Wylie | e-texts produced with ocr Programm |
ཨཱརྱ་བྷ་དྲ་ཙརྱ་པྲ་ནི་དྷ་ན་རཱ་ཛ། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། བདག་གིས་མ་ལུས་དེ་དག་ཐམས་ཅད་ལ།། ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ།། བཟང་པོར་སྤྱོད་པའི་སྨོན་ལམ་སྟོབས་དག་གིས།། རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། ། ཞིག་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས།། རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ།། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས།། སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག་དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། ། ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས།། དེ་དག་བསྔགས་པ་མི་ཟངད་རྒྱ་མཚོ་རྣམས།། དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས།། རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད།། མེ་ཏོག་དམ་པ་འཕྲེང་བ་དམ་པ་དང་།། སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་།། མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས།། རྒྱལ་བདེ་དག་ལ་ནི་མཆོད་པར་བགྱི། ། ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་།། ཕྱེ་མའི་ཕུར་ཨ་རི་རབ་མཉམ་པ་དང་།། བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས།། རྒྱལ་བ་དེ་དག་ཀུན་ལ་མཆོད་པར་བགྱི།། མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ།། དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས།། བཟང་པོ་སྤོད་ལ་དད་པའི་སྟོབས་ངག་གིས།། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི།། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ན། ། ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་།། སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ།། དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས།། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས།། རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། ། འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་།། དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་།། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག། བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། ། མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ།། འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ།། མྱ་ངན་འདས་སྟོན་གང་བཞེད་དེ་དག་ལ།། འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར།། བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། ། བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི།། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་།། རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི།། དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ།། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། ། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི།། འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར།། གང་ཡང་མ་བྱོན་དེ་དག་རབ་མྱུར་བར། ། བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན།། ཕྱོགས་བཅུ་གངྒཱའི་ཞིང་རྣམས་ཇི་སྙེད་པ།། དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར།། བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང་། སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག། ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ།། དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར།། འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི།། འཐུན་པར་གྱུར་ཅིང་རེ་བའང་འགྲུབ་པར་ཤོག། བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་།། འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་གྱུར།། ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན།། རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག། རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ།། བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། ། ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པར།། རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། འགྲོ་བ་ཀུན་གྱི་སྐད་རྣམས་ཇི་ཙམ་པར།། ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ།། དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ།། བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར།། སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དང་། ། དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག། ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས།། གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང་།། ཇི་ལྟར་པདྨོ་ཆུས་མི་ཆགས་པ་བཞིན། ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྲད།། ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར།། ངན་སོང་སྡུག་བསྔལ་མ་ལུས་ཞི་བར་བྱེད།། བདེ་བ་དག་ལ་འགྲོ་བ་ཀུན་བཀོད་ཅིང་།། འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། ། བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་།། སེམས་ཅན་དག་གི་སྤྱོད་དང་འཐུན་པར་འཇུག། བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང་།། མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་གྱུར།། བདག་གི་སྤོང་དང་མཚུངས་པར་གང་སྤྱོད་པ། ། དེ་དག་དང་ནི་རྟག་ཏུ་འགྲོགས་པར་ཤོག། ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང་།། སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱོད།། བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག། བཟང་པོ་སྤྱོད་པ་རབ་ཏུ་སྟོན་པ་རྣམས།། དེ་དག་དང་ཡང་རྟག་ཏུ་ཕྲད་པར་ཤོག། དེ་དག་བདག་གིས་ནམས་ཀྱང་ཡིད་མི་འབྱུང་།། སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས།། མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བར་བལྟ།། མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར།། དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི།། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་།། བྱང་ཆུབ་སྤོད་པ་ཀུན་ཏུ་སྣང་བར་བྱེད། ། བཟང་པོ་སྤྱོད་པ་རྣམ་པར་སྦྱོང་བ་ཡང་།། མ་འོངས་བསྐལ་པ་ཀུན་ཏུ་སྤྱད་པར་བགྱི།། སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན།། བསོད་ནམས་ཡེ་ཤེས་ཚོགས་ནི་མི་ཟད་རྙེད།། ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང་། ། ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར།། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ།། ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས།། སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། ། བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི།། དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང་།། སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི།། སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང་། ། བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག། གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས།། རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ།། འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། ། སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི།། དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་དག། འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡི།། དེ་དག་གི་ཡང་གསུང་དབྱངས་མི་ཟད་ལ། ། བློ་ཡི་སྟོབས་ཀྱིས་བདག་ཀྱང་རབ་ཏུ་འཇུག། མ་འོངས་བསྐལ་པར་ཐམས་ཅད་འཇུག་པར་ཡང་།། སྐད་ཅིག་གཅིག་གིས་བདག་ཀྱང་རབ་ཏུ་འཇུག། གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག། སྐད་ཅིག་ཆ་ཤས་ཀྱི་ནི་ཞུགས་པར་སྤྱད།། དུས་གསུམ་གཤེགས་པ་མི་ཡི་སེང་གེ་དག། དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ།། རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ།། སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག། གང་ཡང་དུས་གསུམ་དག་གི་ཞིང་གི་རྒྱན།། དེ་དག་རྡུལ་གཅིག་སྟེང་དུ་མངོན་པར་བསྒྲུབ།། དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ།། རྒྱལ་བ་རྣམས་ཀྱི་ཞིང་གི་རྒྱན་ལ་འཇུག། གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས།། དེ་དག་རིམ་པར་འཚང་རྒྱ་འཁོར་ལོ་བསྐོར། མྱ་ངན་འདས་པ་རབ་ཏུ་ནི་མཐའ་སྟོན།། མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ།། ཀུན་ཏུ་མུར་བའི་རྫ་འབྲེལ་སྟོབས་རྣམས་དང་། ། ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་དག་དང་།། ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོ་རྣམས་དང་།། ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས།། ཀུན་ཏུ་དགེ་བའི་བསོད་ནམས་སྟོབས་རྣམས་དང་། ། ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས།། ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས།། བྱང་ཆུབ་སྟོབས་རྣམས་ཡང་དག་སྒྲུབ་པར་བྱེད།། ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་། ། ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད།། བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་།། བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི།། ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། ། སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་སྒྲོལ།། ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱས་ནས།། ཡེ་ཤེས་རྒྱ་མཚོ་རབ་ཏུ་རྟོགས་པར་བྱེད།། སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་།། སྨོན་ལམ་རྒྱ་མཚོ་རབ་ཏུ་རྫོགས་པར་བྱེད། ། སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང་།། བསྐལ་པ་རྒྱ་མཚོར་མི་སྐྱོ་སྤང་བར་བགྱི།། གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི།། བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། ། བཟང་པོར་སྤྱོད་པས་བྱང་ཆུབ་སངས་རྒྱས་ནས།། དེ་ཀུན་བདག་གིས་མ་ལུས་རྫོགས་པར་བགྱི།། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ།། གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ།། མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། ། དགེ་བ་དེ་དག་ཐམས་ཅད་རབ་ཏུ་བསྔོ།། ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་།། སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་པ།། བསྔོ་བ་བཟང་པོ་མཁས་པ་ཅི་འདྲ་བར། ། དེ་འདྲར་བདག་ཀྱང་དེ་དང་མཚུངས་པར་ཤོག། ཀུན་ནས་དགེ་བ་བཟང་པོ་སྤྱད་པའི་ཕྱིར།། འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱི།། མ་འོངས་བསྐལ་པ་རྣམ་སུ་མི་སྐྱོ་བར། ། དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི།། སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག། ཡོན་ཏན་རྣམས་ཀྱང་ཚད་བཟུང་མེད་པར་ཤོག། སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང་།། དེ་དག་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི། ། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པ།། སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ།། ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ།། བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། ། གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ།། རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ།། ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ཀྱང་།། ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བབས།། གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། ། བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་།། ལན་ཅིག་ཙམ་ཡང་དད་པ་བསྐྱེད་པས་ནི།། བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ།། གང་གིས་བཟང་སྤྲོད་སྨོན་ལམ་འདི་བཏབ་པས། ། དེས་ནི་ངན་སོང་ཐམས་ཅད་སྦྱངས་པར་འགྱུར།། དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན།། སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང་།། དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ།། མི་ཚེ་འདིར་ཡང་དེ་དག་ལེགས་པར་འོངས། ། ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར།། དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར།། མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས།། གང་གིས་མི་ཤེས་དབང་གིས་བྱས་པ་དག། དེ་ཡིས་བཟང་སྤྱོད་སྨོན་ལམ་འདི་བརྗོད་ན།། མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར།། ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང་།། རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར།། བདུད་དང་མུ་སྟེགས་མང་པོས་དེ་མི་ཐུག། འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར།། བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ།། སོང་ནས་སེམས་ཅན་ཕན་ཕྱིར་དེ་འདུག་སྟེ།། བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་བསྐོར།། བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་འདུལ།། གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི།། འཆང་བ་དང་ནི་སྟོན་ཏམ་ཀློག་པ་ཡི།། དེ་ཡི་རྣམ་པར་སྨིན་པ་སངས་རྒྱས་མཁྱེན།། བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།། ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ།། དེ་དག་གི་ནི་རྗེས་སུ་བདག་སློབ་ཅིང་།། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།། དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། ། བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས།། བདག་གི་དགེ་བའི་རྩ་བ་འདི་ཀུན་ཡང་།། བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི།། བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན།། སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས།། བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ།། དེར་སོང་ནས་ནི་སྨོན་ལམ་འདི་དབ་ཀྱང་།། ཐམས་ཅད་མ་ལུས་མངོན་སུམ་འགྱུར་པར་ཤོག། དེ་དག་མ་ལུས་བདག་གི་ཡོངས་སུ་བསྐང་།། འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི།། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར།། པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས།། སྣང་བ་མཐའ་ལས་རྒྱལ་བས་མངོན་སུམ་དུ། ། ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག། དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས།། སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས།། བློ་ཡི་སྟོབས་ཀྱིས་བྱོས། བཅུ་རྣམས་སུ་ཡང་།། སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི།། བཟང་པོ་སྤྱོད་པའི་སྨོན་ལམ་ཏོན་པ་ཡི།། དགེ་བ་བཅུ་ཟད་བདག་གིས་ཅི་བསགས་པ།། དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས།། སྐད་ཅིག་གཅིག་ལ་ཐམས་ཅད་འབྱོར་པར་ཤོག། གང་ཡང་བཟང་སྤྱོད་སྨོན་ལམ་ཏོན་པ་ཡི།། བསོད་ནམས་མཐའ་ཡས་དམ་པ་ཐོབ་པ་དེས།། འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས།། འོད་དཔག་མེད་པའི་གནས་རབ་ཐོར་བར་ཤོག། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ།། ། རྒྱ་གར་སྐད་དུ། ཨཱརྱ་མཻ་ཏྲི་པྲ་ཎི་དྷ་ན། བོད་སྐད་དུ།
CLOSE WINDOW