Wylie | e-texts produced with ocr Programm |
རྒྱ་གར་སྐད་དུ། ཀམ་པི་བང་ཀ་ནཱ་མ་དྷམ་པ་རི་ཡཱ་ཡ། བོད་སྐད་དུ། ལས་ཀྱི་རྣམ་པར་འགྱུར་བ་ཞེས་བྱ་བའི་ཆོས་ཀྱི་གཟུང་བམ་པོ་གཅིག་གོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་སྐྱབས་མེད་པ་ལ་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་སྟོང་ཕྲག་ཕྱེད་དང་བཅུ་གསུམ་དང་ལྷན་ཅིག་ཏུ་བཞུགས་སོ།། དེ་ནས་ཏོའུ་ཏེ་ཡའི་བུ་ཤོ་ཀོ་མ་ན་པ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གོའུ་ཏ་མ་ཁྱོད་ལ། བདག་ཅུང་ཤས་ཤིག་འདྲི་ན། དྲིས་པའི་ལན་སླར་བཀའ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། སྟོའུ་ཏེ་ཡའི་བུ་ཤོ་ཀོ་མ་ན་པ་ལ་འདི་སྐད་ཅེས་གསུངས་སོ།། མ་ན་བ་ཇི་ལྟར་འདོད་པའི་བཞིན་དུ་དྲིས་ཤིག། ངས་ཁྱོད་ལ་བཤང་པར་བྱའོ།། དེ་ནས་སྟོའུ་དེ་ཡའི་བུ་ཤུ་ཀོ་མ་ན་བས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་གོའུ་ཏ་མ་སེམས་ཅན་རྣམས་ལ་ཚེ་ཐུང་བ་དང་། ཚེ་རིང་བ་དང་། ནད་མང་བ་དང་། ནང་ཉུང་བ་དང་། མི་སྡུག་པ་དང་། བཟང་པོ་དང་། དབང་ཆུང་བ་དང་། དབང་ཆེ་བ་དང་། མ་རབས་ཀྱི་རིགས་དང་། ཡ་རབས་ཀྱི་རིགས་དང་། དབུལ་པོ་དང་། ཕྱུག་པོ་དང་། ངན་པ་དང་། ཤེས་རབ་ཏུ་ཆུང་དང་། སྒྱིད་སྡུག་ལ་སོགས་པ་རྣམ་པ་མང་དུ་མཆིས་ན། ཀྱེ་གོའུ་ཏ་མ་ལས་ཀྱི་རྣམ་པར་སྨིན་པ་གང་གི་ཕྱིར་ན་སེམས་ཅན་སྣ་མང་པོར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ན་བ་ཁྱོད་ཉོན་ལ་དགེ་བའི་ཤིན་ཏུ་ཡིད་ལ་ཟུང་ཞིག་དང་། དེའི་ཕྱིར་ངས་བཤད་དོ།། མ་ན་བ་སེམས་ཅན་རྣམས་ནི་ཚེ་རབས་ཀྱི་ལས་ལས་གྱུར་ཏོ།། སྦྱིན་པའི་རྣམས་ཀྱང་ལས། སྐྱེ་བའི་རྣམས་ཀྱང་ལས། སོ་སོར་རྒྱུ་བའང་ལས་ཏེ། མ་ན་བ་སེམས་ཅན་རྣམས་ནི་ལས་ཀྱིས་རྣམ་པར་བསྒྱུར་རོ།། དེ་བས་ན་ངན་པ་དང་། བར་མ་དང་། བཟང་པོའི་ཕྱིར་སེམས་ཅན་རྣམ་པ་མང་པོའང་ལས་རྣམ་པ་མང་པོ་དང་། མྱ་ངན་རྣམ་པ་མང་པོ་དང་། ལྟ་བ་རྣམ་པ་མང་པོར་སྦྱར་བ་སྟེ། འདི་ལྟར་ནག་པོ་དང་། དཀར་པོ་ལས་རྣམ་པར་སྨིན་པའི་འབྲས་བུ་བཤད་དོ།། མ་ན་པ་འདི་ལྟ་སྟེ། ལས་ནག་པོ་རྣམས་ཀྱིས་ནི། སེམས་ཅད་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་དང་། རིང་དུ་འཁྱམས་པ་དང་། ཨ་སུ་ར་ལ་སོགས་པ་ངན་སོང་དུ་སྐྱེའོ།། ལས་དཀར་པོར་བགྱིས་པ་རྣམས་ཀྱིས་ནི་ལྷ་དང་མིར་སྐྱེའོ། ། མ་ན་བ་དེ་ལྟ་བས་ན། ལས་ཀྱི་རྣམ་པར་སྨིན་པས་ཚེ་ཐུང་བའང་ཡོད། ལས་ཀྱིས་ཚེ་རིང་པོར་གྱུར་པའང་ཡོད། ལས་ཀྱིས་ནད་མང་པོར་གྱུར་པའང་ཡོད། ལས་ཀྱིས་ནང་ཉུང་ངུར་གྱུར་པའང་ཡོད། ལས་ཀྱིས་མི་སྡུག་པར་འགྱུར་བའང་ཡོད། ལས་ཀྱིས་བཟང་པོར་འགྱུར་བའང་ཡོད། ལས་ཀྱིས་དབང་ཆུང་ངུར་འགྱུར་བའང་ཡོད། ལས་ཀྱིས་དབང་ཆེན་པོར་འགྱུར་བའང་ཡོད། ལས་ཀྱིས་མ་རབས་ཀྱི་རིས་སུ་འགྱུར་བའང་ཡོད། ལས་ཀྱིས་ཡ་རབས་ཀྱི་རིགས་སུ་འགྱུར་བའང་ཡོད། ལས་ཀྱིས་དབུལ་པོར་འགྱུར་བའང་ཡོད། ལས་ཀྱིས་ཕྱུག་པོར་འགྱུར་བའང་ཡོད། ལས་ཀྱིས་ངན་པོར་འགྱུར་བའང་ཡོད། ལས་ཀྱིས་ཤེས་རབ་ཆེན་པོར་འགྱུར་པའང་ཡོད། ལས་ཀྱིས་སེམས་ཅན་དམྱལ་བར་འགྱུར་བའང་ཡོད། ལས་ཀྱིས་བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བར་འགྱུར་པའང་ཡོད། ལས་ཀྱིས་རིང་དུ་འཁྱམས་པར་འགྱུར་བའང་ཡོད། ལས་ཀྱིས་ཨ་སུ་རར་སྐྱེ་བར་འགྱུར་བའང་ཡོད། ལས་ཀྱིས་མིར་སྐྱེ་བར་འགྱུར་བའང་ཡོད། ལས་ཀྱིས་གཟུགས་ཡོད་པའི་ལྷར་སྐྱེ་བའང་ཡོད། ལས་ཀྱིས་གཟུགས་མེད་པའི་ལྷར་སྐྱེ་བའང་ཡོད། ལས་བཞིན་དུ་མི་འགྱུར་བར་སྐྱེ་བའང་ཡོད། ལས་ཀྱིས་འགྱུར་བར་སྐྱེ་བའང་ཡོད། ལས་ཀྱིས་ཡུལ་གཞན་དུ་སྐྱེ་བར་འགྱུར་པའང་ཡོད། ལས་མ་བསམས་པར་བྱས་པས་སྐྱེ་བར་འགྱུར་བའང་ཡོད་དོ།། ལས་བསམས་ཏེ་མ་བྱས་ཀྱང་སྐྱེ་བར་འགྱུར་བའང་ཡོད། ལས་བསམས་ཏེ་བྱས་ནས་སྐྱེ་བར་འགྱུར་བའང་ཡོད། ལས་མ་བསམས་མ་བྱས་ཀྱང་སྐྱེ་བར་འགྱུར་བའང་ཡོད་དོ།། གང་ཟག་ལས་འདི་ལྟ་བུ་འདུས་པས་ན། སེམས་ཅན་དམྱལ་བར་སྐྱེས་ནས་སེམས་ཅན་དམྱལ་བའི་ཚེ་ཀུན་རྫོགས་ཏེ་སྐྱེ་བའི་ལས་ཀྱང་ཡོད། གང་ཟགས་ལས་འདི་ལྟ་བུ་འདུས་པས་ན། སེམས་ཅན་དམྱལ་བར་ཕྲི་ནམ་ཐག་ཏུ་སྐྱེས་པའང་ཡོད། གང་ཟག་ཡང་ལས་འདི་ལྟ་བུར་འདུས་པས་ན། སྔར་བདེ་བ་ལ་ཕྱི་ནས་མི་བདེ་བའི་ལས་ཀྱང་ཡོད། གང་ཟག་ཡང་འདི་ལྟ་བུར་འདུས་པས་ན། སྔར་མི་བདེ་བ་ལ་ཕྱི་ནས་བདེ་བར་འགྱུར་བའི་ལས་ཀྱང་ཡོད། སེམས་ཅན་གང་ཟག་ཐམས་ཅད་ཀྱང་འདི་ལྟ་བུ་འདུས་པས་ན། སྔར་བདེ་ལ་ཕྱིས་ཀྱང་བདེ་བར་འགྱུར་བའི་ལས་ཀྱང་ཡོད། གང་ཟག་ཡང་འདི་ལྟ་བུ་འདུས་པས་ན། སེར་སྣ་བྱེད་པའི་ལས་ཀྱང་ཡོད། གང་ཟག་ཡང་འདི་ལྟ་བུ་འདུས་པས་ན། དབུལ་བ་གཏོང་ཕོད་པའི་ལས་ཀྱང་ཡོད། གང་ཟག་ཡང་འདི་ལྟ་བུ་འདུས་པས་ན། ཕྱུག་པོར་གྱུར་ཅིང་གཏོང་ཕོད་པའི་ལས་ཀྱང་ཡོད། གང་ཟག་ཡང་འདི་ལྟ་བུའི་ལས་འདུས་པས་ན། དབུལ་བ་སེར་སྣ་ཅན་དུ་འགྱུར་བའི་ལས་ཀྱང་ཡོད་དོ།། གང་ཟག་ཚེ་ཟད་ལ་ལས་མ་ཟད་པའང་ཡོད། གང་ཟག་ལས་ཟད་པ་ཚེ་མ་ཟད་པའང་ཡོད། གང་ཟག་ཚེ་དང་ལས་བཅས་ཏེ་ཟད་པར་འགྱུར་བའང་ཡོད། གང་ཟག་ཚེ་དང་ལས་བཅས་ཏེ་མ་ཟད་ཀྱང་མྱ་ངན་སྤངས་པར་འགྱུར་བའང་ཡོད་གང་ཟག་ལུས་བདེ་ལ་སེམས་མི་བདེ་བར་འགྱུར་བའང་ཡོད། གང་ཟག་ལུས་མི་བདེ་ལ་སེམས་བདེ་བར་འགྱུར་བའི་ལས་ཀྱང་ཡོད། གང་ཟག་ལུས་ཀྱང་བདེ་ལ་སེམས་ཀྱང་བདེ་བར་འགྱུར་བའང་ཡོད། གང་ཟག་ལུས་མི་བདེ་ལ་སེམས་ཀྱང་མི་བདེ་བར་འགྱུར་བའང་ཡོད། གང་ཟག་ལས་འདི་ལྟ་བུ་འདུས་པས་ན། སེམས་ཅན་ངན་པའི་སར་ཡང་སྐྱེས་ཏེ། གཟུགས་ལེགས། བ་དང་།། བཟང་པོ་དང་། སྡུག་གུ་དང་། ཁ་དོག་མཛེས་པ་དང་། མདོག་སྡུམ་པ་དང་། མཐོང་ན་དགའ་བའི་ལས་ཀྱང་ཡོད། གང་ཟག་ཡང་ལས་འདི་ལྟ་བུ་འདུས་པས་ན། ངན་པའི་སར་ཀྱང་སྐྱེས་ལ། གཟུགས་ངན་པ་དང་། ལུས་རྩུབ་པ་དང་། མི་སྡུག་པར་སྣང་བ་དང་། མཐོང་ན་ཡིད་དུ་མི་འོང་བའི་ལས་ཀྱང་ཡོད་དེ། མ་ན་བ་ཡང་འདི་ལྟ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་བྱས་པའི་རྒྱུས། ཕྱི་རོལ་གྱི་ཡུལ་སའི་དོན་དུ་འགྱུར་བའང་ཡོད་དོ།། དེ་ལ་ཇི་ལྟར་ལས་ཀྱིས་ཚེ་ཐུང་བར་འགྱུར་ཞེ་ན། ཆོས་བཅུས་ནི་ཚེ་ཐུང་བར་འགྱུར་ཏེ། བཅུ་གང་ཞེ་ན། སྲོག་བཅད་པ་དང་། སྲོག་གཅོད་དུ་བཅུག་པ། སྲོག་གཅོད་པ་ལ་བསྟོད་པ། སྲོག་གཅོད་པ་ལ་སྨོན་པ། མངལ་ནས་མེད་པར་བྱེད་པ། མངལ་ནས་མེད་པར་བྱེད་དུ་བཅུག་པ། དགྲ་བོ་ལ་གསང་པར་སེམས་པ། མི་མཛའ་བ་ཤི་ན་དགའ་བ། རྟེན་བཅས་ཤིང་སེམས་ཅན་གསད་པ། འཐབ་མོ་ལ་ལྟ་ཞིང་དང་པ་དང་བཅུ་སྟེ། ཆོས་འདི་བཅུས་ན་ཚེ་ཐུང་ཞིང་ནང་མང་བར་འགྱུར་རོ།། ཇི་ལྟར་ལས་བཟང་པོ་བྱས་པས་ཚེ་རིང་པོར་འགྱུར་ཞེ་ན། ཆོས་རྣམ་པ་བཅུས་ན་ཚེ་རིང་པོར་འགྱུར་ཏེ། བཅུ་གང་ཞེ་ན། སྲོག་གཅོད་པ་སྤངས་པ་དང་། སྲོག་གཅོད་པ་སྤང་བར་བྱེད་པ་སྲོག་གཅོད་པ་སྤངས་པ་ལ་བསྟོད་པ། སྲོག་གཅོད་པ་སྤངས་པ་ལ་སྨོན་པ། གསད་པར་ཆད་པའི་སེམས་ཅན་རྣམས་གཏོང་བ། གསད་པར་ཆད་པའི་མི་རྣམས་གཏོང་བ་འཇིགས་ཤིང་སྐྲག་པའི་སེམས་ཅན་རྣམས་ལ་བསྒྲུབས་བྱས་པ། མགོན་མེད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བར་སེམས་པ། ན་བའི་སེམས་ཅན་རྣམས་ལ་བྱམས་པས་བསྡུད་པ། ཟིལ་ཅིང་འཕོངས་པའི་སེམས་ཅན་རྣམས་ལ་གོས་དང་ཟས་སྐོམ་བྱིན་པ་དང་། ཆོས་བཅུས་ན་ཚེ་རིང་ཞིང་ནད་མེད་པར་འགྱུར་རོ།། ཇི་ལྟར་ལས་ཀྱིས་ནང་མང་པོར་འགྱུར་ཞེ་ན། ཆོས་བཅུས་ནད་མང་པོར་འགྱུར་ཏེ། བཅུ་གང་ཞེ་ན། དབྱུག་པ་དང་ཐལ་མོ་ལ་སོགས་པས་བཙོགས་པ་དང་། དབྱུག་པ་དང་ཐལ་མོ་ལ་སོགས་པས་འཚོག་ཏུ་བཅུག་པ་དང་། དབྱུག་པ་དང་ཐལ་མོ་ལ་སོགས་པས་འཆོག་པ་ལ་བསྟོད་པ། དབྱུག་པ་དང་ཐལ་མོ་ལ་སོགས་པས་འཆོག་པ་ལ་སྨོན་པ་དང་། ཕ་མ་རྣམས་ཀྱི་སེམས་ཉོན་མོངས་པ། མྱ་ངན་སྲིད་པ་རྣམས་ཀྱི་སེམས་ཉོན་མོངས་པར་མི་མཛའ་བ་རྣམས་ནན་དགའ་བ། མི་མཛའ་བ་རྣམས་ནང་མི་སོས་ན་དགའ་བ། སྨན་ལོག་པ་བྱིན་པ། ཟས་མི་ཆུབ་ཟ་བ་དང་བཅུ་སྟེ། ཆོས་འདི་བཅུས་ན་ནང་མང་བར་འགྱུར་རོ།། ཇི་ལྟར་ལས་བཟང་པོ་བྱས་པས་ནད་ལུང་ངུར་བོ་བན་ན། ཆོས་བཅུས་ན་ནད་ཉུང་བར་འགྱུར་ཏེ། བཅུ་གང་ཞེ་ན་དབྱུག་པ་དང་ཐལ་མོ་ལ་སོགས་པས་གཞན་ལ་མི་འཆོག་པ། དབྱུག་པ་དང་ཐལ་མོ་ལ་སོགས་པས་ཆོག་ཏུ་མི་གཞུག་པ། དབྱུག་པ་དང་ཐལ་མོ་ལ་སོགས་པས་འཆོག་པར་མི་སྟོང་པ། དབྱུག་པ་དང་ཐལ་མོ་ལ་སོགས་པས་འཚོག་པ་ལ་མི་སྨོན་པ། ཕ་མ་ལ་སོགས་བན་པ་རྣམས་ལ་རིམ་གྲོ་བྱེད་པ། མྱ་ངན་བསྲིངས་པ་རྣམས་ར་བ་ལ་རིམ་གྲོ་བྱེད་པ། མི་མཛའ་བ་རྣམས་ན་ན་མི་དགའ་བ། མི་མཛའ་བ་རྣམས་ནད་སོས་ན་དགའ་བ། ནད་པ་ལ་སྨན་བྱིན་པ་ཟས་ཞུ་ནས་ཟ་བ་དང་བཅུ་སྟེ། ཆོས་འདི་བཅུས་ནང་ཉུང་བར་འགྱུར་རོ།། ཇི་ལྟར་ལས་ཀྱི་མི་སྡུག་པར་འགྱུར་ཞེ་ན། ཆོས་བཅུས་མི་སྡུག་པར་འགྱུར་ཏེ། བཅུ་གང་ཞེ་ན། ཁྲོ་བ། གནོད་བཅས་པ། ཅུང་ཟད་ལས་ཀྱང་ཁོན་དུ་འཛིན་པ། གཏུམ་པ། ཕ་མ་རྣམས་ལ་ངན་དུ་སྨྲ་བ། མྱ་ངན་བསྲིངས་པ་རྣམས་ལ་ངན་དུ་སྨྲ་བ། མྱ་ངན་སྲིད་པའི་སྤྱད་པ་ཀུན་ལ་ངན་དུ་བྱེད་པ། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་འོད་གཅོད་པ། གང་ཟག་མི་སྡུག་པ་རྣམས་རྔན་ཆན་བྱེད་པ། ཅི་ལའང་མི་གཙང་བར་བྱེད་པ་འདི་དང་བཅུའོ།། ཇི་ལྟར་ལས་ཀྱིས་བཟང་པོར་འགྱུར་ཞེ་ན། ཆོས་བཅུས་བཟང་པོར་འགྱུར་ཏེ། བཅུ་གང་ཞེ་ན། མི་ཁྲོ་བ། གོས་བྱིན་པ། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་རྟག་ཏུ་ཕྱག་བདར་བྱེད་པ། གཙུག་ལག་ཁང་ལ་བྱི་དོར་བྱེད་པ། ཕ་མ་ལ་སྙན་དུ་སྨྲ་བ། མྱ་ངན་བསྲིངས་པ་རྣམས་ལ་སྙན་དུ་སྨྲ་བ། གང་ཟག་མི་སྡུག་པ་རྣམས་ལ་རྔན་ཆན་མི་བྱེད་པ། ཅི་ལའང་གཙང་བར་བྱེད་པ་སྟེ། ཆོས་འདི་དང་བཅུའོ།། ཇི་ལྟར་ན་ལས་ཀྱིས་དབང་ཆུང་ངུར་འགྱུར་ཞེ་ན། ཆོས་བཅུས་ན་དབང་ཆུང་ངུར་འགྱུར་ཏེ། བཅུག་པ་ཞེ་ན། གཞན་གྱིས་ཐོབ་པ་ལ་ཕྲག་དོག་བྱེད་པ་དང་། གཞན་གྱིས་མ་ཐོབ་པ་ལྔ་དགའ་བ་དང་། གཞན་གྱིས་ཐོབ་པ་ལ་མི་དགའ་བ། གཞན་སྐྱིད་པ་དང་། གྲགས་པ་དང་། ཚིགས་སུ་བཅད་ཅིང་སྒྲ་བ་སྟོད་པ་མེད་པ་ལ་དགའ་བ། གཞན་སྐྱིད་པ་དང་། གྲགས་པ་དང་། ཚིགས་སུ་བཅད་ཅིང་སྒྲ་བསྟོད་པ་ལ་མི་དགའ་བ། ཕ་མ་དང་དགེ་བའི་བཤེས་གཉེན་ལ་སྲིད་ཞུ་མི་བྱེད་པ། མྱ་ངན་བསྲིངས་པ་རྣམས་ལ་རིམ་གྲོ་མི་བྱེད་པ། དབང་ཆུང་ངུ་ལ་མི་དགེ་བའི་རྩ་བ་སྐྱེད་པ། དབང་ཆེན་པོ་ལ་དགེ་བའི་རྩ་བ་གཅོད་པ། གང་ཟག་ངན་པ་བྱེད་པ་རྣམས་ལ་བསྟོད་པ་འདི་དང་བཅུའོ།། ཇི་ལྟར་ལས་ཀྱིས་དབང་ཆེར་འགྱུར་ཞེ་ན། ཆོས་བཅུས་ན་དབང་ཆེར་འགྱུར་ཏེ། བཅུ་གང་ཞེ་ན། གཞན་གྱིས་ཐོབ་པ་ལ་ཕྲག་དོག་མི་བྱེད་པ། གཞན་གྱིས་ཐོབ་ན་དགའ་བ། གཞན་གྱིས་མ་ཐོབ་པ་ལ་མི་དགའ་བ། གཞན་སྐྱིད་པ་དང་། གྲགས་པ་དང་། ཚིགས་སུ་བཅད་ཅིང་སྒྲས་པ་སྟོད་པ་མེད་པ་ལ་མི་དགའ་བ། གྲགས་པ་དང་། ཚིགས་སུ་བཅད་ཅིང་སྒྲས་བསྟོད་པ་ལ་དགའ་བ། བྱང་ཆུབ་ཀྱི་སེམས་སྐྱེ་བར་བྱེད་པ། ཡང་དག་པར་གཤེགས་པའི་མཆོད་རྟེན་དང་གནས་བྱེད་པ། དབང་རླུང་ངུ་ལ་མི་དགེ་བའི་རྩ་བ་གཅོད་པར་བྱེད་པ། དབང་ཆེན་པོ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་བཅུའོ།། ཇི་ལྟར་ལས་ཀྱིས་མ་རབས་སུ་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ནམ་རབས་སུ་སྐྱེ་བར་འགྱུར་ཏེ། བཅུ་གང་ཞེ་ན། ཕ་མ་ལ་པ་མར་མི་འཛིན་པ། དགེ་སྦྱོང་དུ་མི་ཤེས་པ། བྲམ་ཟེར་མི་ཤེས་པ། རིགས་ཀྱིས་བཙུན་པ་ལ་མི་བཀུར་བ། མཁན་པོ་དང་། བླ་མ་དང་། ཐར་པར་ཞུགས་པ་རྣམས་ལ་རིམ་གྲོ་དང་བསྟི་སྟང་དུ་མི་བྱེད་པ། ནམས་ཀྱང་མགྲོན་དུ་མི་གཉེར་བ། ཕ་མ་ལ་སྲི་ཞུ་མི་བྱེད་པ། མཁན་པོ་དང་། བླ་མ་དང་། ཐར་པར་ཞུགས་པ་རྣམས་ལ་ཁྱད་དུ་གསོད་ཅིང་སྲི་ཞུ་མི་བྱེད་པ། རིགས་ཆེན་པོ་ལས་སྐྱེས་པའི་གང་ཟག་རྣམས་སྤོང་བ། རིགས་ཆུང་ངུ་ལས་སྐྱེས་པའི་གང་ཟག་རྣམས་ལ་སྐུར་པ་འདི་དང་བཅུའོ།། ཇི་ལྟར་ལས་ཀྱིས་ཡ་རབས་སུ་སྐྱེ་བ་འགྱུར་ཞེ་ན། ཆོས་བཅུས་ན་ཡ་རབས་སུ་སྐྱེ་བར་འགྱུར་ཏེ། བཅུ་གང་ཞེ་ན། ཕ་མ་དྲན་པ། ཐར་པར་ཞུགས་པར་ཤེས་པ། བྲམ་ཟེར་ཤེས་པ། རིགས་ཀྱིས་བཙུན་པ་ལ་བཀུར་བ། མཁན་པོ་དང་། བླ་མ་དང་། ཐར་པར་ཞུགས་པ་རྣམས་དང་། ཐར་པ་སྤྱོད་པ་གཞན་ལའང་སྟན་ལས་ལངས་ཏེ། སྤག་ཅིང་བསྟི་སྟང་རི་མོ་དང་། སྟན་ལ་སོགས་པ་སྟོབ་པ་དང་། ཕ་མ་ལ་སྲི་ཞུ་བྱེད་པ། མཁན་པོ་དང་། བླ་མ་ཐར་པར་ཞུགས་པ་རྣམས་ལ་གཞུན་ལའང་སྲི་ཞུ་བྱེད་པ། ཡ་རབས་དང་མ་རབས་སུའང་ཁྱད་པར་མི་བྱེད་ཅིང་སྙོམས་པ། ཡང་དག་པར་གཤེགས་པའི་མཆོད་རྟེན་གྱི་སྲོག་ཤིང་འཛུགས་པ། མེ་ཏོག་གི་འཕྲེང་བ་དང་གདུགས་བཙུགས་པ་དང་བཅུའོ།། ཇི་ལྟར་ལས་ཀྱིས་དབུལ་པོར་འགྱུར་ཞེ་ན། ཆོས་བཅུས་ན་དབུལ་པོར་འགྱུར་ཏེ། བཅུ་གང་ཞེ་ན། མ་བྱིན་པར་ལེན་པ། མ་བྱིན་པར་ལེན་པར་འཇུག་པ། མ་བྱིན་པར་ལེན་པ་ལ་བསྟོད་པ། @་བྱིན་པར་ལེན་པ་ལ་སྨོན་པ། ཕ་མ་ལ་འཚོ་བ་རྣམས་གཅོད་པ། མཁན་པོ་དང་། བླ་མ་དང་། ཐར་པར་ཞུགས་པ་རྣམས་ཀྱི་གཙུག་ལག་ཁང་དང་། གནས་ཁང་དང་། མཆོད་ཅིང་སྤྱོད་པ་ཀུན་གཅོད་པ། གཞན་ཐོབ་ཏུ་མི་དགའ་བ། གཞན་གྱིས་མ་ཐོབ་ན་དགའ་བ། གཞན་གྱིས་ཐོབ་པ་ལ་བགེགས་བྱེད་པ། མུ་གེ་བྱུང་ན་སྨོན་པ་དང་བཅུའོ།། ཇི་ལྟར་ལས་ཀྱིས་ཕྱུག་པོར་འགྱུར་ཞེ་ན། ཆོས་བཅུས་ན་ཕྱུག་པོར་འགྱུར་ཏེ། བཅུ་གང་ཞེ་ན། མ་བྱིན་པར་ལེན་པ་སྤོང་བ། མ་བྱིན་པར་ལེན་པ་སྤོང་བར་འཇུག་པ། མ་བྱིན་པར་ལེན་པ་སྤོང་བ་ལ་དགའ་བ། ཕ་མ་ལ་འཚོ་བ་སྦྱིན་པ། མཁན་པོ་དང་། བླ་མ་དང་། ལྷག་མ་དང་གཞན་རྣམས་ལ་གཙུག་ལག་ཁང་དང་། གནས་དང་། རིམ་པར་སྤྱོད་པ་དང་། ཆོས་གོས་དང་། མལ་སྟན་དང་། ན་བའི་གསོ་སྨན་དང་། གཡོག་དང་། འཚོ་བ་སྦྱིན་པ། གཞན་གྱིས་ཐོབ་པ་ལ་དགའ་བར་སེམས་པ། གཞན་གྱིས་དོན་ཐོབ་པར་ནན་ཏན་དུ་བསྒྲུབས་པ། གཞན་གྱིས་མ་ཐོབ་པ་ལ་མི་དགའ། ཕྱོགས་བཅུ་ཐམས་ཅད་དུ་ལོ་ལེགས་པར་སྟོན་པ། སྦྱིན་པ་ལ་སོགས་པ་གཏོང་བའི་གང་ཟག་རྣམས་ལ་རབ་ཏུ་དགའ་བ་དང་བཅུའོ།། ཇི་ལྟར་ལས་ཀྱིས་ངན་པར་འགྱུར་ཞེ་ན། ཆོས་བཅུས་ན་ངན་པར་འགྱུར་ཏེ། བཅུ་གང་ཞེ་ན། གང་ཟག་སུའང་སྟེ་འ་དྲི་མི་ཤེས་པ། ཡང་དག་པའི་ཆོས་མ་ཡིན་པ་ཀུན་འཕེལ་བར་བྱེད་པ། ཡང་དག་པའི་ཆོས་སྤོང་བ། ཡང་དག་བའི་ཆོས་འཆད་པ་ལ་བསྟི་སྟང་དང་རི་མོར་མི་བྱེད་པ། མ་གཙིགས་པར་སྨྲ་བ་ལ་དགེ་བ་སྟོང་པ། ངན་པའི་གང་ཟག་རྣམས་ལ་འཁོར་ཞིང་སྙེན་པ། ཡང་དག་པ་ལ་མཁས་པ་རྣམས་སྤོང་བ། ལོག་པར་ལྟ་བ་ལ་ཚད་མར་འཛིན་ཅིང་སྟོད་པ། ཡང་དག་པར་ལྟ་བ་ལ་སྤོང་བ། ཤེས་རབ་དང་ལྡན་པའི་གང་ཟག་རྣམས་ལ་སྤོང་བ་དང་བཅུའོ།། ཇི་ལྟར་ལས་ཀྱིས་ཤེས་རབ་ཆེན་པོར་འགྱུར་ན་ན། ཆོས་བཅུས་ན་ཤེས་རབ་ཆེན་པོར་འགྱུར་ཏེ། བཅུ་གང་ཞེ་ན། གང་ཟག་སུའང་རུང་སྟེ་རིམ་པར་འདྲི་ཤེས་པ། མི་མཁས་པའི་དགེ་སྦྱོང་དང་། བྲམ་ཟེ་དང་། ངན་པའི་གང་ཟག་རྣམས་ལ། མི་འཁོར་མི་སྟེན་ཅིང་རི་མོ་བསྟི་སྟང་མི་བྱེད་པ། མཁས་པའི་གང་ཟག་རྣམས་ལ་འཁོར་ཞིང་བསྙེན་ནས་རི་མོ་བསྟི་སྟང་བྱེད་པ། ཡང་དག་པའི་ཆོས་མ་ཡིན་པ་ཀུན་གཏོང་བ། ཡང་དག་པའི་ཆོས་འཕེལ་བར་བྱེད་པ། ཆོས་ཀྱི་སྣོད་གང་ཟག་རྣམས་མི་འཇིགས་པ་ལ་གོམས་པར་བྱེད་པ། ཡང་དག་པའི་ཚིག་སྙན་པར་སྨྲ་བ་ལ་དགེའོ་ཞེས་བསྟོད་པ། ལོག་པར་ལྟ་བ་ལ་མི་སྨོན་པ། ཡང་དག་པའི་ལྟ་བ་ལ་བསྟོད་པ་དང་བཅུའོ། ། ཇི་ལྟར་ལས་ཀྱིས་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན་སེམས་ཅན་དམྱལ་བར་འགྱུར་ཏེ། བཅུ་གང་ཞེ་ན། ལུས་ཀྱིས་ངན་པ་ཆེར་སྤྱོད་པ། ངག་གིས་ངན་པ་ཆེར་སྤྱོད་པ། ཡིད་ཀྱིས་ངན་པ་ཆེར་སྤྱོད་པ། ཆད་པར་ལྟབ། རྟག་པར་ལྟ་བ། བྱ་བའི་མི་རིགས་པར་ལྟབ། ལན་པར་མེད་པར་བྱེད་པ། མྱ་ངན་བསྲིང་བ་ལ་ངན་དུ་སྨྲ་བ། འདོད་པ་ལོག་པར་སྤྱོད་དུ་བཅུག་པ་དང་བཅུའོ།། ཇི་ལྟར་ལས་ཀྱིས་བྱོལ་སོང་དུ་འགྱུར་ཞེ་ན། ཆོས་བཅུས་ན་བྱོལ་སོང་དུ་འགྱུར་ཏེ། བཅུ་གང་ཞེ་ན། ལུས་ཀྱིས་ངན་པའིའབྲིང་དུ་སྤྱོད་པ། ངག་གིས་ངན་པ་འབྲིང་དུ་སྤྱོད་པ། ཡིད་ཀྱིས་ངན་པ་འབྲིང་དུ་སྤྱོད་པ། འདོད་པ་སྣ་ཚོགས་ཀུན་གཡོས་པའི་ལས་བྱས་པ་ཁྲོ་བ་སྣ་ཚོགས་ཀུན་གཡོས་པའི་ལས་བྱས་པ། གླེན་པ་སྣ་ཚོགས་ཀུན་གཡོས་པའི་ལས་བྱས་པ། མི་རིགས་པ་བྱིན་པ། བྱོལ་སོང་དུ་འགྱུར་བ་རྣམས་ལ་ཁྲོ་བ། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུས་སེང་གེར་སྐྱེས་པ། བྲམ་ཟེ་ཆེད་པར་བྱེད་པ་ཁ་ངན་པར་བྱས་པའི་ལས་ཀྱིས་སྤྲེའུར་སྐྱེས་པ་ལྟ་བུ་དང་བཅུའོ།། ཇི་ལྟར་ལས་ཀྱིས་རིང་དུའཁྱམས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ནི་རིང་དུ་འཁྱམས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། ལུས་ཀྱིས་ངན་པ་ཆུང་ངུ་སྤྱོད་པ། ངག་གིས་ངན་པ་ཆུང་ངུ་སྤྱོད་པ། ཡིད་ཀྱིས་ངན་པ་ཆུང་ངུར་སྤྱོད་པ། ངན་པ་ལ་དད་པ། ཤིན་ཏུ་དད་པ། ལོག་པས་འཚོ་བ། སེར་སྣ་ལ་དད་ཅིང་མི་གཏོང་བ། སྦྱིན་པ་ལ་བགེགས་བྱེད་པ། འདོད་པ་ལ་ཆགས་བཞིན་དུ་ཤི་བ། བྲུ་བ་ཚ་ཞིང་ནོམ་པཞིན་དུ་ཤིབ་དང་འདུན། དེ་ལྟར་ལས་ཀྱིས་ས་ས་རཱའི་འཇིག་རྟེན་པར་འགྱུར་ནན། ཆོས་བཟླས་ན་ཨུ་སྐཱ་འི་འཇིག་རྟེན་དུ་སྐྱེ་བར་འགྱུ་། བཅུག་རྟེན། ཐམས། ཅད་ལའང་ལུས་ཀྱིས་ངན་པ་ཅུང་ཟད་སྤྱོད་པ། ཐམས་ཅད་ལའང་དག་གིས་ངན་པ་ཅུང་ཟད་སྤྱོད་པ། ཐམས་ཅད་ལའང་ཡིད་ཀྱིས་ངན་པ་ཅུང་ཟད་སྤྱོད་པ། ངར་སེམས་པ། མི་མཚུངས་པའི་ད། ཟླ་ལས་ལྷག་པའི་ང། གོང་མ་ལས་ལྷག་པའི་ང། གོང་མ་ལས་ཀྱང་གོང་མའི་ང། བདག་ལ་མི་སྲིད་པའི་ང། དགེ་བའི་རྩ་བ་བསྐྱེད་པ་ལ་ལོག་པར་སྨོན་པ་དང་འཅུ་སྟེ། ཆོས་འདི་བཅུས་ནས་སུ་རང་སྐྱེ་བར་འགྱུར་རོ།། ཇི་ལྟར་ལས་ཀྱིས་མིའི་འཇིག་རྟེན་སྐྱེ་ར་འགྱུར་ཞེ་ན། ཆོས་བཟླས་ན་ནིའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏོ། བཅུ་གང་ཞེ་ན། དགེ་བ་བཅཝམ་ལམ་མ་ཉམས་ཤིང་མ་གོད་པ་ནི་མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། ། ཇི་ལྟར་ལས་ཀྱིས་འདོད་པ་དྲུག་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན། འདོད་པ་དྲུག་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཏེ། དགེ་བ་བཅུའི་ལམ་ལས་མ་ཉམས་ཤིང་བརྩོན་འགྲུས་སུ་བསྡམས་པས་ན། འདོད་པ་དྲུག་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་རོ།། ཇི་ལྔར་ལས་ཀྱིས་གཟུགས་ཡོད་པ་ན་སྤྱོད། བའི་ལྷར་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན་གཟུགས་ཡོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཏེ། བཅུ་གང་ཞེ་ན། དགེ་བ་བཅུའི་ལས་ཀྱི་ལམ་ལ་དད་ཅིང་ཕ་རོལ་ཏུ་ཕྱིན་པ་དྲུག་ཚད་མེད་པ་བཞི་ཀུན་རྫོགས་པ་ནི་གཟུགས་ཡོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་རོ། ། ཇི་ལྟར་ལས་ཀྱིས་གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཞེ་ན། དགེ་བ་བཅུའི་ཆོས་དང་མི་གཡོ་འཛིན་པ་བཞིའི་ཆོས་སྤྱད་ན། གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་ཏེ། མི་གཡོ་བ་བཞི་ནི། གཟུགས་ཐམས་ཅད་ལས་འདས་ཏེ། རེག་པའི་མིང་ཐམས་ཅད་བརྗོད་དུ་མེད་པ་ནས། ཆོས་སྣ་ཚོགས་སྨྲ་བསམ་ལས་འདས་པར་ནམ་མཁའི་མཐའ་ཡས་བསམས་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟེངས་ཀྱི་མི་གཡོ་འཛིན་པ་དང་། ནམ་མཁའི་མཐའ་ཡས་པའི་སྐྱེ་མཆེད་ཐམས་ཅད་ཀུན་ལས་འདས་ནས། རྣམ་པར་ཤེས་པ་མཐའ་ཡས་པ་བསམས་ནས། རྣམ་པར་ཤེས་པ་མཐའ་ཡས་པའི་སྐྱེ་མཆེད་སྟེངས་ཀྱི་མི་གཡོ་མི་འཛིན་པ་དང་། རྣམ་པར་ཤེས་པ་མཐའ་ཡས་པའི་སྐྱེ་མཆེད་ཐམས་ཅད་ལས་འདས་ནས། ཅུང་ཟད་ཀྱང་མེད་པར་བསམས་ཏེ། ཅུང་ཟད་མེད་པའི་སྐྱེ་མཆེད་སྟེངས་ཀྱི་མི་གཡོ་མི་འཛིན་པ་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་ལས་འདས་ཏེ་སེམས་མེད་པ། སེམས་མེད་པ་མ་ཡིན་པ་བསམས་ཏེ། སེམས་མེད་པ་དང་སེམས་མེད་པ་མ་ཡིན་པའི་སྐྱེ་མཆེད་སྟེངས་ཀྱི་མི་གཡོ་མི་འཛིན་པ་དང་། ཆོས་འདི་བཞིས་ན། གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་རོ།། ཇི་ལྟར་ལས་ཀྱིས་བཞིན་མི་འགྱུར་བར་སྐྱེ་བ་གང་ཞེ་ན། དགེ་བའི་རྩ་བ་ལས་བྱས་ལ་དེས་བདག་ཅིར་སྨོན་ལམ་བཏབ་པ་དང་། མཚམས་མེད་པའི་སྡིག་ལས་བྱས་པ་དེ་ལྟ་བུ་ནི་ལས་བཞིན་མི་འགྱུར་བར་སྐྱེ་བར་འོང་ངོ་།། ཇི་ལྟར་ལས་ཀྱིས་འགྱུར་པར་སྐྱེ་ཞེ་ན། སུས་དགེ་བའི་ལས་བྱས་ནས་སྨོན་ལམ་བཏབ་པ་ནི་ལས་དེས་འགྱུར་ཞིང་སྐྱེ་བར་འོང་ངོ་། ། ཇི་ལྟར་ལས་ཀྱིས་གང་ཡུལ་གཞན་དུ་སྐྱེ་བར་འགྱུར་ཞེ་ན། སངས་རྒྱས་ཀྱང་རུང་། ཆོས་ཀྱང་རུང་། དགེ་འདུན་ཡང་རུང་། ཚུལ་ཁྲིམས་ཐུབ་པའི་གང་ཟག་ཀྱང་རུང་སྟེ། དེ་ལ་ཤིན་ཏུ་དང་པར་བསམས་ནས་བྱིན་པས། ཡུལ་གཞན་དུ་སྨོན་ལམ་བཏབ་པ་དང་། ལས་གང་བྱས་ཀྱང་རུང་སྟེ། བཟང་པོ་དང་ངན་པར་འགྱུར་པ་ནི་འདི་ལྟ་སྟེ། དཔེར་ན་ཚོང་པ་བཞིན་ཏེ། ལས་དེ་ལྟ་བུས་ཡུལ་གཞན་དུ་སོང་ནས་རྣམ་པར་སྨིན་པར་གྱུར་རོ།། ཇི་ལྟར་ལས་ཀྱིས་མ་བསམས་པར་བྱས་པ་གང་ཞེ་ན། ལས་བྱས་ནས་འགྱོད་པ་དང་། ཁྲེལ་གྱིས་དོགས་པ་དང་། ཉེས་པར་སེམས་པ་དང་། མི་རིགས་པ་དང་། འ་ཆགས་པ་དང་། ཡལ་བར་མི་གཏོང་བ་དང་། སླར་མི་འཇུག་པ་དང་། ད་ཕྱིན་ཆད་མི་བྱེད་པར་དམ་འཆའ་བ་དང་། འདི་ལྟ་བུའི་ལས་ནི་མ་བསམས་པར་བྱས་པའོ།། ཇི་ལྟར་ལས་བསམས་ལ་མ་བྱས་པ་གང་ཞེ་ན། ལུས་ཀྱི་མ་བྱས་པ་དང་། སེམས་རྒྱས་ཤིང་ལས་འདི་བྱའོ་ཞེས་ཁར་སྨྲས་ལ། མ་བྱས་པ་དེ་ལྟ་བུའི་ལས་ནི་བསམས་ཏེ་མ་བྱས་པའོ། ། ཇི་ལྟར་ལས་བསམས་ཏེ་བྱས་པ་གང་ཡིན་ཞེ་ན། ལས་གང་བྱས་ཀྱང་རུང་སྟེ་མི་འགྱོད་པ། ཁྲེལ་གྱིས་དོགས་པ། ཉེས་པར་མི་སེམས་པ། མི་འཆགས་པ། ཡལ་བར་གཏོང་བ། སླར་འཇུག་པ། ཕྱིན་ཆད་མི་བྱེད་པར་དམ་མི་འཆའ་བའོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན། སེམས་ཅན་ལས་དམྱལ་བར་སྐྱེས་ཏེ། སེམས་ཅན་དམྱལ་བའི་ཚེ་ཀུན་རྫོགས་ནས། སྐྱེ་བའི་ལམ་ཡིན་ཞེ་ན། གང་ཟག་སུའང་རུང་སྟེ། སེམས་ཅན་དམྱལ་བའི་ལས་བསམས་ཏེ་བྱས་ནས། ངེས་ཀྱང་མི་འགྱོད་པ། ཁྲེལ་གྱིས་མི་དོགས་པ་དང་། ཉེས་པར་མི་སེམས་པ། མི་རིགས་པར་མི་སེམས་པ། མི་འཆགས་པ། ཡལ་བར་གཏོང་བ། སླར་ངན་དུ་འཇུག་པ། ཕྱིན་ཆད་བྱེད་པར་དམ་འཆའ་བ། དེ་ལྟ་བུའི་ལས་ལ་དགའ་བ། དེ་ལྟ་བུ་ལ་སྨོན་པ། དེ་ལྟ་བུའི་ལས་འདུས་པའི་གང་ཟག་སེམས་ཅད་དམྱལ་བར་སྐྱེས་ཏེ། སེམས་ཅན་དམྱལ་བའི་ཚེ་ཀུན་རྫོགས་ནས་སླར་སྐྱེའོ། ། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་སེམས་ཅན་དམྱལ་བར་སྐྱེས་ཏེ། སེམས་ཅན་དམྱལ་བའི་ཚེ་ཕྱེད་ཟད་ནས་སླར་སྐྱེ་བའི་ལས་གང་ཡིན་ཞེ་ན། གང་ཟག་སུའང་རུང་། སེམས་ཅན་དམྱལ་བའི་ལས་བྱས་པ་ནས་འགྱོད་པ། ཁྲེལ་གྱིས་དོགས་པ། ཉེས་པར་སེམས་པ། མི་རིགས་པར་སེམས་པ། འཆགས་པ། ཡལ་བར་མི་གཏོང་བ། སླར་ངན་དུ་མི་འཇུག་པ་ཕྱིན་ཆད་མི་བྱེད་པར་དམའ་ཆའ་བ་འདི་ལྟ་བུའི་ལས་འདུས་པའི་གང་ཟག་ནི་སེམས་ཅན་དམྱལ་བར་སྐྱེ་སྟེ། སེམས་ཅན་དམྱལ་བའི་ཚེ་ཕྲེང་ཟད་ནས་སླར་སྐྱེའོ།། ཇི་ལྟར་གང་ཟག་ལས་འདྲི་ལྟ་བུ་འདུས་པས། སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་སླར་སྐྱེ་བའི་ལས་གང་ཡིན་ཞེ་ན། གང་ཟག་སུའང་རུང་སྟེ། སེམས་ཅན་དམྱལ་བའི་ལས་བསམས་ཏེ་བྱས་ནས། ལས་དེ་བས་པ་དང་། འགྱོད་པ། ཁྲེལ་གྱིས་དོགས་པ། ཉེས་པར་སེམས་པ། མི་རིགས་པར་སེམས་པ། འཆགས་པ། ཡལ་བར་མི་གཏོང་བ། སླར་ངན་དུ་མི་འཇུག་པ། ཕྱིན་ཆད་མི་བྱེད་པར་དམ་འཆའ་བ། དེ་ལྟ་བུའི་ལས་ལ་ཕྱིས་མི་དགའ་ཞིང་མི་སྨོན་པ། སྤོང་ཞིང་གཏོང་བ། ཕྱིས་ཤིན་ཏུ་མི་དགའ་བའི་ཡིད་བསྐྱོད་པ། འདི་ལྟ་བུའི་ལས་འདུས་པའི་གང་ཟག་ནི་སེམས་ཅན་དམྱལ་བར་སྐྱེས་མ་ཐག་ཏུ་སླར་སྐྱེས་ཏེ། དེ་ནི་རྒྱལ་པོ་མ་སྐྱེས་དགྲ་བཞིན་ནོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན། སྔར་བདེ་ལ་ཕྱིས་མི་བདེ་བའི་ལས་གང་ཡིན་ཞེ། ནགང་ཟག་སུའང་རུང་སྟེ། བྱིན་པ་བྱིན་ཡང་ཡི་རངས་བཞིན་དུ་མ་བྱིན། དགའ་ཞིང་བདེ་བའི་ཡིད་དུ་མ་བྱས། བྱིན་ནས་ཕྱིས་འགྱོད་པར་སེམས་པ། གང་ཟག་དེ་ལྟ་བུ་མིར་སྐྱེས་ན། འང་ཕྱུག་པོའི་རིགས་སུ་སྐྱེ་སྟེ། ནོར་མང་པོ་དང་། སྤྱོད་པ་མང་པོ་དང་། མང་པོའི་ཇོ་བོར་འགྱུར་ཏེ། བློན་པོ་དང་། གྲོགས་པོ་དང་། གཉེན་དང་། རིགས་གཅིག་པ་མང་དུ་འདོག་པ་དང་། མཛོད་དང་བང་བ་ཀུན་ཀྱང་གང་བ། ཤིན་ཏུ་བདེ་ཞིང་བཞོན་པ་མང་པོ་དང་ལྡན་པ་དེ་ལྟ་བུ་ནི། སྐྱིད་པ་ཀུན་སྤྱོད་དེ་ཕྱིས་དམས་པ་དང་། ཟད་པར་འགྱུར་ཏེ་མི་བདེ་བར་སོང་བ་ལས་འདི་ལྟ་བུ་འདུ་པའི་གང་ཟག་ནི་སྔར་བཙན་ཕྱུག་ཅིང་བདེ་ལ། ཕྱིས་བཀྲེས་ཤིང་དམས་པས་མི་བདེ་བར་འགྱུར་རོ།། ཇི་ལྟར་གང་ཟག་ལས་འདུས་པས། སྔར་མི་བདེ་ལ་ཕྱིས་བདེ་བར་གྱུར་པའི་ལས་ཀྱི་འབྲས་བུ་ནི་གང་ཡིན་ཞེ་ན། གང་ཟག་སུའང་རུང་སྟེ། སྦྱིན་པ་སྔར་མ་དང་བྱིན་ནས། དད་ཅིང་རངས་པའི་སེམས་ཕྱིས་སྐྱེས་པའི་གང་ཟག་དེ་ནི་མིར་སྐྱེས་ནའང་དབུལ་པོའི་རིགས་སུ་སྐྱེས་ཏེ་ཟས་དང་སྤྱོད་པ་ཞུང་བ། ཉོན་མོངས་ཤིང་ཟས་དང་གོས་མེད་པ་ལས། ཕྱིས་བཙན་ཕྱུག་ཅིང་སྐྱིད་པར་གྱུར་ཏེ་ཅིའི་ངའ་ཕེལ་ཏེ། ཅིས་ཀྱང་མི་བྲེལ་བར་འགྱུར་པ་འདི་ལྟ་བུའི་གང་ཟག་ནི་སྔར་མི་བདེ་ལ་ཕྱིས་བདེ་བར་གྱུར་པའོ། ། ཇི་ལྟར་གང་ཟག་ལས་འདི་ལྟ་བུར་གྱུར་པས། སྔར་ཀྱང་བདེ་ལ་ཕྱིས་ཀྱང་བདེ་བར་འགྱུར་བའི་ལས་གང་ཡིན་ཞེ་ན། གང་ཟག་སུའང་རུང་སྟེ། སྦྱིན་པ་བྱིན་པ་མང་པོ་དང་རངས་པར་བྱིན། བདག་ཀྱང་ཡིད་དགའ་སྟེ་བྱིན་པས་ཕྱིས་མི་འགྱོད་པའི་གང་ཟག་དེའི་འབྲས་བུ་ནི། མིར་སྐྱེས་ནའང་ཕྱུག་པོའི་རིགས་སུ་སྐྱེ་སྟེ། ནོར་མང་པོ་སྤྱོད་པ་དང་། ནོར་མང་པོའི་ཇོ་བོར་འགྱུར་ནས་བློན་པོ་དང་། གྲོགས་པོ་དང་། གཉེན་དང་། རིགས་གཅིག་པ་མང་དུ་བདོག་པ་དང་། བང་མཛོད་ཐམས་ཅད་ཀྱང་གང་བ། ཤིན་ཏུ་བདེ་ཞིང་བཞོན་པ་མང་པོ་དང་། དེ་ལྟ་བུའི་རིགས་སུ་སྐྱེ་སྟེ། སྐྱིད་པ་དེ་ལྟ་བུའི་ཕྱིར་སྐྱེ་ཞིང་འཕེལ་བར་འགྱུར་ཏེ། གང་ལས་འདི་ལྟ་བུ་འདུས་པས་སྔར་ཡང་བདེ། ཕྱིས་ཀྱང་བདེ་བར་འགྱུར་རོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས། སྔར་མི་བདེ་ལ་ཕྱིས་ཀྱང་མི་བདེ་བར་འགྱུར་བའི་ལས་ཀྱི་བྲས་བུ་ནི་གང་ཡིན་ཞེ་ན། གང་ཟག་སུའང་རུང་སྟེ། དགེ་བའི་གྲོགས་པོ་སྤངས་པ་ཡིན།། སུས་ཀྱང་སྦྱིན་པ་ལ་མ་བཅུག་པ་ཡིན། བདག་ཉིད་ཀྱིས་ཀྱང་གཞན་ལ་བྱིན་པ་མ་བྱས་པ་གང་ཡིན་པའི་གང་ཟག་དེ་ལྟ་བུ་ནི། མིར་སྐྱེས་ནའང་དབུལ་པོ་བཀྲེན་པ། ཟན་སྐོམ་གྱིས་འཕོངས་པ་གོས་རྒྱབ་ཀྱིས་འཕོངས་ཤིང་བྲེལ་ཏེ། ཉོན་མོངས་བཞིན་དུ་འཚོ་བ་དང་། ཟན་སྐོམ་དང་། གོས་རྒྱབ་ཀྱིས་མི་འཚོ་བ་དང་། ཕྱིས་ཀྱང་དེ་ལས་སྐྱིད་ཅིང་སྤྱོད་པ་འཕེལ་བར་འགྱུར་བའང་མེད་དེ། གང་ཟག་ལས་དེ་ལྟ་བུ་འདུས་པས་ན་སྔར་ཡང་མི་བདེ། ཕྱིས་ཀྱང་བདེ་བར་མི་འགྱུར་རོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན། ཕྱུག་ལ་སེར་སྣ་ཅན་དུ་བྱེད་པར་འགྱུར་བའི་ལས་ཀྱི་འབྲས་བུ་གང་ཡིན་ཞེ་ན། གང་ཟག་སུའང་རུང་སྟེ། སྦྱིན་པའི་གནས་ལ་ཅིའང་བུངས་མི་ཆེ་ཞིང་ཉུང་ངུ་བྱིན་པ་ཡིན། གཏོང་བ་ལ་ནི་བསྲི་ཞིང་གོམས་པར་བྱས་པས། གང་ཟག་དེ་མིར་སྐྱེས་ནའང་ཕྱུག་པོའི་རིགས་སུ་སྐྱེ་སྟེ། ནོར་དང་སྤྱོད་པ་མང་པོ་ཡོད་ཀྱང་སེར་སྣ་བྱེད་པར་འགྱུར་ཏེ། དེ་ལྟ་བུ་ལས་འདུས་པའི་གང་ཟག་ནི་ཕྱུག་ལ་སེར་སྣ་ཆེ་བ་ཡིན་ནོ།། ཇི་ལྟར་ཕྱུག་ལ་གཏོང་ཕོད་པའི་ལས་ཀྱི་འབྲས་བུ་ནི་གང་ཡིན་ཞེ་ན། གང་ཟག་སུའང་རུང་སྟེ། སྦྱིན་པའི་གནས་ལ་མང་དུ་བྱིན་ཞིང་། སྦྱིན་པ་ཕྱིར་ཞིང་གོམས་པར་བྱས་པ་ཡིན་ཏེ། གང་ཟག་དེ་མིར་སྐྱེས་ནའང་ཕྱུག་པོའི་རིགས་སུ་སྐྱེ་སྟེ། ཟས་དང་སྤྱོད་པས་འཚོ་ཞིང་གཏོང་བ་ཡིན་ཏེ། ལས་དེ་ལྟ་བུ་འདུས་པ་ནི་ཕྱུག་ལ་གདོང་ཕོད་པའོ།། ཇི་ལྟར་ན་དབུལ་ལ་གཏོང་ཕོད་པའི་ལས་ཀྱི་འབྲས་བུ་ཡིན་ཞེ་ན། གང་ཟག་སུའང་རུང་། སྦྱིན་པའི་གནས་མ་ཡིན་པ་ལ་མང་དུ་བྱིན་ཡང་། སྦྱིན་པའི་ཕྱིར་ཞིང་གོམས་པར་བྱས་པ་ཡིན་པས། གང་ཟག་དེར་མིར་སྐྱེས་ནའང་དབུལ་པོའི་རིགས་སུ་སྐྱེ་སྟེ། ཟས་དང་སྤྱོད་པས་མི་འཚོ་ཞིང་ཉོན་མོངས་ནས་སྡུག་ཅིང་གོས་ཟས་ཀྱིས་མི་འཚོ་ཡང་གཏོང་བ་ཡིན་ཏེ། ལས་དེ་ལྟ་བུ་འདུས་པའི་གང་ཟག་ནི་དབུལ་ལ་གཏོང་ཕོད་པའོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས། དབུལ་ལ་སེར་སྣ་བྱེད་པའི་ལས་སུ་གྱུར་པ་ཡིན་ཞེ་ན། གང་ཟག་སུའང་རུང་། དགེ་བའི་གྲོགས་པོ་སྤངས་པ། སུས་ཀྱང་སྦྱིན་པ་ལ་མ་བཅུག་པ་ཡིན། ཉིན་ཀྱིས་ཀྱང་སྦྱིན་པ་མ་བྱིན་པ་ཡིན། སྡིག་པའི་ལས་ཀྱང་མ་བསམས་མ་བྱས་པ་ཡིན་ཏེ། གང་ཟག་སུའང་རུང་སྟེ། དེ་མིར་སྐྱེས་ནའང་དབུལ་པོའི་རིགས་སུ་སྐྱེས་ཏེ། ཟས་དང་སྤྱོད་པ་ལ་སོགས་པས་མི་འཚོ་ཞིང་ཉོན་མོངས་ནས་སྡུག་ཅིང་གོས་ཟས་ཀྱིས་བྲེལ་ནས་སེར་སྣ་བྱེད་པ་ཡིན་ཏེ། ལས་དེ་ལྟ་བུ་འདུས་པའི་གང་ཟག་ནི་དབུལ་པོ་ལས་སེར་སྣ་བྱེད་པའོ།། གང་ཟག་ཚེ་ཟད་ལ་ལས་མ་ཟད་པ་གང་ཞེ་ན། གང་ཟག་སུའང་རུང་། སེམས་ཅན་དམྱལ་བར་ཤི་ནས། ཡང་སེམས་ཅན་དམྱལ་བར་སྐྱེ་བ། བྱོལ་སོང་ལས་ཤི་ནའ་དབྱོལ་སོང་དུ་སྐྱེ་བ། རིང་དུ་འཁྱམས་པ་ལས་ཤི་ནའང་རིང་དུ་འཁྱམས་པར་སྐྱེ་བ། ཨ་སུ་རར་ཤི་ནའང་ཨ་སུ་རར་སྐྱེ་བ། མི་ལས་ཤི་ནའང་མིར་སྐྱེ་བ། དེ་ལྟ་བུའི་གང་ཟག་ནི་ཚེ་ཟད་ལ་ལས་མ་ཟད་པ་ཡིན་ནོ།། གང་ཟག་ལས་ཟད་ལ་ཚེ་མ་ཟད་པ་གང་། ཞེ་ན། གང་ཟག་སུའང་རུང་སྟེ། སྔོན་སྒྱིད་ལ་ཕྱིས་སྡུག་པར་གྱུར་པ། སྔ་ན་སྡུག་ལ་ཕྱི་ནས་སྐྱིད་པར་གྱུར་པ་དེ་ལྟ་བུའི་གང་ཟག་ནི་ལས་ཟད་ལ་ཚེ་མ་ཟད་པ་ཡིན་ནོ།། གང་ཟག་ལས་དང་ཚེ་གཉིས་ཀ་ཟད་པ་གང་ཡིན་ཞེ་ན། གང་ཟག་སུའང་རུང་སྟེ། སེམས་ཅན་དམྱལ་བར་ཤི་ནས་བྱོལ་སོང་དུ་སྐྱེས་པ། བྱོལ་སོང་ལས་ཤི་ནས་རིང་དུ་འཁྱམས་པར་སྐྱེས་པ། རིང་དུ་འཁྱམས་པ་ལས་ཤི་ནས་ཨ་སུ་རར་སྐྱེས་པ། ཨ་སུ་རར་ཤི་ནས་མིར་སྐྱེས་པ། མི་ལས་ཤི་ནས་ལྷར་སྐྱེས་པ། དེ་ལྟ་བུའི་གང་ཟག་ནི་ལས་དང་ཚེ་གཉིས་ཀ་ཟད་པ་ཡིན་ནོ།། གང་ཟག་ལས་གང་གིས་ན་ཚེའང་མ་ཟད། ལས་ཀྱང་མ་ཟད་ལ་མྱ་ངན་སྤངས་པ་གང་ཞེ་ན། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་གང་ཟག་དེ་རྣམས་ལས་དང་ཚེ་མ་ཟད་མོད་ཀྱི། མྱ་ངན་སྤངས་པའོ། ། གང་ཟག་ལུས་བདེ་ལ་སེམས་མི་བདེ་བ་གང་ཞེ་ན། མ་རབས་ཀྱིས་བསོད་ནམས་བྱས་ནས། འཁོར་ལོ་བསྐོར་བའི་རྒྱལ་པོར་གྱུར་པ། དེ་ལྟ་བུའི་གང་ཟག་ནི་ལུས་བདེ་ལ་སེམས་མི་བདེ་བའོ། ། གང་ཟག་སེམས་བདེ་ལ་ལུས་མི་བདེ་བ་གང་ཞེ་ན། བསོད་ནམས་མ་བྱས་པའི་དགྲ་བཅོམ་པ་སྟེ། ཁྲིམས་རྫོགས་པ་འགུག་པ་ལྟ་བུ་དགྲ་བཅོམ་པའི་གང་ཟག་ནི། སེམས་བདེ་ལ་ལུས་མི་བདེ་བ་ཞེས་བྱའོ། ། གང་ཟག་ལུས་དང་སེམས་གཉིས་ཀ་བདེ་བ་གང་ཞེ་ན། བསོད་ནམས་བྱས་པའི་དགྲ་བཅོམ་པ་སྟེ། ཁྲིམས་རྫོགས་པ་རྡོ་སྟོབས་ལྷ་བུའི་གང་ཟག་ནི་ལུས་དང་སེམས་གཉིས་ཀ་བདེ་བའོ། ། གང་ཟག་ལུས་དང་སེམས་གཉིས་ཀ་མི་བདེ་བ་གང་ཞེ་ན། མ་རབས་ཀྱི་བསོད་ནམས་མ་བྱས་པ་དེ་ལྟ་བུའི་གང་ཟག་ནི་ལུས་དང་སེམས་གཉིས་ཀ་མི་བདེ་བའོ། ། ཇི་ལྟར་གང་ཟག་ལས་འདི་ལྟ་ཐ་འ་དུས་པས་ན། ངན་པའི་སར་སྐྱེས་ལ་གཟུགས་ལེགས་པ་དང་། བཟང་པོ་དང་། སྡུག་གུ་དང་། ཁ་དོག་མཛེས་པ་དང་། མདོག་སྣུམ་པ་དང་། མཐོང་ན་དགའ་བའི་ལས་གང་ཡིན་ཞེ་ན། ཆགས་པ་གཡོས་ཏེ་ཚུལ་ཁྲིམས་ཉམས་པ་དང་ལྡན་པའི་གང་ཟག་ནི་ངན་པའི་སར་སྐྱེས་ལ། གཟུགས་ལེགས་པ་དང་། བཟང་པོ་དང་། སྡུག་གུར་འགྱུར་རོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན། ངན་པའི་སར་སྐྱེས་ལ། གཟུགས་ངན་པ་དང་། ལུས་རྩུབ་པ་དང་། མི་སྡུག་པ་དང་། མཐོང་ན་མི་སྡུག་པར་འགྱུར་བའི་ལས་གང་ཞེ་ན། ཁྲོ་བ་སྐྱེས་ཤིང་ཁྲིམས་མི་ཐུབ་པ་དང་ལྡན་པའི་གང་ཟག་འདི་ལྟ་བུ་འདུས་པས་ན། ངན་པའི་སར་སྐྱེས་ལ་གཟུགས་ངན་པ་དང་། ལུས་རྩུབ་པ་དང་། མི་སྡུག་པར་སྣང་བ་དང་། མཐོང་ན་ཡིད་དུ་མི་འོང་བར་འགྱུར་རོ།། ཇི་ལྟར་གང་ཟག་ལས་འདི་ལྟ་བུ་འདུས་པས་ན། ངན་པའི་སར་སྐྱེས་ལ། དྲི་མི་ཞིམ་པ་དང་། དབང་པོ་མ་ཚང་བ་དང་། དབང་པོ་མི་མཐུན་པར་། འགྱུར་པའི་ལས་གང་ཡིན་ཞེ་ན། གླེན་པར་སྐྱེས་ཤིང་ཁྲིམས་མི་ཐུབ་པ་དང་ལྡན་པ། གང་ཟག་ལས་འདི་ལྟ་བུ་དང་འདུས་པས་ན། ངན་པའི་སར་སྐྱེས་ལ་དྲི་མི་ཞིམ་པ་དང་། དབང་པོ་མ་ཚང་བ་དང་། དབང་པོ་མི་མཐུན་པར་འགྱུར་རོ།། ཇི་ལྟར་མི་དགེ་བ་བཅུའི་ལས་བྱས་པའི་རྒྱུས། ཕྱི་རོལ་གྱི་ཡུལ་ས་རྣམས་ངན་དུ་འོང་འགྱུར་བ་ཡིན་ཞེ་ན། སྲོག་བཅད་ན་དེའི་ལན་གྱིས་སའི་མདོག་ཉམས་པར་འོང་ངོ་། ། མ་བྱིན་པར་བླངས་ན་དེའི་ལན་གྱིས་སེར་བ་དང་། བྱེ་བ་དང་། བྱི་བ་དང་། སྲིན་མང་དུ་འོང་བར་འགྱུར་རོ།། མི་ཚངས་པར་སྤྱོད་པ་བྱས་པས། དེའི་ལས་ཀྱིས་ཁུག་རྣ་དང་། རླུང་དང་། རྡུལ་ཆེན་པོ་འོང་བའི་སར་སྐྱའོ།། བརྫུན་མང་དུ་བྱས་པའི་ལས་ཀྱི་འབྲས་བུ་ནི། ཁར་མནམ་པོར་འགྱུར་བ། ལྐུགས་མ་ཞིམ་པར་འོང་ངོ་།། ཕྲ་མ་མང་དུ་བྱས་པའི་ལས་ཀྱི་འབྲས་བུ་ནི་ཡུལ་མཐོ་དམན་ཅན་དང་། ལྕང་ལྕོང་དང་། མི་གཙང་བ་དང་། ན་རྒོང་པ་དང་། རྡོ་བ་གྲམ་ཁྲོད་ཅན་གྱི་ཡུལ་དུ་སྐྱེའོ།། ཁ་འཁྱལ་པ་བྱས་པའི་ལས་ཀྱི་འབྲས་བུ་ནི། གྲོག་པོ་མང་བ་རྩི་ཤིང་དང་། ཡལ་ག་དང་། བ་དབ་མ་ཚེར་མ་ཅན་དང་། ནགས་ཚང་ཚིང་ཅན་གྱི་ཡུལ་དུ་སྐྱེའོ།། བརྐམ་པར་བྱེད་པའི་འབྲས་བུ་ནི། འབྲུ་འབྲས་ཅིའང་ཕྲ་མོར་འོང་ངོ་།། ཁྲོ་བྱས་པའི་ལན་གྱིས་ས་བོན་འབྲས་བུ་ཚ་བ་དང་། སྒྱུར་བ་དང་། ཁ་བར་འོང་ངོ་།། ལོག་པར་བལྟས་པ་དང་། བྱེད་དུ་བཅུག་པའི་ལས་ཀྱི་རྒྱུས་ནི། ས་བོན་དང་འབྲས་བུ་ཆུང་ཞིང་ངན་པར་འོང་ངོ་། ། འདི་ལྟར་མི་དགེ་བ་བཅུའི་ལས་བྱས་པས་ཕ་རོལ་གྱི་ཡུལ་ས་རྣམས་ངན་པར་འགྱུར་ཞིང་མི་བདེ་བའི་གནས་སུ་སྐྱེ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་ལང་བཀའ་སྩལ་པ། མ་ནབ་ངན་པ་རྣམ་པ་བཅུར་འགྱུར་ཡང་གོ་ཞིང་ཤེས་པར་བྱོས་ཤིག། བཅུ་གང་ཞེ་ན། དགྲ་མང་དུ་འགྱུར་བ། ཡིད་དུ་མི་འོང་བར་སྣང་བ། ཚེ་ཐུང་བ། སྡིག་པའི་ལས་ལ་སེམས་པ། སེམས་ཅན་རྣམས་འཇིགས་པར་འགྱུར་བ། མི་དགའ་བཞིན་ཉལ་བ། མི་དགའ་བཞིན་སད་པ། རྨི་ལམ་ནི་སྡིག་པ་མཐོང་བ། ཕྱིས་འགྱོད་པ། ཚེ་ཐུང་བའི་ཡས་སེམས་ཤིང་བྱེད་པ་ཡིན་ཏེ། ཤི་ནས་ལུས་དང་བྲལ་ན་ལམ་ངན་པར་ལྷུང་ཞིང་སེམས་ཅན་དམྱལ་བར་སྐྱེའོ།། མ་བྱིན་པར་བླངས་ན་ལས་ཀྱི་རྣམ་པར་སྨིན་པ་བཅུར་འགྱུར་ཏེ། བཅུ་གང་ཞེ་ན། ད་གྲར་འགྱུར་བ་ཡིན། དོགས་པར་འགྱུར་བ་ཡིན། མི་རིགས་པར་འགྲོ་བ་ཡིན། མཚན་མོ་འ་ཁྱམས་པ་ཡིན། སྡིག་པའི་གྲོགས་པོ་ཀུན་གྱིས་ཟིན་པ་ཡིན། དགེ་བའི་གྲོག་ཀུན་སྤངས་པ་ཡིན། ། ཁྱིམ་མི་ཐུབ་པ་ཡིན། རྒྱལ་པོས་གྱོད་བཏབ་པ་ཡིན། ཆད་པས་བཅད་པ་ཡིན། མི་སྐྱིད་པར་བྱེད་པར་འགྱུར་བའི་ལས་སེམས་ཤིང་བྱེད་པ་ཡིན་ཏེ། ཤི་ནས་ལུས་དང་བྲལ་ནས་ལམ་ངན་པར་ལྟུང་ཞིང་སེམས་ཅན་དམྱལ་བར་སྨེའོ། ། མི་ཚངས་པར་སྤྱོད་པས་ན་ངན་པ་བཅུར་འགྱུར་བ་ཤེས་པར་བྱོས་ཤིག། བཅུ་གང་ཞེ་ན། གཞན་གྱི་ཁྱོ་ཤུག་དང་ཧལ་བ་ཡིན། གླགས་ཚོལ་བ་ཡིན། ཁྱོ་ཤུག་དང་འཐབ་པ་ཡིན། ཁྱོ་ཤུག་འཕྲོག་པ་ཡིན། མི་དགེ་བའི་ཆོས་ཀུན་སྐྱེ་བ་ཡིན། དགེ་བའི་ཆོས་ཀུན་བྱུང་ཞིང་འབྲི་བར་འགྱུར་བ་ཡིན། བདག་ཀྱང་བདེན་པར་མི་བསྲུང་བ་ཡིན། བུ་སྨད་ལ་སོགས་པའང་བདེན་པར་མ་བསྲུངས་པ་ཡིན། དོགས་པར་འགྱུར་པ་ཡིན། གཉེན་དང་། གྲོགས་པོ་དང་། རིགས་གཅིག་པ་དགྲར་འགྱུར་བའི་ལས་སེམས་ཤིང་བྱེད་པ་ཡིན་ཏེ། ཤི་ནས་ལུས་དང་བྲལ་ན་ལམ་ངན་པར་ལྟུང་ཞིང་སེམས་ཅན་དམྱལ་བར་སྐྱེའོ།། བརྫུན་བྱས་ན་ངན་པ་བཅུར་འགྱུར་ཏེ། བཅུ་གང་ཞེ་ན། དེའི་ལུས་ལྷ་རྣམས་མི་འཁོར་བ། མི་མ་ཡིན་པ་རྣམས་འཁོར་བ། གཞན་གྱིས་བསླུ་བ། བདག་གི་ཚིག་མི་བརྟན་པ། ཁ་མནམ་པ། དྲང་པོར་སྨྲས་ཀྱང་སུའང་ཡིད་མི་ཆེས་པ། བརྫུན་པོ་ཆེ་དེ་ལ་དྲི་བའི་མི་རིགས་ཞེས་ཟེར་བ། དེ་ལ་ཚིགས་སུ་བཅད་ཅིང་བསྟོད་པ་མེད་པར་གྲགས་པར་འགྱུར་བ། སུའང་མི་ཉན་པའི་ཚིག་ཏུ་འགྱུར་བ། ཀུན་ཏུ་ངན་དུ་བརྗོད་པའི་ལས་སེམས་ཤིང་བྱེད་པ་ཡིན་ཏེ། ཤི་ནས་ལུས་དང་བྲལ་ནས་ལམ་ངན་པར་ལྷུང་ཞིང་སེམས་ཅན་དམྱལ་བར་སྐྱེའོ།། ཆང་འཐུངས་ན་ངན་པ་བག་མེད་པ་སུམ་ཅུ་རྩ་ལྔར་འགྱུར་བ་ཤེས་པར་བྱོས་ཤིག། སུམ་ཅུ་རྩ་ལྔ་གང་ཞེ་ན། མངོན་པར་སྣང་བཞིན་དུ་ནོར་ཟད་པ། མ་དད་པ་མང་པོ་འདུ་བ། འཐབ་མོ་དང་རྩོད་པ་རྣམས་སྐྱེ་བ། ཁྲེལ་ཞིང་ངོ་ཆེས་མི་འཛེམ་པ། མི་ཉན་པར་གྲགས་པར་བྱེད་པ། ཤེས་རབ་ཉམས་པར་བྱེད་པ། སྐྱིད་པ་སྔན་ཆད་མ་བསགས་པ། ད་ཡང་མི་སོགས་པ། སྒྱིང་པའི་གསགས་པ་ཀུན་ཟད་ཅིང་མེད་པར་བྱས་པ། གསང་བའི་རྣམས་སྨྲ་བ། ལས་སུ་བྱ་བའི་རྣམས་ཤོར་བ། ཞན་ཏེ་མ་མྱ་ངན་གྱི་རྩ་བ། མར་མི་འཛིན་པ། བར་མི་འཛིན་པ། ཐར་པར་ཞུགས་པར་མི་ཤེས་པ་བྲམ་ཟེར་མི་ཤེས་པ། རིགས་བཙུན་པ་ལ་བསྟི་སྟང་རིམ་གྲོ་མི་བྱེད་པ། སངས་རྒྱས་ལ་རིམ་གྲོ་མི་བྱེད་པ། ཆོས་ལ་རིམ་གྲོ་མི་བྱེད་པ། དགེ་འདུན་ལ་རིམ་གྲོ་མི་བྱེད་པ། སྡིག་བྱེད་པའི་གྲོགས་པོ་ལ་རིམ་གྲོ་བྱེད་པ། དགེ་བའི་གྲོགས་པོ་ཀུན་སྤང་ཞིང་ཁྱད་དུ་གསོད་པ། ངོན་མི་ཤེས་པ། ཁྲེལ་གྱིས་མི་དོགས་པ། སྦ་ཞིང་མཛེས་པའི་བག་མི་བྱེད་པ། གཡེམ་པ་ལ་བག་མེད་པ། འགྲོ་བ་མང་པོའི་ཡིད་དུ་མི་འོང་བ། འགྲོ་བ་མང་པོས་སྨད་པ། རིགས་ཆེན་པོ་དང་། གཉེན་པ་དང་། རིགས་གཅིག་པར་སྤངས་པ། ཡང་དག་པའི་ཆོས་མ་ཡིན་པ་ཀུན་འཛིན་པ། ཡང་དག་པའི་ཆོས་ཀུན་སྤོང་བ། ཉེས་པར་བྱེད་ཀྱིས་བསྟོད་པའི་མི་རིགས་ཤེས་བླ་མས་སྨད་པ། མྱ་ངན་ལས་འདས་པ་དང་རིང་དུ་བྲལ་བ། སྨོན་པར་འགྱུར་པའི་ལས་སེམས་ཤིང་ངན་པའི་སྐྱོན་སྣ་ཚོགས་སུ་བྱེད་པ་ཡིན་ཏེ། ཤི་ནས་སེམས་ཅན་དམྱལ་བར་ལྷུང་ཞིང་ལུས་དང་བྲལ་ནའང་ལམ་ངན་པར་འགྲོ་བས་བླ་འོག་ཀུན་གྱིས་ཀྱང་མི་བཏུང་ཞིང་སྤང་བར་བྱའོ།། མན་པ་བདེ་བར་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་ནས་གུས་པས་ཕྱག་བྱས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། ཆེན་པོའི་རིགས་སུ་སྐྱེ་བ། གཟུགས་ཆབ་འཁོར་མང་པོ། ཕ་མ་ལ་རིམ་གྲོ་བསྟི་སྟང་ཆེ་བ། ནོར་མང་བ། མང་དུ་ཐོས་པ། དད་པ་དང་ལྡན་པ། མང་དུ་དྲན་པ། ཤེས་རབ་ཆེན་པོ། མཐོ་རིས་ཀྱི་ལམ་ཆེན་པོ་ཐོབ་པར་འོང་ངོ་།། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། གཟུགས་བཟང་པོར་འགྱུར། སྐད་སྙན་པར་འགྱུར། ངག་ཀུན་གྱིས་མཉན་པར་འགྱུར། འཁོར་ཀུན་གྱིས་སྟོང་པར་འགྱུར། སྐྱིད་པ་དང་ལྡན་པར་འགྱུར། ལྷ་དང་མིའི་ནང་ནའང་དབང་ཆེ་བར་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱ་ངན་ལས་འདས་པའང་མྱུར་དུ་ཐོབ་པར་འགྱུར། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་གདུགས་ཕུལ་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། གདུགས་དང་འདྲ་བར་འགྱུར། འཇིག་རྟེན་ལ་མི་གནོད་པར་འགྱུར། སྨོན་པའི་གནས་སུ་འགྱུར། འཇིག་རྟེན་གྱི་དབང་པོར་འགྱུར། ལས་སེམས་ཤིང་བྱེད་པར་འགྱུར། ཕྱི་ཕྱིར་འཁོར་ལོའི་རྒྱལ་པོ་ཐོབ་པར་འགྱུར། དབང་ཆེན་པོར་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱ་ངན་ལས་འདས་པའང་མྱུར་དུ་ཐོབ་པར་འགྱུར་རོ།། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་དྲིལ་བུ་ཕུལ་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། གཟུགས་བཟང་བར་འགྱུར་བ་ཡིན། དབྱངས་སྙན་པ་ཡིན། ཡིད་དུ་འོང་བ་སྨྲ་བ་ཡིན། བྱ་ཀ་ལ་བིང་ཀའི་སྒྲ་སྐད་དུ་སྨྲ་བ་ཡིན། ཀུན་གྱིས་མཉན་པར་འགྱུར་བ་ཡིན། རྟག་ཏུ་དགའ་ཞིང་རངས་པ་ཡིན། ཕྱི་ཕྱིར་ཡིད་དུ་འོང་བའི་སྒྲ་ཐོས་པ་ཡིན། སྤྱོད་པ་མང་པོ་ཡིན། མཐོ་རིས་སུ་སྐྱེ་བ་ཡིན། མྱ་ངན་ལས་འདས་པར་འགྱུར་བ་ཡིན་ནོ།། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་ན་བཟའ་ཕུལ་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། མདོག་འཇམ་པ་ཡིན། ལུས་རྡུལ་མི་ཆགས་པ་ཡིན། ཁྲེལ་ལྟས་དང་ལྡན་པ་ཡིན། མཐོང་ན་དགའ་བ་ཡིན། རྟག་ཏུ་གོས་དང་ལྡན་པ་ཡིན། འཇམ་ཞིང་བཟང་པོ་གོས་རྟག་པ་ཡིན། ཅིའང་རྙེད་པ་ཡིན། སྤྱོད་པ་མང་བ་ཡིན། མཐོ་རིས་སུ་སྐྱེ་བ་ཡིན། མྱུར་དུ་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ།། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་ནང་ན་མེ་ཏོག་དང་འདྲ་བར་འགྱུར། གསུང་གི་དབང་པོ་གཙང་བར་འགྱུར། ལུས་ལ་མནམ་པཇི་རྣམ་པར་འགྱུར། ལུས་གཙང་མར་འགྱུར། ཕྱོགས་བཅུར་ཁྲིམས་ཐུབ་གཟུངས་རྒྱས་པར་འགྲོ། ཀུན་ཀྱང་དེ་ལས་འདུ་བར་འགྱུར། འཇིག་རྟེན་གྱི་ནང་ན་རྙེད་པར་འགྱུར། ངང་པའི་ཆོས་ནམས་མང་དུ་འགྲུབ་པར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་འཕྲེང་བ་ཕུལ་ན། དེའི་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་ནང་ན་མེ་ཏོག་གི་འཕྲེང་བ་དང་འདྲ་བར་ལུས་ལ་མནམ་པའི་དྲི་ཞིམ་པར་འགྱུར། ལུས་གཙང་བར་འགྱུར། རྟག་ཏུ་དྲི་ཞིམ་པར་འགྱུར། རྒྱན་དང་ལྡན་པར་འགྱུར། འཁོར་གྱི་རྣམས་གཏོང་ཞིང་ཉེ་བར་འགྱུར། ཁོ་མོ་ཐམས་ཅད་ཀྱི་ཡིད་དུ་འོང་བར་འགྱུར། སྤྱོད་པ་མང་དུ་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་ནང་ན་མར་མ་དང་འདྲ་བར་འགྱུར། ཤའི་མིག་གཙང་བར་འགྱུར། འཕྲུལ་གྱི་མིག་ཐོབ་པར་འགྱུར། མི་ཤེས་པའི་མུན་པ་ནག་པོ་མེད་པར་འགྱུར། ཤེས་རབ་ཀྱི་འོད་ཐོབ་པ་འགྱུར། དགེ་བ་དང་མི་དགེ་བའི་དོན་རྣམས་བྱེ་བྲག་བྱེད་པར་འགྱུར། འཁོར་བ་ན་འཁོར་ཡང་མུན་པ་དང་མྱོས་པར་མི་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར་མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ། ། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་སྤོས་ཕུལ་ན། ལེགས་པ་བཅུ་ཐོབ་པར་འགྱུར་རོ།། བཅུ་གང་ཞེ་ན། འཇིག་རྟེན་གྱི་ནང་ན་སྤོས་དང་འདྲ་བར་འགྱུར། སྣའི་དབང་པོ་རྣོ་བར་འགྱུར། ལུས་དྲི་ཞིམ་པ་གཙང་བར་འགྱུར། རྟག་ཏུ་དྲི་ཞིམ་པར་འགྱུར། གཟུགས་བཟང་པོར་འགྱུར། སེམས་ཅན་དགའ་ཞིང་འདུ་བར་འགྱུར། འཇིག་རྟེན་གྱི་ནང་ན་རྙེད་པར་འགྱུར། དད་པའི་ཆོས་རྣམས་མང་དུ་འགྲུབ་པར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།། ཡང་དག་པར་གཤེགས་པའི་མཆོད་རྟེན་ལ་རྔ་ཕུལ་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། གཟུགས་བཟང་པོར་འགྱུར། སྐད་སྙན་པར་འགྱུར། སྨྲས་པ་ཡིད་དུ་འོང་བར་འགྱུར། སྐྱིད་པ་དང་ལྡན་པར་འགྱུར། རྟག་ཏུ་དགའ་བར་འགྱུར། ཚིག་ཀུན་གྱིས་ཉན་པར་འགྱུར། ཕྱི་ཕྱིར་སྒྲ་སྙན་པ་ཐོབ་པར་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།། ཡང་དག་པར་གཤེགས་པའི་མཆོད་རྟེན་བརྩིགས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། རིགས་ཆེན་པོར་འགྱུར། གཟུགས་དང་མིག་བཟང་ཞིང་སྡུག་པར་འགྱུར། དབང་ཆེ་ཞིང་འཁོར་མ་ལ་སྙིང་ཉེ་བར་འགྱུར། སྤྱོད་པ་མང་པོར་འགྱུར། ཀུན་བཟླུམ་པའི་གནས་སུ་འགྱུར། རིགས་སུ་བཅད་པ་དང་། བསྟོད་ཅིང་བསྐྱེད་པས་ཕྱོགས་བཅུར་ཆེར་གྲགས་ཤིང་ལྷ་དང་མི་རྣམས་ཀྱིས་མཆོད་པར་འགྱུར། བྱི་ཕྱིར་ནོར་མ་ཞིང་འཁོར་ལོ་སྒྱུར་བའི་རྒྱལ་པོར་འགྱུར། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའི་ལུས་སུ་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར། སྟན་གྱི་སྦྱིན་པ་གཏོང་བར་བྱས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་ནང་ན་བླ་མར་འགྱུར། བཟང་པོར་སྨད་པར་འགྱུར། འགྲོ་བ་མང་པོ་ལ་སྐྱིད་པའི་སྒྲ་གྲགས་པར་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར། ། ལྷམ་གྱི་སྦྱིན་པ་བྱས་པས་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། བཞོན་པ་ཀུན་གྱིས་མི་བྲེལ་བར་འགྱུར། རྐང་པ་ལེགས་པར་འགྱུར། ལམ་དུ་ཞུགས་ན་མཐུ་དང་ལྡན་པར་འགྱུར། ལུས་མི་ཞན་པར་འགྱུར། ལམ་དུ་ཞུགས་ན་རྡོ་ཤིང་གིས་མི་སྣང་བར་འགྱུར། རྫུ་འཕྲུལ་གྱི་རྐང་པ་ཐོབ་པར་འགྱུར། གཡོག་བྲན་དང་ལྡན་པ་བདེ་བར་འགྱུར། མཐོ་རིས་སུ་སྐྱེ་ཞིང་མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།། སྣོད་ཀྱི་སྦྱིན་པ་གཏོང་བ་བྱས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། སྣོད་སྤྱོད་དང་ལྡན་པར་འགྱུར།། འཇིག་རྟེན་གྱི་ཡོན་ཏན་དུ་འགྱུར། སྐོམ་དང་ཆུང་བར་འགྱུར། སྐོམ་ནའང་བཏུང་བ་དང་ལྡན་པར་འགྱུར། སེམས་མཉེན་པར་འགྱུར། རིང་དུ་འཁྱམས་པར་མ་སྐྱེ་བར་འགྱུར། ལྷ་དང་མི་ཀུན་ལ་དགའ་བར་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།། ཟས་ཀྱི་སྦྱིན་པ་གཏོང་བ་བྱས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། ཚེ་རིང་བར་འགྱུར། དབང་དང་ལྡན་པར་འགྱུར། སྟོབས་དང་ལྡན་པར་འགྱུར། དྲན་པ་དང་ལྡན་པར་འགྱུར། སྨྲ་བ་དང་ལྡན་པར་འགྱུར། འཁོར་འདུ་ཞིང་མགུ་བར་བྱེད་པར་འགྱུར། ལྷ་དང་མི་ཀུན་མགུ་བར་འགྱུར། ལོངས་སྤྱོད་མང་པོར་འགྱུར། བདེ་བར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ། ། གནས་ཀྱི་སྦྱིན་པ་གཏོང་བ་བྱས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། རྒྱལ་ཕྲན་དུ་འགྱུར། འཁོར་གྱི་རྒྱལ་པོར་འགྱུར། གཞན་གྱིས་མི་ཚུགས་པའི་རྒྱལ་པོར་འགྱུར། གླིང་གཅིག་གི་རྒྱལ་པོར་འགྱུར། གླིང་གཉིས་ཀྱི་རྒྱལ་པོར་འགྱུར། གླིང་གསུམ་གྱི་རྒྱལ་པོར་འགྱུར། གླིང་བཞིའི་རྒྱལ་པོར་འགྱུར། སྤྱོད་པ་མང་པོར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།། ཐར་པར་ཞུགས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། བུ་དང་། ཆུང་མ་དང་། གཉེན་དང་། འདུ་འཛི་ལ་མ་ཆགས་པ་དང་། སེར་སྣ་མེད་པ་ཡིན། འདོད་པ་ལེན་པ་མེད་པ་ཡིན། ཤིང་ཁྲོད་ན་གནས་པ་ལ་མི་དགའ་བ་མེད་པ་ཡིན། རིན་པོ་ཚེ་གསུམ་ལ་རི་མོར་བྱེད་པ་ཡིན། མི་ཤེས་པའི་གནས་ལས་བྲལ་བ་ཡིན། ངན་པར་འགྲོ་བའི་ཆོས་དང་བྲལ་བ་ཡིན། དགེ་བའི་ཆོས་ཀུན་ཚོལ་བ་ཡིན། ལྷ་དང་མི་ལ་དབེན་པ་ཡིན་རྟག་ཏུ་ཡང་དག་པར་གཤེགས་པའི་འཕགས་པ་བཞན་དུ་ཐར་པར་ཞུགས་ཤ་མས་བྱེད་པ་ཡིན། མྱུར་དུ་མ་བདེ་བ་ལས་ཐར་ཏེ་མྱ་ངན་ལས་འདས་པར་འགྱུར་རོ།། སྐོམ་གྱི་སྦྱིན་པ་བྱས་ན། ལེགས་པ་བཅུ་ཐོབ་སྟེ། བཅུ་གང་ཞེ་ན། དབང་པོ་ཐམས་ཅད་ཚང་པར་འགྱུར། དཔྲལ་བའི་དབྱེས་ལེགས་པར་འགྱུར། སྨྲས་པ་ཀུན་མགུ་བར་འགྱུར། སེམས་མཉེན་པར་འགྱུར། སྐོམ་དང་ཆུང་བར་འགྱུར། སྐོམ་ནརང་བཏུང་བ་དང་ལྡན་པར་འགྱུར། རིང་ངུར་ཁྱམས་པར་མི་སྐྱེ་ལོངས་སྤྱོད་མང་བར་འགྱུར། མཐོ་རིས་སྣ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།། བཞོན་པ་སྦྱིན་གཏོང་བྱས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། རྐང་པ་འཇམ་པ་ཡིན། རྐང་པའི་དབྱིབས་ལེགས་པར་འགྱུར། རྐང་གིས་འགྲོ་ན་ལུས་ལ་གནོད་པར་མི་འགྱུར། མི་མཛའ་བ་མེད་པར་འགྱུར། རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པར་འགྱུར། བཞོན་པས་མི་ཐེལ་བར་འགྱུར། སྤྱོད་པ་མང་བར་འགྱུར། བདེ་བར་འགྱུར། མཐོ་རིས་སུ་སྐྱེ་བར་འགྱུར། མྱུར་དུ་མྱ་ངན་ལས་འདས་པར་འགྱུར་རོ།། ཁྲོད་དབེན་པར་གནས་པ་ལ་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། མང་པོ་འདུས་པ་རྣམས་སྤང་བ། ཤིན་ཏུ་དབེན་པར་སྤྱོད་པ། བསམ་གཏན་ལ་དམིགས་པའི་སེམས་སུ་འགྱུར་བ་ཆུང་ངུ་བྱེད་པ། སངས་རྒྱས་ལ་བསྙེན་པ། ལུས་སངས་རྒྱས་ལ་བསྙེན་པ། ལུས་དགེ་ཞིང་བདེ་བར་སྤྱོད་པ། བར་མ་དོར་མི་འཁྱམས་པ། ཆོས་ཇི་ལྟ་བུར་ཐོས་པའི་དོན་རྒྱས་པ་ཤེས་པ། མི་གཡོ་འཛིན་རབ་ཏུ་ཐོབ་པ། ཤེས་རབ་ཤིན་ཏུ་ཐོབ་པའོ།། སློང་བ་ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འགྲོ་བ་ལ་གོམས་པར་འགྱུར། གནས་ཀུན་རིང་བར་འགྱུར། རྒྱལ་སྤངས་པར་འགྱུར། བདག་རང་ཁེ་དང་ལྡན་པར་འགྱུར། གཞན་བསོད་ནམས་ལ་བཀོད་པར་འགྱུར། བསྟན་པའི་ཆོས་རྒྱས་པར་འགྱུར། ཕྱིས་བྱུང་བའི་རྣམས་ལ་སྣང་བར་བྱེད་པར་འགྱུར། ཐར་པར་ཞུགས་པའི་ཚུལ་ལས་མི་འགལ་བར་བྱེད་པར་འགྱུར། སྣང་བའི་སེམས་སུ་འགྱུར། དགེ་བའི་ཁྲིམས་ཚངས་པའི་སེམས་སློངས་མོ་ལ་ཞུགས་པས་ཕྱོགས་གང་དུའང་མུན་པར་མི་འགྱུར་བ་ཡིན། ཐུབ་ཅིང་མི་འཇིགས་པས་ན། ལེགས་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། མི་འཇིགས་བཞིན་དུ་གྲོང་དུ་འཇུག་པ། མི་འཇིགས་བཞིན་དུ་གྲོང་ནས་འབྱུང་བ། མི་འཇིགས་བཞིན་དུ་རིགས་པ་འཇུག་པ། མི་འཇིགས་བཞིན་དུ་འཁོར་ལ་ཆོས་འཆད་པ། མི་འཇིགས་བཞིན་དུ་དགེ་འདུན་གྱི་ནང་དུ་འཇུག་པ། མི་འཇིགས་བཞིན་དུ་མཁན་པོ་དང་སློབ་དཔོན་གྱི་ནང་དུ་འགྲོ་བ།། བྱམས་པའི་སྟོབས་རྣམས་ལ་སྤོང་བ། མི་འཇིགས་བཞིན་དུ་ཆོས་གོས་དང་། ཟས་དང་། མལ་སྟན་དང་། སྨན་དང་། གཡོག་ལ་སོགས་པ་རྣམས་སྤྱོད་པ་མི་འཇིགས་པར་ཁ་ཏོན་དང་། ཀློག་པ་དུས་ཟད་པའི་ཚེ་ཡང་མི་འཇིགས་པ་བཞིན་ནོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་དང་། སྟོའུརུ་དེ་ཡའི་བུ་ཤུ་ཀོ་མ་ན་བསྟན་ལས་ལངས་ཏེ། ཕྱོགས་གཅིག་ཏུ་འདུག་སྟེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དཀོན་མཆོག་གསུམ་ལ་ཕྱག་འཚལ་སྐྱབས་མཆིའོ། ། དེང་ཕན་ཆད་བདག་གི་ནམ་དུའང་དགེ་བའི་བཤེས་གཉེན་མཛད་པར་དགོངས་སུ་གསོལ་ཞེས་གསོལ་ཏོ།། ལས་རྣམ་པར་འགྱུར་བ་བམ་པོ་གཅིག་པ་རྫོགས་སོ།།
CLOSE WINDOW