CLOSE WINDOW

S200: ཟས་ཀྱི་འཚོ་བ་རྣམ་པར་དག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
Wyliee-texts produced with ocr Programm

བོད་སྐད་དུ། ཟས་ཀྱི་འཚོ་བ་རྣམ་པར་དག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འོད་མའི་ཚལ་ན། དགེ་སློང་གི་དགེ་འདུན་བརྒྱ་ཕྲག་བྱེད་དང་བཅུ་གསུམ་དང་། གཞན་ཡང་དགེ་སློང་བ་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་ཀླུ་སྡེ་བརྒྱད་དང་། བྱང་ཆུབ་སེམས་དཔའ་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། ། དེ་ནས་མོའུ་འགལ་གྱི་བུ་ཆེན་པོ་འདུག་པ་ལས་ལངས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་སྔོན་གྲོང་ཁྱེར་དུ་བསོད་སྙོམས་ལ་མཆིས་པའི་ཤུལ་ཡོངས་སུ་མི་གྲངས་ཁྲི་སྟོང་ཇི་སྙེད་མཆིས་ཏེ། དེ་དག་གི་མགོ་ནི་རི་བཞིན་དུ་ཆེ། ཁོག་པ་ནི་རི་རིབ་ལྷུན་པོ་བཞིན། མགྲིན་པ་ནི་ཁབ་བཞིན་དུ་པྲ་ཕན་ཚུན་བསྐྱོད་ཅིང་མཆི་བ་ན། ཤིང་རྟ་ལྔ་བརྒྱ་ཤིན་ཏུ་འཁྲོལ་བའི་སྒྲ་འབྱུང་སྟེ། དེའང་མི་བཟད་པའི་བཞིན་གཞོབ་ཀྱི་དུད་པ་ཀུན་ནས་འཕྲུལ་ལོ།། དེ་ཅིའི་དངོས་པོ་ལགས་པ་དང་། ཅི་ལས་གྱུར་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་འགལ་གྱི་བུད་དེ་དག་ནི་འདྲེན་བཀྲེན་ལྷོགས་པ་ཡིན་ཏེ། སྔོན་འདས་པའི་དུས་ན་མཆོད་སྡོང་བཤིག་པ་དང་། མཆོད་སྟོན་སྦྱར་བ་བཤིག་པས་དེ་ལྟ་བུའི་སྡིག་པ་རྣམ་པར་སྨིན་པ་ཡིན་ནོ།། ཡང་གཅིག་ཏུ་གཞན་གྱི་མཆོད་སྟོན་ཟོས་ནས། ཟ་གཅིག་པར་མ་བྱས་པའི་སྡིག་གི་རྣམ་པར་སྨིན་པ་དེ་ཡིན་ནོ། ། མཆོད་སྟོན་ལྷག་མ་ཟག་ཅིག་པ་མི་བྱེད་པ་ལ་མ་སྦྱིན་ཅིག། ཡོན་བདག་གིས་ལྷག་མ་རྣམས་དགེ་འདུན་ལ་སྤགས་པའི་གསོལ་བ་བྱོས་ལ། བཟོད་པར་གསོལ་ཅིག། སྤགས་པའི་ཟས་རྣམས་དགེ་འདུན་རྣམས་ཀྱིས་གནང་བ་བྱིན་ཅིག། གནང་བ་མ་བྱིན་ན། དགེ་འདུན་རྣམས་ཀྱང་ལྟུང་བར་འགྱུར་རོ།། དེ་ནས་མོའུ་འགལ་གྱི་བུས་གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི་ཡང་དག་པའོ། ། ཡོན་བདག་སུའང་རུང་སྟེ། ཆོས་བཞིན་དུ་བསྡུ་བའི་ཕྱིར། མཆོད་པའི་ཡོ་བྱད་འབྱོར་ཚོགས་ཏེ། ཟ་གཅིག་པར་བྱས་པ་རྣམས་རཾ། ཟས་ཀྱི་འཚོ་བ་དང་ལྡན་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟ་གཅིག་པར་མ་བྱས་པ་རྣམས་ནི་ཟས་དང་མི་ལྡན་པར་འགྱུར་རོ།། དེ་ལྟར་ན་ནི་མ་གཅིག་ཟ་གཅིག་པ་ཐུབ་ན། ཉི་མ་དྲུག་ཁྲིར་བསོད་རམས་རྣམ་པར་འཕེལ་ལོ། ། མ་ཐུབ་པ་ན་ནི་མ་དྲུག་ཁྲི་བཅུར་འདྲེ་ལྟོགས་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེའི་སྦྱིན་པ་ནི་ཤིན་ཏུ་ལྕི་བ་སྟེ། གཉིས་ན་སྔགས་ཀྱི་ཐུབ་མ་ཟོས་ཀྱང་བླའོ།། ཡོན་བདག་དད་པའི་ཟས་ནི་ཤིན་ཏུ་དཀའ་སྟེ། ཤིན་ཏུ་ཡུན་རིང་པོར་སྡུག་བསྔལ་བར་འགྱུར་ཏེ། ཚེ་རབས་ཁྲི་ཕྲག་བརྒྱར་འདྲེ་ལྟོགས་པའི་དངོས་པོར་འགྱུར་རོ།། བསོད་ནམས་ཀྱི་ཟས་བྱའོ་ཅོག་ལ་ནན་ཏན་ཆེར་བྱོས་ཤིག། སྣམ་ཕྲག་གམ་པུ་རུང་གི་ནང་དུ་ཁྱེར་བར་བྱས་ན། ཚེ་རབས་ལྔ་བརྒྱར་དམྱལ་བར་ལྷུང་སྟེ་ལྕགས་ཀྱི་ཐུ་ལུམ་དམར་པོ་མཆན་ཁུང་གཡོན་པ་ནས་ཐལ་ནས་མཆན་ཁུང་གཡས་པར་ཐལ་ལོ།། ལྷག་མ་མི་བསྐུར་བར་བྱོས་ཤིག། ཆུང་ངུ་ན་ཁྲེའི་འབྲུ་གཅིག་ཙམ་ཁྱེར་ནའང་། ལྕགས་ཀྱི་འཁོར་ལོ་ཙམ་དུ་འགྱུར་རོ།། དགེ་བསྙེན་གྱིས་ཀྱང་རུང་སྟེ། བསོད་ནམས་ཀྱི་ཟས་སྦྱར་རོ་ཅོག་ལ་ཐོག་མ་ནས་མྱངས་པའི་སྤགས་པར་མི་བྱའོ། ། དེ་མྱངས་པས་སྦྱར་བ་ཐམས་ཅད་ལྷག་མའི་སྤགས་པ་མི་བྱའོ།། བྱས་པ་དོན་མེད་པར་འགྱུར་རོ།། གཉིས་ན་མ་བྱས་ཀྱང་བླའོ།། དེ་ཅིའི་ཕྱིར་ཞེ་ན། ལྒ་ཐམས་ཅད་མི་དགྱེས་པར་འགྱུར་རོ། ། མཉན་པོ་ཐམས་ཅད་མི་དགའ་བར་འགྱུར་རོ།། གང་ཞིག་མྱངས་པ་ཞིག་ཡོད་ན་ཚེ་རབས་ལྔ་ཁྲིར་འདྲེ་ལྟོགས་པར་འགྱུར་རོ།། སྡུག་བསྔལ་མི་བཟད་པ་སྣ་ཚོགས། ཀྱིས་མྱོང་བར་འགྱུར་རོ།། གང་ཞིག་ཕྱིན་ཆད་བསོད་ནམས་འདོད་པས། ཚུལ་བཞིན་དུ་བསོད་ནམས་ཀྱིས་ཟས་གཙང་སྦྲས་ཕྱེད་པ་དང་། ཤིན་ཏུ་གུས་པར་སྦྱར་ལ་ལག་པ་ཤིན་ཏུ་དག་པར་བཀྲུས་ནས། ཚོད་མ་ལ་སོགས་པ་དྲོད་བག་ཅན་དུ་སྦྱར་རོ་ཅོག་ཤིན་ཏུ་བཀབ་པ་དང་། རིམ་གྲོ་བསྐྱེད་དེ། དེ་དག་ཀྱང་སྔ་མྱང་བར་མི་བྱའོ།། དེ་ནས་བསོད་ནམས་སུ་གྱུར་ཅིང་། ལྷ་ཐམས་ཅད་ཀྱང་དགའ་བར་འགྱུར་རོ། ། ཉན་ཐོས་ཐམས་ཅད་ཀྱང་དགའ་བར་འགྱུར་རོ།། ལྷ་ལ་སོགས་པ་ཐམས་ཅད་ཀྱིས་སྲུང་ཞིང་བྱིན་གྱིས་རློབ་པར་འགྱུར་ཏེ། ཡང་དག་པར་སྨྲ་བ་ཡིན་ནོ།། བསོད་ནམས་རྣམ་པར་སྨིན་པ་ནི་བྲག་མ་དང་གཟུགས་བརྙན་བཞིན་ནོ། ། དེ་ལྟར་འདྲེ་བཀྲེན་ལྟོགས་པ་ནི་ཐོག་མ་མི་ལས་གྱུར་ཏེ། ཐོག་མ་ལག་མི་གཙང་བས་དགེ་འདུན་གྱི་ཁ་ཟས་གཙང་མ་ལ་རེག་པ་དང་། བདག་གི་ལག་པ་མི་གཙང་བས། དགེ་འདུན་གྱི་ཁ་ཟས་གཙང་མའི་ནང་ན་བསྡོགས་སམ། ཟས་གཙང་མའི་ནང་དུ་ཁ་ཟས་མི་གཙང་བས་བསྲེས་ཏེ། དགེ་འདུན་ལ་སྦྱིན་པ་བྱས་པས་ཚེ་རབས་ལྔ་བརྒྱར་འདྲེ་ལྟོགས་པར་ལྟ་སྟེ། རྟག་ཏུ་མི་གཙང་བ་ཟ་ཞིང་རྣམ་ཕྱི་སར་མི་གཙང་བ་ཟ་ན། སྣམ་ཕྱི་སའི་སྲུངས་མས་ལྕགས་ཀྱི་བེར་ཁས་གདེངས་ཏེ། འདྲེ་ལྟོགས་པ་དེ་དག་རྣམས་ཕྱི་སར་མི་སྙེན་པར་བྱེད་དོ། ། མིའི་རྣག་དང་། ཁྲག་དང་། མ་མིབ་སྣབས་དང་། ངར་སྐབས་དང་། ཁྲུད་མ་མི་གཙང་བ་བཅོག་པ་ཟ་ཞིང་། མི་གཙང་བ་སྲུང་ཞིང་། བུད་མེད་བུ་ས་ས་པའི་ཁྲག་མི་གཙང་བ་གཟས་པ་ཟས་སུ་ཟའོ། ། དེ་ནས་ཚེ་རབས་ཁྲི་ཕྲག་ལྔ་བརྒྱར་ཁྱི་དང་། ཕག་པ་དང་། སྦུར་བ་ལ་སོགས་པའི་ལུས་སུ་གྱུར་ནས། རྟག་པར་དམན་ཞིང་བཙོག་པ་དང་། མི་གཙང་བ་ཟ་བར་འགྱུར་ཏེ། དེ་ལྟ་བུའི་སྡུག་བསྔལ་བསྐལ་པ་ཁྲི་སྟོང་དུ་མྱོང་སྟེ། ཐར་པའི་དུས་མེད་དོ།། རྣམ་པར་ཐར་པར་དཀའ་འོ།། ཤིན་ཏུ་མི་བཟད་པའང་བརྗོད་ཀྱིས་མི་ལང་ངོ་།། གལ་ཏེ་ལག་པ་པོ་མཚན་ལ་རེག་གམ། མོ་མཚན་ཁ་རེག་གམ། ལག་པ་མི་གཙང་བསྔ་དགེ་འདུན་གྱི་ཁ་ཟས་མི་གཙང་བའི་ནང་དུ་བཅུག་གམ། མི་གཙང་བའི་ཟས་དགེ་འདུན་ཟར་བཅུག་ན། དེ་ལྟ་བུའི་སྡིག་པ་རྣམ་པར་སྨིན་པ་ནི་ཐམས་ཅད་མི་གནད་ཀྱི་རིམས་ཀྱིས་བཏབ་པ་དང་། སྡིག་པར་མི་ཤེས་པའོ།། ཕྱིན་ཆད་དགེ་འདུན་གྱི་ཁ་ཟས་གཙང་སྦྲར་བྱ་བ་དང་། ལག་པ་གཙང་མས་དགེ་འདུན་གྱི་ཁ་ཟས་ཀྱི་སྣོད་ལ་བཟུང་བ་དང་། ལག་པ་གཙང་མས་ཁྲེ་འབྲས་བཀྲུ་བ་དང་། ཁ་ཟས་གཙང་མས་སྦྱིན་པ་བྱས་པས་ནི། བསོད་ནམས་བསམ་གྱིས་མི་ཁྱབ་པ་འཐོབ་པར་འགྱུར་རོ།། ཕྱིན་ཆད་ཡོངས་སུ་གྲགས་པ་དང་། མྱུར་བར་ཡིད་ལ་ཟུང་ཞིག། འཚོ་བ་རྣམ་པར་དག་པ་རྫོགས་སོ།། ། མོའུ་འགལ་འཚོ་བའི་མདོ་ཞེས་པདེའོ།། །། རྒྱག་རྐད་དུ།

CLOSE WINDOW