CLOSE WINDOW

S277: འདུ་ཤེས་བཅུ་བསྟན་པ
Wyliee-texts produced with ocr Programm

། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་འདི་ཤིན་ཏུ་དག་པར་ཡོད་པས་ཡིད་ཆེས་ཀྱི་གནས་སོ།། གཞན་འཁྲུགས་ཆད་ཡོད་པ་མང་བར་སྣང་སྟེ་གླེག་པ་མ་མང་དུ་བལྟས་སོ། ། ། རྒྱུ་གར་སྐད་དུ། དཱ་ཤ་ས་མ་ཛྙཱ་དེ་ཤ་སཱུ་ཏྲ། བོད་སྐད་དུ། འདུ་ཤེས་བཅུ་བསྟན་པའི་མདོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། ། རྒྱུ་གར་སྐད་དུ། དཱ་ཤ་ས་མ་ཛྙཱ་དེ་ཤ་སཱུ་ཏྲ། བོད་སྐད་དུ། འདུ་ཤེས་བཅུ་བསྟན་པའི་མདོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་གྱད་ཀྱི་ཉེན་ཀོར་ཤིང་སཱ་ལ་ཟུང་གི་ཚལ་ན་བཞུགས་ཏེ། ཡོངས་སུ་མྱ་ངན་ལས་འདའ་བར་དགོངས་པའི་དུས་ཀྱི་ཚེ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་གྱད་ཀྱི་ཉེན་ཀོར་ཤིང་སཱ་ལ་ཟུང་གི་ཚལ་ན་བཞུགས་ཏེ། ཡོངས་སུ་མྱ་ངན་ལས་འདའ་བར་དགོངས་པའི་དུས་ཀྱི་ཚེ། བཅོམ་ལྡན་འདས་ཀྱིས། འཁོར་བཞི་པོ་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འཆི་ཀའི་དུས་ཀྱི་ཚེ། འདུ་ཤེས་བཅུ་མངོན་དུ་བསྒོམ་པར་བྱའོ།། བཅུ་གང་ཞེ་ན། ཚེ་འདིའི་སྤྱོད་ཡུལ་ལ་མ་ཆགས་པའི་འདུ་ཤེས་དང་། བཅོམ་ལྡན་འདས་ཀྱིས། འཁོར་བཞི་པོ་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འཆི་ཀའི་དུས་ཀྱི་ཚེ། འདུ་ཤེས་བཅུ་མངོན་དུ་བསྒོམ་པར་བྱའོ།། བཅུ་གང་ཞེ་ན། ཚེ་འདིའི་སྤྱོད་ཡུལ་ལ་མ་ཆགས་པའི་འདུ་ཤེས་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་བྱམས་པའི་འདུ་ཤེས་དང་། ཁོན་དུ་འདུ་འཛིན་པ་ཐམས་ཅད་ཡོངས་སུ་འདོར་ཞིང་སྤོང་བའི་འདུ་ཤེས་དང་། ཚུལ་ཁྲིམས་འཆལ་ཅིང་འམས་པ་ཐམས་ཅད་བཤགས་ཤིང་ཚུལ་ཁྲིམས་ཐམས་ཅད་ཡང་དག་པར་བླང་བའི་འདུ་ཤེས་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་བྱམས་པའི་འདུ་ཤེས་དང་། ཁོན་དུ་འདུ་འཛིན་པ་ཐམས་ཅད་ཡོངས་སུ་འདོར་ཞིང་སྤོང་བའི་འདུ་ཤེས་དང་། ཚུལ་ཁྲིམས་འཆལ་ཅིང་འམས་པ་ཐམས་ཅད་བཤགས་ཤིང་ཚུལ་ཁྲིམས་ཐམས་ཅད་ཡང་དག་པར་བླང་བའི་འདུ་ཤེས་དང་། བདག་དང་གཞན་གྱིས་ཉེས་པ་ཆེན་པོ་བྱས་པ་དག་ལ་ཡང་བའི་འདུ་ཤེས་དང་། བདག་དང་གཞན་གྱིས་དགེ་བའི་རྩ་བ་ཆུང་ངུ་བྱས་པ་དག་ལ་འབྲས་བུ་དང་ཕན་ཡོན་དེ་ཆེ་བའི་འདུ་ཤེས་དང་། བདག་དང་གཞན་གྱིས་ཉེས་པ་ཆེན་པོ་བྱས་པ་དག་ལ་ཡང་བའི་འདུ་ཤེས་དང་། བདག་དང་གཞན་གྱིས་དགེ་བའི་རྩ་བ་ཆུང་ངུ་བྱས་པ་དག་ལ་འབྲས་བུ་དང་ཕན་ཡོན་དེ་ཆེ་བའི་འདུ་ཤེས་དང་། འཇིག་རྟེན་ཕ་རོལ་ཏུ་ཕྱིན་པའི་དག་ལ་མི་སྐྲག་ཅིང་འཇིགས་པ་མེད་པའི་འདུ་ཤེས་དང་། འདུ་བྱེད་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང་། ཆོས་ཐམ་ཅད་ལ་བདག་མེད་པའི་འདུ་ཤེས་དང་། འཇིག་རྟེན་ཕ་རོལ་ཏུ་ཕྱིན་པའི་དག་ལ་མི་སྐྲག་ཅིང་འཇིགས་པ་མེད་པའི་འདུ་ཤེས་དང་། འདུ་བྱེད་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང་། ཆོས་ཐམ་ཅད་ལ་བདག་མེད་པའི་འདུ་ཤེས་དང་། མྱ་ངན་ལས་འདས་པ་ནི་བདེ་བ་དང་ཞི་བའོ་སྙམ་དུ་འདུ་ཤེས་པ་མངོན་པར་བསྒྲུབ་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དག་ཡི་རང་སྟེ། མྱ་ངན་ལས་འདས་པ་ནི་བདེ་བ་དང་ཞི་བའོ་སྙམ་དུ་འདུ་ཤེས་པ་མངོན་པར་བསྒྲུབ་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དག་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འདུ་ཤེས་བཅུ་བསྟན་པའི་མདོ་རྫོགས་སོ།། ། རྒྱ་གར་སྐད་དུ། ཤཱ་རྡུལ་རྣ་ཨ་བ་དཱ་ན། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འདུ་ཤེས་བཅུ་བསྟན་པའི་མདོ་རྫོགས་སོ།། ། རྒྱ་གར་སྐད་དུ། ཤཱ་རྡུལ་རྣ་ཨ་བ་དཱ་ན། བོད་སྐད་དུ། སྟག་རྣའི་རྟོགས་པ་བརྗོད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྔ་དྲོའི་དུས་སུ་ཆོས་གོས་དང་ལྷུང་བཟེད་ཐོགས་ནས། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བསོད་སྙོམས་སྤྱད་དེ་ཟས་ཀྱི་བྱ་བ་བྱས་ནས་ཆུ་མིག་གཞན་ཞིག་ཏུ་ཆུའི་ཕྱིར་ཕྱིན་ནོ།། དེར་ཕྱིན་པ་དང་། ཡང་དེའི་ཚེ་ཆུ་མིག་དེ་ལ་གདོལ་པའི་བུ་མོ་གཟུགས་བཟང་མོ་ཞེས་བྱ་བ་ཆུ་ཆུ་ཞིང་འདུག་གོ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། གདོལ་པའི་བུ་མོ་གཟུགས་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ།། སྲིང་མོ་བདག་ལ་ཆུ་བྱིན་ཅིག། དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་ཀུན་དགའ་བོ་བདག་ནི་གདོལ་པའི་བུ་མོ་ལགས་སོ།། སྲིང་མོ་རུས་དང་རིགས་འདྲི་བ་མ་ཡིན་གྱིས། འོན་ཀྱང་དེ་ནས་ཆུ་ཆུས་ལ་བྱིན་ཅིག།

CLOSE WINDOW