་གླང་ཀུ་མུད་བཅུའི་སྟོབས་ཀྱང་། བལ་གླང་བུན་ད་རི་ཀ་གཅིག་གི་སྟོབས་སུ་མ་མཆིས། བལ་གླང་བུན་ད་རི་ཀ་བཅུའི་སྟོབས་ཀྱང་། མིའི་ནང་ན་གྱད་གཅིག་གི་སྟོབས་སུ་མ་མཆིས། མོའི་གྱད་བཅུའི་སྟོབས་ཀྱང་། བར་ག་ན་དེ་གཅིག་གི་སྟོབས་སུ་མ་མཆིས་པར་ག་ན་དེ་བཅུའི་སྟོབས་ཀྱང་། མཐུ་བོ་ཆེ་ལག་པ་བརྒྱད་པ་གཅིག་གི་སྟོབས་སུ་མ་མཆིས། མཐུ་བོ་ཆེ་བཅུའི་སྟོབས་ཀྱང་། གནས་བཅུ་པའི་བྱང་ཆུབ་སེམས་དཔའི་ཚིགས་གཅིག་གི་སྟོབས་སུ་མ་མཆིས་སོ། ། སོ་སོརའི་སྐྱེ་བོ་ཐམས་ཅད་ཀྱི་རུས་པའི་ཚོགས་ནི་གཅིག་ལ་གཅིག་རེག་ཅིང་འབྲེལ་བ་མ་ལགས་ཀྱི། གྱད་སྟོབས་པོ་ཆེའི་རུས་པའི་ཚིགས་ནི་གཅིག་ལ་གཅིག་རེག་གོ། པར་གན་དེའི་རུས་པའི་ཚིགས་ནི་གཅིག་ལ་གཅིག་འབྲེལ་ཏོ། ། མཐུ་བོ་ཆེའི་རུས་པའི་ཚོགས་ནི་ལུ་གུ་རྒྱུད་བཞིན་དུ་གཅིག་ལ་གཅིག་འབྲེལ་ཏོ།། བྱང་ཆུབ་སེམས་དཔའི་རུས་པའི་ཚིགས་ནི་འབྲུག་འཁྱིལ་བ་ལྟར་མདུད་པ་ཅན་དུ་མཆིས་པས་དེ་བས་ན་དེའི་སྟོབས་ནི་མཆོག་ཏུ་ཆེའོ། ། འཇིག་རྟེན་ཐོག་མ་མངོན་པར་ཆགས་པ་ན་རྡོ་རྗེའི་མཐའ་ལ་བརྟེན་ཏེ། རྡོ་རྗེའི་གདན་སྙིང་པོ་བྱང་ཆུབ་ཀྱི་དཀྱིལ་འཁོར་དུ་མངོན་པར་བྱང་ནས། བྱང་ཆུབ་སེམས་དཔའ་གདན་དེ་ལ་བཞུགས་ཏེ། དེ་ཉིད་ཀྱི་ཚེ་ན་སྟོབས་བཅུ་རྙེད་པར་གྱུར་ཏོ།། དེ་བཞིན་གཤེགས་པ་ན་བུས་པ་ཆུང་ངུ་ལྟ་བུ་མ་ལགས་ཏེ། བུས་པ་ཆུང་དུ་ནི་གླེན་ཏེ་ཤེས་པ་མ་མཆིས་ལ། སྤྲའང་མི་ཤེས་པས་ན། ཡིད་བཞིན་དུ་འགྲེ་ཞིང་ཉལ་ཡང་སུའང་མི་ཕྱེ་སྟེ། དེ་བཞིན་གཤེགས་པ་ནི་ཡེ་ཤེས་ཆེན་པོ་དང་ལྡན་པ། ཐམས་ཅད་ལ་འོད་ཀྱིས་གསལ་པབར་མཛད་པ་ནི་མོའི་ནང་ན་གླུ་ལྟ་བུ་ལགས་པས་གཟི་བརྗིད་ཆེན་པོ་དང་ལྡན་ཏེ། རྫུ་འཕྲུལ་ཆེན་པོ་མངོན་པར་རྫོགས་ནས། བླ་ན་མེད་པའི་དྲང་སྲོང་ཆེན་པོ་ཐེ་ཙོམ་གྱི་དྲ་བ་ཡོངས་སུ་བཅད་པ། འདོད་པའི་ཟུག་རྔུ་ཕྱུང་བ། སྤྱོད་ལམ་ཤིན་དུ་མཛེས་པ། སྤྱོད་ལམ་གྱི་དབང་དུ་གྱུར་པ། བསྙེངས་པ་མི་མངའ་བ་ལགས་ལ། ཅིའི་སླད་དུ་གློ་གཡས་པས་ཕབ་སྟེ་གཟིམས་པས་འཇིག་རྟེན་དུ་བཅས་པ་ལྷ་དང་མི་ཐམས་ཅད་མི་དཀའ་ཞིང་སྡུག་བསྔལ་གྱིས་གདུངས་པར་མཛད། ། དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚིགས་སུ་བཅད་དེ་གསོལ་བ། ཡོན་ཏན་ཆེན་པོ་ཀོའུ་ཏ་མ། བཞེངས་ཏེ་དམ་ཆོས་བསྟན་དུ་གསོལ།། ཇི་ལྟར་བུས་པ་ཆུང་ངུའམ།། ནང་པ་ཉལ་བ་ལྟ་བུ་མིན།། ལྷ་མིའི་སྟོན་པ་ཁ་ལོ་སྒྱུར།། ཤིང་དབང་དྲུང་དུ་གཟིམས་པ་འདི། བུབྱས་པ་མ་རབས་མཐོངས་ནས་སུ།། ངེས་པར་མྱ་ངན་འདའ་ཞེས་མཆི།། ཤིན་ཏུ་རྒྱས་པའི་མདོ་སྡེ་ལས།། སངས་རྒྱས་སྤྱོད་ཡུལ་ཟབ་མོ་ཡི།། དགོངས་ཏེ་གསུངས་པ་མི་ཤེས་པ།། དམུས་ལོང་ལམ་ནི་མི་མཐོང་བཞིན། ། བྱང་ཆུབ་སེམས་དཔའ་ཆེན་པོ་དང་།། འཇམ་དཔལ་གཞོན་ནུ་ལ་སོགས་པ།། ཟབ་མོའི་དོན་རྣམས་རྟོགས་པ་ནི།། ཇི་ལྟར་འཕོངས་ལ་གོམས་པ་བཞིན།། དུས་གསུམ་@#། གཤེགས་པའི་བཅོམ་ལྡན་འདས།། ཐུགས་རྗེ་ཆེན་པོ་གཙོ་བོར་གྱུར།། དེ་ལྟར་ཐུགས་རྗེ་ཆེ་བདེ།། ད་ལྟར་ཇི་ལྟར་གལ་མཆིས།། ཅི་སྟེ་ཐུགས་མེ་མི་མངའ་ན། སངས་རྒྱས་ཤེས་ཀྱང་བགྱིར་མི་རུང་།། ཅི་སྟེ་མྱ་ངན་འདས་གྱུར་ན།། རྟག་པ་ཞེས་ཀྱང་བགྱིར་མི་རུང་།། བླ་ན་མེད་པའི་བཅོམ་ལྡན་འདས།། བདག་ཅག་གསོལ་བ་གནང་བར་མཛོད།། འགྲོ་བ་ཀུན་ལ་བདེ་བའི་ཕྱིར། ། མུ་སྟེགས་ཅན་དག་གདུལ་དུ་གསོལ། དེའི་ཚེ་བཅོམ་ལྡན་འང་ཐུག་རྗེ་ཆེན་པོ་ལ་གོམས་པའི་ཐུགས་ཀྱིས་སེམས་ཅན་སོ་སོའི་བསམ་པ་མཁྱེན་ནས། དེ་དག་གི་རྗེས་སུ་མཐར་ཕྱིན་པ་དང་། བདེ་བའི་དོན་མཛད་པའི་ཕྱིར་གཟིམས་པ་ལས་བཞེངས་ནས་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ།། དེའི་ཚེ་སྐུ་མདོག་ལྷང་ངེ་ལྷམ་མེར་འཚེར་བ་ནི་གསེར་བཅོས་མ་ལྔར་གསལ་བར་གྱུར་ཏོ། ། ཞལ་མདོག་ཤིན་ཏུ་མཛེས་པ་ནི་ཇི་ལྟར་ཟླ་བ་རྒྱས་པ་ལྟ་བུའོ།། སྐུ་ཤིན་ཏུ་གསལ་ཞིང་དག་པས་དྲི་མ་འམ། རྙོག་པའི་བག་མེད་དོ།། འོད་ཟེར་ཆེན་པོ་བཀྱེན་ནས་ནམ་མཁའི་དབྱིངས་ཡོངས་སུ་གང་བར་གྱུར་ཏེ། ཉི་མ་བརྒྱ་སྟོང་པས་ཤིན་ཏུ་ལྷག་པའི་འོད་ཀྱིས་ཤར་ཕྱོགས་དང་། ལྷོ་དང་། ནུབ་དང་། བྱང་དང་། ཕྱོགས་མཚམས་བཞི་དང་། སྟེང་དང་། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་ཐམས་ཅད་ལ་ཡེ་ཤེས་ཆེན་པོའི་སྣང་བ་བྱིན་ནས། མ་རིག་པའི་མུན་པ་ཡོངས་སུ་བསལ་ཏོ།། གཞན་ཡང་སེམས་ཅན་བྱེ་བ་ཟག་ཁྲིག་བརྒྱ་སྟོང་སྙེད་བྱང་ཆུབ་ཀྱི་སེམས་སར་མ་ལྡོག་པར་བཤད། དེའི་ཚེ་བཅོམ་ལྡན་འདས་སེང་ཀའི་རྒྱལ་པོ་ལྟ་བསྙེངས་པ་མེད་པ་ནས། སྐྱེས་སུ་ཆེན་པོ་མཚན་སུམ་ཅུ་རྩ་གཉིས་དང་། དགེ་ཟད་བརྒྱུ་ཆུམ་རྒྱུ་ཡོངས་སུ་བརྒྱན་ཏེ། སྐུའི་བ་སྤུའི་བུ་ག་ར་རེནས་བསྒོ་རེ་རེ་བྱུང་བར་སྤྲུལ་ཏོ།། བདྨོད་དག་ཀྱང་འདབ་མ་སྟོང་སྟོང་དང་སྟན་ཏེ། བཙུན་ད་མི་གསེར། སྡོང་བྲན་འི་ཊན། ས་ནི་རྡོ་རྗེ། ལ་ལས་བྱས་པསྟེ། ཤིང་རྟལ་འཁོར་མོ་ཙམ་མོ།། བརྗི་དནས་སོ་ལས་ཀྱང་འོད་ནམ་པ་སྣ་ཚོགས་བྱུང་བ་ནི། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། སྨུག་ཐོ་ཤེལ་གྱི་ཁ་དོག་ལྟ་བུ་སྟེ། འོད་དེ་དག་སོ་སོ་ནས་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་དང་། འདུ་ཤེས་ཀྱི་སེམས་ཅན་དམྱལ་བ་དང་། ཐིག་ནས་པོའི་སེམས་ཅན་དམྱལ་པོ་དང་སྣ་ཚོགས་འདུས་པའི་སེམས་ཅན་དམྱལ་བ་དང་། འོད་དོད་འདོད་པའི་སེམས་ཅན་དམྱལ་བ་དང་། འདོད་འབོད་པ་ཆེན་པོའི་སེམས་ཅན་དམྱལ་བ་དང་། ཤིན་ཏུ་ཚིག་པའི་སེམས་ཅན་དམྱལ་བ་དང་། རབ་ཏུ་ཆེར་ཚིག་པའི་སེམས་ཅན་དམྱལ་བ་དང་། སེམས་ཅན་དམྱལ་བ་བརྒྱད་པོར་སྐྱེས་པའི་སེམས་ཅན་དག་རྟག་ཏུ་སྡུག་བསྔལ་མང་པོས་རྣམ་པར་གཟིར་བ་ནི། འདི་ལྟ་སྟེ། བསྲེག་པ་དང་། བཙོ་བ་དང་། མེ་མུར་དང་། གཏུན་བུས་བརྡུང་བ་ལ་སོགས་པ་སྟེ། དེ་དག་ཀྱང་འོད་དེས་འོག་མ་ཐག་ཏུ་སྡུག་བསྔལ་དེ་དག་ལྷག་མ་མ་ལུས་པར་ཐམས་ཅད་ཀྱང་ནས། རབ་ཏུ་བདེ་བ་དང་། ཏུ་བསིལ་བ་ལ་ལོངས་སྤྱོད་པར་གྱུར་ཏོ།། འོད་ཟེར་དེ་ལས་འདི་སྐད་དུ་དེ་བཞིན་གཤེགས་པས་དགོངས་ཏེ་གསུང་བའི་སྙིང་པོ་གྲགས་པར་གྱུར་པ་ནི། ཀྱེ་སེམས་ཅན་ཁྱེད་ཀུན་ལའང་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གྲགས་པར་གྱུར་ཏོ། ། སེམས་ཅན་དེ་དག་གིས་དེ་སྐད་ཅེས་ཐོས་ནས་དེ་མ་ཐག་ཏུ་ཚེ་འཕོས་ཏེ། མཐོ་རིས་ཀྱི་ལྷ་དང་མིར་སྐྱེས་སོ།། ཤིན་ཏུ་གྲང་བའི་སེམས་། ཅན་དམྱལ་བ་བརྒྱད་ལ་འདི་ལྟ་སྟེ། ཨ་པ་པའི་སེམས་ཅན་དམྱལ་བ་དང་། ཨ་ཏ་ཏའི་སེམས་ཅན་དམྱལ་བ་དང་། ཨ་ལ་ལའི་སེམས་ཅན་དམྱལ་བ་དང་། ཨ་ཙ་ཙའི་སེམས་ཅན་དམྱལ་བ་དང་། ཨུཏྤལ་སེམས་ཅན་དམྱལ་བ་དང་། ཕ་ཐུ་མའི་སེམས་ཅན་དམྱལ་བ་དང་། ཀུ་མུ་ཏའི་སེམས་ཅན་དམྱལ་བ་དང་། པུན་ད་རི་ཀའི་སེམས་ཅན་དམྱལ་བ་ཏེ། དེ་དག་ཏུ་སྐྱེས་པའི་སེམས་ཅན་རྟག་ཏུ་སྡུག་བསྔལ་མྱོང་བ་ནི། འདི་ལྟ་སྟེ། ལུས་རབ་ཏུ་གས་པ་དང་། ཞིག་པ་དང་། དུམ་བུ་དུམ་བུར་ཆད་པར་གྱུར་ཏེ། དེ་དག་ཀྱང་འོད་ཀྱིས་རེག་མ་ཐག་ཏུ་སྡུག་བསྔལ་ལྷག་མ་མ་ལུས་པར་གྱུར་ཏེ། དྲོ་བ་དང་འཇམ་པར་གྱུར་ནས། འོད་དེ་ལས་འདི་སྐད་དུ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་སྒྲ་གྲགས་པ་ནི། འདི་ལྟ་སྟེ། ཀྱེ་སེམས་ཅན་ཁྱེད་ལའང་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་ཟགས་ཏེ། དེ་དག་གིས་དེ་སྐད་ཅེས་ཐོས་ནས་དེ་མ་ཐག་ཏུ་ཚེ་འཕོས་ཏེ། མཐོ་རིས་ཀྱི་ལྷ་དང་མིར་སྐྱེས་པར་གྱུར་ཏོ།། དེའི་ཚེ་དེའི་དུས་ནས་འཛམ་གླིང་འདི་དང་། འཇིག་རྟེན་གྱི་ཁམས་གཞན་དག་གི་སེམས་ཅན་དམྱལ་བ་ཐམས་ཅད་སྟོངས་པར་གྱུར་ཏེ། སྡུག་བསྔལ་དམྱོང་བ་མེད་དོ།། ཡི་དགས་ཀྱི་ཁམསསུ་སྐྱེས་པ་དག་ཟས་དང་སྐོམ་གྱིས་ཡོངས་སུ་གདུངས་པ། སྐྲ་ཤད་འཛིངས་པས་ལུས་དཀྲིས་པ། ལོ་བརྒྱ་སྟོང་གི་བར་དུ་ཆུའི་མིང་ཡང་མི་ཐོས་པ་དག་འོད་དེས་རེག་མ་ཐག་ཏུ་བཀྲེས་པ་དང་སྐོམ་པས་གདུངས་པ་དང་བྲལ་ཏེ། འོད་དེ་ལས་འདི་སྐད་དུ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་གྲགས་པ་ནི། འདི་ལྟ་སྟེ། སེམས་ཅན་ཁྱེད་ལའང་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་པའི་ཚིག་གྲགས་པར་གྱུར་ཏོ། ། སེམས་ཅན་དེ་དག་གིས་ཚིག་དེ་སྐད་ཅེས་ཐོས་ནས་དེ་དག་ཚེ་འཕོས་ཏེ། དེ་མ་ཐག་ཏུ་མཐོ་རིས་ཀྱི་ལྷ་དང་མིར་སྐྱེས་ཏེ། ཡི་དགས་ཀྱི་ཁམས་ཀྱང་སྟོངས་པར་གྱུར་ཏེ། དེ་ལ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་སྐུར་པ་ནི་མ་གཏོགས་སོ།། བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་པའི་སེམས་ཅན་གཅིག་ལ་གཅིག་འཆའ་ཞིང་ཟ་བ། གནོད་པ་བྱེད་པ་དག་ཀྱང་འོད་དེས་རེག་ནས་སྡིག་པའི་སེམས་ཞི་བར་གྱུར་ཏེ། འོད་དེ་ལས་ཀྱང་འདི་སྐད་དུ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་གྲགས་པ་ནི། འདི་ལྟ་སྟེ། སེམས་ཅན་ཁྱེད་ལའང་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གྲགས་པར་གྱུར་ཏོ། ། སེམས་ཅན་དེ་དག་གིས་དེ་སྐད་ཅེས་ཐོས་ནས་ཚེ་འཕོས་ཏེ། དེ་མ་ཐག་ཏུ་ལྷ་དང་མིར་སྐྱེས་སོ།། དེའི་ཚེ་དེའི་དུས་ན་བྱོལ་སོང་གི་ཁམས་ཀྱང་སྟོངས་པར་གྱུར་ཏེ། དམ་པའི་ཆོས་ལ་སྐུར་བ་ནི་མ་གཏོགས་སོ།། པདྨོ་རེ་རེ་ལའང་སངས་རྒྱས་རེ་རེ་བཞུགས་པ་ནི་འོད་ཟེར་འཁོར་བར་འདོམ་གང་དང་ལྡན་པ། གསེར་བཅོ་མའི་མདོག་ལྟ་བུ་ལྷམ་མེར་འཚེ་རབ། ཤིན་ཏུ་མཛེས་པ། མཆོག་ཏུ་བསྐྲུན་དུ་མེད་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་ཤིན་ཏུ་བརྒྱན་པ། སངས་རྒྱས་དེ་དག་ལ་ལ་ནི་བཞུགས། ལ་ལ་ནི་འགྲེང་། ལ་ལ་ནི་མནལ། ལ་ལ་ནི་སྡོད། ལ་ལ་ནི་འབྲུག་གི་སླ་སྒྲོགས། ལ་ལ་ནི་ཆར་འབེབ། ལ་ལ་ནི་ཀློག་གི་འོད་འགྱེད། ལ་ལ་ནི་རླུང་གཏོང་། ལ་ལ་ནི་སྐུ་མེ་ལྕེའི་ཕུང་པོ་ལྟར་འབར། ལ་ལ་ནི་རིན་པོ་ཆེ་སྣ་བདུན་གྱི་རི་དང་། རྫིང་དང་། མཚེའུ་དང་། ཆུ་མིག་དང་། འབབ་ཆུ་དང་། ནཀ་ཚལ་ཡང་མངོན་པར་སྟོན། ལ་ལ་ནི་རིན་པོ་ཆེ་སྣ་བདུན་གྱི་ཡུལ་དང་། གྲོང་རྡལ་དང་། གྲོང་ཁྱེར་དང་། ཁང་ཁྱིམ་ཡང་མངོན་པར་སྟོན། ལ་ལ་ནི་བལ་གླང་དང་། རྟ་དང་། སེང་གེ་དང་། སྟག་དང་། སྤྱད་ཀྱི་དང་། རྨ་བྱ་དང་། ནམ་མཁའ་ལྡིང་ལ་སོགས་པ་ཡང་སྟོན། ལ་ལ་ནི་འཛམ་བུ་གླིང་གི་ནང་ན་གནས་པའི་སེམས་ཅན་གྱིས། སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་འབའ་ཞིག་གིས་གང་བར་སྣང་བར་སྟོན། ལ་ལ་ནི་འདོད་པའི་ཁམས་ཀྱི་གནས་རིམ་པ་དྲུག་སྟོན། བཅོམ་ལྡན་འདས་ལ་ལ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་སྐྱོན་མང་པོ་སྟོན་ཏོ།། ལ་ལ་ནི་བདེན་པ་བཞིའི་ཆོས་སྟོན་ཏོ།། ལ་ལ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྟོན་ཏོ།། ལ་ལ་ནི་ལས་དང་ཉོན་མོངས་པ་ཐམས་ཅད་རྒྱུ་དང་རྐྱེན་ལས་སྐྱེ་བར་སྟོན་ཏོ།། ལ་ལ་ནི་བདག་དང་བདག་མེད་པ་སྟོན་ཏོ།། ལ་ལ་ནི་སྡུག་བསྔལ་བ་དང་བདེ་བའི་ཆོས་གཉིས་པོ་སྟོན་ཏོ།། ལ་ལ་ནི་རྟག་པ་དང་མི་རྟག་པ་སྟོན་ཏོ།། ལ་ལ་ནི་བཙང་བ་དང་མི་གཙང་བ་སྟོན་ཏོ།། བཅོམ་ལྡན་འདས་ལ་ལ་ནི་བྱང་ཆུབ་སེམས་དཔའི་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་ཏོ། ། ལ་ལ་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་གང་ཡིན་པ་སྟོན་ཏོ།། ལ་ལ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་ཀང་ཡིན་པ་སྟོན་ཏོ། ། ལ་ལ་ནི་ཉན་ཐོས་པའི་ཡོན་ཏན་གང་ཡིན་པ་སྟོན་ཏོ།། ལ་ལ་ནི་ཐེག་པ་གཅིག་ལ་བརྩམས་པ་སྟོན་ཏོ།། ལ་ལ་ནི་ཐེག་པ་གསུམ་གྱི་མངོན་པར་བྱང་ཆུབ་པ་སྟོན་ཏོ།། བཅོམ་ལྡན་འདས་ལ་ལ་ནི་རྩིབ་ལོགས་གཡོན་པ་ནས་ཆུ་འབབ་པ་དང་། རྩིབ་ལོགས་གཡས་པ་ནས་མེ་འབར་བ་སྟོན་ཏོ།། ལ་ལ་ནི་ཐོག་མ་བཙས་པ་དང་། རབ་ཏུ་བྱུང་བ་དང་། སྙིང་པོ་བྱང་ཆུབ་ལ་བཞུགས་པ་དང་། བྱང་ཆུབ་ཀྱི་ཤིང་དྲུང་ངུ་ཆོས་ཀྱི་འཁོར་ལོ་སྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བའང་སྟོན་ཏོ།། བཅོམ་ལྡན་འདས་ལ་ལ་ནི་སེང་གེའི་སྒྲ་སྒྲོགས་ཏེ། འཁོར་གྱི་དཀྱིལ་འཁོར་དག་འབྲས་བུ་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པའི་བར་དུ་འཐོབ་པར་སྟོན་ཏོ།། ལ་ལ་ནི་འཁོར་བ་ལས་འབྱུང་བའི་རྒྱུ་དང་རྐྱེན་ཚད་མེད་པའང་སྟོན་ཏོ།། དེའི་ཚེ་ན་འཛམ་བུའི་གླིང་འདིར་གནས་པའི་སེམས་ཅན་འོད་དེས་རེག་པའི་རྣམས་དམུས་ལོང་དག་ནི་མཐོང་བར་གྱུར། འོན་པ་དག་ནི་ཐོས་པར་གྱུར། ལྐུགས་པ་དག་ནི་སྤྲོ་ཤེས་པར་གྱུར།། ཞ་བོ་དག་ཀྱང་འགྲོ་ནུས་པར་གྱུར། དབུལ་བ་ལོངས་པ་ནི་ལོངས་སྤྱོད་དང་ལྡན་པར་གྱུར། སེར་སྣ་ཅན་ནི་གཏོང་འོད་པར་འགྱུར། ཞེ་སྡང་ཅན་ནི་བྱམས་པའི་སེམས་དང་ལྡན་པར་གྱུར། མ་དད་པ་རྣམས་ནི་དད་པར་གྱུར་ཏེ། དེ་ལྟར་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གཅིག་ཙམ་ཡང་མི་དགེ་བའི་ཆོ་ལ་སྤྱོད་པ་མེད་དེ། ལོག་སྲེད་ཅན་འབའ་ཞིག་ནི་མ་གཏོགས་སོ།། དེའི་ཚེ་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ཇི་ཟདཔ། ལྷ་མ་ཡིན་དང་། ནམ་མཁའི་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་དང་། གྲུལ་བུམ་དང་། མི་དང་། མི་མ་ཡིན་པ་ལ་སོགས་པ་ཐམས་ཅད་སྐད་མཐུན་པར་འདི་སྐད་ཅེས་གསོལ་ཏོ། ། ཤིན་ཏུ་ལེགས་སོ།། བླ་ན་མེད་པའི་བཅོམ་ལྡན་འདས་ལ་ཕན་པ་དང་བདེ་བའི་དོན་མཛད་པ་ཤིན་དུ་ལེགས་སོ།། ཞེས་དེ་སྐད་ཅེས་གསོལ་ནས་རབ་ཏུ་དགའ་མགུ་རངས་ཏེ། ལ་ལ་གླུ་ལེན། ལ་ལ་གར་བྱེད། ལ་ལ་ནི་ཡན་ལག་བསྐུལ་ཏེ། མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས། སངས་རྒྱས་དང་། དགེ་འདུན་དུ་བཅས་པ་ལ་མངོན་པར་གཏོར་བ་ནི། འདི་ལྟ་སྟེ་ལྷ་རྫས་ཀྱི་མེ་ཏོག་ཨུཏྤ་ལ་དང་། ལྷ་རྫས་མེ་ཏོག་ཀུ་མུ་ད་དང་། མེ་ཏོག་པདྨོ་དང་། པུན་ད་རི་ཀ་དང་། ལྷ་རྫས་ཀྱི་མེ་ཏོག་མན་ད་ར་བ་དང་། མན་ད་ར་བ་ཆེན་པོ་དང་། མན་ཛུ་ཤ་ཀ་དང་། མན་ཛུ་ཤ་ཀ་ཆེན་པོ་དང་། སན་ད་ན་དང་། སན་ད་ན་ཆེན་པོ་དང་། ལོ་ཙི་ན་དང་། ལོ་ཙན་ཆེན་པོ་དང་། བསུང་ཅན་དང་། བསུང་ཅན་ཆེན་པོ་དང་། ཡིད་དུ་འོང་བ་དང་། ཡིད་དུ་འོང་བ་ཆེན་པོ་དང་། བལྟ་ན་དགའ་བ་དང་། བལྟ་ན་དགའ་བ་ཆེན་པོ་དང་། ཤིན་ཏུ་མཛེས་པ་དང་། མཆོག་ཏུ་མཛེས་པའི་རྣམས་སོ།། གཞན་ཡང་ལྷ་རྫས་ཀྱི་སྤོས་མང་པོ་མངོན་པར་གཏོར་བ་ནི། འདི་ལྟ་སྟེ། ལྷ་རྫས་ཀྱི་སྤོས་ཆུ་འབྱིང་དང་། ཨ་ཀ་རུ་དང་། ཙན་དན་དང་། ཀུ་ར་ཀུམ་དང་། སྤོས་སྦྱར་མ་དང་། རྒྱ་མཚོའི་ངོགས་ཀྱི་བརྩེགས་པ་ལ་སོགས་པའོ།། གཞན་ཡང་ལྷ་རྫས་ཀྱི་རིན་པོ་ཆེའི་རྒྱལ་མཚན་དང་། བ་དན་དང་། གདུགས་དང་། གཞན་ཡང་ལྷ་རྫས་ཀྱི་རོལ་མོ་གླིང་བུ་དང་། གཅེའུ་ཁ་མངས་དང་། དགུ་པོ་རྒྱུད་མངས་དང་། རྔ་ལ་སོགས་པས་མངོན་པར་མཆོད་ནས། སངས་རྒྱས་ཀྱི་སྤྱན་སྔར་ཚིགས་སུ་བཅད་དེ་གསོལ་བ། བདག་ཅག་ཕྱག་འཚལ་བརྩོན་འགྲུས་རབ་རྩོམ་པ། བླ་མེད་ཡང་དག་རྫོགས་པ་རྐང་གཉིས་མཆོག། ལྷ་མི་བཅས་པ་འཁོར་གྱིས་མི་ཤེས་པ།། ཁྱུ་མཆོག་གོའུ་ཏ་མ་ཁྱོད་ནི་ཤིན་ཏུ་རྫོགས། ། བཅོམ་ལྡན་འདས་པའི་དུས་ན་བདག་ཅག་ཕྱིར།། བསྐལ་པ་ཚད་མེད་བར་དུ་དཀའ་བ་མཛད།། ཅིའི་སླད་དུ་ཐུགས་དམ་རབ་བཏང་སྟེ།། ཡོངས་སུ་མྱ་ངན་འདའ་བར་གཤེགས་པར་དགོན། འགྲོ་བ་ཐམས་ཅད་ཀུན་གྱིས་མི་ཤེས་པ།། དེ་བཞིན་གཤེགས་པའི་གསང་བའི་སྙིང་པོའོ།། དེ་ཡི་རྐྱེན་གྱིས་འབྱུང་བར་རབ་དཀའ་སྟེ།། འཁོར་བ་ཀུན་ཏུ་འཁོར་ཞིང་ངན་སོང་ལྟུང་།། བཅོམ་ལྡན་འདས་ཀྱིས་གསུངས་པའི་དགྲ་བཅོམ་པ། ། དེ་དག་ཐམས་ཅད་མྱ་ངན་འདའ་བར་འཇུག། དེ་ལྟར་སངས་རྒྱས་སྤྱོད་ཡུལ་ཟབ་མོ་ནི།། བྱིས་པ་མ་རབ་སུ་ཞིག་རྟོགས་པར་འགྱུར།། འགྲོ་བ་ཀུན་གྱི་ཉོན་མོངས་བསལ་བའི་ཕྱིར། ། འགྲོ་བ་ཀུན་ལ་ཟིལ་དང་ར་ཆོས་ཀྱང་གཏོར།། གང་ཞིག་བདུད་རྩི་འདི་དག་མྱོང་བ་ནི།། ཕྱིར་ཡང་སྐྱེ་རྒ་ན་འཆི་ལེན་མི་སྲིད།། བཅོམ་ལྡན་འདས་ཀྱིས་ཤིན་ཏུ་གསོ་བ་ནི། ། སེམས་ཅན་མང་པོ་བརྒྱད་སྟོང་ཚད་མེད་སྙེད།། ནད་ཀྱིས་ཤིན་ཏུ་གདུངས་ཏེ་གཟིར་བའི་རྣམས།། ལྷག་མ་ལུས་པའི་མེད་པར་ཐམས་ཅད་བསལ།། བཅོམ་ལྡན་འདས་ནི་ཡུན་རིང་ནད་སྤངས་པས། ། དེ་ཕྱིར་སངས་རྒྱས་ཐ་མ་བདུན་པར་གྱུར།། དེང་འདིར་ཆོས་ཀྱི་ཆར་ཀུན་ཕབ་ནས་སུ།། བདག་ཅག་ཡོན་ཏན་ས་བོན་བརླན་པར་མཛོད།། དེ་ལྟར་ལྷ་མིར་བཅས་པའི་འཁོར་རྣམས་ཀྱིས། ། དེ་སྐད་གསོལ་ནས་ཅང་མི་སྨྲ་བར་འཁོད།། ཚོགས་སུ་བཅད་པ་འདི་དག་གསོལ་བའི་ཚེ།། པདྨོ་ལ་བཞུགས་པའི་སངས་རྒྱས་ཐམས་ཅད་འཛམ་བུའི་གླིང་ནས། གནས་གཙང་མ་རིས་ཀྱི་བར་དུ་ཐམས་ཅད་ཀྱིས་ཐོས་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནས། རིགས་ཀྱི་བུ་འདི་ལྟར་ཁྱོད་ནི་ཤིན་དུ་ཟབ་མོའི་ཡེ་ཤེས་འདི་ལྟ་བུ་དང་ལྡན་པས་ན། བདུད་དང་མུ་སྟེགས་ཅན་ཐམས་ཅད་ཀྱིས་རྣམ་པར་འཇིག་མི་ནུས་སོ།། རིགས་ཀྱི་བུ་ཁྱོད་འདི་ལྟར་ཤིན་ཏུ་བདེ་བར་གནས་པས་ངན་པར་ལྟ་བ་ཐམས་ཅད་ཀྱི་རླུང་གིས་བསྐྱོད་པར་མི་ནུས་སོ། ། རིགས་ཀྱི་བུ་ཁྱོད་ཀྱིས་འདི་ལྟར་སོ་སོ་ཡང་དག་པར་ཤེས་པའི་སྤོབས་པ་དང་ལྡན་པ་ནི། འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་མཆོད་པ་བྱས་པས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་འདི་དག་དྲིས་པར་གྱུར་ཏོ།། རིགས་ཀྱི་བུ་ང་ནི་ཡུན་རིང་པོ་བསྐལ་པ་ཚད་མེད་མཐའ་ཡས་དཔག་ཏུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་ནད་ཀྱི་དངོས་པོ་དང་བྲལ་བས་བརྙེས་ཏེ་ཉལ་བའང་ཡོངས་སུ་སྤང་ངོ་། ། འོད་སྲུངས་སྔོན་བསྐལ་པ་ཚད་མེད་གྲངས་མེད་པ་འདས་པ་དེའི་ཚེ་དེའི་དུས་ན། སངས་རྒྱས་བཅོམ་ལྡན་འདས་བླ་མེད་རྒྱལ་བ་ཞེས་བྱ་བ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པ། མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མངོན་པར་བྱུང་ནས། ཉན་ཐོས་རྣམས་ལ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་རྒྱས་པར་ཕྱེ་ཞིང་བསྟན་ཏེ། དོན་རྟོགས་པར་བྱས་སོ།། དེའི་ཚེ་ནང་ཡང་སངས་རྒྱས་དེའི་ཉན་ཐོས་སུ་གྱུར་པས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་གཟུངས་སུ་གཟུང་ནས། ཀློག་པ་དང་། འདོན་པ་དང་། དོན་ཁོང་དུ་ཆུད་པ་དང་། གླེགས་བམ་དུ་འདྲི་བ་དང་། གཞན་ལ་རྒྱས་པར་འབྱེད་ཅིང་སྟོན་པ་ལ་སོགས་པ་བྱས་ཏེ། དགེ་བའི་རྩ་བ་དེ་ཉིད་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་སོ།། རིགས་ཀྱི་བུ་དེ་ཚུན་ཆད་སྡིག་པའི་ཉོན་མོངས་པའི་ལས་རྒྱས་ངན་སོང་དུ་ལྷུང་མ་མྱོང་ངོ་། ། དམ་པའི་ཆོས་ལ་སྐུར་ཏེ་ལོག་སྐུད་ཅན་གྱི་ལུས་སམ། ཤུང་རུམ་དང་། དབང་པོ་མེད་པ་དང་། མཚན་གཉིས་པའི་ལུས་ཀྱང་ལེན་མཆོང་ངོ། ། མཚམས་མེད་པའི་ལས་པ་མ་བསོད་པ་དང་། དགྲ་བཅོམ་པ་བསང་པོ་དང་། མཆོད་རྟེན་བཤོག་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། སངས་རྒྱས་ཀྱི་སུ་ལ་ངན་སེམས་ཀྱིས་ཁྲག་བྱུང་དང་། རྩ་བ་བ་ནི་ཉམས་པའི་ལས་བྱེད་མ་མྱོང་ངོ་།། དེ་ཚུན་ཆད་ལུས་དང་སེམས་རབ་ཏུ་བདེ་བར་གྱུར་གྱི། སྡུག་བསྔལ་གྱིས་གདུངས་པར་མ་གྱུར་ཏོ།། འོད་སྲུངས་ང་ནི་ཡང་དག་པར་ན་ནད་ཐམས་ཅད་མེད་དོ།། དེ་ཅིའི་ཕྱིར་ན་ན། སངས་རྒྱས་བཅོམ་ལྡན་འདས་ནི་ཡུན་རིང་པོ་ནས་ནད་ཐམས་ཅད་ཡོངས་སུ་སྤངས་པའི་ཕྱིར་རོ།། འོད་སྲུངས་སོ་སོའི་སྐྱེ་བོ་དག་ནི་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པ་ལས་དགོངས་ཏེ་གསུངས་པར་དོན་མི་ཤེས་པས་ན། དེ་བཞིན་གཤེགས་པ་ཡང་དག་པར་ནད་ཡོད་དོ་སྙམ་སེམས་སོ།། འོད་སྲུངས་དེ་བཞིན་གཤེགས་པ་ནི་མིའི་ནང་ན་སེང་གེའོ།། ཞེས་བྱ་བ་དེའང་དེ་བཞིན་གཤེགས་པ་ནི་ཡང་དག་པར་སེར་གེ་མ་ཡིན་ཏེ། དེ་སྐད་ཅེས་གསུངས་པ་དེ་ནི་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ནི་ཡིན་པར་རིག་པར་བྱའོ།། འོད་སྲུངས་དེ་བཞིན་གཤེགས་པ་ནི་མིའི་ནང་ན་ཀླུ་ཆེན་པོ་ཞེས་བྱ་བ་ཡང་། ང་ནི་བསྐལ་པ་ཚད་མེད་པའི་བར་དུ་ལས་དེ་དག་ཡོངས་སུ་སྤངས་པ་ཡིན་ནོ། ། འོད་སྲུངས་དེ་ལ་དེ་བཞིན་གཤེགས་པ་ནི་མི་ཡིན་ནོ།། ལྷ་ཡིན་མོ་ཞེས་ཟེར་ཏེ། ཡང་དག་པར་ནང་ནི་མིའང་མ་ཡིན།། ལྷའང་མ་ཡིན། གནོད་སྦྱིན་མ་ཡིན། དྲི་ཟ་མ་ཡིན། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་མ་ཡིན། བདག་མ་ཡིན། སྲོག་མ་ཡིན། འཚོ་བ་མ་ཡིན། ཤེད་ཅན་མ་ཡིན། ཤེད་བདག་མ་ཡིན། བྱས་པ་མ་ཡིན། མ་བྱས་པ་མ་ཡིན། ཚོར་བ་མ་ཡིན། མི་ཚོར་བ་མ་ཡིན། བཅོམ་ལྡན་འདས་མ་ཡིན། ཉན་ཐོས་མ་ཡིན། སྨྲ་བ་མ་ཡིན། མི་སྨྲ་བ་མ་ཡིན་ཏེ། དེ་སྐད་ཅེས་གསུངས་བ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཡིན་པར་རིག་པར་བྱའོ། ། འོད་སྲུངས་དེ་ལ་དེ་བཞིན་གཤེགས་པ་ནི་རྒྱ་མཚོ་དང་འདྲའོ།། རི་རབ་དང་འདྲའོ་ཞེས་ཀྱང་བྱ་སྟེ། ཡང་དག་པར་ན་དེ་བཞིན་གཤེགས་པ་ནི་ལན་ཚྭའི་རོ་བྲོ་བ་མ་ཡིན། ཟག་ལྟ་བུ་མ་ཡིན་ཏེ། དེ་སྐད་ཅེས་གསུངས་པ་དེའང་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཡིན་ནོ།། འོད་སྲུངས་དེ་བཞིན་གཤེས་པ་ནི་པུན་ད་རི་ཀ་དང་འདྲའོ་ཞེས་ཀྱང་བྱ་སྟེ། ཡང་དག་པར་ན་དེ་བཞིན་གཤེགས་པ་ནི་པུན་ད་རི་ཀ་མ་ཡིན་ཏེ། དེ་སྐད་ཅེས་གསུངས་པ་དེའང་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཡིན་ནོ།། འོད་སྲུངས་དེ་བཞིན་གཤེགས་པ་ནི་བ་མ་ལྟ་བུའོ།། ཞེས་ཀྱང་བྱ་སྟེ། དེ་བཞིན་གཤེགས་པ་ནི་ཡང་དག་པར་ན་ལམ་མ་ཡིན་གྱི། དེ་སྐད་ཅེས་གསུངས་པ་དེའང་དེ་བཞིན་གཤེགས་པས་དགོངས་ཏེ། གསུངས་པ་ཡིན་ནོ།། འོད་སྲུངས་དེ་བཞིན་གཤེགས་པ་ནི་དེད་དཔོན་ཆེན་པོ་ཞེས་ཀྱང་བྱ་སྟེ། དེ་བཞིན་གཤེགས་པ་ནི་ཡང་དག་པར་ན་དེད་དཔོན་ཆེན་པོ་མ་ཡིན་གྱི། དེ་སྐད་དུ་གསུངས་པ་དེའང་། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཡིན་ནོ།། འོད་སྲུངས་དེ་བཞིན་གཤེགས་པ་ནི་ཚོང་དཔོན་དང་འདྲ་བའོ་ཞེས་བྱ་སྟེ། ཡང་དག་པར་ན་དེ་བཞིན་ག། ཤེས་བ་ནི་ཚོང་དཔོན་མ་ཡིན་གྱི། དེ་སྐད་ཅེས་གསུངས་པ་དེའང་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཡིན་ནོ།། འོད་སྲུངས་དེ་བཞིན་གཤེགས་པ་ནི་བདུད་བཅོམ་པའོ་ཞེས་ཀྱང་བྱ་སྟེ། ཡང་དག་པར་ན་དེ་བཞིན་གཤེགས་པ་ལ་ངན་སེམས་ནི་མེད་ཀྱི། དེ་དག་གདུལ་བའི་ཕྱིར་དེ་སྐད་ཅེས་གསུངས་པ་དེའང་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཡིན་ནོ།། འོད་སྲུངས་དེ་བཞིན་གཤེས་པ་ནི་འབྲུམ་བུ་མ་རུངས་པ་གསོ་བའོ་ཞེས་ཀྱང་བྱ་སྟེ། ཡང་དག་པར་ན་དེ་བཞིན་གཤེགས་པ་ནི་འབྲུམ་བུ་གསོ་བའི་མཁན་པོ་མ་ཡིན་གྱི། དེ་སྐད་ཅེས་གསུངས་པ་དེའང་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཡིན་ནོ། ། འོད་སྲུངས་ངས་སྔར་གསུངས་པ་ལྟར་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཞིག་ལུས་དང་། ངག་དང་། ཡིད་ཀྱི་ལས་ཡོངས་སུ་དག་པར་སྦྱོང་བ་དེའང་ཐ་མ་འཆི་བའི་དུས་བྱེད་པ་ན་གཉེན་བཤེས་ཡོད་མོད་ཀྱི། དེའི་རོགལ་ཏེ་ན་མེར་སྲེག་གོ། གལ་ཏེ་ན་ཆུའི་ནང་ངམ། དུར་ཁྲོད་དུ་འདོར་ཏེ། ཝ་དང་། ཁྱི་དང་། སྤྱད་ཀི་ལ་སོགས་པས་ཟོས་ཀྱང་། དེའི་རྣམ་པར་ཤེས་པ་ནི་མཐོ་རིས་སུ་སྐྱེའོ། ། དེ་ལྟར་དེའི་སེམས་ནི་སོང་བ་དང་འོང་བ་རང་མེད། ཕྱིན་པའི་གནས་ཀྱང་མེད་ཀྱི། རྫ་ཕྱིར་འདྲ་བའི་སྐད་ཅིག་མའི་རྒྱན་ཡིན་གྱི། ཐ་དད་པ་ནི་མེད་དོ་ཞེས་དེ་སྐད་གསུངས་པ་དེའང་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཡིན་ནོ། ། འོད་སྲུངས་ད་ལྟ་རང་ནའོ་ཞེས་བྱ་བའང་དེ་དང་འདྲ་སྟེ། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཡིན་ཏེ།། དེ་བས་ན་སྲོག་ལ་ལྟ་བས་ང་རྒྱབ་སྐུང་གིས། འཇམ་དཔལ་ཁྱོད་འཁོར་རྣམ་བཞི་ལ་ཆོས་སྟོན་ཅིག་ཅེས་བྱས་པ་ཡིན་ནོ།། འོད་སྲུངས་ཡང་དག་པར་ན་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མི་སྲུང་སྟེ། བློ་གཡས་པས་ཕབ་ནས་ཉལ་བའང་མེད་ལ། མཐར་ཡོངས་སུ་མྱ་ངན་ལས་འདས་པའང་མེད་དོ།། འོད་སྲུངས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ནི། སངས་རྒྱས་རྣམས་ཀྱི་ཏིང་ངེ་འཛིན་ཤིན་ཏུ་ཟབ་མོ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ།། འོད་སྲུངས་ཁྱོད་སྔ་རང་ལ་འཆི་བ་ལས་དེ་བཞིན་གཤེགས་པ་ཅིའི་སླད་དུ་གཟིམས་ཏེ་མི་བཞེངས།། ཞལ་ཟས་ཀྱང་མི་གསོལ། འཁོར་རྣམས་ལ་གདམས་པ་དང་འཚོ་ཆོས་ཀྱི་ལས་ལ་སོགས་པའང་མི་སྟོན་ཞེས་དྲིས་པ་ནི། འོད་སྲུངས་འདི་ལྟ་སྟེ། ནམ་མཁའ་ཉིད་ལ་ནི་འདུག་པའམ། ལངས་པའང་མེད། ཟས་དང་སྐོམ་འདོད་པའ་མེད་འཁོར་རྣམས་ལ་གདམས་པ་དང་འཚོ་ཚིས་ཀྱི་ལས་སྟོན་པའང་མེད། འོང་བ་དང་། སོང་བ་དང་། སྐྱེ་བ་དང་། འགོག་པ་དང་། རྒ་བ་དང་། ལང་ཚོ་བ་དང་། བྱུང་བ་དང་། ནུབ་པ་དང་། སྦས་པ་དང་། འམ། བདང་། གྲོལ་བ་དང་། འཆིང་བ་ཞེས་བྱ་བ་མེད། བདག་ཅེས་བརྗོད་པ་མེད། གཞན་ཞེས་བརྗོད་པ་མེད། བདག་གྲོལ་བའང་མེད། གཞན་དཀྲོལ་བའང་མེད། བདེ་བའང་མ་ཡིན། ནབའང་མ་ཡིན་ནོ།། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཀྱང་དེ་དངར་རྔ་སྟེ། ནམ་མཁའ་ལྟ་བུ་ཡིན་ན།། ནད་ཀྱིས་སྡུག་བསྔལ་བ་ག་ལ་ཞིག་ཡོད། འོད་སྲུངས་འཇིག་རྟེན་ན་གང་ཟག་རྣམ་པ་གསུམ་གྱི་ན་ན་ཤིན་དུ་འང་ག་སོ་དཀའ་རོ། ། གང་ཞེ་ན། ཐེག་པ་ཆེན་པོ་ལ་སྒྱུར་བ་དང་། མཚམས་མེད་པ་ལྔ་བྱས་པ་དང་། ལོག་སྲད་ཅན་ཏེནད་པ་རྣམ་པ་འདི་གསུམ་ནི་འཇིག་རྟེན་ན་ཤིན་དུའང་གསོད་སྟེ། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔས་ཀྱང་གསོ་ནུས་པ་མ་ཡིན་ནོ།། རིགས་ཀྱི་བུ་དཔེར་ན་ངེས་པར་འཆི་བའི་ནད་པ་གསོ་དཀའ་བ་ནི་ནད་གཡོག་དང་། ཡིད་བཞིན་གྱི་སྨན་དུ་ལྡན་ནམ། ནད་གཡོག་མེད་དམ། ཡིད་བཞིན་དུ་སྨན་དང་མི་ལྡན་ནའང་ནད་དེ་ནི་ངེས་པར་གསོར་མི་རུང་བས་ན། མི་དེ་གདོན་མི་ཟ་བར་འཆིའོ།། རིགས་ཀྱི་བུ་གང་ཟག་རྣམ་པ་གསུམ་པོ་དེའང་དེ་དང་འདྲ་སྟེ། གལ་ཏེ་ཉན་ཐོས་སམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔས་ཆོས་བསྟན་ཏམ། ཆོས་མ་བསྟན་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་མི་ནུས་སོ།། ། འོད་སྲུངས་དཔེར་ན་ནང་པ་གསོར་རུང་བ་ནད་གཡོག་དང་ཡིད་བཞིན་གྱི་སྨན་དང་ལྡན་ན་འཚོ་བར་འགྱུར་རོ།། རྣམ་པ་གསུམ་པོ་དང་མི་ལྡན་ན་འཚོ་བར་མི་འགྱུར་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱང་དེ་དང་འཇ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལས་ཆོས་ཐོས་ན་དེ་མ་ཐག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུར་གྱི། ཆོས་མ་ཐོས་པས་སེམས་བསྐྱེད་པར་འགྱུར་བ་ནི་མ་ཡིན་ནོ། ། འོད་སྲུངས་དཔེར་ན་ནང་པ་ཞིག་ནད་གཡོག་དང་ཡིད་བཞིན་གྱི་སྨན་དང་ལྡན་ཡང་རུང་།། ནད་གཡོག་དང་ཡིད་བཞིན་གྱི་སྨན་དུ་མི་ལྡན་ཡང་རུང་སྟེ། འཚོ་བར་འགྱུར་བ་ཡོད་དེ། དེ་བཞིན་དུ་གང་ཟག་རྣམ་པ་གཅིག་ཀྱང་དེ་དང་འཇ་སྟེ། ཉན་ཐོས་དང་ཕྲད་ཀྱང་རུང་། ཉན་ཐོས་དང་མ་ཕྲད་ཀྱང་རུང་། རང་སངས་རྒྱས་དང་ཕྲད་ཀྱང་རུང་། རང་སངས་རྒྱས་དང་མ་ཕྲད་ཀྱང་རུང་། བྱང་ཆུབ་སེམས་དཔའ་དང་ཕྲད་ཀྱང་རུང་། བྱང་ཆུབ་སེམས་དཔའ་དང་མ་ཕྲད་ཀྱང་རུང་། དེ་བཞིན་གཤེགས་པ་དང་ཕྲད་ཀྱང་རུང་། དེ་བཞིན་གཤེགས་པ་དང་མ་ཕྲད་ཀྱང་རུང་། ཆོས་ཐོས་ཀྱང་རུང་། ཆོས་མ་ཐོས་ཀྱང་རུང་སྟེ། ཐ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་བ་ཡོད་དོ།། འདི་ལྟ་སྟེ། གང་ཟག་སུ་ཞིག་བདག་གི་ཕྱིར་རམ། གཞན་གྱི་ཕྱིར་རམ། གལ་ཏེ་འཇིགས་བའི་ཕྱིར་རམ། རྙེད་པ་དང་གྲགས་པའི་ཕྱིར་རམ། གཡོ་སྒྱུའི་ཕྱིར་རམ། གཞན་བསྲུ་བ་ཙམ་གྱི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་བྲིས་སམ། འདྲིར་བཅུག་ཀམ། འཆ་ངམ། འཛིན་ཏམ། ཀློག་གམ། འདོན་ཏམ། བསྟི་སྟང་དང་བཅས་པས་མཆོད་པ་བྱེད་དམ། གཞན་ལ་སྟོན་ཅིག་འཆད་པའོ།། འོད་སྲུངས་གང་ཟག་རྣམ་པ་འདི་ལྔ་ནི་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ཝ་འདྲ་བའི་མདོ་སྡེ་འདི་ལ་སྐྱོན་དང་བཅས་བཞིན་དུ་སྤྱོད་ཀྱི། དེ་བཞིན་གཤེགས་པ་མ་ཡིན་ནོ།། ལྔ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་རྣམ་པ་གསུམ་བཅད་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པས། སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། སི་དགས་ཀྱི་ཁམས་སུ་མི་སྐྱེའི། ལྷ་དང་མིར་ལན་བདུན་ལྡོག་པ། སྡུག་བསྔལ་ཐམས་ཅད་བཅད་ནས། མྱ་ངན་ལས་འདས་པར་ཞུགས་པ་སྟེ། འོད་སྲུངས་དེ་ནི་སྐྱོན་དང་བཅས་པས་སྤྱོད་པའི་གང་ཟག་གཅིག་ཅེས་བྱ་སྟེ། མ་འོངས་པའི་དུས་ཀྱི་བསྐལ་པ་བརྒྱད་ཁྲི་འདས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། ། འོད་སྲུངས་ཉོན་མོངས་པ་ཐ་མ་གསུམ་པོ་བཅད་ནས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྲབ་པར་གྱུར་ཏེ། ལན་ཅིག་ཕྱིར་ལྡོག་པའི་འབྲུ་བུ་ཐོབ་པས་ལན་ཅིག་ཕྱིར་ལྡོག་སྟེ། སྡུག་བསྔལ་ཡོངས་སུ་བཅད་ནས། མྱ་ངན་ལས་འདས་པར་ཞུགས་པ་ནི། འོད་སྲུངས་སྐྱོན་དང་བཅས་པར་སྤྱོད་པ་གཉིས་ཞེས་སྟེ། དེའང་བསྐལ་པ་དྲུག་ཁྲི་འདས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ།། འོད་སྲུངས་གང་ཟག་གསུམ་པ་དེ་ནི་ཉོན་མོང་པ་ཐ་མ་ལྔ་པོ་བཅད་དེ་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པར་ཕྱིར་མི་ལྡོག་སྟེ། སྡུག་བསྔལ་ཐམས་ཅད་བཅད་ནས། མྱ་ངན་ལས་འདས་པར་ཞུགས་པ་ནི་སྐྱོན་དང་བཅས་པར་སྤྱོད་པ་གསུམ་ཞེས་བྱ་སྟེ། དེའང་བསྐལ་པ་བཞི་ཁྲི་འདས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ།། འོད་སྲུངས་གང་ཟག་བཞི་པ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཡོངས་སུ་བཅད་ནས། དགྲ་བཅོམ་པའི་འཟས་བུ་ཐོབ་པས་ཉོན་མོངས་པ་ལྷག་མ་མ་ལུས་པར་མྱ་ངན་ལས་འདས་པར་ཞུགས་པ་ནི། བསེ་རུ་ལྟར་གཅིག་ཏུ་སྤྱོད་པའང་མ་ཡིན་ཏེ། དེ་ནི་སྐྱོན་དང་བཅས་པར་སྤྱོད་པ་བཞི་ཞེས་བྱ་སྟེ། དེའང་ང་སྐལ་པ་ཉི་ཁྲི་འདས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ།། འོད་སྲུངས་གང་ཟག་ལྔ་པའང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཡོངས་སུ་བཅད་ནས། རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་སྟེ། ཉོན་མོངས་པ་ལྷག་མ་མ་ལུས་པར་མྱ་ངན་ལས་འདས་པར་ཞུགས་ཏེ། བསེ་རུ་ལྟར་གཅིག་པུ་སྤྱོད་པ་ནི་སྐྱོན་དང་བཅས་པར་སྤྱོད་པ་ལྔ་ཞེས་བྱ་སྟེ། དེའང་བསྐལ་པ་ཁྲི་འདས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ།། འོད་སྲུངས་དེ་དག་ནི་སྐྱོན་དང་བཅས་པར་སྤྱོད་པའི་གང་ཟག་ལྔ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ནི་མ་ཡིན་ནོ།། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས། འཁོར་མང་པོ་ཀུན་དྲིས་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་པའོ།། ། ། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་ལས་སྤྱོད་པ་རྣམ་ལྔ་ཡིད་ལ་བྱའོ། ། ལྔ་གང་ཞེ་ན། འཕགས་པའི་སྤྱོད་པ་དང་། ཚངས་པའི་སྤྱོད་པ་དང་། ལྷའི་སྤྱོད་པ་དང་། བྱིས་པའི་སྤྱོད་པ་དང་། སྐྱོན་དང་བཅས་པའི་སྤྱོད་པའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སྤྱོད་པ་ལྔ་པོ་འདི་ལ་ཤིན་ཏུ་ནན་ཏན་བྱའོ། ། གཞན་ཡང་སྤྱོད་པ་གཅིག་སྟེ། དེ་བཞིན་གཤེགས་པའི་སྤྱོད་པའོ།། དེའང་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདིའོ། ། འོད་སྲུངས་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཕགས་པའི་སྤྱོད་པ་སྤྱོད་ཅེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་བོཔོས་གལ་ཏེ་ཉན་ཐོས་སམ། དེ་བཞིན་གཤེགས་པ་ལས་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ཐོས་ནས་དད་པ་བསྐྱེད་དོ།། དད་པ་བསྐྱེད་ནས་འདི་སྙམ་དུ་བསམ་པ་ཡིད་ལ་བྱའོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བླ་ན་མེད་པའི་ལམ་ཡོད་དེ། ཡང་དག་པའི་ཆོས་ཆེན་པོ་ཡོད་པས་འཁོར་མང་པོའི་རྣམས་ཡང་དག་པར་སྤྱོད་དེ། གཞན་ཡང་ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོའི་མདོ་སྡེ་ཡོད་དེ། བདག་ཀྱང་དེ་ལ་དད་པ་དང་མོས་པར་བྱའོ། ། ཐེག་པ་ཆེན་པོའི་མདོ་སྡེ་ཚོལ་བའི་ཕྱིར་ཤིན་ཏུ་ཆགས་པའི་ཆུང་མ་དང་། བུ་དང་། འཁོར་རྣམས་དང་། གནས་པའི་ཁང་ཁྱིམ་དང་། གསེར་དང་། དངུལ་དང་། རིན་པོ་ཆེ་དང་། རྒྱན་དམ་པ་དང་། མེ་ཏོག་དང་། སྤོས་དང་། རོལ་མོ་དང་། ཟན་པོ་དང་། ཟན་མོ་དང་། ལས་བྱེད་པའི་མི་དང་། ཁྱེའུ་དང་། བུ་མོ་དང་། བལ་གླང་དང་། རྟ་དང་། ཤིང་རྟ་དང་། གླང་དང་། ལུག་དང་། བྱ་དང་། ཁྱི་དང་། ཕག་ལ་སོགས་པའང་ཡོངས་སུ་གཏང་བར་བྱའོ།། ཡང་འདི་སྙམ་དུ་བསམས་ཏེ། ཁྱིམ་ན་གནས་པ་ཤིན་ཏུ་དོག་པ་ནི་བཙོན་ར་དང་མཚུངས་ཏེ། ཉོན་མོང་པ་ཐམས་ཅད་ཀྱང་དེའི་དབང་གིས་སྐྱེའོ། ། རབ་ཏུ་བྱུང་བ་ཤིན་ཏུ་ཡངས་པ་ནི་ནམ་མཁའ་དང་འདྲ་སྟེ། དགེ་བའི་ཆོས་ཐམས་ཅད་ཀྱང་དེའི་དབང་གིས་སྐྱེ་ཞིང་འཕེལ་ལོ།། ཁྱིམ་ན་གནས་པས་འཚོ་བའི་མཐར་མི་ཕྱིན་གྱི། བདག་ཚངས་པར་སྤྱོད་པའི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ་ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་འབྱུང་ཞིང་། བྱང་ཆུབ་ལ་ནན་ཏན་བྱའོ་སྙམ་དུ་བསམས་ནས། བདག་གདོན་མི་ཟ་བར་རབ་ཏུ་ཕྱུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ནན་ཏན་བྱའོ།། བྱང་ཆུབ་སེམས་དཔའ་དེ་ལྟར་རབ་ཏུ་བྱུང་བའི་ཚེ། བདུད་སྡིག་ཅན་ཤིན་ཏུ་སྡུག་བསྔལ་བར་གྱུར་ནས་འདི་སྐད་དུ། བྱང་ཆུབ་སེམས་དཔའ་འདི་ཡང་ང་དང་རྩོད་པར་འགྱུར་རོ་ཞེས་ཟེར་རོ།། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་གཞིན་དང་ལྷ་ག་ལ་ཞིག་རྩོད་དེ། དེའི་ཚེ་ན་བྱང་ཆུབ་སེམས་དཔའ་དེ་དགེ་འདུན་གྱི་གནས་སུ་སོང་ནས། གལ་ཏེ་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་ཉེ་གནས་སྤྱོད་ལམ་དང་ལྡན་པ། དབང་པོ་ཞི་བ། སེམས་མཉེན་ཞིང་དེས་པ། ཡོངས་སུ་དག་པ། རབ་ཏུ་ཞི་བའི་དྲུང་དུ་སོང་ནས་རབ་ཏུ་འབྱུང་བར་གསོལ་ཏེ། སྐྲ་དང་ཁ་སྤུ་བྲེགས་ནས་ཆོས་གོས་ངུར་སྨྲིག་གྱོན་ནོ།། དེ་ལྟར་རབ་ཏུ་བྱུང་ནས་ཚུལ་ཁྲིམས་ཡོངསུ་བསྲུངས་ཏེ། སྤྱོད་ལམ་མི་ཉམས་པ། སྤྱོད་ལམ་མཛེས་པ་དང་། ཉེས་པ་མི་བྱེད་པ་དང་། ཆུང་ངུ་ན་ཉེས་བྱས་ཀྱི་བར་དུའང་འཇིགས་པའི་སེམས་བསྐྱེད་ཅིང་། ཚུལ་ཁྲིམས་བསྲུངས་པའི་སེམས་རྡོ་རྗེ་ལྟར་བརྟན་པའོ། ། རིགས་ཀྱི་བུ་དཔེར་ན་མི་ཞིག་རྒྱལ་བ་ཐོགས་ཏེ་རྒྱ་མཚོར་ཞུགས་པ་ལས། དེའི་ཚེ་རྒྱལ་ཚོའི་ནང་ནས་སྲིན་པོ་ཞིག་གིས་མི་དེ་ལ་རྒྱལ་བ་བསླངས་པ་ལས། མི་དེས་དེ་སྐད་ཅེས་ཐོས་ནས། དེ་འདི་སྙམ་དུ་སེམས་ཏེ། བདག་ཅི་སྟེ་རྐྱལ་པ་འདི་བྱིན་ན་གདོན་མི་ཟ་བར་ཆུའི་ནང་དུ་ནུབ་སྟེ་འཆིའོ་སྙམ་དུ་བསམས་ནས། སྲིན་པོ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱིས་བདག་གསད་ཀྱང་བླའི། རྐྱལ་པ་ནི་སྦྱིན་དུ་མི་རུང་ངོ་།། སྲིན་པོས་ཡང་སྨྲས་པ། རིལ་གྱིས་སྦྱིན་དུ་མི་རུང་ནའང་ཕྱེད་ཙམ་ཞིག་མི་སྦྱིན་དུ་མི་རུང་ངམ་ཞེས་སྨྲས་ཀྱང་མ་སྟེར་ཏོ།། སྲིན་པོས་ཡང་སྨྲས་པ། ཕྱེད་སྦྱིན་དུ་མི་རུང་ན་སུམ་ཆ་ཙམ་བྱིན་ཅིག་ཅེས་བྱས་ཀྱང་མ་སྟེར་ཏོ། ། སྲིན་པོས་ཡང་སྨྲས་པ། སུམ་ཆ་སྦྱིན་དུ་མི་རུང་ནའང་ལག་མཐིལ་ཙམ་བྱིན་ཅིག་ཅེས་སྨྲས་ཀྱང་མ་སྟེར་ཏོ།། སྲིན་པོས་ཡང་སྨྲས་པ། འདི། ལྟར་ཁྱོད་ཀྱིས་ལག་མཐིལ་ཙམ་ཡང་མི་སྦྱིན་ན། བདག་ནི་ཤིན་ཏུ་ལྟོགས་པས་སྡུག་བསྔལ་གྱིས་ཡོངས་སུ་གདུངས་ན། རྡུལ་གྱི་ཆ་ཤེས་ཞིག་བདག་ལ་སྩལ་དུ་གསོལ།། མི་དེས་སྨྲས་པ། ཁྱོད་སློང་བ་འདིའང་ཤིན་ཏུའང་ཆུང་མོད་ཀྱི། ། འོན་ཀྱང་བདག་རྒྱ་མཚོ་མ་བརྒལ་ལ། ཕ་རོལ་གྱི་མཐའ་ཉེ་རིང་ཡང་མ་རྟོགས་པར་ཁྱོད་ལ་བྱིན་པར་གྱུར་ན་དབུགས་ཕྱིར་འབྱུང་སྟེ། རྒྱ་མཚོའི་བགེགས་ལས་ཀྱང་ག་ལ་ཞིག་ཐར་ཏེ། ཆུའི་ནང་དུ་བདག་འཆི་བར་འགྱུར་རོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཡོངས་སུ་སྲུང་བའང་དེ་དང་འདྲ་སྟེ། ཇི་ལྟར་རྒྱ་མཚོ་རྒལ་བའི་མི་དེ་རྒྱལ་བའི་འདས་པ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་ཚུལ་ཁྲིམས་སྲུངས་པའི་ཚེ་ན། ཉོན་མོངས་པའི་སྲིན་པོ་མ་རུངས་པ་རྣམས། བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་རོཁྱོད་བདག་སྨྲ་བ་ལ་ཡིད་ཆེས་པར་གྱིས་ཤིག་དང་། ཁྱོད་ལ་སྨྲ་བ་མ་ཡིན་ཏེ། ཁྱོད་ཀྱིས་ཕས་ཕམ་པ་བཞི་ཉམས་ཀྱང་། ཚུལ་ཁྲིམས་གཞན་བསྲུངས་ན། དེའི་རྒྱུ་དེའི་རྐྱེན་གྱིས་ཁྱོད་རབ་ཏུ་བདེ་བའི་མྱ་ངན་ལས་འདའ་བ་འཐོབ་པར་འགྱུར་རོ་ཞེས་ཟེར་ཏེ། དེའི་ཚེ་ན་བྱང་ཆུབ་སེམས་དཔའ་དེ་འདི་སྐད་ཅེས་ཟེར་རོ།། བདག་ཀྱང་ཚུལ་ཁྲིམས་དེ་དག་བསྲུངས་པས་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྷུང་ཡང་བླའི། ཚུལ་ཁྲིམས་ཉམས་ཏེ་མཐོ་རིས་ཀྱི་ལྷར་སྐྱེ་བ་མི་འདོད་དོ།། ཉོན་མོངས་པའི་སྲིན་པོ་ཡང་འདི་སྐད་ཅེས་ཟེར་རོ།། ཁྱོད་པས་ཕམ་པ་བཞི་ཉམས་པར་མི་འདོད། དགེ་འདུན་གྱི་ལྷག་མ་མ་བསྲུངས་ཀྱང་། དེའི་རྒྱུ་དེའི་རྐྱེན་གྱིས་རབ་ཏུ་བདེ་བའི་མྱ་ངན་ལས་འདའ་བ་ཐོབ་པར་འགྱུར་རོ་ཞེས་སྨྲས་ཀྱང་། དེའི་རྗེས་སུ་མི་འཇུག་གོ། ཉོན་མོངས་པའི་སྲིན་བོ་ཡང་འདི་སྐད་དུ་ཁྱོད་དགེ་འདུན་གྱི་ལྷག་མ་ཉམས་པར་མི་འདོད་ན། ཉེས་པ་སྦོམ་པོའི་ཆོས་ཉམས་ཀྱང་། དེའི་རྒྱུ་དེའི་རྐྱེན་གྱིས་ཁྱོད་རབ་ཏུ་བདེ་བའི་མྱ་ངན་ལས་འདའ་བ་ཐོབ་པར་འགྱུར་རོ། ཞེས་སྤྲས་ཀྱང་། བྱང་ཆུབ་སེམས་དཔམ་ཚིག་དེའི་རྗེས་སུ་མི་འཇུག་གོ།། ཉོན་མོངས་པའི་སྲིན་པོ་ཡང་འདི་སྐད་དུ་ཁྱོད་ཉིས་ལ་སྦོམ་མམ་ཆོས་ཉམས་པར་མི་འདོད་ན། སྤང་བའི་ལྟུང་བ་ཆོམ་ཉམས་ཀྱང་། དེའི་རྒྱུ་དེའི་རྐྱེན་གྱིས་རབ་ཏུ་བདེ་བའི་མྱ་ངན་ལས་འདའ་བ་ཐོབ་པར་འགྱུར་རོ་ཞེས་སྨྲས་ཀྱང་། བྱང་ཆུབ་སེམས་དཔའ་ཚིག་དེའི་རྗེས་སུ་མི་འཇུག་གོ།། སྲིན་པོས་ཡང་སྨྲས་པ། ཁྱོད་དེ་ལྟར་སྤང་བས་ལྟུང་བའི་ཆོས་ཉམས་པར་མི་འདོད་ན། ལྟུང་བ་དགུ་བཅུ་ཉམས་ཀྱང་། དེའི་རྒྱུ་དེའི་རྐྱེན་གྱིས་རབ་ཏུ་བདེ་བའི་མྱ་ངན་ལས་འདའ་བ་ཐོབ་པར་འགྱུར་རོ།། ཞེས་སྨྲས་ཀྱང་། བྱང་ཆུབ་སེམས་དཔའ་ཚིག་དེའི་རྗེས་སུ་མི་འཇུག་གོ། སྲིན་པོས་ཡང་འདི་སྐད་དུ་ལྷུང་བ་དགུ་བཅུ་ཉམས་པར་མི་འདོད་ན། ཉེས་ཀྱི་ཆོས་ཉམས་ཀྱང་། དེའི་རྒྱུ་དེའི་རྐྱེན་གྱིས་རབ་ཏུ་བདེ་བའི་མྱ་ངན་ལས་འདའ་བ་ཐོབ་པར་འགྱུར་རོ་ཞེས་སྨྲས་ཀྱང་། བྱང་ཆུབ་སེམས་དཔའ་དེའི་ཚེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་ལ་ཉེས་བྱས་ཀྱི་ཁ་ན་མ་ཐོ་བ་བྱུང་སྟེ། མ་བཤགས་མ་འཐོལ་ན་འཁོར་བའི་ཕ་རོལ་ཏུའང་མི་ཕྱིན། མྱ་ངན་ལས་འདའ་བ་མི་འགྱུར་རོ་སྙམ་བསམས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུང་ངུ་ན་ཉེས་བྱས་ལའང་རྡོ་རྗེ་ལྟ་བུའི་སེམས་ཀྱི་བསྲུངས་ཞིང་འཛིན་ཏོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕས་ཕམ་པ་བཞི་སྲུང་བ་དང་། ཉེས་བྱས་སྲུང་བ་ལ་ཤིན་ཏུ་བརྟེན་ཏེ་ཐ་དད་པ་མེད་དོ།། བྱང་ཆུབ་སེམས་དཔའ་གལ་ཏེ་དེ་ལྟར་སྲུང་བ་ནི་ཚུལ་ཁྲིམས་ཀྱི་ཡན་ལག་ལྔ་དང་ལྡན་པ་ཞེས་བྱའོ། ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ལས་ཀྱི་ངོ་བོ་ཉིད་ཡོངས་སུ་དག་པའི་ཚུལ་ཁྲིམས་དང་། སྔ་མ་དང་ཕྱི་མའི་འཁོར་ཡོངས་སུ་དག་པའི་ཚུལ་ཁྲིམས་དང་། ངན་པར་རྟོག་པ་མ་ཡིན་པ་རྟོག་པ་རྣམ་པར་དག་པའི་ཚུལ་ཁྲིམས་དང་། ཡང་དག་བསྲུང་ཞིང་དྲན་པ་རྣམ་པར་དག་པའི་ཚུལ་ཁྲིམས་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའི་ཚུལ་ཁྲིམས་སོ།། འོད་སྲུངས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ལ་རྣམ་པ་གཉིས་འཇིག་རྟེན་ན་ཡང་དག་པར་བསྟན་པའི་ཚུལ་ཁྲིམས་བླངས་པ་དང་། ཡང་དག་པའི་ཆོས་ཀྱི་ཚུལ་ཁྲིམས་ཐོབ་པ་སྟེ། བྱང་ཆུབ་སེམས་དཔས་གལ་ཏེ་ཡང་དག་པའི་ཚུལ་ཁྲིམས་ཐོབ་ན་ནམ་དུའང་སྡིག་པ་མི་བྱེད་དོ། ། འཇིག་རྟེན་ན་ཡང་དག་པར་བསྟན་པའི་ཚུལ་ཁྲིམས་བླང་བ་ནི། གསོལ་བ་དང་བཞིའི་ལས་བྱས་པས་ཐོས་པར་འགྱུར་རོ།། གཞན་ཡང་རིགས་ཀྱི་བུ་ཚུལ་ཁྲིམས་ལ་རྣམ་པ་གཉིས་ཏེ། རང་བཞིན་གྱིས་ལྕི་བའི་ཚུལ་ཁྲིམས་དང་། འཇིག་རྟེན་གྱིས་དབྱ་བ་མེད་པར་བྱེད་པའི་ཚུལ་ཁྲིམས་སོ།། རང་བཞིན་གྱིས་ལྕི་བའི་ཚུལ་ཁྲིམས་ནི་ཕས་ཕམ་པ་བཞིའོ།། འཇིག་རྟེན་གྱིས་དཔྱ་བ་མེད་པར་བྱ་བའི་ཚུལ་ཁྲིམས་ནི་ཚོང་མི་བྱེད་པ་དང་། ཟེ་ཕུལ་དང་སྲང་མི་འཆོས་པ་དང་། གཞན་ལ་མི་སླུ་བ་དང་། གཞན་གྱི་རིགས་དང་མཐུ་བསྙེམས་ཏེ། གཞན་གྱི་ནོར་མི་འཕྲོག་པ་དང་། གཞན་ཡང་གནོད་སེམས་ཀྱིས་འཆིང་བ་དང་། ལས་སུ་བྱས་པ་བཤིག་སྟེ་མ་རུངས་པར་བྱེད་པ་དང་། མེ་མར་གྱི་འོད་ཡོད་བཞིན་དུ་ཉལ་བ་དང་། ཁང་ཁྱིམ་དང་རྨོ་བའི་ལས་བྱེད་པ་དང་། འཚོ་ཆོས་ཀྱི་ལ་སོགས་པ་བྱར་མི་རུང་བ་དང་། གཞན་ཡང་བལ་གླང་དང་། རྟ་དང་། ཤིང་རྟ་དང་། བ་ལང་དང་། ལུག་དང་རྔ་མོ་དང་། བོང་བུ་དང་། བྱ་དང་། ཁྱི་དང་། སྤྲེའུ་དང་། རྨ་བྱ་དང་། ནེ་ཚོ་དང་། འཚོ་བྱེད་དང་། ཀོ་ཙམ་དང་། འབར་བ་དང་། སྟག་དང་། གཟིགས་དང་། བྱིལ་དང་། 5་དང་། དེ་མ་ཡིན་པ་གཅན་གཟན་མ་རུངས་པ་རྣམས་དང་། ཁྱེའུ་དང་། བུ་མོ་དང་། སྐྱེས་པ་དང་། བུད་མེད་དང་། ཟན་པོ་དང་། ཟན་མོ་དང་། ལས་བྱེད་པའི་མི་མི་འཆང་མིགས་བ་དང་། གཞན་ཡང་གསེར་དང་། དངུལ་དང་། བཻ་ཊུཪྻ་དང་། ཤེལ་དང་། མུ་ཏིག་དང་། ཨས་སྨ་ག་ར་བ་དང་། མུ་ས་ལ་གལ་བ་དང་། བྱི་རུ་དང་། ཤེལ་གྱི་སྣམ་བུ་དང་། ཤེལ་ལ་སོགས་ཏེ། རིན་པོ་ཆེ་རྣམས་དང་། ཟངས་དང་། འཁར་བ་དང་། ར་ཀན་གྱི་སྣོད་དང་། གདིང་བ་པར་ཏང་དང་། ཟེའུ་རྔོག་དང་། གདིང་བ་འཇམ་པོ་དང་། དེ་མ་ཡིན་པ་ཁྲི་དང་། འཟས་དང་། ནས་དང་། གྲོ་དང་། སྲན་དང་། ཟར་མ་དང་། ཟས་གཡོས་བྱས་པ་དང་མ་བྱས་པ་ལ་སོགས་པ་མི་འཆང་བ་དང་། རྟག་ཏུ་ཟ་གཅིག་བྱེད་ཅིང་ཡང་དང་ཡང་མི་ལེན་པ་དང་། རྟག་ཏུ་བསོད་སྙོམས་སྤྱོད་པ་དང་། དགེ་འདུན་གྱི་ནང་ན་ཟས་ཀྱི་བྱ་བ་བྱེད་པ་དང་། རྟག་ཏུ་ཆོག་ཤེས་པ་དང་། ཁུད་པར་མགྲོན་དུ་བོས་པར་མི་འགྲོ་བ་དང་། ཤ་མི་ཟ་བ་དང་། སྨྱོ་བའི་ཁུ་བ་ཆང་མི་འཐུང་བ་དང་། དཀུ་བ་རྣམ་པ་ལྔ་ལྷ་སོགས་ཏེ་དཀུ་ཞིང་མནམ་པའི་བག་མི་ཟ་བ་དང་། དེ་བས་ན་དེའི་ལུས་ནི་མནམ་པའི་བག་མེད་དོ།། རྟག་ཏུ་འཇིག་རྟེན་དུ་བཅས་པའི་ལྷ་དང་མི་ཐམས་ཅད་ཀྱིས་བཀུར་སྟི་དང་རིམ་ཟོ་བྱེད་ཅིང་། མཆོད་པ་དང་བསྟོད་པར་འགྱུར་བ་དང་། ཟས་ཀྱི་ཚོད་འཛིན་པ་དང་། ལྷག་མ་མི་འཆང་བ་དང་། སྦྱིན་བདག་གིགོས་བྱིན་པ་ལེན་ནའང་རན་པར་ལེན་པ་དང་། གང་ནས་གང་དུ་འགྲོ་རང་ཆོས་གོས་གསུམ་དང་ལྷུང་བཟེད་དུ་བཅས་ཏེ་བྱའི་འདབ་མ་ལྟར་མི་འབྲལ་བ་དང་། གཞན་ཡང་རྩ་བའི་འབྲས་བུ་དང་། སྡོང་བུའི་འབྲས་བུ་དང་། ཚིགས་ཀྱི་ས་བོན་དང་། མདུད་པའི་ས་བོན་དང་། འབྲས་བུའི་ས་བོན་མི་འཆང་བ་དང་། གཞན་ཡང་རིན་པོ་ཆེའི་གཏེར་དང་། གསེར་དང་། དངུལ་དང་། བཟའ་བ་དང་། བཏུང་བ་དང་། ཚང་མང་དང་། བང་མཛོད་དང་། བགོ་བའི་གོས་དང་། ཁྲི་སྟན་མཐོན་པོ་དང་། བལ་གླང་གི་མཆེ་བའི་ཁྲི་དང་། གསེར་གྱི་ཁྲི་དང་། ཐགས་སུ་གཏགས་པ་རྣམ་པ་མང་པོ་ལ་སོགས་པ་ལ་མི་ཉལ་མི་འཆང་བ་དང་། གཞན་ཡང་རྩཝ་ལས་བྱས་པའི་སྟན་འཇམ་པོ་ཐམས་ཅད་མི་འཆང་བ་དང་། བལ་བླང་གི་ཁྱོགས་དང་། རྟའི་ཁྱོགས་མི་འདུག་པ་དང་། ཤིན་ཏུ་འཇམ་པའི་གོས་མི་གདིང་བ་དང་། ཁྲིལ་སྔས་གཉིས་ལ་མི་བཅའ་བ་དང་། གཞན་ཡང་སྔས་བཟང་པོ་དང་སྐྱེས་པའི་སྔས་མི་འཆང་བ་དང་། ནམ་དུའང་བལ་གླང་འཐབ་པ་དང་། རྟ་འཐབ་པ་དང་། ཤིང་རྟ་འཐབ་པ་དང་། དམག་འཐབ་པ་དང་། སྐྱེས་པ་འཐབ་པ་དང་། བུད་མེད་འཐབ་པ་དང་། ཁྱུ་མཆོག་འཐབ་པ་དང་། ལུག་འཐབ་པ་དང་། ཆུ་གླང་འཐབ་པ་དང་། བྱ་འཐབ་པ་དང་། ནེ་རྩ་འཐབ་ལ་སོགས་པ་ལ་མི་ལྟ་བ་དང་། ཆེད་དུ་གཡུལ་བཤམས་པ་ལ་མི་ལྟ་བ་དང་། གཞན་ཡང་དུང་འབུད་པ་དང་། རྔ་རྡུང་བ་དང་། གླིང་བུ་དང་། གཅེའུ་ཁ་མངས་དང་། གིམ་དང་། ཤི་ར་དང་། དགུ་པོ་རྒྱུད་མངས་ལ་སོགས་ཏེ་རོལ་མོའི་རྣམས་སངས་རྒྱས་ལ་མཆོད་པ་མ་གཏོགས་པར་མི་ཉན་པ་དང་། ཨུག་ཤུད་དང་། མིག་མངས་དང་། པར་སིག་གི་རྩེད་མོ་སེང་གེ་དང་། བག་གླང་གི་རྒྱ་འགྱེ་པ་དང་། ཆོ་ལོ་དང་། རྒྱན་པོ་དང་། ཕོ་ལོང་རྡེབས་པ་དང་། རྡོ་འཕེན་པ་དང་། ཁྲས་དང་། རྩེད་མོའི་ངག་ཐམས་ཅད་མི་བྱད་མི་ལྟ་བ་དང་། ནམ་དུའང་ལྟས་དང་མཚན་ལྟ་བ་ལག་པ་དང་རྐང་པ་དང་། ངོ་དང་། མིག་གི་མཚན་ལྟ་བ་མི་བྱེད་པ་དང་། སེན་མོ་ལ་མེ་ལོང་ལྟ་བུར་ལྟ་བ་དང་། རྩཝ་དང་། ལྕག་མ་དང་། བུམ་པ་དང་། ཐོད་བ་ལ་མོ་འདེབས་ཤིང་ལྟས་སུ་ལྟ་བ་མི་བྱེད་པ་དང་། དེ་མ་ཡིན་པ་གཉིད་བསད་པ་མ་གཏོགས་པར་སྐར་མ་ལ་སོགས་པ་མི་ལྟ་བ་དང་། རྒྱལ་པོའི་ཕོ་ཉ་དང་། འཕྲིན་གྱིས་ཚུ་རོལ་གྱི་ཚིག་ཕ་རོལ་ཏུ་སྨྲ་ཞིང་། ཕ་རོལ་གྱི་ཚིག་ཚུ་རོལ་ཏུ་སྨྲ་མི་བྱེད་པ་དང་། གཡོ་དང་སྒྱུས་ལོག་པར་འཚོ་བ་མ་ཡིན་པ་དང་། གཞན་ཡང་རྒྱལ་པོའི་གཏམ་དང་། བློན་པོ་དང་། རྐུན་པོ་དང་། དགྲ་ཐབས་དང་། བཟའ་བ་དང་བཏུང་བ་དང་། ཡུལ་དང་། མུ་གེ་དང་། འཇིགས་པ་དང་། བདེ་སྐྱིད་ལ་སོགས་པའི་གཏམ་མི་སྨྲ་བ་སྟེ། རིགས་ཀྱི་བུ་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཇིག་རྟེན་པས་མི་དཔྱས་པའི་ཚུལ་ཁྲིམས་ཞེས་བྱའོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟར་བཅས་པའི་ཚུལ་ཁྲིམས་སྲུང་སྲུང་བ་དང་། རང་བཞིན་གྱིས་ལྕི་བའི་ཚུལ་ཁྲིམས་སྲུང་བ་ལ་ཐ་དད་པའི་བྱེ་བྲག་མེད་དོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཚུལ་ཁྲིམས་ཡོངསུ་སྲུང་བ་ན་འདི་སྐད་ཅེས་དམ་འཚ་འོ། ། བདག་གི་ལུས་འདི་མེ་མ་མུར་གྱི་དོང་ཟབ་མོར་མཆོངས་ཀྱང་བླའི། འདས་པ་དང་། མ་འོངས་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་བཅས་པའི་ཚུལ་ཁྲིམས་ལས་ཉམས་ཏེ། རྒྱལ་རིགས་ཀྱི་བུ་མོ་འམ། བྲམ་ཟེ་མོ་འམ། ཁྱིམ་བདག་མོ་ལ་མི་ཚངས་པར་སྤྱོད་པའི་ལས་མི་བྱའོ་ཞེས་དམ་འཆའ་འོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདི་སྐད་ཅེས་དམ་འཆའོ། ། གལ་ཏེ་ལྕགས་ཤིན་ཏུ་ཚ་བས་བདག་གི་ལུས་དཀྲིས་ཀྱང་ཐའི། ཚུལ་ཁྲིམས་ཉམས་པའི་ལུས་ཀྱིས་སྦྱིན་བདག་དད་པས་བྱིན་པའི་གོས་མི་བགོའོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདི་སྐད་དུ་དམ་འཆལ་སྟེ། བདག་གི་ཁར་ལྕགས་ཀྱི་ཐུ་ལུམ་མིད་ཀྱང་ཝའི།། ཚུལ་ཁྲིམས་ཉམས་པའི་ཁ་འདིས་ནམ་བུའང་སྦྱིན་བདག་དད་པས་བྱིན་ཟས་མི་ཟའོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདི་སྐད་དུ་དམ་འཆའ་སྟེ། བདག་གི་ལུས་འདི་ལྕགས་ཤིན་དུ་ཚ་བའི་སྟེང་དུ་ཉལ་ཡང་རྨའི། ཚུལ་ཁྲིམས་ཉམས་པའི་ལུས་ཀྱིས་ནམ་དུའང་སྦྱིན་བདག་དང་པས་བྱིན་པའི་ཁྲི་སྟན་ལ་མི་ཉལ་ལོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདི་སྐད་ཅེས་དམ་འཆའ་སྟེ། བདག་ལུས་ལ་མཚོན་ཤ་ག་ནི་སུམ་བརྒྱས་བཙུགས་ཀྱང་བླའི། ཚུལ་ཁྲིམས་ཉམས་པའི་ལུས་ཀྱིས་ནམ་དུའང་སྦྱིན་བདག་དད་པས་བྱིན་པའི་ནད་ཀྱི་རྐྱེན་སྨན་མི་བཏུང་ངོ་། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདི་སྐད་ཅེས་དམ་འཆའ་སྟེ། བདག་གི་ལུས་འདི་ཤིན་དུ་ཁོལ་བའི་ཟངས་པོ་ཆེར་བསྐོལ་ཀྱང་བླའི། ཚུལ་ཁྲིམས་ཉམས་པའི་ལུས་ཀྱིས་སྦྱིན་བདག་དད་པས་བྱས་པའི་གནས་ཁང་དུ་མི་འདུག་གོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདི་སྐད་ཅེས་དམ་འཆའ་སྟེ། གལ་དེཏེ་ལྕགས་ཀྱི་ཐོ་བས་མགོ་ནས་རྐང་གི་བར་དུ་བརྡུངས་ཏེ་རྡུལ་དུ་གྱུར་ཀྱང་ཟའི། ཚུལ་ཁྲིམས་ཉམས་པའི་ལུས་ཀྱིས་རྒྱལ་རིགས་དང་། བྲམ་ཟེ་དང་། ཁྱིམ་བདག་གིས་རིམ་གྲོ་དང་ཕྱག་བྱ་བ་མི་འདོད་དོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདི་སྐད་ཅེས་དམ་འཆའ་སྟེ། ལྕགས་ཀྱི་ཐུར་མ་ཤིན་ཏུ་ཚ་བས་མི་གཉིས་ཐུས་ཀྱང་བླའི། འདོད་ཆགས་ཀྱི་སེམས་ཀྱིས་ཕ་རོལ་གྱི། གཟུགས་བཟང་པོ་ལ་མི་བལྟའོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདི་སྐད་ཅེས་དམ་འཆའ་སྟེ། ཅི་སྟེ་སྨྱུང་མང་པོས་རྣ་བའི་དབང་པོ་མཆགས་ཀྱང་ཟླའི་འདོད་ཆགས་དང་བཅས་པའི་སེམས་ཀྱིས་སྒྲ་སྙན་པ་མི་མཉན་ནོ། ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདི་སྐད་ཅེས་དམ་འཆའ་སྟེ། གྲི་རྣོན་པོས་སྣ་གཅད་ཀྱང་བླའི། འདོད་ཆགས་ཀྱི་སེམས་ཀྱིས་དྲི་ཞིམ་པོ་ལ་མི་བསྣམ་མོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདི་སྐད་ཅེས་དམ་འཆའ་སྟེ། གྲི་རྣོན་པོས་ལྕེ་གཅད་ཀྱང་ཟླའི། འདོད་ཆགས་ཀྱི་སེམས་ཀྱིས་རོ་ཞིམ་པོ་ལ་མི་ཆགས་སོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདི་སྐད་ཅེས་དམ་འཆའ་སྟེ། གལ་ཏེ་སྟ་རེ་རྣོན་པོས་བདག་གི་ལུས་དུམ་བུ་དུམ་བུར་གདུབས་ཀྱང་བླའི། འདོད་ཆགས་དང་བཅས་པའི་སེམས་ཀྱིས་རེག་བྱ་མང་པོ་ལ་མི་ཆགས་སོ།། དེ་ཅིའི་ཕྱིར་ཞེ་ན། དེའི་རྒྱུ་དེའི་རྐྱེན་གྱིས་རྣལ་འབྱོར་ཅན་དག་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ།། འོད་སྲུངས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཡོངསུ་སྲུང་བ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚུལ་ཁྲིམས་ཤིན་ཏུ་བསྲུངས་ནས། སེམས་ཅན་ཐམས་ཅད་ལ་སྔོ་བར་བྱེད་དོ། ། དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་ཐམས་ཅད་ཚུལ་ཁྲིམས་ཤིན་ཏུ་བསྲུངས་པ་དང་། རྣམ་པར་དག་པའི་ཚུལ་ཁྲིམས་དང་། ཤིན་ཏུ་དགེ་བའི་ཚུལ་ཁྲིམས་དང་། མི་ཉམས་པའི་ཚུལ་ཁྲིམས་དང་། མི་ཟློས་པའི་ཚུལ་ཁྲིམས་དང་། ཐེག་པ་ཆེན་པོའི་ཚུལ་ཁྲིམས་དང་། ཕྱིར་མི་ལྡོག་པའི་ཚུལ་ཁྲིམས་དང་སེམས་དང་སྦྱོར་བའི་ཚུལ་ཁྲིམས་དང་། མཐར་ཕྱིན་པའི་ཚུལ་ཁྲིམས་དང་། ཕ་རོལ་ཏུ་ཕྱིན་པའི་ཚུལ་ཁྲིམས་རྫོགས་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པར་སྦྱོང་བ་ན། ཐོག་མ་མི་གཡོ་བའི་ས་ལ་གནས་པར་འགྱུར་རོ།། ཅིའི་ཕྱིར་མི་གཡོ་བའི་ས་ཞེས་ཞེས་བྱ་ཞེ་ན། བྱང་ཆུབ་སེམས་དཔའ་མི་གཡོ་བའི་ས་ལ་གནས་པ་ན། མི་ག་ཡོ། མི་ལྟུང་། མི་ལྡོག། མི་ཤིགས་པའི་ཕྱིར། རིགས་ཀྱི་དུ་དཔེར་ན་རི་རབ་རིའི་རྒྱལ་པོ་ན་རླུང་ཤིན་དུ་དྲག་པོ་རྔ་རླུང་ལུ་གས་གིས་ཀྱང་གསོ་བ་འམ། ལྟུང་བ་འམ། འཇིག་པར་མི་ནུས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དེ་ལ་གནས་པའང་དེ་དང་འཇ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱས་གཡོ་བར་མི་ནུས། སེམས་ཅན་དམྱལ་བ་དང་། བྱོལ་སོང་གྱི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ལྷུང་བར་མི་འགྱུར། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ཕྱིར་མི་ལྡོག་སྟེ། ལྟ་བ་མང་པོའི་རླུང་གིས་ཀྱང་མི་ཤིགས་ཤིང་། ལོག་པར་འཚོ་བ་མི་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་མི་གཡོ་བ་ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་མི་གཡོས་སོ།། གཞན་ཡང་མི་ལྷུང་བ་ཞེས་བྱ་བ་ནི་ཕས་ཕམ་པ་བཞིར་མི་ལྟུང་ངོ་།། གཞན་ཡང་ཕྱིར་མི་ལྡོག་ཅེས་བྱ་བ་ནི་ཕྱིར་ཚུལ་ཁྲིམས་ལས་ཁྱིམ་དུ་མི་ལྡོག་པའོ། ། གཞན་ཡང་མི་འཇིག་ཅེས་བྱ་བ་ནི་ཐེག་པ་ཆེན་པོའི་མདོ་སྡེ་ལས་གལ་བས་མི་ཤིགས་སོ།། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉོན་མོངས་པའི་བདུད་ཀྱིས་མི་གཡོས་སོ། ། ཕུང་པོའི་བདུད་ཀྱིས་ལྟུང་བར་མི་འགྱུར་རོ།། སྙིང་པོ་བྱང་ཆུབ་ཀྱི་བར་དུ་ལྷའི་བུའི་བདུད་ཡོད་མོད་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ། ། འཆི་བདག་གི་བདུད་ཀྱིས་ཀྱང་མི་ཤིགས་སོ།། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་བོ་འཕགས་པའི་སྤྱོད་པ་ལ་ཤིན་ཏུ་ནན་ཏན་བྱེད་པ་ཞེས་བྱའོ། ། རིགས་ཀྱི་བུ་ཅིའི་ཕྱིར་འཕགས་པའི་སྤྱོད་པ་ཞེས་བྱ་ཞེ་ན། འཕགས་པའི་སྤྱོད་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱོད་པའི་ཕྱིར་ན། འཕགས་པའི་སྤྱོད་པ་ཞེས་བྱའོ།། ཅིའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་འཕགས་པ་ཞེས་བྱ་ཞེ་ན། དེ་དག་ལ་སོགས་པའི་འཕགས་པའི་ཆོས་དང་ལྡན་པའི་ཕྱིར། ཆོས་ཐམས་ཅད་ལ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དུ་རྟོགས་པའི་ཕྱིར། དེ་བས་ན་འཕགས་པ་ཞེས་བྱའོ།། གཞན་ཡང་འཕགས་པའི་ཚུལ་ཁྲིམས་དང་ལྡན་པས་འཕགས་པ་ཞེས་བྱའོ། ། འཕགས་པའི་ཏིང་ངེ་འཛིན་དང་། ཤེས་རབ་ཏུ་ལྡན་པས་འཕགས་པ་ཞེས་བྱའོ།། གཞན་ཡང་འཕགས་པའི་ནོར་བདུན་དད་པ་དང་། ཚུལ་ཁྲིམས་དང་། འཛེམ་པ་དང་། ཁྲེལ་བ་དང་། མང་དུ་ཐོས་པ་དང་། ཤེས་རབ་དང་། བཏང་སྙོམས་ཀྱི་ནོར་དང་ལྡན་པས་འཕགས་པ་ཞེས་བྱའོ།། གཞན་ཡང་འཕགས་པའི་ལམ་ཡན་ལག་བདུན་དང་ལྡན་པས་འཕགས་པ་ཞེས་བྱ་སྟེ། དེ་བས་ན་འཕགས་པའི་སྤྱོད་པ་ཞེས་བྱའོ།། །། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོན་མདོ་བམ་པོ་བཅུ་གཉིས་པ། ། །། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་སྤྱོད་པ་སྤྱོད་པ་ནི། ལུས་འདི་ལ་སྤྱི་བོ་ནས་རྐང་པའི་བར་དུ་བརྟགས་ན། སྒྲ་དང་། སེན་མོ་དང་། མི་གཙང་བ། གཙོག་པ། པགས་པ་དང་། ཤ་དང་། རྒྱས་པ་དང་། རུས་པ་དང་། མཆེར་པ་དང་། མཁལ་མ་དང་། སྙིང་དང་། རྨོ་བ་དང་། མཆིན་པ་དང་། མཁྲིས་པ་དང་། རྒྱུ་མ་དང་། ཕོ་བ་དང་། ཞུ་བ་དང་མ་ཞུ་བར་སྣོད་གཉིས་དང་། བཤང་གཅི་ཆེ་ཆུང་དང་། མཆིལ་མ་དང་སྣརུབས་དང་། འཆི་མ་དང་། ཟད་པ་དང་། ཐོད་པ་དང་། རྐང་དང་། རྣག་དང་། ཁྲག་དང་། རྩལ་སོགས་པ་མི་གཙང་བ་འབའ་ཞིག་གིས་གང་བར་མཐོང་ངོ་།། བྱང་ཆུབ་སེམས་དཔའ་དེ་ལྟར་ཚེ་གཅིག་ཏུ་ཤིན་ཏུ་རྟོག་པ་ན། བདག་ཅེས་བྱ་བ་སུ་དབང་གང་ན་གནས། བདག་ཅེས་བྱ་བ་སུ་དབང་ཞེས་ཤིན་ཏུ་རྔོག་སྟེ། ཡང་འདི་སྙམ་དུ་སེམས་སོ།། རུས་པ་ནི་བདག་ཡིན་ནམ། རུས་པ་ལས་གཞན་པ་ཞིག་ཡོད་དམ་སྙམ། བྱང་ཆུབ་སེམས་དཔའ་དེའི་ཚེ་པགས་པ་དང་ཤ་བཏང་སྟེ། ཀེང་རུས་འབའ་ཞིག་ལ་རྟོག་གོ་ཡང་འདི་སྙམ་དུ་སེམས་ཏེ། རུས་པའི་ཁ་དོག་ཀྱང་རྣམ་པ་ཐ་དད་དེ། སྔོན་པོ་དང་། སེར་པོ་དང་། དཀར་པོ་དང་། ཕུག་རོན་གྱི་གཤོག་པ་ལྟ་བུ་སྟེ། དེ་ལྟར་ན་རུས་པའི་མཚན་ཉིད་ཀྱང་བདག་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། བདག་ཅེས་བྱ་བ་ནི་སྔོན་པོ་འམ། སེར་པོ་འམ། དཀར་པོ་འམ། ཕུག་རོན་གྱི་གཤོག་པ་ལྟ་བུ་མ་ཡིན་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་དེ་ལྟར་རྩེ་གཅིག་པའི་སེམས་ཀྱིས་ཤིན་ཏུ་རྟོག་པ་ན། གཟུགས་ལ་འདོད་ཆགས་པ་ཐམས་ཅད་ཞི་བར་འགྱུར་རོ།། ཡང་འདི་སྙམ་དུ་སེམས་ཏེ། རུས་པ་དེའང་རྟེན་ཅིང་འབྲེལ་ཏེ་བྱུང་བ་ཡིན་ཏེ། རྐང་པའི་རྟིང་པའི་རུས་པས་ནི་ལོང་བུ་བརྟེན། ལོང་བུས་ནི་རྗེ་ངར་གྱི་རུས་པ་བརྟེན།། རྗེ་ངར་གྱི་རུས་པས་ནི་པུས་མོ་བརྟེན། པུས་མོའི་རུས་པས་ནི་བརླའི་རུས་པ་བརྟེན། བརྠའི་རུས་པས་ནི་དབྱིའི་རུས་པ་བརྟེན། དབྱིའི་རུས་པས་ནི་རྐེད་པའི་རུས་པ་བརྟེན། རྐེད་པའི་རུས་པས་ནི་སྐལ་ཚིགས་ཀྱི་རུས་པ་བརྟེན། སྒལ་ཚིགས་ཀྱི་རུས་པས་ནི་རྩིབ་མའི་རུས་པ་བརྟེན། ཡང་སྒལ་ཚིགས་ཀྱི་རུས་པས་གཉའ་བའི་རུས་པ་བརྟེན། གཉའ་བའི་རུས་པས་ནི་འགྲམ་པའི་རུས་པ་བརྟེན། འགྲམ་པའི་རུས་པས་ནིའགྲམ་སོ་དང་ཐོད་པའི་རུས་པ་བརྟེན་ཏོ།། ཡང་ལྷག་རུས་ནི་ཕྲག་པའི་རུས་པ་ལ་བརྟེན། ཕྲག་པའི་རུས་པ་ནི་ལག་ངར་གྱི་རུས་པ་ལ་བརྟེན། ལག་ངར་གྱི་རུས་པ་ནི་མཁྲིག་མས་རུས་པ་ལ་བརྟེན། མ་ཁྲིག་མའི་རུས་པ་ནི་ལག་མཐིལ་གྱི་རུས་པ་ལ་བརྟེན། ལག་མཐིལ་གྱི་རུས་པ་ནི་སོར་མོའི་རུས་པ་ལ་བརྟེན་ཏེ། དེ་ལྟར་རུས་པ་ཐམས་ཅད་གཅིག་ལ་གཅིག་རྟེན་ཅིང་འབྲེལ་པར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་རྟོག་པ་ན། ལུས་ཀྱི་རུས་པ་ཐམས་ཅད་སོ་སོ་ན་འདུག་པར་རྟོགས་སོ། ། དེ་ལྟར་ཤིན་ཏུ་རྟོགས་པས་ན། གཟུགས་ལ་ཆགས་པ་དང་། མངའ་བྱེད་ལ་ཆགས་པ་དང་། རེག་ན་འཇམ་པའི་ཆགས་པ་རྣམ་པ་གསུམ་པོ་ཡོངས་སུ་སྤོང་བར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རུས་པ་སྔོན་པོ་ལ་རྟོག་པ་ན། ས་ཆེན་པོ་འདི་ལྷོ་བྱང་ཤར་ནུབ་དང་། ཕྱོགས་མཚམས་བཞི་དང་། སྟེང་དང་འོག་ཀུན་སྔོན་པོར་མཐོང་ངོ་།། སྔོན་པོ་ལ་རྟོག་པ་བཞིན་དུ་སེར་པོ་དང་། དཀར་པོ་དང་། ཕུག་རོན་གྱི་གཤོག་པ་ལྟ་བུའང་དེ་བཞིན་ནོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་རྟོག་པ་ན། སྨིན་མཚམས་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ཕུག་རོན་གྱི་གཤོག་པ་ལྟ་བུ་འབྱུང་སྟེ། བྱང་ཆུབ་སེམས་དཔའ་དེས་འོད་དེ་རེ་རེ་ལས་ཀྱང་སངས་རྒྱས་བཞུགས་པར་མཐོང་ནས། དེ་ལ་ལུས་འདི་མི་གཙང་བའི་རྒྱུ་དང་རྐྱེན་རྟེན་ཅིང་འབྲེལ་ཏེ་འབྱུང་བ་འདྲི་ཞིང་ཞུ་བ་ནི། འདི་ལྟ་སྟེ། ལུས་འདི་འདུག་པ་དང་། ལྡང་བ་དང་། འགྲོ་བ་དང་། སྡོད་པ་དང་། དགུ་པ་དང་། དགྱེ་བ་དང་། ལྟ་བ་དང་། མི་འཛུམ་པ་དང་། དབུགས་རྒྱུ་བ་དང་། ངུ་བ་དང་། དགོད་པ་དང་། དགའ་བར་འགྱུར་བ་དེ་ལ་ནི་བདག་པོ་མེད་ན། སུ་ཞིག་དེ་ལྟར་བསྒྱུར་ཅེས་འདྲི་ཞིང་ཞུའོ།། དེ་སྐད་ཅེས་དྲིས་ནས། འོད་ཀྱི་ནང་ན་བཞུགས་པའི་སངས་རྒྱས་ཀྱང་མོད་ལ་མི་སྣང་བར་གྱུར་ཏོ།། ཡང་འདི་སྙམ་དུ་སེམས་ཏེ། འོན་ཏེ་རྣམ་པར་ཤེས་པ་དེ་བདག་ཡིན་ནམ། ཙ་ན་སངས་རྒྱས་རྣམས་ཀྱིས་བདག་ལ་བརྟན་པར་མ་གྱུར་སྙམ་ནས། ཡང་རྣམ་པར་ཤེས་པ་ལ་བརྟགས་ན། རྣམ་པར་ཤེས་པ་ནི་སྐད་ཅིག་ཏུ་ཆུ་བོའི་རྒྱུན་བཞིན་སྐྱེ་ཞིང་འགོག་པས་དེའང་བདག་མ་ཡིན་ནོ། ། ཡང་འདི་སྙམ་དུ་སེམས་རྗེ། ཕྱི་ནང་དུ་རྒྱུ་བའི་དབུགས་འདི་ནི་རླུང་ཡིན་ཏེ། རླུང་གི་མཚན་ཉིད་ནི་ཆེན་པོ་ཡིན་པས། ཆེན་པོ་བཞི་ལ་བདག་ཅེས་བྱ་བ་གང་ཡིན། སའི་མཚན་ཉིད་ཀྱང་བདག་མ་ཡིན་ལ། དེ་བཞིན་དུ་ཆུ་དང་། མེ་དང་། རླུང་གི་མཚན་ཉིད་ཀྱང་བདག་ཅེས་བྱ་བ་མ་ཡིན་ནོ་སྙམ་སེམས་སོ། ། ཡང་འདི་སྙམ་དུ་སེམས་ཏེ། ལུས་འདི་ལ་ནི་ཐམས་ཅད་ཀྱང་བདག་ཅེས་བྱ་བ་མེད་དེ། སེམས་དང་རླུང་འདུས་ཤིང་ཚོགས་པའི་རྒྱུ་དང་རྐྱེན་ལས་བྱ་བ་རྣམ་པ་སྣ་ཚོགས་མངོན་དུ་སྣང་བར་གྱུར་པ་ནི། དཔེར་ན་སྔགས་ཀྱི་ཕྱིར་རམ། སྒྱུ་མ་མཁན་གྱིས་བྱས་པ་བཞིན་ནོ།། གཞན་ཡང་དགུ་པོ་རྒྱུད་མངས་དང་འཛི་སྟེ། ཡིད་བཞིན་དུ་སྒྲ་འབྱུང་བས། དེ་བས་ན་ལུས་འདི་ནི་མི་གཙང་བ་སྟེ། རྒྱུ་དང་རྐྱེན་ཚོགས་པ་ལ་རེག་ལུས་པས་གྲུབ་པ་ཡིན་ན་ཆགས་སུའང་ཅི་ཞིག་ཡོད། གལ་ཏེ་ཕ་རོལ་པོས་གཤེའམ། སྤོད་ན་རང་ཞེ་སྡང་བ་སྐྱེད་དུའང་ཅི་ཞིག་ཡོད་དེ། བདག་གི་ལུས་འདི་ནི་མི་གཙང་བ་རྣམ་པ་སུམ་ཅུ་རྩ་དྲུག་གིས་ཡོངས་སུ་གང་ན་གཤེ་ཞིང་སྤྲོ་བ་དེའང་ཅི་ལ་གནས་ཤེ་བ་ཐོས་ན་འང་འདི་སྙམ་དུ་སེམས་ཏེ། སྒྲ་སྐད་གང་གིས་སྤྱོ་བར་འགྱུར་སྙམ། སྒྲ་སྐད་ཀུན་ལ་སོ་སོར་བརྟགས་ན། གཤེ་བ་ཡོད་པར་མི་མཐོང་སྟེ། གཅིག་ལ་མེད་པ་བཞིན་མང་པོའང་དེ་དང་འདྲ་སྟེ། དེ་བས་ན་ཞེ་སྡང་མི་སྐྱེའོ།། གལ་ཏེ་ཕ་རོལ་པོས་བརྡེག་ནའང་འདི་སྙམ་དུ་སེམས་ཏེ། འདི་ལྟར་བརྡེག་པ་འདི་ཅི་ལས་བྱུང་སྙམ་བརྟགས་ན། ལག་པ་དང་། སྟོབས་དང་། དབྱིག་པ་དང་། བདག་གི་ལུས་ཚོགས་པ་ལས་བརྡེག་པ་ཞེས་བྱ་བ་བྱུང་ན། ཅིའི་ཕྱིར་ཕ་རོལ་ལ་ཁྲོས་པ་འདི་ནི་བདག་གི་ལུས་ཡོད་པས་ན་འདི་འདྲ་བ་མྱོང་བར་གྱུར་ཏེ། བདག་གི་ཕུང་པོ་ལྔའི་ལུས་འདི་ཡོད་པ་ལས་འདི་འདྲ་བར་གྱུར་ཏོ།། དཔེར་ན་འབེམ་ཡོད་པའི་རྐྱེན་གྱིས་མདའ་འོང་བ་དང་འདྲ་བར་བདག་གི་ལུས་ཀྱང་དེ་དང་འཇ་སྟེ། ལུས་ཡོད་པས་ན་བརྡེག་པ་ཡོད་དེ། གལ་ཏེ་བདག་གི་ལུས་བཟོད་པ་མ་བྱས་ན་སེམས་འཁྲུག་པར་འགྱུར་རོ།། གལ་ཏེ་སེམས་འཁྲུགས་ན་ཡང་དག་པའི་དྲན་པ་ཉམས་པར་འགྱུར་གལ་ཏེ་ཡང་དག་པའི་དྲན་པ་ཉམས་ན་དགེ་བ་དང་མི་དགེ་བའི་དོན་མི་རྟོགས་སོ། ། དགེ་བ་དང་མི་དགེ་བའི་དོན་མ་རྟོགས་ན་ཁ་ན་མ་ཐོ་བའི་ཆོས་སྤྱོད་པར་འགྱུར་རོ། ཁ་ན་མ་ཐོ་བའི་ཆོས་བྱས་མ་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། ཡི་དགས་ཀྱི་ཁམས་སུ་ལྷུང་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་དེའི་ཚེ་དེ་ལྟར་རྟོགས་པས་དྲན་པ་ཉེ་བར་གཞག། པ་བཞི་ཐོབ་པར་འགྱུར་རོ།། དྲན་པ་ཉེ་བར་གཞག་པ་བཞི་ཐོབ་པས་ཤིན་དུ་བཟོད་པའི་ས་ལ་གནས་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ས་དེ་ལ་གནས་ན་འདོད་ཆགས་དང་། ཞེ་སྡང་དང་། ཀཏི་མུག་ལ་བཟོད་དོ།། གཞན་ཡང་གྲང་བ་དང་། ཚ་བ་དང་། ཟུ་བ་དང་། སྐོམ་པ་དང་། སྤང་མ་མཆུ་སྤྱད་དང་། རླུང་དང་། རེག་བྱ་ཡིད་དུ་མི་འོང་བ་དང་། ནད་རྣམ་པ་སྣ་ཚོགས་དང་། ཚྭག་ངན་པས་གཤེ་བ་དང་། སྨྱོ་བ་དང་། བརྡེག་པ་དང་། འཚོག་པ་དང་། བཞུ་བ་དང་། མདོར་ན་ལུས་དང་སེམས་སྡུག་བསྔལ་བར་འགྱུར་བ་ཐམས་ཅད་ལ་བཟོད་དེ། དེ་བས་ན་ཤིན་དུ་བཟོད་པའི་ས་ལ་གནས་པ་ཞེས་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་མི་གཡོ་བའི་ས་ལ་གནས་པར་མ་གྱུར་ཀྱི་བར་དུ། ཚུལ་ཁྲིམས་ཡོངས་སུ་དག་པ་བསྲུང་བ་ན། རྒྱུ་དང་རྐྱེན་གང་གིས་ཚུལ་ཁྲིམས་ཉམས་པར་འགྱུར། བ་མ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཡོད་དོ།། བྱང་ཆུབ་སེམས་དཔའ་མི་གཡོ་བའི་ས་ལ་གནས་པར་མ་གྱུར་ཀྱི་བར་དུ། དང་རྐྱེན་གྱིས་ཚུལ་ཁྲིམས་ཉམས་པར་འགྱུར་པ་ཡོད་དོ།། འོད་སྲུངས་ངོ་མཚར་དུ་གྱུར་ནས། དེ་གང་ལགས་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འོད་སྲུངས་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་དག་བདག་གི་ཚུལ་ཁྲིམས་ཉམས་པར་གྱུར་པ་དེའི་རྒྱུ་དེའི་རྐྱེན་གྱིས། ཕ་རོལ་པོ་གཞན་དག་ཐེག་པ་ཆེན་པོའི་མདོ་སྡེ་ལ་མོས་ཤིང་དང་པས་འཆང་ཞིང་འཛིན་པར་འགྱུར་རམ། ཕ་རོལ་པོ་གཞན་དག་ཀློག་པ་དང་། འདོན་པ་དང་། ཁོང་དུ་ཆུད་པར་བྱེད་པ་དང་། གླེགས་བམ་དུ་འདྲི་བར་གྱུར་པ་དང་། གཞན་དག་ལའང་རྒྱས་པར་སྟོན་ཅིང་འཆད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་པ་ཙམ་གྱི་ཚོད་ན། དེའི་ཕྱིར་ཚུལ་ཁྲིམས་ཉམས་པར་བྱེད་དེ། བྱང་ཆུབ་སེམས་དཔའ་དེའི་ཚེ་འདི་སྙམ་དུ་སེམས་སོ། ། བདག་བསྐལ་པ་གཅིག་གམ། བསྐལ་པ་གཅིག་འགྲིབ་ཀྱི་བར་དུ་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་ཡང་བླའི། ཕ་རོལ་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་དགོད་པར་བྱེད་དོ། ། འོད་སྲུངས་དེའི་རྒྱུ་དེའི་རྐྱེན་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དག་ཉམས་པར་འགྱུར་རོ། ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔས་ཕ་རོལ་པོ་བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་པར་བསྐྱབ་ཅིང་བསྡུ་བའི་སླད་དུ། ཚུལ་ཁྲིམས་ཉམས་ཀྱང་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྷུང་བའི་གནས་མ་མཆིས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་ལ་བཀའ་སྩལ་བ། ལེགས་སོ་ཤིན་ཏུ་ལེགས་སོ།། ཁྱོད་ཀྱིས་སྨྲས་པ་བཞིན་ནོ།། ང་ཡང་སྔོན་འཛམ་བུའི་གླིང་འདིར་རྒྱལ་པོ་ཆེན་པོ་དྲང་སྲོང་ཞེས་བྱ་བར་གྱུར་པ་ན། ཐེག་པ་ཆེན་པོའི་མདོ་སྡེ་ལ་བསྟི་སྟང་དང་བཅས་པས་ཤིན་ཏུ་དད་ཅིང་མོས་ཏེ། སེམས་དགེ་བ་འབའ་ཞིག་ལ་བརྩོན་པས། ཁ་ན་མ་ཐོ་བའི་ལས་ཕྲག་དོག་དང་སེར་སྣའི་བག་མེད་དེ། ངག་གི་ལས་ཀྱིས་ནི་རྟག་ཏུ་ངག་སྙན་པ་དང་དགེ་བའི་ཆོས་སྨྲ་ཞིང་སྟོན་ཏོ།། ལུས་ཀྱིས་ཀྱང་དབུལ་འཕོངས་པའི་མགོན་དང་སྐྱབས་མེད་པའི་དཔུང་གཉེན་བྱས་ཏེ། སྦྱིན་པ་ལ་བར་ཆད་མེད་པར་བརྩོན་པར་གྱུར་ཏོ།། དེའི་ཚེ་དེའི་དུས་ན་འཇིག་རྟེན་ན་སངས་རྒྱས་ཀྱང་མི་བཞུགས། ཉན་ཐོས་དང་རང་སངས་རྒྱས་ཀྱང་མེད་དེ། དེའི་ཚེ་ན་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་དད་ཅིང་མོས་པའི་ཕྱིར་ངས་ལོ་བཅུ་གཉིས་ཀྱི་བར་དུ། ཟམ་ཟེའི་གཡོག་བྱས་ཏེ་ཡོ་བྱད་ཅི་འདོད་པ་སྦྱར་ཏོ། ། ལོ་བཅུ་གཉིས་ཀྱི་བར་དུ་བདེ་བ་བྱིན་ནས། སྟོན་པ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་སྟོན་པ་ཁྱེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག་ཅེས་སྨྲས་སོ། ། ཟམ་ཟེས་སྨྲས་པ། རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་མཚན་ཉིད་ནི་ཅིའང་མེད་པ་སྟེ། ཐེག་པ་ཆེན་པོའི་མདོ་སྡེའང་དེ་དང་འདྲ་བ་ཡིན་ན། རྒྱལ་པོ་ཆེན་པོ་ཅིའི་ཕྱིར་མི་ཞེས་བྱ་བ་བཀུར་བཀུར་ཏེ། ནམ་མཁའ་དང་མཉམ་ཞེས་སྨྲས། རིགས་ཀྱི་བུ་ང་དེའི་ཚེ་ཐེག་པ་ཆེན་པོ་ལ་ཤིན་ཏུ་མོས་པས། བྲམ་ཟེས་ཤིན་ཏུ་རྒྱས་པ་ལ་སྐུར་བའི་ཚིག་དེ་ཐོས་ནས། དེའི་ཚེ་ན་ངས་བྲམ་ཟེ་དེའི་སྲོག་བཅད་དོ།། རིགས་ཀྱི་བུ་དེའི་རྒྱུ་དེའི་རྐྱེན་གྱིས་དེ་ཚུན་ཆད་སེམས་ཅན་དམྱལ་བར་མ་སྐྱེས་སོ།། ། རིགས་ཀྱི་བུ་ཐེག་པ་ཆེན་པོའི་མདོ་སྡེ་ལ་བསྲུང་ཞིང་བསྐྱབ་པའི་མཐུ་སྟོབས་ནི་དེ་ལྟར་ཚད་མེད་དོ།། འོད་སྲུངས་གཞན་ཡང་འཕགས་པའི་སྤྱོད་པ་ནི། འདི་ལྟ་སྟེ། འཕགས་པའི་བདེན་པ་བཞིའོ།། དེའང་གང་ཞེ་ན། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ནི་འཕགས་པའི་བདེན་པ་བཞི་ཞེས་བྱའོ། ། འོད་སྲུངས་སྡུག་བསྔལ་ཞེས་བྱ་བ་ནི་ཤ་ཐང་ཞིང་གདུང་བའི་མཚན་ཉིད་དོ།། ཀུན་འབྱུང་ནི་སྐྱེ་ཞིང་འཕེལ་བའི་མཚན་ཉིད་དོ།། འགོག་པ་ནི་ཞི་བ་འགོག་པའི་མཚན་ཉིད་དོ། ། ལམ་ནི་ཐག་པ་ཆེན་པོའི་མཚན་ཉིད་དོ།། རིགས་ཀྱི་བུ་གཞན་ཡང་སྡུག་བསྔལ་ནི་མངོན་དུ་སྣང་བའི་མཚན་ཉིད་དོ།། ཀུན་འབྱུང་ནི་འགྱུར་བའི་མཚན་ཉིད་དོ། ། འགོག་པ་ནི་བསལ་བའི་མཚན་ཉིད་དོ།། ལམ་ནི་བསལ་བར་འགྱུར་བའི་མཚན་ཉིད་དོ།། རིགས་ཀྱི་བུ་གཞན་ཡང་སྡུག་བསྔལ་ལ་རྣམ་པ་གསུམ་སྡུག་བསྔལ་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་དང་། འགྱུར་པའི་སྡུག་བསྔལ་ལོ།། ཀུན་འབྱུང་ནི་སྲིད་པ་ཉི་ཤུ་ལྔའོ།། འགོག་པ་ནི་སྲིད་པ་ཉི་ཤུ་ལྔ་འགོག་གོ། ། ལམ་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་སྒོམ་པའོ།། རིགས་ཀྱི་བུ་གཞན་ཡང་ཟག་པ་དང་། བཅས་པའི་ཆོས་ལའང་རྒྱུ་དང་བཅས། འབྲས་བུ་དང་བཅས་པ་རྣམ་པ་གཉིས་ཡོད་དོ།། ཟག་པ་མེད་པའི་ཆོས་ལའང་རྒྱུ་དང་བཅས། འབྲས་བུ་དང་བཅས་པའི་རྣམ་པ་གཉིས་ཡོད་དོ། ། ཟག་པ་དང་བཅས་པ་འབྲས་བུ་དང་བཅས་པ་ནི་སྡུག་བསྔལ་ཞེས་བྱའོ།། ཟག་པ་དང་བཅས་པའི་རྒྱུ་དང་བཅས་པ་ནི་ཀུན་འབྱུང་ཞེས་བྱའོ།། ཟག་པ་མེད་པའི་འབྲས་བུ་དང་བཅས་པ་ནི་འགོག་པ་ཞེས་བྱའོ། ། ཟག་པ་མེད་པའི་རྒྱུ་དང་བཅས་པ་ནི་ལམ་ཞེས་བྱའོ།། རིགས་ཀྱི་བུ་གཞན་ཡང་མཚན་ཉིད་རྣམ་པ་འདི་བརྒྱད་ནི་སྡུག་བསྔལ་ཞེས་བྱའོ། ། འདི་ལྟ་སྟེ། སྐྱེ་བའི་སྡུག་བསྔལ་དང་། རྒས་པའི་སྡུག་བསྔལ་དང་། ན་བའི་སྡུག་བསྔལ་དང་། ཤི་བའི་སྡུག་བསྔལ་དང་། འདོད་པ་དང་བྱེ་བྲལ་བའི་སྡུག་བསྔལ་དང་། དགྲ་སྡང་བ་དང་ཕྲག་པའི་སྡུག་བསྔལ་དང་། འདོད་པ་མི་རྙེད་པའི་སྡུག་བསྔལ་དང་། ཕུང་པོ་ལྔའི་སྡུག་བསྔལ་ཏེ། གང་སྡུག་བསྔལ་བརྒྱད་པོ་འདི་དག་སྐྱེ་བར་བྱེད་བ་ནི་ཀུ་འབྱུང་ཞེས་བྱའོ། ། ཆོས་འདི་དག་གི་གནས་ཀྱང་མེད་པ་ནི་འགོག་པ་ཞེས་བྱའོ།། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་གསུམ་དང་། སྙིང་རྗེ་ཆེན་པོ་ན་ལམ་ཞེས་བྱའོ། ། རིགས་ཀྱི་བུ་སྐྱེ་བ་ཞེས་བྱ་བ་ནི་འབྱུང་བའི་མཚན་ཉིད་དེ། དེའང་རྣམ་པ་ལྔའོ།། འདི་ལྟ་སྟེ། ཐོག་མ་བྱུང་བ་དང་། ཐ་མར་ཟད་པ་དང་། འཕེལ་ཞིང་སྐྱེ་བ་དང་། མངལ་ནས་བྱུང་བ་དང་། རིགས་ལས་སྐྱེས་པའོ།། རྒས་ཤེས་བྱ་བ་ནི་རྒས་པ་ལ་རྣམ་པ་གཉིས་ཏེ། སྐད་ཅིག་སྐད་ཅིག་ཏུ་རྒས་པ་དང་། མཐར་རྒས་པའོ།། ཡང་རྣམ་པ་གཉིས་ཏེ། སྐྱེ་ཞིང་འཕེལ་བས་རྒས་པ་དང་། འགོག་ཅིང་ཞིག་པས་རྒས་པ་ནི་རྒས་པ་ཞེས་བྱའོ།། ན་བ་ཞེས་བྱ་བ་གང་ཞེ་ན། ན་བ་ནི་ཆེན་པོ་བཞིའི་སྦྲུལ་གདུག་པ་ཤེས་མི་མཉམ་པ་ལས་ནང་དུ་གྱུར་ཏེ། དེའང་རྣམ་པ་གཉིས་སོ།། ལུས་ན་བ་དང་། སེམས་ན་བ་སྟེ། ལུས་ན་བ་ལའང་རྣམ་པ་ལྔའོ།། བད་ཀན་ལས་གྱུར་པ་དང་། རླུང་ལས་གྱུར་པ་དང་། འཁྲིས་པ་ལས་གྱུར་པ་དང་། འདུས་པ་ལས་ནད་དུ་གྱུར་པ་དང་། བག་མ་བྱས་པ་ལས་ནང་དུ་གྱུར་པའོ།། བག་མ་བྱས་པའི་ནད་ལའང་རྣམ་པ་བཞི་སྟེ། ཉམས་ཀྱིས་མི་ལྕོགས་བཞིན་དུ་བྱེད་པ་དང་། གཡང་དུ་ལྷུང་བ་དང་། རྡོ་དབྱིག་དང་མཚོན་གྱིས་ཕོག་པ་དང་། མི་མ་ཡིན་པས་བརླམས་པའོ།། སེམས་ན་བ་ལའང་རྣམ་པ་བཞི་སྟེ། ཤིན་ཏུ་དགའ་བ་ལས་གྱུར་པ་དང་། འཇིགས་སྐྲག་པ་ལས་གྱུར་པ་དང་། མྱ་ངན་བྱེད་པ་ལས་གྱུར་པ་དང་། གཏི་མུག་ལས་གྱུར་པའོ།། རིགས་ཀྱི་བུ་གཞན་ཡང་ལུས་ན་བ་དང་། སེམས་ན་བ་ལ་རྣམ་པ་གསུམ་སྟེ། ལས་ཀྱི་རྣམ་པར་སྨིན་པ་དང་། སྡིག་པའི་གཉེན་པོ་མ་སྤངས་པ་དང་། དུས་ལས་གྱུར་བ་སྟེ། དེ་དག་ལ་སོགས་པ་ལས་རྒྱུ་དང་རྐྱེན་མིང་དུ་འདོགས་པ་དང་། རྣམ་པ་ཐ་དད་པའི་ནད་སྐྱེས་པར་གྱུར་ཏོ།། རྒྱུ་རྐྱེན་ལས་གྱུར་པ་ནི་རླུང་ལ་སོགས་པའི་ནད་རྣམས་སོ།། མིང་དུའདོགས་པ་ནི་སེམས་མྱོས་པ་དང་། གློན་པ་དང་། དབུགས་མི་བདེ་བ་དང་། སྟུག་ཟོ་བ་དང་། སྙིང་སྟོར་ལྡན་པ་དང་། ཚད་པ་འཁྲུ་བའི།། རྣམ་པ་ཐ་དད་བ་ནི་ཀླད་པ་ན་བ་དང་། མིག་ན་བ་དང་། རྐང་ལག་ལ་སོགས་པ་ན་བ་སྟེ། དེ་དག་ནི་ན་བ་ཞེས་བྱའོ།། ཤི་བ་ཞེས་བྱ་བ་གང་ཞེ་ན། ཤི་བ་ཞེས་བྱ་བ་ནི་བདག་གི་ལུས་བླངས་པ་དེ་དག་བྲལ་བའོ། ། ལུས་བླངས་པ་དང་ཐལ་བ་ལའང་རྣམ་པ་གཉིས་ཏེ། ཚེ་ཟད་ནས་ཤི་བ་དང་། ཕྱི་རོལ་གྱི་རྐྱེན་གྱིས་ཤི་བའོ།། ཚེ་ཟད་དེ་ཤི་བ་ལའང་རྣམ་པ་གསུམ་སྟེ། ཚེ་ཟད་པ་བསོད་ནམས་མ་ཟད་པ་དང་། བསོད་ནམས་ནི་ཟད་ལ་ཚེམ་ཟད་པ་དང་། བསོད་ནམས་དང་ཚེ་གཉིས་ཀ་ཟད་པའོ།། ཕྱི་རོལ་གྱི་རྐྱེན་གྱིས་ཤི་བ་ལའང་རྣམ་པ་གསུམ་སྟེ། མི་རིགས་པར་བདག་ལྡེ་བས་ཏེ་ཤི་བ་དང་། ཕ་རོལ་པོ་གཞན་གྱིས་བསད་པ་དང་། གཉིས་ཀ་བཅས་ཏེ་ཤི་བའོ།། གཞན་ཡང་ཤི་བ་ལ་རྣམ་པ་གསུམ་ཡོད་དེ། དག་མེད་པས་ཤི་བ་དང་། ཚུལ་ཁྲིམས་ཉམས་པས་ཤི་བ་དང་། ཚེའི་དབང་པོ་ཞིག་སྟེ་ཤི་བའོ།། དེ་ལ་བག་མེད་པའི་ཤི་བ་གང་ཞེ་ན། ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ལ་སྐུར་བ་ནི་བག་མེད་པས་ཤི་བ་ཞེས་བྱའོ། ། ཚུལ་ཁྲིམས་ཉམས་ཏེ་ཤི་བ་གང་ཞེ་ན། འདས་པ་དང་། མ་འོངདྲ་བ་དང་། ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་བཅས་པའི་ཚུལ་ཁྲིམས་བཤིག་པ་ནི་ཚུལ་ཁྲིམས་ཉམས་ཏེ་ཤི་བ་ཞེས་བྱའོ། ། ཚེའི་དབང་པོ་ཞིག་སྟེ་ཤི་བ་གང་ཞེ་ན། ཕུང་པོ་ལྔའི་ལུས་དང་བྲལ་བ་ནི་ཚེའི་དབང་པོ་ཞིག་ནས་ཤི་བ་ཞེས་བྱ་སྟེ། དེ་དག་ནི་ཤི་བའི་སྡུག་བསྔལ་ཆེན་པོ་ཞེས་བྱའོ།། འདོད་པ་དང་བྱེ་བྲལ་བའི་སྡུག་བསྔལ་གང་ཞེ་ན། གང་ཡིད་དུ་འོང་ཞིང་འདོད་པའི་དངོས་པོ་ཞིག་གམ། བྲལ་ལམ། གྱེས་པར་གྱུར་པའོ།། ཡིད་དུ་འོང་ཞིང་འདོད་པའི་དངོས་པོ་དང་བྱེ་བྲལ་བའང་རྣམ་པ་གཉིས་ཏེ། མིའི་ནང་ན་ཕུང་པོ་ལྔ་ཞིག་པ་དང་། ལྷའི་ནང་ན་ཕུང་པོ་ལྔ་དང་བྲལ་བའོ།། དེ་ལྟར་ལྷ་དང་མི་ལ་འདོད་པའི་ཕུང་པོ་རྣམ་པར་ཕྱེ་ན་ཚད་མེད་དེ། མདོར་ན་དེ་དག་ནི་འདོད་པ་དང་བྱེ་བྲལ་བའི་སྡུག་བསྔལ་ཞེས་བྱའོ། ། དགྲ་སྡང་བ་དང་ཕྲད་པའི་སྡུག་བསྔལ་གང་ཞེ་ན། གང་ཡིད་དུ་མི་འོང་ཞིང་མི་འདོད་པ་དང་འདུས་ཤིང་ཕྲད་པའོ།། ཡིད་དུ་མི་འོང་ཞིང་མི་འཛད་པ་དང་ལད་པལའང་རྣམ་པ་གསུམ་སྟེ། སེམས་ཅན་དམྱལ་བ་དང་། སཾ་དགས་དང་། རློམ་སོང་གི་སྐྱེ་གནས་སོ།། དེ་ལྟར་དྲན་སོང་གསུམ་པོ་རྣམ་པར་དབྱེན་ཚད་མེད་མོད་ཀྱི། མདོར་ན་དེ་དག་ནི་དགྲ་སྣང་བདང་བླ་པའི་སྡུག་བསྔལ་ཞེས་བྱའོ།། འདོད་པ་མི་རྙེད་པའི་སྡུག་བསྔལ་གང་ཞེ་ན། འདོད་པ་མི་རྙེད་པའི་སྐུ། བསྔལ་ལའང་རྣམ་པ་གཉིས་ཏེ། རེ་བའི་གནས་ནས་འདོད་པ་མི་རྙེད་པ་དང་། ལས་མང་དུ་བྱས་ནས་འབྲས་བུ་དོན་དུ་མ་གྱུར་པ་ནི་འདོད་པ་མི་རྙེད་པའི་སྡུག་བསྔལ་ཞེས་བྱའོ།། ཕུང་པོ་ལྔའི་སྡུག་བསྔལ་གང་ཞེ་ན། སྐྱེ་བའི་སྡུག་བསྔལ་དང་། རྒ་བའི་སྡུག་བསྔལ་དང་། ཤི་བའི་སྡུག་བསྔལ་དང་། འདོད་པ་དང་བྱེ་བྲལ་བའི་སྡུག་བསྔལ་དང་། དགྲ་སྡང་བ་དང་ཕྲད་པའི་སྡུག་བསྔལ་ནི་ཕུང་པོ་ལྔའི་སྡུག་བསྔལ་ཞེས་བྱའོ།། འོད་སྲུངས་སྐྱེ་བའི་དངོས་པོ་ལ་དེ་ལྟར་རྒ་བའི་སྡུག་བསྔལ་ནས། ཕུང་པོ་ལྔའི་སྡུག་བསྔལ་གྱི་བར་དུ་སྡུག་བསྔལ་རྣམ་པ་བདུན་ཡོད་དོ། ། འོད་སྲུངས་རྒུད་པ་དང་རྒ་བ་ནི་ཐམས་ཅད་ལ་ཡོད་པ་མ་ཡིན་ཏེ། སངས་རྒྱས་དང་ལྷ་རྣམས་ལ་ནི་ངེས་པར་མེད་དོ།། མོ་ལ་ནི་གཅིག་ཏུ་མ་ཆད་དེ། ལ་ལ་ལ་ཡོད་ལ། ལ་ལ་ལ་ནི་མེད་དོ།། འོད་སྲུངས་ཁམས་གསུམ་གྱི་ལུས་སུ་གྱུར་པ་ནི་མི་སྐྱེ་བ་མེད་དེ། རྒ་བ་ནི་གཅིག་ཏུ་མ་ཆད་དོ།། དེ་བས་ན་ཐམས་ཅད་ཀྱང་སྐྱེ་བ་ནི་རྩ་བར་འགྱུར་རོ། ། འོད་སྲུངས་འཇིག་རྟེན་གྱི་སེམས་ཅན་དག་ནི་ཕྱིན་ཅི་ལོག་གིས་བསྒྲིབས་པས་ནི། སྐྱེ་བ་ལ་ནི་འདོད་ཅིང་ཆགས་ཀྱི་རྒ་བ་དང་འཆི་ནི་མི་འདོད་དོ། ། འོད་སྲུངས་བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ཏེ། ཐོག་མ་སྐྱེ་བ་ནས་སྐྱོན་དུ་རྟོགས་སོ།། འོད་སྲུངས་དཔེར་ན་མི་ཞིག་གི་ཁྱིམ་དུ་བུད་མེད་བཟང་མོ་བལྟ་ན་སྡུག་པ། ཤིན་ཏུ་མཛེས་པ། ཚུལ་དུ་ཤིས་པ། རྒྱན་བཟང་པོས་ཡོངས་སུ་བརྒྱན་པ་ཞིག་འོངས་ནས། ཁྱིམ་བདག་གིས་དེ་ལ་འདི་སྐད་ཅེས་འདྲིའོ།། བུད་མེད་ཁྱོད་ཅི་མི་སུ་དབང་ཞེས་དྲིས་ནས། བུད་མེད་དེས་ཁོ་མོ་ནི་ལྷ་ཆེན་པོ་བཀྲ་ཤིས་མ་ཡིན་ནོ་ཞེས་སྨྲའོ།། ཁྱིམ་བདག་གིས་ཡང་དྲིས་པ། ཁྱོད་མེའི་ཁྱིམ་དུ་འོང་ན་ཅི་དང་ཅི་ནུས།། བུ་དེ་མེད་དེས་སྨྲས་པ། ཁོ་མོ་གར་ཕྱིན་པར་ཁྱིམ་བདག་དེ་ལ་གསེར་དང་། དངུལ་དང་། བཻ་ཌཱུརྠ་དང་། ཤེལ་དང་། མུ་ཏིག་དང་། བྱི་རུ་དང་། སྲུར་ལོང་དང་། ཨ་སྨ་ག་ར་བ་དང་། མུ་ས་ལ་གལ་བ་ལ་སོགས་ཏེ། རིན་པོ་ཆེ་རྣམ་པ་མང་པོ་དང་། བ་ལང་དང་། རྟ་དང་། ཤིང་རྟ་དང་། མ་།། ཟན་མོ་ལས་བྱེད་པའི་མི་བདོག་པར་འོང་ངོ་།། ཁྱིམ་བདག་གིས་དེ་སྐད་ཀྱི་ཚིག་ཐོས་ནས་ཤིན་ཏུ་དགའ་མགུ་རངས་ཏེ། བདག་ཅག་གི་བསོད་ནམས་སྨིན་པས། ལྷ་ཁྱོད་བདག་གི་ཁྱིམ་དུ་འོངས་སོ་ཞེས་སྨྲས་ནས། སྤོས་དང་མེ་ཏོག་གིས་མཆོད་དེ་བསྟྲ་སྦྲང་དང་བཅས་པས་བྱུཀླུ་བྱེད་དོ། ། དེའི་སྒོ་ནས་བུད་མེད་ཤིན་ཏུ་སྡུག་པ། ཀོས་སྲུལ་པོ་མྱ་རྒྱན་གྱོན་པགས་བྱ་ཆུབ་པ། མདོག་ངན་ཀྱང་འོངས་ནས། ཁྱིམ་བདག་གིས་བུད་མེད་དེ་ལ་ཁྱོད་ཀྱི་མིང་ཆེ། སུ་དབང་ཞེས་དྲིས་སོ།། བུད་མེད་དེས་སྨྲས་པ། ཁོ་མའི་མངོནི་རྣ་ནག་མོ་ཞེས་བྱའོ།། དེས་སྨྲས་པ།། ཁྱོད་ཀྱི་མིང་ཅིའི་ཕྱིར་རྣ་ནག་མོ་ཞེས་བྱ། བུད་མེད་དེས་སྨྲས་པ། ཁོ་མོ་གང་དུ་འོངས་པ་དེར་དེའི་ཁྱིམ་ན་ནོ་པོ་ཆེ་དང་ལོངས་སྤྱོད་ཐམས་ཅད་མེད་པར་འགྱུར་བས་ནཱ་ནག་མོ་ཞེས་བྱའོ། ། ཁྱིམ་བདག་གིས་དེ་སྐད་ཅེས་ཐོས་ནས། མཚོན་རྣོན་པོ་ཐོགས་ཏེ། བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད་མྱུར་དུ་སོང་ཞིག། མི་འགྲོན་ཁྱོད་གསད་དོ་ཞེས་བྱས་སོ། ། བུད་མེད་དེས་སྨྲས་པ། ཁྱོད་ནི་ཤིན་ཏུ་གླེན་པ་ཤེས་པ་མེད་པ་ཡིན་ནོ།། ཁྱིམ་བདག་གིས་སྨྲས་པ། བདག་ཅིའི་ཕྱིར་གླེན་པ་ཤེས་བ་མེད་པ་ཡིན། བུད་མེད་ངེས་སྨྲས་པ། ད་ལྟར་ཁྱོད་ཀྱི་ཁྱིམ་ན་འདུག་པ་དེ་ནི་ཁོ་མོའི་བུ་མོ་ཡིན་ཏེ། གར་འགྲོའང་འགྲོགས་དགོས་ན། གལ་ཏེ་ཁོ་མོ་སྐྲོད་ན་ནང་ན་འཇུག་པའང་སྐྲོད་ཅིག། མི་དེ་ཕྱིར་ཁྱིམ་དུ་སོང་ནས་ལྷ་བཀྲ་ཤིས་མ་ལ་འདི་སྐད་དུ། སྒོ་ན་བུད་མེད་གཅིག་ལྷའི་ནུ་མོ་ཞེས་ཟེར་ན་ཡིན་ནམ། བཀྲ་ཤིས་མས་སྤྲས་པ། དེ་ཁོ་མོའི་ནུ་མོ་ཡིན་ཏེ། ཀར་སོང་ཡང་ལྷན་ཅིག་འགྲོགས་ཏེ་བྲལ་མ་མྱོང་ངོ་།། ཀར་སོང་ཡང་བདག་ནི་ལེགས་པར་དཀའ་སྟེ། ལེགས་པར་བྱེད། ཕན་བར་བྱེད་ཀྱི། ནུ་མོ་ནི་རྟག་ཏུ་ཉེས་པར་དགའ་ཞིང་ཉེས་པར་བྱེད། གནོད་པར་བྱེད་དོ།། ཅི་སྟེ་བདག་འདོད་ནའང་དེའང་འདོད་པར་བྱ་དགོས་སོ།། བདག་ལ་བསྟི་སྟང་བྱེད་ན་ལའང་བསྟི་སྟང་བྱ་དགོས་སོ། ། ཁྱིམ་བདག་དེས་དེ་སྐད་ཅེས་ཐོས་ནས་འདི་སྐད་ཅེས་སྨྲས་སོ།། དེ་ལྟར་ལེགས་པ་དང་ཉེས་པ་ཡོད་ན། གཉིས་ཀ་ཁོ་བོ་ལ་མི་དགོས་ཀྱིས་གར་དགའ་བར་དེངས་ཤིག་ཅེས་བསྒོའོ། ། དེ་ནས་བུད་མེད་དེ་གཉིས་ཀྱང་ཕྱིར་གནས་སུ་སོང་ནས། དེའི་ཚེ་ཁྱིམ་བདག་དེ་རབ་ཏུ་དགའ་མགུ་རངས་པར་གྱུར་ཏོ།། དེ་ནས་བུད་མེད་དེ་གཉིས་ཀ་ཡང་འགྲོགས་ཏེ་དབུལ་པོ་ཞིག་གི་ཁྱིམ་དུ་སོང་ནས། དབུལ་པོ་དེ་རབ་ཏུ་དགའ་སྟེ། དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ།། ད་ཕྱིན་ཆད་ཁྱེད་གཉིས་ཀ་རྟག་ཏུ་བདག་གི་ཁྱིམ་འདུག་ཅིག། བཀྲ་ཤིས་མས་སྨྲས་པ། བདག་ཅག་གཉིས་སྔར་ཡང་གཞན་གྱིས་བསྐྲད་པ་ཡིན་ན། ད་ཅིའི་ཕྱིར་ཁྱོད་ཀྱིས་བདག་ཅག་གཉིས་འདུག་ཅེས་སྨྲ། དབུལ་པོས་སྨྲས་པ། ཁྱོད་ཀྱིས་བདག་ལ་དགོངས་ཤིག་དང་། བདག་ནི་ཁྱོད་ཀྱི་ཕྱིར་འདི་ལའང་རིམ་གྲོ་བྱེད་ན། དེ་བས་ན་གཉིས་ཀ་འདུག་པར་གསོལ་བ་བྱེད་པ་ཡིན་ན། འོད་སྲུངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དངའཆ་སྟེ། སྦྱར་སྐྱེ་བར་མི་འདོད་དོ།། སྐྱེས་པས་ནན་པ་དང་། ན་བ་དང་། འཆི་བསོད་དེ། དེ་བསྟན་ནྡྷ་ཀཱསྭོང་སྟེ་མི་འདོད་དོ། ། བུས་པ་མ་རབས་ནི་རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་པའི་སྐྱོན་མང་པོ་མི་ཤེས་པས། སྐྱེ་བ་དང་འཆི་བའི་སྐྱོན་གཉིས་ཀ་ལ་ཆགས་སོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། བྲམ་ཟེའི་བུ་ཆུང་ངུ་ཤེད་མ་བྱེ་བ་འཀྲེས་པས་ཉེན་ན། ངན་སྒྱོགས་ཀྱི་ནང་ན་ཨ་འདྲའི་འབྲས་བུ་ཡོད་པ་ལེན་ཏོ།། དེ་ལ་མཁས་ཤིང་ཤེས་བདག་གིས་མཐོང་ནས་འདི་སྐད་དུ་གཤེ་སྟེ། ཁྱོད་ནི་བྲམ་ཟེའི་རིགས་ཤིན་ཏུ་གཙང་བ་ཡིན་ན། ཅིའི་ཕྱིར་ངན་སྐྱུགས་ཀྱི་ནང་ནས་ཨ་འབྲའི་འབྲས་བུ་ལེན་ཅེས་སྨྲས་སོ།། བྲམ་ཟེའི་ཁྱེའུ་དེ་ནི་ཤིན་ཏུའང་ངོ་ཚ་ནས་དེ་ལ་འདི་སྐད་ཅེས་སྨྲས་སོ། ། བདག་གིས་ཡང་དག་པར་ན་ཟ་བར་ནི་མ་བྱས་ཀྱི། བཀྲུས་ཏེ་ཕྱིར་དོར་བར་བྱ་སྙམ་མོ།། མཁས་པ་དེས་སྨྲས་པ། ཁྱོད་ནི་ཤིན་ཏུའང་གླེན་ཏེ་ཕྱིར་དོར་བར་བསམས་ན་བླང་བའི་མི་རིགས་སོ་ཞེས་སྨྲས་སོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། སྐྱེ་བའི་ཕྱོགས་མི་ལེན་མི་ལེན་མི་སྤོང་སྟེ། ཇི་ལྟར་མཁས་པས་ཁྱེའི་དེ་ལ་སྤྲོས་པ་བཞིན་ནོ།། བུས་པ་མ་རབས་ནི་སྐྱེ་བ་ནི་འདོད་ཀྱི། འཆི་བ་ནི་མི་འདོད་དོ།། ཁྱེའུ་དེས་ཤིང་ཐོག་བླངས་ནས་དོར་བ་དང་འཇའོ། ། འོད་སྲུངས་གཞན་ཡང་འདི་ལྟ་སྟེ། དཔེར་ན་ལམ་གྱི་བཞི་མདོར་མི་ཞིག་སྣོད་བཟང་པོའི་ནང་དུ་ཁ་ཟས་རོ་དང་། བསུང་དང་། ཁ་དོག་ཏུ་ལྡན་པ་འཚོང་ལ། ལམ་རིང་པོ་ནས་འོངས་པའི་མི་བཀྲེས་པ། ཉམ་ཆུང་བ། ངལ་བ་ཞིག་ཁ་ཟས་དེ་བྲོ་བ་སུང་དང་ཁ་དོག་ཏུ་ལྡན་པ་དེ་མཐོང་ནས་དྲུང་དུ་བསྙེན་ཏེ་འདི་ཅི་ཡིན་ཞེས་འཛིའོ།། ཟས་ཀྱི་བདག་པོ་དེས་སྨྲས་པ། འདི་ནི་ཁ་ཟས་ཀྱི་མཆོག་ཟོ་བསུང་དང་ཁ་དོག་ཏུ་ལྡན་པ་ཡིན་ཏེ། གང་གིས་འདི་ཟོས་ན་མདོག་དང་སྟོབས་ཀྱང་སྐྱེ་ཞིང་། བཀྲེས་པ་དང་སྐོམ་པའང་སེལ་ལ། ལྷ་རྣམས་ཀྱང་མཐོང་བར་འགྱུར་ཏེ། སྐྱོན་ནི་གཅིག་ཅིག་ཡོད་དོ།། དེ་ནི་འཆི་བར་འགྱུར་བའོ།། མི་དེ་དེ་སྐད་ཅེས་ཐོས་ནས་འདི་སྙམ་དུ་བདག་དང་སྟོབས་ཀྱང་དགོས། ལྷ་མཐོང་བ་དང་ཤི་བའང་མི་འདོད་དོ་སྙམ་ནས་འདི་སྐད་ཅེས་སྨྲས་སོ། ། ཟས་འདི་བཙོངས་པས་འཆི་བར་འགྱུར་ན། འདི་བཙོངས་ཏེ་ཅི་ཞིག་བྱ། ཟས་བདག་གིས་སྨྲས་པ། མཁས་པ་ཤེས་རབ་ཅན་ནི་སུའང་མི་ཉོའོ། ། གླེན་པ་ཤེས་པ་མེད་པ་དག་ནི་ང་ལ་རིན་ཡང་མང་དུ་བྱིན་ནས་ཉོས་ཏེ་ཟའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འཇ་སྟེ། ལྷར་སྐྱེ་བའང་མི་འདོད་ལ། མདོག་དང་། སྟོབས་དང་། ལྷ་མཐོང་བར་ཡང་མི་འདོད་དོ།། དེ་ཅིའི་ཕྱིར་ཞེ་ན། སྡུག་བསྔལ་མང་པོ་ལས་མི་ཐར་པའི་ཕྱིར་རོ།། བུས་པ་མ་རབས་ནི་རྒ་བ་དང་། ན་བ་དང་། འཆི་བའི་སྐྱོན་མ་མཐོང་ནས་སྐྱེ་བའི་གནས་ཀུན་ལ་ཆགས་སོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་དུག་གི་སྡོང་པོ་ནི་རྩ་བས་ཀྱང་འཆི་བར་བྱེད། སྡོང་པོས་ཀྱང་འཆི་བར་བྱེད། ཤུན་པ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུས་ཀྱང་ཤི་བར་བྱེད་རིགས་ཀྱི་བུ་སྲིད་པ་ཉི་ཤུ་ལྔ་པོར་སྐྱེ་བའི་གནས་སུ་ཕུང་པོ་ལྔ་བླངས་པའང་དེ་དང་འདྲ་སྟེ། ཐམས་ཅད་འཆིང་བར་བྱེད་དོ།། འོད་སྲུངས་གཞན་ཡང་འདི་ལྟ་སྟེ། དཔེར་ན་ངན་སྐྱུགས་ནི་མང་ཉུང་འདྲ་སྟེ་མནམ་མོ། ། རིགས་ཀྱི་བུ་སྐྱེ་བའང་དེ་དཔའ་རྔ་སྟེ། གལ་ཏེ་ཚེ་ལོ་བརྒྱད་ཁྲི་ཐུབ་པ་མ། ལོ་བཅུ་ཐུབ་པ་འདྲ་སྟེ། ཐམས་ཅད་སྡུག་བསྔལ་དུ་འདྲའོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་གཡང་ས་ཤིན་ཏུ་ཉམ་ང་བ་རྩས་ཡོག་པའི་དྲུང་ན་བདུད་རྩི་མང་དུ་ཡོད་དོ།། གལ་ཏེ་ཟོས་ན་ལྷའི་ལོ་སྟོང་ཐུབ་ལ། ནད་རྣམས་ཀྱང་འབྱུང་ཞིང་རབ་ཏུ་བདེ་བར་འགྱུར་རོ། ། བུས་པ་མ་རངས་ནི་རོ་ལ་ཆགས་པའི་ཕྱིར། རྐང་པའི་འོག་ན་གཡང་ས་ཉམ་ང་བ་ཆེན་པོ་ཡོད་པར་མི་ཤེས་ཏེ། ཟང་བར་ཆས་པ་ལས་རྐང་པ་འགྲེད་དེ་གཡང་སར་ལྷུང་ནས་ཤིའོ། ། མཁས་པ་ཤེས་རབ་ཅན་ནི་ཤེས་པས་ན་དེར་མི་འགྲོའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ9། ལ་ངས་ཀྱི་བས་བཟང་པོའའམ་འདོད་ན། མི་དག་གི་བས་སྒྲ་སྨོས་ཀྱང་ཅི་དགོས། བྲུས་པ་མ་རབས་ནི་སེམས་ཅན་དམྱལ་བར་ལུགས་ཀྱི་ཤུ་ལུམྦྷ་ཟ་བར་ཡང་བཟོད་པ་བྱེད་ན། ལྷ་དང་མིའི་ཟས་བཟང་པོ་ལྟ་སྨོས་ཀྱང་ཅི་དགོས། འོད་སྲུངས་དཔེར་བསྟན་པ་འདི་དག་དང་། གཞན་ཡང་དཔེ་ཚད་མེད་གྲངས་མེད་པའི་སྒོ་ནས་སྐྱེ་བ་འདི་ནི་སྡུག་བསྔལ་ཆེན་པོ་ཡིན་པར་རིག་པར་བྱའོ། ། འོད་སྲུངས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས་སྐྱེ་བའི་སྡུག་བསྔལ་རྟོགས་པ་ཞེས་བྱའོ། ། འོད་སྲུངས་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས་རྒས་པའི་སྡུག་བསྔལ་རྟོགས་པ་ཞེ་ན། རྒས་ཤེས་བྱ་བ་ནི་སྐྱུག་བྲོ་བ། ལུ་བ། དཔའ་བ་དང་ཉམ་རྩལ་འཕྲོག་པ། དྲན་པ་དང་། བརྩོན་པ་དང་། འཛིན་པ་དང་གནོན་དར་བ་དང་། རབ་ཏུ་བདེ་བ་དང་། ང་རྒྱལ་དང་། རྒྱགས་འཆོས་པ་བདེ་བ་ལ་ཡིད་བཞིན་དུ་སྤྱོད་པ་ཀུན་མ་རུང་བར་བྱེད་དེ། དེ་ལས་བཟློག་ནས་ལེ་ལོ་དང་སྙོམས་ལས་ཆེ་བ་དང་། གཞན་གྱིས་བརྙས་པར་འགྱུར་བར་བྱེད་དོ།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་རྫིང་བུ་ནང་ན་པདྨོས་ཡོངས་སུ་གང་སྟེ་འདབ་མ་རྒྱས་ན། ཁ་དོག་འཚེར་བས་ཐམས་ཅད་ཡིད་དུ་འོང་སྟེ་འདོད་དོ། ། གལ་ཏེ་སེ་རབ་འབན་ཐམས་ཅད་བཅོམ་སྟེ་མ་རུང་བར་བྱེད་དོ།། རིགས་ཀྱི་བུ་རྒ་བའང་དེ་དང་འདྲ་སྟེ། གཞོན་དར་བའི་མདོག་བཟང་པོ་མ་རུང་བར་བྱེད་དོ། ། འོད་སྲུངས་གཞན་ཡང་འདི་ལྟ་སྟེ། དཔེར་ན་རྒྱལ་པོ་ཞིག་ལ་བློན་པོ་མཛངས་པ་ཐོ་དང་ལྡན་པ། དགྲ་ཆོས་ལ་མཁས་པ་ཞིག་ཡོད་དེ། རྒྱལ་ཕྲན་གཞན་ཞིག་དེ་ལ་བསྔོ་སྟེ་མི་ཉན་ན། རྒྱལ་པོ་དེས་བློན་པོ་དེ་ལ་ཕ་རོལ་གྱི་རྒྱལ་ཕྲན་དེ་ཟུང་ཞིག་ཅེས་བསྒོ་ན། དེས་ཁྲིད་དེ་འོང་ངོ་།། རྒས་པའང་དེ་དང་འདྲ་སྟེ། གཞོན་དར་བ་གཟུང་ནས་འཆི་བདག་གི་རྒྱལ་པོ་ལ་འབུལ་ལོ། ། འོད་སྲུངས་གཞན་ཡང་འདི་ལྟ་སྟེ། དཔེར་ན་ཤིང་རྟའི་སྲོག་ཤིང་ཆག་ན་སྤྱད་དུ་མི་རུང་ངོ་།། རྒས་པའང་དེ་དང་འདྲ་སྟེ་ཅིར་ཡང་མི་རུང་ངོ་།། འོད་སྲུངས་གཞན་ཡང་འདི་ལྟ་སྟེ། དཔེར་ན་ཁྱིམ་པ་དག་ཕྱུག་པོ་ཞིག་ལ་གསེར་དང་། དངུལ་དང་། བཻ་ཌཱུཪྻཱ་དང་། བྱི་རུ་དང་། ཨ་སྨ་གར་བ་དང་། མུ་ས་ལ་གལ་བ་མང་དུ་ཡོད་པའི་ཁྱིམ་དུ། རྐུན་པོ་འམ། མི་རྒོད་མང་པོ་འོངས་ན་ཐམས་ཅད་ཕྲོགས་ཏེ་ཁྱིམ་སྟོངས་པར་བྱེད་དོ།། རིགས་ཀྱི་བུ་གཞོན་དར་བའི་མདོག་བཟང་པོའང་དེ་དང་འདྲའོ།། རྟག་ཏུ་རྒ་བའི་དགྲས་རྐུ་ཞིང་འཕྲོག་གོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་མི་དབུལ་པོ་ཞིག་ཟས་བཟང་པོ་དང་གོས་འཇམ་པ་ལ་ཆགས་ཏེ། རྟག་ཏུ་རེའང་རྙེད་པར་མི་འགྱུར་རོ། ། རིགས་ཀྱི་བུ་རྒས་པའང་དེ་དང་འདྲ་སྟེ། འདོད་པ་ལྔའི་བདེ་སྐྱིད་ལ་ཡིད་བཞིན་དུ་ལོངས་སྤྱོད་པར་འདོད་མོད་ཀྱི་མི་ནུས་སོ།། འོད་སྲུངས་གཞན་ཡང་འདི་ལྟ་སྟེ། དཔེར་ནསྐམས་ལ་འདུག་པའི་རུས་སྦལ་ནི་སེམས་ལ་རྟག་ཏུ་ཆུ་དྲན་ནོ། ། རིགས་ཀྱི་བུ་མིའང་དེ་དང་འཇ་སྟེ། རྒས་འཁོགས་པས་ཡོངས་སུ་བསྐམས་ནས། སེམས་ལ་རྟག་ཏུ་གཞོན་དར་བའི་འདོད་པ་ལྔའི་བདེ་བ་དྲན་ནོ། ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་སྟོན་གྱི་དུས་སུ་མེ་ཏོག་པདྨོ་ཁ་བྱེ་བ་ལ་ནི་ཐམས་ཅད་འདོད་དེ་ཡིད་དུ་འོང་ངོ་།། རྙིས་ཏེ་སེར་པོར་སོང་ནས་ཐམས་ཅད་ཀྱིས་མི་འདོད་དོ། ། རིགས་ཀྱི་བུ་གཞོན་དར་བའི་མདོག་བཟང་པོའང་དེ་དང་འདྲ་སྟེ། ཐམས་ཅད་ཀྱིས་འདོད་ཅིང་དགའ་བ་ལས། རྒས་པར་གྱུར་ན་ཐམས་ཅད་ཀྱི་ཡིད་དུ་མི་འོང་དེ་མི་འདོད་དོ། ། འོད་སྲུངས་གཞན་ཡང་འདི་ལྔ་སྟེ། དཔེར་ན་བུ་རམ་ཤིང་བཙིར་ཟིན་པའི་ཚོགས་མ་ནི་རོ་མེད་པ་ཡིན་ནོ།། རིགས་ཀྱི་བུ་གཞོན་དར་བའི་མདོག་ཀྱང་དེ་དང་འདྲ་སྟེ། རྒས་ཆུད་པས་ཁེབས་པས་ན་རབ་ཏུ་འབྱུང་བའི་རོ་དང་། ཀློག་ཅིང་འདོན་པའི་རོ་དང་། བསམ་གཏན་གྱི་རོ་དང་། རོ་གསུམ་པོ་མེད་འགྱུར་རོ། ། འོད་སྲུངས་གཞན་ཡང་འདི་ལྟ་སྟེ། དཔེར་ན་ཟླ་བ་རྒྱས་པ་ནི་མཚན་མོ་ཤིན་ཏུ་སྣང་ཞིང་གསལ་གྱི། ཉིན་པར་ནི་མ་ཡིན་ནོ།། རིགས་ཀྱི་བུ་མིའང་དེ་དང་འདྲ་སྟེ། གཞོན་པའི་ཚེ་ནི་བཟང་ཞིང་མཛེས་སོ།། རྒས་ནས་ནི་བསྐམས་ཤིང་རིད་དོ།། འོད་སྲུངས་གཞན་ཡང་འདི་ལྟ་སྟེ། དཔེར་ན་རྒྱལ་པོ་ཡང་དག་པའི་ཆོས་ཀྱིས་སྲིང་འཚོ་ཞིང་གཡོ་སྒྱུ་མེད་ལ་སྙིང་རྗེ་དང་ལྡན་པ། ཡོངས་སུ་གཏོང་བ་དང་ལྡན་པ་ཞིག་ཡུལ་གཞན་གྱི་དམག་གིས་བཏབ་ནས་འཁྱམས་ཏེ། ཡུལ་གཞན་དུ་ཕྱིན་པར་གྱུར་ན། ཐམས་ཅད་ཀྱིས་དེ་ལ་སྙིང་བརྩེ་སྟེ་འདི་སྐད་ཅེས་ཟེར་རོ།། རྒྱལ་པོ་ཆེན་པོ་སྔོན་ཡང་དག་པའི་ཆོས་ཀྱིས་སྲིད་འཚོ་སྟེ་མི་དགའ་བ་གཅིག་ཀྱང་མེད་ན། ད་ཅིའི་ཕྱིར་འཁྱམས་པར་གྱུར་ཅེས་ཟེར་རོ། ། རིགས་ཀྱི་བུ་མིའང་དེ་དང་འདྲ་སྟེ། རྒས་འཁོགས་པས་ཉམས་པར་གྱུར་ནས། གཞོན་དའ་བའི་ལས་ཅི་བྱས་པ་ལ་བསྟོད་དོ།། འོད་སྲུངས་གཞན་ཡང་འདི་ལྟ་སྟེ། དཔེར་ན་མེ་མར་གྱི་སྙིང་པོ་ནི་མར་ལ་རག་ལུས་ཏེ། མར་ཟད་ན་རིང་པོ་མི་ཐོགས་སོ།། རིགས་ཀྱི་བུ་མིའང་དེ་དང་འདྲ་སྟེ། གཞོན་དར་བ་ལ་རག་ལུས་སོ། ། གཞོན་དར་བ་ཟད་ནས་རྒས་ཤིང་འཁོགས་པའི་སྙིང་པོ་ནི་རིང་པོར་མི་ཐོགས་སོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་ཆུ་བསྐམས་པའི་ཟམ་པ་ནི་མི་དང་། མི་མ་ཡིན་པ་དང་། བྱ་དང་། གཅན་གཟན་ལ་སོགས་པ་ལ་ཕན་མི་ཐོགས་སོ།། རིགས་ཀྱི་བུ་མིའང་དེ་དང་འདྲ་སྟེ། རྒས་པས་བསྐམས་པར་གྱུར་ན་ལས་སུ་བྱ་བ་ཐམས་ཅད་ལ་ཕན་པར་མི་འགྱུར་རོ། ། འོད་སྲུངས་གཞན་ཡང་འདི་ལྟ་སྟེ། དཔེར་ན་ཆུས་བཟས་པའི་གད་ཀ་ན་ཤིང་སྐྱེས་པ་ནི་རླུང་དྲག་པོ་ལངས་མ་ཐག་ཏུ་གདོན་མི་ཟ་བར་འགྱེལ་ཏོ། ། རིགས་ཀྱི་བུ་མིའང་དེ་དང་འདྲ་སྟེ། རྒས་པའི་གད་ཀ་གཡང་ས་དང་ཉེ་བས་འཆི་བའི་རླུང་ལངས་ན་རིང་པོར་མི་གནས་སོ།། འོད་སྲུངས་གཞན་ཡང་འདི་ལྟ་སྟེ། དཔེར་ན་ཤིང་རྟའི་སྲོག་ཤིང་ཆག་ན་ཁལ་ལྕི་བ་བཀུར་མི་བཟོད་དོད་དོ། ། རིགས་ཀྱི་བུ་རྒས་པའང་དེ་དང་ཟ་སྟེ། དགེ་བའི་ཆོས་ཐམས་ཅད་འཛིན་མི་ནུས་སོ།། འོད་སྲུངས་གཞན་ཡང་འདི་ལྟ་སྟེ། དཔེར་ན་བུས་པ་ཆུང་ངུ་ཤེད་མ་བྱེ་བ་ལ་ནི་ཐམས་ཅད་ཀྱིས་བརྙས་སོ།། རིགས་ཀྱི་བུ་རྒས་པའང་དེ་དང་འདྲ་སྟེ་ཐམས་ཅད་ཀྱིས་བརྙས་སོ།། འོད་སྲུངས་དཔེ་འདི་དག་དང་གཞན་ཡང་དཔེ་ཚད་མེད་དཔག་ཏུ་མེད་པའི་སྒོ་ནས་རྒས་པ་ནི་སྡུག་བསྔལ་ཆེན་པོ་ཡིན་པར་རིག་པར་བྱའོ། ། འོད་སྲུངས་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྤྱོད་པ་ན། རྒ་བའི་སྡུག་བསྔལ་རྟོགས་པ་ཞེས་བྱའོ།། འོད་སྲུངས་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྤྱོད་པ་ན། ན་བའི་སྡུག་བསྔལ་རྟོགས་ཤེ་ན། ན་བ་ཞེས་བྱ་བ་ནི་བདེ་བའི་དངོས་པོ་ཐམས་ཅད་མེད་པར་བྱེད་པ་སྟེ། དཔེར་ན་སེར་བ་བབ་ན་ལོ་ཏོག་ཐམས་ཅད་བཅོམ་སྟེ་མ་རུང་བར་བྱེད་དོ། ། འོད་སྲུངས་གཞན་ཡང་འདི་ལྟ་སྟེ། དཔེར་ན་མི་ཞིག་ལ་ཤ་ཁོན་གྱི་དགྲ་ཡོད་ན་རྟག་ཏུ་མྱ་ངན་བྱེད་དེ་འཇིགས་སོ། ། རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། རྟག་ཏུ་ན་བའི་སྡུག་བསྔལ་གྱིས་འཇིགས་ནས་མྱ་ངན་བྱེད་དོ།། འོད་སྲུངས་གཞན་ཡང་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་བྱད་བཞིན་བཟང་པོ་ཞིག་ཡོད་ན། རྒྱལ་པོའི་བཙུན་མོ་འདོད་པས་བཀུག་ནས་ལྷན་ཅིག་ཏུ་ཉལ་ལོ།། དེ་ནས་རྒྱལ་པོས་འཕྲིགས་ན་དེ་གཟུང་སྟེ། མིག་ཡ་གཅིག་ཀྱང་ཕྱུང་། རྣ་བ་ཡ་གཅིག་ཀྱང་གཅད། ལག་པ་ཡ་གཅིག་ཀྱང་གཅད་ན། དེའི་ཚེ་བྱད་བཞིན་སྔོན་ལས་ཉམས་ཏེ་སུས་ཀྱང་མི་འདོད་དོ།། རིགས་ཀྱི་བུ་མིའང་དེ་དང་འདྲ་སྟེ། ལུས་ཀྱི་ཡན་ལག་དང་། མིག་དང་། རྣ་བར་ལྡན་མོད་ཀྱི། ན་བའི་སྡུག་བསྔལ་གྱིས་གཟིར་བར་གྱུར་ན་ཐམས་ཅད་ཀྱིས་མི་འདོད་དོ།། འོད་སྲུངས་གཞན་ཡང་འདི་ལྟ་སྟེ། དཔེར་ན་ཆུ་ཤིང་དང་། སྨྱིག་མ་དང་། འདས་བུ་དང་། དྲེའུ་ནི་འབྲས་བུ་འམ། བུ་ཡོད་པར་གྱུར་ན་འཆིའོ།། རིགས་ཀྱི་བུ་མའིང་གེ་དང་འཇ་སྟེ་ནད་ཡོད་ན་འཆིའོ།། རིགས་ཀྱི་བུ་གནན་ཡང་འདི་ལྟསྒྲ། དཔེར་ན་འཁོར་ལོས་སྦྱར་བའི་རྒྱལ་པོ་ནི་དམག་ལ་དབང་བའི་བློན་པོ་སྔར་སོང་བའི་ཕྱི་བཞིན་དུ་རྒྱལ་པོ་ཆེན་པོ་འགྲོའོ། ། ཉའི་རྒྱལ་པོ་དང་། བུང་བའི་རྒྱལ་པོ་དང་། དུང་གི་རྒྱལ་པོ་དང་། ཁྱུ་མཆོག་རྒྱལ་པོའང་ཚོང་དཔོན་སྔར་སོང་ན་དེའི་ཕྱི་བཞིན་གཞན་དག་འགྲོ་སྟེ་མི་འཇལ་ལོ། ། རིགས་ཀྱི་བུ་འཆི་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོའང་དེ་དང་འདྲ་སྟེ། རྟག་ཏུ་ན་བའི་བློན་པོའི་རྗེས་སུ་འགྲོ་སྟེ་མི་འབྲལ་ལོ། ། ཉ་དང་། བྱང་བ་དང་། རུང་དང་། ཁྱུ་མཆོག་དང་། ཚོང་དཔོན་ལྟ་བུ་ར་ན་བའི་རྒྱལ་པོའི་རྗེས་སུའང་འཆི་བའི་འཁོར་རྟག་ཏུ་ཕྱི་བཞིན་འབྲང་སྟེ་རྟག་ཏུ་མི་འབྲལ་ལོ། ། འོད་སྲུངས་ན་བའི་རྒྱུ་དང་རྐྱེན་འདི་ལྟ་སྟེ། སྡུག་བསྔལ་བ་དང་། འཁྲུག་པ་དང་། སྨོས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། ལུས་དང་། སེམས་མི་བདེ་བར་བྱེད་པ་སྟེ། གྲ་མ་རུངས་པས་ཉེན་པ་ཞེས་ཀྱང་བྱ། རྐྱལ་བ་འབྲལ་བ་ཞེས་ཀྱང་བྱ། ཟམ་པ་འཇིག་པ་ཞེས་ཀྱང་། ཡང་དག་པའི་དྲན་པ་འཕྲོག་པ་ཞེས་ཀྱང་བྱ། གཞན་ཡང་གཞོན་དར་བའི་མདོག་བཟང་པོ་དང་། མཐུ་སྟོབས་དང་། བདེ་བ་མ་རུང་བར་བྱེད་པ་ཞེས་བྱའོ།། ཁྲེལ་བ་དང་། ངོ་ཚ་མེད་པ་དང་། ལུས་དང་། སེམས་འབའ་ཞིང་ཚིག་པར་བྱེད་པ་སྟེ། དཔེ་འདི་དག་དང་དེ་མ་ཡིན་པ་གཞན་དཔེ་ཚད་མེད་དཔག་ཏུ་མེད་པ་བསྟན་པའི་སྒོ་ནས། ན་བའི་སྡུག་བསྔལ་ནི་སྡུག་བསྔལ་ཆེན་པོ་ཡིན་པར་རིག་པར་བྱའོ། ། འོད་སྲུངས་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྤོང་པ་ན་ན་བའི་སྡུག་བསྔལ་རྟོགས་པ་ཞེས་བྱའོ། ། འོད་སྲུངས་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐེག་པ་ཆེན་པོ་སངས་སུ་མྱ་ངན་ལས་འདས་པའི་མདོ་སྤྱོད་པ་ན། འཆི་བའི་སྡུག་བསྔལ་རྟོགས་པར་བྱ་ཞེ་ན། འདི་ལྟ་སྟེ། ཤི་བ་ཞེ་བྱ་བ་ནི་ཚིག་ཅིང་མེད་པར་བྱེད་པའོ།། འོད་སྲུངས་འདི་ལྟ་སྟེ། མེའི་བསྐལ་པ་བྱུང་བ་ན་བསམ་གཏན་གཉིས་པ་མ་གཏོགས་པར། གཞན་ཐམས་ཅད་ཚིག་པར་བྱེད་པའོ།། རིགས་ཀྱི་བུ་ཤི་བའི་མེས་ཐམས་ཅད་ཚིག་པར་བྱེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་གནས་པའི་མཐུ་སྟོབས་དང་ལྡན་པ་ནི་མ་གཏོགས་སོ། འོད་སྲུངས་འདི་ལྟ་སྟེ། ཆུའི་བསྐལ་པས་བཀྲུ་བ་ན་ཐམས་ཅད་བཀྲུས་ཏེ་མེད་པར་བྱེད་ན། བསམ་གཏན་གསུམ་པ་ནི་མ་གཏོགས་སོ།། རིགས་ཀྱི་བུ་འཆི་བའི་ཆུའང་དེ་དང་འདྲ་སྟེ། ཐམས་ཅད་བཀྲུས་ཏེ་མེད་པར་བྱེད་ན། བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་འདི་ལ་གནས་པ་ནི་མ་གཏོགས་སོ། ། འོད་སྲུངས་འདི་ལྟ་སྟེ། རླུང་གི་བསྐལ་པ་བྱུང་བ་ན་ཐམས་ཅད་གཏོར་ཏེ་མེད་པར་བྱེད་ན། བསམ་གཏན་བཞི་པ་ནི་མ་གཏོགས་སོ། ། རིགས་ཀྱི་བུ་འཆི་བའི་རླུང་ཡང་དེ་དང་འདྲ་སྟེ། ཐམས་ཅད་མེད་པར་བྱེད་མོད་ཀྱི། བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལ་གནས་པ་ནི་མ་གཏོགས་སོ། ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དེ་ཅིའི་སླད་དུ་བསམ་གཏན་བཞི་པ་དེ་རླུང་གིས་ཀྱང་མི་ཤིགས། ཆུས་ཀྱང་མི་འཁྲུས་མེས་ཀྱང་མི་ཚིག། བཅོམ་ལྡན་འདས་ཀྱིས་འོད་སྲུངས་ལ་བཀའ་སྩལ་པ། རིགས་ཀྱི་བུ་བསམ་གཏན་བཞི་པ་ནི་ཕྱི་ནང་གི་སྐྱོན་ཐམས་ཅད་མེད་པའི་ཕྱིར་རོ། ། རིགས་ཀྱི་བུ་བསམ་གཏན་དང་པོ་པ་ལ་ནང་ན་རྟོག་པའི་སྐྱོན་ཡོད་པས་ཕྱི་རོལ་གྱི་མེས་ཚིག་གོ། བསམ་གཏན་གཉིས་པ་ནི་ནང་ན་དགའ་བའི་སྐྱོན་ཡོད་པས་ཕྱི་རོལ་གྱི་ཆུས་བཀྲུས་སོ།། བསམ་གཏན་གསུམ་པ་ནི་ནང་ན་དབུགས་རྒྱུ་བས་རླུང་གི་བསྐལ་པས་འཇོག་པར་འགྱུར་རོ། ། རིགས་ཀྱི་བུ་བསམ་གཏན་བཞི་པ་ནི་ཕྱི་ནང་གཉིས་ཀྱི་སྐྱོན་ཐམས་ཅད་དང་བྲལ་བས་བསྐལ་པས་མི་ཚུགས་པ་ཡིན་ནོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། ཐེག་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་བདེ་བར་གནས་ན། ཕྱི་ནང་གྱི་སྐྱོན་ཐམས་ཅད་དང་བྲལ་བས་འཆི་བའི་རྒྱལ་པོས་ཀྱང་མི་ཚུགས་པ་ཡིན་ནོ། ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། ནམ་མཁའ་ལྡིང་གི་རྒྱས་པོ་ནི་ཀླུ་དང་། ཉ་དང་། གསེར་དངུལ་དང་། རིན་པོ་ཆེ་ལ་སོགས་པ་ཟོས་ཀྱང་ཞུ་བར་ནུས་ན། རྡོ་རྗེ་འབའ་ཞིག་ནི་ཞུ་བར་མི་ནུས་སོ།། རིགས་ཀྱི་བུ་ཤི་བ་ནམ་མཁའ་ལྡིང་གི་རྒྱལ་པོའང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ཟོས་ཀྱང་ཞུ་བར་ནུས་ན། ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཞུ་མི་ནུས་སོ། འོད་སྲུངས་གཞན་ཡང་འདི་ལྟ་སྟེ། ཆུ་འགྲམ་ན་ཤིང་དང་རྩཝ་སྐྱེས་པ་ཐམས་ཅད་ཆུ་ཐུག་ན་ཐམས་ཅད་ཆུས་ཁྱེར་ཏེ། རྒྱ་མཚོར་ཕྱིན་གྱི་བར་དུ་འགྲོའང་ལྕང་མ་ནི་མ་གཏོགས་ཏེ་རྩ་བ་གཉེན་པའི་ཕྱིར། རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱང་དེ་དཔའརྔ་སྟེ། ཐམས་ཅད་འཁོར་བའི་རྒྱ་མཚོར་འབཔ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་གནས་པ་ནི་མེ་ཏོགས་སོ། ། འོད་སྲུངས་འདི་ལྟ་སྟེ། མཐུ་བོ་ཆེ་ནི་གྱད་ལ་སོགས་པ་ཐམས་ཅད་འདུལ་ནུས་ན། རླུང་ཆེན་པོ་འབའ་ཞིག་ནི་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། གཉེན་པོ་མེད་པའི་ཕྱིར་རོ།། རིགས་ཀྱི་བུ་ཤི་བའི་མཐུ་བོ་ཆེའང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་གདུལ་ནུས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལ་གནས་པ་ནི་མ་གཏོགས་སོ། ། དེ་ཅིའི་ཕྱིར་ཞེ་ན། གཉེན་པོ་མེད་པའི་ཕྱིར་རོ།། འོད་སྲུངས་གཞན་ཡང་འདི་ལྟ་སྟེ། དགྲ་སྡང་བ་དག་ཁོ་ན་ཡོད་ཀྱང་དེ་ལ་སྒྱུས་བསྙེན་ཏེ་ཉེ་བ་འམ། མཛའ་བ་ལྟར་འཆོས་ཤིང་། ལུས་ཀྱི་གྲིབ་མ་ལྟར་འགྲོགས་ཤིང་གསད་པ་གླགས་ཚོལ་ཡང་། ཕ་རོལ་པོས་སྔ་ནས་བག་བྱས་ན་གསོད་མི་ནུས་སོ།། རིགས་ཀྱི་བུ་ཤི་བིའི་དཟའང་དེ་དང་འདྲ་སྟེ། རྟག་ཏུ་སེམས་ཅན་ཐམས་ཅད་ལ་གསོད་པའི་གླགས་ཚོལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལ་གནས་པ་ལ་གསོད་ནུས་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་བག་བྱེད་པའི་ཕྱིར་རོ། ། འོད་སྲུངས་གཞན་ཡང་འདི་ལྟ་སྟེ། རྡོ་རྗེའི་ཆར་པ་བབ་ན་ཐམས་ཅད་འཛག་པར་ནུས་ཏེ། ཤིང་དང་། ནགས་ཚལ་དང་། ས་དང་། བྱེ་མ་དང་། གསེག་མ་དང་། གྱོ་མོ་དང་། རྡོ་དང་། གསར་དང་། དངུལ་དང་། བཻ་ཌཱུཪྻ་ལ་སོགས་པ་ཐམས་ཅད་འཇིག་པར་འགྱུར་གྱི། རིན་པོ་ཆེ་ཡང་དག་པའི་རྡོ་རྗེ་ལ་ནི་མ་ཡིན་ནོ། ། རིགས་ཀྱི་བུ་འཆི་བའི་རྡོ་རྗེའི་ཆར་བའང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་མེད་པར་བྱེད་ནུས་ན། བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟ་བུ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ལ་གནས་པ་ནི་མ་གཏོགས་སོ། ། འོད་སྲུངས་གཞན་ཡང་འདི་ལྟ་སྟེ། བྱ་ནམ་མཁའ་ལྡིང་ནི་ཀླུ་ཐམས་ཅད་ཟའང་སྐྱབས་སུ་འགྲོ་བ་གསུམ་ལ་སྐྱབས་སུ་སོང་བ་ལ་ནི་མ་ཡིན་ནོ། ། རིགས་ཀྱི་བུ་ཤི་བའི་ནམ་མཁའ་ལྡིང་ཡང་དེ་དང་འདྲ་སྟེ། སེམས་ཅན་ཚད་མེད་པ་ཐམས་ཅད་ཟོས་ན། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟེ། སྟོང་པ་ཉིད་གསུམ་ལ་གནས་པ་ནི་མ་གཏོགས་སོ།། འོད་སྲུངས་གཞན་ཡང་འདི་ལྟ་སྟེ། སྦྲུལ་གདུག་པ་མ་ལ་ན་ཞེས་བྱ་བས་ཟིན་ན། སྔགས་མཁས་པ་དང་སྨན་པ་མཁས་པ་ཡོད་མོད་ཀྱི། ཅི་བྱར་ཡང་མེད་དེ། ཨ་ག་ད་སྱའི་སྔགས་ཤེས་པ་འབའ་ཞིག་གིས་འཚོ་བར་འགྱུར་པ་མ་གཏོགས་སོ།། རིགས་ཀྱི་བུ་ཞི་བའི་སྦྲུལ་གདུག་པས་ཟིན་པའང་དེ་དང་འདྲ་སྟེ། སྨན་དཔྱད་ཐམས་ཅད་ཀྱིས་ཅི་བྱར་ཡང་མེད་དེ། བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་སྔགས་ལ་གནས་པ་ནི་མ་གཏོགས་སོ། ། འོད་སྲུངས་གཞན་ཡང་འདི་ལྟ་སྟེ། མི་ཞིག་རྒྱལ་པོ་སྡང་བར་གྱུར་ན། མི་དེས་ཚིག་སྙན་པ་འཇམ་པོ་སྨྲས་ཏེ། ནོར་དབྱིག་རིན་པོ་ཆེ་རྒྱལ་པོ་ལ་ཕུལ་ན་མི་སྡང་བར་འགྱུར་རོ། ། རིགས་ཀྱི་བུ་ཤི་བའི་རྒྱལ་པོ་ནི་དེ་དང་འདྲ་སྟེ། ཚིག་སྙན་པ་འཇམ་པོ་སྨྲས་སམ། ནོར་དབྱིག་རིན་པོ་ཆེ་ཕུལ་ཀྱང་དེ་ལ་མི་ཐར་རོ། ། རིགས་ཀྱི་བུ་བྱིས་པ་མ་རབས་ནི་གཡང་ས་ཆེན་པོར་འགྲོ་བའི་ཚེགས་མེད་པ་སྟེ། ཤིན་ཏུ་ལམ་རིང་པོར་འགྲོ་བའི་གྲོགས་མེད་པ་ཉིན་མཚན་དུ་སོང་ཡང་ཕྱིན་པའི་མཐར་མི་ཤེས་པ། ཤིན་ཏུ་གནས་པའི་མུན་པར་འཐོམ་པ། སྣང་བའི་སྒོན་མ་མེད་པ། འཇུག་པའི་སྒོ་མེད་ལ་གནས་ཡོད་པ། ན་བའི་དམིགས་མེད་པ་ལ་གསོར་མི་རུང་བ། འགྲོ་བ་ལ་བར་དུ་གཅོད་པ་མེད་ཅིང་ཐར་པ་མེད་པའི་གནས་སུ་ཕྱིན་པ། གཞིག་ཏུ་མེད་པ། མཐོང་བ་ཙམ་གྱིས་མྱ་ངན་གྱིས་གདུངས་པར་འགྱུར་བ། གཟུག་གདུག་པ་མ་ཡིན་ཡང་ཀུན་གྱིས་འཇིགས་སྐྲག་པ་ལུས་ལ་ཁྱབ་པར་ཡོད་ཀྱང་མི་ཚོར་མི་ཤེས་པའོ། ། འོད་སྲུངས་དཔེ་འདི་དག་དང་གཞན་ཡང་དཔེ་ཚད་མེད་པ་བསྟན་པའི་སྒོ་ནས། ཤི་བའི་སྡུག་བསྔལ་ཆེན་པོ་ཡིན་པར་རིག་པར་བྱའོ།། འོད་སྲུངས་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྤྱོད་པ་ན། འཆི་བའི་སྡུག་བསྔལ་རྟོགས་པ་ཞེས་བྱའོ།། འོད་སྲུངས་ཇི་ལྟར་ན་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལ་གནས་པ་ན། འདོད་པ་དང་བྱེ་བྲལ་བའི་སྡུག་བསྔལ་རྟོགས་པ་ཞེ་ན། འདོད་པ་དང་། བྱེ་བྲལ་བའི་སྡུག་བསྔལ་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བའི་རྩ་བ་། ཚིགས་སུ་བཅད་པ་ལས་ཀྱང་འདི་དག་འབྱུང་ངོ་།། འདོད་པའི་རྐྱེན་གྱིས་མྱ་ངན་སྟེ། འདོད་པའི་རྐྱེན་གྱིས་འཇིགས་པ་སྟེ། འདོད་པ་ཐམས་ཅད་ཡོངས་སུ་སྤངས། མྱ་ངན་འཇིགས་པ་ག་ལས་འོང་། འདོད་པའི་རྐྱེན་གྱིས་མྱ་ངན་གྱི་སྡུག་བསྔལ་སྐྱེ། མྱ་ངན་གྱི་སྡུག་བསྔལ་ཡིན་པས་ན་སེམས་ཅན་དག་རྒས་ཤིང་རྒུད་པར་འགྱུརཏེ་འདོད་པ་དང་བྱེ་བྲལ་བའི་སྡུག་བསྔལ་ནི། འདི་ལྟ་སྟེ། ཚེ་ཟད་པའོ།། རིགས་ཀྱི་བུ་བྱེ་བྲལ་བར་གྱུར་པས་ན། སྡུག་བསྔལ་ཕྲ་མོ་རྣམ་པ་སྣ་ཚོགས་ཀྱང་སྐྱེ་བར་འགྱུར་ཏེ། ཁྱོད་ལ་རྒྱས་པར་ཕྱེ་ཞིང་བསྟན་པར་བྱའོ།། རིགས་ཀྱི་བུ་སྔོན་འདས་པའི་དུས་ན་མིའི་ཚེའང་ཚད་མེད་དེ། དེའི་ཚེ་དེའི་དུས་ན་རྒྱལ་པོ་དགེ་བ་ལ་གནས་པ་ཞེས་བྱ་བ་བྱུང་ངོ་། ། དེའི་ཚེ་ན་རྒྱལ་པོ་དེའི་གཞོན་ནུའི་ལུས་ཀྱིས་རྒྱལ་ཚབ་ཀྱི་ལས་ཀྱང་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་བྱས་ནས། རྒྱལ་སར་དབང་བསྐུར་ཏེ། རྒྱལ་པོའང་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་བྱས་སོ། ། དེའི་ཚེ་རྒྱལ་པོ་དེའི་སྤྱི་བོ་ལ་ཤ་ལྷག་པ། ཤིན་ཏུ་འཇམ་པ། ཤིང་བལ་ལམ། རས་འཇམ་ལྟར་འཛེམ་པ་སྐྱེ་སྟེ། བགས་ཀྱིས་ཆེཇེ་ཆེར་སྐྱེས་ཀྱང་གནོད་པར་མ་གྱུར་ཏེ། ཟླ་བ་བཅུ་ལོན་པ་དང་རྡོལ་ནས་ནང་ནས་ཁྱེའུ་གཞོན་ནུ་བྱད་བཞིན་བཟང་བ། དཔེ་མེད་པ། མཚན་དང་མདོག་ཏུ་ལྡན་པ། མིའི་ནང་ན་ཡུལ་དུ་གྱུར་པ་གཅིག་བྱུང་ངོ་། ། རྒྱལ་པོ་ཆེན་པོ་དེ་དགའ་ནས་མིངས་སུ་པོ་སྐྱེས་ཤེས་གཏགས་ཏེ། དེའི་ཚེ་རྒྱལ་པོ་དགེ་བ་ལ་གནས་པ་དེ་རྒྱལ་པོའི་སྲོང་ཀུན་སྤྱི་བོ་རྒྱས་ལ་གཏད་ནས། ཕོ་ཟང་དང་། བཙུན་མོ་དང་། བུ་དང་། འཁོར་ཀུན་ཡོངས་སུ་སྤངས་ཏེ། རིལ་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་བྱང་ཆུབ་ལ་ནན་ཏན་བྱས་སོ།། དེའི་ཚེ་རྒྱལ་པོ་སྤྱི་བོ་སྐྱེས་དེ་ཚེས་བཅོ་ལྔའི་ཉིན་པར་ཁྲུས་བྱས་ཏེ་རྒྱལ་ཐབས་བླངས་ནས་ཡང་ཐོག་མཐོན་པོར་འདུག་པ་ལས་ཤར་ཕྱོགས་ནས་གསེར་གྱི་འཁོར་ལོ་རྩིབ་མ་སྟོང་དང་ལྡན་པ་བཟོ་བྱས་པ་ནི་མ་ཡིན་གྱི། ལྷུན་གྱིས་གྲུབ་པ་གཅིག་བྱུང་བར་གྱུར་ཏོ།། དེའི་ཚེ་རྒྱལ་པོ་སྤྱི་བོ་སྐྱེས་དེ་འདི་སྙམ་དུ་སེམས་པར་གྱུར་ཏོ།། བདག་གིས་སྔོན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ལས་ཐོས་ན། ། རྒྱལ་རིགས་རྒྱལ་པོར་འགྱུར་པ་ཚེས་བཅོ་ལྔའི་ཉོན་པར་ཁྲུས་བྱས་ཏེ། རྒྱལ་པོའི་དབང་བླངས་ནས་ཡང་ཐོག་མཐོན་པོར་འདུག་པ་ལས། གསེར་གྱི་འཁོར་ལོ་རྩིབ་མ་སྟོང་དང་ལྡན་པ་བཟོས་མ་བྱས་པ་ལྷུན་གྱིས་གྲུབ་པ་རང་བྱུང་ན། རྒྱལ་པོ་དེ་གདོན་མི་ཟ་བར་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ཐོས་པ་བསམས་ནས། དེ་རྟག་པའི་ཕྱིར་ལག་པ་གཡོན་པས་ནི་འཁོར་ལོ་བླངས། ལག་པ་གཡས་པས་ནི་པོག་པོར་ཐོགས་ནས་པུས་མོས་གཡས་པ་ས་ལ་བཙུགས་ཏེ་འདི་སྐད་ཅེས་སྨྲས་སོ། ། གསེར་གྱི་འཁོར་ལོ་ཡང་དག་པ་ཞིག་ཡིན། སྔོན་འདས་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆོས་སུ་གར་འགྲོ་བར་སོང་ཞིག་ཅེས་སྨྲས་པ་དང་། དེ་སྐད་སྨྲས་མ་ཐག་ཏུ་གསེར་གྱི་འཁོར་ལོ་དེ་སྟེང་གི་ནམ་མཁའ་ལ་འཕགས་ནས་ཕྱོགས་བཅུར་བསྐོར་ཏེ། ཕྱིར་རྒྱལ་པོའི་ལག་པ་གཡོན་པར་འོངས་སོ། ། དེའི་ཚེ་རྒྱལ་པོ་སྤྱི་བོ་སྐྱེས་ཤིན་ཏུ་དགའ་མགུ་རངས་ནས། བདག་ནི་ངེས་པར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་ནོ་ཞེས་སྨྲས་སོ།། ཕྱིས་རིང་པོ་མ་ལོན་པར་བལ་གླང་རིན་པོ་ཆེ་ཤིན་ཏུ་བཟང་བ་པདྨོ་དཀར་པོ་ལྟར་དཀ་ར་ལ། ཡན་ལག་བདུན་ས་ལ་རེག་པ་བྱུང་སྟེ། རྒྱལ་པོ་སྤྱི་བོ་སྐྱེས་དེ་མཐོང་ནས་ཡང་འདི་སྙམ་དུ་བསམས་སོ།། བདག་གིས་སྔོན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ལས་ཐོས་ན། གལ་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆོས་བཅོ་ལྔའི་ཉན་པར་ཁྲུས་བྱས་ནས་ཡང་ཐོག་མཐོན་པོར་འཛེགས་ཏེ་འདུག་པ་ལས། བལ་གླང་རིན་པོ་ཆེ་ཤིན་དུ་བཟང་པོ་བདྨོ་དཀར་པོ་ལྟར་དཀར་ལ། ཡན་ལག་བདུན་ས་པ་རེག་པ་བྱུང་ན། དེ་ནི་གདོན་མི་ཟ་བར་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ཐོས་པ་བསམས་ནས་དེ་འརྟག་པའི་ཕྱིར་པོག་པོར་ཐོགས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་འདི་སྐད་ཅེས་སྨྲས་སོ། ། བལ་གླང་རིན་པོ་འདི་གལ་ཏེ་ཡང་དག་པ་ཞིག་ཡིན་ན་འདས་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆོས་ལྟར་གར་འགྲོ་བར་སོང་ཞིག་ཅེས་སྨྲས་ནས། བལ་གླང་རིན་པོ་ཆེ་དེ་ནང་བར་ནས་དགོངས་སུ་ཕྱོགས་མཚམས་བརྒྱད་རྒྱ་མཚོའི་མཐའ་ལ་ཐུག་གི་བར་དུ་བསྐོར་ནས་ཕྱིར་གནས་སུ་འོངས་སོ། ། དེའི་ཚེ་རྒྱལ་པོ་སྤྱི་བོ་སྐྱེས་རབ་ཏུ་དཀའ་མགུ་རངས་ནས། བདག་ནི་གདོན་མི་ཟ་བར་འཁོར་མོས་སྒྱུར་བའི་རྒྱལ་པོ་ཡིན་ནོ་ཞེས་སྨྲས་སོ། ། དེ་ནས་ཕྱིས་རིང་པོ་མ་ལོན་པར་རྟ་རིན་པོ་ཆེ་སྤུ་མདོག་མཐོན་མཐིང་དུ་འདུག་ལ། རྔ་རྔོག་གསེར་གྱི་ཁ་དོག་འདྲ་བ་གཅིག་རང་བྱུང་སྟེ། རྒྱལ་པོ་སྤྱི་བོ་སྐྱེས་དེ་མཐོང་ནས་ཡང་འདི་སྙམ་དུ་བསམས་སོ།། བདག་གིས་སྔོན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ལས་ཐོས་ན། གལ་ཏེ་འཁོར་ལོས་སྒྱུསྦྱར་བའི་རྒྱལ་པོ་ཚེས་བཅོ་ལྔའི་ཉིན་པར་ཁྲུས་བྱས་ནས་ཡང་ཐོག་མཐོན་པོར་འཛེགས་ཏེ་འདུག་པ་ལས། རྟ་རིན་པོ་ཆེ་སྤུ་མདོག་མཐོན་མཐིང་ལ་རྔ་རྔོག་གསེར་གྱི་ཁ་དོག་དང་འདྲ་བ་བྱུང་ན། རྒྱལ་པོ་དེ་ནི་གདོན་མི་ཟ་བར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་ནོ་ཞེས་ཐོས་པ་བསམས་ནས། དེ་བརྟག་པའི་ཕྱིར་ངོག་པོར་ཐོགས་ཏེ་པུས་མོ་གཡས་པའི་ལྷ་ང་ལ་ཙུགས་ནས་འདི་སྐད་ཅེས་སྨྲས་སོ། ། རྟ་རིན་པོ་ཆེ་མཐོན་མཐོང་འདི་ཡང་དག་པ་ཞིག་ཡིན་ན། སྔོན་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆོས་ལྟར་གར་འགྲོ་བར་སོང་ཞིག་ཅེས་སྨྲས་ནས་རྟ་རིན་པོ་ཆེ་ནང་པར་ནས་དགོངས་སུ་ཕྱོགས་མཚམས་བརྒྱད་དུ་རྒྱ་མཚོའི་མཐའ་ལ་ཐུག་པར་བསྐོར་ནས་ཕྱིར་གནས་སུ་འོངས་སོ། ། དེའི་ཚེ་རྒྱལ་པོ་སྤྱི་བོ་སྐྱེས་རབ་ཏུ་དགའ་མགུ་རངས་ནས། བདག་ནི་གདོན་མི་ཟ་བར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་ནོ་ཞེས་སྨྲས་སོ།། དེ་ནས་རིང་པོ་མ་ལོན་པར་བུད་མེད་རིན་པོ་ཆེ་གཟུགས་བྱང་མཛེས་པ། ཤིན་ཏུ་སྡུག་པའི་ཕུལ་དུ་གྱུར་པ། མི་རིང་། མི་ཐུང་། ཧ་ཅང་ཡང་མི་དཀར། ཧ་ཅང་ཡང་མི་གནག། ལུས་ཀྱི་བ་སྤུའི་ཁུང་ནས་སྤོས་ཙན་དན་གྱི་དྲི་བྲོ་བ། ཁ་ནས་པདྨོ་སྔོན་པོའི་གསུང་ཟོ་བ། མིག་རྒྱང་རིང་བ་དཔག་ཚད་གཅིག་ཚུད་ཆད་མཐོང་བ། རྣ་བས་ཀྱང་ཐོས་པ། སྣས་ཀྱང་བསུང་ཚོར་བ། ལྕེ་ཤིན་དུ་མཉེན་ཞིང་རིང་ལ་ངོ་ཡོག་པ། མདོག་འཇམ་ཞིང་འཚེར་བ་ནི་ཟངས་གླེབས་པ་དང་འདྲ་བ། ཤེས་རབ་རྣོ་ལ་བློ་ཆེ་བ། སེམས་ཅན་ཐམས་ཅད་ལ་རྟག་ཏུ་ངག་འཇམ་པོས་སྨྲ་པ། བུད་མེད་དེའི་ལག་པས་རྒྱལ་པོའོ་གོས་ལ་རེག་པ་ཙམ་གྱིས་ཀྱང་། རྒྱལ་པོ་དེ་ན་པ་དང་བདེ་བའང་ཤེས་ལ། ཅི་ལ་དམིགས། ཅི་ལ་སེམས་པའང་ཤེས་སོ།། དེའི་ཚེ་རྒྱལ་པོ་སྤྱི་བོ་སྐྱེས་དེ་འདི་སྙམ་དུ། བུད་མེད་ཀང་རྒྱལ་པོས་སེམས་པ་ཤེས་པ་ནི་བུད་མེད་རིན་པོ་ཆེ་ཡིན་ནོ་སྙམ་བསམས་སོ།། དེ་ནས་རིང་པོ་མ་ཡོན་པར་རྒྱལ་པོའི་པོ་ཐང་གི་ནང་ནས། ནོར་བུ་རིན་པོ་ཆེབཻ་ཌཱུརྨ་སྔོན་པོ་ལྟ་བུ་ཆེ་ཁྱུད་མིའི་བརླ་ཙམ་གཅིག་བྱུང་སྟེ། རིན་པོ་ཆེ་དེས་མུན་པ་དཔག་ཚད་གཅིག་ཁོ་ར་ཁོར་ཡུག་ཏུ་སྣང་བར་ཡང་བྱེད་ལ། གལ་ཏེ་ཆར་པའི་ཐིགས་པ་ཤིང་རྟའི་སྲོག་ཤིང་ཙམ་བབ་ཀྱང་། ནོར་བུ་རིན་པོ་ཆེ་དེའི་མཐུས་དཔག་ཚད་གཅིག་ཁོ་ར་ཁོར་ཡུག་ཏུ་གདུགས་སུ་གྱུར་ཏེ་ཆར་པ་མི་ཟག་གོ།། དེའི་ཚེ་རྒྱལ་པོ་སྤྱི་བོ་སྐྱེས་འདི་སྙམ་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོས་ནོར་བུ་རིན་པོ་ཆེ་འདི་ཐོབ་ན། གདོན་མི་ཟ་བར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་ནོ་སྙམ་སེམས་སོ།། དེ་ན། རིང་པོ་མ་ལོན་པར་རིན་པོ་ཆེ་གཏེར་ལ་དབང་བའི་བློན་པོ་རང་བྱུང་སྟེ། ནོར་བུ་རིན་པོ་ཆེ་རབ་ཏུ་མང་བ། ཤིན་ཏུ་ཕྱུག་པ། པང་མཛོད་ཚད་མེད་པ་ཤིན་ཏུ་གང་བ། ཅིས་ཀྱང་མི་འཕོངས་མི་བྲེལ་པ། བསོད་ནམས་ལས་གྱུར་པའི་མིག་གི་དབང་པོས་སའི་འོག་ན་གཏར་ཅི་ཡོད་པ་ཐམས་ཅད་མཐོང་བས། རྒྱལ་པོས་བསམས་པ་བཞིན་དུ་སྦྱོར་རོ།། དེའི་ཚེ་རྒྱལ་པོ་སྤྱི་བོ་སྐྱེས་དེ་བརྟག་པའི་ཕྱིར་གྲུར་ཞུགས་ནས་རྒྱ་མཚོ་ཆེན་པོར་ཞུགས་ཏེ། རྒྱལ་པོས་དེ་ལ་འདི་སྐད་ཅེས་བསྒོའོ།། ཁོ་བོ་ནོར་བུ་རིན་པོ་ཆེ་རྣམ་པ་ཐ་དད་པ་དག་ཅིག་འདོད་དོ། ། བློན་པོ་དེས་དེ་སྐད་ཅེས་ཐོས་མ་ཐག་ཏུ་ལག་པ་གཉིས་ཀྱིས་རྒྱ་མཚོའི་ནང་ནས་བཅུས་པ་དང་། སོར་མོ་བཅུ་ལ་ནོར་བུ་རིན་པོ་ཆེའི་གཏེར་བཅུ་ཡོད་པར་གྱུར་ཏེ། རྒྱལ་པོ་ལ་ཕུལ་ནས་འདི་སྐད་ཅེས་གསོལ་ཏོ། ། རྒྱལ་པོ་ཆེན་པོ་ཇི་ཙམ་འདོད་པ་བཞེས་ཏེ་ལྷག་མ་སླར་རྒྱ་མཚོར་དོར་དུ་གསོལ། དེའི་ཚེ་རྒྱལ་པོ་སྤྱི་བོ་སྐྱེས་ར་དགའ་མགུ་རངས་ནས། བདག་ནི་ངེས་པར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་ནོ་ཞེས་སྨྲས་སོ།། དེ་ནས་རིང་པོར་མ་ལོན་པར་དམག་ལ་དབང་བའི་བློན་པོ་འབྱུང་སྟེ། ཤིན་ཏུ་རྩལ་ཚེ་ཞིང་དཔའ་བ། དགྲའ་ཐབ་ལ་ཕུལ་དུ་མཁས་པདམག་གི་ཚོགས་རྣམ་པན་ལ་ཤིན་ཏུ་མཁས་པ། རྒྱལ་པོ་གཞན་ལ་རྒོལ་དུ་ཆ་བ་ན་དམག་མངོན་པར་སྟོན་པ། རྒོལ་བ་མེད་པ་ན་ཅང་མི་སྣང་གམ་བཏུལ་བ་ཐུལ་། ཐུལ་བའི་རྣམས་མཐུས་ཤིན་ཏུ་སྐྱོབ་པ་ལ་མཁས་པ་བྱུང་ངོ་།། དེའི་ཚེ་རྒྱལ་པོ་སྤྱི་བོ་སྐྱེས་ཡང་འདི་སྙམ་དུ་བསམས་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་དམག་རིན་པོ་ཚེཆེ་འདི་ཡོད་དོ། ། བདག་ནི་གདོན་མོ་ཟ་བར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་ནོ་སྙམ་སོམས་སོ།། དེའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྦྱིབ་སྨོས་ཀྱིས། བློན་པོ་རྣམས་མ་བཀར་སྩམ་པ། ཁྱེད་འདི་ལྟར་རིག་པར་གྱིས་ཤིག། འཛམ་བུའི་སྲིང་འདིར་ན་རབ་ཏུ་བདེ་ཞིང་སྐྱིད་པར་གྱུར་ལ། ང་ནི་རིན་པོ་ཆེ་སྣ་བདུན་དང་བུ་སྟོང་དུའང་ལྡན་ན་དགཞན་ཅི་ནག་བྱར་ཡོད། བློན་པོ་རྣམས་ཀྱིས་གསོལ་བ། དེ་བཞིན་ནོ།། རྒྱལ་པོ་ཆེན་པོ་ཤར་གྱི་ལུས་འཕགས་གླིང་ཞེས་བགྱི་བ་ད་དུང་མ་བཏུལ་མ་ཚ་བཀའ་མ་ཅན་ན་དའང་དབཔ་པར་རགས་སོ་ཞེས་གསོལ་ཏོ། ། དན་ཚ་འཁོར་ལོས་སྒྱུར་ད་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་བཅས་ཏེ་ཐམས་ཅདུནས་མྱལ་འཕགས་ནས། ཤཱར་གྱི་ལུས་འཕགས་གླིང་དུ་ཆས་ཏེ། གླིང་དེའི་མི་རྣམས་ཐམས་ཅད་དཀའ་ནས་བཀའ་ཉན་པར་གྱུར་ཏོ།། དེ་ནས་ཡང་བློན་པོ་རྣམས་བཀའ་སྩས་པ། ལྷོའི་ཡངམ་བུའི་གླིང་དང་། ཤར་གྱི་ལུས་འཕགས་གླིང་ནི་རབ་ཏུ་བདེ་བར་གྱུར། ཐམས་ཅད་བཀའ་ཉན་པར་ཡང་གྱུར། རིན་པོ་ཆེ་སྣ་བདུན་དང་བུ་སྟོང་དུའང་ལྡན་ན། ད་ཡང་གཞན་ཅི་ཞིག་བྱར་ཡོད། བློན་པོ་རྣམས་ཀྱིས་གསོལ་པ། དེ་བཞིན་ནོ།། རྒྱལ་པོ་ཆེན་པོ་ནུབ་ཀྱི་བ་ལང་སྤྱོད་ཅེས་བགྱི་བ་དེ་དུང་མ་བཏུལ་ལོ། ། དེ་ནས་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་བཅས་ཏེ་ཐམས་ཅད་ནམ་མཁའ་ལ་འཕགས་ནས། ནུབ་ཀྱི་བ་ལང་སྤྱོད་དུ་ཆས་སོ།། རྒྱལ་པོ་དེར་ཕྱིན་མ་ཐག་ཏུ་དེ་ན་གནས་པའི་མོ་ཐམས་ཅད་ཀྱང་བཀའ་ཉན་པར་གྱུར་ཏོ། ། ཡང་བློན་པོ་རྣམས་ལ་བཀའ་སྩལ་པ། ལྷོའི་འཛམ་བུ་གླིང་དང་། ཤར་གྱི་ལུས་འཕགས་གླིང་དང་། ནུབ་ཀྱི་བ་ལང་སྤྱོད་ན་གནས་པའི་མི་དག་ནི་རབ་ཏུ་བདེ་ཞིང་སྒྱིད་ལ་བཀའ་ཡང་ཉན་པར་གྱུར་ཏེ། རིན་པོ་ཆེ་སྣ་བདུན་དང་བུ་སྟོང་དུའང་ལྡན་ན། ད་གཞན་ཅི་ཞིག་བྱར་ཡོད། བློན་པོ་རྣམས་ཀྱིས་གསོལ། བཞིན་ནོ།། རྒྱལ་བ་རྒྱན་པོ་ཀྱང་ཀི་མྀ་མྦྷས་ཞེས་པརྒྱ་པ་བྱུངས་སུརྒྱལ་ལོ།། དེ་ནས་རྒྱས་པོ་སང་པོ་སྣ་བདུན་དང་བཅས་ཏེ་ཐམས་ཅད་སྟེང་གི་ནམ་མཁའ་ལ་འཕགས་ནས། བྱང་གི་སྒྲ་མི་སྙན་དུ་ཆས་སོ།། དེར་ཕྱིན་མ་ཐག་ཏུ་དེ་ན་གནས་པའི་མི་ཐམས་ཅད་རབ་ཏུ་དགའ་ནས་བཀའ་ཉན་ཏོ། ། དེ་ནས་ཡང་བློན་པོ་རྣམས་ལ་བཀའ་སྩལ་པ། གླིང་བཞི་ལ་གནས་པའི་མི་དག་ནི་རབ་ཏུའང་སྐྱིད་ཅིང་བདེ་བ་ལ་བཀའ་ཉན་པར་གྱུར་ཏེ། རིན་པོ་ཆེ་སྣ་བདུན་དང་བུ་སྟོང་དུ་ལྡན་ན། ད་གཞན་ཡང་ཅི་ཞིག་བྱར་ཡོད། བློན་པོ་རྣམས་ཀྱིས་གསོལ་པ། དེ་བཞིན་ནོ།། རྒྱལ་པོ་ཆེན་པོ་སུམ་ཅུ་རྩ་གསུམ་གྱི་ལྷ་ནི་ཚེའང་རབ་ཏུ་རིང་ལ་ཤིན་ཏུ་བདེ་སྐྱེད་དོ། ། ལྷའི་ལུས་ནི་ཤིན་ཏུའང་བཟང་སྟེ་དཔེ་ཟླ་མེད་ལ། གནས་པའི་ཕོ་བྲང་དང་། འདུག་པའི་ཁྲི་དང་། ཉལ་བའི་མལ་ཡང་རིན་པོ་ཆེ་སྣ་བདུན་འབའ་ཞིག་སྟེ། ལྷའི་བསོད་ནམས་སྙེམས་པས། དེ་དག་ཀྱང་རྒྱལ་པོའི་བཀའ་མི་ཉན་ན་བཏུལ་ཞིང་དབབ་པའི་རིགས་སོ།། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་བཅས་ཏེ་ཐམས་ཅད་ནམ་མཁའ་ལ་འཕགས་ནས། སུམ་ཅུ་རྩ་གསུམ་གནམ་དུ་ཆས་སོ།། དེར་ཕྱིན་པ་དང་ཤིང་ཁ་དོག་སྔོན་པོར་འདུག་པ་གཅིག་མཐོང་ནས་སྔོན་པོར་འདུག་པ་འདི་ཅི་ཡིན་ནས་བློན་པོ་རྣམས་ལ་རྗེས་སོ། ། བློན་པོ་རྣམས་ཀྱིས་གསོལ་བ། འདི་ནི་ཤིང་པ་རི་ཙི་ཏྲ་ཞེས་བྱ་སྟེ། སུམ་ཅུ་རྩ་གསུམ་གནས་གྱི་ཝཱ་དབྱར་གྱི་ཟླ་བ་གསུམ་ལ་ཤིང་འདིའི་འོག་ན་ལོངས་སྤྱོད་ཅིང་རྩེའོ། ། གཞན་ཡང་ཁ་དོག་དཀར་པོ་སྤྲིན་དཀར་པོ་དང་འདྲ་བ་ཞིག་མཐོང་ནས། འདི་ཅི་ཡིན་ཞེས་དྲིས་སོ།། བློན་པོ་རྣམས་ཀྱིས་གསོལ་བ། འདི་ནི་སུམ་ཅུ་རྩ་གསུམི་གནམ་གྱི་ཆོས་བཟང་གི་ལྷའི་འདུན་ས་ཞེས་བྱ་སྟེ། སུམ་ཅུ་རྩ་གསུམ་གནམ་གྱི་ལྷ་རྣམས་ནི་དེར་འདུ་ཞིང་ལྷ་དང་མིའི་གཏམ་ཟེར་རོ། ། དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོས་ཀྱང་། རྒྱལ་པོ་སྤྱི་བོ་སྐྱེས་འོངས་པར་ཤེས་ནས་ཕྱི་རོལ་ཏུ་བསུ་སྟེ། ལག་པ་ནས་བཟུང་ནས་འགྲོགས་ཏེ་ཆོས་བཟང་གི་འདུན་སར་ཞུགས་ནས་གདན་ཕྱེད་བདར་ཏེ་ལྷན་ཅིག་ཏུ་འདུག་གོ། དེའི་རྒྱལ་པོ་གཉིས་ལྷན་ཅིག་ཏུ་འདུག་པ་ན་གཟུགས་བྱེད་དང་མཚན་ལ་སོགས་པ་ཐ་དད་པ་མེད་དེ། ལྟ་བ་དང་མིག་འཛུམ་པ་ཙན་ཞིག་མི་འདྲའོ། ། དེའི་ཚེ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་འདི་སྙམ་དུ་སེམས་པར་གྱུར་ཏེ། བདག་གིས་ལྷའི་རྒྱལ་པོ་འདིའི་ཐབས་ཐོགས་ཏེ། བདག་གིས་བྱར་རུང་ངམ་སྙམ་བསམས་སོ། ། རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་བརྒྱ་བྱིན་ལྷའི་དབང་པོ་ཐེག་པ་ཆེན་པོའི་མདོ་སྡེ་འཆང་བ་དང་། འཛིན་པ་དང་། ཀློག་པ་དང་། འདོན་པ་དང་། གཞན་ལའང་འབྱེད་ཅིང་སྟོན་པའི་ལས་བྱེད་དེ། ཤིན་ཏུ་ཟབ་མོའི་དོན་ཟབ་པར་རྟོགས་པ་ནི་མ་ཡིན་ནོ།། དེ་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་འཆང་བ་དང་། འཛིན་པ་དང་། ཀློག་པ་དང་། འདོན་པ་དང་། གཞན་ལ་རྒྱས་པར་འབྱེད་ཅིང་སྟོན་པ་དེའི་རྒྱུ་དེའི་རྐྱེན་གྱིས་གཟི་བརྗིད་ཆེན་པོ་དང་ལྡན་པར་གྱུར་ཏོ།། རིགས་ཀྱི་བུ་དེའི་ཚེ་ན་རྒྱལ་པོ་སྤྱིབ་སྐྱེས་དེ་དེ་ལྟར་བརྒྱ་བྱིན་ལ་ངན་སེམས་བསྐྱེད་པས། དེ་མ་ཐག་ཏུ་ཕྱིར་འཛམ་བུ་གླིང་དུ་ལྷུང་ནས་འདོད་པའི་ལྷ་དང་མི་དང་བྱེ་ཟལ་བར་གྱུར་ཏེ་སྡུག་བསྔལ་ཆེན་པོ་སྐྱེས་སོ།། དེ་ནས་ཀྱང་ནད་ཀྱིས་བཏབ་སྟེ་ཚེ་འཕོས་པོར་གྱུར་ཏོ།། དེའི་ཚེ་དེའི་དུས་ན་བརྒྱ་བྱིན་དུ་གྱུར་པ་དེ་ནི་སངས་རྒྱས་འོད་སྲུངས་ཞེས་བྱ་བ་ཡིན་ནོ།། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ནི་ད་ལྟར་ང་ཡིན་ནོ། ། རིགས་ཀྱི་བུ་དེ་བས་ན་འདོད་པ་དང་བྱེ་བྲལ་ནི་རབ་ཏུ་སྡུག་བསྔལ་ཆེན་པོ་ཡིན་པར་རིག་པར་བྱའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་དེ་ལྟར་འདས་པའི་དུས་ཀྱི་བྱེ་ཟལ་བའི་སྡུག་བསྔལ་དྲན་པ་ཡིན་ན། བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་གནས་པ། ད་ལྟར་གྱི་དུས་ཀྱི་འདོད་པ་དང་བྱེ་བྲལ་བའི་སྡུག་བསྔལ་ལ་རྟོག་པ་ལྟ་ཅི་སྨོས། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོལ་སྤྱོད་པ་ན། དགྲ་སྡང་བ་དང་ཟད་པའི་སྡུག་བསྔལ་རྟོགས་པ་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་འདི་ལྟར་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། མི་དང་། ལྷ་ལའང་དགྲ་སྡང་བ་དང་ཕྲད་པའི་སྡུག་བསྔལ་ཞེས་བྱ་བ་ཡོད་དོ། ། འདི་ལྟ་སྟེ། དཔེར་ན་མིས་ནི་བཙོན་རར་བཅུག་པ་དང་། གཟུང་བ་དང་། བཅིངས་པ་དང་། ལྕགས་དང་། ཁོང་སྒྲིལ་དང་། ཤིང་སྒྲོག་ཏུ་བཅུག་པ་ལ་སྡུག་བསྔལ་ཆེན་པོར་མཐོང་ངོ་། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། ལམ་རྒྱུད་ལྔའི་སེམས་ཅན་ཐམས་ཅད་ཀྱང་དགྲ་སྡང་བ་དང་ཕྲད་པའི་སྡུག་བསྔལ་ཆེན་པོ་ཡིན་པར་རྟོགས་སོ། ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་མི་ཞིག་ཁོ་ན་ཡོད་པས་འཇིགས་སམ། ལྟོང་ངམ། ལྕགས་སྙམ་ཁོང་སྒྲིལ་གྱིས་འཇིགས་པས། ཕ་མ་དང་། ཆུང་མ་དང་། བུ་དང་། འཁོར་རྣམས་དང་། རིན་པོ་ཆེ་དང་། འཚོ་རྣམས་ཀུན་སྤངས་ཏེ་ལམ་རིང་པོར་འབྱོར་ཞིང་འཐོས་སོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འཇ་སྟེ། འཁོར་བས་འཇིགས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པ་སྤྱད་དུ། མྱངམལས་འདས་པར་འགྱུ། འོད་སྲུངས་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟག་པ་ཆེན་པོ་ཡོངས་སུ་མྱ་ངན་མས་འདས་སྤྱོད་པན། རམ་སྣང་བ་དང་ཐུད་པའི་སྡུག་བསྔལ་རྟོགས་པ་ཞེས་བྱའོ།། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྤྱོད་པ་ན། འདོད་པས་མི་རྙེད་པའི་སྡུག་བསྔལ་ལ་རྟོག་པ་ཞེ་ན། འདོད་པ་ནི་ཐམས་ཅད་འདོད་པའོ།། ཐམས་ཅད་འདོད་པ་ལརང་རྣམ་པ་གཉིས་ཏེ། དགེ་བའི་ཆོས་འདོད་པ་དང་། མི་དགེ་བའི་ཆོས་འདོད་པའོ།། དེའང་དགེ་བའི་ཆོས་མ་རྙེད་ན་སྡུག་བསྔལ་བའོ།། མི་དགེ་བའི་ཆོས་དང་མ་ཐལ་ན་སྡུག་བསྔལ་བ་སྟེ། འདི་དག་ནི་ཕུང་པོ་ལྔ་སྡུག་བསྔལ་བ་མདོར་བཤད་པའོ།། འོད་སྲུངས་དེ་དག་ནི་སྡུག་བསྔལ་གྱི་བདེན་པ་ཞེས་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུངས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་ཕུང་པོ་ལྔ་སྡུག་བསྔལ་པར་གསུང་བའི་དོན་དེ་ལྟ་མ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་སྔོན་ཤཱཀྱ་མིང་ཆེན་ལ་འདི་སྐད་ཅེས་བཀའ་སྩ་ལེ་ཏེ། གལ་ཏེ་གཟུགས་སྡུག་བསྔལ་བ་ཡིན་ན། སེམས་ཅན་ཐམས་ཅད་གཟུགས་འདོད་པའི་མི་རིགས་ཏེ། ཐམས་ཅད་འདོད་པས་ན་སྡུག་བསྔལ་ཞེས་བགྱིར་ཡང་མི་རིང་ངོ་ཞེས་ཀྱང་གསུངས་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ཚོར་བ་ལའང་རྣམ་པ་གསུམ་སྟེ། བདེ་བར་ཚོར་བ་དང་། སྡུག་བསྔལ་པར་ཚོར་བ་དང་། བདེ་བའང་མ་ཡིན་སྡུག་བསྔལ་བའང་མ་ཡིན་པར་ཚོར་བ་སྟེ། སྔོན་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། གང་ཞིག་གིས་དགེ་བའི་ཆོས་ལ་ནན་ཏན་བྱས་ན་བདེ་བ་མྱོང་བར་འགྱུར་རོ་ཞེས་ཀྱང་གསུངས། ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། དགེ་བའི་རྒྱུད་དུ་རེག་བྱ་དྲུག་གིས་ཀྱང་བདེ་བ་མྱོང་བར་འགྱུར་ཏེ། མིག་གིས་གཟུགས་བཟང་པོ་མཐོང་ན། དེའང་བདེ་བ་ལགས་ན། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་བར་དུ་བཟང་པོ་ལ་རེག་པའང་བདེའོ་ཞེས་གསུང་ཏེ། ཡང་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཚུལ་ཁྲིམས་ལྡན་པ་བདེ་བ་སྟེ། ལུས་ཀྱི་སྡུག་བསྔལ་མི་མྱོང་བ།། གཉིད་ཀྱིས་ལོག་ནའང་བདེ་བར་འགྱུར། ། སད་ན་སེམས་ཀྱང་དགའ་བར་འགྱུར།། གོས་དང་བསོད་སྙོམས་ལེན་པ་དང་། ཀློཀ་དང་སྒོམ་ཞིང་འཆག་པ་དང་།། བས་མཐའ་དགོན་པའི་རི་དང་ཚལ།། གནས་པར་གྱུར་ན་མཆོག་ཏུ་བདེ། ། གང་ཞིག་སེམས་ཅན་མང་པོ་ལ།། ཉིན་མཚན་རྟག་ཏུ་སྙིང་རྗེ་ཞིང་།། གཞན་ལ་གནོད་པ་མི་བྱེད་ན།། དེ་མི་རྐྱེན་གྱིས་རྟག་ཏུ་བན། འདོད་པ་ཉུང་ཞིང་ཆོག་ཤེས་བདེ།། དེ་བཞིན་མང་དུ་ཐོས་པ་བདེ།། ཆགས་མེད་དགྲ་བཅོམ་པ་དག་ཀྱང་།། རབ་ཏུ་བདེ་བ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། ། ཕ་རོལ་ཕྱིན་པའི་མཐར་ཕྱིན་ཅིང་། བྱ་བ་ཐམས་ཅད་བྱས་པ་ནི།། མཆོག་ཏུ་བདེ་བ་ཞེས་བྱའོ།། བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་དག་ལས་བདེ་བའི་མཚན་ཉིད་དུ་གསུངས་པའི་དོན་འདི་ལགས་ན། ད་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་གསུངས་ན། དོན་དེ་དག་མཐུན་པར་རུང་ངམ།། །། འཕགས་པ་ཡོངས་སྲ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་བམ་པོ་བཅུ་གསུམ་པ། ། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། ལེགས་སོ་ཤིན་ཏུ་ལེགས་སོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལ་དོན་འདི་དག་དྲིས་པ་ལེགས་སོ།། རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ནི་སྡུག་བསྔལ་བ་ཐ་མ་ལ་ནད་ཀྱིས་བདེ་བར་འདུ་ཤེས་ཏེ། དེ་བས་ན་སྡུག་བསྔལ་གྱི་མཚན་ཉིད་འདི་བཤད་པའང་སྔ་མ་དང་ཐ་མི་དད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་སྔར་གསུངས་པ་ལྟར་སྡུག་བསྔལ་ཐ་མ་ལའང་བདེ་བར་འདུ་ཤེས་པ་སྐྱེད་ན། སྐྱེ་བ་ཐ་མ་དང་། རྒ་བ་ཐ་མ་དང་། ན་བ་ཐ་མ་དང་། འཆི་བ་ཐ་མ་དང་། འདོད་པ་དང་བྱེ་བྲལ་བ་ཐ་མ་དང་། འདོད་པ་མི་རྙེད་པ་ཐ་མ་དང་། དགྲ་སྡང་བ་དང་ཕྲད་པ་ཐ་མ་དང་། ཕུང་པོ་ལྔ་ཐ་མ་ལ་སོགས་པ་སྡུག་བསྔལ་བའང་བདེ་བ་མ་མཆིས་པའི་རིགས་སོ། ། བཅོམ་ལྡན་འདས་སྐྱེ་བ་ཐ་མ་ཞེས་བགྱི་བ་ནི་ངན་སོང་གསུམ་མོ།། སྐྱེ་བ་འབྲིང་ཞེས་བགྱི་བ་ནི་མིའི་ནང་དུ་སྐྱེས་པའོ།། སྐྱེ་བ་རབ་ཅེས་བགྱི་བ་ནི་མཐོ་རིས་ཀྱི་ལྷར་སྐྱེ་བ་ལགས་ན། གལ་ཏེ་ལ་ལ་ཞིག་གིས་འདི་སྐད་དུ་བདེ་བ་ཐ་མ་ལ་ནི་སྡུག་བསྔལ་བར་འདུ་ཤེས། བདེ་བ་འབྲིང་ལ་ནི་སྡུག་བསྔལ་མེད་པར་འདུ་ཤེས། བདེ་བ་རབ་ལ་ནི་བདེ་བར་འདུ་ཤེས་སོ་ཞེས་དེ་སྐད་ཅེས་འདྲི་བ་མཆིས་ན། དེ་ལ་ཇི་སྐད་ཅེས་ལན་གདབ་པར་བགྱི། བཅོམ་ལྡན་འདས་སྡུག་བསྔལ་ཐ་མ་ལ་བདེ་བར་འདུ་ཤེས་པ་ནི། དཔེར་ན་མི་ཞིག་ལྕགས་སྟོང་གིས་གཞུ་བ་ལས་ཐོག་མ་གཅིག་ཕོག་པ་ན་བདེ་བར་འདུ་ཤེས་པའི་རིགས་ན། དེ་བདེ་བར་འདུ་ཤེས་པ་མ་ལགས་པས་ན། ཅིའི་སླད་དུ་སྡུག་བསྔལ་ཐ་མ་ལ་བདེ་བར་འདུ་ཤེས་པར་བགྱི། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ལ་བཀའ་སྩལ་པ། དེ་དེ་བཞིན་ནོ། དེ་དེ་བཞིན་ནོ།། ཁྱོད་ཀྱིས་སྨྲས་པ་བཞིན་ཏེ། དོན་དེ་ལྟུ་བས་ན་བདེ་བར་འདུ་ཤེས་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། དཔེར་ན་མི་དེ་ལུགས་སྦྱོང་གིས་གཞུ་བ་ལས་ལྕགས་གཅིག་ཕོག་སྟེ་གཏང་ན། དེའི་ཚེ་མི་དེ་བདེ་བའི་འདུ་ཤེས་སྐྱེ་སྟེ། དེ་བས་ན་བདེ་བ་མེད་པ་ལ་ནན་གྱིས་བདེ་བར་འདུ་ཤེས་སྐྱེད་དོ།། འོད་སྲུངས་ཀྱིས་གསོལ་པ་མི་དེ་ལྕགས་གཅིག་ཕོག་པ་ལ་བདེ་བར་འདུ་ཤེས་པ་མ་ལགས་ཀྱི། དེ་ལས་ཐར་པས་དེ་བར་འདུ་ཤྲ་པ་ལགས་སོ།། འོད་སྲུངས་དེ་བས་ན་ངས་སྔོན་ཤཱཀྱ་མིང་ཆེན་ལ་ཕུང་པོ་ལྔ་ལ་བདེ་བ་གསུངས་པ་ཡང་ཡང་དག་སྡེ་བརྫུན་མ་ཡིན་ནོ། ། འོད་སྲུངས་ཚོར་བ་རྣམ་གསུམ་དང་། སྡུག་བསྔལ་རྣམ་གསུམ་ཡོད་དོ།། ཚོར་བ་རྣམ་གསུམ་ནི།། འདི་ལྟ་སྟེ། བདེ་བར་ཚོར་བ་དང་། སྡུག་བསྔལ་བར་ཚོར་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བའང་མ་ཡིན་པར་ཚོར་བའོ།། སྡུག་བསྔལ་གསུམ་ནི། སྡུག་བསྔལ་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་ལོ།། རིགས་ཀྱི་བུ་སྡུག་བསྔལ་གྱི་ཚོར་བ་ནི། སྡུག་བསྔལ་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། སྡུག་བསྔལ་གསུམ་དུ་སྦྱོར་རོ།། ལྷག་མ་གཉིས་ནི། འདུ་བྱེད་ཀྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་སྦྱར་རོ། ། རིགས་ཀྱི་བུ་དེའི་རྒྱུ་དེའི་རྐྱེན་གྱིས་ན། སྐྱེ་བ་དང་འཆི་བའི་ནང་ན་ཡང་དག་པར་བདེ་བར་ཚོར་བ་ཡོད་དོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྡུག་བསྔལ་དང་བདེ་བ་ཉིད་ཐ་དད་པ་མ་ཡིན་པར་རྟོགས་པས། ཐམས་ཅད་སྡུག་བསྔལ་བའོ་ཞེས་གསུངས་སོ།། རིགས་ཀྱི་བུ་སྐྱེ་བ་དང་འཆི་བའི་ནང་ན་ཡང་དག་པར་ན་བདེ་བ་མེད་དེ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི། འཇིག་རྟེན་པའི་རྗེས་སུ་བདེ་བ་ཡོད་དོ་ཞེས་གསུངས་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། ཡང་བཅོམ་ལྡན་འདས་ལ་གསོལ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འཇོག་རྟེན་གྱི་དབང་དུ་མཛད་དེ་རྗེས་སུ་གསུངས་པའི་བརྫུན་དུ་མི་འགྱུར་རམ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན། གང་དགེ་བ་བགྱིད་པ་ནི་བདེ་བའི་འབྲས་བུ་མྱོང་བར་འགྱུར། ཚུལ་ཁྲིམས་བསྲུངས་པས་ནི་ལུས་བདེ་བ་དང་སྡུག་བསྔལ་མི་མྱོང་བ་ནས། བྱ་བ་ཐམས་ཅད་རྫོགས་པའི་བར་དུ་འགྱུར་བ་ནི་མཆོག་ཏུ་བདེ་བར་འགྱུར་པ་ལགས་ན། མདོ་སྡེ་དེ་དག་ལ་སོགས་པ་ལས་བདེ་བ་མྱོང་བར་གསུངས་པ་དེ་དག་ཀྱང་བརྫུན་དུ་མི་འགྱུར་རམ་ག་ཨལ་ཏེ་བརྫུན་དུ་གྱུར་ན་ལྟ་སངས་རྒྱས་བཅོམ་ལྡན་འདས་བསྐལ་པ་ཚད་མེད་ཟངས་མེད་པ་བརྒྱ་སྟོང་གི་བར་དུ་བྱང་ཆུབ་སྒྲུང་པ་ན་བརྫུན་དུ་སྨྲ་བ་ཡོངས་སུ་སྤངས་ཏེ་ད་ཡང་འདི་སྐད་དུ་གསུངས་ན་དེའི་དོན་ཇི་ལྟ་བུ་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གོང་དུ་ཚིགས་སུ་བཅད་པ་ལས་བདེ་བ་མྱོང་བ་བཤད་པ་ནི་བྱང་ཆུབ་ཀྱི་ལམ་གྱི་རྩ་བ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་སྐྱེ་བར་འགྱུར་པས་ན། དེའི་ཕྱིར་སྔར་མདོ་སྡེ་དག་ལས་བདེ་བའི་མཚན་ཉིད་དེ་སྐད་ཅེས་གསུངས་པ་ཡིན་ནོ། ། རིགས་ཀྱི་བུ་དཔེར་ན་འཇིག་རྟེན་གྱི་དགོས་པའི་ལོངས་སྤྱོད་ནི་བདེ་བའི་རྒྱུར་འགྱུར་ཏེ་དེ་ཞེས་བྱའོ།། འདི་ལྟ་སྟེ། ན་ཆུང་བཟང་མོ་དང་། ཆང་ཞིམ་པོ་དང་། ཁ་ཟས་རོ་མཆོག་དང་། སྐོམ་པས་གདུངས་པ་ན་ཆུ་དང་ཕྲད་པ་དང་། གྲང་བའི་ཚེ་མེ་དང་ཕྲད་པ་དང་། གོས་དང་། ལུས་ཀྱི་རྒྱན་དང་། བལ་གླང་དང་། རྟ་དང་། ཤིང་རྟ་དང་། ཟན་པོ་དང་། ཟན་མོ་དང་། ལས་བྱེད་པའི་མི་དང་། གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། བྱི་རུ་དང་། མུ་ཏིག་དང་། བང་མཛོད་དང་། ནུས་འབྲས་ལ་སོགས་པ་ནི་འཇིག་རྟེན་གྱི་དགོས་པ་སྟེ། བདེ་བའི་རྒྱུར་འགྱུར་བས་ན་བདེ་བ་ཞེས་བྱའོ།། རིགས་ཀྱི་བུ་དངོས་པོ་དེ་དག་ལ་སོགས་པ་ནི་སྡུག་བསྔལ་ཡང་སྐྱེ་བར་བྱེད་དོ། ། འདི་ལྟ་སྟེ། བུད་མེད་ཀྱི་ཕྱིར་སྐྱེས་པ་དག་སྡུག་བསྔལ་བ་དང་། མི་དགའ་བ་དང་། མྱ་ངན་བྱེད་པ་དང། ཆོ་ངེ་རྡུང་བ་དང་། སྲོག་གི་བར་དུའང་བར་ཆད་དུ་འགྱུར་བ་ཡོད་དོ།། ཆང་དང་ཟས་ཞིམ་པོ་ནས། བང་མཛོད་ཀྱི་བར་དུའང་སྡུག་བསྔལ་ཆེན་པོ་སྐྱེ་བར་འགྱུར་ཏེ། དེ་བས་ན་ཐམས་ཅད་སྡུག་བསྔལ་བ་ཡིན་གྱི། བདེ་བའི་མཚན་ཉིད་མེད་དོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སྡུག་བསྔལ་བརྒྱད་ལ་སྡུག་བསྔལ་བར་ཤེས་ཏེ་བདེ་བ་མེད་དོ། ། རིགས་ཀྱི་བུ་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ནི་བདེ་བའི་རྒྱུ་མི་ཤེས་པ་ན། དེ་དག་གི་ཕྱིར་སྡུག་བསྔལ་ཐ་མ་ལ་བདེ་བའི་མཚན་ཉིད་ཡོད་པར་སྤའོ། ། བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོལ་གནས་པ་འབྱུའ་ཞིག་ནི། སྡུག་བསྔམ་རྒྱུ་རྒྱུ་དང་བདེ་བའི་རྒྱུ་རྟོགས་ཤིང་ཤེས་སྷོ།། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་གནས་པ་ན། ཀུན་འབྱུང་གི་བདེན་པ་རྟོགས་པ་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཀུན་འབྱུང་གི་བདེན་པ་འདི་ཕུང་པོའི་རྒྱུ་དང་རྐྱེན་ཡིན་པར་རྟོགས་སོ།། ཀུན་འབྱུང་ཞེས་བྱ་བ་ནི་ཕྱིར་ཡང་སྲིད་པ་ལ་འདོད་པ་སྟེ། འདོད་པ་ལ་རྣམ་པ་གཉིས་སོ།། བདག་གིས་ལུས་འདོད་པ་དང་། དགོས་པའདོད་པའོ།། ཡང་རྣམ་པ་གཉིས་ཏེ། འདོད་པ་ལྡན་ཐོབ་པ་ལ་སེམས་རྩེ་གཅིག་ཏུ་ཚོལ་བ་དང་། རྙེད་ནས་ཤིན་ཏུ་ཆགས་པ་ལ་བཟོད་པར་བྱེད་པའོ།། གཞན་ཡང་རྣམ་པ་གསུམ་སྟེ། འདོད་པའི་འདོད་པ་གཟུགས་ཀྱི་འདོད་པ་དང་། གཟུགས་མེད་པའི་འདོད་པའོ།། གཞན་ཡང་རྣམ་པ་གསུམ་སྟེ། ལས་ཀྱི་རྒྱུ་དང་རྐྱེན་ལ་འདོད་པ་དང་། ཉོན་མོངས་པའི་རྒྱུ་དང་རྐྱེན་ལ་འདོད་པ་དང་སྡུག་བསྔལ་བའི་རྒྱུ་དང་རྐྱེན་ལ་འདོད་པའོ། ། རབ་ཏུ་བྱུང་བ་ལ་འདོད་པ་རྣམ་པ་བཞིའོ།། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་སྨན་ནོ།། གཞན་ཡང་རྣམ་པ་ལྔ་སྟེ། ཕུང་པོ་ལྔ་ལ་ཆགས་ནས་དགོས་པའི་རྗེས་སུ་ཐམས་ཅད་འདོད་དེ། རྣམ་པར་རྟོག་པ་ཚད་མེད་མཐའ་ཡས་པའོ།། རིགས་ཀྱི་བུ་འདོད་པ་ལ་རྣམ་པ་གཉིས་ཏེ། དགེ་བ་ལ་འདོད་པ་དང་། མི་དགེ་བ་ལ་འདོད་པའོ།། མི་དགེ་བ་ལ་འདོད་པ་ནི་གླེན་པ་འབའ་ཞིག་འདོད་དོ།། དགེ་བ་ལ་འདོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་འདོད་དོ།། དགེ་བའི་ཆོས་འདོད་པ་ལའང་རྣམ་པ་གཉིས་ཏེ། མི་དགེ་བ་དང་། དགེ་བའོ།། ཐེག་པ་གཉིས་པོ་ཚོལ་བ་ནི་མི་དགེ་བའོ།། ཐེག་པ་ཆེན་པོ་ཚོལ་བ་ནི་དགེ་བའོ།། རིགས་ཀྱི་བུ་བུས་པ་མ་རབས་ཀྱི་འདོད་པ་ནི་ཀུན་འབྱུང་ཞེས་བྱ་སྟེ། བདེན་པ་མ་ཡིན་ནོ།། བྱང་ཆུབ་སེམས་དཔའི་འདོད་པ་ནི་བདེན་པ་ཞེས་བྱ་སྟེ། ཀུན་འབྱུང་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་བསྐལ་བའི་དོན་གྱི་ཕྱིར་སྐྱེ་བ་ལེན་གྱི། འདོད་པའི་ཕྱིར་སྐྱེ་བ་ལེན་པ་ནི་མ་ཡིན་ནོ།། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། ཡང་བཅོམ་ལྡན་འདས་ལ་གསོལ་པསངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་དག་ལས་སེམས་ཅན་དག་གི་ཕྱིར་ལས་ཀྱི་རྒྱུ་དང་རྐྱེན་དུ་འགྱུར་རོ་ཞེས་གསུངས། བར་བར་ནི་ང་རྒྱལ་གྱི་རྒྱུར་འགྱུར་རོ། ཞེས་གསུངས། བར་བར་ནི་རེག་བྱ་དྲུག་རྒྱུར་འགྱུར་རོ་ཞེས་གསུངས། བར་བར་ནི་མ་རིག་པ་ཕུང་པོ་ལྔར་འགྱུར་ཏེ། རྒྱུ་དང་རྐྱེན་དུ་འགྱུར་ཞེས་གསུངས་ན། དེ་ཅིའི་སླད་དུ་འཕགས་པའི་བདེན་པ་བཞི་ལས་འདོད་པའི་མཚན་ཉིད་འབའ་ཞིག་ཕུང་པོ་ལྔའི་རྒྱུར་འགྱུར་ཞེས་གསུང་། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་བཀའ་སྩལ་པ། ལེགས་སོ་ལེགས་སོ།། རིགས་ཀྱི་བུ་ཁྱོད་ཀྱིས་སྨྲས་པ་བཞིན་ཏེ། རྒྱུ་དང་རྐྱེན་གནམག་ཀྱང་རྒྱུར་མི་འགྱུར་བ་ནི་མ་ཡིན་མོད་ཀྱི། ཕུང་པོ་ལྔའི་རྒྱུ་ནི་མདོན་ན་འདོད་པ་ལ་གྱུར་ཏོ། ། རིགས་ཀྱི་བུ་དཔེར་ན་རྒྱལ་པོ་ཆེན་པོ་གཤེགས་ན། བློན་པོ་ཆེན་པོ་འཁོར་དང་བཅས་ཏེ་རྗེས་སུ་འགྲེའོ།། འདོད་པའང་དེ་དང་འདྲ་སྟེ། འདོད་པ་གང་དུ་སྤྱོད་པའི་རྗེས་སུ་ཀུན་ནས་ཉོན་མོངས་པ་རྣམས་ཀྱང་རྗེས་སུ་འགྲོའོ།། དཔེར་ན་གོས་གང་དུ་སྣུམ་པ་དེར་རྡུལ་ཆགས་བཞིན་དུ་འདོད་པའང་དེ་དང་འདྲ་སྟེ་གང་དུ་འདོད་པར་ལས་ཀྱི་ཉོན་མོངས་པའང་དེ་ལ་གནས་སོ། ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་གང་དུ་རླན་པའི་ས་ལ་ནི་མྱུ་གུ་སྐྱེའོ།། འདོད་པའང་དེ་དང་འདྲ་སྟེ། ལས་ཀྱི་ཉོན་མོངས་པའི་མྱུ་གུ་ཐམས་ཅད་སྐྱེ་བར་བྱེད་དོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཚོན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ལ་གནས་པ་དག་ནི་འདོད་པ་ལ་རྣམ་པ་དགུར་ཤིན་དུ་རྟོགས་སོ། ། འདི་ལྟ་སྟེ། བུ་ལོན་མ་ཁོར་བ་ལྟ་བུ་དང་། ཆུང་མ་སྲིན་མོ་ལྟ་བུ་དང་། མེ་ཏོག་བཟང་པོའི་སྡོང་བུ་ལ་སྦྲུལ་གདུག་པས་དཀྲིས་པ་ལྟ་བུ་དང་། ཟས་ཡིད་དུ་མི་འོང་མི་འདོད་པ་ནན་གྱིས་ཟ་བ་ལྟ་བུ་དང་། སྦྲུལ་འཚོང་མ་ལྟ་བུ་དང་། འབའ་ལུ་ཀའི་འབྲས་བུ་ལྟ་བུ་དང་། རྨའི་ཤ་རྨན་ལྟ་བུ་དང་། རླུང་དྲག་པོ་ལྟ་བུ་དང་། སྐར་མ་ཕོད་ལྟ་བུའོ།། དེ་ལ་ཇི་ལྟར་ན་བུ་ལེན་མ་ཁོར་བ་ལྟ་བུ་ཞེ་ན། རིགས་ཀྱི་བུ་དཔེར་ན་མི་དབུལ་པོ་ཞིག་བུ་ལོན་ཆགས་པས་རྫོགས་སུ་ཉེ་སྟེ། མཇུག་ལུས་ན་གཟུང་བ་ལས་མི་ཐར་ཏོ།། ཉན་ཐོས་དང་རང་སངས་རྒྱས་ཀྱང་དེ་དང་འདྲ་སྟེ། འདོད་པའི་བག་ཆགས་ཀྱི་ལྷག་མ་ལུས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་མི་རྒྱའོ།། རིགས་ཀྱི་བུ་དེ་ལྟར་ན་བུ་ལོན་མ་ཁོར་བ་ཞེས་བྱའོ།། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་ཆུང་མ་སྲིན་མོ་ལྟ་བུ་ཞེ་ན། རིགས་ཀྱི་བུ་དཔེར་ན་མི་ཞིག་ཆུང་མར་སྲིན་མོ་བླངས་ན། བུ་བཙས་མ་ཐག་ཏུ་བུ་བཟའ་འོ།། བུ་ཟད་ནས་ཁྱོའང་ཟའོ།། རིགས་ཀྱི་བུ་འདོད་པའི་སྲིན་མོའང་། དེ་དང་འདྲ་སྟེ། སེམས་ཅན་དག་དགེ་བའི་རྩ་བ་ཇི་ཙམ་པསྐྱེད་པ་སྐྱེས་མ་ཐག་ཏུ་མེད་པར་བྱེད་དོ།། དགེ་བའི་རྩ་བ་ཟད་པར་བྱས་ནས་སེམས་ཅན་དག་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་བྱེད་དེ། བྱང་ཆུབ་སེམས་དཔའ་ནི་མ་གཏོགས་སོ།། དེ་ལྟར་ན་ཆུང་མ་སྲིན་མོ་ལྟ་བུ་ཞེས་བྱའོ།། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་མེ་ཏོག་བཟང་པོའི་སྡོང་བུ་ལ་སྤྲུལ་གདུག་པས་དཀྲིས་པ་ལྟ་བུ་ཞེ་ན། དཔེར་ན་མེ་ཏོག་བཟང་པོ་ལ་དགའ་བ་ཞིག་མེ་ཏོག་གི་སྡོང་བུ་ལ་སྦྲུལ་གདུག་པའི་ཉེན་ཡོད་པར་མི་ཤེས་པས། དྲུང་དུ་བསྙེན་ནས་མེ་ཏོག་གཟུང་ངོ་།། གཟུང་མ་ཐག་ཏུ་སྦྲུལ་གྱིས་ཟིན་ནས་ཚེའི་དུས་བྱས་སོ།། བུས་པ་མ་རབས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། འདོད་པ་ལྔའི་མེ་ཏོག་ལ་ཆགས་པས་འདོད་པའི་སྦྲུལ་གདུག་པའི་སྐྱོན་ཡོད་པརེ་མི་ཤེས་པས་ལེན་ཏོ། ། བླངས་ནས་འདོད་པའི་གདུག་པས་ཟིན་ཏེ། ཚེའི་དུས་བྱས་ནས་ངན་སོང་གསུམ་དུ་ལྷུང་སྟེ། བྱང་ཆུབ་སེམས་དཔའ་ནི་མ་གཏོགས་སོ།། དེ་ལྟར་ན་མེ་ཏོག་བཟང་པོའི་སྡོང་བུ་ལ་སྦྲུལ་གདུག་པས་དཀྲིས་པ་ལྟ་བུ་ཞེས་བྱའོ།། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་ཡིད་དུ་མི་འོང་བའི་བས་ངན་པ་ནན་གྱིས་ཟབ་ཝཱ་བུ་ཞེ་ན། འང་སྟེ། ལ་ལ་ནིག་ཟས་མེད་དུ་མ་འོང་བན་གྱིས་ཟོས་ན། ཟོས་ས་མས་ཏུ་སྟོན་ས་ཆད་པར་ལཐུ་ནས་འཆིའོ།། འདོད་པའི་ཟས་ཀྱང་དེ་དང་འདྲ་སྟེ། ལམ་རྒྱུད་ལྔའི་སེམས་ཅན་དག་འདོད་པ་ལ་ནན་གྱིས་ཆགས་པས། དེའི་རྒྱུ་དེའི་རྐྱེན་གྱིས་ངན་སོང་གསུམ་དུ་ལྷུང་སྟེ། བྱང་ཆུབ་སེམས་དཔའ་ནི་མ་གཏོགས་སོ། ། དེ་ལྟར་ན་ཟས་ཡིད་དུ་མི་འོང་བ་ནན་གྱིས་ཟ་བ་ལྟ་བུ་ཞེས་བྱའོ།། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བུད་མེད་སྤྲུལ་འཚོང་མ་ལྟ་བུ་ཞེ་ན། དཔེར་ན་མི་གླེན་པ་དག་ནི་སྤྲུལ་འཚོང་མ་དང་འགྲུལ་ཏེ། བུད་མེད་དེས་པ་ཙམ་དང་སྒྱུ་རྣམ་པ་སྣ་ཚོགས་ཀྱིས་མིའི་ནོར་ཀུན་འཕྲོག་གོ།། དེའི་ནོར་ཟད་ནས་ནི་སྐྲོད་དོ།། འདོད་པའི་སྤྲུལ་འཚོང་མའང་དེ་དང་འདྲ་སྟེ། གླེན་པ་ཤེས་པ་མེད་པ་དག་དེ་ལ་སྟེན་ཏེ་འདོད་པ་དེས་དགེ་བའི་ཆོས་ཐམས་ཅད་འཕྲོག་གོ། དགེ་བའི་ཆོས་ཀུན་ཟད་པར་བྱས་ནས་ངན་སོང་གསུམ་དུ་ལྷུང་བར་སྐྲོད་དེ། བྱང་ཆུབ་སེམས་དཔའ་འབའ་ཞིག་ནི་མ་གཏོགས་སོ།། དེ་ལྟར་ན་བུད་མེད་སྤྲུལ་འཚོང་མ་ལྟ་བུ་ཞེས་བྱའོ།། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་འབའ་ལུ་ཀའི་འབྲས་བུ་ལྟ་བུ་ཞེ་ན། དཔེར་ན་འབའ་ལུ་ཀའི་འབྲས་བུ་བྱས་ཟོས་ན། ཟོས་མ་ཐག་ཏུ་ཕྱིར་བྱུང་ནས། ས་ལ་བརྡུགས་པ་རླུང་གིས་བདས་ཏེ། ཤིང་དྲུང་དུ་ཕྱིན་ན་དེ་མ་ཐག་ཏུ་སྐྱེས་ཏེ། ཤིང་དེ་ཉིད་ལ་དཀྲིས་ཀླགས་ནས། ཤིང་ནྱ་གྲོ་དྷའང་ཚད་དུ་ཕྱིན་པར་མི་སྐྱེ་བར་བྱེད་ཅིང་། བསྐམས་པར་ཡང་འགྱུར་རོ།། འདོད་པའི་འབའ་མུ་ཀའི་འབྲས་བུ་རང་དེ་དང་འཇ་སྟེ། བུས་པ་མ་རབས་ཀྱི་དགེ་བྱའི་རྩ་བཅུ་ཡོད་པ་དཟིས་ཆགས་ནས་མི་འཕེལ་མོ་སྐྱེ་བ་དང་། མེད་པར་འགྱུར་འོང་སྙམ་པའི་བར་དུ་ཡང་བྱེད་དོ།། བསྐམས་ཤིང་མེད་པར་བྱས་ནས། ཚེ་འཕོས་པའི་འོག་ཏུ་ངན་སོང་གསུམ་དུ་ལྟུང་བར་ཡང་བྱེད་དེ། བྱང་ཆུབ་སེམས་དཔའ་ནི་མ་གཏོགས་སོ།། དེ་ལྟར་ན་འབའ་ལུ་ཀའི་འབྲས་བུ་ཞེས་བྱའོ། ། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་རྨའི་ཤརྨན་ལྟ་བུ་ཞེ་ན། དཔེར་ན་མི་ཞིག་རྨ་བྱུང་སྟེ། ཤ་རྨ་ན་ཡོད་ན་གསོ་དགོས་ཏེ་གཏང་དུ་མི་རུང་ངོ་།། བཞག་སྟེ་མ་གསོས་ན་རྨ་དེད་ལ་འབུའང་འཇུག་སྟེ། དེའི་རྐྱེན་གྱིས་ཚེའི་དུས་ཀྱང་བྱེད་པར་འགྱུར་རོ།། བུས་པ་གླེན་པའི་འདོད་པ་ལྔའི་འབྲས་བུའང་དེ་དང་འདྲ་སྟེ། འདོད་པའི་རྨིའི་ནིང་ན་ཤརྨན་ལྟ་བུ་ཡིན་པས། བརྩོན་འགྲུས་སུ་གསོ་དགོས་སོ།། འདོད་པའི་ཤ་རྨན་མ་གསོས་ན་ཚེ་འཕོས་མ་ཐག་ཏུ་ངན་སོང་གསུམ་དུ་ལྷུང་སྟེ། བྱང་ཆུབ་སེམས་དཔའ་ནི་མ་གཏོགས་རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་རླུང་དྲག་པོ་ལྟ་བུ་ཞེ་ན། དཔེར་ན་རླུང་དྲག་པོ་ལངས་ན་རི་རང་རྙིལ། གད་པའང་བཏིབ། ཤིང་ཡང་རྩ་བ་ནས་འདོན་ཏོ།། འདོད་པའི་རླུང་དྲག་པོའང་དེ་དང་རང་སྟེ། ཕ་མ་ལའང་ངན་སེམས་སྐྱེད་ལ། ཤེས་རབ་ཆེན་པོའི་མཆོག་རི་བོ་ལ་སོགས་པའི་བླ་ན་མེད་པའི་བྱང་ཆུབ་ཀྱི་རྩ་བ་ཤིན་ཏུ་བརྟན་པའང་རྩ་བ་ནས་བྱིན་ཏེ། བྱང་ཆུབ་སེམས་དཔའ་ནི་མ་གཏོགས་སོ།། དེ་ལྟར་ན་རླུང་དྲག་པོ་ལྟ་བུ་ཞེས་བྱའོ།། དེ་ལ་ཇི་ལྟར་ན་སྐར་མ་ཕོད་ལྟ་བུ་ཞེ་ན། དཔེར་ན་སྐར་མ་ཕོད་བྱུང་ན། གང་དུ་འབྱུང་བའི་ཡུལ་དེར་མུ་གེ་དང་། ནད་དང་། འཁྲུག་པ་འབྱུང་ངོ་།། འདོད་པའི་སྐར་མ་ཕོད་ཀྱང་དེ་དང་འདྲ་སྟེ། དགེ་བའི་རྩ་བ་ཐམས་ཅད་ཀྱི་ས་བོན་གཅོད་ཅིང་། བུས་པ་མ་རབས་དབུལ་འཕོངས་པ་དང་། མུ་གེ་འབྱུང་བ་དང་། ཉོན་མོངས་པའི་ནད་སྐྱེ་བ་དང་། འཁོར་བར་འཁོར་ཞིང་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བར་བྱེད་དེ། བྱང་ཆུབ་སེམས་དཔའ་ནི་མ་གཏོགས་སོ།། དེ་ལྟར་ན་སྐར་མ་པོད་ལྟ་བུ་ཞེས་བྱའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་གནས་པ་ན། འདོད་པའི་ཀུན་ནས་ཉོན་མོངས་པ་ལ་རྣམ་པ་འདི་དགུ་ལྟ་བུར་རྟོགས་སོ།། རིགས་ཀྱི་བུ་དེ་བས་ན་བུས་པ་མ་རབས་ནི་སྡུག་བསྔལ་ཡོད་ཀྱི། བདེན་པ་མེད་དོ།། ཉན་ཐོས་དང་རང་སངས་རྒྱས་ནི་སྡུག་བསྔལ་ཡོད།། སྡུག་བསྔལ་གྱི་བདེན་པའང་ཡོད་ཀྱི། ཡང་དག་པའི་བདེན་པ་ནི་མེད་དོ།། བྱང་ཆུབ་སེམས་དཔའ་རྣམས་ནི་སྡུག་བསྔལ་ཤེས་ཤིང་སྡུག་གསྔལ་མེད་དེ། དེ་བས་ན་སྡུག་བསྔལ་བ་ནི་མེད་ཀྱི། ཡང་དག་པའི་བདེན་པ་ནི་ཡོད་དོ།། བུས་པ་མ་རབས་ནི་ཀུན་འབྱུང་ནི་ཡོད་ཀྱི། བདེན་པ་ནི་མེད་དོ།། ཉན་ཐོས་དང་རང་སངས་རྒྱས་ནི་ཀུན་འབྱུང་ཡང་ཡོད། ཀུན་འབྱུང་གི་བདེན་པའང་ཡོད་དོ།། བྱང་ཆུབ་སེམས་དཔའ་ནི་ཀུན་འབྱུང་ཤེས་ཤིང་། ཀུན་འབྱུང་མེད་དེ། དེ་བས་ན་ཀུན་འབྱུང་ནི་མེད་ཀྱི། ཡང་དག་པའི་བདེན་པ་ནི་ཡོད་དོ།། ཉན་ཐོས་དང་རང་སངས་རྒྱས་ནི་འགོག་པ་ཡོད་ཀྱང་ཡང་དག་པ་མ་ཡིན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འགོག་པའང་ཡོད། ཡང་དག་པའི་བདེན་པའང་ཡོད་དོ།། ཉན་ཐོས་དང་རང་སངས་རྒྱས་ནི་ལམ་ཡོད་ཀྱང་བདེན་པ་མ་ཡིན་ནོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལམ་ཡང་ཡོད་ལ། ཡང་དག་པའི་བདེན་པའང་ཡོད་དོ།། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་གནས་པ་ན། འགོག་པ་མཐོང་ཞིང་འགོག་པའི་བདེན་པ་མཐོང་བ་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་ཡོངས་སུ་གཅད་པའོ།། གལ་ཏེ་ཉོན་མོངས་པ་བཅད་ན་རྟག་པ་ཞེས་བྱའོ།། ཉོན་མོངས་པའི་མེ་བསད་པས་ན་རབ་ཏུ་ཞི་བ་ཞེས་བྱའོ།། ཉོན་མོངས་པ་བགགས་པས་ན་བདེ་བ་མྱོང་བར་གྱུར་ཏོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་རྟེན་ཅིང་འབྲེལ་ཏེ་བྱུང་བ་འདོད་པས་ཡོངས་སུ་དག་པ་ཞེས་བྱའོ། ། སྲིད་པ་ཉི་ཤུ་ལྔ་པོ་ཕྱིར་མི་ལེན་པས་ན་འཇིག་རྟེན་ལས་འདས་པ་ཞེས་བྱའོ།། འཇིག་རྟེན་ལས་འདས་པས་ན་བདག་ཅེས་བྱའོ།། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། སྐྱེས་པ་དང་། བུད་མེད་དང་། སྐྱེ་བ་དང་། གནས་པ་དང་། འགོག་པ་དང་། སྡུག་བསྔལ་དང་། དདེ་བ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བའང་མ་ཡིན་པ་ལས་མཚན་མར་མི་ལེན་པས་ན། མཐར་ཕྱིན་པ། རབ་ཏུ་ཞི་བ། ཡང་དག་པའི་བདེན་པ་ཞེས་བྱའོ།། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་གནས་པ་ན། འགོག་པའི་འཕགས་པའི་བདེན་པ་ལ་ཡོངས་སུ་རྟོགས་པ་ཞེས་བྱའོ། ། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ལ་གནས་པ་ན། ལམ་གྱི་འཕགས་པའི་བདེན་པ་ལ་རྟོག་པ་ཞེ་ན། རིགས་ཀྱི་བུ་དཔེར་ན་མུམ་ཁང་གི་ནང་དུ་མེ་མར་ཕྱུང་ན། དེའི་ནང་ན་དངོས་པོ་ཆེན་པོ་དང་། ཆུང་ངུ་ཀུན་མཐོང་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འང་སྟེ། ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལ་གནས་པ་དག། འཕགས་པའི་ལམ་བརྒྱད་ཀྱི་རྐྱེན་གྱིས་ཆོས་ཐམས་ཅད་མཐོང་བར་འགྱུར་རོ། ། འདི་ལྟ་སྟེ། རྟག་པ་དང་། མི་རྟག་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། སེམས་ཅན་དང་། སེམས་ཅན་མ་ཡིན་པ་དང་། དངོས་པོ་དང་། དངོས་པོ་མ་ཡིན་པ་དང་། བདེ་བ་དང་། སྡུག་བསྔལ་དང་། བདག་དང་། བདག་མེད་པ་དང་། གཙང་བ་དང་། མི་གཙང་བ་དང་། ཉོན་མོངས་པ་དང་། ཉོན་མོངས་པ་མ་ཡིན་པ་དང་། ལས་དང་། ལས་མ་ཡིན་པ་དང་། བདེན་པ་དང་། བདེན་པ་མ་ཡིན་པ་དང་། ཐེག་པ་དང་། ཐེག་པ་མ་ཡིན་པ་དང་། ཤེས་པ་དང་། མི་ཤེས་པ་དང་། ཡོན་ཏན་དང་། ཡོན་ཏན་མ་ཡིན་པ་དང་། བདག་པོ་དང་། བདག་པོ་མ་ཡིན་པ་དང་། མཐོང་བ་དང་། མཐོང་བ་མ་ཡིན་པ་དང་། གཟུགས་དང་། གཟུགས་མ་ཡིན་པ་དང་། ལམ་དང་། ལམ་མ་ཡིན་པ་དང་ཤེས་པ་དང་། ཤེས་པ་མ་ཡིན་པ་རྣམས་སོ།། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལ་གནས་པ་ན། འཕགས་པའི་ལམ་གྱི་འདེན་པ་ལ་ཡོངས་སུ་རྟོགས་པ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གལ་ཏེ་འཕགས་པའི་ལམ་བརྒྱད་ལམ་གྱི་འཕགས་པའི་བདེན་པ་ལགས་ན། དེའི་དོན་མཐུན་པ་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་སྐབས་ཁ་ཅིག་ཏུ་ཟག་པ་དང་བཅས་པ་སྒྲོལ་བའི་སླད་དུ་དད་པའི་སེམས་ནི་ལམ་ལགས་སོ་ཞེས་གསུངས། སྐབས་ཁ་ཅིག་ཏུ་ནི་བག་བྱེད་པ་ལམ་ལགས་སོ། ཞེས་གསུངས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་བག་བྱས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བས། བྱང་ཆུབ་སེམས་དཔའ་ལམ་གྱི་ཡན་ལག་གོ་ཞེས་ཀྱང་གསུངས། སྐབས་ཁ་ཅིག་ཏུ་ནི་བརྩོན་འགྲུས་ནི་ལམ་ལགས་སོ་ཞེས་ཀྱང་གསུངས་ཏེ། དེ་ཡང་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་གང་ཞིག་བརྩོན་འགྲུས་ཤིན་ཏུ་རྩོམ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ་ཞེས་ཀྱང་གསུང་། སྐབས་ཁ་ཅིག་ཏུ་ནི་ལུས་ལ་ལུས་ཀྱི་རྗེས་སུ་དྲན་པ་ཉེ་བར་གཞག་པ་ན་སེམས་རྩེ་གཅིག་ཏུ་དམིགས་ཏེ་བརྩོན་འགྲུས་སུ་ལུས་ལ་ལུས་ཀྱི་རྗེསུ་དྲན་པ་ཉེ་བར་གཞག་པ་ལ་ནན་ཏན་བྱས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། ཞེས་ཀྱང་གསུངས། སྐབས་ཁ་ཅིག་ཏུ་ནི་ཡང་དག་པའི་ཏིང་ངེ་འཛིན་ལམ་ལགས་སོ་ཞེས་ཀྱང་གསུངས་ཏེ། དེ་ཡང་འོད་སྲུངས་ཆེན་པོ་ལ་བཀའ་སྩལ་པ་ལྟ་ན། ཡང་དག་པའི་ཏིང་ངེ་འཛིན་ནི་ལམ་ལགས་ཏེ། ཡང་དག་པའི་ཏིང་ངེ་འཛིན་མ་ལགས་པ་ནི་ལམ་ལགས་སོ་ཞེས་མ་གསུངས། ཏིང་ངེ་འཛིན་དུ་ཞུགས་ན་ཕུང་པོ་ལྔ་སྐྱེ་ཞིང་འགོག་པ་ཡིད་ལ་བྱེད་ནུས་པར་འགྱུར་གྱི་ཏིང་ངེ་འཛིན་དུ་མ་ཞུགས་པར་ཡིད་ལ་བྱེད་ནུས་པ་མ་ཡིན་ནོ་ཞེས་ཀྱང་གསུངས། སྐབས་ཁ་ཅིག་ཏུ་ནི་ཆོས་གཅིག་ལ་གང་སྒོམ་ཞིང་ནན་ཏན་བྱེད་པ་དེས། སེམས་ཅན་ཐམས་ཅད་ཀྱི་མྱ་ངན་དང་། སྡུག་བསྔལ་བ་དང་། འཁྲུག་པའི་རྣམས་ཡོངས་སུ་སྦྱང་ཞིང་ཡང་དག་པའི་ཆོས་འཐོབ་པར་འགྱུར་རོ་ཞེས་གསུངས་པ་ནི། འདི་ལྔ་སྟེ། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ལགས་སོ་ཞེས་ཀྱང་གསུངས། སྐབས་ཁ་ཅིག་ཏུ་ནི་མི་རྟག་པ་ལ་བསྒོམ་པ་ལ་མ་ལགས་སོ་ཞེས་ཀྱང་གསུངས་ཏེ། དེ་ཡང་དགེ་སློང་རྣམས་ལ་བཀའ་སྩལ་པ། གང་ཞིག་མི་རྟགག་པ་ལ་མང་དུ་བསྒོམས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱའོ་ཞེས་ཀྱང་གསུངས། སྐབས་ཁ་ཅིག་ཏུ་ནི་ཤིན་ཏུ་དབེན་པའི་བས་མཐར་གཅིག་པུ་གནས་ཏེ། ཡིད་ལ་བྱས་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ་ཞེས་ཀྱང་གསུངས། སྐབས་ཁ་ཅིག་ཏུ་ནི་ཕ་རོལ་པོ་གཞན་ལ་ཆོས་བསྟན་པ་ནི་ལམ་ལགས་ཏེ། ཆོས་ཐོས་པས་ཐེ་ཙོམ་གྱི་དྲ་བ་ཆོད་པར་འགྱུར། ཐེ་ཙོམ་གྱི་དྲ་བ་ཆོད་པས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ་ཞེས་ཀྱང་གསུངས། སྐབས་ཁ་ཅིག་ཏུ་ནི་ཚུལ་ཁྲིམས་བསྲུང་བ་ནི་ལམ་ལགས་སོ་ཞེས་གསུངས་ཏེ། དེ་ཡང་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་གང་ཞིག་ཚུལ་ཁྲིམས་བསྲུངས་པ་ལ་ཤིན་ཏུ་ནན་ཏན་བྱས་ན། གང་ཟག་དེ་ནི་འཁོར་བའི་རྒྱ་མཚོ་ལས་བརྒལ་བར་འགྱུར་རོ་ཞེས་ཀྱང་གསུངས། སྐབས་ཁ་ཅིག་དུ་ནི་དགེ་བའི་བཤེས་གཉེན་ལ་བསྟེན་པ་ནི་ལམ་ལགས་སོ་ཞེས་གསུངས་ཏེ། དེ་ཡང་དགའ་བོ་ལ་བཀའ་སྩལ་པ། གང་ཞིག་དགེ་བའི་བཤེས་གཉེན་བསྟེན་ན་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་ཏེ། སེམས་ཅན་གང་ཞིག་ང་ལ་བསྙེན་བཀུར་བྱས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ་ཞེས་ཀྱང་གསུངས། སྐབས་ཁ་ཅིག་ཏུ་ནི་བྱམས་པ་བསྒོམ་པ་ལམ་ལག་ཏེ། བྱམས་པ་བསྒོམས་ན་ཉོན་མོངས་པ་ཐམས་ཅད་ཆོད་ཅིང་མི་གཡོ་བའི་གནས་ཐོབ་པར་འགྱུར་རོ་ཞེས་ཀྱང་གསུངས། སྐབས་ཁ་ཅིག་ཏུ་ནི་ཤེས་རབ་ནི་ལམ་ལགས་སོ་ཞེས་གསུངས་ཏེ། དེ་ཡང་སྔོན་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་སྐེ་དགུའི་བདག་མོའི་སླད་དུ་པུ་ནུ་མོ་གསུངས་པ་དང་། ཉན་ཐོས་རྣམས་ཀྱང་ཤེས་རབ་ཀྱི་མཚོན་གྱིས་སྲིད་པའི་ཟག་པ་དང་བཅས་པའི་ཉོན་མོངས་པ་བཅད་དོ་ཞེས་ཀྱང་གསུངས། སྐབས་ཁ་ཅིག་ཏུ་ནི་དེ་བཞིན་གཤེགས་པས་སྦྱིན་པ་ནི་ལམ་ལགས་སོ་ཞེས་གསུངས་ཏེ། དེ་ཡང་སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས། རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྒྱལ་པོ་ཆེན་པོ་ངས་སྔོན་སྦྱིན་པ་མང་དུ་བྱས་པས། དེའི་རྒྱུ་དེའི་རྐྱེན་གྱིས་ད་བླ་ན་མེད་པ་ཡང་དག་པའི་བྱང་ཆུབ་ཏུ་སངས་རྒྱས་པར་རིག་པར་གྱིས་ཤིག་ཅེས་ཀྱང་གསུངས་པ་ལགས་ན། བཅོམ་ལྡན་འདས་དགལ་ཏེ་འཕགས་པའི་ལམ་བརྒྱད་ལམ་གྱི་བདེན་པ་ལགས་སོ་ཞེས་གསུངས་ན། མདོ་སྡེ་གཞན་དག་ལས་དེ་སྐད་ཅེས་གསུངས་པ་དག་རྫུན་དུ་མ་གྱུར་ཏམ། གལ་ཏེ་མདོ་སྡེ་དེ་དག་ལས་འབྱུང་བ་བརྫུན་དུ་མ་གྱུར་ན། ཅིའི་སླད་དུ་དེ་དག་ལས་ཀྱང་འཕགས་པའི་ལམ་བརྒྱད་ནི་ལམ་གྱི་བདེན་པ་ཡིན་ནོ་ཞེས་མ་གསུངས། དེ་ལྟར་མ་གསུངས། དེ་ལྟར་མ་གསུངས་པས་ན། སྔོན་དེ་བཞིན་གཤེགས་པས་གསུངས་པའང་འཁྲུས་པ་འདྲ་སྟེ། བདག་ནི་ངེས་པར་སངས་རྒྱས་བཅོམ་ལྡན་འདས་ནི་ཡུན་རིང་པོ་ནས་འཁྲུལ་པ་དང་བྲལ་བར་འཚལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་བཀའ་སྩལ་པ། ལེགས་སོ་ལེགས་སོ།། རིགས་ཀྱི་བུ་ཁྱོད་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་མདོ་སྡེ་ལས་དོན་ཤིན་ཏུ་ཟབ་མོ་ཤེས་པར་འདོད་པས་དེ་སྐད་ཅེས་ཞུས་པ་ཤིན་ཏུ་ལེགས་སོ། ། རིགས་ཀྱི་བུ་མདོ་སྡེ་དེ་དག་ཀྱང་ཐམས་ཅད་ལམ་གྱི་བདེན་པར་འཇུག་གོ།། རིགས་ཀྱི་བུ་དད་པ་ནི་ལས་མོ་ཞེས་བྱ་བ་ནི་ལམ་ཡིན་ཏེ། དང་བ་ནི་རྩ་བ་ཡིན་པས་ན། བྱང་ཆུབ་ཀྱི་ལམ་གྱི་གྲོགས་སུ་འགྱུར་ཏེ། དེ་བསྤྱན་ངས་གསུངས་པ་དེ་ལ་འཁྲུལ་པ་མེད་དོ།། རིགས་ཀྱི་དེ་བཞིན་གཤེགས་པ་ནི་ཚད་མེད་པའི་ཐབས་ལ་ཤིན་ཏུ་མཁས་པས། སེམས་ཅན་གདུལ་བའི་ཕྱིར་དེ་ལྟར་རྣམ་པ་སྣ་ཚོགས་སུ་གསུངས་པ་ཡིན་ནོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྨན་པ་མཁས་པ་ནི་སེམས་ཅན་གྱི་ནང་རྣམ་པ་སྣ་ཚོགས་ལ་ཤིན་ཏུ་མཁས་པས། ཇི་ལྟར་ན་བ་བཞིན་དུ་སྨན་སྦྱོར་ཏེ། སྨན་གྱི་མི་རུང་བའི་གཉེན་པོའང་སྟོན་ན། ཆུ་འབའ་ཞིག་ནི་མ་གཏོགས་སོ། ། དེའང་འདི་ལྟ་སྟེ། སྒེའུ་གཤེར་གྱི་ཁུ་བ་དང་། ཤིང་དངར་གྱི་ཁུ་བ་དང་། ཤ་ཁ་ར་ནག་པོའི་ཁུ་བ་དང་། ཨ་མ་ལའི་ཁུ་བ་དང་། ནི་བ་ལའི་ཁུ་བ་དང་། བར་ཧ་ལའི་ཁུ་བ་དང་། ཆུ་ཟང་མོ་དང་། ཆུ་ཚ་བ་དང་། རྒུན་ཆུ་དང་། བལ་པོ་སེའུའི་ཆུ་ལ་སོགས་པའོ།། རིགས་ཀྱི་བུ་སྨན་པ་མཁས་པ་ནད་ཀྱི་རྣམ་པ་ལ་མཁས་པ་དག་ཀྱང་སྨན་ལ་མི་རུང་བའི་གཉེན་པོ་མང་མོད་ཀྱི། ཆུ་ནི་དེར་མ་གཏོགས་སོ།། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཐབས་ལ་ཤིན་ཏུ་མཁས་པས་ཆོས་ཀྱི་མཚན་ཉིད་གཅིག་གིས་སེམས་ཅན་ཇི་ལྟ་ཇི་ལྟ་བའི་རྗེས་སུ་མིང་དང་མཚན་ཉིད་དེ་དང་དེ་ལྟ་བུས་རྒྱས་པར་འབྱེད་ཅིང་སྟོན་ཏེ། སེམས་ཅན་རྣམས་ཀྱང་ཇི་ལྟར་བསྟན་པ་བཞིན་དུ་ཉམས་སུ་ལེན་ཏོ།། ཉམས་སུ་བླངས་ནས་ནན་ཏན་བྱས་པས། ཉོན་མོངས་པ་ཐམས་ཅད་བྱང་བར་འགྱུར་པ་ནི་ཇི་ལྟར་ནད་པས་སྨན་པའི་ལུང་བཞིན་དུ་བྱས་པས་ནད་འབྱང་བ་བཞིན་ནོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་མི་ཞིག་སྐད་རྣམ་པ་ཀུན་ལ་མཁས་ཏེ། མི་ཕལ་པོ་ཆེའི་ནང་ན་འདུག་པ་ལས་མི་ཐམས་ཅད་སྐོམ་གྱིས་ཡོངས་སུ་གདུངས་ཏེ། འདི་སྐད་དུ་བདག་སྐོམ་སྟེ། ཆུ་འདོད་དོ་ཞེས་སྨྲས་ན་མི་དེས་རྣམ་པ་ཇི་བཞིན་དུ་ཆུ་གྲང་མོ་གཙང་མ་སོ་སོར་བྱིན་ན། རྣམ་པ་དེ་དག་ལ་ལ་ནི་ཆུ་འདོད་དོ་ཞེས་ཟེར། ལ་ལ་ནི་པ་ནི་ཞེས་ཟེར། ལ་ལ་ནི་ཨུ་དི་ཞེས་ཟེར། ལ་ལ་ནཾ། ས་ལེ་ཞེས་ཟེར། ལ་ལ་ནི་ས་ལི་ཞེས་ཟེར། ལ་ལ་ནི་བ་ན་ཞེས་ཟེར། ལ་ལ་ནི་བདུད་རྩི་ཞེས་ཟེར། ལ་ལ་ནི་འོ་མ་ཞེས་ཟེར་ཏེ། དེ་ལྟར་ཆུའི་མིང་སྨྲ་བ་ཚད་མེད་པ་འཁོར་རྣམས་ལ་སྨྲའོ། ། རིགས་ཀྱི་བུ་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། འཕགས་པའི་ལམ་གཅིག་གིས་ཉན་ཐོས་རྣམས་ལ་དད་པའི་དབང་པོ་ནས། འཕགས་པའི་ལམ་བརྒྱད་ཀྱི་བར་དུ་རྒྱས་པར་སྟོན་ཅིང་འཆད་དོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་གསེར་མགར་མཁས་པ་ནི་གསེར་གཅིག་པུ་ལ་ལུས་ཀྱི་རྒྱན་རྣམ་པ་སྣ་ཚོགས་ཡིད་བཞིན་དུ་བྱེད་དོ། ། འདི་ལྟ་སྟེ། གདུ་བུ་དང་། སོར་གདུང་དང་། རྣ་ཆ་དང་། ཅོད་པན་དང་། དཔུང་རྒྱན་ལ་སོགས་པ་རྣམ་པ་སྣ་ཚོགས་མི་མཐུན་མོད་ཀྱི། གསེར་ལས་གཞན་མ་ཡིན་ནོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སངས་རྒྱས་ཀྱི་ལམ་གཅིག་ལས་སེམས་ཅན་གྱི་རྗེས་སུ་རྣམ་པ་སྣ་ཚོགས་སུ་འབྱེད་ཅིང་སྟོན་ཏེ། བར་བར་ནི་རྣམ་པ་གཅིག་ཅེས་སྟོན་ཏོ།། དེའང་འདི་ལྟ་སྟེ། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་གཅིག། སྟེ། གཉིས་སུ་མེད་དོ་ཞེས་གསུངས་པའང་རྣམ་པ་གཉིས་ཏེ། ཏིང་ངེ་འཛིན་དང་། ཤེས་རབ་བོ་ཞེས་གསུངས། གཞན་ཡང་རྣམ་པ་གསུམ་དུ་གསུངས་ཏེ། ལྟ་བ་དང་། ཡེ་ཤེས་དང་། ཤེས་རབ་བོ།། གཞན་ཡང་རྣམ་པ་བཞི་སྟེ། མཐོང་བའི་ལམ་དང་། སྒོམ་པའི་ལམ་དང་། མི་སློབ་པའི་ལམ་དང་། སངས་རྒྱས་ཀྱི་ལམ་མོ།། གཞན་ཡང་རྣམ་པ་ལྔ་སྟེ། དད་པ་སྤྱོད་པའི་ལམ་དང་། ཆོས་སྤྱོད་པའི་ལམ་དང་། དད་པས་རྣམ་པར་གྲོལ་བའི་ལམ་དང་། མཐོང་བས་ཕྱིན་པའི་ལམ་དང་། ལུས་ཀྱིས་རེག་པའི་ལམ་ལོ། ། གཞན་ཡང་རྣམ་པ་དྲུག་སྡེ། རྒྱུན་དུ་ཞུགས་པའི་ལམ་དང་། ལན་ཅིག་ཕྱིར་ལྡོག་པའི་ལམ་དང་། ལན་ཅིག་ཕྱིར་མི་ལྡོག་པའི་ལམ་དང་། དགྲ་བཅོམ་པའི་ལམ་དང་། རང་སངས་རྒྱས་ཀྱི་ལམ་དང་། སངས་རྒྱས་ཀྱི་ལམ་མོ།། གཞན་ཡང་རྣམ་པ་བདུན་ཏེ། དྲན་པ་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་བྱང་བ་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་དང་། གཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་གོ།། གཞན་ཡང་རྣམ་པ་བརྒྱད་དེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་ཡང་དག་པའི་ཏིང་ངེ་འཛིན་ཏོ། ། གཞན་ཡང་རྣམ་པ་དགུ་སྟེ། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་དང་དད་པའོ།། གཞན་ཡང་རྣམ་པ་བཅུ་སྟེ། སྟོབས་བཅུ་པོའོ། ། གཞན་ཡང་རྣམ་པ་བཅུ་གཅིག་སྟེ། སྟོབས་བཅུ་དང་། བྱམས་པ་ཆེན་པོའོ།། གཞན་ཡང་རྣམ་པ་བཅུ་གཉིས་ཏེ། སྟོབས་བཅུ་དང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའོ།། གཞན་ཡང་རྣམ་པ་བཅུ་གསུམ་སྟེ། སྟོབས་བཅུ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ཏོ། ། གཞན་ཡང་རྣམ་པ་བཅུ་དྲུག་སྟེ། སྟོབས་བཅུ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་དང་། སངས་རྒྱས་ཀྱིས་བསྙེན་པའི་ཡང་དག་པའི་དྲན་པ་ཉེ་བར་གཞག་པ་གསུམ་མོ།། གཞན་ཡང་རྣམ་པ་ཉི་ཤུ་སྟེ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་དང་། ཡང་དག་པའི་དྲན་པ་ཉེ་བར་གཞག་པ་གསུམ་མོ། ། རིགས་ཀྱི་བུ་ལམ་དེ་དག་ནི་དངོས་པོ་གཅིག་སྟེ། དེ་བཞིན་གཤེགས་པས་སྔོན་སེམས་ཅན་གྱི་ཕྱིར་རྣམ་པ་སྣ་ཚོགས་སུ་གསུངས་པ་ཡིན་ནོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་མེ་ལྟ་བུའི་དངོས་པོ་གཅིག་ཟད་ན་ཚིག་པ་ལས་མེ་མང་པོར་གྱུར་ཏོ།། འདི་ལྟ་སྟེ། ཤིང་གི་མེ་དང་། རྩའི་མེ་དང་། ཕུར་མའི་མེ་དང་། རྟ་དྲུག་དང་བ་ལང་གི་ལྕི་བའི་མེ་ཞེས་རྣམ་པ་མང་པོར་བཏགས་སོ།། རིགས་ཀྱི་བུ་སངས་རྒྱས་ཀྱི་ལམ་ཡང་དེ་དང་འདྲ་བར་གཅིག་སྟེ། གཉིས་སུ་མེད་མོད་ཀྱི་སེམས་ཅན་གྱི་ཕྱིར་རྣམ་པ་སྣ་ཚོགས་སུ་སོ་སོར་ཕྱེ་བ་ཡིན་ནོ། ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་རྣམ་པར་ཤེས་པ་གཅིག་ལས་རྣམ་པ་དྲུག་ཏུ་ཕྱེ་སྟེ་བསྟན་པ་ནི་མིག་གི་སྐབས་སུ་ནི་མིག་གི་རྣམ་པར་ཤེས་པ་ཞེས་བཏགས་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་དེ་བཞིན་དུ་རྒྱས་པར་རིགས་པར་བྱའོ།། རིགས་ཀྱི་བུ་ལམ་དེ་དང་འདྲ་བར་གཅིག་སྟེ། གཉིས་སུ་མེད་མོད་ཀྱི། དེ་བཞིན་གཤེགས་པས་སེམས་ཅན་དག་གདུལ་བའི་ཕྱིར། རྣམ་པ་སྣ་ཚོགས་སུ་ཕྱེ་ཞིང་བསྟན་པ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་གཟུགས་ལྟ་བུ་གཅིག་ལ་མིག་གིས་མཐོང་བའི་སྐབས་སུ་ནི་གཟུགས་ཞེས་བྱ། རྣ་བས་ཐོས་པའི་སྐབས་སུ་ནི་སྒྲ་ཞེས་བཏགས། སྣས་སྣོམ་པའི་ཚེ་ན་དྲི་ཞེས་བྱལྕེས་མྱོང་བའི་དུས་སུ་ནི་རོ་ཞེས་བྱ། ལུས་ཀྱིས་ཚོར་བའི་སྐབས་སུ་ནི་རེག་བྱ་ཞེས་བཏགས་སོ།། རིགས་ཀྱི་བུ་ལམ་ཡང་དེ་དང་འདྲ་སྟེ་གཅིག་སྟེ། གཉིས་སུ་མེད་མོད་ཀྱི་སེམས་ཅན་དག་གདུལ་བའི་ཕྱིར། རྣམ་པ་སྣ་ཚོགས་སུ་ཕྱེ་ཞིང་བསྟན་ཏོ།། རིགས་ཀྱི་བུ་དོན་དེ་ལྟ་བས་ན་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཀྱང་འཕགས་པའི་ལམ་གྱི་བདེན་པ་ཞེས་བྱའོ། ། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཕགས་པའི་བདེན་པ་བཞི་རིམ་གྱིས་བསྟན་ཏོ།། དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་ཚད་མེད་པ་སྙེད་འཁོར་བ་ལས་གྲོལ་བར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་སྔོན་དུས་གཅིག་ན་ཀླུང་གངྒཱའི་འགྲམ་ཤི་ཤུ་ཞེས་བགྱི་བའི་ཚལ་ན་བཞུགས་ཏེ། དེའི་ཚེ་དེ་བཞིན་གཤེགས་པས་ཤིང་གི་འདབ་མ་གཅིག་ཕྱུག་གིས་བླངས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། ད་ལྟར་ངའི་ལག་ན་ཡོད་པའི་འདབ་མ་མང་ངམ། ས་ལ་བརྟེན་ཏེ་རྩི་ཤིང་ལ་སོགས་པ་སྐྱེས་པ་ཐམས་ཅད་ཀྱི་ལོ་མ་མང་ཞེས་བཀའ་སྩལ་ནས། དགེ་སློང་རྣམས་ཀྱིས་གསོལ་བ་ས་ལ་བརྟེན་ཏེ་སྐྱེས་པའི་རྩི་ཤིང་གི་ལོ་མ་ནི་རབ་ཏུ་མང་སྟེ་དཔག་ཏུ་མ་མཆིས་སོ། ། དེ་བཞིན་གཤེགས་པའི་ཕྱག་ན་བསྣམས་པའི་ལོ་མ་ནི་ཤིན་ཏུའང་ཉུང་སྟེ་སྨོས་སུ་མི་འཚལ་ཏོ། ། བཀའ་སྩལ་པ། དགེ་སློང་དག་ངས་རྟོགས་པའི་ཆོས་ཐམས་ཅད་ནི་ས་ཆེན་པོ་ལ་བརྟེན་ཏེ་སྐྱེས་པའི་རྩི་ཤིང་ལ་སོགས་པའི་ལོ་མ་དང་འདྲའོ།། སེམས་ཅན་རྣམས་ལ་བསྟན་པ་ནི་ལག་ན་ཁྱེར་བའི་ལོ་མ་དང་འདྲ་ཞེས་གསུངས་ན། བཅོམ་ལྡན་འདས་དེའི་ཚེ་དེ་སྐད་ཅེས་གསུངས་པ་དེ་དེ་བཞིན་གཤེགས་པས་ཆོས་ཚད་མེད་པ་ཐུགས་སུ་ཆུད་པ། གལ་ཏེ་བདེན་པ་བཞིའི་ནང་དུ་གཏོགས་ན་ནི། དེ་བཞིན་གཤེགས་པས་སྔར་གསུངས་ཀྱང་ལགས། གལ་ཏེ་མ་གཏོགས་ན་ནི་བདེན་པ་ལྔ་མཆིས་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་བཀའ་སྩལ་པ། ལེགས་སོ་ལེགས་སོ།། རིགས་ཀྱི་བུ་ཁྱོད་ཀྱིས་དེ་སྐད་ཅེས་ཞུས་པ་ནི། སེམས་ཅན་ཚད་མེད་པ་ལ་ཕན་པ་དང་བདེ་བས་དོན་གྱི་ཕྱིར་ཞུས་པ་ལེགས་སོ།། རིགས་ཀྱི་བུ་འདི་སྒྱུ་ཆོས་སེམས་ཅ་འཕགས་པའི་བདེན་པ་བཞིའི་ནང་དུ་གཏོགས་སོ། ། འོད་སྲུངས་ཀྱིས་ཡང་གསོལ་པ། དེ་ལྟར་ཆོས་ཐམས་ཅད་འཕགས་པའི་བདེན་པ་བཞིའི་ནང་དུ་གཏོགས་ན། ཅི་སླད་དུ་དེ་བཞིན་གཤེགས་པས་སྨོས་པ་ཙམ་སྟེ་རྒྱས་པར་མ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེར་གཏོགས་པ་ནི་ཡིན་མོད་ཀྱི་བསྟན་ཅིང་བཤད་པ་ཞེས་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འཕགས་པའི་བདེན་པ་རྟོགས་པ་ལ་ཤེས་རབ་རྣམ་པ་གཉིས་ཏེ། འཟིང་དང་། རབ་བོ།། འབྲིང་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཤེས་རབ་བོ།། རབ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡེ་ཤེས་སོ།། རིགས་ཀྱི་བུ་ཕུང་པོ་རྣམས་སྡུག་བསྔལ་བར་རྟོགས་པ་ནི་ཤེས་རབ་འབྲིང་ཞེས་བྱའོ། ། ཕུང་པོ་རྣམས་ལ་མཚན་ཉིད་གྲངས་མེད་པར་ཕྱེ་སྟེ། ཐམས་ཅད་སྡུག་བསྔལ་བར་ཤེས་པ། ཉན་ཐོས་དང་སངས་རྒྱས་རྣམས་ཀྱིས་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་ནི་ཡེ་ཤེས་རབ་ཅེས་བྱའོ། ། རིགས་ཀྱི་བུ་དོན་འདི་དག་ནི་མདོ་སྡེ་དག་ལས་ཀྱང་ངས་མ་གསུངས་སོ།། རིགས་ཀྱི་བུ་འཇུག་པ་ཤེས་པ་ནི་སྒོ་ཞེས་བྱ། སྡུག་བསྔལ་ཞེས་ཀྱང་བྱ་སྟེ། དེ་ནི་ཤེས་རབ་འབྲིང་ཞེས་བྱའོ།། མཚན་ཉིད་རྣམ་པ་སྣ་ཚོགས་སུ་ཕྱེ་སྟེ། ཐམས་ཅད་སྡུག་བསྔལ་བ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་ནི་ཡེ་ཤེས་རབ་ཅེས་བྱའོ།། དོན་འདི་དག་ཀྱང་མདོ་སྡེ་དེ་དག་ལས་ངས་མ་གསུངས་སོ།། རིགས་ཀྱི་བུ་གང་ཁམས་ཤེས་པ་ནི་ཡན་ལག་ཅེས་བྱ། མཚན་ཉིད་ཅེས་ཀྱང་བྱ། སྡུག་བསྔལ་བ་ཞེས་ཀྱང་བྱ་སྟེ། དེ་ནི་ཤེས་རབ་འབྲིང་ཞེས་བྱའོ།། ཁམས་རྣམས་ལ་མཚན་ཉིད་མེད་པར་ཕྱེ་སྟེ། ཐམས་ཅད་སྡུག་བསྔལ་བ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་ནི་ཡེ་ཤེས་རབ་ཅེས་བྱའོ། ། རིགས་ཀྱི་བུ་དོན་འདི་དག་ཀྱང་མདོ་སྡེ་དེ་དག་ལས་ངས་མ་གསུངས་སོ།། རིགས་ཀྱི་བུ་གཟུགས་འཇིག་པའི་མཚན་ཉིད་དུ་ཤེས་པ་ནི་ཤེས་རབ་འབྲིང་ཞེས་བྱའོ། ། གཟུགས་ལ་མཚན་ཉིད་རྣམ་པ་སྣ་ཚོགས་སུ་ཕྱེ་སྟེ། ཐམས་ཅད་སྡུག་བསྔལ་བ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་ནི་ཡེ་ཤེས་རབ་ཅེས་བྱ་སྟེ། དོན་འདིའང་མདོ་སྡེ་དེ་དག་ལས་ངས་མ་གསུངས་སོ།། རིགས་ཀྱི་བུ་ཚོར་བ་ལ་ཚོར་བའི་མཚན་ཉིད་དུ་ཤེས་པ་ནི་ཤེས་རབ་འཐིང་ཞེས་བྱའོ། ། ཚོར་བ་ལ་མཚན་ཉིད་རྣམ་པ་སྣ་ཚོགས་སུ་ཕྱེ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་ནི་ཡེ་ཤེས་རབ་ཅེས་བྱ་སྟེ། རིགས་ཀྱི་བུ་དོན་འདིའང་མདོ་སྡེ་དེ་དག་ལས་ངས་མ་གསུངས་སོ།། རིགས་ཀྱི་བུ་འདུ་ཤེས་ལ་ལེན་པའི་མཚན་ཉིད་དུ་ཤེས་པ་ནི་ཤེས་རབ་འབྲིང་ཞེས་བྱའོ། ། འདུ་ཤེས་ལ་ལེན་པའི་མཚན་ཉིད་རྣམ་པ་སྣ་ཚོགས་སུ་ཕྱེ་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པའི་སྤྱོད་ཡུལ་མ་ཡིན་ན་ཡེ་ཤེས་རབ་ཅེས་བྱ་སྟེ། དོན། འདིའང་མདོ་སྡེ་དེ་དག་ལས་ཀྱང་ངས་མ་གསུངས་སོ།། རིགས་ཀྱི་བུ་འདུ་བྱེད་ལ་འབྱེད་པའི་མཚན་ཉིད་དུ་འདུ་ཤེས་པ་ནི་ཤེས་རབ་འབྲིང་ཞེས་བྱའོ།། འདུ་བྱེད་ལ་འབྱེད་པའི་མཚན་ཉིད་རྣམ་པ་སྣ་ཚོགས་སུ་ཕྱེ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པར་འགྱུར་བའི་མཚན་ཉིད་མ་ཡིན་པ་ནི་ཡེ་ཤེས་རབ་ཅེས་བྱའོ།། རིགས་ཀྱི་བུ་དོན་འདིའང་མདོ་སྡེ་དེ་དག་ལས་ཀྱང་ངས་མ་གསུངས་སོ། ། རིགས་ཀྱི་བུ་རྣམ་པར་ཤེས་པ་ལ་བྱེ་བྲག་འབྱེད་པའི་མཚན་ཉིད་དུ་ཤེས་པ་ནི་ཤེས་རབ་འབྲིང་ཞེས་བྱའོ།། རྣམ་པར་ཤེས་པ་ལ་ཤེས་པའི་མཚན་ཉིད་རྣམ་པ་སྣ་ཚོགས་སུ་ཕྱེ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པའི་མཚན་ཉིད་མ་ཡིན་པ་ནི་ཡེ་ཤེས་རབ་ཅེས་བྱའོ།། རིགས་ཀྱི་བུ་དོན་འདི་ནི་མདོ་སྡེ་དེ་དག་ལས་ཀྱང་ངས་མ་གསུངས་སོ། ། རིགས་ཀྱི་བུ་འདོད་པའི་རྐྱེན་གྱིས་ཕུང་པོ་ལྔ་སྐྱེས་པར་ཤེས་པ་ནི་ཤེས་རབ་འབྲིང་ཞེས་བྱའོ།། གང་ཟག་གཅིག་གིས་འདོད་པ་སྐྱེས་པའང་ཉན་ཐོས་དང་། རང་སངས་རྒྱས་ཚད་མེད་མཐའ་ཡས་པ་རྣམས་ཀྱིས་མི་ཤེས་པ། སེམས་ཅན་ཐམ་ཅད་ཀྱི་འདོད་པ་གང་དང་གང་སྐྱེས་པ་དེ་དང་དེ་དག་ཐམས་ཅད་ཡེ་ཤེས་རབ་ཅེས་བྱ་སྟེ། དོན་འདིའང་མདོ་སྡེ་དེ་དག་ལས་ངས་མ་གསུངས་སོ།། རིགས་ཀྱི་བུ་ཉོན་མོངས་པ་འགོག་པར་ཤེས་པ་ནི་ཤེས་རབ་འཟིང་ཞེས་བྱའོ།། ཉོན་མོངས་པའང་དཔག་ཏུ་མེད་པ་ལ་འགོག་པའང་དེ་བཞིན་དུ་དཔག་ཏུ་མེད་པར་རྣམ་པར་ཕྱེ་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་ནི་ཡེ་ཤེས་རབ་ཅེས་བྱ་སྟེ། དོན་འདི་ཡང་མདོ་སྡེ་དེ་དག་ལས་ངས་མ་གསུངས་སོ།། རིགས་ཀྱི་བུ་ལམ་གྱི་མཚན་ཉིད་ཀྱིས་ཉོན་མོངས་པ་སྤོང་བར་ཤེས་པ་ནི་ཤེས་རབ་འབྲིང་ཞེས་བྱའོ།། རིགས་ཀྱི་བུ་ལམ་གྱི་མཚན་ཉིད་ཀྱང་ཚད་མེད་མཐའ་ཡས་ལ་སྤོང་བར་འགྱུར་བའི་ཉོན་མོངས་པའང་ཚད་མེད་མཐའ་ཡས་པར་སླ་བར་ཕྱེ་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་ནི་ཡེ་ཤེས་རབ་ཅེས་བྱ་སྟེ། དོན་འདིའང་མདོ་སྡེ་དེ་དག་ལས་ངས་མ་གསུངས་སོ།། རིགས་ཀྱི་བུ་ཀུན་རྫོབ་ཀྱི་བདེན་པ་ནི་ཤེས་པ་ནི་ཤེས་རབ་འབྲིང་ཞེས་བྱའོ།། ཀུན་རྫོབ་ཀྱི་བདེན་པ་ཚད་མེད་མཐའ་ཡས་དཔག་ཏུ་མེད་པར་རྣམ་པར་ཕྱེ་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་ནི་ཡེ་ཤེས་རབ་ཅེས་བྱ་སྟེ། དོན་འདིའང་མདོ་སྡེ་དེ་དག་ལས་ངས་མ་གསུངས་སོ། ། རིགས་ཀྱི་བུ་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདའ་བ་ཞི་བ་དོན་དམ་པར་ཤེས་པ་ནི་ཤེས་རབ་འབྲིང་ཞེས་བྱའོ། ། དོན་དམ་པ་ཚད་མེད་མཐའ་ཡས་དཔག་ཏུ་མེད་པར་ཤེས་ཤིང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་ནི་ཡེ་ཤེས་རབ་ཅེས་བྱ་སྟེ། དོན་འདིའང་མདོ་སྡེ་དེ་དག་ལས་ངས་མ་གསུངས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་དོན་དམ་པའི་བདེན་པ་ལ་ཀུན་རྫོབ་ཀྱི་བདེན་པ་མཆིས་སམ། ཀུན་རྫོབ་ཀྱི་བདེན་པ་ལ་དོན་དམ་པའི་བདེན་པ་མཆིས་སམ། ཅི་སྟེ་མཆིས་ན་བདེན་པ་གཅིག་ཏུ་བབས་སོ།། ཅི་སྟེ་མ་མཆིས་ན་དེ་བཞིན་གཤེགས་པས་གསུང་པ་བརྫུན་དུ་མི་འགྱུར་རམ། བཀའ་སྩལ་པ། རིགས་ཀྱི་བུ་ཀུན་རྫོབ་ཀྱི་བདེན་པ་ཉིད་དོན་དམ་པའི་བདེན་པའོ།། གསོལ་པ། བཅོམ་ལྡན་འདས་དེ་ལྟ་ནི་བདེན་པ་གཉིས་སུ་མ་མཆིས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཤིན་ཏུ་ཐབས་མཁས་པས་སེམས་ཅན་གྱི་རྗེས་སུ་བདེན་པ་གཉིས་སུ་གསུངས་སོ།། རིགས་ཀྱི་བུ་ཚིག་ཏུ་སྨྲ་བ་ལྟར་ན་རྣམ་པ་གཉིས་ཏེ། འཇིག་རྟེན་གྱི་ཆོས་དང་། འཇིག་རྟེན་ལས་འདས་པའི་ཆོས་སོ།། རིགས་ཀྱི་བུ་འཇིག་རྟེན་ལས་འདས་པའི་གང་ཟག་གིས་ཤེས་པ་དེ་ནི་དོན་དམ་པའི་བདེན་པ་ཞེས་བྱའོ། ། གང་ཟག་གིས་ཤེས་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ།། རིགས་ཀྱི་བུ་ཕུང་པོ་ལྔ་འདུས་པ་ལས་བདག་ཅེས་བཏགས་ཏེ། སེམས་ཅན་མ་རབས་ནི་བཏགས་པའི་རྗེས་སུ་འཇུག་པས་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། ། ཕུང་པོ་ལའང་བདག་ཅེས་བྱ་བ་མེད་པར་ཤེས་ལ། ཕུང་པོའི་ཕ་རོལ་ནའང་བདག་ཅེས་བྱ་བ་མེད་པར་ཤེས་པ་ནི་འཇིག་རྟེན་ལས་འདས་པ་ཞེས་བྱ་སྟེ། མཚན་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་དོན་དམ་པའི་བདེན་པ་ཞེས་བྱའོ།། གཞན་ཡང་རིགས་ཀྱི་བུ་ཆོས་ལ་ལ་ནི་མིང་ཡང་ཡོད་ལ། འབྲས་བུའང་ཡོད་དོ།། ཆོས་ལ་ལ་ནི་མིང་ཡོད་ལ་འབྲས་བུ་མེད་དོ། ། རིགས་ཀྱི་བུ་མིང་ཡོད་ལ། འབྲས་བུ་མེད་པ་ནི་ཀུན་རྫོབ་ཀྱི་བདེན་པའོ།། མིང་ཡོད་ལ་འབྲས་བུའང་ཡོད་པ་ནི་དོན་དམ་པའི་བདེན་པའོ།། རིགས་ཀྱི་བུ་བདག་ཇི་ལྟ་བ་བཞིན་དུ་སེམས་ཅན་དང་། སྲོག་དང་། ཤེས་པ་དང་། མཐོང་བ་དང་། འཚོ་བ་དང་། ཤེད་ཅན་དང་། ཤེད་བདག་དང་། ཚོར་བ་དང་། བྱས་པ་དང་། ཚ་བའི་དུས་ཀྱི་སྨོ། རྒྱུ་དང་། དྲི་ཟའི་ཟོང་ཁྱེར་དང་། རུས་སྦལ་གྱི་སྤུ་དང་། རི་བོང་གི་རཱ་དང་། མེ་མགལ་བསྐོར་བའི་འཁོར་ལོ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། ། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་ནི་དོན་དམ་པའི་བདེན་པ་ཞེས་བྱའོ།། རིགས་ཀྱི་བུ་འཇིག་རྟེན་པའི་ཆོས་ལའང་རྣམ་པ་ལྔ་སྟེ། མིང་གི་འཇིག་རྟེན་དང་། ཚིག་གི་འཇིག་རྟེན་དང་། འཆིང་བའི་འཇིག་རྟེན་དང་། ཆོས་ཀྱི་འཇིག་རྟེན་དང་། ཆག་པའི་འཇིག་རྟེན་དང་ལྔའོ།། རིགས་ཀྱི་བུ་མིང་གི་འཇིག་རྟེན་གང་ཞེ་ན། སྐྱེས་པ་དང་། བུད་མེད་དང་། བུམ་པ་དང་། གོས་དང་ཤིང་རྟ་དང་། ཁང་ཁྱིམ་ལ་སོགས་པའི་དངོས་པོ་ནི་མིང་གི་འཇིག་རྟེན་ཞེས་བྱའོ། ། ཚིག་གི་འཇིག་རྟེན་གང་ཞེ་ན། རྩ་བ་བཞི་པའི་ཚིགས་སུ་བཅད་པ་གཅིག་སྟེ། ཚིགས་སུ་བཅད་པ་དེ་དག་ནི་ཚིག་གི་འཇིག་རྟེན་ཞེས་བྱའོ།། འཆིང་བའི་འཇིག་རྟེན་གང་ཞེ་ན། དྲིལ་བ་དང་། སྦྱར་བ་དང་། མདུད་པ་བོར་བ་དང་། སྡམས་པ་དང་། བཅིངས་པ་དང་། ཐལ་མོ་སྦྱར་བ་ནི་འཆིང་བའི་འཇིག་རྟེན་ཞེས་བྱའོ།། ཆོས་ཀྱི་འཇིག་རྟེན་གང་ཞེ་ན། གཎྜཱི་བརྡུངས་ན་དགེ་འདུན་འདུ་བ་དང་། རྔ་བརྡུངས་ན་དམག་འཆའ་བ་དང་། དུང་བུས་མདུས་ཤེས་པ་སྟེ། དེ་ནི་ཆོས་ཀྱི་འཇིག་རྟེན་ཞེས་བྱའོ།། ཆགས་པའི་འཇིག་རྟེན་གང་ཞེ་ན། དཔེར་རྒྱང་རིང་པོ་ནས་ཁ་དོག་བསྒྱུར་བའི་གོས་གྱོན་པའི་མི་མཐོང་བ་ནི། དེ་ནི་དགེ་སྦྱོང་ཡིན་གྱི། བྲམ་ཟེ་མ་ཡིན་ནོ་ཞེས་ཆགས་པ་དང་ཐག་པ་མདུད་པ་བོར་བ་སེ་རལ་ཁ་རུ་ཐོགས་པ་མཐོང་ན། དེ་འདི་སྙམ་དུ་དེ་ནི་བྲམ་ཟེ་ཡིན་གྱི། དགེ་སློང་མ་ཡིན་ནོ་སྙམ་བསམས་པ་དེ་ནི་ཆགས་པའི་འཇིག་རྟེན་ཞེས་བྱའོ།། རིགས་ཀྱི་བུ་དེ་དག་ནི་འཇིག་རྟེན་གྱི་ཆོས་རྣམ་པ་ལྔ་ཞེས་བྱའོ།། རིགས་ཀྱི་བུ་སོ་སོའི་སྐྱེ་བོ་གང་ཞིག་དེ་ལྟར་འཇིག་རྟེན་གྱི་ཆོས་རྣམ་པ་ལྔ་པོ་ལ་སེམས་ཕྱིན་ཅི་མ་ལོག་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ན་དོན་དམ་པའི་བདེན་པ་ཞེས་བྱའོ། ། གཞན་ཡང་རིགས་ཀྱི་བུ་ཚིག་པ་དང་། ཆོད་པ་དང་། ཤི་བ་དང་། འཇིག་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ།། མི་ཚིག་མི་ཆོད། མི་ཤི། མི་འཇིག་པ་ནི་དོན་དམ་པའི་བདེན་པ་ཞེས་བྱའོ།། གཞན་ཡང་རིགས་ཀྱི་བུ་སྡུག་བསྔལ་གྱི་མཚན་ཉིད་བརྒྱད་དང་བཅས་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ།། སྐྱེ་བ་མེ་རྒ་བ་མེད། ན་བ་མེད། འཆི་བ་མེད། འདོད་པ་དང་བྱེ་བྲལ་བ་མེད། དགྲ་སྡང་བ་དང་ཕྲད་པ་མེད། འདོད་པ་མི་རྙེད་པ་མེད། ཕུང་པོ་ལྔ་མེད་པ་ནི་དོན་དམ་པའི་བདེན་པ་ཞེས་བྱའོ།། ། གཞན་ཡང་རིགས་ཀྱི་བུ་དཔེར་ན་ཤེས་པའི་རྩལ་མང་པོ་དང་ལྡན་པའི་མི་ཞིག་རྒྱུག་པའི་ཚེ་རྒྱུག་པ་ཞེས་བྱ། ཞིང་རྔ་བའི་ཚེ་ནི་ཞིང་རྔ་བ་ཞེས་བྱ། ཟས་ཀྱི་གཡོས་བྱེད་པ་ན་གཡོས་མཁན་ཞེས་བྱ།། ཤིང་འཇིག་པའི་ཚེ་ནི་ཤིང་མཁན་ཞེས་བྱ། གསེར་གྱི་རྡུངས་བྱེད་པའི་ཚེ་ན་གསེར་མགར་ཞེས་བྱ་སྟེ། དེ་ལྟར་ན་མི་གཅིག་ལ་མང་དུ་བཏགས་པ་མང་དུ་ཡོད་དོ།། ཆོས་ཀྱང་དེ་དང་འདྲ་སྟེ། ཡང་དག་པར་གཅིག་མོད་ཀྱི། མིང་དུ་བཏགས་པ་མང་ངོ་།། ཕ་མ་ཕྲད་ཅིང་འདུས་པ་ལས་སྐྱེས་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ།། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་འདུས་པ་ལས་སྐྱེས་པ་ནི་དོན་དམ་པའི་བདེན་པ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུས། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ། བཅོམ་ལྡན་འདས་ཡང་དག་པའི་བདེན་པ་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཡང་དག་པའི་བདེན་པ་ཞེས་བྱ་བ་ནི་ཡང་དག་པའི་ཆོས་སོ། རིགས་ཀྱི་བུ་གང་ཆོས་ཡང་དག་པ་མ་ཡིན་པ་དེ་ནི་ཡང་དག་པའི་བདེན་པ་མ་ཡིན་ནོ།། རིགས་ཀྱི་བུ་ཡང་དག་པའི་བདེན་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་སྟེ། ཕྱིན་ཅི་མ་ལོག་པ་ནི་ཡང་དག་པའི་བདེན་པ་ཞེས་བྱའོ། ། རིགས་ཀྱི་བུ་ཡང་དག་པའི་བདེན་པ་ནི་མི་བདེན་པ་མེད་པ་སྟེ། མི་བདེ་བ་དང་བཅས་པ་ནི་ཡང་དག་པའི་བདེན་པ་ཞེས་མི་བྱའོ།། རིགས་ཀྱི་བུ་ཡང་དག་པའི་བདེན་པ་ནི་ཐེག་པ་ཆེན་པོ་སྟེ། ཐེག་པ་ཆེན་པོ་མ་ཡིན་པ་ནི་ཡང་དག་པའི་བདེན་པ་ཞེས་མི་བྱའོ།། རིགས་ཀྱི་བུ་ཡང་དག་པའི་བདེན་པ་ནི། སངས་རྒྱས་ཀྱིས་གསུངས་པ་སྟེ། བདུད་ཀྱིས་སྨྲས་པ་མ་ཡིན་ནོ།། བདུད་ཀྱིས་སྨྲས་པ་དང་། སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པ་ནི་ཡང་དག་པའི་བདེན་པ་ཞེས་མི་བྱའོ།། རིགས་ཀྱི་བུ་ཡང་དག་པའི་བདེན་པ་ཞེས་བྱ་བ་ནི་རྣམ་པར་དག་པའི་ལམ་གཅིག་སྟེ་གཉིས་སུ་མེད་པའོ། ། རིགས་ཀྱི་བུ་རྟག་པ་དང་བཅས། བདེན་པ་དང་བཅས། བདག་དང་བཅས། ཡོངས་སུ་དག་པ་དང་བཅས་པ་ནི་ཡང་དག་པའི་བདེན་པའི་དོན་ཞེས་བྱའོ། ། འཇམ་དཔལ་གཞོན་ནུས་ཡང་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཡང་དག་པ་དེ་ཡང་དག་པའི་བདེན་པ་ལགས་ན། ཡང་དག་པའི་ཆོས་ནི་དེ་བཞིན་གཤེགས་པའི་སྟོང་པ་ཉིད་དང་། སངས་རྒྱས་ཀྱི་རང་བཞིན་ལགས་ཏེ། ཅི་སྟེ་དེ་ལྟ་བུ་ལགས་ན། དེ་བཞིན་གཤེགས་པ་དང་། ནམ་མཁའ་ཉིད་དང་། སངས་རྒྱས་ཀྱི་རང་བཞིན་བྱེ་བྲག་མ་མཆིས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས། འཇམ་དཔལ་ལ་བཀའ་སྩལ་པ། སྡུག་བསྔལ་ཡོད་ན་བདེན་པ་དང་བཅས། ཡང་དག་པ་དང་བཅས། ཀུན་འབྱུང་ཡོད་ན་བདེན་པ་དང་བཅས། ཡང་དག་པ་དང་བཅས་འགོག་པ་ཡོད་ན་བདེན་པ་དང་བཅས། ཡང་དག་པ་དང་བཅས། ལམ་ཡོད་ན་བདེན་པ་དང་བཅས། ཡང་དག་པ་དང་བཅས་སོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་སྡུག་བསྔལ་མ་ཡིན། བདེན་པ་མ་ཡིན་ཏེ། ཡང་དག་པ་མ་ཡིན་ནོ།། སྟོང་པ་ཉིད་ཀྱང་སྡུག་བསྔལ་བ་མ་ཡིན། བདེན་པ་མ་ཡིན་ཏེ། ཡང་དག་པ་ཡིན་ནོ།། སངས་རྒྱས་ཀྱི་རང་བཞིན་ཡང་སྡུག་བསྔལ་མ་ཡིན་བདེན་པ་མ་ཡིན་ཏེ། ཡང་དག་པ་ཡིན་ནོ།། འཇམ་དཔལ་སྡུག་བསྔལ་ཞེས་བྱ་བ་མི་རྟག་པའི་མཚན་ཉིད། གཅད་དུ་རུང་བའི་མཚན་ཉིད་དེ། དེ་བས་ན་ཡང་དག་པའི་བདེན་པ་ཞེས་མི་བྱའོ།། དེ་བཞིན་གཤེགས་པ་ཉིད་ནི་སྡུག་བསྔལ་མ་ཡིན། མི་རྟག་པ་མ་ཡིན། གཅད་དུ་རུང་བ་མ་ཡིན་ཏེ། དེ་བས་ན་ཡང་དག་པ་ཞེས་བྱ་སྟེ། ནམ་མཁའ་དང་སངས་རྒྱས་ཀྱི་རང་བཞིན་ཡང་དེ་བཞིན་དུ་རིག་པར་བྱའོ། ། རིགས་ཀྱི་བུ་གཞན་ཡང་ཀུན་འབྱུང་ཞེས་བྱ་བ་ནི། ཕུང་པོ་ལྔ་འདུས་ཤིང་སྐྱེ་བར་བྱེད་པས་སྡུག་བསྔལ་ཞེས་ཀྱང་བྱ། མི་རྟག་པ་ཞེས་ཀྱང་བྱ། བཅད་དུ་རུང་བ་སྟེ། ཡང་དག་པར་བདེན་པ་ཞེས་མི་བྱའོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་ཀུན་འབྱུང་གི་མཚན་ཉིད་མ་ཡིན། ཕུང་པོའི་རྒྱུ་མ་ཡིན། གཅད་དུ་རུང་བའི་མཚན་ཉིད་མ་ཡིན་ཏེ། ། དེ་བས་ན་ཡང་དག་པ་ཞེས་བྱ་སྟེ། ནམ་མཁའ་དང་སངས་རྒྱས་ཀྱི་རང་བཞིན་དུ་རིག་པར་བྱའོ།། རིགས་ཀྱི་བུ་འགོག་པ་ཞེས་བྱ་བ་ནི་ཉོན་མོངས་པ་འགོག་པ་སྟེ། རྟག་བའང་ཡིན། མི་རྟག་པའང་ཡིན་ནོ།། ཐེག་པ་གཉིས་ཀྱིས་འཐོབ་པ་ནི་མི་རྟག་པ་ཞེས་བྱའོ།། སངས་རྒྱས་རྣམས་ཀྱིས་འཐོབ་པ་ནི་རྟག་པ་ཞེས་བྱ།། རང་གིས་རིག་པའི་ཆོས་ཀྱང་ཞེས་བྱ་སྟེ། ཡང་དག་པའི་བདེན་པ་ཞེས་བྱའོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཉིད་ནི་འགོག་པ་ཞེས་སམ། ཉོན་མོངས་པ་འགོག་པ་ཞེས་ཀྱང་མི་བྱ། རྟག་པ་དང་མི་རྟག་པའང་མ་ཡིན། རང་གི་རིག་པའང་མ་ཡིན། རྟག་པ་གནས་པ་མི་འགྱུར་བ་སྟེ། དེ་བས་ན་ཡང་དག་པ་ཞེས་བྱའོ།། ནམ་མཁའ་དང་སངས་རྒྱས་ཀྱི་རང་བཞིན་ཡང་དེ་བཞིན་དུ་རིག་པར་བྱའོ། ། རིགས་ཀྱི་བུ་ལམ་ཞེས་བྱ་བ་ནི། ཉོན་མོངས་པ་གཅོད་པ་སྟེ། རྟག་པའང་མ་ཡིན་ལ། མི་རྟག་པའང་མ་ཡིན་ཏེ། བསྒོམ་པའི་ཆོས་ཡིན་པས་ན་ཡང་དག་པའི་བདེན་པ་ཞེས་བྱའོ། ། དེ་བཞིན་གཤེགས་པ་ནི་ལམ་གྱི་ཉོན་མོངས་པ་གཅོད་པའང་མ་ཡིན། རྟག་པ་དང་མི་རྟག་པའང་མ་ཡིན། བསྒོམ་པའི་ཆོས་ཀྱང་མ་ཡིན་ཏེ། རྟག་པ། གནས་པ། མི་འགྱུར། མི་འཕོ་བ། དེའི་ཕྱིར་བདེན་པ་ཞེས་བྱ་སྟེ། ནམ་མཁའ་དང་སངས་རྒྱས་ཀྱི་རང་བཞིན་ཡང་དེ་བཞིན་དུ་རིག་པར་བྱའོ།། རིགས་ཀྱི་བུ་གཞན་ཡང་ཡང་དག་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པའང་ཡང་དག་པའོ།། ཡང་དག་པ་ནི་ནམ་མཁའ་སྟེ། ནམ་མཁའ་ཡང་ཡང་དག་པའོ།། ཡང་དག་པ་ནི་སངས་རྒྱས་ཀྱི་རང་བཞིན་ཏེ། སངས་རྒྱས་ཀྱི་རང་བཞིན་ཡང་ཡང་དག་པའོ།། འཇམ་དཔལ་སྡུག་བསྔལ་ཡོད་ན་སྡུག་བསྔལ་གྱི་རྒྱུ་དང་བཅས། སྡུག་བསྔལ་ཟད་པ་དང་བཅས། སྡུག་བསྔལ་གྱི་གཉེན་པོ་དང་བཅས་ཏེ། དེ་བཞིན་གཤེགས་པ་ནི་སྡུག་བསྔལ་མ་ཡིན་པ་ནས། གཉེན་པོའི་བར་དུ་མ་ཡིན་པས། ངོ་བས་ན་ཡང་དག་པ་ཞེས་བྱ་སྟེ། བདེན་པ་མ་ཡིན་ནོ།། ནམ་མཁའ་དང་སངས་རྒྱས་ཀྱི་རང་བཞིན་ཡང་རིག་པར་བྱའོ། ། སྡུག་བསྔལ་ནི་འདུས་བྱས་དང་བཅས།། ཟག་པ་དང་བཅས། མི་བདེན་པ་དང་བཅས་སོ།། དེ་བཞིན་གཤེགས་པ་ནི་འདུས་བྱས་དང་བཅས་པ་མ་ཡིན། ཟག་པ་དང་བཅས་པ་མ་ཡིན་ཏེ། རབ་ཏུ་དེ་བས་ན་ཡང་དག་པ་ཡིན་གྱི། བདེན་པ་མ་ཡིན་ནོ།། འཇམ་དཔལ་གཞོན་ནུས་ཡང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ཕྱིན་ཅི་མ་ལོག་པ་ནི་ཡང་དག་པའི་བདེན་པ་ཞེས་གསུངས་ཏེ། གལ་ཏེ་དེ་ལྟ་བུ་ལགས་ན། བདེན་པ་བཞི་ལ་ཕྱིན་ཅི་ལོག་བཞི་མཆིས་སམ། གལ་ཏེ་མཆིས་ན་ཅིའི་སླད་དུ་ཕྱིན་ཅི་མ་ལོག་པ་ནི་ཡང་དག་པའི་བདེན་པ་ཞེས་གསུངས། ཕྱིན་ཅི་ལོག་ཐམས་ཅད་ནི་ཡང་དག་པ་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས། འཇམ་དཔལ་ལ་བཀའ་སྩལ་པ། ཕྱིན་ཅི་ལོག་ཐམས་ཅད་ནི་སྡུག་བསྔལ་གྱི་བདེན་པའི་ནང་དུ་གཏོགས་ཏེ། དཔེར་ན་སེམས་ཅན་ལྟ་བུ་ཕྱིན་ཅི་ལོག་གི་སེམས་དང་བཅས་པས་ཕྱིན་ཅིག་ལོག་ཅེས་བྱའོ།། རིགས་ཀྱི་བུ་དཔེར་ན་མི་ཞིག་ཕ་མ་དང་། སློབ་དཔོན་དང་། བླ་མའི་ངག་མི་ཉན་ལ། བསྟན་པ་བཞིན་དུ་མི་བྱེད་པ་དེ་ནི་ཕྱིན་ཅི་ལོག་པ་ཞེས་བྱ་སྟེ། ཕྱིན་ཅི་ལོག་དེའང་སྡུག་བསྔལ་མ་ཡིན་པ་མ་ཡིན་གྱི། སྡུག་བསྔལ་ཡིན་ནོ།། འཇམ་དཔའ་གྱིས་ཡང་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་མི་བདེན་པ་མ་ལགས་པ་དེ་ཡང་དག་པའི་བདེན་པ་ལགས་ན། མི་བདེན་པ་དེ་ནི་ཡང་དག་པའི་བདེན་པ་མ་ལགས་པར་འཚལ་ཏོ།། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། རིགས་ཀྱི་བུ་མི་བདེན་པའི་བརྫུན་ཐམས་ཅད་ནི་སྡུག་བསྔལ་གྱི་ནང་དུ་གཏོགས་ཏེ། དཔེར་ན་སེམས་ཅན་ཞིག་ཕ་རོལ་པོ་གཞན་ལ་དབང་བཟས་ཏེ་གཡོ་སྒྱུ་ཞིག་བྱས་ནས། དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། ཡི་དགས་ཀྱི་ཁམས་སུ་ལྟུང་སྟེ། དེ་དག་ནི་མི་བདེན་པ་ཞེས་བྱའོ།། མི་བདེན་པ་དེ་ནི་སྡུག་མི་བསྔལ་བ་མ་ཡིན་གྱི། སྡུག་བསྔལ་བ་ཡིན་ནོ།། ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་སྤངས་ཏེ་མི་སྤྱོད་པས་ན་མི་བདེན་པ་ཞེས་བྱའོ། ། མི་བདེན་པ་དེ་ནི་སངས་རྒྱས་རྣམས་དང་། ཐེག་པ་གཉིས་ཀྱིས་ཡོངས་སུ་བསལ་བའི་ཕྱིར་ཡང་དག་པའི་བདེན་པ་ཞེས་བྱའོ།། འཇམ་དཔལ་གྱིས་ཡང་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ཐེག་པ་ཆེན་པོ་ལ་ཡང་དག་པའི་བདེན་པ་ཞེས་བགྱི་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ནི་ཡང་དག་པ་མ་ལགས་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས། འཇམ་དཔལ་ལ་བཀའ་སྩལ་པ། ཐེག་པ་གཉིས་པོ་ནི་ཡང་དག་པའང་ཡིན་ལ། ཡང་དག་པའང་མ་ཡིན་ནོ།། ཉན་ཐོས་དང་སངས་རྒྱས་ཀྱིས་ཉོན་མོངས་པ་རྣམས་བཅད་པས་ན་ཡང་དག་པ་ཞེས་བྱའོ། ། མི་རྟག་ཅིང་མི་གནས་ལ་འགྱུར་ཞིང་འཕོ་བའི་ཆོས་ཅན་ཡིན་པས་ན་ཡང་དག་པ་མ་ཡིན་ནོ།། འཇམ་དཔལ་གྱིས་ཡང་གསོལ་བ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ཡང་དག་པ་ཞེས་བགྱི་ན། གང་བདུད་ཀྱིས་སྨྲས་པ་ཡང་དག་པ་མ་ལགས་པར་འཚལ་ཏེ། བཅོམ་ལྡན་འདས་ཀྱིས་སྨྲས་པ་དེ་འཕགས་པའི་བདེན་པར་རྟོགས་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས། འཇམ་དཔལ་ལ་བཀའ་སྩལ་པ། བདུད་ཀྱིས་སྨྲས་པ་ནི་སྡུག་བསྔལ་དང་ཀུན་འབྱུང་ཞེས་བྱ་བའི་བདེན་པ་གཉིས་ཀྱི་ནང་དུ་གཏོགས་སོ། ། ཇི་ཙམ་དུ་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པ་དང་། ཕ་རོལ་ལ་ཕན་པ་དང་བདེ་བའི་དོན་དུ་མི་འགྱུར་བ་ཐམས་ཅད་ནི། དུས་ཐམས་ཅད་དུ་མི་དལ་བར་སྨྲས་ཀྱང་ཕ་རོལ་པོས་སྡུག་བསྔལ་མཐོང་བར་རམ། ཀུན་འབྱུང་ཆོད་པར་རམ། འགོག་པར་རིག་པར་རམ། ལམ་བསྒོམ་པར་འགྱུར་བ་མེད་དེ། དེ་བས་ནི་མི་བདེན་པ་ཡིན་ཏེ། མི་བདེན་པ་དེ་ནི་བདུད་ཀྱིས་སྨྲས་པ་ཞེས་བྱའོ།། འཇམ་དཔལ་གྱིས་ཡང་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་རྣམ་པར་དག་པའི་ལམ་གཅིག་སྟེ། གཉིས་སུ་མ་མཆིས་སོ་ཞེས་བགྱི་བ་མུ་སྟེགས་ཅན་རྣམས་ཀྱང་འདི་སྐད་དུ་རྣམ་པར་དག་པའི་ལམ་གཅིག་སྟེ། གཉིས་སུ་མ་མཆིས་སོ་ཞེས་མཆི་ན། ཅི་སྟེ་ལམ་གཅིག་པུ་དེ་ཡང་དག་པའི་བདེན་པ་ལགས་ན། མུ་སྟེགས་ཅན་དང་ཁྱད་པར་ཅི་མཆིས། ཅི་སྟེ་ཁྱད་པར་མ་མཆིས་ན་རྣམ་པར་དག་པའི་ལམ་གཅིག་གོ་ཞེས་གསུངས་པའང་མི་རིགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་མུ་སྟེགས་ཅན་རྣམས་ལ་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་ནི་ཡོད་ཀྱི། འགོག་པ་དང་ལམ་གྱི་བདེན་པ་ནི་མེད་པས་འགོག་པ་མ་ཡིན་པ་ལ་འགོག་པར་འདུ་ཤེས། ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས། འབྲས་བུ་མ་ཡིན་པ་ལ་འབྲས་བུར་འདུ་ཤེས། རྒྱུ་མ་ཡིན་པ་ལ་རྒྱུར་འདུ་ཤེས། དེ་བས་ན་དེ་ལ་ནི་རྣམ་པར་དག་པའི་ལམ་གཅིག་སྟེ། གཉིས་སུ་མེད་དོ་ཞེས་བྱ་བ་མེད་དོ།། འཇམ་དཔལ་གྱིས་ཡང་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་རྡེག་པ་དང་བཅས། བདག་དང་བཅས། བདེ་བ་དང་བཅས། དག་པ་དང་བཅས་པ་ལ་ཡང་དག་པའི་དོན་ཅེས་བགྱི་ན་ལྷ་མུ་སྟེགས་ཅན་རྣམས་ལ་ཡང་དག་པའི་བདེན་པ་མཆིས་ཀྱི། སངས་རྒྱས་ཀྱི་ཆོས་ལ་ནི་མ་མཆིས་པར་འགྱུར་རོ། ། དེ་ཅིའི་སླད་དུ་ཞེ་ན། མུ་སྟེགས་ཅན་རྣམས་ཀྱང་འདི་སྐད་ཅེས་སྨྲས་ཏེ། འདུ་བྱེད་ཐམས་ཅད་ནི་རྟག་པའོ།། ཇི་ལྟར་རྟག་ཅེ་ན། ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བའི་ལས་ཀྱི་རྣམ་པར་སྨིན་པ་ལ་སོགས་པ་མེད་པར་མི་འགྱུར་བའི་ཕྱིར་རོ།། ཡིད་དུ་འོང་བ་ནི་དགེ་བ་བཅུའི་འཟས་བུ་མྱོང་བའོ།། ཡིད་དུ་མི་འོང་བ་ནི་མི་དགེ་བ་བཅུའི་རྣམ་པར་སྨིན་པ་སྟེ། གལ་ཏེ་འདུ་བྱེད་ཐམས་ཅད་ནི་མི་རྟག་ན། ལས་བྱས་པའི་རྣམས་འདི་ནས་ཤི་འཕོས་ནས་ཕ་རོལ་ཏུ་རྣམ་པར་སྨིན་པའི་འབྲས་བུ་སུས་མྱོང་བར་འགྱུར།། དེ་བས་འདུ་བྱེད་ཐམས་ཅད་ནི་རྟག་པ་ལགས་ཏེ། སྲོག་གཅད་པའི་རྐྱེན་གྱིས་རྟག་པ་ཞེས་བྱའོ།། བཅོམ་ལྡན་འདས་ཅི་སྟེ་འདུ་བྱེད་ཐམས་ཅད་མི་རྟག་ན། གསོད་པ་དང་། བསད་པ་གཉིས་ཀ་མི་རྟག་པར་འགྱུར་རོ། ། གལ་ཏེ་མི་རྟག་ན་སེམས་ཅན་དམྱལ་བར་ཁ་ན་མ་ཐོ་བའི་ལས་མྱོང་བར་འགྱུར། གལ་ཏེ་ངེས་པར་སེམས་ཅན་དམྱལ་བའི་རྣམ་པར་སྨིན་པ་མྱོང་ནང་འདུ་བྱེད་རྣམས་ཀྱང་ཡང་དག་པར་མི་རྟག་པ་མ་ལགས་པར་འགྱུར་རོ། ། བཅོམ་ལྡན་འདས་སེམས་རྩེ་གཅིག་ཏུ་སེམས་ཤིང་དྲན་པའང་རྟག་པ་ཞེས་བགྱིའོ།། འདི་ལྟ་སྟེ། ལོ་བཅུ་ལོན་ཏེ་དྲན་པ་ནི་ལོ་བརྒྱ་པའི་བར་དུ་དྲན་ཏེ། མི་བརྗེད་པའང་རྟག་པ་ཞེས་བགྱི་སྟེ། ཅི་སྟེ་མི་རྟག་ན་སྔོན་མཐོང་བའི་དངོས་པོ་དག་སུས་དྲན་པར་འགྱུར། དེ་བས་ན་འདུ་བྱེད་ཐམས་ཅད་མི་རྟག་པ་མ་ལགས་སོ། ། བཅོམ་ལྡན་འདས་དྲན་པ་ཐམས་ཅད་ཀྱང་རྟག་པ་ཞེས་བགྱིའོ།། དཔེར་ན་མི་ཞིག་སྔོན་མི་གཞན་ཞིག་གི་ལག་པ་འམ། རྐང་པ་འམ། མགོ་འམ། གཉན་བ་ལ་སོགས་པ་ཅི་འདྲ་བ་མཐོང་ན། ཕྱིས་མཐོང་མ་ཐག་ཏུ་ངོ་ཤེས་སོ།། ཅི་སྟེ་མི་རྟག་པ་ཞིག་ལགས་ན་མཚན་མ་སྔ་མ་མེད་པར་སོང་བའི་རིགས་སོ།། བཅོམ་ལྡན་འདས་ལས་བྱེད་པ་ཐམས་ཅད་ནི་ཡུན་རིང་དུ་སོམས་པ་ལས་འགྱུར་ཏེ། ཐོག་མ་སློབ་པ་ནས་ལོ་གསུམ་མམ། ལོ་ལྡ་ན་མཁས་པར་འགྱུར་བས་རྟག་པ་ཞེས་བགྱིའོ།། བཅོམ་ལྡན་འདས་རྩིས་སློབ་པའང་གཅིས་ལས་གཉིས། གཉིས་ལས་གསུམ་བརྒྱ་སྟོང་གི་བར་དུའོ།། ཅི་སྟེ་མི་རྟག་ན་ཐོག་མའི་གཅིག་ཀྱང་མ་མཆིས་པར་འགྱུར་རོ།། གལ་ཏེ་ཐོག་མ་གཅིག་མ་མཆིས་ན་གཉིས་སུ་ག་ལ་འགྱུར་ཏེ། དེ་ལྟར་ན་གཅིག་ནི་རྟག་པ་སྟེ། གཉིས་མ་ལགས་སོ།། གཅིག་མ་མཆིས་པར་མ་སོང་། གཉིས་ནས་བརྒྱ་སྟོང་གི་བར་དུ་འགྱུར་ཏེ། དེ་བས་ན་རྟག་གོ། བཅོམ་ལྡན་འདས་དཔེར་ན་ཆོས་ཀློག་པ་འམ། འདོན་པ་ལྟ་བུ། ཨ་ག་མ་གཅིག་དང་། ཨ་ག་མ་གཉིས་ནས། ཨ་ག་མ་གསུམ་དང་། བཞིའི་བར་དུ་འདོན་པར་འགྱུར་རོ། གལ་ཏེ་མི་རྟག་ན་ཀློག་པ་དང་འདོན་པ་བཞི་ལ་ཐུག་གི་བར་དུ་མི་འགྱུར་ཏེ། ཀློག་པ་དང་འདོན་པ་འཕེལ་ཞིང་སྐྱེ་བ་རྟག་པ་ཞེས་བགྱིའོ།། བཅོམ་ལྡན་འདས་བུམ་པ་དང་། གོས་དང་། ཤིང་རྟ་དང་། བུ་ལོན་ཆགས་པ་དང་། ས་ཆེན་པོའི་མཚན་ཉིད་རི་དང་། ཆུ་དང་། ནགས་ཚལ་དང་། རྩི་ཤིང་གི་ལོ་མ་དང་། སེམས་ཅན་གྱི་ནད་གསོ་བ་ལ་སོགས་པ་ཐམས་ཅད་པ་ལ་སོགས་པ་ཐམས་ཅད་རྟག་སྟེ་དེ་དང་འདྲའོ། ། བཅོམ་ལྡན་འདས་མུ་སྟེགས་ཅན་ཐམས་ཅད་ནི་དེ་སྐད་ཅེས་མཆི་སྟེ། འདུ་བྱེད་ཐམས་ཅད་རྟག་ཅེས་མཆིའོ།། འདུ་བྱེད་ཐམས་ཅད་རྟག་ན་ཡང་དག་པའི་བདེན་པ་ལགས་པར་འགྱུར་རོ། ། བཅོམ་ལྡན་འདས་མུ་སྟེགས་ཅན་ཁ་ཅིག་ཀྱང་འདི་སྐད་དུ་བདེ་བའང་ཡོད་ཅེས་མཆིའོ།། ཇི་ལྟར་ཤེས་ཤེ་ན། ཡིད་དུ་འོང་བའི་འབྲས་བུ་མྱོང་བར་འགྱུར་བའི་སླད་དུའོ། ། བཅོམ་ལྡན་འདས་བདེ་བ་མྱོང་བ་ནི་ངེས་པར་མཆིས་སོ།། འདི་ལྟ་སྟེ། ཚངས་པའི་རྒྱལ་པོ་ཆེན་པོ་དང་དབང་སྒྱུར་ཆེན་པོ་དང་། བརྒྱ་བྱིན་ལྷའི་དབང་ཕྱུག་དང་། འཇུག་སེལ་དང་། ལྷ་དང་། མི་ལ་སོགས་པ་སྟེ། དེ་བས་ན་ངེས་པར་བདེ་བ་མཆིས་སོ།། བཅོམ་ལྡན་འདས་མུ་སྟེགས་ཅན་ཁ་ཅིག་ཀྱང་འདི་སྐད་དུ་བདེ་བ་མཆིས་ཤེས་སྨྲས་ཏེ། དེའང་སེམས་ཅན་དག་རེ་ཞིང་ཚོལ་བའི་སེམས་སྐྱེ་བའོ།། འདི་ལྟ་སྟེ། བཀྲེས་པ་ཟས་ཚོལ་བའོ།། སྐོམ་པ་ཆུ་ཚོལ་བ་དང་། གྲང་བ་དྲོ་བ་ཚོལ་བ་དང་། ཚ་བ་བསིལ་བ་འདོད་དང་། ངལ་བ་བསྟི་འདོད་པ་དང་། ནད་པ་འཚོ་འདོད་པ་དང་། འདོད་པ་གཟུགས་ཚོལ་བ་སྟེ། ཅི་སྟེ་བདེ་བ་མ་མཆིས་ན། དེ་དག་ཅིའི་སླད་དུ་ཚོལ། ཚོལ་བ་མ་མཆིས་པས་ན་བདེ་བ་མཆིས་པར་མངོན་ནོ། ། བཅོམ་ལྡན་འདས་མུ་སྟེགས་ཅན་ཁ་ཅིག་ཀྱང་འདི་སྐད་ཅེས་མཆིའོ།། སྦྱིན་པ་བྱིན་པས་བདེ་བར་འགྱུར་ཏེ། འཇིག་རྟེན་པ་དག་དགེ་སྦྱོང་ངམ། བྲམ་ཟེའམ། དབུལ་འཕོངས་པ་ལ་གོས་དང་། ཟས་དང་། སྐོམ་དང་། མལ་ཆ་དང་། ནད་ཀྱི་རྐྱེན་སྨན་དང་། བ་ཀླུང་དང་། རྟ་དང་། ཐེག་པ་དང་། སྤོས་བྱེ་མ་དང་། མེ་ཏོག་དང་། ཁང་ཁྱིམ་དང་། གནས་དང་། མེ་མར་ལ་སོགས་པའི་སྦྱིན་པ་བྱིན་ན། ཚེ་ཕྱི་མ་ལ་ཡིད་དུ་འོང་བའི་འབྲས་བུ་མྱོང་བར་འགྱུར་ཏེ། དེ་བས་ན་ངེས་པར་འདི་པ་མཆིས་ཏེ། བཅོམ་ལྡན་འདས་མུ་སྟེགས་ཅན་ཁ་ཅིག་ཀྱང་འདི་སྐད་ཅེས་མཆིའོ།། རྒྱུ་དང་རྐྱེན་གྱི་ཕྱིར་བདེ་བ་མཆིས་པར་འཚལ་ཏོ།། འདི་ལྟ་སྟེ། བདེ་བ་མྱོང་བར་ཡང་རྒྱུ་དང་རྐྱེན་མཆིས་པས་ན། བདེ་བ་ལ་རེག་པ་ཞེས་བྱ་སྟེ། བདེ་བ་མ་མཆིས་ན་རྒྱུ་དང་རྐྱེན་ཡང་ག་ལ་མཆིས། དཔེར་ན་རི་བོང་གི་རཱ་མ་མཆིས་ན་རྒྱུ་དང་རྐྱེན་ཡང་མ་མཆིས་སོ། ། བདེ་བའི་རྒྱུ་དང་རྐྱེན་མཆིས་པས། བདེ་བ་མཆིས་པར་འཚལ་ཏོ།། བཅོམ་ལྡན་འདས་མུ་སྟེགས་ཅན་ཁ་ཅིག་ཀྱང་འདི་སྐད་ཅེས་མཆི་སྟེ། རབ་དང་། འབྲིང་དང་། ཐ་མའི་ཕྱིར་བདེ་བ་མཆིས་པར་འཚལ་ཏོ། ། བདེ་བ་མྱོང་བ་ཐ་མ་ནི་བརྒྱ་བྱིན་ལྷའི་དབང་ཕྱུག་གོ།། བདེ་བ་མྱོང་བ་འབྲིང་ནི་ཚངས་པ་ཆེན་པོའི་ལྷའི་རྒྱལ་པོའོ།། བདེ་བ་མྱོང་བ་རབ་ནི་དབང་སྒྱུར་ཆེན་པོ་སྟེ། དེ་ལྟར་རབ་དང་། འབྲིང་དང་། ཐ་མ་མཆིས་པས། བདེ་བ་མཆིས་པར་འཚལ་ཏོ།། བཅོམ་ལྡན་འདས་མུ་སྟེགས་ཅན་ཁ་ཅིག་ནི་འདི་སྐད་ཅེས་དག་པ་མཆིས་སོ་ཞེས་མཆིའོ། དེ་ཅིའི་སླད་དུ་ཞེ་ན། ཅི་སྟེ་དག་པ་ཞིག་མ་མཆིས་ན། འདོད་པ་སྐྱེ་བའི་ཡང་མི་རིགས་ན། འདོད་པ་སྐྱེ་བ་ལགས་ན་དག་པ་མཆིས་པར་འཚལ་ཏོ།། ཁ་ཅིག་ཀྱང་འདི་སྐད་ཅེས་མཆི་སྟེ་གསེར་དང་། ཤེལ་དང་། ཨ་སྨ་ཀར་བ་དང་། མུ་ས་ལ་གར་བ་དང་། མུ་ས་ལ་གལ་བ་དང་། སྡུག་དང་། མུ་ཏིག་དང་། ཤེས་གྱི་སྣམ་བུ་དང་། དོ་ཤལ་དང་། འབ་ཆུ་དང་། ཆུ་མིག་དང་། ཁྲུས་ཀྱི་རྫིང་བུ་དང་། བཟའ་བ་དང་། བཏུང་བ་དང་། ཀོས་དང་། མེ་ཏོག་དང་། སྤྱོས་དང་། སྤོས་ཕྱེ་མ་དང་། བྱུག་སྤོས་དང་། སྣང་བབའི་སྒྲོན་མ་ལ་སོགས་པ་ཐམས་ཅད་ཀྱང་ཡོངས་སུ་དག་པའི་ཆོས་ཅན་ནོ་ཞེས་མཆིའོ། ། གཞན་ཡང་འདི་སྐད་དུ་ཕུང་པོ་ལྔ་ནི་སྣོད་གཙང་མ་སྟེ། བཅུད་ཀྱང་གཙང་མས་ཡོངས་སུ་གང་ངོ། འདི་ལྟ་སྟེ། ལྷ་དང་། མི་དང་། ཟང་སྲོང་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་ཏེ་དོན་དེ་ལྟ་བས་ན་གཙང་ངོ་ཞེས་མཆིའོ། ། བཅོམ་ལྡན་འདས་མུ་སྟེགས་ཅན་ཁ་ཅིག་ནི་བདག་ཅེས་བགྱི་བ་མཆིས་སོ་ཞེས་མཆི་སྟེ། ཇི་ཙམ་དུ་མཐོང་བ་དང་། བྱ་བ་བྱེད་པ་ནི་བདག་གོ་ཞེས་མཆི་སྟེ། དཔེར་ན་མི་ཞིག་རྫ་མཁན་གྱི་ཁྱིམ་དུ་ཕྱིན་ན། རྫ་མཁན་ཉིད་དང་མ་ཕྲད་ཀྱང་འཇི་བ་དང་འཁོར་ལོ་མཐོང་བས་གདོན་མི་ཟ་བར་རྫ་མཁན་གྱི་ཁྱིམ་ཡིན་པ་ཤེས་ཏེ། བདག་ཅེས་བྱ་བའང་དེ་དང་འདྲ་སྟེ། མིག་གིས་གཟུགས་མཐོང་མ་ཐག་ཏུ་ངེས་པར་བདག་ཅེས་བགྱི་བ་མཆིས་པར་འཚལ་ཏོ།། ཅི་སྟེ་བདག་ཅེས་བགྱི་བ་མ་མཆིས་ན། སུ་ཞིག་གིས་གཟུགས་མཐོང་། སུ་ཞིག་གིས་སྒྲ་ཐོས་པ་ནས། རེག་བྱ་དང་། ཆོས་ཀྱི་བར་དུ་རྒྱས་པར་རོ།། གཞན་ཡང་བདག་ཅེས་བགྱི་བ་མཆིས་ཏེ། ཇི་ལྟར་ཤེས་ཤེ་ན། མཚན་མ་ལས་རིག་པར་འགྱུར་ཏེ། མཚན་མ་ཞེས་བགྱི་བ་ཇི་ལྟ་བུ་ཞེ་ན། དབུགས་རྒྱུ་བ་དང་། མིག་གིས་ལྟ་ཞིང་འཛུམ་པ་དང་། ཚེའི་ཚད་དང་། སྡུག་བསྔལ་དང་། བདེ་བ་མྱོང་བ་དང་། ཆགས་པ་དང་། ཁྲོ་བ་དང་། ཆོས་དེ་དག་ལ་སོགས་པ་ཐམས་ཅད་བདག་ཅེས་བགྱི་བའི་མཚན་མ་ལགས། དེ་བས་ན་ངེས་པར་བདག་ཅེས་བགྱི་བ་མཆིས་སོ།། གཞན་ཡང་བདག་ཅེས་བགྱི་བ་མཆིས་བ་ནི་རོ་ཟོ་བའི་བྱེ་ཟག་ཕྱེད་པ་སྟེ། དཔེར་ན་མི་ཞིག་ཤིང་ཐོག་ཟོས་ན་མཐོང་མ་ཐག་ཏུ་རོ་ཅི་ཐོབ་འཚལ་ཏེ། དེ་བས་ན་བདག་ཅེས་བགྱི་བ་མཆིས་སོ།། གཞན་ཡང་དག་ཅེས་བགྱི་བ་མཆིས་པར་ལས་བགྱིད་པའི་སྒོ་ནས་རིག་སྟེ། སྐམ་པ་ཐོགས་ན་འཛིན་པའི་ལས་བྱེད། སྟ་རེ་ཐོགས་ན་གཅོད་པའི་ལས་བྱེད། བུམ་པ་ཐོགས་ན་ཆུ་ལྡུགས་པའི་ལས་བྱེད། ཤིང་རྟ་དང་འགྲོགས་ན་འཁོར་ལོས་སྒྱུར་བའི་ལས་བགྱིད་དེ། ལས་དེ་དག་ལ་སོགས་པའང་བདག་ཅེས་བགྱི་བ་དེས་གཟུང་བས་ན་བྱེད་པར་འགྱུར་ཏེ། དེ་བས་ན་ངེས་པར་བདག་ཅེས་བགྱི་བ་མཆིས་སོ། ། གཞན་ཡང་བདག་ཅེས་བགྱི་བ་མཆིས་པར་ཅི་མངོན་ཞེ་ན། དཔེར་ན་བུ་བྱུང་མ་ཐག་ཏུ་ནུ་ཞོ་འཐུང་འཚལ་བ་ནི་སྔོན་གྱི་བག་ཆགས་ལས་གྱུར་ཏེ། དེ་བས་ན་ངེས་པར་བདག་ཅེས་བགྱི་བ་མཆིས་སོ། ། གཞན་ཡང་བདག་ཅེས་བགྱི་བ་མཆིས་ཏེ་མངོན་ཞེ་ན། འདུས་ཤིང་ཚོགས་པ་ལས་སེམས་ཅན་ཕ་རོལ་ལ་ཕན་པར་འགྱུར་བའི་ཕྱིར་ཏེ། དཔེར་ན་བུམ་པ་དང་། ཀོས་དང་། ཤིང་རྟ་དང་། ཞིང་དང་། ཁྱིམ་དང་། རི་དང་། ནགས་ཚལ་དང་། ཤིང་དང་། བལ་གླང་དང་། རྟ་དང་། བ་ལང་དང་། ལུག་ལ་སོགས་ཏེ། དངོས་པོ་དེ་དག་འདུས་པ་ལས་ཕན་པའི་དོན་དུ་འགྱུར་ཏེ། ནང་གི་ཕུང་པོ་ལྔའང་དེ་དང་འདྲ་བར། མིག་གི་དབང་པོ་ལ་སོགས་པ་འདུས་ཤིང་ཚོགས་ན། བདག་ཅེས་བྱ་བ་ལ་ཕན་པར་འགྱུར་ཏེ། དེ་བས་ན་བདག་ཅེས་བགྱི་བ་ངེས་པར་མཆིས་སོ། ། གཞན་ཡང་བདག་ཅེས་བགྱི་བ་མཆིས་པར་ཅི་མངོན་ཞེ་ན། བར་དུ་གཅོད་ཅིང་སྒྲིབ་ནུས་པའི་ཕྱིར་རོ།། དཔེར་ན་དངོས་པོ་མཆིས་ན་བར་དུ་གཅད་ཅིང་སྒྲིབ་ཏུ་རུང་གི། དངོས་པོ་མ་མཆིས་ན་སྒྲིབ་ཏུ་མ་མཆིས་ཏེ། སྒྲིབ་ཅིང་བར་དུ་གཅད་དུ་མ་མཆིས་པས་ན། བདག་ཅེས་བགྱི་བ་མཆིས་པར་འཚལ་ཏེ། དེ་བས་ན་བདག་ཅེས་བགྱི་བ་ངེས་པར་མཆིས་སོ། ། གཞན་ཡང་བདག་ཅེས་བགྱི་བ་མཆིས་པར་ཅི་མངོན་ཞེ་ན། གྲོགས་དང་གྲོགས་མ་ཡིན་པའི་ཕྱིར་ཏེ། གཉེན་དང་། གཉེན་མ་ཡིན་པའང་གྲོགས་སུ་འགྱུར་བ་མ་ལགས། ཡང་དག་པའི་ཆོས་དང་། ལོག་པའི་ཆོས་ཀྱང་གྲོགས་སུ་འགྱུར་བ་མ་ལགས། ཡེ་ཤེས་དང་། ཡེ་ཤེས་མ་ལགས་པའང་གྲོགས་སུ་འགྱུར་པ་མ་ལགས། དགེ་སྦྱོང་དང་དགེ་སྦྱོང་མ་ཡིན་པའང་གྲོགས་སུ་འགྱུར་བ་མ་ལགས། བྲམ་ཟེ་དང་། བྲམ་ཟེ་མ་ཡིན་པ་དང་། བུ་དང་། བུ་མ་ཡིན་པ་དང་། ཉིན་དང་། ཉོན་མ་ཡིན་པ་དང་། མཚོན་དང་མཚན་མ་ཡིན་པ་དང་། བདག་དང་། བདག་མ་ཡིན་པ་ལ་སོགས་པ་ཆོས་དེ་དག་ནི་གྲོགས་དང་། གྲོགས་མ་ཡིན་པས་ན། བདག་ཅེས་བགྱི་བ་ངེས་པར་མཆིས་སོ།། བཅོམ་ལྡན་འདས་མུ་སྟེགས་ཅན་དག་ཀྱང་དེ་ལྟར་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་རྟག་པ་དང་། བདེ་བ་དང་། བདག་དང་། ཡོངས་སུ་དག་པ་མཆིས་པར་སྨྲ་སྟེ། རྟག་པ་དང་། བདེ་བ་དང་། བདག་དང་། ཡོངས་སུ་དག་པ་ཞེས་བགྱི་བ་ངེས་པར་མཆིས་པར་འཛིན་ཏོ།། བཅོམ་ལྡན་འདས་དོན་དེ་ལྟ་བས་ན་མུ་སྟེགས་ཅན་དག་ཀྱང་ཡང་དག་པའི་བདེན་པ་མཆིས་ཤེས་སྨྲའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དགེ་སྦྱོང་ངམ། བྲམ་ཟེ་གང་ཞིག་རྟག་པ་ཡོད་ཅེའམ། བདེ་བ་ཡོད་ཅེའམ། ཡོངས་སུ་དག་པ་ཡོད་ཅེ་འམ། བདག་ཡོད་ཅེའམ། དེ་ནི་དགེ་སྦྱོང་མ་ཡིན། བྲམ་ཟེ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འཁོར་བ་ལས་འཁྲུལ་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་སྟོན་པ་ཆེན་པོ་སྤོང་བའི་ཕྱིར་རོ།། དགེ་སྦྱོང་དང་བྲམ་ཟེ་དེ་དག་ནི་འདོད་པའི་ནང་དུ་ཤིན་ཏུ་བྱིང་བས། དགེ་བའི་ཆོས་ཉམ་ཆུང་བའི་ཕྱིར་རོ།། མུ་སྟེགས་ཅན་དེ་དག་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་རྣམ་པར་བཅིངས་ཀྱང་། འདོད་པའི་བདེ་བ་ལ་བཟོད་པར་བྱེད་པའི་ཕྱིར་རོ།། མུ་སྟེགས་ཅན་དེ་དག་ནི་ལས་ཀྱི་འབྲས་བུ་བདག་གིས་བྱས་པ་བདག་གིས་མྱོང་བར་ཤེས་མོད་ཀྱི། མི་དགེ་བའི་ཆོས་སྤོང་བར་མི་ནུས་སོ། ། མུ་སྟེགས་ཅན་དེ་དག་ནི་ཡང་དག་པའི་ཆོས་ཅན་མ་ཡིན། ཡང་དག་པའི་འཚོ་བས་འཚོ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་མེ་མེད་དེ་སྦྱོང་མི་ནུས་པའི་ཕྱིར་རོ། ། མུ་སྟེགས་ཅན་དེ་དག་ནི་འདོད་པ་ལྔའི་མཆོག་དམ་པ་ལ་ཆགས་མོད་ཀྱི། བརྩོན་འགྲུས་སུ་ནན་ཏན་མི་བྱེད་པས་དགེ་བའི་ཆོས་ཀྱིས་དབུལ་བའི་ཕྱིར་རོ།། སྟེགས་ཅན་དེ་དག་ནི་ཡང་དག་པའི་རྣམ་པར་ཐར་པ་འདོད་པ་མོད་ཀྱི། ཚུལ་ཁྲིམས་སྲུང་བའི་རྐང་པ་དང་མི་ལྡན་པའི་ཕྱིར་རོ།། མུ་སྟེགས་ཅན་དེ་དག་ནི་བདེ་བ་འདོད་མོད་ཀྱིས། བདེ་བར་འགྱུར་པའི་རྒྱུ་དང་རྐྱེན་ཚོལ་མི་ནུས་སོ། ། མུ་སྟེགས་ཅན་དེ་དག་ནི་སྡུག་བསྔལ་བར་འགྱུར་པ་ཐམས་ཅད་མི་འདོད་མོས་ཀྱིས། སྤྱོད་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུར་འགྱུར་པར་མི་སྤོང་ངོ་། ། མུ་སྟེགས་ཅན་དེ་དག་ནི་ཆེན་པོ་བཞིའི་སྦྲུལ་གདུག་པས་དཀྲིས་ཤིང་གླགས་ཀྱང་བག་མེད་པར་སྤྱོད་དོ།། མུ་སྟེགས་ཅན་དེ་དག་ནི་མ་རིག་པས་ཡོངས་སུ་ཁེབས་པས་དགེ་བའི་བཤེས་གཉེན་སྤོང་སྟེ་ཁམས་གསུམ་དུ་གནས་པར་མོས་པས། མི་རྟག་པའི་ཚེ་ཆེན་པོ་ཤིན་ཏུ་འབར་བ་ལས་ཐར་མི་ནུས་སོ།། མུ་སྟེགས་ཅན་དེ་དག་ནི་ཉོན་མོངས་པའི་ནད་ལྕི་བ་འཚོ་དཀའ་བས་བཏབ་ཀྱང་། མཁས་པ་དང་ལྡན་པའི་སྨན་པ་མི་ཚོལ་ལོ།། མུ་སྟེགས་ཅན་དེ་དག་ནི་མ་འོངས་དུས་སུ་མཐའ་མེད་པའི་ལམ་རིང་པོ་ཤིན་ཏུ་ཡང་བ་བགྲོད་དགོས་ཀྱང་། བདེ་བའི་ཆོས་ཀྱི་ཚོགས་བསགས་ཤིང་བདག་གིས་རྒྱུན་དུ་འགྱུར་བ་མི་ཤེས་སོ། ། མུ་སྟེགས་ཅན་དེ་དག་ནི་འདོད་ཆགས་ཀྱི་འདུག་པས་གསོད་པར་འགྱུར་ཡང་། འདོད་པ་སྔ་བ་མོ་གདུག་པ་ལ་ཆགས་སོ། ། མུ་སྟེགས་ཅན་དེ་དག་ནི་ཞེ་སྡང་གི་མེ་ཤིན་ཏུ་འབར་ཞིང་མཆེད་ཀྱང་། མི་དགེ་བའི་བཤེས་གཉེན་ལ་སྟེན་པར་བྱེད་དོ།། བུ་སྟེགས་ཅན་དེ་དག་ནི་མ་རིག་པས་ཁེམས་ཏེ་ཟིལ་གྱིས་ནོན་ཀྱང་། ངན་པར་ལྟ་བའི་ཆོས་ལོག་པར་འཚལ་ལོ།། མུ་སྟེགས་ཅན་དེ་དག་ནི་ངན་པར་ལྔ་བས་རྟག་ཞུ་བསླུས་ཀྱང་། དེ་ལ་དགེ་འ་བ་ཤེས་གཉེན་དུ་རུ་ཤེས་སྐྱེད་དོ། ། མུ་སྟེགས་ཅན་དེ་དག་ནི་འབྲས་བུ་ཞིམ་པོ་ལ་རེ་ཡང་། འབྲས་བུ་ཁ་བའི་ས་བོན་འདེབས་སོ།། མུ་སྟེགས་ཅན་དེ་དག་ནི་ཉོན་མོངས་པའི་མུན་ཁང་དུ་ཞུགས་ཀྱང་། ཡེ་ཤེས་ཆེན་པོའི་སྒྲོན་མ་སྤོང་བར་བྱེད་དོ།། མུ་སྟེགས་ཅན་དེ་དག་ནི་ཉོན་མོངས་པས་གདུངས་ཏེ་ཤིན་ཏུ་སྒོམ་ཡང་། འདོད་པའི་ཆུ་འཐུང་ངོ་།། མུ་སྟེགས་ཅན་དེ་དག་ནི་འཁོར་བའི་རྒྱ་མཚོ་མཐའ་ཡས་པས་གཡེངས་ཀྱང་། བླ་ན་མེད་པའི་གྲུ་སྤོང་བར་བྱེད་དོ།། མུ་སྟེགས་ཅན་དེ་དག་ནི་ཕྱིན་ཅི་ལོག་གིས་ཤིན་ཏུ་བསླད་ཀྱང་། འདུ་བྱེད་ཐམས་ཅད་རྟག་ཅེས་སྨྲ་སྟེ། འདུ་བྱེད་ཐམས་ཅད་ནི་རྟག་ཅེས་བྱ་བའི་གནས་མེད་དོ།། ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོབམ་པོ་བཅུ་བཞིག།། རིགས་ཀྱི་བུ་བུབླངས་བལྟས་ན་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། ། དེརང་ཇི་ལྟར་ཤེས་ཤེ་ན། རྒྱུ་དང་རྐྱེན་གྱི་སྒོ་ནས་ཤེས་སོ།། ཇི་ཙམ་དུ་རྐྱེན་ལས་སྐྱེས་པའི་ཆོས་ཐམས་ཅད་ནི་མི་རྟག་པར་རིག་པར་བྱའོ། ། དེ་བས་ན་མུ་སྟེགས་ཅན་གྱི་ཆོས་ཐམས་ཅད་ནི་གཅིག་ཙམ་ཡང་རྐྱེན་ལས་མ་སྐྱེས་པ་མེད་དོ།། རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ནི་མ་སྐྱེས་པ། མི་འགོག་པ། འོངས་པའང་མེད། སོང་བའང་མེད། འདས་པའང་མ་ཡིན། མ་འོངས་པའང་མ་ཡིན། ད་ལྟར་མ་ཡིན། རྒྱུ་ལས་བྱས་པ་མ་ཡིན། རྒྱུ་མེད་པ་ལས་བྱས་པ་མ་ཡིན། མ་བྱས་པ་མ་ཡིན། བྱས་པ་མ་ཡིན། མཚན་མ་མ་ཡིན། མཚན་མ་མེད་པ་མ་ཡིན། མིང་ཡོད་པ་མ་ཡིན། མིང་མེད་པ་མ་ཡིན། མིང་མ་ཡིན། གཟུགས་མ་ཡིན། རིང་པོ་མ་ཡིན། ཐུང་ངུ་མ་ཡིན་ཕུང་པོ་དང་ཁམས་མ་ཡིན། སྐྱེ་མཆེད་དུ་གཏོགས་པ་མ་ཡིན་པས་ན་རྟག་པ་ཞེས་བྱའོ།། རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་དེ་བཞིན་གཤེགས་པའོ།། དེ་བཞིན་གཤེགས་པ་ནི་ཆོས་སོ། ། ཆོས་ནི་རྟག་པའོ།། རིགས་ཀྱི་བུ་རྟག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའོ།། དེ་བཞིན་གཤེགས་པ་ནི་དགེ་འདུན་ནོ།། དགེ་འདུན་ནི་རྟག་པའོ།། དོན་དེ་ལྟ་བ། ནརྐྱེན་ལས་སྐྱེས་པའི་ཆོས་ཐམས་ཅད་ནི་རྟག་པ་ཞེས་མི་བྱ་སྟེ། མུ་སྟེགས་ཅན་དེ་དག་གི་ཆོས་ནི་གཅིག་ཙམ་ཡང་རྐྱེན་ལས་མ་སྐྱེས་པ་མེད་དོ།། རིགས་ཀྱི་བུ་མུ་སྟེགས་ཅན་དག་ནི་སངས་རྒྱས་ཀྱི་རང་བཞིན་དང་། དེ་བཞིན་གཤེགས་པ་དང་། ཆོས་མི་མཐོང་བས། དེ་བས་ན་མུ་སྟེགས་ཅན་དག་སྨྲ་བ་ཐམས་ཅད་ནི་བརྫུན་ཏེ། ཡང་ད། པའི་བདེན་པ་མེད་དོ།། བུས་པ་མ་རབས་དག་ནི་སྔུན་བུམ་པ་དང་། གོས་དང་། ཐེག་པ་དང་། ཁང་ཁྱིམ་དང་། གྲོང་ཁྱེར་དང་། ཆུ་ཀླུང་དང་། རི་དང་། ཚལ་དང་། སྐྱེས་པ་དང་། བུད་མེད་དང་། བལ་གླང་དང་། རྟ་དང་། ལུག་ལ་སོགས་པ་མཐོང་བ་ལས། ཕྱིས་དེ་འདྲ་བ་ཞིག་མཐོང་ན་རྟག་པ་ཡིན་ཞེས་སྨྲས་ཏེ། ཡང་དག་པར་ན་དེ་རྟག་པ་མ་ཡིན་ནོ།། རིགས་ཀྱི་བུ་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། ། ནམ་མཁའ་དང་འདུས་མ་བྱས་ནི་རྟག་པ་ཞེས་བྱའོ།། སངས་རྒྱས་ཀྱི་རང་བཞིན་ནི་འདུས་མ་བྱས་ན་རྟག་པ་ཞེས་བྱའོ།། ནམ་མཁའ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། ། སངས་རྒྱས་ཀྱི་རང་བཞིན་ནི་དེ་བཞིན་གཤེགས་པའོ།། དེ་བཞིན་གཤེགས་པ་ནི་འདུས་མ་བྱས། འདུས་མ་བྱས་པ་ནི་རྟག་པའོ།། རྟག་པ་ནི་ཆོས་སོ། ། ཆོས་ནི་དགེ་འདུན་ནོ།། དགེ་འདུན་ནི་འདུས་མ་བྱས་པའོ།། འདུས་མ་བྱས་པ་ནི་རྟག་པའོ།། རིགས་ཀྱི་བུ་འདུས་བྱས་ཀྱི་ཆོས་ལ་མདོར་རྣམ་པ་གཉིས་ཏེ། གཟུགས་ཀྱི་ཆོས་དང་། གཟུགས་མ་ཡིན་པའི་ཆོས་སོ།། གཟུགས་མ་ཡིན་པའི་ཆོས་ཞེས་བྱ་བ་ནི། སེམས་དང་སེམས་ལས་བྱུང་བའི་ཆོས་སོ།། གཟུགས་ཀྱི་ཆོས་ཞེས་བྱ་བ་ནི་ས་དང་། ཆུ་དང་། མེ་དང་། རུང་ངོ་།། རིགས་ཀྱི་བུ་སེམས་ནི་མི་རྟག་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་དམིགས་ཤིང་རྣམ་པར་རྟོག་པ་དང་ལྡན་པའི་ཕྱིར་རོ།། རིགས་ཀྱི་བུ་མིག་གི་རྣམ་པར་ཤེས་པའི་རང་བཞིན་སོ་སོ་བ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་གྱི་བར་དུའང་སོ་སོ་སྟེ། དེ་བས་ན་མི་རྟག་གོ། རིགས་ཀྱི་བུ་གཟུགས་ཀྱི་སྤྱོད་ཡུལ་སོ་སོ་བ་ནས། ཆོས་ཀྱི་སྤྱོད་ཡུལ་གྱི་བར་དུའང་སོ་སོ་སྟེ། དེ་བས་ན་མི་རྟག་གོ།། རིགས་ཀྱི་བུ་མིག་གི་རྣམ་པར་ཤེས་པ་དང་ལྡན་པ་སོ་སོ་བ་ནས། ཡིད་ཀྱི་རྣམ་པར་ཤེས་པ་དང་ལྡན་པའི་བར་དུ་སོ་སོ་སྟེ། དེ་བས་ན་མི་རྟག་གོ། རིགས་ཀྱི་བུ་ཅི་སྟེ་སེམས་རྟག་པ་ཞིག་ཡིན་ན། མིག་གི་རྣམ་པར་ཤེས་པ་འབའ་ཞིག་གིས་ཆོས་ཐམས་ཅད་ལ་དམིགས་པར་འགྱུར་བའི་རིགས་སོ།། རིགས་ཀྱི་བུ་མིག་གི་རྣམ་པར་ཤེས་པ་སོ་སོ་བ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་སོ་སོ་བས་ན། མི་རྟག་པར་ཤེས་སོ།། འདྲ་བའི་ཆོས་སྐད་ཅིག་སྐད་ཅིག་ཏུ་སྐྱེ་ཞིང་འགོག་པས། བུས་པ་མ་རབས་ཀྱིས་དེ་ལྟར་མ་མཐོང་ནས་རྟག་པར་འཛིན་ཏོ། ། རིགས་ཀྱི་བུ་རྒྱུ་དང་རྐྱེན་གྱི་མཚན་ཉིད་གཞིག་ཏུ་རུང་བས་ན་མི་རྟག་པ་ཞེས་བྱའོ།། འདི་ལྟ་སྟེ། མིག་གི་དབང་པོ་དང་། གཟུགས་དང་། སྣང་བ་དང་། བསམས་པའི་རྐྱེན་ལས་མིག་གི་རྣམ་པར་ཤེས་པ་སྐྱེ་སྟེ། རྣ་བའི་རྣམ་པར་ཤེས་པ་སྐྱེ་བ་ནའང་རྐྱེན་སོ་སོ་བས། མིག་གི་རྣམ་པར་ཤེས་པའི་རྐྱེན་གྱིས་མ་ཡིན་པས་ན། ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་སོ་སོ་བའང་དེ་བཞིན་དུ་རིག་པར་བྱའོ།། གཞན་ཡང་རིགས་ཀྱི་བུ་འདུ་བྱེད་རྣམས་ཀྱི་རྒྱུ་དང་རྐྱེན་འཇིག་པས་ན་སེམས་ནི་མི་རྟག་པའོ། ། འདི་ལྟ་སྟེ། མི་རྟག་པ་བསྒོམ་པའི་སེམས་ཀྱང་གཞན་ལ། སྡུག་བསྔལ་བ་དང་། སྟོང་པ་ཉིད་དང་། བདག་མེད་པ་བསྒོམ་པའི་སེམས་ཀྱང་གཞན་ནོ། ། ཅི་སྟེ་སེམས་རྟག་པ་ཞིག་ཡིན་ན། མི་རྟག་པ་རྟག་ཏུ་བསྒོམ་པས་ན། སྡུག་བསྔལ་བ་དང་། སྟོང་པ་ཉིད་དང་། བདག་མེད་པ་རྟོགས་པར་ཡང་མི་འགྱུར་ན།། རྟག་པབ་དང་། བདེ་བ་དང་། བདག་དང་། ཡོངས་སུ་དག་པར་རྟོགས་པ་ལྟ་ཅི་སྨོས་ཏེ། དོན་དེ་ལྟ་བས་ན་མུ་སྟེགས་ཅན་གྱི་ཆོས་ཀྱི་ནང་དུ་རྟག་པ་དང་། བདེ་བ་དང་། བདག་དང་ཡོངས་སུ་དག་པ་བསྡུ་མི་ནུས་སོ། ། རིགས་ཀྱི་བུ་དེ་བས་ན་སེམས་ཀྱི་ཆོས་ནི་ངེས་པར་མི་རྟག་གོ།། ཡང་ན་རིགས་ཀྱི་བུ་སེམས་ཀྱི་རང་བཞིན་ཐ་དད་པའི་ཕྱིར་ན་མི་རྟག་གོ།། འདི་ལྟ་སྟེ། ཉན་ཐོས་ཀྱི་སེམས་ཀྱི་རང་བཞིན་སོ་སོ།། རང་སངས་རྒྱས་ཀྱི་སེམས་ཀྱི་རང་བཞིན་སོ་སོ།། སངས་རྒྱས་རྣམས་ཀྱི་སེམས་ཀྱི་རང་བཞིན་ཡང་སོ་སོ་སྟེ། མུ་སྟེགས་ཅན་ཐམས་ཅད་ཀྱི་སེམས་ནི་རྣམ་པ་གསུམ་སྟེ། རབ་ཏུ་བྱུང་བའི་སེམས་དང་། ཁྱིམ་ན་གནས་པའི་སེམས་དང་། ཁྱིམ་ན་གནས་པས་དབྱེན་པའི་སེམས་སོ།། བདེ་བ་དང་ལྡན་པའི་སེམས་ཀྱང་གཞན་ལ། སྡུག་བསྔལ་བ་དང་ལྡན་པའི་སེམས་ཀྱང་གཞན། བདེ་བའང་མ་ཡིན་སྡུག་བསྔལ་བའང་མ་ཡིན་པའི་སེམས་ཀྱང་གཞན། འདོད་ཆགས་དང་ལྡན་པའི་སེམས་ཀྱང་གཞན། ཞེ་སྡང་དང་ལྡན་པའི་སེམས་ཀྱང་གཞན། གཏི་མུག་དང་ལྡན་པའི་སེམས་ཀྱང་གཞན་ཏེ། མུ་སྟེགས་ཅན་ཐམས་ཅད་ཀྱི་སེམས་ཀྱི་མཚན་ཉིད་ཀྱང་གཞན་ནོ།། འདི་ལྟ་སྟེ། གཏི་མུག་དང་ལྡན་པའི་སེམས་ཀྱང་གཞན་ལ། ཐེ་ཚོམ་དང་ལྡན་པའི་སེམས་ཀྱང་གཞན། ངན་པར་ལྟ་བ་དང་ལྡན་པའི་སེམས་ཀྱང་གཞན། འགྲོ་བ་དང་སྡོད་པའི་སྤྱོད་ལམ་གྱི་སེམས་ཀྱང་གཞན་ནོ། ། རིགས་ཀྱི་བུ་ཅི་སྟེ་སེམས་རྟག་པ་ཞིག་ཡིན་ན། ཁ་དྲོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། སྨུག་པོ་བྱེ་ཟག་མི་ཕྱེད་པའི་རིགས་སོ། ། རིགས་ཀྱི་བུ་གལ་ཏེ་སེམས་རྟག་པ་ཞིག་ཡིན་ན། དྲན་པར་བྱ་བའི་ཆོས་ཐམས་ཅད་བརྗེད་པར་འགྱུར་བའི་མི་རིགས་སོ།། རིགས་ཀྱི་བུ་ཙ་སྡེ་སེམས་རྟག་པ་ཡིན་ན།། ཀློག་པ་དང་འདོན་པའི་ལས་བྱེད་པ་འཕེལ་ཞིང་སྐྱེ་བའི་མི་རིགས་སོ།། རིགས་ཀྱི་བུ་ཅི་སྟེ་སེམས་རྟག་པ་ཞིག་ཡིན་ན། བྱས་པ་དང་། བྱེད་པ་དང་། བྱ་བ་བཤད་པའི་མི་རིགས་ཏེ། བྱས་པ་དང་། བྱེད་པ་དང་། བྱ་བ་ཡོད་པས་ན། སེམས་དེ་ནི་ངེས་པར་མི་རྟག་པར་ཤེས་པར་བྱའོ།། རིགས་ཀྱི་བུ་ཅི་སྟེ་སེམས་རྟག་པ་ཞིག་ཡིན་ན། སྡང་བ་དང་བྱམས་པ་མེད་དོ། ། སྡང་བའང་མ་ཡིན། བྱམས་པའང་མ་ཡིན་པར་འགྱུར་རོ།། ཅི་སྟེ་སེམས་རྟག་པ་ཞིག་ཡིན་ན། བདག་གི་རྫས་དང་། གཞན་གྱི་རྫས་ཤེ་འམ། འཆིའོ།། སྐྱེའོ་ཞེས་བརྗོད་པའི་མི་རིགས་སོ།། ཅི་སྟེ་སེམས་རྟག་པ་ཞིག་ཡིན་ན། བྱ་བ་བྱས་ཀྱང་སྐྱེ་ཞིང་འཕེལ་བའི་མི་རིགས་སོ།། རིགས་ཀྱི་བུ་དོན་དེ་ལྟ་བས་ན་སེམས་ཀྱི་རང་བཞིན་སོ་སོ་ཐ་དད་དོ། ། ཐ་དད་པས་ན་མི་རྟག་པར་རིག་པར་བྱའོ།། རིགས་ཀྱི་བུ་ངས་འདིར་གཟུགས་མ་ཡིན་པའི་ཆོས་ལ་མི་རྟག་པའི་དོན་བཤད་པ་ནི་འདི་དག་ཡིན་ནོ། ། དེ་ལ་གཞན་ཡང་ཁྱོད་ལ་གཟུགས་མི་རྟག་པ་བཤད་དོ།། གཟུགས་ནི་མི་རྟག་པ་སྟེ། ཐོག་མ་ནས་མ་སྐྱེས་པའོ།། སྐྱེས་ནས་འགོག་པའི་ཕྱིར་མངལ་དུ་འཇུག་པབ་ནུར་ནུར་པོའི་ཚེ་ཐོག་མ་ནས་མ་སྐྱེས་ལ། སྐྱེས་ནས་འགྱུར་བའི་ཕྱིར་རོ།། ཕྱི་རོལ་གྱི་མྱུ་གུ་དང་། སྡོང་བུའང་ཐོག་མོ་ནས་མ་སྐྱེས་ལོ། སྐྱེས་ནས་འགྱུར་པའི་ཕྱིར་རོ།། དེ་བས་ན་གཟུགས་ཀྱི་ཆོས་ཐམས་ཅད་ནི་མི་རྟག་པར་ཤེས་པར་བྱའོ།། རིགས་ཀྱི་བུ་ནང་གི་གཟུགས་ནི་དུས་བཞིན་དུ་འགྱུར་ཏེ། ནུར་ནུར་པོའི་ཚེའང་གཞན་ལ། མེར་མེར་པོའི་ཚེའང་གཞན། མར་མེར་གྱི་ཚེའང་གཞན། མཁྲེགས་པའི་ཚེའང་གཞན། མངལ་གྱི་ཚེའང་གཞན། སྐྱེ་བའི་ཚེའང་གཞན། བྱིས་པའི་ཚེའང་གཞན། གཞོན་ནུའི་ཚེའང་གཞན་ནས། རྒས་པའི་བར་དུ་འགྱུར་ཏེ། སོ་སོར་འགྱུར་པས་ན་གཞན་ནོ།། ཕྱི་རོལ་གྱི་གཟུགས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། མྱུ་གུའི་ཚེའང་གཞན། སྡོང་བུའི་ཚེའང་གཞན། ཡལ་གའི་ཚེའང་གཞན། ལོ་མའི་ཚེའང་གཞན། མེ་ཏོག་གི་ཚེའང་གཞན། འབྲས་བུའི་ཚེའང་གཞན་ནོ།། རིགས་ཀྱི་བུ་གཞན་ཡང་ནང་གི་རོ་ཟོ་བའང་ནུར་ནུར་པོའི་ཚེའང་གཞན་པ་ནས། རྒས་པའི་བ་རང་ཡང་ཐ་དད་དེ་གཞན་ནོ།། ཕྱི་རོལ་གྱི་རོ་བྲོ་བའང་དེ་དང་འདྲ་སྟེ། མྱུ་གུ་དང་། སྡོང་བུ་དང་། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་བར་དུ་ཐ་དད་དེ་གཞན་ནོ། ། ནུར་ནུར་པོའི་མཐུ་སྟོབས་ཀྱི་ཚེ་གཞན་པ་ནས། རྒས་ཀྱི་བར་དུ་མཐུ་སྟོབས་ཀྱང་ཐ་དད་དེ་གཞན་ནོ།། ནུར་ནུར་པོའི་ཚེ་གཟུགས་བྱེད་ཀྱང་གཞན་པ་ནས།། རྒས་པའི་བར་དུ་གཟུགས་བྱེད་ཀྱང་ཐ་དད་དེ་གཞན་ནོ།། ནུར་ནུར་པོའི་ཚེ་ན་རྣམ་པར་སྨིན་པའི་འབྲས་བུའང་གཞན་པ་ནས། རྒས་པའི་བར་དུ་རྣམ་པར་སྨིན་པའི་འབྲས་བུའང་ཐ་དད་དེ་གཞན་ནོ། ། ནུར་ནུར་པོའི་ཚེ་མིང་བཏགས་པའང་གཞན་པ་ནས། རྒས་པའི་བར་དུ་མིང་འདོགས་པའང་ཐ་དད་དེ་གཞན་ནོ།། འདི་ལྟ་སྟེ། ནང་གི་གཟུགས་ཀྱང་ཞིག་མ་ཐག་ཏུ་ཕྱིར་འདུ་བས་ན་མི་རྟག་སྟེ། ཕྱི་རོལ་གྱི་རྩི་ཤིང་ཡང་ཞིག་མ་ཐག་ཏུ་ཕྱིར་འདུ་བས་ན་མི་རྟག་གོ།། བགས་ཀྱི་སྐྱེ་བའི་ཕྱིར་ཡང་མི་རྟག་ནོ།། ནུར་ནུར་པོ་ནས་རྒས་པའི་བར་དུའང་བགས་ཀྱིས་སྐྱེ་ཞིང་འགྱུར་ལ། མྱ་གུནས་འབྲས་བུའི་བར་དུའང་བགས་ཀྱིས་སྐྱེནང་འགྱུར་བས་ན་མི་རྟག་གོ། གཟུགས་ཐམས་ཅད་འགོག་པར་འགྱུར་བས། མིརྟག་སྟེ། ནྡྷར་ནུར་པོ་འགོག་པའི་ཚེ་གཞན་པ་ནས། རྒས་པའི་བར་དུ་འགོག་པའང་གཞན་ནོ།། མྱུ་གུ་འགོག་པ་གཞན་པ་ནས། འབྲས་བུ་འགོག་པའི་བར་དུའང་ཀ་པས་ན་མོ་རྟག་གོ། ། བྱིས་པ་ས་རབས་ཤེས་པ་མེད་པ་དག་ནི་སྐྱེ་བ་དྲན་པས་མཐོང་བས་རྟག་པར་འཛིན་། དོན་དེ་ལྟ་བས་ན་མི་རྟག་པ་ཞེས་བྱའོ།། གལ་ཏེ་མི་རྟག་ན་དེ་ནི་སྡུག་བསྔལ་བ་ཡིན་ནོ། ། སྡུག་བསྔལ་བ་ཡིན་པས་ན་མི་གཙང་བའོ།། རིགས་ཀྱི་བུ་དོན་འདི་དག་ནི་འོད་སྲུངས་ཀྱིས་ཀྱང་སྔར་དྲིས་ཏེ། ངས་རྒྱས་པར་བཤད་དོ།། གཞན་ཡང་རིགས་ཀྱི་བུ་འདུ་བྱེད་ཐམས་ཅད་ལའང་བདག་ཅེས་བྱ་བ་མེད་དོ།། རིགས་ཀྱི་བུ་ཆོས་ཐམས་ཅད་ཅེས་བྱ་བ་ནི་མདོར་ན་གཟུགས་དང་གཟུགས་མ་ཡིན་པ་སྟེ། གཟུགས་ལ་ནི་བདག་ཅེས་བྱ་བ་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། གཞིག་ཏུ་རུང་། གཅད་དུ་རུང་ལ། བཙོག་ཏུ་རུང་ལ། སྐྱེ་ཞིང་འཕེལ་བའི་ཕྱིར་རོ།། བདག་ཅེས་བྱ་བ་ནི་གཞིག་ཏུ་མི་རུང་། གཅད་དུ་མི་རུང་། སྐྱེ་ཞིང་འཕེལ་བ་མེད་དེ། དེ་བས་ན་གཟུགས་ནི་བདག་མ་ཡིན་ནོ།། གཟུགས་མ་ཡིན་པའི་ཆོས་ཀྱང་བདག་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། རྒྱུ་དང་རྐྱེན་ལས་སྐྱེས་པའི་ཕྱིར་རོ།། རིགས་ཀྱི་བུ་ཅི་སྟེ་མུ་སྟེགས་ཅན་དག་རྩེ་གཅིག་ཏུ་དྲན་པས། བདག་ཡོད་པར་ཤེས་པ་ཡིན་ན། རྩེ་གཅིག་ཏུ་དྲན་པ་ཉིད་ནི་བདག་ཅེས་བྱ་བ་མ་ཡིན་ནོ། ། ཅི་སྟེ་རྩེ་གཅིག་ཏུ་དྲན་པ་བདག་ཡིན་ནོ་ཞེས་བྱར་ནི། འདས་པའི་དངོས་པོ་དག་བརྗེད་པའང་ཡོད་དོ།། བརྗེད་པ་ཡོད་པས་ན་ངེས་པར་བདག་ཅེས་བྱ་བ་མེད་དོ། ། རིགས་ཀྱི་བུ་ཅི་སྟེ་མུ་སྟེགས་ཅན་དག་དྲན་པའི་ཕྱིར། བདག་ཡོད་ཅེས་བྱར་ནི་དྲན་པ་མེད་པས་ན་བདག་ཅེས་བྱ་བ་མེད་དོ།། དཔེར་ན་མི་ཞིག་གི་ལག་པ་ལ་སོར་མོ་དྲུག་ཡོད་པ་མཐོང་ན་དེ་ལ་འདི་སྐད་དུ། སྔོན་ཆེ་གེ་མོ་ཞིག་ཏུ་མ་ཕྲད་དམ་ཞེས་འདྲིའོ།། ཅི་སྟེ་བདག་ཅེས་བྱ་བ་ཡོད་ན་འདྲི་བའི་ཡང་མི་རིགས་ཏེ། འདི་འདྲ་བ་ལགས་ན་བདག་ཅེས་བྱ་བ་ངེས་པར་མེད་དོ། ། རིགས་ཀྱི་བུ་ཅི་སྟེ་མུ་སྟེགས་ཅན་དག་པར་དུ་བཅད་ཅིང་བ་སྒྲིབ་ཏུ་རུང་བའི་ཕྱིར་བདག་ཡོད་ཅེས་བྱར་ནི། རིགས་ཀྱི་བུ་བསྒྲིབ་ཏུ་ཡོད་པས་ན། ངེས་པར་བདག་ཅེས་བྱ་བ་མེད་པར་ཤེས་སོ།། དཔེར་ན་ལྷ་སྦྱིན་ཞེས་བརྗོད་པའི་ཚེ། ལྷ་སྦྱིན་མ་ཡིན་ནོ་ཞེས་མི་བརྗོད་དོ།། བདག་ཀྱང་དེ་དང་འདྲ་སྟེ། ངེས་བར་བདག་ཡིན་ན་ལྟ་བདག་ཅེས་བྱ་བ་ལ་བསྒྲིབ་པར་མི་འགྱུར་ཏེ། བསྒྲིབ་པར་འགྱུར་པས་ན་ངེས་པར་བདག་ཅེས་བྱ་བ་མེད་དོ།། ཅི་སྟེ་བསླབ་པར་འགྱུར་བས་བདག་ཡོད་པར་ཤེས་ན་ད་ལྟར་ཁྱོད་མ་བསྒྲིབས་ན་ངེས་པར་བདག་ཅེས་བྱ་བ་མེད་དོ། ། རིགས་ཀྱི་བུ་ཅི་སྟེ་མུ་སྟེགས་ཅན་དག་ཐོགས་དང་། གྲོགས་མ་ཡིན་པ་ལས་བདག་ཡོད་པར་ཤེས་སོ་ཞེས་བྱར་ནི། གྲོགས་མེད་པས་ན་བདག་ཅེས་བྱ་བ་མེད་པའི་རིགས་སོ།། གྲོགས་མེད་པའི་ཆོས་ཡོད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དང་། ནམ་མཁའ་དང་། སངས་རྒྱས་ཀྱི་རང་བཞིན་ནོ།། བདག་ཅེས་བྱ་བའང་དེ་དང་འདྲ་བ་ཡང་དག་པར་གྲོགས་མེད།། དེ་བས་ན་ངེས་པར་བདག་ཅེས་བྱ་བ་མེད་དོ།། རིགས་ཀྱི་བུ་གཞན་ཡང་མུ་སྟེགས་ཅན་དག་ཅི་སྟེ་མིང་བཏགས་པ་ལས་བདག་ཡོད་པར་ཤེས་སོ་ཞེས་བྱ་ར་ནི། བདག་མེད་པའི་ཆོས་ལའང་བདག་ཅེས་འདོགས་པའི་མིང་ཡོད་དེ། དཔེར་ན་ཤིན་ཏུ་དབུལ་པོ་ཞིག་གི་མིང་ཕྱུག་པོའོ་ཞེས་འདོགས་པ་དང་། དཔེར་ན་བདག་ཤིའོ་ཞེས་བྱ་བ་སྟེ། གལ་ཏེ་བདག་ཅེས་བྱ་བ་ཤི་ན། བདག་གིས་བདག་གསོད་པར་འགྱུར་རོ།། བདག་ཅེས་བྱ་བ་ནི་ཡང་དག་པར་ན་གསད་དུ་མི་རུང་སྟེ། ཐ་སྙད་དུ་བདག་གསོད་པ་ཞེས་བཏགས་སོ།། དཔེར་ན་མི་ཐུང་ངུ་ཞིག་རིང་པོ་ཞེས་བཏགས་པ་དང་འདྲ་སྟེ། དེ་བས་ན་ངེས་པར་བདག་ཅེས་བྱ་བ་མེད་པར་ཤེས་སོ།། གཞན་ཡང་རིགས་ཀྱི་བུ་ཅི་སྟེ་མུ་སྟེགས་ཅན་དག་བུ་བྱུང་མ་ཐག་ཏུ་ནུ་ཞོ་ཚོལ་བ་ལས་བདག་ཡོད་པར་ཤེས་སོ་ཞེས་བྱ་བ་ནི། རིགས་ཀྱི་བུ་ཅི་སྟེ་བདག་བྱ་བ་ཡོད་ན་བྱིས་པ་ཆུང་ངུ་ཐམས་ཅད་མི་གཙང་བ་ངན་སྐྱུགས་དང་། མེ་དང་། སྦྲུལ་དང་། དུག་ལ་འཛིན་པའི་མ་ཚོགས་སོ།། དེ་བས་ན་ངེས་པར་བདག་ཅེས་བྱ་བ་མེད་དོ།། རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ན་རྣམ་པ་འདི་གསུམ་གྱི་ཡེ་ཤེས་མཉམ་པར་ཡོད་དོ། ། འདི་ལྟ་སྟེ། འདོད་ཆགས་དང་། ཟ་བ་དང་། འཇིགས་པ་དང་། དེ་བས་ན་བདག་ཅེས་བྱ་བ་མེད་དོ།། གཞན་ཡང་རིགས་ཀྱི་བུ་ཅི་སྟེ་མུ་སྟེགས་ཅན་དག་མཚན་མ་དང་། གཟུགས་ཙམ་ལས་བདག་ཡོད་པར་ཤེས་སོ་ཞེས་བྱར་ནི། རིགས་ཀྱི་བུ་མཚན་མ་ཡོད་པས་ཀྱང་བདག་མེད་ལ། མཚན་མ་མེད་པས་ཀྱང་བདག་མེད་དོ།། དཔེར་ན་མི་གཉིད་ལོག་པའི་ཚེ་སོང་བ་དང་། འོང་བ་དང་། དགུ་པ་དང་། དགྱེ་བ་དང་། ལྔ་པའང་མེད་ལ། བདེ་བ་དང་སྡུག་བསྔལ་བའང་མི་ཚོར་བས་ན་བདག་ཡོད་པའི་མི་རིགས་སོ། ། ཅི་སྟེ་སོང་བ་དང་། འོང་བ་དག། དགུ་པ་དང་། དགྱེ་བ་དང་། ལྟ་བ་ཡོད་པས་བདག་ཡོད་པར་ཤེས་ནི། ཤིང་གི་འཁྲུལ་འཁོར་ལས་བྱས་པའི་མི་ལའང་བདག་ཡོད་པའི་རིགས་སོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། མི་འགྲོ། མི་སྡོད། མི་དགྱེ་མི་དགུ། མི་ལྟ། མི་འཛུམ། སྡུག་བསྔལ་བ་མ་ཡིན། བདེ་བ་མ་ཡིན། འདོད་ཆགས་མ་ཡིན། ཞེ་སྡང་མ་ཡིན། གཏི་མུག་མ་ཡིན། སྤྲོད་པ་མ་ཡིན་ཏེ། དེ་ལྟར་ན་དེ་བཞིན་གཤེགས་པ་ནི་ཡང་དག་པའི་བདག་ཅེས་བྱ་བ་ཡོད་དོ།། གཞན་ཡང་རིགས་ཀྱི་བུ་ཅི་སྟེ་མུ་སྟེགས་ཅན་དག་ཕ་རོལ་བོས་ཤིང་ཐོག་སྦྱར། མོ་ཟ་ན། ཚུ་རོལ་གྱི་འགྲམ་ཆུ་ལངས་པ་ལས་བདག་ཡོད་པར་ཤེས་ཞེས་བྱར་ནི། རིགས་ཀྱི་བུ་དྲན་པ་ལས་མཐོང་ནས་འགྲམ་ཆུ་ལངས་ཏེ། འགྲམ་ཆུ་ནི་བདག་མ་ཡིན་བདག་ཀྱང་འགྲམ་ཆུ་མ་ཡིན་ནོ། ། དགའ་བ་མ་ཡིན། མྱ་ངན་མ་ཡིན། གླལ་བ་མ་ཡིན། དགོད་པ་མ་ཡིན། ལྷུང་བ་མ་ཡིན། སྐྱེ་བ་མ་ཡིན། སྐོམ་པ་མ་ཡིན། འགྲངས་པ་མ་ཡིན། དེ་བས་ན་ངེས་པར་བདག་མེད་པར་ཤེས་སོ།། རིགས་ཀྱི་བུ་མུ་སྟེགས་ཅན་དེ་དག་ནི་བུས་པ་ཆུང་ངུ་ཤེད་མ་བྱེ་བ་དང་འདྲ་སྟེ། ཤེས་བ་མེད་པ། ཐབས་མེད་པ། རྟོག་པ་མེད་པ། རྟག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདེ་བ་དང་། ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པ་དང་། བདག་དང་། བདག་མེད་པ་དང་། ཚོར་བ་དང་། ཚོར་བ་མ་ཡིན་པ་དང་། སེམས་ཅན་དང་། སེམས་ཅན་མ་ཡིན་པ་དང་བདེ་བ་དང་། བདེ་བ་མ་ཡིན་པ་དང་། ཡོད་པ་དང་། ཡོད་པ་མ་ཡིན་པ་མི་ཤེས་ཏེ། སངས་རྒྱས་ཀྱི་ཆོས་ལས་བག་དང་ཆ་ཙམ་ཞིག་བླངས་ནས་རྟག་པ་དང་། @་བ་དང་། བདག་དང་། ཡོངས་སུ་དག་པར་འཛིན་ཏེ། ཡང་དག་པར་རྟག་པ་དང་། བདེ་བ་དང་། བདག་དང་། ཡོངས་སུ་དག་པ་མི་ཤེས་སོ།། དཔེར་ན་དམུས་ལོང་འོ་མའི་ཁ་དོག་མི་ཤེས་པས། གཞན་ལ་འོ་མའི་ཁ་དོག་ཅི་འདྲ་ཞེས་དྲིས་པ་ལས། ཕ་རོལ་པོས་དུང་གི་ཁ་དོག་འཇའོ་ཞེས་བསྟན་ན། དམུས་ལོང་དེ་འོ་མའི་ཁ་དོག་ལ། དུང་ཀི་སྒྲ་འདྲ་བཞིག་ཡིན་པར་འཛིན་ཏོ། ། ཡང་དུང་གི་ཁ་དོག་ཅི་འདྲ་ཞེས་དྲིས་པ་ལས། འབྲས་ཕྱེ་འདྲའོ་ཞེས་སྨྲས་ན། དམུས་ལོང་དེ་དུང་གི་ཁ་དོག་ལ་ཤིན་ཏུ་འཇམ་པར་འཛིན་ཏོ།། ཡང་འདི་སྐད་དུ་འབྲས་ཕྱེ་ཁ་དོག་ཅི་འདྲ་ཞེས་དྲིས་པ་ལས། ཕ་རོལ་པོས་ཁ་བ་འདྲའོ་ཞེས་སྨྲས་ན། དམུས་ལོང་དེས་འབྲས་ཕྱེའི་ཁ་དོག་ལ་གྲང་བར་འཛིན་ཏོ།། ཁ་བའི་ཁ་དོག་ཀྱང་ཅི་འདྲ་ཞེས་དྲིས་པ་ལས། ཕ་རོལ་པོས་ངང་པའི་ཤོག་པ་འདྲའོ་ཞེས་སྨྲས་ཀྱང་། དམུས་ལོང་དེས་དེ་ལྟར་དཔེ་བསྟན་པ་བཞིའི་སྒོ་ནས་བསྟན་ཀྱང་། དམུས་ལོང་དེས་འོ་མའི་ཁ་དོག་ཡང་དག་པ་ཅི་འདྲ་བ་མི་ཤེས་སོ། ། མུ་སྟེགས་ཅན་དེ་དག་ཀྱང་དེ་དང་འདྲ་སྟེ། རྟག་པ་དང་། བདེ་བ་དང་། བདག་དང་། ཡོངས་སུ་དག་པ་མི་ཤེས་སོ། ། རིགས་ཀྱི་བུ་དེ་བས་ན་སངས་རྒྱས་ཀྱི་ཆོས་ལ་ནི་ཡང་དག་པའི་བདེན་པ་ཡོད་ཀྱི། མུ་སྟེགས་ཅན་རྣམས་ལ་ནི་མ་ཡིན་ནོ།། འཇམ་དཔལ་གཞོན་ནུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། ངོ་མཚར་ཆེའོ།། དེ་བཞིགས་པ་ནི་ཡོངས་སུ་མྱ་ངན་ལས་འདས་ཀར། ཐ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། ཡང་དག་པར་བདེན་པ་རྣམ་པར་ཕྱེ་སྟེ་བསྟན་ཏོ། ། བཅོམ་ལྡན་འདས་ཀྱིས། འཇམ་དཔལ་ལ་བཀའ་སྩལ་པ། ཅི་ཁྱོད་དེ་བཞིན་གཤེགས་པ་ལ་མྱ་ངན་ལས་འདའ་བར་འདུ་ཤེས་སམ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་ཡང་དག་པར་ན་རྟག་པ། གནས་པ། མི་འགྱུར་པ། ཡོངས་སུ་མྱ་ངན་ལས་མ་འདས་པའོ།། རིགས་ཀྱི་བུ་དེ་ལ་གང་ཞིག་བདག་ཏུ་འཛིན་ན། དེ་ནི་སངས་རྒྱས་ཀྱི་བདག་ཅེས་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ།། བདག་ཅེས་བྱ་བ་ནི་ཆོས་ཏེ། ཆོས་ནི་བདག་གི་བའོ།། བདག་ནི་ལམ་སྟེ། ལམ་ནི་བདག་གི་བའོ།། བདག་ནི་བཅོམ་ལྡན་འདས་ཏེ། བཅོམ་ལྡན་འདས་ནི་བདག་གི་བའོ།། བདག་ནི་ཉན་ཐོས་ཏེ། ཉན་ཐོས་ནི་བདག་གི་བའོ།། བདག་གི་བ་ནི་ཆོས་སྟོན་པར་འགྱུར་ཏེ། གཞན་དག་ཉན་པར་བྱེད་དོ།། བདག་ནི་ཆོས་ཀྱི་ལ་ལོ་བསྐོར་ཏེ། གཞན་གྱིས་ནུས་པ་མ་ཡིན་ནོ།། དེ་བཞིན་གཤེགས་པ་ནི་དེ་ལྟ་བུར་མི་འཛིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་འཁོར་ལོ་མོ་སྐོར་རོ།། རིགས་ཀྱི་བུ་གང་ཞིག་དེ་ལྟ་བུར་འཛིན་ན། བདག་ནི་མིག་གོ། མིག་ནི་བདག་གི་བའོ།། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་བར་དུའང་དེ་བཞིན་ཏེ། བདག་ནི་གཟུགས་སོ།། གཟུགས་ནི་བདག་གི་བའོ།། དེ་བཞིན་དུ་ཆོས་ཀྱི་བར་དུའང་རྒྱས་པར་རིག་པར་བྱའོ། ། བདག་ནི་སའོ།། ས་ནི་བདག་གི་བ་སྟེ། ཆུ་དང་། མེ་དང་། རླུང་ཡང་དེ་བཞིན་དུ་རིག་པར་བྱའོ།། རིགས་ཀྱི་བུ་དེ་ལ་གང་ཞིག་འདི་སྐད་དུ། བདག་ཅེས་བྱ་བ་ནི་དད་པའོ། ། དད་པ་ནི་བདག་གི་བའོ།། བདག་ཅེས་བྱ་བ་ནི་མང་དུ་ཐོས་པའོ།། མང་དུ་ཐོས་པ་ནི་བདག་གི་བའོ།། བདག་ཅེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གི་བའོ། ། བདག་ཅེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གི་བའོ།། བདག་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གི་བའོ།། བདག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གི་བའོ།། བདག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གི་བའོ།། ། བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གི་བའོ།། བདག་ནི་དྲན་པ་ཉེ་བར་གཞག་པ་བཞིའོ།། དྲན་པ་ཉེ་བར་གཞག་པ་བཞི་ནི་བདག་གི་བའོ།། དེ་བཞིན་དུ་ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཀྱང་རྒྱས་པར་རིག་པར་བྱའོ། ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་དེ་ལྟར་མི་འཛིན་པས་ན།། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་འཁོར་ལོ་མོ་སྐོར་རོ།། རིགས་ཀྱི་བུ་ཅི་སྟེ་བཞིན་གཤེགས་པ་རྟག་པ། གནས་པ། མི་འགྱུར། མི་འཕོ་བ་ཡིན་ན། ཅིའི་ཕྱིར་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་སྤྲས། དེ་བས་ན་ཁྱོ་ཀྱིས་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་བྱ་བའི་མི་རིགས་སོ། ། རིགས་ཀྱི་བུ་དཔེར་ན་མིག་དང་། སྣང་བ་དང་། བསམ་པ་འདུས་པ་ལས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ། ། རིགས་ཀྱི་བུ་མིག་ཀྱང་འདི་ལྟར་བདག་གིས་ནི་མིག་གི་རྣམ་པར་ཤེས་པ་བསྐྱེད་དོ་སྙམ་མི་སེམས་པ་ནས། བསམ་པའི་བར་དུའང་མིག་གི་རྣམ་པར་ཤེས་པ་བསྐྱེད་དོ་སྙམ་དུ་མི་སེམས་ལ། མིག་གི་རྣམ་པར་ཤེས་པ་ཉིད་ཀྱང་བདག་ནི་བདག་བསྐྱེད་དོ་སྙམ་དུ་མི་སེམས་ཏེ། རིགས་ཀྱི་བུ་འོན་ཀྱང་དེ་རྣམས་འདུས་ཤིང་འཚོགས་པ་ལས་མཐོང་བར་གྱུར་ཏོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང་། ཆོས་རྣམས་རྟོགས་པ་དང་། གཞན་ཡང་ལྐོག་མ་དང་། རྐན་དང་ལྕེ་དང་། སོ་དང་། མཆུ་དང་། ཁ་ལས་ཚིག་ཏུ་སྨྲ་བའི་སྒྲ་ལས། ཐོག་མ་ཚེ་དང་ལྡན་པ་ཀོའུ་དེ་རྒྱལ་ཆོས་སྟོན་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་སྟེ། དོན་དེ་ལྟ་བས་ན་དེ་བཞིན་གཤེགས་པབ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་མི་བྱའོ། ། རིགས་ཀྱི་བུ་གང་མ་བསྐོར་བ་དེ་ནི་ཆོས་ཤེས་བྱ་སྟེ། ཆོས་ནི་དེ་བཞིན་གཤེགས་པའོ།། རིགས་ཀྱི་བུ་དཔེར་ན་གཙུབ་ཤིང་དང་གཙུབསྟན་དང་། ལག་པ་དང་། བཙའ་འདུས་པ་ལས་མེ་བྱུང་སྟེ། གཙུག་ཤིང་ཡང་བདག་གིས་མེ་ཕྱུང་ངོ་སྙམ་མི་སེམས་ལ། གཙུབ་སྟན་དང་། ལག་པ་དང་། བཙའ་ཡང་བདག་གིས་མེ་ཕྱུང་ངོ་སྙམ་མི་སེམས་སོ། ། མེའང་དེ་ལྟར་བདག་གིས་བདག་ཕྱུང་ངོ་སྙམ་མི་སེམས་སོ།། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ན། ཚེ་དང་ལྡན་པ་ཀོའུ་དི་མྱའི་བར་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ནི་ངས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་སྙམ་མི་དགོངས་སོ།། རིགས་ཀྱི་བུ་དེ་ལྟར་མི་དགོངས་པ་དེ་ནི། ཆོས་ཀྱི་འཁོར་ལོ་ཡང་དག་པར་བསྐོར་བ་ཞེས་བྱ་སྟེ། དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ།། རིགས་ཀྱི་བུ་དཔེར་ན་མ་ར་ཡང་ཞོ་དང་། ཆུ་དང་། རྫ་མ་དང་། སྲུབ་ཤིང་དང་། ཐག་གུ་དང་། ལག་པ་ལས་མར་འབྱུང་སྟེ། ཞོའང་འདི་ལྟར་བདག་གིས་མར་ཕྱུང་ངོ་སྙམ་མི་སེམས་པ་ནས། ལག་པའི་བར་དུ་འདི་ལྟར་བདག་གིས་མར་ཕྱུང་ངོ་སྙམ་མི་སེམས། མར་ཡང་འདི་ལྟར་བདག་གིས་མར་ཕྱུང་ངོ་སྙམ་མི་སེམས་ཏེ། རྐྱེན་མང་པོ་འདུས་པ་ལས་མར་ཕྱུང་བར་གྱུར་ཏོ།། ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། འདི་ལྟར་ངས་ནི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་སྙམ་མི་དགོངས་སོ།། ཇི་ལྟར་མི་དགོངས་པ་དེ་ནི་ཆོས་ཀྱི་འཁོར་ལོ་ཡང་དག་པར་བསྐོར་བ་ཞེས་བྱ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ།། རིགས་ཀྱི་བུ་དཔེར་ན་ས་བོན་དང་། ས་དང་། ཆུ་དང་། མེ་དང་། རླུང་དང་། སྦེད་དང་། དུས་དང་། ལས་སུ་བྱས་པ་ལས་མྱུ་གུའང་སྐྱེ་བར་འགྱུར་རོ།། རིགས་ཀྱི་བུ་ས་བོན་ཡང་འདི་ལྟར་བདག་གིས་མྱུ་གུ་སྐྱེད་དོ་སྙམ་མི་སེམས་པ་ནས། ལས་སུ་བྱས་པའི་བར་དུའང་འདི་ལྟར་བདག་གིས་མྱུ་གུ་སྐྱེད་དོ་སྙམ་དུ་མི་སེམས། ། མྱུ་གུའང་འདི་ལྟར་བདག་གིས་མྱུ་གུ་སྐྱེད་དོ་སྙམ་མི་སེམས་སོ།། དེ་བཞིན་གཤེགས་པའང་དེ་དང་འདྲ་བར། ངས་ནི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་སྙམ་མི་དགོངས་ཏེ། རིགས་ཀྱི་བུ་གང་མི་དགོངས་པ་དེ་ནི་ཡང་དག་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ནི་དེ་བཞིན་གཤེགས་པའོ།། རིགས་ཀྱི་བུ་དཔེར་ན་རྔའང་རྔ་ཤིང་དང་། ཀོ་བ་དང་། མིའི་ལག་པ་དང་། བརྡུང་བ་འདུས་པ་ལས་སྒྲ་འབྱུང་སྟེ། རྔའང་འདི་ལྟར་བདག་གིས་སྨ་དབྱུང་ངོ་སྙམ་མི་སེམས་པ་ནས། བརྡུང་བ་དང་སྒྲའི་བབར་དུ་རང་བདག་གིས་སྒྲ་ཕྱུང་ངོ་སྙམ་མི་སེམས་སོ། ། དེ་བཞིན་གཤེགས་པའང་དེ་དང་འདྲ་བ་ར། ངས་ནི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་སྙམ་མི་དགོངས་སོ།། རིགས་ཀྱི་བུ་གང་དེ་ལྟར་མི་དགོས་པ་དེ་ནི་ཡང་དག་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་སྟེ། རིགས་ཀྱི་བུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་འདུས་མ་བྱས་པའོ།། འདུས་མ་བྱས་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའོ།། ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་དེ་བཞིན་གཤེགས་པའོ། ། རིགས་ཀྱི་བུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱོད་ཡུལ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པ་མ་ཡིན་ནོ། ། རིགས་ཀྱི་བུ་ནམ་མཁའ་ནི་སྐྱེ་བ་མ་ཡིན། སྐྱེས་པ་མ་ཡིན། བྱེད་པ་མ་ཡིན།། བྱས་པ་མ་ཡིན། འདུས་བྱས་ཀྱི་ཆོས་མ་ཡིན་ནོ།། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སྐྱེ་བ་མ་ཡིན། སྐྱེས་པ་མ་ཡིན། བྱེད་པ་མ་ཡིན། བྱས་པ་མ་ཡིན། འདུས་བྱས་ཀྱི་ཆོས་མ་ཡིན་ནོ།། དེ་བཞིན་གཤེགས་པ་ཇི་ལྟ་བ་བཞིན་དུ། སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེང་སྐྱེ་བ་མ་ཡིན། བྱེད་པ་མ་ཡིན། བྱས་པ་མ་ཡིན། འདུས་བྱས་ཀྱི་ཆོས་མ་ཡིན་ནོ།། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་གྱི་གསུང་དང་འཇིག་རྟེན་ལས་འདས་པའི་གསུང་ངོ་། ། རིགས་ཀྱི་བུ་དེ་བཞིན་གཤེགས་པས། ཉན་ཐོས་དང་རང་སངས་རྒྱས་ལ་ནི་འཇིག་རྟེན་གྱི་གསུང་གིས་གསུང་ངོ་།། བྱང་ཆུབ་སེམས་དཔའ་རྣམས་ལ་ནི་འཇིག་རྟེན་ལས་འདས་པའི་གསུང་གིས་གསུང་ངོ་། ། རིགས་ཀྱི་བུ་འཁོར་གྱི་དཀྱིལ་འཁོར་ལའང་རྣམ་པ་གཉིས་ཏེ། ཐེག་པ་ཆུང་ངུ་ཚོལ་བ་དང་། ཐེག་པ་ཆེན་པོ་ཚོལ་བའོ།། ངས་སྔོན་ཝཱ་རཱ་ཎཱ་སིར་ཉན་ཐོས་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། ། ད་ཡང་རྩཝ་མཆོག་གི་ཟོང་ཁྱེར་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། རིགས་ཀྱི་བུ་གཞན་ཡང་གང་ཟག་ལ་རྣམ་པ་གཉིས་ཏེ། དབང་པོ་འབྲིང་པོ་དང་། དབང་པོ་རབ་བོ།། དབང་པོ་འབྲིང་པོ་ལ་ནི་ཝ་རཱ་ཎཱ་སི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། ། དབང་པོ་རབ་ནི་མོའི་ནང་ན་ཁྱུ་མཆོག་གི་རྒྱལ་པོ་ལྟ་བུ། བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་སོགས་པ་ལ་རྩ་མཆོག་གི་གྲོང་ཁྱེར་འདིར་ཆོས་ཆེན་པོའི་འཁོར་ལོ་བསྐོར་ཏོ། ། རིགས་ཀྱི་བུ་དབང་པོ་ཐ་མ་ལ་ནི། དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་མི་བསྐོར་ཏེ། དབང་པོ་ཐ་མ་ཞེས་བྱ་བ་ནི་ལོག་སྲེད་ཅན་དག་གོ།། རིགས་ཀྱི་བུ་གཞན་ཡང་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བ་ལའང་རྣམ་པ་གཉིས་ཏེ། བརྩོན་འགྲུས་འབྲིང་པོ་དང་། བརྩོན་འགྲུས་རབ་བོ།། ཝཱ་ར་ཎཱ་སིར་ནི་བརྩོན་འགྲུས་འབྲིང་པོ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། ། རྩཝ་མཆོག་གི་གྲོང་ཁྱེར་འདིར་ནི་བརྩོན་འགྲུས་རབ་རྣམས་ལ་ཆོས་ཆེན་པོའི་འཁོར་ལོ་བསྐོར་ཏོ།། རིགས་ཀྱི་བུ་གཞན་ཡང་ངས་སྔུན་ཝཱ་རཱ་ཎཱ་སིར་ཐོག་མ་ཆོས་ཀྱི་འཁོར་ལོ་བསྐོར་བ་ན། ལྷ་དང་མི་བརྒྱད་ཁྲི་སྙེད་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ།། ད་རྩཝ་མཆོག་གི་གྲོང་ཁྱེར་འདིར་ནི་ལྷ་དང་མི་ཁྲི་ཕྲག་བརྒྱད་ཅུ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ། རིགས་ཀྱི་བུ་སྔུན་ཝཱ་རཱ་ཎཱ་སིར་ནི་ཚངས་པ་ཆེན་པོའི་རྒྱལ་པོ་ང་ལ་ཕྱག་འཚལ་ཏེ། ཆོས་ཀྱི་འཁོར་ལོ་། བསྐོར་བར་གསོལ་ཏོ།། རྩཝ་མཆོག་གི་གྲོང་ཁྱེར་འདིར་ནི་བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་ང་ལ་ཕྱག་འཚལ་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་ཏོ།། རིགས་ཀྱི་བུ་གཞན་ཡང་སྔུན་ལྔ་རཱ་ཎཱ་སིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་བསྟན་ཏོ།། ད་རྩ་མཆོག་གི་གྲོང་ཁྱེར་འདིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་རྟག་པ་དང་། བདེ་བ་དང་། བདག་དང་། ཡོངས་སུ་དག་པ་བསྟན་ཏོ།། གཞན་ཡང་རིགས་ཀྱི་བུ་ངས་སྔུན་ཝཱ་རཱ་ཎཱ་སི་ར་ཆོས་ཀྱི་འཁོར་ལོ་བསྐོར་བ་ན། གསུང་དབྱངས་ཚངས་པའི་འཇིག་རྟེན་ལ་ཐུག་གི་བར་དུ་གྲགས་སོ། ། ད་རྩཝ་མཆོག་གི་གྲོང་ཁྱེར་འདིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ན། གསུང་དབྱངས་ཀྱིས་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་ཀླུང་གངྒཱའི་བྱེ་མ་ཉི་ཤུ་སྙད་དུ་གྲགས་ཏེ། ལྷོ་དང་། ནུབ་དང་། བྱང་དང་། ཕྱོགས་མཚམས་བཞི་དང་། སྟེང་དང་། འོག་ཏུའང་དེ་བཞིན་དུ་གྲགས་པར་གྱུར་ཏོ།། གཞན་ཡང་རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཇི་ཙམ་དུ་གསུང་བ་ཐམས་ཅད་ནི། ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱའོ།། རིགས་ཀྱི་བུ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་ནི། མ་བཏུལ་བའི་རྣམས་ཐུལ་བ་དང་། དུལ་བའི་རྣམས་བདེ་བར་བྱེད་དོ། ། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་གསུངས་པའང་དེ་དང་འདྲ་སྟེ། ཚད་མེད་པའི་ཀུན་ནས་ཉོན་མོངས་པ་མ་བཏུལ་བའང་ཐུལ་བར་བྱེད་ལ་ཐུལ་བའང་དགེ་བའི་རྩ་བ་སྐྱེད་པར་བྱེད་དོ། ། རིགས་ཀྱི་བུ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི། འཁོར་ལོ་རིན་པོ་ཆེས་པས་རྒོལ་བའི་དགྲ་ཐམས་ཅད་ཞི་བར་བྱེད་དོ།། དེ་བཞིན་གཤེགས་པས་ཆོས་བསྟན་པའང་དེ་དང་འདྲ་སྟེ། ཀུན་ནས་ཉོན་མོངས་པའི་དགྲ་ཐམས་ཅད་ཞི་བར་བྱེད་དོ།། གཞན་ཡང་རིགས་ཀྱི་བུ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་ནི་འོག་ནས་སྟེང་དུ་ཡིད་བཞིན་དུ་འགྱུར་རོ། ། དེ་བཞིན་གཤེགས་པས་ཆོས་བསྟན་པའང་དེ་དང་འདྲ་སྟེ། ངན་སོང་གི་སེམས་ཅན་ཐམས་ཅད་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས། སངས་རྒྱས་ཀྱི་བྱང་ཆུབ་ལ་ཐུག་གི་བར་དུ་ཕྱིན་པར་བྱེད་དོ།། རིགས་ཀྱི་བུ་དེ་བས་ན་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་འཁོར་ལོ་གདོད་བསྐོར་ཏོ་ཞེས་མ་ཟེར་ཅིག། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དོན་འདི་དག་བདག་གིས་མི་འཚལ་བའི་སླད་དུ་ཞུ་བ་ནི་མ་ལགས་ཀྱི། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སླད་དུ་ཞུས་པ་ལགས་སོ།། བཅོམ་ལྡན་འདས་བདག་ནི་ཡུན་རིང་པོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱོད་ཡུལ་ལགས་ཀྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་ཡུལ་མ་ལས་པར་འཚལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལ་གནས་པ་ན་འཕགས་པའི་སྤྱོད་པ་སྤྱོད་པ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གཞན་ཡང་ཅིའི་སླད་དུ་འཕགས་པས་སྤྱོད་པ་ཞེས་བགྱིད་བཀའ་སྩལ་པ། རིགས་ཀྱི་བུ་འཕགས་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། དེ་བས་ན་འཕགས་པའི་སྤྱོད་པ་ཞེས་བྱའོ།། གསོལ་པ། བཅོམ་ལྡན་འདས་གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྤྱོད་པ་ལགས་ན། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་མ་ལགས་སོ།། བཀའ་སྩལ་པ། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཀྱང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་བརྟེན་ཏེ། འདི་ལྟར་རྣམ་པར་ཕྱེ་ཞིང་བསྟན་པས་འཕགས་པའི་སྤྱོད་པ་ཞེས་བྱའོ།། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་ལྟར་ཐོས་ནས་རྗེས་སུ་སྤྱོད་ན་འཕགས་པའི་སྤྱོད་པ་ཞེས་བྱའོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་སྤྱོད་པ་འདི་ལ་གནས་ན། འཇིགས་པ་མེད་པའི་ས་ལ་གནས་པར་འགྱུར་རོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་མི་འཇིགས་པའི་ས་ལ་གནས་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བས་ནམ་དུའང་མི་འཇིགས་ཏེ། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། ཡི་དགས་སུ་ལྷུང་བའི་འཇིགས་པ་མེད་པར་འགྱུར་རོ།། རིགས་ཀྱི་བུ་མི་དགེ་བ་ལ་རྣམ་པ་གཉིས་ཏེ། ལྷ་མ་ཡིན་དང་། མིའི་ནང་དུ་སྐྱེས་པའོ།། ། མིའི་ནང་དུ་སྐྱེས་པ་ལའང་མི་དགེ་བ་རྣམ་པ་གསུམ་སྟེ། ལོག་སྲེད་ཅན་དང་། ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་སྐུར་པ་དང་། ཕས་ཕམ་པ་བཞི་ཉམས་པའོ།། རིགས་ཀྱི་བུས་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། ནམ་དུའང་དེ་ལྟ་བུའི་མི་དགེ་བའི་གནས་སུ་ལྟུང་བས་མི་འཇིགས་སོ།། གཞན་ཡང་དགེ་སྦྱོང་དང་། བྲམ་ཟེ་དང་། མུ་སྟེགས་ཅན་ངན་པར་ལྟ་བ་དང་། ལྷའི་བདུད་སྡིག་ཏོ་ཅན་ལ་སོགས་པས་ཀྱང་མི་འཇིགས་སོ། ། གཞན་ཡང་སྲིད་པ་ཉི་ཤུ་ལྔ་པོས་མི་འཇིགས་ཏེ། དེ་བས་ན་ས་འདི་ནི་འཇིགས་པ་མེད་པ་ཞེས་བྱའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཇིགས་པ་མེད་པའི་ས་ལ་གནས་པ་ནི། ཏིང་ངེ་འཛིན་རྣམ་པ་ཉི་ཤུ་ལྔ་ཐོབ་པས་སྲིད་པ་ཉི་ཤུ་ལྔ་གཞོམ་པར་བྱེད་དོ།། རིགས་ཀྱི་བུ་དྲི་མ་མེད་པའི་ཏིང་ངེ་འཛིན་ཐོབ་པས་ནི། སེམས་ཅན་དམྱལ་བའི་སྲིད་པ་བཅོམ། ཕྱིར་མི་ལྡོག་པའི་ཏིང་ངེ་འཛིན་ཐོབ་པས་ནི། བྱོལ་སོང་གི་སྲིད་པ་བཅོམ། སེམས་བདེ་བའི་ཏིང་ངེ་འཛིན་ཐོབ་པས་ནི། ཡི་དགས་ཀྱི་སྲིད་པ་བཅོམ། རབ་ཏུ་དགའ་བའི་ཏིང་ངེ་འཛིན་ཐོབ་པས་ནི། ལྷ་མ་ཡིན་གྱི་སྲིད་པ་བཅོམ་ཉི་མའི་འོད་ཟེར་གྱི་ཏིང་ངེ་འཛིན་ཐོབ་པས་ནི། ཤར་གྱི་ལུས་འཕགས་གླིང་དུ་སྐྱེ་བའི་སྲིད་པ་བཅོམ། ཟླ་བའི་འོད་ཟེར་གྱི་ཏིང་ངེ་འཛིན་ཐོབ་པས་ནི། ནུབ་ཀྱི་བ་གླང་སྤྱོད་དུ་སྐྱེ་བའི་སྲིད་པ་བཅོམ། མེའི་དཔལ་གྱི་ཏིང་ངེ་འཛིན་ཐོབ་པས་ནི། བྱང་གི་སྒྲ་མི་སྙན་དུ་སྐྱེ་བའི་སྲིད་པ་བཅོམ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པས་ནི། ལྷོའི་འཛམ་བུ་གླིང་དུ་སྐྱེ་བའི་སྲིད་པ་བཅོམ་མོ།། ཆོས་ཐམས་ཅད་མི་གཡོ་བའི་ཏིང་ངེ་འཛིན་ཐོབ་པས་ནི། རྒྱལ་ཆེན་བཞིའི་གནས་སུ་སྐྱེ་བའི་སྲིད་པ་བཅོམ། ཤིན་ཏུ་གདུལ་དཀའ་བའི་ཏིང་ངེ་འཛིན་ཐོབ་པས་ནི། སུམ་ཅུ་རྩ་གསུམ་གནམ་དུ་སྐྱེ་བའི་སྲིད་པ་བཅོམ། ཡིད་དུ་འོང་བའི་ཏིང་ངེ་འཛིན་ཐོབ་བས་ནི། ཐུན་སྤོངས་འཐབ་བྲལ་གནམ་དུ་སྐྱེ་བའི་སྲིད་པ་བཅོམ། ཐམས་ཅད་སྔོན་པོའི་ཏིང་ངེ་འཛིན་ཐོབ་པས་ནི། དགའ་ལྡན་གནམ་དུ་སྐྱེ་བའི་སྲིད་པ་བཅོམ། ཐམས་ཅད་སེར་པོའི་ཏིང་ངེ་འཛིན་ཐོབ་པས་ནི། འཕྲུལ་དགའི་གནམ་དུ་སྐྱེ་བའི་སྲིད་པ་བཅོམ། ཐམས་ཅད་དམར་པོའི་ཏིང་ངེ་འཛིན་ཐོབ་པ་ནི། གཞན་འཕྲུལ་དབང་བྱེད་ཀནམ་དུ་སྐྱེ་བའི་སྲིད་པ་བཅོམ། ཐམས་ཅད་དཀར་པོའི་ཏིང་ངེ་འཛིན་ཐོབ་པས་ནི། བསམ་གཏན་དང་པོའི་སྲིད་པ་བཅོམ། རྣམ་པ་སྣ་ཚོགས་ཀྱི་ཏིང་ངེ་འཛིན་ཐོབ་པས་ནི། ཚངས་པ་ཆེན་པོའི་སྲིད་པ་བཅོམ། ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ཐོབ་པས་ནི། བསམ་གཏན་གཉིས་བའི་སྲིད་པ་བཅོམ། འབྲུག་སྒྲའི་ཏིང་ངེ་འཛིན་ཐོབ་པས་ནི། བསམ་གཏན་གསུམ་པའི་སྲིད་པ་བཅོམ། ཆར་འབབ་པའི་ཏིང་ངེ་འཛིན་ཐོབ་པས་ནི། བསམ་གཏན་བཞི་པའི་སྲིད་པ་བཅོམ། ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པས་ནི། འདུ་ཤེས་མེད་པའི་སྲིད་པ་བཅོམ། མེ་ལོང་ལྟ་བུའི་ཏིང་ངེ་འཛིན་ཐོབ་པས་ནི།། གཙང་མའི་རིས་ལན་ཅིག་ཕྱིར་མི་ལྡོག་པའི་སྲིད་པ་བཅོམ། ཆགས་པ་མེད་པའི་ཏིང་ངེ་འཛིན་ཐོབ་པས་ནི། ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟེངས་ཀྱི་སྲིད་པ་བཅོམ། རྟག་པའི་ཏིང་ངེ་འཛིན་ཐོབ་པས་ནི། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟེངས་ཀྱི་སྲིད་པ་བཅོམ་དགའ་བའི་ཏིང་ངེ་འཛིན་ཐོབ་པས་ནི། ཅུང་ཟད་མེད་པའི་སྐྱེ་མཆེད་སྟེངས་ཀྱི་སྲིད་པ་བཅོམ། བདག་གི་ཏིང་ངེ་འཛིན་ཐོབ་པས་ནི།། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེངས་ཀྱི་སྲིད་པ་བཅོམ། རིགས་ཀྱི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཉི་ཤུ་རྩ་ལྔ་ཐོབ་པས། སྲིད་པ་ཉི་ཤུ་རྩ་ལྔ་བཅོམ་པ་ཞེས་བྱའོ།། རིགས་ཀྱི་བུ་ཏིང་ངེ་འཛིན་ཉི་ཤུ་རྩ་ལྔ་པོ་འདི་དག་ནི། ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་དག་ལ་ཞུགས་ན། གལ་ཏེ་རི་རབ་རིའི་རྒྱལ་པོ་འདི་འཇིག་པར་འདོད་ནའང་བསམས་པ་བཞིན་དུ་འཇིག་གོ། ། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཤེས་པར་འདོད་ནའང་ཡིད་བཞིན་དུ་ཤེས་པར་འགྱུར་རོ། ། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་ཐམས་ཅད་ལུས་ཀྱི་བ་སྤའི་ཁུང་གཅིག་ཏུ་ཞུགས་པར་འདོད་ནའང་ཡིད་བཞིན་དུ་འགྱུར་ཏེ། དོག་པའམ། གཟེར་བའི་སེམས་མེད་དོ།། གལ་ཏེ་སེམས་ཅན་གྲངས་མེད་པར་སྤྲུལ་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངས་སུ་གང་བར་འདོད་ནའང་ཡིད་བཞིན་དུ་འགྱུར་རོ། ། ཅི་སྟེ་ལུས་གཅིག་ལས་ལུས་མང་པོར་འདོད་དམ། ལུས་མང་པོ་ལས་གཅོག་འདོད་ནའང་ཡོད་བཞིན་དུ་འགྱུར་ཏེ། དེ་ལྟ་བུར་འགྱུར་མོད་ཀྱི། པདྨོ་ལྟར་སེམས་ཅི་ལའང་མི་ཆགས་སོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན་གྱི་རྒྱལ་པོ་དེ་ལ་ཞུགས་ནས། དབང་དུ་འགྱུར་བའི་ས་ལའང་གནས་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་དབང་དུ་འགྱུར་བའི་ས་ལ་གནས་པ་ནི། དབང་དུ་འགྱུར་པའི་མཐུ་དང་ལྡན་པས་གང་ནས་གང་དུ་སྐྱེ་བར་འདོད་པ་དེ་དང་དེ་དག་ཏུ་ཡིད་བཞིན་དུ་སྐྱེ་བར་འགྱུར་རོ།། རིགས་ཀྱི་བུ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞིར་འགྲོ་འདོད་ན་ཡིད་བཞིན་དུ་ཕྱིན་ཏེ་བར་དུ་གཅོད་པ་མེད་དོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། གང་ནས་གང་དུ་སྐྱེ་བར་འདོད་པ་དེ་དང་དེ་དོག་ཏུ་ཡིད་བཞིན་དུ་སྐྱེ་བར་འགྱུར་རོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། གལ་ཏེ་སེམས་ཅན་དམྱལ་བ་ན་གནས་པའི་སེམས་ཅན་དག་དགེ་བའི་རྩ་བ་ལ་འཇོག་པར་གྱུར་ན། བྱང་ཆུབ་སེམས་དཔའ་དེར་སྐྱེས་ཏེ། བྱང་ཆུབ་སེམས་དཔའ་དེར་སྐྱེས་མོད་ཀྱི། སྔོན་གྱི་ལས་ཀྱི་འབྲས་བུས་ནི་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་དུ་འགྱུར་བའི་ས་ལ་གནས་པ་དེའི་རྒྱུ་དེའི་རྐྱེན་གྱིས་དེར་སྐྱེ་བར་འགྱུར་རོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དམྱལ་བ་ན་གནས་མོད་ཀྱི། དམྱལ་བ་གཏུབ་པའི་སྡུག་བསྔལ་ལ་སོགས་པ་ནི་མི་མྱོང་ངོ་།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལྷུན་གྱིས་གྲུབ་པའི་ཡོན་ཏན་ཡང་ཚད་མེད་དཔག་ཏུ་མེད་དེ། བསྐལ་པ་ཁྲི་ཕྲག་བརྒྱ་སྟོང་གི་བར་དུ་རང་བཤད་ཀྱིས་མི་རྫོགས་ན།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོན་ཏན་བརྗོད་པ་ལྟ་སྨོས་ཀྱང་ཅི་དགོས། ། དེའི་ཚེ་ན་འཁོར་གྱི་དཀྱིལ་འཁོར་དེ་ན། བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ་གཟི་བརྗིད་ཆེན་པོ་དང་མངོན་པར་ཤེས་པ་དང་ལྡན་པ། གཟུངས་ཆེན་པོ་ཐོབ་པ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་འཇིགས་པ་མེད་པ་ཐོབ་པ་ཞིག་འདུག་པ་སྟན་ལས་ལདྲ་ནས། བླ་གོས་ཕྱོགས་གཅིག་ཏུ་བྱས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱི་གསུངས་པ་ལྟར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་དང་ཡེ་ཤེས་ནི་ཚད་མ་མཆིས། དཔག་ཏུ་མ་མཆིས་ཏེ། བསྐལ་པ་ཁྲི་ཕྲག་བརྒྱ་སྟོང་གི་བར་དུའང་བཤད་ཀྱིས་མི་རྫོགས་ཤེས་བགྱི་བ་བདག་གིས་ཡིད་ལ་བསམས་པ་ལྟར། ཐེག་པ་ཆེན་པོའི་མེདོ་སྡེ་དང་སྦྱར་ན་དེ་ལྟ་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེའི་མཐུས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ལས་འབྱུང་ཞིང་སྐྱེའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནས། རིགས་ཀྱི་བུ་དེ་དེ་བཞིན་ནོ། ། དེ་དེ་བཞིན་ཏེ། ཁྱོད་ཀྱིས་སྨྲས་པ་བཞིན་ཏེ། དེ་ལྟར་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ཡང་། དེ་ལྟར་ཡོན་ཏན་ཚད་མེད་པ་མཐའ་ཡས་པ་དང་ལྡན་མོད་ཀྱི། མདོ་སྡེ་དེ་དག་འདིའི་དཔེར་ཡང་མི་བཟོད་དེ། བརྒྱའི་ཆར་ཡང་མི་བཟོད། སྟོང་གི་ཆར་ཡང་མི་བཟོད། བརྒྱ་སྟོང་གི་ཆར་ཡང་མི་བཟོད་པ་ནས། རྩིས་སམ། གྲངས་སམ། དཔེའི་བར་དུའང་མི་བཟོད་དོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་བ་ལས་འོ་མ་བྱུང་སྟེ། འོ་མ་ལས་ནི་ཞོ་བྱུང་། ཞོ་ལས་ནི་མར་བྱུང་། མར་ལས་ནི་ཞུན་མར་བྱུང་། ཞུན་མར་ལས་ནི་མར་གྱི་སྙིང་པོ་འབྱུང་། མར་གྱི་སྙིང་པོ་ཞེས་བྱ་བ་ནི་མཆོག་དང་ཕུལ་དུ་གྱུར་པ་སྟེ། གང་ནི་གིས་འཐུངས་ན་ནད་རྣམས་འབྱང་བར་འགྱུར་ཏེ། སྨན་ཐམས་ཅད་ཀྱི་ནང་དུའང་འགྲོའོ།། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཀྱང་དེ་དང་འདྲ་སྟེ། སངས་རྒྱས་ལས་ནི་མདོ་སྡེ་བཅུ་གཉིས་འབྱུང་ངོ་།། མདོ་སྡེ་བཅུ་གཉིས་ལས་ནི་མདོའི་སྡེ་འབྱུང་ངོ་། ། མདོའི་སྡེ་ལས་ནི་ཤིན་ཏུ་རྒྱས་པའི་མདོ་སྡེ་འབྱུང་ངོ་།། ཤིན་ཏུ་རྒྱས་པའི་མདོ་སྡེ་ལས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བྱུང་ངོ་།། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ། ། མར་གྱི་སྙིང་པོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་གྱི་དཔེའོ།། སངས་རྒྱས་ཀྱིས་རང་བཞིན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ།། རིགས་ཀྱི་བུ་དེ་བས་ན་དེ་བཞིན་གཤེགས་པའི་ཡོན་ཏན་ནི་ཚད་མེད་མཐའ་ཡས་དཔག་ཏུ་མེད་པ་ཡིན་ནོ། ། དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པ་ལྟར། ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ནི་མར་གྱི་སྙིང་པོ་ལྟར་མཆོག་ཏུ་གྱུར། ཕུལ་དུ་གྱུར་ཏེ། གང་ཞིག་གིས་འཐུངས་ན་ནད་ཐམས་ཅད་འབྱང་བར་འགྱུར་ལ། སྨན་ཐམས་ཅད་ཀྱི་ནང་དུའང་འགྲོའོ་ཞེས་གསུངས་པ་ཐོས་ནས་བདག་འདི་སྙམ་དུ་གྱུར་ཏོ།། གང་མདོ་སྡེ་འདི་མ་ཉན་ཅིང་མི་འདོད་པ་དེ་ནི་ཤིན་ཏུའང་ག་ཏི་མུག་ཆེ་བ་སྟེ། དགེ་བའི་སེམས་མ་མཆིས་པར་འཚལ་ཏོ།། བཅོམ་ལྡན་འདས་བདག་ནི་པགས་པ་བཤུས་ཏེ་ཡི་གེ་འདྲི་བའི་གཞིར་བྱས་ལ། ཁྲག་ཕྱུང་སྟེ་སྣག་ཚར་བྱ་བ་དང་། རྐང་ཕྱུང་སྟེ་ཆུར་བྱ་བ་དང་། རུས་པ་གཞོགས་ཏེ་སྦུ་གུར་བྱས་ལ། ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་འབྲི་བར་བཟོད་དོ།། བྲིས་ནས་ཀྱང་ཀློག་པ་དང་། འདོན་པ་དང་། ཁོང་དུ་ཆུད་པར་བྱ་བ་དང་། གཞན་ལ་ཡང་རྒྱ་ཆེར་སྟོན་ཅིང་འཆད་ཀྱང་བཟོད་དོ། ། བཅོམ་ལྡན་འདས་གལ་ཏེ་སེམས་ཅན་གང་ཞིག་ལོངས་སྤྱོད་ལ་ཆགས་པར་གྱུར་ན། བདག་གིས་དེ་ལ་སྔར་ལོངས་སྤྱོད་བྱིན་ཏེ། དེའི་འོག་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་ཀློག་པར་བསྐུལ་ལོ། ། གལ་ཏེ་ལོངས་སྤྱོད་ཆེན་པོ་དང་ལྡན་པ་ཞིག་ན་སྔར་ཡིད་ལ་འདོད་པའི་གཏམ་སྙན་པ་བྱས་ཏེ། དེའི་འོག་ཏུ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ཀློག་པར་བསྐུལ་ལོ། གལ་ཏེ་མ་རབས་ཤིག་ཡིན་ནའང་མཐུས་ནན་གྱིས་ཀློག་ཏུ་གཞུག་གོ།། གལ་ཏེ་ང་རྒྱལ་ཅན་ཞིག་ཡིན་ནའང་བདག་གིས་སྔར་ཡིད་བཞིན་དུ་གཡོག་བྱས་ཏེ། ཤིན་ཏུ་དགའ་ཞིང་མགུ་བར་བྱས་ལ། དེའི་འོག་ཏུ་ཡོ་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་བསྟན་ཏོ། ། གལ་ཏེ་ཤིན་ཏུ་རྒྱས་པའི་མརྡོ་སྡེ་ལ་སྐུར་པ་ཞིག་མཆིས་ན། མཐུ་སྟོབས་ཀྱིས་གདུལ་བར་འཚལ་ལོ།། བཏུལ་ནས་དེའི་འོག་ཏུ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ཀློག་ཏུ་བཞུག་གོ། ། གལ་ཏེ་ཐེག་པ་ཆེན་པོའི་མདོ་སྡེ་ལ་དད་ཅིང་མོས་པ་ཞིག་ན། བདག་དེའི་དྲུང་དུ་མཆིས་ཏེ། ཤིན་ཏུ་བསྟི་སྟང་དང་། རིམ་གྲོ་དང་། བཀུར་སྟི་དང་། མཆོད་པ་དང་། བསྟོད་པ་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འོད་སྲུངས་ལ་བཀའ་སྩལ་པ། ལེགས་སོ་ལེགས་སོ།། ཁྱོད་ཐེག་པ་ཆེན་པོའི་མདོ་སྡེ་ལ་ཤིན་ཏུ་མོས་པ་དང་། ཐེག་པ་ཆེན་པོའི་མདོ་སྡེ་ལ་ཤིན་ཏུ་དགའ་བ་དང་། ཐེག་པ་ཆེན་པོའི་མདོ་སྡེ་འདོད་པ་དང་། ཐེག་པ་ཆེན་པོའི་མདོ་སྡེའི་རོ་ལ་དགའ་བ་དང་། ཐེག་པ་ཆེན་པོ་ལ་ཤིན་ཏུ་དང་པ་དང་། སྟི་སྟང་དང་། བཀུར་སྟི་དང་། མཆོད་པ་བྱེད་པ་ལེགས་སོ། ། རིགས་ཀྱི་བུ་ཁྱོད་ཀྱིས་འདི་ལྟར་ཤིན་ཏུ་དགེ་བའི་སེམས་འདིའི་རྒྱུ་དང་། འདིའི་རྐྱེན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་མཐའ་ཡས་པ་ཀླུང་གངྒཱའི་བྱེ་མ་སྙེད་ལས་གོང་དུ་འཕགས་ཏེ། དེ་དག་པས་སྔར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ།། ཁྱོད་ནི་རིང་པོར་མི་ཐོགས་པར་འཁོར་གྱི་དཀྱིལ་འཁོར་མང་པོ་ལ། ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རང་བཞིན་དགོངས་ཏེ་གསུངས་པའི་སྙིང་པོ་སྟོན་ཅིང་འཆད་པར་འགྱུར་རོ།། རིགས་ཀྱི་བུ་སྔོན་འདས་པའི་དུས་སངས་རྒྱས་ཀྱི་ཉི་མ་མ་ཤར་བ་དེའི་ཚེ་དེའི་དུས་ན་ང་བྲམ་ཟེར་གྱུར་ཏེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། མུ་སྟེགས་ཐམས་ཅད་ཀྱི་མུ་སྟེགས་ཅན་གྱི་གཙུག་ལག་ཐམས་ཅད་ཀྱང་ཁོང་དུ་ཆུད་རབ་ཏུ་ཞི་བར་སྤྱོད་ཅིང་སྤྱོད་ལམ་དང་ལྡན། སེམས་ཡོངས་སུ་དག་པས་ཕྱི་རོལ་གྱི་རྐྱེན་གྱིས་འདོད་པའི་འདུ་ཤེས་མི་སྐྱེ་སྟེ།། ཞེ་སྡང་གི་མེ་བསད་ནས་རྟག་པ་དང་། བདེ་བ་དང་། བདག་དང་། ཡོངས་སུ་དག་པའི་ཆོས་ཡིད་ལ་བཟུང་སྟེ། ཕྱོགས་ཐམས་ཅད་དུ་ཐེག་པ་ཆེན་པོའི་མདོ་སྡེ་བཙལ་ཀྱང་། ཤིན་ཏུ་རྒྱས་པའི་མོང་ཙམ་ཡང་མ་ཐོས་སོ།། ང་དེའི་ཚེ་ན་གངས་ཀྱི་རི་ཞིག་ལ་གནས་ཏེ། རི་དེ་ཤིན་ཏུ་དབེན་ལ་ཆུ་མིག་དང་། འབབ་ཆུ་དང་། ཁྲུས་ཀྱི་རྫིང་བུ་དང་། སྐྱེ་ཤིང་དང་། ནགས་ཚལ་དང་། རྩ་ཤིང་གིས་ཡོངས་སུ་གང་སྟེ། གནས་དེའི་བར་བ་ར་ན་བྲག་ལས་ཆུ་མིག་གཙང་མ་འབབ་སྟེ། མེ་ཏོག་བསུང་ཅན་གྱིས་ཡོངས་སུ་བརྒྱན་ལ། བྱ་དང་རི་དགས་ཀྱང་དཔག་ཏུ་མེད་དོ།། དེ་ཤིན་ཏུ་རོ་དང་ལྡན་པའི་འབྲས་བུའི་ཤིང་རྣམ་པ་ཐ་དད་པའང་དཔག་ཏུ་མེད་ལ། གཞན་ཡང་པདྨོའི་རྩ་བ་དང་རྩ་བ་དངར་པོ་དང་། ཤིང་སྔོན་པོའི་རྩ་བ་བསུང་ཅན་གྱིས་ཡོངས་སུ་གང་ངོ་།། ང་དེའི་ཚེ་དེའི་དུས་ན་གཅིག་པུ་དེ་ན་གནས་ཏེ། ཤིང་གོའི་བྲས་བུ་འབའ་ཞིག་ཟའོ།། ཟོས་ནས་སེམས་རྩེ་གཅིག་ཏུ་ཏིང་ངེ་འཛིན་ཡིད་ལ་བྱེད་དེ། ལོ་ཚད་མེད་པའི་བར་དུ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་ངོ་ཞེས་ཀྱང་མ་ཐོས་ལ། ཐེག་པ་ཆེན་པོ་མདོ་སྡེའི་མིང་ཡང་མ་ཐོས་སོ།། རིགས་ཀྱི་བུ་དེ་ལྟར་དཀའ་ཐུབ་སྤྱོད་པ་ན། བརྒྱ་བྱིན་ལྷའི་དབང་པོ་དང་། ལྷའི་བུ་རྣམས་ཤིན་ཏུ་ངོ་མཚར་དུ་གྱུར་ཏེ་འདུས་ནས། སོ་སོ་ནས་འདི་སྙམ་དུ་གྱུར་ཏེ་ཚིགས་སུ་བཅད་པ་འདི་སྨྲས་སོ།། གཅིག་ལ་གཅིག་ནི་འདི་སྐད་ཅེས་རྣམ་དག་གངས་ཀྱི་རི་འདི་ལ། ། རབ་ཞི་འདོད་ཆགས་སྤངས་པའི་བདག། ཡོན་ཏན་བརྒྱད་པའི་རྒྱལ་པོའོ།། འདོད་ཆགས་ཞེ་སྡང་ང་རྒྱལ་སྤངས།། གཏི་མུག་གཡོ་སྦྱར་ཡོངས་སུ་བཅད་ངག་གི་སྒོ་ནས་མི་སྨྲ་བ། ། རྩུབ་ཅིང་བརླང་བའི་ཚིག་རྣམས་སོ།། དེའི་ཚེ་འཁོར་དེའི་ནང་ནས་ལྷའི་སྲས་པོ་རབ་ཏུ་དགའ་བ་ཞེས་བྱ་བ་ཞིག་གིས་ཡང་ཚིགས་སུ་བཅད་དེ་སྨྲས་པ། དེ་ལྟར་འདོད་ཆགས་སྤངས་ནས་སུ། ། ཡོངས་དག་བརྩོན་འགྲུས་རབ་རྩོམ་པ།། བརྒྱ་བྱིན་ལྷ་ཡི་ཐབས་འདོད་དམ།། ལྷ་ཡི་གནས་སུ་སྐྱེ་བར་འདོད།། ཅི་སྟེ་མུ་སྟེགས་ཅན་ཡིན་ན། ཤིན་ཏུ་དཀའ་ཐུབ་སྤྱད་པ་འདི། ། བརྒྱ་བྱིན་ལྷ་ཡི་དབང་པོ་ཡི།། དབང་དང་ཐབས་དག་ཚོལ་ཕྱིར་རོ།། དེའི་ཚེ་གཞན་ཡང་ལྷའི་སྲས་པོ་དྲང་སྲོང་གཅིག་ཅེས་བྱ་བས།། བརྒྱ་བྱིན་ལ་ཚིགས་སུ་བཅད་དེ་གསོལ་པ། ལྷ་ཡི་དབང་པོ་ཀཽཀོའུ་ཤི་ཀ། དེ་ལྟར་ཐེ་ཚོམ་བསྐྱེད་མི་རིགས།། མུ་སྟེགས་དཀའ་ཐུབ་སྤྱོད་པ་ཡང་།། བརྒྱ་བྱིན་དབང་པོའི་ཐབས་མི་ཚོལ།། ཚོགས་སུ་བཅད་པ་དེ་སྐད་ཅེས་སྨྲས་ནས་ཡང་འདི་སྐད་ཅེས་གསོལ་ཏོ།། ཀོའུ་ཤི་ཀ་འཇིག་རྟེན་ན་སྐྱེས་བུ་ཆེན་པོ་དག་ནི་སེམས་ཅན་ལ་ཕན་པའི་ཕྱིར་གྱི། བདག་གི་ལུས་ལ་ཆགས་པའི་ཕྱིར་མ་ཡིན། སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་དཀའ་ཐུབ་ཚད་མེད་པ་རྣམ་པ་སྣ་ཚོས་སྤྱོད་དོ། ། སྐྱེས་བུ་དེ་འཁོར་བའི་སྐྱོན་མང་པོ་མཐོང་བས། ཅི་སྟེ་ས་ཆེན་པོ་འདི་དང་། རྀ་དང་། རྒྱ་མཚོ་ཆེན་པོར་རིན་པོ་ཆེས་ཡོངས་སུ་གང་བར་མཐོང་ཡང་མཆིལ་མ་འམ། ངར་སྣབས་ལྟར་ཆགས་པ་མི་སྐྱེད་དོ། ། དེ་ལྟར་སྐྱེས་བུ་ཆེན་པོ་དེ་རིན་པོ་ཆེ་དང་། ལོངས་སྤྱོད་དང་། ཆུང་མ་དང་། བུ་དང་། མགོ་དང་། མིག་དང་། ཀླད་པ་དང་། ལག་པ་དང་། རྐང་པ་དང་། ཡན་ལག་དང་། ཉིང་ལག་དང་གནས་པའི་ཁང་ཁྱིམ་དང་། བལ་གླང་དང་། རྟ་དང་། ཐེག་པ་དང་། ཟན་ཕོ་དང་། ཟན་མོ་དང་། ལས་བྱེད་པའི་མིའང་ཡོངས་སུ་སྤངས་ཏེ། མཐོ་རིས་ཀྱི་ལྷར་སྐྱེ་བར་མི་སྨོན་གྱི། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་འབའ་ཞིག་སྦྱོར་རོ། ། བདག་གིས་འཚལ་བ་ལྟར་ན། སྐྱེས་བུ་ཆེན་པོ་དེ་ནི་ཡོངས་སུ་དག་ཅིང་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཡོངས་སུ་བཅད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབའ་ཞིག་ཚོལ་ལོ། ། བརྒྱ་བྱིན་ལྷའི་དབང་པོས་ཡང་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱིས་སྨྲས་པ་ལྟར། དྲང་སྲོང་ཆེན་པོ་དེ་འཇིག་རྟེན་དང་བཅས་པ་ཐམས་ཅད་ཀྱི་སྐྱབས་སུ་འགྱུར་པ་ཡིན་ལ། ཅི་སྟེ་འཇིག་རྟེན་འདི་ནི་སངས་རྒྱས་ཀྱི་ཤིང་ཆེན་པོ་བྱུང་ན། འཇིག་རྟེན་དུ་བཅས་པ་ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་ཀྱི་ཉོན་མོངས་པའི་སྦྲུལ་གདུག་པ་སེལ་བར་འགྱུར་ཏེ། སེམས་ཅན་དེ་དག་སངས་རྒྱས་ཀྱི་སྐྱེ་ཤིང་གི་གྲིབ་མ་ལ་འཇུག་པས། ཉོན་མོངས་པའི་སྦྲུལ་གདུག་པ་ཐམས་ཅད་རྣམ་པར་སེལ་བར་འགྱུར་རོ།། དྲང་སྲོང་ཆེམ་དེ་མ་འོངས་པའི་དུས་སུ་བདེ་བར་གཤེགས་པར་འགྱུར་ན་ལྟ། བདག་ཅག་ལ་སོགས་པ་ཐམས་ཅད་ཀྱང་ཤིན་ཏུ་འབར་བའི་ཉོན་མོངས་པ་དཔག་ཏུ་མེད་པ་ཞི་བར་འགྱུར་ཏེ། དེ་ནི་ཤིན་དུ་རང་ཡིད་ཆེས་པར་དཀའ་འོ། ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཚད་མེད་པ་བརྒྱ་སྟོང་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ལ། རྐྱེན་ཅུང་ཟད་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་འགྱུར་ཏེ། དཔེར་ན་ཆུའི་ཟླ་བ་ལྟར་རྨུ་འགུལ་ན་ཟླ་བའང་འགུལ་བ་དང་འདྲའོ།། ཡང་དཔེར་ན་རི་མོ་བྲིས་པའི་སྐུ་གཟུགས་དང་འདྲ་སྟེ། བྱ་བ་ནི་དཀའ་ལ། གཞིག་ལ་ནི་སླབ་ལྟར། བྱང་ཆུབ་ཀྱི་སེམས་ཀྱང་དེ་དང་འདྲ་སྟེ། བསྐྱེད་ནི་དཀའ་ལ། ལྡོག་ནི་སླའོ།། རྦའ་སྲོང་ཆེན་པོ་དཔེར་ན་མི་ཞིག་གོ་མཚོན་དང་ཤིན་ཏུ་ཆས་ཏེ་གཡུལ་ངོར་ཕྱིན་ནས་དགྲ་དང་ཕྲད་མ་ཐག་ཏུ་འཇིགས་ནས་ཕྱིར་ལྡོག་པ་དང་འདྲ་བ་ར། སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་བར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གོ་མཚོན་གྱིས་ཡོངས་སུ་བརྒྱན་ནས། འཁོར་བའི་སྐྱོན་མཐོང་མ་ཐག་ཏུ་འཇིགས་པ་སྐྱེས་ནས་ཕྱིར་ལྡོག་པར་འགྱུར་རོ།། དེ་བས་ན་ངས་སྐྱེས་བུ་དེ་ཉོན་མོངས་དང་གདུང་བ་མེད་པར་དཀའ་བར་སྤྱོད་དེ། སྤྱོད་པ་ཡོངས་སུ་དག་པར་མཐོང་མོད་ཀྱི། འོན་ཀྱང་ཡིད་མི་ཆེས་ཀྱིས། དེའི་རྒན་དུ་ཉེ་བར་སོང་ལ། སྐྱེས་བུ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཕྲག་པ་ལ་བཀུར་ནུས་སམ་མི་ནུས་པ་རྟོག་དགོས་སོ། ། དཔེར་ན་ཤིང་རྟ་ལ་ཕང་ལོ་གཉིས་ཡོད་ན་སྤྱད་དུ་རུང་བ་དང་། བྱ་ལ་འདབ་མ་གཉིས་ཡོད་ན་འཕུར་ཤེས་པ་དང་འདྲ་བར། དཀའ་ཐུབ་སྤྱོད་པའང་དེ་དང་འདྲ་སྟེ། ཤིན་ཏུ་ཚུལ་ཁྲིམས་སྡོམ་པར་ནི་ངས་ཀྱང་མཐོང་ན། ཤིན་ཏུ་ཟབ་མོའི་ཡེ་ཤེས་ཡོད་དམ་མེད་པ་བརྟག་དགོས་སོ།། ཅི་སྟེ་ཤིན་ཏུ་ཟབ་མོའི་ཡེ་ཤེས་ཡོད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཁུར་ལྕི་བ་ཕྲག་པ་ལ་ཁྱེར་ནུས་སོ། ། ཟང་སྲོང་དཔེར་ན་ཉ་མོ་ལྟ་བུ་ཕྲུག་གུ་མངལ་ན་ནི་རབ་ཏུ་མང་མོད་ཀྱི། ཕྲུག་གུར་འགྱུར་བ་ནི་ཉུང་ངོ་།། དཔེར་ན་ཤིང་འབྲའང་མེ་ཏོག་ནི་ཤིན་ཏུ་མང་ཡང་། འབྲས་བུར་འགྱུར་པ་ནི་ཉུང་ངོ་།། སེམས་ཅན་བྱང་ཆུབ་ཏུ་སེམས་བསྐྱེད་པའང་ཚད་མེད་མོད་ཀྱི། ཐ་མར་འབྲས་བུར་གྱུར་པ་ནི་ཤིན་ཏུའང་ཉུང་ངོ་།། དྲང་སྲོང་ཆེན་པོ་བདག་ཅག་འགྲོགས་ཏེ། སྐྱེས་བུ་དེ་གང་ན་བར་རྟོག་ཏུ་འདོང་ངོ་།། ཟང་སྲོང་དཔེར་ན་གསེར་ཡང་དག་པར་ཡང་རྣམ་པ་གསུམ་གྱི་སྒོ་ནས་བརྟགས་ན། ཡང་དག་པ་ཡིན་ནམ་མ་ཡིན་པ་རྟོགས་སོ།། འདི་ལྟ་སྟེ། བསྲེག་པས་བརྡུང་བ་དང་། བརྡར་བའི་སྒོ་ནས་བརྟག་པའོ།། དཀའ་ཐུབ་སྤྱོད་པའང་དེ་དང་འདྲའོ་ཞེས་སྨྲས་ནས། དེའི་ཚེ་བརྒྱ་བྱིན་ལྷའི་བདག་གིས་ལུས་སྲིན་པོའི་ལུས་ཤིན་ཏུ་འཇིགས་སུ་རུང་བ་ཞིག་ཏུ་སྤྲུལ་ནས། གངས་ཀྱི་རི་ལ་བཏབ་སྟེ་ཧ་ཅང་ཡང་མི་རིང་བ་ན་འདུག་ནས། དེའི་ཚེ་སྲིན་པོ་དེའང་མི་འཇིགས་པའི་སེམས་དང་། ཤིན་ཏུ་སྤོབས་པའི་སྐད་གསང་བས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པའི་ཚིགས་སུ་བཅད་པ་ཕྱེད་པོ་འདི་སྨྲས་སོ།། ཀྱེ་མའོ་འདུ་བྱེད་རྟག་པ་མེད། སྐྱེ་ཞིང་འགོག་པའི་ཆོས་ཅན་ཡིན། ཚིགས་སུ་བཅད་པ་ཕྱེད་པོ་འདི་སྨྲས་ནས། དེའི་དྲུང་དུ་འདུག་སྟེ། ཤིན་ཏུ་འཇིགས་སུ་རུང་བའི་གཟུགས་མངོན་པར་བསྟན་ནས། མིག་བགྲང་དེ་ཕྱོགས་བནི་ཀུན་ཏུ་བལྟས་སོ། ། དེའི་ཚེ་དཀའ་ཐུབ་སྤྱོད་པ་དེས་ཚིགས་སུ་བཅད་པ་ཕྱེད་པོ་འདི་ཐོས་ནས། རབ་ཏུ་དགའ་བའི་སེམས་སྐྱེས་པ་ནི། དཔེར་ན་ཚོར་བ་ཤིན་ཏུ་ཉམ་ང་བའི་གསང་སར་མཚན་མོ་སོང་སོང་གྲོགས་སྟོར་ནས་ཤིན་ཏུ་འཇིགས་ཏེ། གྲོགས་དང་ཕྲད་པ་ཙམ་དུ་ཤིན་ཏུ་དགའ་མགུ་རངས་པ་ཚད་མེད་པ་སྐྱེས་སོ།། གཞན་ཡང་དཔེར་ན་ནད་ཡུན་རིང་པོས་བཏབ་པ་ཞིག་སྨན་པ་མཁས་པ་དང་ཕྲད་དེ། སྨན་བཟང་པོས་གསོས་པ་ཙམ་མམ། དཔེར་ན་རྒྱ་མཚོར་ལྷུང་བ་ལས་གཟིངས་དང་ཕྲད་པ་ཙམ་མམ། ཤིན་དུ་སྐོམ་གྱིས་གདུངས་པ་ཞིག་ཆུ་ཟང་མོ་དང་ཕྲད་པ་འམ། དགྲས་བདས་པ་ལས་ཤོར་བ་ཙམ་མམ། ཡུན་རིང་པོ་བཙོན་དུ་བཟུང་བ་ལས་ཐར་པ་ཙམ་མམ། ཞིང་པ་ཐན་ཆེན་བྱུང་བ་ལས་ཆར་པ་བབ་པ་ཙམ་མམ། འགྲོན་པོ་ལམ་རིང་པོ་ལམ་རིང་པོར་འགྲོན་དུ་སོང་བའི་ཕྱིར་འཁོར་བ་ཙམ་དུ་ཐོས་ནས་ཤིན་ཏུ་དཀའ་བ་ཆེན་པོ་སྐྱེས་སོ། ། རིགས་ཀྱི་བུ་ང་དེའི་ཚེ་ཚིགས་སུ་བཅད་པོ་ཕྱེད་པོ་དེ་ཐོས་ནས་ཤིན་ཏུ་དགའ་བའང་དེ་དང་འདྲ་སྟེ། འདུག་པ་ལས་ལངས་ནས་ལག་པས་སྐྲ་བཏེག་སྟེ་ཕྱོགས་བཞིར་བལྟས་ནས་འདི་སྐད་ཅེས་སྨྲས་སོ། ། ད་ཅི་ཚིགས་སུ་བཅད་པ་སྨྲས་པ་འདི་སུ་ཡིན་ཞེས་བལྟས་ན། གཞན་ནི་མི་སྣང་གི། སྲིན་པོ་འབའ་ཞིག་མཐོང་ནས། ཡང་འདི་སྐད་ཅེས་སྨྲས་སོ། ། འདི་ལྟར་རྣམ་པར་གྲོལ་བའི་སྒོ་འབྱེད་པ་འདི་སུ་ཡིན། སངས་རྒྱས་རྣམས་ཀྱི་གསུང་དབྱངས་ཀྱི་འབྲུག་སྒྲ་སྒྲོགས་པ་འདི་སུ་ཡིན། འཁོར་བའི་གཉིད་ཀྱིས་ཤིན་ཏུ་ལོག་པ་འདི་ལས་སད་པར་བྱེད་པ་འདི་སུ་ཡིན་ཞེས་སྨྲས་སོ། ། ཡང་འདི་སྐད་དུ་འཁོར་བ་ན་ཤིན་ཏུ་མུ་གེས་གདུངས་པའི་སེམས་ཅན་རྣམས་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་རོ་སྟོན་པ་འདི་སུ་ཡིན།། སེམས་ཅན་ཚད་མེད་པ་འཁོར་བའི་རྒྱ་མཚོར་དྲིང་བ་ལས་གྲུ་ཆེན་པོ་འཛིན་པ་འདི་སུ་ཡིན། སེམས་ཅན་མང་མཉོན་མོངས་པའི་ནད་ཀྱིས་ཤིན་ཏུ་གཟིར་བ་ལས་ནད་གསོ་བའི་ན་པར་གྱུར་ཏེ། སྨན་མཁས་པར་འ་གྱུར་པ་འདི་སུ་ཡིན། ཚིགས་སུ་བཅད་པ་ཕྱེད་པོ་འདི་སྨྲས་པས། བདག་གི་སེམས་བསྐུལ་ཏེ། ཇི་ལྟར་ཟླ་བ་ཕྱེད་པོས་པདྨོ་བགས་ཀྱིས་ཕྱེ་བ་ལྟར་གྱུར་ཏོ་ཞེས་སྨྲས་སོ།། རིགས་ཀྱི་བུ་ང་དེའི་ཚེ་དེའི་དུས་ན་གཞན་ཅིའང་མ་མཐོང་གི། སྲིན་པོ་འབའ་ཞིག་མཐོང་བས། ཡང་འདི་སྙམ་དུ་ཚིགས་སུ་བཅད་པ་འདི་སྲིན་པོས་མ་སྨྲས་སམ་སྙམ་སེམས་པར་གྱུར་ཏོ།། ཡང་འདི་སྙམ་དུ་སེམས་ཏེ། འདིས་སྨྲས་པ་ནི་མ་ཡིན་པ་སྙམ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱེད་གཟུགས་ཤིན་ཏུ་མི་སྡུག་ལ་འཇིགས་སུ་རུང་བ་ནི་འདི་ལྟ་བུར་མི་འགྱུར་བའི་ཕྱིར་རོ།། གང་གིས་ཚིགས་སུ་བཅད་པ་འདི་ཐོས་ནས། འཇིགས་སུ་རུང་བའི་མི་སྡུག་པ་ཐམས་ཅད་དང་བྲལ་བའི་རིགས་ཏེ། ཅིའི་ཕྱིར་ནེ་ན། འདི་ལྟ་བུ་བྱད་གཟུགས་ཅན་གྱིས་འདི་སྐད་དུ་ཚིགས་སུ་བཅད་པ་སྨོས་པར་འགྱུར། དེ་ནི་མེའི་ནང་ནས་པདྨོ་སྐྱེ་མི་སྲིད་ལ། ཉི་མས་གདུངས་པའི་འོད་ལས་ཆུ་ཟང་མོ་འབྱུང་མི་སྲིད་སྙམ་སེམས་པར་གྱུར་ཏེ། རིགས་ཀྱི་བུ་ང་ཡང་དེའི་ཚེ་ན་འདི་སྙམ་དུ། བདག་ནི་ཤིན་ཏུ་ཤེས་པ་མེད་པ་སྟེ། གལ་ཏེ་ན་སྲིན་པོ་འདིས་སྔོན་འདས་པའི་སངས་རྒྱས་དང་ཕྲད་དོ། ། སངས་རྒྱས་ལས་ཚིགས་སུ་བཅད་པ་ཕྱེད་པོ་འདི་ཐོས་སམ་སུས་ཤེས། ཚིགས་སུ་བཅད་པ་ཕྱེད་པོ་དོན་འདི་འདྲི་བར་བྱའོ་སྙམ་དུ་བསམས་ནས། སྲིན་པོ་དེ་ལ་བསྙེན་ཏེ་འདི་སྐད་ཅེས་སྨྲས་སོ། ། ལེགས་སོ་སྐྱེས་བུ་ཆེན་པོ་ཁྱོད་སྟོན་འདས་པའི་འཇིགས་པ་དང་ཐལ་བས་གསུངས་པའི་ཚིགས་སུ་བཅད་པ་ཕྱེད་པོ་འདི་སུ་ལས་ཐོས།། སྐྱེས་བུ་ཆེན་པོ་སེད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཕྱེད་པོ་འདིགས་རྙེད། སྐྱེས་བུ་ཆེན་པོའི་ཚིགས་སུ་བཅད་པ་ཕྱེད་པོའི་དོན་འདི་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཡང་དག་པའི་ལམ་ཡིན་ཏེ། འཇིག་རྟེན་ན་གནས་པའི་སེམས་ཅན་ཚད་མེད་པ་ནི་རྟག་ཏུ་ལྟ་བའི་དྲ་བས་ཀུན་ཏུ་ཀླགས་པས། ནམ་དུའང་མུ་སྟེགས་ཅན་གྱི་ཆོས་ལས་འཇིག་རྟེན་ལས་འདས་པ། སྟོབས་བཅུ་དང་ལྡན་པའི་ཤིན་ཏུ་དཔའ་བས་གསུངས་པའིརི་སྟོང་པ་ཉིད་ཀྱི་དོན་འདི་མི་ཐོས་སོ། རིགས་ཀྱི་བུ་ངས་དེ་ལ་འདི་སྐད་ཅེས་དྲིས་པ་དང་། ཕྱིར་ང་ལ་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེ་ཆེན་པོ་ཁྱོད་ང་ལ་འདི་སྐད་ཅེས་མ་འབྲི་ཞིག། དེ་ཅིའི་ཕྱིར་ཞེ་ན། ཁོ་བོ་ཟས་མ་རྙེད་པས་ཞག་མང་དུ་ལོན་ཏེ། གནས་ཀུན་ཏུ་བཙལ་ཀྱང་མ་རྙེད་པས་བཀྲེས་པ་དང་སྐོམ་པས་ཡོངས་སུ་གདུངས་ཏེ། སྔར་སྨྲས་པའང་མྱོས་བཞིན་དུ་སྨྲས་པར་ཟད་ཀྱི། དྲན་པ་བཞིན་ནམ། ཤེས་བཞིན་དུ་སྨྲས་པ་ནི་མ་ཡིན་ཏེ། གལ་ཏེ་བདག་གིས་མཐུ་སྟོབས་ཀྱི་ནམ་མཁའ་ལ་འཕུར་ཏེ་བྱང་གི་སྒྲ་མི་སྙན་དུ་ཕྱིན་ནས། ལྷའི་གནས་ཀྱི་བར་དུ་ཕྱིན་ཀྱང་། བདག་གི་ཟས་མི་རྙེད་པས། དེ་སྐད་ཅེས་སྨྲས་པ་ཡིན་ནོ།། རིགས་ཀྱི་བུ་ངས་དེའི་ཚེ་ན་སྲིན་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ། ། སྐྱེས་བུ་ཆེན་པོ་གལ་ཏེ་ཁྱོད་ཀྱིས་ང་ལ་ཚིགས་སུ་བཅད་པ་འདི་རྫོགས་པར་སྨྲས་ན། བདག་ཚེ་གཅིག་ཏུ་ཁྱོད་ཀྱིས་སློབ་མར་དམ་བཅའ་འོ།། སྐྱེས་བུ་ཆེན་པོ་ཁྱོད་ཀྱིས་སྨྲས་པ་འདི་ནི་ཚག་ཀྱང་མ་རྫོགས། དོན་ཀྱང་མ་རྫོགས་ན། ཁྱོད་ཅིའི་ཕྱིར་རྫོགས་པར་མི་སྨྲ། ཟང་ཟང་གིས་སྦྱིན་པ་ནི་རྫོགས་པའི་མཐའ་ཡོད་ཀྱི་ཆོས་ཀྱི་སྦྱིན་པ་ནི་རྫོགས་པའི་མཐའ་མེད་དོ།། རྫོགས་པའི་མཐའ་མེད་མོད་ཀྱི། ཕན་པ་དང་བདེ་བའི་དོན་ཤིན་ཏུ་ཆེའོ།། བདག་གིས་ཚིགས་སུ་བཅད་པ་ཕྱེད་པོ་འདི་ཐོས་ནས། ངོ་མཚར་དུ་ཐེ་ཙོམ་དུ་གྱུར་ཀྱིས། ཚིགོས་སུ་བཅད་པ་འདི་རྫོགས་པར་སྨྲས་ཏེ། བདག་གིས་ཐེ་ཙོམ་བཅང་ན་ཚེ་གཅིག་ཏུ་ཁྱོད་ཀྱིས་སློབ་མ་བྱའོ་ཞེས་སྨྲས་སོ། ། སྲིན་པོས་སྨྲས་པ། ཁྱོད་ཀྱི་ཤེས་པ་ནི་ལྷག་ཆེས་པས། ཁྱོད་བདག་གི་དོན་ནི་ཆེར་འཛིན་གྱི། ཁོ་བོ་བསམ་པ་ནི་སེམས་པ་ལྟ། ཁོ་བོ་ནི་ཤིན་ཏུ་བཀྲེས་པས་གདུངས་ནས་སྨྲ་མི་ཕོད་དོ། ། ངས་ཡང་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱི་ཟས་སུ་ཅི་ཞིག་ཟ་ཞེས་དྲིས་ན། སྲིན་པོ་དེས་སྨྲས་པ། ཁྱོད་ང་ལ་མ་འདྲི་ཞིག། ཅི་སྟེ་ངས་སྨྲས་ན། མི་མང་པོ་དག་ཤིན་ཏུ་སྐྲག་པར་འགྱུར་རོ། ། ངས་ཡང་དེ་ལ་འདི་སྐད་ཅེས་དྲིས་སོ།། ཡུལ་སྟོང་པ་འདིར་མི་སུའང་མེད་ལ། ང་ནི་ཁྱོད་ལ་མི་འཇིགས་ན། ཅིའི་ཕྱིར་མི་སྨྲས། སྲིན་པོ་དེས་སྨྲས་པ། ཁོ་བོ་ཟས་སུ་ནི་མའི་ཤ་རྗེན་པ་དང་ཁྲག་དྲོང་མོ་འཐུང་སྟེ། ཁོ་བོ་ནི་བསོད་ནམས་ཆུང་བས་ཟས་སུ་འདི་ལྟ་བུ་ཟའང་གནས་ཐམས་ཅད་དུ་མ་རྙེད་དོ།། འཇིག་རྟེན་ནི་མ་དག་པ་ཤིན་ཏུ་མང་མོད་ཀྱི། ཐམས་ཅད་བསོད་ནམས་དང་ལྡན་པ་ཤ་སྟག་ལ་ལྷས་ཀྱང་བསྲུངས་པས་ན། བདག་ནི་དེ་དག་གསོད་ཅིང་ཟ་བའི་མཐུ་མེད་དོ་ནས་སྨྲས་སོ།། རིགས་ཀྱི་བུངས་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཚིགས་སུ་བཅད་པ་འདི་དོན་དང་བཅས་པ་རྫོགས་པར་སྤྲོས་ཤིག་དང་། ངའི་ལུས་འདི་ཁྱོ་པ་ཡོངས་སུ་གཏང་བར་བྱའོ། ། སྐྱེས་བུ་ཆེན་པོ་ཅི་སྟེ་ཁོ་བོ་ལུས་འདི་ཤིན་དུ་འང་ཅིར་ཡང་དགོས་པ་མེད་ཀྱི། སྟག་དང་། སྤྱང་ཀི་དང་། འཕར་བ་དང་། བྱ་རྒོད་དང་། བྱན་ལག་དང་། ཁྭ་ལ་སོགས་པ་ཟ་བར་འགྱུར་ཏེ། སཱུ་ཕྱག་མ་གཅིག་ཙམ་གི་བསོད་ནམས་ཀྱང་སྐྱེ་བར་མི་འགྱུར་གྱི། བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཚོལ་བའི་ཕྱིར། སྙིང་པོ་མེད་པའི་ལུས་འདིས་སྙིང་པོ་དང་བཅས་པའི་ལུས་སུ་གྱུར་ཅིག་ཅེས་སྨྲས་སོ།། སྲིན་པོ་དེས་ཡང་འདི་སྐད་ཅེས་སྨྲས་སོ། ། ཁྱོད་འདི་སྐད་དུ་སྨྲ་བ་འདི་ཡི་གེ་འབྲུ་བརྒྱད་པོའི་ཕྱིར་ལུས་ཡོངས་སུ་བཏང་ངོ་ཞེས་སྨྲས་པ་འདི་སུ་དག་གིས་ཡིད་ཆེས་པར་འགྱུར། རིགས་ཀྱི་བུང་དེའི་ཚེ་ན། དེ་ལ་ཡང་འདི་སྐད་ཅེས་སྨྲས་སོ།། ཁྱོད་ནི་ཡང་དག་པར་ཤེས་པ་མེད་པ་སྟེ། དཔེར་ན་མི་ཞིག་ཁམ་པོར་ཐོགས་ཏེ། རིན་པོ་ཆེ་སྣ་བདུན་གྱི་སྣོད་དང་བརྗེས་པ་དང་འདྲ་བར། བདག་ཀྱང་སྙིང་པོ་མེད་པའི་ལུས་འདིས་རྡོ་རྗེ་ལྟ་བུའི་ལུས་འཐོབ་པར་འགྱུར་ན། འདི་སྐད་ཅེས་སྨྲས་པ་འདི་ལ། སུས་ཡིད་ཆེས་པར་འགྱུར་ཞེས་བྱ་བ་ནི་ཁོ་བོའི་དབང་དུ་ཚངས་པ་ཆེན་པོའི་རྒྱལ་པོ་དང་། བརྒྱ་བྱིན་ལྷའི་དབང་ཕྱུག་དང་། རྒྱལ་ཆེན་བཞིའི་རྒྱལ་པོ་ལ་སོགས་པ་དབང་དུ་ཡོད་དོ།། དེ་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་འཕྲུལ་གྱི་མིག་ཅན། ། སེམས་ཅན་ཚད་མེད་པ་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་ཐེག་པ་ཆེན་པོ་ལ་ནན་བྱེད་ཅིང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའང་དབང་དུ་འགྱུར་རོ།། དེ་མ་ཡིན་པ་གཞན་ཡང་ཕྱོགས་བསུའི་འཇིག་རྟེན་གྱི་ཁམས་ན་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ད་ལྟར་སེམས་ཅན་གྱི་དོན་དུ་འཚོ་ཞིང་སྐྱོང་བ་རྣམས་ཀྱང་། བདག་ནི་དབང་དུ་འགྱུར་ཏེ། བདག་ནི་ཡི་གེའི་འབྲུ་བརྒྱད་པོའི་ཕྱིར་ལུས་འདི་ཡོངས་སུ་@གཏོང་ངོ་། ། སྲིན་པོས་སྨྲས་པ། ཀྱི་སྟེ་ཁྱོད་དེ་ལྟར་ལུས་ཡང་དག་པར་གཏོང་བོད་ན། ཤིན་ཏུ་ལེགས་པར་ཉོན་ཅིག། ཚིགས་སུ་བཅད་པ་འདིའང་བསྟན་པར་བྱའོ།། རིགས་ཀྱི་བུངས་དེའི་ཚེ་སྐད་ཅེས་ཐོས་ནས། སེམས་རབ་ཏུ་དཀར་བ་སྐྱེས་ཏེ། ལུས་ལ་ལྗོན་པའི་ཤ་ལྤགས་ཀྱི་གོས་བུད་ནས་སྲིན་པོའི་སྦྱིན་དུ་བཏིང་སྟེ། སློབ་དཔོན་གདན་ལ་བཞུགས་སུ་གསོལ་ཞེས་སྤྲས་ནས། ཐལ་མོ་སྦྱར་ཏེ་པུས་མོ་ས་ལ་བཙུས་ནས་འདི་སྐད་ཅེས་སྨྲས་སོ། ། སློབ་དཔོན་ཚིགས་སུ་བཅད་པ་ཕྱེད་པོ་འདི་བསྟན་དུ་གསོལ་ཞེས་སྨྲས་ནས། དེ་ནས་སྲིན་པོས་ཚིགས་སུ་བཅད་པ་ཕྱེད་པོ་གསུངས་སོ།། སྐྱེས་ནས་འགོག་པར་འགྱུར་བས་ན། དེ་དག་ཉེ་བར་ཞི་བ་བདེ། དེའི་ཚེ་སྲིན་པོ་དེས་ཚིགས་སུ་བཅད་པ་དེས་སྨྲས་ནས། ཡང་འདི་སྐད་ཅེས་ཟེར་རོ།། བྱང་ཆུབ་སེམས་དཔའ་སེམས་དཔའཆེན་པོ་ཁྱོད་ཚིགས་སུ་བཅད་པའི་དོན་རྫོགས་པར་ཐོས་ནས། ཁྱོད་ཀྱིས་སྨོན་ལམ་ཡོངས་སུ་རྫོགས་མོད། ཅི་སྟེ་ཁྱོད་ངེས་པར་སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་སྤྱོད་པ་ལ་ཡང་དག་པ་ཡིན་ཞེ་ན། ད་ང་ལ་ལུས་སྦྱིན་པའི་དུས་ལ་བབ་བོ་ཞེས་སྨྲས་སོ།། རིགས་ཀྱི་བུ་ང་དེའི་ཚེ་དེའི་དུས་ན། འོད་ཤིན་དུ་ཡིད་ལ་བས་ནས། དེའི་འོག་ཏུ་ཟག་དང་། རྩིག་ངོས་དང་། ཤིང་དང་། ལམ་ཁ་ཀུན་ཏུ་ཚིགས་སུ་བཅད་པ་འདི་བྲིས་ནས་ལུས་ཀྱི་ཤ་མི་སྣང་བར་བྱ་བའི་ཕྱིར་ལུས་ལ་གྱོན་པའི་གོས་བསྡམས་ནས་ཤིང་ཁར་འཛེགས་སོ།། དེའི་ཚེ་ཤིང་དེའི་ལྷས་ང་ལ་འདི་སྐད་ཅེས་དྲིསསོ།། ལེགས་སོ་ལེགས་སོ།། སྐྱེས་བུ་ཆེན་པོ་ཁྱོད་དེ་ལྟ་ཅི་ཞིག་བྱེད་སྙམ་དུ་སེམས། རིགས་ཀྱི་བུ་ངས་དེའི་ཚེ་ན་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཁོ་བོ་ནི་ལུས་འདི་ཡོངས་སུ་གཏང་སྟེ། ཚོགས་སུ་བཅད་པ་ཐོས་པའི་དྲིན་བསབ་སྙམ་སེམས་སོ།། ཤིང་གི་ལྷ་དེས་སྨྲས་པ། ཚིགས་སུ་བཅད་པ་དེ་ཐོས་ནས་ཕན་པའི་དོན་ཅི་ཡོད་ཅེས་སྨྲསོ།། བྱང་ཆུབ་སེམས་དཔའ་དེས་སྨྲས་པ། ཚིགས་སུ་བཅད་པ་འདི་ནི་འདས་པདང་མ་འོངས་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྟོང་པ་ཉིད་འབྱེད་པའི་ཆོས་ཡིན་ཏེ། ང་ནི་ཆོས་འདིའི་ཕྱིར་ལུས་ཡོངས་སུ་གཏོང་ངོ་།། རྙེད་པ་དང་། གྲགས་པ་དང་། ལོངས་སྤྱོད་དང་། རིན་པོ་ཆེ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། རྒྱལ་ཆེན་རིས་བཞིའི་རྒྱལ་པོ་དང་། བརྒྱ་བྱིན་ལྷའི་དབང་ཕྱུག་དང་། ཚངས་པ་ཆེན་པོའི་རྒྱལ་པོ་དང་། ལྷ་དང་མིའི་བདེ་བ་འཐོབ་པའི་ཕྱིར་མ་ཡིན་གྱི། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་ལུས་འདི་ཡོངས་སུ་བཏང་ངོ་།། རིགས་ཀྱི་བུ་ངའི་ལུས་འདི་ཡོངས་སུ་གཏོང་བའི་ཚེའང་འདི་སྐད་ཅེས་སྨྲས་སོ། ། ཇི་ཙམ་དུ་སེར་སྣ་ལ་གནས་པའི་སེམས་ཅན་དག། བདག་གིས་ལུས་ཡོངས་སུ་བཏང་བ་འདི་མཐོང་ན་སྦྱིན་པ་ལ་གནས་པར་འགྱུར་པ་དང་། གང་སྦྱིན་པ་ལ་ཞེས་པ་ང་རྒྱལ་གྱིས་མངོན་པར་ཟིན་པ་དག་ཀྱང་། བདག་གིས་འདི་ལྟར་ལུས་ཡོངས་སུ་བཏང་བ་འདི་མཐོང་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་ནས། ལུས་འདི་མཆིལ་མ་འམ། ས་རྡོ་ལྟར་ཡོངས་སུ་བཏང་ངོ་།། བྱང་ཆུབ་སེམས་དཔས་དེའི་ཚེ་ན་དེ་སྐད་ཅེས་སྨྲས་མ་ཐག་ཏུ་ཤིང་ཁ་ནས་མཆོངས་སོ།། དེའི་ཚེ་དེའི་དུས་ནི་སྟེང་གི་བར་སྣང་ལས་སྒྲ་སྐད་རྣམ་པ་སྣ་ཚོགས་བྱུང་ནས། སྲིད་པའི་རྩེ་མོ་ལ་ཐུག་གི་བར་དུ་གྲགས་པར་གྱུར་ཏོ།། དེའི་ཚེ་དོའི་དུས་ན་སྲིན་པོ་དེ་ཕྱིར་བརྒྱ་བྱིན་གྱི་ལུས་སུ་བསྒྱུར་ནས། བྱང་ཆུབ་སེམས་དཔའ་སའམ་བྱུང་བར་བླངས་ཏེ་བདེ་བར་གཞག་ཀོ་དེའི་ཚེ་བརྒྱ་བྱིན་ལྷའི་དབང་ཕྱུག་དང་། ལྷའི་སྲས་པོ་དང་། ཚངས་པ་ཆེན་པོའི་རྒྱལ་པོར་བཅས་ཏེ། བྱང་ཆུབ་སེམས་དཔའི་རྐང་པ་ལ་སྤྱི་བོས་ཕྱག་འཚལ་ནས་འདི་སྐད་ཅེས་སྨྲས་སོ།། ལེགས་སོ་ལེགས་སོ།། བྱང་ཆུབ་སེམས་དཔའ་ཡང་དག་པ་སྟེ། སེམས་ཅན་ཚད་མེད་པ་ལ་ཕན་པ་དང་བདེ་བའི་དོན་དུ་གྱུར་པ། མ་རིག་པའི་མུན་པ་ཆེན་པོར་ཆོས་ཆེན་པོའི་སྒྲོན་མ་སྣང་བར་བྱེད་པ། བདག་ནི་དེ་བཞིན་གཤེགས་པའི་ཆོས་ཆེན་པོ་བསྲུང་ཞིང་བསྐྱབ་པའི་ཕྱིར་ཁྱོད་ཀྱིས་སེམས་འཁྲུགས་ཤིང་གནོད་པ་བྱས་པ་དག་འགྱོད་ཅིང་འཐོལ་ལོ། ། ཁྱོད་ནི་མ་འོངས་པའི་དུས་སུ་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བ་ན། བདག་ཅག་ཀྱང་བསྒྲལ་བར་སྨོན་ཏོ། ། དེའི་ཚེ་བརྒྱ་བྱིན་ལྷའི་དབང་ཕྱུག་དང་། ལྷའི་སྲས་པོ་རྣམས་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ནས་མི་སྣང་བར་གྱུར་ཏོ།། རིགས་ཀྱི་བུ་ང་སྔོན་ཚིགས་སུ་བཅད་པ་བྱེད་ཀྱི་ཕྱིར་ཡང་ལུས་ཡོངས་སུ་བཏང་སྟེ་དེའི་རྒྱུ་དེའི་རྐྱེན་གྱིས་བསྐལ་པ་བཅུ་གཉིས་ཀྱིས་བྱམས་པ་བས། སྔར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ།། རིགས་ཀྱི་བུ་ངས་དེ་ལྟར་ཚད་མེད་པའི་ཡོན་ཏན་ཐོབ་པའང་དེ་བཞིན་གཤེགས་པའི་ཡང་དག་པའི་ཆོས་ལ་མཆོད་པའི་དབང་གིས་སོ། ། རིགས་ཀྱི་བུ་ཁྱོད་ཀྱང་དེ་དང་འདྲ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས། བྱང་ཆུབ་སེམས་དཔའ་ཚད་མེད་མཐ་ཡས་པ་ཀླུང་ཀངྒཱའི་བྱེ་མ་སྙེད་པས་ཤིན་ཏུ་འཕགས་ཏེ་ཕུལ་དུ་གྱུར་ཏོ། ། རིགས་ཀྱི་བུ་དེ་ལྟ་ན་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ལ་གནས་པ་ན། འཕགས་པའི་སྤྱད་པ་སྤྱོད་པ་ཞེས་བྱའོ།

CLOSE WINDOW