Wylie | e-texts produced with ocr Programm |
། འཕགས་པ་གསུམ་ལ་སྐྱབས་སུ་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་སརྦ་ཛཱ་དེ་བ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ། ཨེ་ཀ་ག་བྷཱ། བོད་སྐད་དུ། ཚིགས་སུ་བཅད་པ་གཅིག་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གནན་དག་ལྷ་ཡུལ་ལ་ཡང་མེད། ། འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན།། ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད་ལ་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། ། རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་ཏུ་བསྐོར་ཀྱང་ག་ལ་ཡོད།། ཚིགས་སུ་བཅད་པ་གཅིག་པ་རྫོགས་སོ།། །། !། རྒྱ་གར་སྐད་དུ། ཙ་ཏུར་ག་ཐཱ། བོད་སྐད་དུ། ཚིགས་སུ་བཅད་པ་བཞི་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། སྐུར་གྱུར་པ་ནི་ཐམས་ཅད་ལའང་། མཚན་མཆོག་སུམ་ཅུ་གཉིས་མང་བའི། ཙ་ཏུར་ག་ཐཱ། བོད་སྐད་དུ། ཚིགས་སུ་བཅད་པ་བཞི་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། སྐུར་གྱུར་པ་ནི་ཐམས་ཅད་ལའང་། མཚན་མཆོག་སུམ་ཅུ་གཉིས་མང་བའི། ། རྫོགས་པའི་སངས་རྒྱས་གྲགས་ལྡན་པ།། རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ།། རྫོགས་སངས་གང་དུ་བལྟམས་པ་དང་།། གང་དུ་བྱང་ཆུབ་ལ་རེག་དང་།། ཞི་བའི་འཁོར་ལོ་བསྐོར་བ་དང་། ། རྫོགས་པའི་སངས་རྒྱས་གྲགས་ལྡན་པ།། རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ།། རྫོགས་སངས་གང་དུ་བལྟམས་པ་དང་།། གང་དུ་བྱང་ཆུབ་ལ་རེག་དང་།། ཞི་བའི་འཁོར་ལོ་བསྐོར་བ་དང་། ། ཟག་མེད་མྱ་ངན་འདས་པ་དང་།། བདེ་གཤེགས་གང་དུ་བཞུགས་པ་དང་།། འཆག་པ་དང་ནི་བཞེངས་པ་དང་།། སེང་གེ་ལྟ་བུར་གཟིམས་པ་ཡིས།། གནས་དེ་ལ་ནི་བདག་ཕྱག་འཚལ། ། ཟག་མེད་མྱ་ངན་འདས་པ་དང་།། བདེ་གཤེགས་གང་དུ་བཞུགས་པ་དང་།། འཆག་པ་དང་ནི་བཞེངས་པ་དང་།། སེང་གེ་ལྟ་བུར་གཟིམས་པ་ཡིས།། གནས་དེ་ལ་ནི་བདག་ཕྱག་འཚལ། སྟེང་དང་འོག་དང་བར་དག་དང་།། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་།། སྐུ་བཅས་སྐུ་ན་མེད་པ་ཡི།། མཆོད་རྟེན་ལ་ནི་བདག་ཕྱག་འཚལ།། རྐང་གཉིས་དམ་པ་ཤར་དང་ནི། བྱང་གི་ཕྱོགས་ཆར་བཞུགས་པ་ཡི། སྟེང་དང་འོག་དང་བར་དག་དང་།། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་།། སྐུ་བཅས་སྐུ་ན་མེད་པ་ཡི།། མཆོད་རྟེན་ལ་ནི་བདག་ཕྱག་འཚལ།། རྐང་གཉིས་དམ་པ་ཤར་དང་ནི། བྱང་གི་ཕྱོགས་ཆར་བཞུགས་པ་ཡི། ། རྒྱལ་བ་བསྟེན་དཀའ་ཞེས་བྱ་བ།། དེས་ནི་ཚིགས་བཅད་འདི་གསུངས་སོ།། གང་གིས་ཚིགས་བཅད་འདི་བཞི་ཡིས།། དེ་བཞིན་གཤེགས་པསྟོང་བྱེད་ན།། བསྐལ་པ་བྱེ་བ་སྟོང་དུ་ནི། ། རྒྱལ་བ་བསྟེན་དཀའ་ཞེས་བྱ་བ།། དེས་ནི་ཚིགས་བཅད་འདི་གསུངས་སོ།། གང་གིས་ཚིགས་བཅད་འདི་བཞི་ཡིས།། དེ་བཞིན་གཤེགས་པསྟོང་བྱེད་ན།། བསྐལ་པ་བྱེ་བ་སྟོང་དུ་ནི། ། དེ་ནི་ངན་འགྲོར་འགྲོ་མི་འགྱུར།། ཚིགས་སུ་བཅད་པ་བཞི་པ་རྫོགས་སོ།། །། རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་ལཱི་ཀ་པ་རི་དྲྀཙྪ་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བགྲེས་མོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་བྲྀ་ཛི་ན་ཡུལ་རྒྱུ་བ་རྒྱུ་ཞིང་། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་གྲོང་ཁྱེར་ཆེན་པོ་ཡངས་པ་ཅན་ག་ལ་བ་དེར་གཤེགས་པ་དང་། དེའི་ཚེ་གླིང་དག་གི་བུད་མེད་རྒན་མོ་གཏུགས་པ། འཁོགས་པ། ན་ཆོད་ལས་འདས་པར་གྱུར་པ།
CLOSE WINDOW