CLOSE WINDOW

S187: འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
Wyliee-texts produced with ocr Programm

། ། !། རྒྱ་གར་སྐད་དུ། ཨཱརྱ་རཥྚ་པཱ་ལ་པ་རི་པྲིཙྪ་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ་བོད་སྐད་དུ། འཕགས་པ་ཡུལ་འཁོར་སྐྱོང་གིས་ནུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོབཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་ཚེད་ལྡན་པ་ཡུལ་འཁོར་སྐྱོང་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ངས་ལ་བཅུག་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བསྟན་པ་འདི་ནུབ་པར་བགྱིད་པའི་སེམས་ཅན་གང་ལགས་པ་དེ་དག་ཇི་ལྟ་བུ་དག་ཅིག་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་དུ་འཁོར་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཡུལ་འཁོར་སྐྱོང་གནས་འདི་གཉིས་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་སྟེ། གཉིས་གང་ཞེ་ན། དགེ་སློང་གི་གནས་དང་། ལྷོད་པའི་གནས་སོ། ། དེ་ལ་དགེ་སློང་གི་གནས་ནི་ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་གང་ཡིན་པའོ།། ལྷོད་པའི་གནས་ནི་ཚུལ་ཁྲིམས་འཆལ་པའི་ཕྱོགས་གང་ཡིན་པའོ།། ཡུལ་འཁོར་སྐྱོང་དེ་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པའི་དགེ་སློང་གིས་ནི་གནས་འདི་གཉིས་ལ་བསླབ་པར་བྱའོ། ། གཉིས་གང་ཞེ་ན། ཚུལ་ཁྲིམས་ཀྱི་ཕུང་པོས་ཀྱང་ཤིན་ཏུ་བསྲུང་བར་བྱ་བ་དང་བདག་ཉིད་ལ་ངེས་པར་བསམ་པར་བྱའི་ཕྱི་རོལ་ལ་ངེས་པར་བསམ་པར་མི་བྱའོ། ། དེ་ལ་ཇི་ལྟར་བདག་ལ་ངེས་པར་བསམ་པར་བྱའི། ཕ་རོལ་ལ་ངེས་པར་བསམ་པར་མི་བྱ་ཞེ་ན་དེས་འདི་ལྟར་བརྟག་པར་བྱ་སྟེ། ཅི་བདག་རང་གི་སྡུག་བསྔལ་གྱི་ཕུང་པོ་ཟད་པར་བྱེད་འདོད་པ་ཡིན་ནམ། འོན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་ཡིན་སྙམ་དུ་བརྟག་པར་བྱའོ། ། གལ་ཏེ་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་ཞིག་ཡིན་ན་ནི། དེས་ཉན་ཐོས་ཀྱི་བསླབ་པ་ཁོ་ན་ལ་བསླབ་པར་བྱ་སྟེ། སོ་སོར་ཐར་པའི་སྡོམ་པས་བསྡམ་པར་བྱའོ།། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པར་བྱའོ།། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལའང་འཇིག་པར་ལྟ་བས་ཡང་དག་པར་བླངས་ཏེ་བསླབ་པར་བྱའོ། ། བསླབ་པའི་གཞི་རྣམས་ལའང་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཡོངས་སུ་དག་པར་བྱའོ།། འཚོ་བ་ཡོངས་སུ་དག་པ་དང་། སྨད་དུ་མེད་པར་ཡང་བྱའོ། ། བརྐམ་པ་མེད་ཅིང་རོ་རྣམས་ལ་འཆུམས་པ་མེད་པ་དང་། ཆོས་གོས་ལ་ཆོད་ཟིན་པར་ཡང་བྱའོ།། ལྷུང་བཟེད་ལ་ཚོད་ཟིན་པར་ཡང་བྱའོ།། དེས་ཁ་ཟས་ཡོག་དྲིད་ཀྱིས་བཟའ་བར་ཡང་མི་བྱ་སྟེ། ལྟོ་མ་བཀྲེས་པ་ཙམ་དུ་ཁ་ན་ཟས་བསྙུང་བར་དེས་བསླབ་པར་བྱའོ།། དེས་ཁ་ཟས་ལ་རྟག་ཏུ་རྒྱུན་མི་འཆད་པར་མི་གཙང་བའི་འདུ་ཤེས་བསྐྱེད་པར་བྱ་སྟེ། འདི་ལྟ་སྟེ། ཕྱི་ས་དང་། གཅིན་གྱི་འདུ་ཤེས་དང་། རྣག་གི་འདུ་ཤེས་དང་། སྒྲོགས་པའི་འདུ་ཤེས་དང་། མི་གཙང་བའི་འདུ་ཤེས་དང་། རྨ་བསྐུ་བ་ལྟ་བུའི་འདུ་ཤེས་དང་། སྨད་པའི་འདུ་ཤེས་དང་། མི་མཐུན་པའི་འདུ་ཤེས་དང་། བུའི་ཤ་ལྟ་བུའི་འདུ་ཤེས་དང་། དོར་བའི་འདུ་ཤེས་དང་། སྤང་བའི་འདུ་ཤེས་དང་། དྲི་མི་ཞིམ་ཁའི་འདུ་ཤེས་བསྐྱེད་པར་བྱ་སྟེ། དེས་དེ་ལྟ་བུའི་ཚུལ་དུ་བཟའ་ཞིང་ཚོད་རིག་པར་བྱའོ། ། དེས་ཆགས་པ་མེད་པ་དང་། སྡང་བ་མེད་པ་དང་། རྨོངས་པ་མེད་པ་དང་། རྟག་ཏུ་དབེན་པ་ལ་མངོན་པར་དགའ་བར་བྱ་སྟེ། བྲེ་མོའི་གཏམ་ལ་མངོན་པར་དགའ་བར་མི་བྱའོ། ། རི་དགས་འཆི་བ་ལྟ་བུར་དང་དུ་བླང་བར་བྱའོ།། དབེན་པར་བྱའོ།། དབེན་པ་ལ་མངོན་པར་དགའ་བར་བྱའོ།། དབེན་པ་ལ་མངོན་པར་དགའ་ཞིང་མོས་པ་དང་། བཟོད་པ་དང་ལྡན་པར་བྱའོ།། ངེས་པ་དང་འགྲོགས་ན་བདེ་བར་བྱའོ།། འཇིག་རྟེན་གྱི་གཏམ་ལ་མི་བསྟེན་པར་བྱའོ།། ཉོ་ཚོང་སྤྱོད་པ་སྤང་བར་བྱའོ།། སྨན་དཔྱད་ལ་དགའ་བ་དང་། འཕྲིན་པ་ལ་དགའ་བ་དང་། ཁྱིམ་གྱི་བྱ་བ་དང་འབྲེལ་བར་མི་བྱའོ།། འདུག་པ་དང་། འགྲེངས་པ་དང་། འཆག་པ་དང་། ཉལ་བ་ལ་མཁས་པར་བྱའོ།། རབ་ཏུ་དབེན་པ་དང་། དགོན་པར་དགའ་བ་དང་། ཞི་བའི་གནས་ལ་སྒྲ་ཆུང་བ། སྐད་ཆུང་བ་དང་། འཇིག་པའི་ཡིད་ལ་བྱེད་པ་མེད་པ། སྡིག་སྤྲུལ་མེད་པ་དང་། མི་མང་པོ་མེད་པ། མིས་དབེན་བ། ནང་དུ་ཡང་དག་འཇོག་དང་འཚམ་པ་བསྟེན་པར་བྱའོ།། བདག་བསྟོད་པར་ཡང་མི་བྱ། གཞན་སྨད་པར་ཡང་མི་བྱའོ།། ཚུལ་འཆོས་པ་དང་། ཁ་གསག་མི་བྱའོ།། རྟག་ཏུ་རྒྱུན་མི་འཆད་པར་སྐྱོ་བའི་སེམས་བསྐྱེད་པར་བྱའོ། ། དེས་ཁྱིམ་པ་དང་། རབ་ཏུ་བྱུང་བ་རྣམས་དང་འདུ་ཞིང་འདྲིས་པར་མི་བྱའོ།། སྟོང་པའི་ཆོས་རྣམས་ཀུན་ཏུ་བསྟེན་པར་བྱ། བསྒོམ་པར་བྱ། མང་དུ་བྱའོ།། དེས་རིགས་པ་དང་མི་ལྡན་པའི་དགེ་སློང་དང་ལྷན་ཅིག་ཕྲད་པར་སྤང་བར་བྱའོ།། དགེ་སློང་མ་དང་འདྲིས་པར་མི་བྱའོ།། འདོད་པ་ཆུང་བར་ཡང་བྱའོ།། རྟག་ཏུ་བདག་ཉིད་ཀྱི་འཁྲུལ་པ་རྣམས་ལ་སོ་སོར་བརྟག་པར་བྱའོ།། གཞན་གྱི་འཁྲུལ་པ་རྣམས་ལ་བརྟག་པར་མི་བྱའོ།། ཕ་མ་ལའང་ཡིད་བརྟན་པར་མི་བྱ་ན། རིགས་གཞན་ལྷ་ལ་ཅི་སྨོས་ཤིན་ཏུ་ཡང་དག་པར་བསྙེན་པ་ཅན་དུ་བྱའོ། ། ཉེ་བར་ཞི་བའི་ཆོས་ཀྱི་སྦྱིན་བདག་བྱའོ།། དམིགས་པ་ལ་མཁས་པར་བྱའོ།། དབེན་པའི་གནས་མལ་དུ་གནས་པར་བྱའོ།། མཐུན་པའང་གཞན་དག་ལ་སྨྲ་བར་མི་བྱ་ན། མི་མཐུན་པ་ལྟ་ཅི་སྨོས། དེས་ཆོས་དེ་དག་ལ་སེམས་ཉེ་བར་གནས་པར་བྱས་ནས། ཆོས་ཟབ་མོ་རྣམས་ལ་སོ་སོར་བརྟག་པར་བྱའོ།། ཆོས་ཟབ་མོ་རྣམས་ལ་བརྟག་པར་བྱ་བ་དེ་དག་ཀྱང་གང་ཞེ་ན། མིག་མི་རྟག་གོ་སྙམ་དུ་སོ་སོར་བརྟག་པར་བྱའོ།། དེའི་སྐྱེ་བ་དང་འཇིག་པ་ལའང་སོ་སོར་བརྟག་པར་བྱའོ།། དེ་ལ་སྐྱེ་བ་དང་འཇིག་པ་ལ་སོ་སོར་བརྟག་པར་གང་ཡིན་པ་དེ་ནི་མེད་པ་ལ་སོ་སོར་བརྟག་པའོ། ། དེ་ཅིའི་ཕྱིར་ཞེ་ན། མིག་ཅེས་བྱ་བ་ནི་མེད་པའི་ཕྱིར་རོ།། མིག་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པ་ན་དམིགས་པ་མ་ཡིན་གྱི། མེད་པ་དམིགས་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་དམིགས་པ་མེད་པའི་ཕྱིར་རོ།། དེས་རྣ་བའི་རྟེན་བསམ་པར་མི་བྱའོ། ། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྟེན་བསམ་པར་མི་བྱའོ།། ཅིའང་རུང་བའི་རྟེན་བསམ་པར་མི་བྱའོ།། དེ་ལྟར་བྱས་ན་ཅི་ཞིག་བསམ་པ་ཡིན། དེ་བཞིན་དུ་ཆོས་རྣམས་སྟོང་པར་ཡང་བརྩོན་པར་བྱའོ། ། དེ་ལྟར་བརྩོན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པར་བྱེད་དོ།། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་དག་པར་བྱེད་དོ།། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་རོ། ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་ཏེ། དེ་ལྟ་བུའི་འདུ་འཛི་མེད་པ་ནི་དང་པོའི་ཉན་ཐོས་ཀྱི་ས་ཡིན་ཏེ། དེ་དག་གིས་ཟག་པ་ཟད་པ་འཐོབ་པར་འགྱུར་རོ།། དེ་ལ་དགེ་སློང་ལྟར་བཅོས་པ་གང་ཞེ་ན། ཡུལ་འཁོར་སྐྱོང་འདི་ནི་དགེ་སྦྱོང་བདག་ཉིད་ལ་ངའོ། སྙམ་དུ་འཛིན་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་རྫོགས་པ་དང་ལྡན་པ་ཡིན། ཆོས་གོས་གཅེས་པར་འཛིན་པ་ཡིན། ལྷུང་བཟེད་གཅེས་པར་འཛིན་པ་ཡིན། ཟང་ཟིང་གཅེས་པར་འཛིན་པ་ཡིན་ཏེ། དེ་ནི་མི་སྨྲ་བ་སྤངས་ནས། ངན་སོང་དུ་འགྱུར་བའི་མལ་ཆ་དང་། སྟན་དང་། མགྲོན་དུ་གཉེར་བ་ཆེན་པོ་རྣམས་བདག་གིར་བྱེད། བུད་མེད་དང་འདྲིས་པར་བྱེད། དགེ་སློང་མ་དང་འདྲིས་པར་བྱེད། རྒྱལ་པོས་བཀྲབས་པ་དང་འདྲིས་པར་བྱེད། དེ་འདྲིས་པར་གྱུར་ནས་རྒྱུན་མི་འཆད་པར་མིག་གི་གཟུགས་རྣམས་ལ་ངེས་པར་སེམས་སོ།། དེས་དེ་ལྟར་སེམས་བསྐྱེད་ནས་ཀུན་ནས་ཉོན་མོངས་པར་འགྱུར་རོ།། ཀུན་ནས་ཉོན་མོངས་པའི་སེམས་དང་ལྡན་ན་གནས་འདི་ལྟ་བུ་ཡོད་དོ།། ཉེས་པ་ལ་ཅི་བདེ་བྱེད་པའམ། ཡང་ན་ཆུང་ངུ་བྱེད་ཅིང་འདུག་པར་འགྱུར་ཏེ། ཡུལ་འཁོར་སྐྱོང་འདི་ནི་དགེ་སྦྱོང་ལྟར་བཅོས་པ་ཡིན་ནོ།། ཡུལ་འཁོར་སྐྱོང་ཅིའི་ཕྱིར་དགེ་སྦྱོང་ལྟར་བཅོས་པ་ཞེས་བྱ་ཞེ་ན། དགེ་སློང་ལྟར་བཅོས་པ་དེ་དེ་བཞིན་གཤེགས་པ་ས་མལ་ཆ་དང་། སྟན་གནང་བ་ཐ་མལ་པ་གང་ལ་དགེ་སྦྱོང་གནས་མལ་ཆ་དང་། སྟན་གང་ཡིན་པ་མི་བླུན་པོ་དེས་སྤངས་ནས་ཆོས་གོ་ས་ལ་ཞེ་ན་ཅིང་། ཟང་ཟིང་ལ་ཞེན་ནས་བུད་མེད་དང་འདྲིས་པར་བྱེད་པར། ཁྱིམ་པ་དང་འདྲིས་པར་བྱེད་ན། འདྲིས་པར་གྱུར་པའི་མི་བླུན་པོ་དེ་ལ་དགེ་སྦྱོང་གི་ཚུལ་ལྟ་ག་ལ་ཡོད་དེ། དེའི་སྟེང་དུ་ཆོས་ཟབ་མོ་རྣམས་ལའང་སྲན་འབྱིན་ཅིང་གཤེ་བར་བྱེད་ལ། དེས་ཐོས་སུ་ཟིན་ཀྱང་བསྔགས་པ་མ་ཡིན་པ་རྗོད་པར་བྱེད་དོ།། དགོན་པའི་བསྔགས་པ་མ་ཡིན་བརྗོད་པར་ཡང་བྱེད་དེ། གང་ལ་དེའི་སེམས་མངོན་པར་དགའ་བའི་འདོད་པ་རྣམས་འབའ་ཞིག་གི་བསྔགས་བརྗོད་པར་བྱེད་ཅིང་། གང་ལ་དེའི་སེམས་མངོན་པར་དགའ་བའི་བྲེ་མོ་གཏམ་འབའ་ཞིག་གི་བསྔས་བརྗོད་པར་བྱེད་ལ། དགེ་སློང་གི་གནས་གང་ཡང་རུང་བ་དེ་དག་གི་བསྔགས་པ་མ་ཡིན་བརྗོད་པར་བྱེད་དོ།། གང་ལས་དེ་བཞིན་གཤེགས་པས་མདོའི་ཚིག་ཀྱི་ན་གནས་པ་དང་། རབ་ཏུ་བྱུང་བ་རྣམས་དང་འདུ་འཛི་མི་འགྱུར་བར་བྱའོ་ཞེས་གསུངས་པའི་མདོའི་ཚིག་དེ་བོར་ནས། དགེ་སྦྱོང་གི་ཚུལ་མི་འདོད་ཅིང་། དགེ་སྦྱོང་གི་དངོས་པོ་མི་འདོད་ཅིང་། གཅིག་པུ་འདུག་ཅིང་བུད་མེད་ལ་ཆོས་འཆད་པར་བྱེད་ལ། གཞན་དག་ལའང་དེ་ལྟ་བུའི་གཞི་རྣམས་སུ་ལུང་འབོག་པར་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་ཆོམ་རྐུན་པོར་གསུངས་ཏེ། སོ་སོར་ཐར་པ་སྤངས་པ་ནས། གཅིག་ཏུ་འདུག་ཅིང་བུད་མེད་ལ་ཆོས་འཆད་པའི་ཕྱིར་རོ།། མི་བླུན་པོ་དེ་དག་ནི་བཅོས་མ་སྟེ།། མགོ་བྲེགས་པས་བཅོས་པ་དང་། གོས་ངུར་སྨྲིག་གྱོན་པས་བཅོས་པའོ།། རྒྱུ་གང་གིས་བཅོས་པ་ཡིན་པར་ཤེས་པར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྨད་པ་གང་ཡིན་པ་དེ་དེ་མི་བླུན་པོ་དེ་དག་གིས་གནང་བར་བྱེད་དེ། ལོ་ཉི་ཤུ་མ་ལོན་པར་རྫོགས་པར་བསྙེན་པར་བྱེད། རང་གི་ལག་གིས་ལེན་པར་བྱེད། མ་བརྟགས་པ་ལོངས་སྤྱོད་པར་བྱེད། རང་ཉིད་གཡོས་དང་འཚེད་པའི་ལས་བྱེད། གསེར་དང་དངུལ་བདག་གིར་བྱེད། ཁྲེ་རྒོད་དང་འབྲུ་སོགས་པར་བྱེད། ཁྱིམ་གྱི་གཞི་དང་། ཞིང་གི་གཞི་དང་། ཀུན་དགའ་ར་བའི་གཞི་ཉོ་ཚོང་བྱེད་ཅིང་། ཚལ་ཐ་འཚོ་བ་སྦྱོར་བར་བྱེད། ཁྱིམ་གྱི་གཞི་དང་། ཞིང་གི་གཞི་དང་། ཀུན་དགའ་ར་བའི་གཞི་ལེན་པར་བྱེད་དེ། ལས་ཀྱི་རྣམ་པར་སྨིན་པ་ལའང་ཡིད་མི་ཆེས་ཤིང་། སོ་སོར་ཐར་པ་ལ་མ་དད་ནས་དེ་ལ་གཞོལ། དེ་ལ་འབབ། དེ་ལ་བབ་དེ་དབེན་པར་འཛིན། དེར་སྤྱོད་ལམ་བྱེད། དགེ་སྦྱོང་དུ་འདུ་བར་འཛིན་ཅིང་། གང་ན་སྐྱེ་བོ་མང་པོ་ཡོད་པ་དེར་གཅེར་བུ་པ་དང་མཚུངས་པར་སྟོན་པར་བྱེད། གང་ཟག་ཏུ་ལྟ་བ་བསྔགས་པར་བྱེད། གང་ཟག་ལྟ་བ་དང་། གཅེར་བུ་པ་དང་མཚུངས་པར་སྟོན་པས་སྐྱེ་བོ་མང་པོ་འཛུད་པར་བྱེད་ཅིང་འགོད་པར་བྱེད། སངས་རྒྱས་ཀྱི་སྤྱོད་ཡུལ་དེ་བནི། གཤེགས་པའི་གནས་པ་སྟོང་པ་ཉིད་ལ་དམིགས་ནས་སུན་འབྱིན་པར་བྱེད། གཤེ་བར་བྱེད་པར་ཤེས་པར་བྱའོ།། ཡུལ་འཁོར་སྐྱོང་དེ་ལྟ་བུའི་སེམས་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་ཁྱིམ་པའང་མ་ཡིན། དགེ་སྦྱོང་ཡང་མ་ཡིན་ཏེ། དེ་དག་གིས་དེ་བཞིན་གཤེགས་པའི་བསྟན་པ་ནི་ནུབ་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅས་པ། འདི་དག་བཀའ་སྩལ་ཏོ།། དགེ་སློང་ཚུལ་ཁྲིམས་རྣམས་ལ་གདམས།། ཞི་ཞིང་ཞི་བའི་གནས་ལ་དགའ།། སོ་སོར་ཐར་ལ་སློབ་བྱེད་པ།། དེ་དག་དགེ་སློང་བྲམ་ཟེ་ཡིན།། ཆོས་རྣམས་གཙོ་བོ་བླངས་ནས་ནི། ། ཅི་ཡང་མེད་པའི་དགེ་སློང་བ།། བས་མཐའ་དགོན་པ་རྣམས་དགའ།། དེ་དག་དགེ་སློང་བྲམ་ཟེ་ཡིན།། དེ་དག་བྲེ་མོ་གཏམ་མི་དགའ།། སོ་སོར་ཐར་རྣམས་ལེག་པར་བསླབས། ། གང་ཟག་མཆོག་ལ་ཉིན་མཚན་དུ། བཀུར་སྟི་ཆེན་པོ་བྱེད་པ་ཡིན།། ཞིང་ཡང་མི་རྨོད་ཚོང་མི་བྱེད།། ལྷུང་བཟེད་ཆོས་གོས་རྙེད་མི་ཚོལ།། ལེན་པ་མེད་པབར་བརྩོན་པ་གང་། ། དེ་དག་སངས་རྒྱས་ཉན་ཐོས་ཡིན།། དེ་དག་བུད་མེད་སྟེན་མི་བྱེད།། བུད་མེད་རྣམས་དང་འདུ་བ་མེད།། ཤིང་དྲུང་རྣམས་ནི་བསྔགས་པར་བྱེད།། དེ་དག་སངས་རྒྱས་ཉན་ཐོས་ཡིན། ། ཟས་དང་སྐོམ་དང་དོན་གྱི་ཕྱིར།། གཅམས་གང་དག་ཡོང་མི་བྱེད།། དེ་འདྲར་གྱུར་པ་དེ་དག་ན།། དགེ་སློང་མ་ལ་སྟོསྟན་མི་བྱེད།། མཚོན་རྣོན་ཇི་ལྟར་བརྡ་རབ་བཞིན།། བུད་མེད་རྣམས་ནི་དེ་འདྲར་ཤེས།། སོ་སོར་ཐར་ལས་འབྱུང་བ་བཞིན།། བུད་མེད་འདུ་ཤེས་སྤོང་བར་བྱེད།། དེས་པ་དེ་དག་ཟས་ཕྱིར་དང་།། སྐོམ་གྱི་ཕྱིར་དང་གོས་ཀྱི་ཕྱིར།། ཁྱིམ་ཁྱིམ་དག་ཏུ་འགྲོ་བྱེད་ཅིང་། ། ཆོས་རྣམས་སྟོན་པར་མི་བྱེད་དོ།། དགེ་སློང་རྣམས་ཀྱིས་བུད་མེད་རྣམས།། བལྟ་བར་མི་བྱ་རྫོགས་སངས་གསུངས།། དེ་ལ་ཤེས་ལྡན་སུ་ཞིག་རྟོན།། དེ་ནི་བདུད་ཀྱི་སྤྱོད་ཡུལ་ཡིན།། དེ་དག་གིས་ནི་མེད་པ་སྨྲ།། རོ་དང་ཉལ་བ་བཞིན་དུ་ཉལ།། དེ་ཕྱིར་སངས་རྒྱས་ཐམས་ཅད་མཁྱེན།། འདུ་འཛི་བསྔགས་པར་མི་མཛད་དོ།། ཆོས་རྣམ་སྲོག་མེད་གསོ་བ་མེད། ། གསོ་བ་དང་གསོག་དང་སྙིང་པོ་མེད།། སྟོང་པ་ཉིད་ལ་ཆོས་བྱེད་པ།། དེ་ནི་དགེ་སློང་ཆོས་ཉིད་དོ།། རྟག་ཏུ་བརྩོན་འགྲུས་ཕུན་སུམ་ཚོགས།། གཅིག་པུ་དགོན་པ་གནས་བྱེད་དང་། ། འཇིག་རྟེན་ན་ནི་རྟེན་མེད་སེམས།། དེ་ནི་དགེ་སློང་ཆོས་ཉིད་དོ།། སེང་གེ་བཞིན་དུ་འཇིགས་པ་མེད།། ཚངས་པར་སྤྱོད་པ་གཞོལ་བར་བྱེད།། སྡུག་བསྔལ་ཀུན་ལས་ཐར་བྱའི་ཕྱིར། ། ཤེས་རབ་ལྡན་པས་ལམ་ལ་སྒོམ།། མིག་དང་གཟུགས་ནི་ཚོལ་བ་ན།། དེ་དག་གིས་ནི་རྣམ་ཤེས་རྙེད།། དངོས་པོ་དེ་ཡང་ཚོལ་བ་ན།། བཙལ་བ་གང་ཡིན་མི་རྙེད་དེ། སྔོན་ཡང་མ་བྱུང་ཕྱིས་མི་འབྱུང་།། དབུས་ནའང་ཡོད་པ་མ་ཡིན་ཏེ།། དེ་ལྟ་བུ་ཡི་དོན་གྱིས་ན།། ཆོས་ཀུན་མཉམ་པ་ཉིད་ཀྱི་ཕྱིར།། དེས་པ་དེ་དག་ཟས་ཕྱིར་དང་།། སྐོམ་གྱི་ཕྱིར་དང་གོས་ཀྱི་ཕྱིར། ། ཁྱིམ་ཁྱིམ་དག་ཏུ་འགྲོ་བྱེད་ཅིང་།། ཆོས་རྣམས་སྟོན་པར་མི་བྱེད་དོ།། རྒྱུ་མེད་དེས་པ་བཟུང་པོ་ཡིན།། དེ་དག་སངས་རྒྱས་བསླབ་པ་རྣམས།། འདའ་ཞིང། འཇིགས་པར་མི་བྱེད་དེ།། བརྟུལ་བཟང་སྟོང་ཉིད་སྐྲག་པ་མེད།། འཇིགས་པ་མེད་པར་འཇུག་པ་བྱེད།། ལྟ་བ་མི་བཟད་འཇིག་མི་བྱེད།། སེམས་ཅན་གང་ཟག་དངོས་མི་འཇིག་དཀར་པོའི་ཆོས་རྣམས་ཐམས་ཅད་ལ། ཤིན་ཏུ་བསྟན་པར་གནས་པ་ཡིན།། བརྟན་པོ་དེ་དག་འཇིག་རྟེན་ན།། མྱ་ངན་འདའ་བར་རེག་གྱུར་ནས།། མཆོད་པའི་གནས་སུ་འོས་པར་འགྱུར། གང་དག་ཤེས་རབ་འཆལ་པ་དང་།། ལེ་ལོ་ཅན་དང་དམན་ལ་བརྩོན།། ཐོས་པ་ཉུང་དང་སྡིག་པར་འདོད།། ང་རྒྱལ་ཐ་བ་ཁྲོ་འབྱུང་གནས།། མགོ་ལ་སྤུ་གྲི་སྟེན་བྱེད་ཅིང་།། ཤིང་གི་ཁ་བསྒྱུར་རོས་ཀྱིས་གྱོན། ། སྟོང་པ་ཉིད་ནི་དོན་མེད་པ།། དེ་ནི་མཁས་པ་སྒོམ་མི་བྱེད།། ཆོས་ལ་སུན་འབྱིན་ཐེག་ཆེན་གྱི།། བསྔགས་པ་མ་ཡིན་རྗོད་པར་བྱེད།། གང་ཞིག་ཆོས་འདི་བསྟན་པ་རྣམས།། ཇི་ལྟར་བསྟན་པ་དེ་བཞིན་དུ།། ནག་པོའི་ཕྱོགས་ལ་ཀུན་ཏུ་ཆགས།། དེ་ནི་ངན་འགྲོར་འགྲོ་བར་འགྱུར།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་དང་། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །། རྒྱ་གར་གྱི་མཁན་བོ་ཛི་ན་མི་ཏྲ་ལ་སོགས་པ་དང་།

CLOSE WINDOW