Wylie | e-texts produced with ocr Programm |
ཨཱརྱ་བི་མ་ལ་ཀཱིར་ཏི་ནི་ར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་འདས་པ་དང་། ད་ལྟར་གྱི་དང་། མ་བྱོན་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡངས་པའི་གྲོང་ཁྱེར་ན་ཨ་མྲ་སྲུང་བའི་ཚལ་ན་དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད། པདབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་གོ།། བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་དང་ཡང་ཐབས་གཅིག་སྟེ། མངོན་པར་ཤེས་པ་མངོན་པར་ཤེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་ཆེན་པོ་ཡོངས་སུ་སྦྱངས་པ་ལས་ངེས་པར་བྱུང་བ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ། ཆོས་ཀྱི་གྲོང་ཁྱེར་བསྲུང་བ། དམ་པའི་ཆོས་ཡོངས་སུ་འཛིན་པ། སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཕྱོགས་བཅུར་སྒྲ་ཤིན་ཏུ་གྲགས་པ། གསོལ་བ་མ་བཏབ་པར་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་བཤེས་གཉེན་དུ་གྱུར་པ། དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བྱེད་པ། བདུད་དང་ཕྱིར་རྒོལ་བ་བཅོམ་པ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། ཏིང་ངེ་འཛིན་དང་། གཟུངས་དང་། སྤོབས་པ་ཕུན་སུམ་ཚོགས་པ་དང་། སྒྲིབ་པ་དང་ཀུན་ནས་ལྡང་བ་ཐམས་ཅད་དང་། བྲལ་བ། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་གནས་པ། སྤོབས་པ་རྒྱུན་མི་འཆད་པ། སྦྱིན་པ་དང་། དུལ་བ་དང་། མཱི་འགྱུར་བ་དང་། ཡང་དག་པར་སྡོམ་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་ལ་མཁས་པ་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་བྱུང་བ། མི་དམིགས་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད། བ་དང་ལྡན་པ། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ། མཚན་ཉིད་མེད་པའི་ཕྱག་རྒྱས་བཏབ་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཤེས་པ་ལ་མཁས་པ། འཁོར་ཐམས་ཅད་ཀྱིས་ཟིལ་གྱིས་མིནོན་པའི་མི་འཇིགས་པས་རྣམ་པར་གནོན་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་བསགས་པ། མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་ཀྱིས་ལུས་ལེགས་པར་བརྒྱན་ལ། གཟུགས་དམ་པ་འཛིན་པ་རྒྱུན་དང་བྲལ་བ། རི་རབ་ཀྱི་རྩེ་མོ་མཐོ་བ་བཞིན་དུ་སྙན་པ་དང་གྲགས་པ་མངོན་པར་འཕགས་པ། ལྷག་པའི་བསམ་པ་རྡོ་རྗེ་ལྟར་སྲ་བས་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མི་ཕྱེད་པའི་དད་པ་རྙེད་པཆོས་རིན་པོ་ཆེའི་འོད་ཟེར་ལས་བདུད་རྩིའི་ཆར་ཤིན་ཏུ་འབེབས་པ། སེམས་ཅན་ཐམས་ཅད་ཀྱི་སྐད་སྦ་བ་དང་། དབྱངས་ཀྱི་ཡན་ལག་དང་། སྒྲ་རྣམ་པར་དག་པའི་དབྱངས་དང་ལྡན་པ། ཆོས་ཟབ་མོ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་ཅིང་། མཐའ་དང་མཐའ་མེད་པར་ལྟ་བའི་བག་ཆགས་ཀྱི་མཚམས་སྦྱོར་བ་ཡོངས་སུ་གཅོད་པ། སེང་གེ་ལྟར་འཇིགས་པ་མེད་ཅིང་།། སྒྲ་མངོན་པར་སྒྲོགས་པ། ཆོས་ཆེན་པོའི་འབྲུག་སྒྲ་སྒྲོགས་པ། མཚུངས་པ་དང་། མི་མཚུངས་པའི་ཆོས་ལས་ཡང་དག་པར་འདས་པ། ཆོས་རིན་པོ་ཆེའི་ཤེས་རབ་དང་། བསོད་ནམས་ཀྱི་ཚོགས་ཡང་དག་པར་བསྒྲུབ་པའི་དེད་དཔོན་ཆེན་པོ། དྲང་བ་དང་། ཞི་བ་དང་། ཕྲ་བ་དང་། མཐོང་བར་དཀའ་བ་དང་། རྟོགས་པར་དཀའ་བའི་ཆོས་ཀྱི་ཚུལ་ལ་མཁས་པ་འོང་བ་དང་། འགྲོ་བ་དང་། སེམས་ཅན་གྱི་བསམ་པ་རྒྱུ་བའི་རྗེས་སུ་ཞུགས་པའི་ཡེ་ཤེས་ཀྱི་ཡུལ་དང་ལྡན་པ། མི་མཉམ་པ་དང་མཉམ་པའི་སངས་རྒྱས་ཀྱི་ཡེ་ཤེས་ལ་དབང་བསྐུར་བས་དབང་བསྐུར་བ། སྟོབས་བཅུ་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་ཉེ་བར་གྱུར་པ། ངན་སོང་གི་འཇིགས་པ་དང་། ངན་འགྲོ་ལོག་པར་ལྷུང་བའི་འཇིགས་པའི་འོབས་ཐམས་ཅད་ལས་རྒལ་བས། བསམ་བཞིན་དུ་སྲིད་པའི་འགྲོ་བར་སྐྱེ་བ་སྟོན་པ། སྨན་པའི་རྒྱལ་པོ་ཆེན་པོ་སེམས་ཅན་ཐམས་ཅད་འདུལ་བའི་ཆོ་ག་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་རྣམ་པར་རྟོག་པ། ཅི་རིགས་པར་ཆོས་ཀྱི་སྤྱན་སྦྱར་བ་རབ་ཏུ་སྦྱོར་བ། ཡོན་ཏན་མཐར་བའི་འབྱུང་གནས་དང་ལྡན་པ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་ཡོན་ཏན་བཀོད་པས་ལེགས་པར་བརྒྱན་པ། མཐོང་བ་དང་ཐོས་པ་འབྲས་བུ་ཡོད་པ། གོམ་པ་དོར་བ་འབྲས་བུ་ཡོད་པ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པར་ཡོན་ཏན་ཡོངས་སུ་བརྗོད་ཀྱང་། ཡོན་ཏན་གྱི་ཆུ་བོ་མཐའ་ཡས་པ་ཤ་སྭ་ག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་མཉམ་པར་ལྟ་ཞེས་བྱ་བ་དང་། མཉམ་མི་མཉམ་ལྟ་དང་། ཏིང་ངེ་འཛིན་རྣམ་པར་སྤྲུལ་པའི་རྒྱལ་པོ་དང་། ཆོས་ཀྱི་དབང་ཕྱུག་དང་། ཆོས་ཀྱི་ཏོག་དང་། འོད་ཀྱི་ཏོག་དང་། འོད་བཀོད་པ་དང་། རིན་པོ་ཆེ་བཀོད་པ་དང་། བཀོད་པ་ཆེན་པོ་དང་། ཐོབས་པ་བརྩེགས་བ་དང་། རིན་པོ་ཆེ་བརྩེགས་པ་དང་། ལག་ན་རིན་པོ་ཆེ་དང་། ཕྱག་ན་ཕྱག་རྒྱ་རིན་པོ་ཆེ་དང་། རྟག་ཏུ་ལག་བརྐྱང་དང་། རྟག་ཏུ་ལག་བཏེག་དང་། རྟག་ཏུ་གདུང་དང་། རྟག་ཏུ་དགའ་དགོད་དབང་པོ་དང་། མཆོག་ཏུ་དགའ་བའི་རྒྱལ་པོ་དང་། ལྷའི་རྒྱལ་པོ་དང་། སྨོན་ལམ་ལ་ཞུགས་པས་ཕྱིན་པ་དང་། སོ་སོ་ཡང་དག་པར་རིག་པ་རབ་ཏུ་བསྒྲགས་པ་ཐོབ་པ་དང་། ནམ་མཁའི་མཛོད་དང་། རིན་ཆེན་སྒྲོན་མ་འཛིན་དང་། རིན་ཆེན་དཔའ་དང་། རིན་ཆེན་དགའ་དང་། རིན་ཆེན་དཔལ་དང་། མིག་འཕྲུལ་ཅན་དང་། དྲ་བ་ཅན་གྱི་འོད་དང་། དམིགས་པ་མེད་པའི་བསམ་གཏན་དང་། ཤེས་རབ་བརྩེགས་དང་། རིན་ཆེན་གཏོང་དང་བདུད་འཇོམས་དང་། གློག་གི་ལྷ་དང་། རྣམ་པར་འཕྲུལ་པའི་རྒྱལ་པོ་དང་། མཚན་བརྩེགས་ཡང་དག་འདས་དང་། སེང་གེའི་ང་རོ་མངོན་པར་བསྒྲགས་པའི་དབྱངས་དང་། རིའི་རྩེ་མོ་ཀུན་ཏུ་འཇོམ་པའི་རྒྱལ་པོ་དང་སྤོས་ཀྱི་གླང་པོ་ཆེ་དང་། སྤོས་ཀྱི་བལ་གླང་པོ་ཆེ་དང་། རྟག་ཏུ་འབད་དང་། བརྩོན་པ་མི་འདོར་དང་། རབ་ཀྱི་བློ་གྲོས་དང་། མཛེས་པར་སྐྱེས་དང་། པདྨའི་དཔལ་གྱི་སྙིང་པོ་དང་། པདྨ་བཀོད་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། ཚངས་པའི་དྲ་བ་ཅན་དང་། རིན་ཆེན་མདན་དཀར་ཅན་དང་། བདུད་ལས་རྒྱལ་དང་། ཞིང་སྙོམས་བརྒྱན་དང་། ནོར་བུ་རིན་ཆེན་གདུགས་དང་། གཙུག་ན་#། གསེར་དང་། གཙུག་ན་ནོར་བུ་དང་། བྱམས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བུམ་ཁྲི་ཉིས་སྟོང་ངོ་།། གླིང་རྟེན་པོ་ནི་པན་འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ནས། ཚངས་པ་རལ་པ་ཅན་ལ་སོགས་པའི་ཚངས་པ་ཁྲི་བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་ཉན་པའི་ཕྱིར་ལྷགས་པ་དེ་དག་ཀྱང་འཁོར་དེ་ཉིད་དུ་འདུས་སོ། ། གླིང་ཆེན་པོ་བཞི་པའི་སོ་སོ་ནས་ཀྱང་བརྒྱ་བྱིན་ཁྲི་ཉིས་སྟོང་ལྷགས་ཏེ། དེ་དག་ཀྱང་འཁོར་དེ་ཉིད་དུ་འདུས་སོ།། དེ་བཞིན་དུ་གཞན་ཡང་དབང་ཆེ་བ་དབང་ཆེ་བར་གྲགྶས་པའི་ཚངས་པ་དང་། བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱང་འཁོར་དེ་ཉིད་འདུས་པར་གྱུར་ཏོ། ། དེ་བཞིན་དུ་འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ཀྱང་དེར་ལྷགས་སོ།། དེ་ནས་བཅོམ་ལྡན་འདས་དཔལ་གྱི་སྙིང་པོའི་སེང་གེའི་ཁྲི་ལ་བཞུགས་ཏེ། འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ།། རྒྱ་མཚོའི་ནང་ནས་རིའི་རྒྱལ་པོ་རི་རབ་མངོན་པར་འཕགས་པ་བཞིན་དུ་འཁོར་ཐམས་ཅད་ཟིལ་གྱིས་མནན་ཏེ། ལྷམ་མེ། ལྷན་ནེ། ལྷང་ངེར་དཔལ་གྱི་སྙིང་པོའི་སེང་གེའི་ཁྲི་ལ་བཞུགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་ལི་ཙ་བྱི་གཞོན་ནུ་དཀོན་མཆོག་འབྱུང་གནས་ལི་ཙ་བྱི་གཞོན་ནུ་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཏུ་རིན་པོ་ཆེ་སྣ་བདུན་གྱི་གདུགས་ཐོགས་ནས། ཡངས་པའི་ཕྲེང་ཁྱེར་ཆེན་པོ་ནས་བྱུང་ནས། ཨ་མྲ་སྲུང་བའི་ཚལ་ག་ལ་བ་དང་། བཅོམ་ལྡན་འདས་ཀ་ལ་བ་དེར་སོས་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་བདུན་དུ་བསྐོར་བ་བྱས་ནས། རིན་པོ་ཆེའི་གདུགས་ཇི་ལྟ་བུ་ཐོགས་པ་དེ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བཀབ་སྟེ། མངོན་པར་བཀབ་ནས། ཕྱོགས་གཅིག་ཏུ་འཁོད་དོ།། རིན་པོ་ཆེའི་གདུགས་དེ་དག་ཕུལ་མ་ཐག་ཏུ། དེའི་མོད་ལ་སངས་རྒྱས་ཀྱི་མཐུས་རིན་པོ་ཆེའི་གདུགས་དེ་དག་གཅིག་ཏུ་གྱུར་ཏེ། རིན་པོ་ཆེའི་གདུགས་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཁེབས་པར་སྣང་ངོ་།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཆུ་ཞེང་དེ་དག་ཀྱང་། རིན་པོ་ཆེའི་གདུགས་ཆེན་པོ་དེ་ཉིད་ཀྱི་ནང་ན་སྣང་ངོ་།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། རིའི་རྒྱལ་པོ་རི་རབ་གང་དག་ཡོད་པ་རྣམས་དང་། གངས་ཀྱི་རི་དང་། རི་བཏང་བཟུང་དང་། བཏང་བཟུང་ཆེན་པོ་དང་། སྤོས་ཀྱི་ངད་ལྡང་དང་། རིན་པོ་ཆེའི་རི་དང་། རི་ནག་པོ་དང་། ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དང་། དེ་དག་ཐམས་ཅད་ཀྱང་རིན་པོ་ཆེའི་གདུགས་ཆེན་པོ་དེ་ཉིད་ཀྱི་ནང་ན་སྡང་ངོ་། ། སྟོང་གསུམ་གྱི་སོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིན། རྒྱ་མཚོ་ཆེན་པོ་གང་དག་ཡོད་པ་རྣམས་དང་། མཆོ་དང་། མཚེའུ་དང་། རྫིང་དང་། འབབ་ཅཝ་དང་། ཆུ་ཟན་དང་། ལུ་མ་འབབ་པ་དེ་དག་ཐམས་ཅད་ཀྱང་། རིན་པོ་ཆེའི་གདུགས་ཆེན་པོ་དེ་ཉིད་ཀྱི་ནང་དུ་སྣང་ངོ་།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི། ནཱ་ཉི་མ་དང་། ཟླ་བའི་གཞལ་མེད་ཁང་དང་། སྐར་མའི་གཟུགས་དང་། ལྷའི་གནས་དང་། ཀླུའི་གནས་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་གནས་རྣམས་དང་། རྒྱལ་ཆེན་བཞི་པའི་གནས་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་། རིན་པོ་ཆེའི་གདུགས་ཆེན་པོ་གཅིག་པོ་དེ་ཉིད་ཀྱི་ནང་ན་སྣང་ངོ་།། ཕྱོགས་བཅུའི་འཇིག་རྟེན་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་སྟོན་པ་གང་འབྱུང་བ་དེའང་རིན་པོ་ཆེའི་གདུགས་ཆེན་པོ་གཅིག་པོ་དེ་ལས་འབྱུང་བའི་སྒྲ་གྲག་གོ། ། དེ་ནས་བཅོམ་ལྡན་འདས་ལས་དེ་ལྟ་བུའི་ཆོ་འཕྲུལ་ཆེན་པོ་འདི་མཐོང་ནས། ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ཏེ། ཚིམ་ཞིང་མགུ་ནས། རངས་ཏེ་རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཏེ། མིག་མི་འཛུམས་པར་ལྟ་ཞིང་འཁོད་དོ།། དེ་ནས་ལི་ཙ་བྱི་གཞོན་ནུ་དཀོན་མཆོག་འབྱུང་གནས་ཀྱིས་བཅོམ་ལྡན་འདས་ལས་དེ་ལྟ་བུའི་ཆོ་འཕྲུལ་ཆེན་པོ་འདི་མཐོང་ནས། པུས་མོས་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་བལ་མོ་སྦྱར་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། གཙང་ཞིང་མཛེས་པ་པདྨའི་འདབ་ལྟར་ཡངས་པའི་སྤྱན།། དགོངས་པ་དག་ཅིང་ཞི་གནས་ཕ་རོལ་ཕྱིན་མཆོག་བརྙེས།། དགེ་བའི་ལས་བསགས་ཡོན་ཏན་རྒྱ་ཆེན་དཔག་མི་ལང་། ། དགེ་སྦྱོང་ཞི་བའི་ལམ་འདྲེན་ཁྱོད་ལ་ཕྱག་འཚལ་ལོ།། སྐྱེས་བུ་ཁྱུ་མཆོག་འདྲེན་པའི་རྫུ་འཕྲུལ་ཁྱོད་གཟིགས་ཤིག། བདེ་བར་གཤེགས་པའི་ཞིང་མཆོག་རབ་གསལ་ཀུན་ཀྱང་གདའ། ། ཁྱོད་ཀྱི་ཆོས་ཀྱི་བཀའ་མཆིད་རྒྱ་ཆེན་འཆི་མེད་འགྲོ།། དེ་དག་ཐམས་ཅད་ནམ་མཁའ་འདི་ཡི་དཀྱིལ་ན་གདའ།། ཁྱོད་ཀྱིས་ཆོས་ཀྱི་རྒྱལ་སྲིད་མཆོག་འདི་ཆོས་ཀྱི་རྒྱལ། ། རྒྱལ་བས་འགྲོ་བ་རྣམས་ལ་ཆོས་ཀྱི་ནོར་ཡང་སྩལ།། ཆོས་རྣམས་རབ་ཏུ་འབྱེད་མཁས་དོན་དམ་སྟོན་མཛད་པ།། ཆོས་ཀྱི་དབང་ཕྱུག་ཆོས་རྒྱལ་ཁྱོད་ལ་མགོས་ཕྱག་འཚལ།། མཆིས་པ་མ་ལགས་པ་དང་མ་མཆིས་མ་ལགས་དང་།། ཆོས་འདི་ཐམས་ཅད་རྒྱུ་ལས་བརྟེན་ནས་བྱུང་བ་དང་།། འདི་ལ་བདག་མེད་ཚོར་བ་པོ་དང་བྱེད་མེད་ཅིང་།། དགེ་སྡིག་ལས་ཅིའང་ཆུད་མི་ཟ་ཞེས་གསུང་གིས་སྟོན། ། ཐུབ་དབང་ཁྱོད་ཀྱིས་བདུད་དཔུང་སྟོབས་ཅན་རབ་བཏུལ་ནས།། བྱང་ཆུབ་མཆོག་རབ་ཞི་བ་མི་འཆི་བདེ་བ་བརྙེས།། དེ་ལ་ཚོར་མེད་སེམས་དང་ཡིད་ཀྱི་རྒྱུ་བ་མེད།། མུ་སྟེགས་ངན་པའི་ཚོགས་རྣམས་ཀྱིས་དེ་མི་རྟོགས། ། རྨད་བྱུང་ཆོས་ཀྱི་རྒྱལ་པོ་ལྷ་མི་མངོན་སུམ་དུ།། ལན་གསུམ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་མང་པོ།། ཤིན་ཏུ་ཞི་བ་རང་བཞིན་རྣམ་དག་རབ་ཏུ་བསྐོར།། དེ་ཚེ་དཀོན་མཆོག་གསུམ་པོ་@དག་ཀྱང་ཉེ་བར་བསྟན། ། ཁྱོད་ཀྱིས་དཀོན་མཆོག་ཆོས་ཀྱིས་ལེགས་པར་གང་བཏུལ་བ།། དེ་དག་རྟོག་པ་མ་མཆིས་རྟག་ཏུ་རབ་ཀུ་ནི།། ཁྱོད་ནི་ཀྱེ་གན་འཆིམ་པར་བྱིན་སྨན་པའི་མཆོག། ཡོན་ཏན་རྒྱ་མཚོ་དཔག་མི་ཡང་ལ་མགོས་ཕྱག་འཚལ།། བསྟི་སྟང་ལེགས་པར་བགྱིས་པས་མི་སྐྱོད་རི་རབ་བཞིན།། ཚུལ་ཁྲིམས་ལྡན་དང་ཚུལ་ཁྲིམས་འཆལ་ལ་མཚུངས་པར་བྱམས་མཉམ་པ་ཉིད་ལ་བཞུགས་ཤིང་ཐུགས་ཀྱང་ནམ་མཁའ་བཞིན། ། སེམས་ཅན་དཀོན་མཆོག་འདི་ལས་སུ་ཞིག་མཆོད་མི་བགྱིད།། ཐུབ་པ་ཆེན་པོ་འཁོར་རྣམས་འདུས་པ་འདི་དག་ནི།། ཁྱོད་ཀྱི་ཞལ་དུ་རབ་ཏུ་དང་བའི་ཡིད་ཀྱིས་ལྟ། ། ཐམས་ཅད་ཀྱིས་ཀྱང་རྒྱལ་བ་རང་གི་མདུན་ན་མཐོང་།། དེ་ནི་རྒྱལ་བའི་མ་འདྲེས་སངས་རྒྱས་མཚན་ལགས་སོ།། བཅོམ་ལྡན་འདས་ཀྱིས་གསུང་གཅིག་རབ་ཏུ་ཕྱུང་བ་ཡང་། ། འཁོར་རྣམས་ཀྱིས་ནི་གསུང་ལ་ཐ་དད་རྣམ་པར་རིག། འགྲོ་བ་དག་གིས་རང་གི་དོན་བཞིན་རྣམ་རིག་པ།། དེ་ནི་རྒྱལ་བའི་མ་འདྲེས་སངས་རྒྱས་མཚན་ལགས་སོ།། གསུང་གཅིག་རབ་ཏུ་བསྒྲགས་པ་མཛད་པ་དེ་ཡི་ནི། ། ཁ་ཅིག་བག་ཆགས་བསྒོས་ཤིང་ཁ་ཅིག་རྟོག་པར་བགྱིས།། སོམ་ཉི་འཚལ་བ་འདྲེན་པ་རབ་ཏུ་མི་མཛད་དེ།། དེ་ནི་རྒྱལ་བའི་མ་འདྲེས་སངས་རྒྱས་མཚན་ལགས་སོ། ། སྟོབས་བཅུ་འདྲེན་པའི་རྩལ་མངའ་ཁྱོད་ལ་ཕྱག་འཚལ་ལོ།། འཇིགས་པ་མི་མངའ་འཇིགས་བྲལ་ཁྱོད་ལ་ཕྱག་འཚལ་ལོ།། མ་འདྲེས་པ་ཡི་ཆོས་རྣམས་ངེས་པར་རབ་རྟོག་པ། འགྲོ་བ་ཐམས་ཅད་འདྲེན་པ་ཁྱོད་ལ་ཕྱག་འཚལ་ལོ།། ཀུན་ཏུ་སྦྱོར་བའི་བཅིངས་པ་གཅོད་ལ་ཕྱག་འཚལ་ལོ།། ཕ་རོལ་ཕྱིན་ནས་སྐམ་ལ་བཞུགས་ལ་ཕྱག་འཚལ་ལོ།། དུབ་པའི་འགྲོ་བ་སྒྲོལ། པ་ཁྱོད་ལ་ཕྱག་འཚལ་ལོ།། འཁོར་བའི་འགྲོ་བར་མི་གནས་པ་ལ་ཕྱག་འཚལ་ལོ།། སེམས་ཅན་རྣམས་དང་འགྲོ་བར་ཞུགས་ཤིང་ཀུན་འགྲོགས་ཀྱང་།། འགྲོ་བ་ཐམས་ཅད་ལས་ནི་རྣམ་པར་གྲོལ་བའི་ཐུགས། ། པདྨ་དག་ནི་ཆུ་སྐྱེས་ཆུ་ཡིས་ཡོང་མི་གོས།། ཐུབ་པའི་པདྨས་སྟོང་པ་ཉིད་ནི་ངེས་པར་བསྒོམ།། མཚན་མ་ཐམས་ཅད་རྣམ་པ་ཀུན་ཏུ་རབ་ཏུ་བསལ།། ཁྱོད་ནི་ཅི་ལའང་སྨོན་པར་མཛད་པ་ཡོང་མི་མངའ། ། སངས་རྒྱས་དག་གི་མཐུ་ཆེན་བསམ་གྱིས་མི་ཁྱབ་སྟེ།། ནམ་མཁའ་ལྟ་བུར་མི་གནས་པ་ལ་བདག་ཕྱག་འཚལ།། དེ་ནས་བཅོམ་ལྡན་འདས་ལ་ལི་ཙ་བྱི་གཞོན་ནུ་དཀོན་མཆོག་འབྱུང་གནས་ཀྱིས། ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལི་ཙ་བྱི་གཞོན་ནུ་ལྔ་བརྒྱ་ཙམ་པོ་འདི་དག་ཐམས་ཅད་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ཏེ། འདི་དག་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གང་ལགས་ཞེས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སུན། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་དེ་དག་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་ལི་ཙ་བཱི་གཞོན་ནུ་དཀོན་མཆོག་འབྱུང་གནས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ།། གནོན་ནུ་ཁྱོད་གང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལས་བརྩམས་ཏེ་དེ་བཞིན་གཤེགས་པ་ལ་དྲི་བ་ལེགས་སོ། ། དེའི་ཕྱིར་གཞོན་ནུ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་ཡོད། སུ་དག་པ་ལས་བརྩམས་ཏེ་ངས་ཁྱོད་ལ་བཤད་དོ།། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། ལི་ཙ་བྱི་གཞོན་ནུ་དཀོན་མཆོག་འབྱུང་གནས་དང་། ལི་ཙ་བྱི་གཞོན་ནུ་ལྔ་བརྒྱ་ཙམ་པོ་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས། དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་སེམས་ཅན་གྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་ངོ་།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཇི་ཙམ་དུ་སེམས་ཅན་རྣམས་ལ་རྒྱས་པར་བྱེད་པ་དེ་ཙམ་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ།། སེམས་ཅན་རྣམས་ཇི་ལྟ་བུས་འདུལ་བར་འགྱུར་བ་དེ་ལྟ་བུའི་སངས་རྒྱས་ཀྱི་ནི་ཡོངས་སུ་འཛིན་ཏོ། ། སངས་རྒྱས་ཀྱི་མིང་ལ་འཇུག་པ་ཇི་ལྟ་བུས་སེམས་ཅན་རྣམས་སངས་རྒྱས་ཀྱི་ཡེ་ཤེས་ལ་འཇུག་པར་འགྱུར་བ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ།། སངས་རྒྱས་ཀྱི། ཞིང་ལ་འཇུག་པ་ཇི་ལྟ་བུས་སེམས་ཅན་རྣམས་འཕགས་པ་ལྟ་བུའི་དབང་པོ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ནི། སེམས་ཅན་གྱི་དོན་ལས་བྱུང་བའི་ཕྱིར་རོ།། དཀོན་མཆོག་འབྱུང་གནས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་ཇི་ལྟ་བུར་བྱ་བར་འདོད་པ་དེ་བཞིན་དུ་བྱེད་མོད་ཀྱི། ནམ་མཁའ་ལཱ་ནི་བྱར་མི་རུང་ཞིང་བརྒྱན་དུའང་མི་རུང་བ་དེ་བཞིན་དུ། དཀོན་མཆོག་འབྱུང་གནས་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པར་ཤེས་ནས། བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཇི་ལྟ་བུར་བྱ་བར་འདོད་པ་དེ་ལྟར་སངས་རྒྱས་ཀྱི་ཞིང་བྱེད་མོད་ཀྱི། སངས་རྒྱས་ཀྱི་ཞིང་ནམ་མཁའ་ནི་བྱར་མི་རུང་ཞིང་བརྒྱན་དུ་མི་རུང་ངོ་།། དཀོན་མཆོག་འབྱུང་གནས་འོན་ཀྱང་བསམ་པའི་ཞིང་ནི། བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་གཡོ་མེད་པ་དང་། སྒྱུ་མེད་པ་རྣམས་སྐྱེ་བར་འགྱུར་རོ།། རིགས་ཀྱི་བུ་ལྷག་པའི་བསམ་པའི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དུ་དགེ་བའི་རྩ་བ་དང་། ཚོགས་ཐམས་ཅད་བསགས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ།། སྦྱོར་བའི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དུ་དགེ་བའི་ཆོས་ཐམས་ཅད་ལ་གནས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ།། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་རྒྱ་ཆེན་པོ་ནི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ།། སྦྱིན་པའི་ཞིང་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། ། ཚུལ་ཁྲིམས་ཀྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་བསམ་པ་ཐམས་ཅད་དང་ལྡན་ཞིང་དགེ་བ་བཅུའི་ལས་ཀྱི་ལམ་ཡོཏྲ་སུ་བསྲུང་བའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། ། བཟོད་པའི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་མཚན་སུམ་ཅུ་རྩ་གཉིས་ཀྱི།། བརྒྱན་ཅིང་། བཟོད་པ་དང་། དུལ་བ་དང་། ཞི་གནས་དམ་པའི་ཕ་རོལ་ཏུ་སོན་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ།། བརྩོན་འགྲུས་ཀྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་དགེ་བའི་ཆོས་ཐམས་ཅད་ལ་བརྩོན་འགྲུས་བརྩམས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ།། བསམ་གཏན་གྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་དྲན་པ་དང་ཤེས་བཞིན་གྱིས་མཉམ་པར་གཞག་པའི་སེམས་ཅན་རྣམ་སྐྱེ་བར་འགྱུར་རོ།། ཤེས་རབ་ཀྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་ཡང་དག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ།། ཚད་མེད་པ་བཞི་རྣམས་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ་དེ་བྱང་ཆུར་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་གནས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ།། བསྡུ་བའི་དངོས་པོ་བཞི་རྣམས་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་རྣམ་པར་གྲོལ་བ་ཐམས་ཅད་ཀྱིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ།། ཐབས་ལ་མཁས་བ་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར། ཐབས་དང་དཔྱོད་པ་ཐམས་ཅད་ལ་མཁས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ།། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམས་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་བསྒྲུབས་པ་ཤེས་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ།། ཡོངས་སུ་བསྔོ་བའི་སེམས་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དུ་ཡོན་ཏན་ཐམས་ཅད་ཀྱི་རྒྱན་རྣམས་སྣང་བར་འགྱུར་རོ།། མི་ཁོམ་པ་བརྒྱད་རབ་ཏུ་ཞི་བར་བསྟན་པ་ནི། བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་ཐམས་ཅད་ཤིན་ཏུ་ཆད་ཅིང་མི་ཁོམ་པ་བརྒྱད་མེད་པར་འགྱུར་རོ།། བདག་ཉིད་བསླབ་པའི་གཞི་རྣམས་ལ་གནས་ཤིང་ཕ་རོལ་གྱི་ལྟུང་བ་མི་གླེང་བ་ནི། བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་མིང་དེར་ལྟུང་བའི་སྒྲ་ཡང་མི་ཟག་པར་འགྱུར་རོ།། དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་དག་པ་ནི། བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། དེ་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེར་ཚེ་ངེས་པ་དང་། ལོངས་སྤྱོད་ཆེ་བ་དང་། ཚངས་པར་སྤྱོད་པ་དང་། བདེན་པའི་རྗེས་སུ་འཇུག་པའི་ཚིག་གིས་བརྒྱན་པ་དང་། ངག་འཇམ་པ་དང་། འཁོར་མི་ཕྱེད་པ་དང་། བྱེ་བ་སྡུམ་པ་ལ་མཁས་པ་དང་། ཕྲག་དོག་དང་བྲལ་བ་དང་། གནོད་སེམས་ཀྱི་སེམས་མེད་པ་དང་། ཡང་དག་པར་ལྟ་བ་དང་ལྡན་པའི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཅི་འདྲ་བར་བསམ་པའང་དེ་འདྲའོ།། བསམ་པ་ཅི་འདྲ་བར་སྦྱོར་བ་ཡང་དེ་འདྲའོ། ། སྦྱོར་བ་ཇི་སྙེད་པར་ལྷག་པའི་བསམ་པའང་དེ་སྙེད་དོ།། ལྷག་པའི་བསམ་པ་ཇི་སྙེད་པར་ངེས་པར་སེམས་པ་ཡང་དེ་སྙེད་དོ།། ངེས་པར་སེམས་པ་ཇི་སྙེད་པར་སྒྲུ་བ་མའང་དེ་རྙེད་དོ།། སྒྲུབ་པ་ཇི་སྙེད་པར་ཡོངས་སུ་བསྔོ་བའང་དེ་སྙེད་དོ།། ཡོངས་སུ་བསྔོ་བ་ཇི་སྙེད་པར་ཐབས་རྣམས་ཀྱང་དེ་སྙེད་དོ།། ཐབས་རྣམས་ཇི་སྙེད་པར་ཞིང་ཡོངས་སུ་དག་པའང་དེ་སྙེད་དེ། ཞིང་ཡོངས་སུ་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཡོངས་སུ་དག་པའང་དེ་བཞིན་ནོ། ། སེམས་ཅན་ཡོང་སུ་དག་པ་ཇི་ལྟ་བ་བཞིན་དུ།། ཡེ་ཤེས་ཡོངས་སུ་དག་པའང་དེ་བཞིན་ནོ།། ཡེ་ཤེས་ཡོངས་སུ་དག་པ་ཇི་ལྟར་བཞིན་དུ། བསྟན་པ་ཡོངས་སུ་དག་པའང་དེ་བཞིན་ནོ། ། བསྟན་པ་ཡོངས་སུ་དག་པ་ཇི་ལྟ་བ་བཞིན་དུ། ཡེ་ཤེས་བསྒྲུབ་པ་ཡོངས་སུ་དག་པའང་དེ་བཞིན་ནོ།། ཡེ་ཤེས་བསྒྲུབ་པ་ཡོངས་སུ་དག་པ་ཇི་ལྟ་བ་བཞིན་དུ་རང་གི་སེམས་ཡོངས་སུ་དག་པའང་དེ་བཞིན་ཏེ། རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་འདོད་པས། རང་གི་སེམས་ཡོངས་སུ་སྦྱང་བ་ལ་ནན་ཏན་བྱའོ།། དེ་ཅིའི་ཕྱིར་ཞེ་ན་ཇི་ལྟ་བུར་བྱང་ཆུབ་སེམས་དཔའི་སེམས་ཡོངས་སུ་དག་པ་དེ་འདྲ་བར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་རོ།། དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སེམས་ཏེ། ཏེ་ཇི་ལྟ་བུར་སེམས་ཡོངས་སུ་དག་པ་དེ་འདྲ་བར་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་མིང་ཡོངས་སུ་དག་པར་འགྱུར་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སེམས། ཡོངས་སུ་མ་དག་གམ་ཅི་ན་སངས་རྒྱས་ཀྱི་ཞིང་འདི་འདི་ལྟ་བུར་ཡོངས་སུ་མ་དག་པར་སྣང་སྙམ་མོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཉི་མ་དང་ཟླ་བ་ཡོངས་སུ་མ་དག་གམ་ཅི་ན། དམུས་ལོང་དག་གིས་མི་མཐོང་གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ།། དེ་ནི་དམུས་ལོང་གིས་ནོངས་ཀྱི། ཉི་མ་དང་ཐ་བས་མནོངས་སོ།། བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་དུ་སེམས་ཅན་ལ་ལས་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་བཀོད་པ་མི་མཐོང་བ་དེ་ནི། སེམས་ཅན་རྣམས་ཀྱིས་མི་ཤེས་པས་ཉེས་ཀྱི། དེ་ལ་དེ་བཞིན་གཤེགས་པས་ཉེས་པ་ནི་མ་ཡིན་ནོ།། ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་མོད་ཀྱི། ཁྱོད་ཀྱིས་དེ་མི་མཐོང་ངོ་།། དེ་ནས་ཚངས་པ་རལ་པ་ཅན་གྱིས། གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་དག་གོ་ཞེས་མ་ཟེར་ཅིག། བཙུན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འདི་ལྟ་སྟེ། དཔེར་ན་བཙུན་པ་ཤཱ་རིའི་བུ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གནས་ཀྱི་བཀོད་པ་བཞིན་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་གི་བཀོད་པའང་ཁོ་བོས་དེ་དང་འདྲ་བར་མཐོང་ངོ་། ། དེ་ནས་གནས་བརྟན་ཤཱ་རིའི་བུས། ཚངས་པ་རལ་པ་ཅན་ལ་འདི་སྐད་ཅེས་སྨྲས་སོ།། ཚངས་པ་ཁོ་བོས་ནི་ས་ཆེན་པོ་འདི་མཐོ་དམན་དང་། ཚེར་མ་དང་། གཡང་ས་དང་། རིའི་རྩེ་མོ་དང་། ངམ་གྲོག་དང་། མཛིན་ངན་གྱིས་རབ་ཏུ་གང་བར་མཐོང་ངོ་།། ཚངས་པ་རལ་པ་ཅན་གྱིས་སྨྲས་པ། འདི་ལྟར་སངས་རྒྱས་ཀྱི་ཞིང་འདི་འདྲ་བར་ཡོངས་སུ་མ་དག་པར་མཐོང་བ་ནི། བཙུན་པ་ཤཱ་རིའི་བུའི་སེམས་ལ་མཐོ་དམན་ཡོད་ཅིང་སངས་རྒྱས་ཀྱི་ཡེ་ཤེས་ལ་བསམ་པ་ཡོངས་སུ་མ་དག་པར་ངེས་སོ། ། གང་དག་བཙུན་པ་ཤཱ་རིའི་བུ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་ཞིང་སངས་རྒྱས་ཀྱི་ཡེ་ཤེས་ལ་བསམ་པ་ཡོངས་སུ་དག་པ་དེ་དག་གིས་ནི། སངས་རྒྱས་ཀྱི་ཞིང་འདི་ཡོངས་སུ་དག་པར་མཐོང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལ་ཞབས་ཀྱི་མཐེ་བོས་བསྣུན་པ་དང་། བསྣུན་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་རུ་མ་བརྩེགས་པ་དང་། རིན་པོ་ཆེ་བརྒྱ་སྟོང་དུ་མའི་ཚོགས་དང་། རིན་པོ་ཆེ་བརྒྱ་སྟོང་དུ་མ་སོ་སོ་བཀོད་པར་གྱུར་པ་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པ་རིན་པོ་ཆེ་བཀོད་པའི་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་ཆེན་མཐའ་ཡས་བཀོད་པ་བཞིན་དུ་འཇིག་རྟེན་གྱི་ཁམས་འདིའང་དེ་འདྲ་བར་སྣང་ངོ་།། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ཅིང་། བདག་ཉིད་ཀྱང་རིན་པོ་ཆེའི་པདྨ་བཀོད་པ་ལ་འདུག་པ་སྙམ་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པཤཱ་རིའི་བུ་ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་འདི་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། སྔོན་མ་མཐོང་མ་ཐོས་པའི་བཀོད་པ་འདི་དག་གདའ་འོ།། བཀའ་སྩལ་པ། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནི་རྟག་ཏུ་འདི་འདྲ་མོད་ཀྱི། སེམས་ཅན་དམན་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཞིང་དེ་ལྟ་པུར་ཉེས་པ་མང་པོའི་སྐྱོན་ཆགས་པར་སྟོན་ཏེ། ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་ལྷའི་བུ་རྣམས་རིན་པོ་ཆེའི་སྣོད་གཅིག་ཏུ་ཟས་ཟ་ཡང་བསོད་ནམས་ཇི་ལྟ་བུར་བསགས་པའི་བྱེ་བྲག་གིས་ལྷའི་ཟས་བདུད་རྩི་ཉེ་བར་གནས་པ་དེ་བཞིན་དུ། ཤཱ་རིའི་བུ་སེམས་ཅན་སངས་རྒྱས་ཀྱི་ཞིང་གཅིག་ཏུ་སྐྱེས་པ་དག་ཀྱང་། སེམས་ཇི་ལྟར་ཡོངས་སུ་དག་པ་བཞིན་དུ་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་མཐོང་ངོ་། ། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་བཀོད་པ་འདི་སྣང་བ་ན། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི། བྱང་ཆུབ་ཏུ་སེམས་སྐྱེས་སོ།། ལི་ཙ་བྱི་གཞོན་ནུ་གང་དག་ལི་ཙ་བྱི་གཞོན་ནུ་དཀོན་མཆོག་འབྱུང་གནས་དང་ལྷན་ཅིག་ཏུ་ལྷགས་པ་ལྔ་བརྒྱ་པོ་དེ་དག་ཀྱང་རྗེས་སུ་མཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་དེ་དག་བརྟུལ་བ་དང་། དེ་ནས་ཡང་སངས་རྒྱས་ཀྱི་ཞིང་དེ་ཕྱིར་སྔོན་གྱི་རང་བཞིན་དུ་གྱུར་པར་སྣང་ངོ་།། དེ་ན་ཉན་ཐོས་ཀྱི་ཐེག་པ་ཅན་གྱི་ལྷ་དང་མི་རྣམས་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ་འདུ་བྱེད་འདི་དག་ཐམས་ཅད་ནི་མི་རྟག་གོ་སྙམ་དུ་རིག་ནས། སྲོག་ཆགས་སུ་མཁྲི་ཉིས་སྟོང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། དགེ་སློང་བརྒྱད་སྟོང་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། སངས་རྒྱས་ཀྱི་ཞིང་རྒྱ་ཆེན་པོ་ལ་མོས་པའི་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ཡང་ཆོས་ཐམས་ཅད་རྣམ་པར་བསྒྲུབས་ལས་ཉེ་བར་གཞག་པའི་མཚན་ཉིད་དུ་རིག་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ།། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གླེང་གཞིའི་ལེའུ་སྟེ་དང་པོའོ། ། ཡང་དེའི་ཚེ་ཡང་པའི་གྲོང་ཁྱེར་ཆེན་པོ་ན། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ཞེས་བྱ་བ་ཞིག་འདུག་སྟེ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། བཟོད་པ་ཐོབ་པ། སྤོབས་པ་ཐོབ་པ། མངོན་པར་ཤེས་པ་ཆེན་པོས་རྣམ་པར་རྩེན་པ། གཟུངས་ཐོབ་པ། འཇིགས་པ་ཐོབ་པ། བདུད་དང་ཕྱིར་རྒོལ་བ་བཅོམ་པ། ཆོས་ཀྱི་ཚུལ་ཟབ་མོ་ལ་ཤིན་ཏུ་ཞུགས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་བྱུང་བ། ཐབས་མཁས་པ་རྟོགས་པར་ཁོང་དུ་ཆུད་པ། སྤོབས་པ་དང་ལྡན་པ། སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ལ་མཁས་པ། སེམས་ཅན་གྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་ལས་ངེས་པར་བྱུང་བ། སོ་སོ་ཅི་རིགས་པར་ཆོས་སྟོན་པ། ཐེག་པ་ཆེན་པོ་འདི་ལ་བརྩོན་པར་བྱས་ཤིང་ངེས་པར་བྱས་པ། ཤིན་ཏུ་བརྟགས་ཏེ་ལས་བྱེད་པ། སངས་རྒྱས་ཀྱི་སྤྱོད་ལམ་ལ་གནས་པ། བློ་དམ་པ། རྒྱ་མཚོ་ལྟ་བུའི་རྗེས་སུ་ཞུགས་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བཀུར་ཏེ་རབ་ཏུ་བསྔགས་པ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་ཕྱག་བྱས་བདེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཐབས་ལ་མཁས་པས་ཡངས་པའི་གྲོང་ཁྱེར་ཆེན་པོ་ན་གནས་ཏེ། སེམས་ཅན་མགོན་མེད་པ་དང་། དབུལ་པོ་རྣམས་བསྡུ་བའི་ཕྱིར་ལོངས་སྤྱོད་ཟད་མི་ཤེས་པ། སེམས་ཅན་ཚུལ་ཁྲིམས་འཆལ་པ་རྣམས་བསྡུ་བའི་ཕྱིར་ཚུལ་ཁྲིམས་ཡོངས་སུ་དག་པ། སེམས་ཅན་སྡང་བ་དང་། རབ་ཏུ་སྡང་བ་དང་། གནོད་སེམས་ཅན་དང་། ཚུལ་ཁྲིམས་འཆལ་པ་དང་ཁྲོ་སེམས་ཅན་རྣམས་བསྡུ་བའི་ཕྱིར་བཟོད་པ་དང་དུལ་བ་ཐོབ་པ། སེམས་ཅན་ལེ་ལོ་ཅན་རྣམས་བསྡུ་བའི་ཕྱིར་བརྩོན་འགྲུས་འབར་བ། སེམས་འཁྲུགས་པའི་སེམས་ཅན་རྣམས་བསྡུ་བའི་ཕྱིར་བསམ་གཏན་དང་། དྲན་པ་དང་། ཏིང་ངེ་འཛིན་ལ་གནས་པ། སེམས་ཅན་འཆལ་པའི་ཤེས་རབ་ཅན་རྣམས་བསྡུ་བའི་ཕྱིར་ཤེས་རབ་རྣམ་པར་ངེས་པ་ཐོབ་པ། གོས་དཀར་པོ་གྱོན་ལ། དགེ་སྦྱོང་ག་སྤྱོད་ལམ་ཕུན་སུམ་ཚོགས་པ། ཁྱིམ་གྱི་གནས་ན་གནས་པ། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་མ་འདྲེས་པ། བུ་དང་། ཆུང་མ་དང་། སྐྱེས་རྣམས་སྟོན་ཀྱང་རྟག་ཏུ་ཚངས་པར་སྤྱོད་པ། གཡོག་བྲན་གྱིས་ཡོངས་སུ་བསྐོར་བར་སྣང་ཡང་རྟག་ཏུ་དབེན་པར་སྤྱོད་པ། རྒྱན་གྱིས་བརྒྱན་པར་སྣང་ཡང་རྟག་ཏུ་མཚན་དང་ལྡན་པ་ཟས་སྐོམ་གྱི་ཟས་ཟ་བར་སྣང་ཡང་རྟག་ཏུ་བསམ་གཏན་གྱི་དཀར་བའི་ཟས་ཟ་བ། རྩེད་མོ་དང་རྒྱན་པོའི་གྲཝ་ཐམས་ཅད་ན་སྣང་ཡང་རྩེད་མོ་དང་རྒྱན་པོ་ལ་ཆགས་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་། རྟག་ཏུ་དོན་ཡོད་པར་སྤྱོད་པ། ཡ་མཚན་ཅན་ཐམས་ཅད་ཚོལ་ཡང་སངས་རྒྱས་ལ་མི་བྱེད་པའི་བསམ་པ་དང་ལྡན་པ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་གསང་སྔགས་དང་བསྟན་བཅོས་ཀྱི་རྣམ་པ་ཤེས་ཀྱང་། རྟག་ཏུ་ཆོས་ཀྱི་ཀུན་དཀའ་ལ་དགའ་མོས་པ། འདུ་འཛི་ཀུན་གྱི་ནང་ན་སྣང་ཡང་ཐམས་ཅད་ཀྱི་ནང་ན་གཙོ་བོར་མཆོད་པ། འཇིག་རྟེན་པ་དང་མཐུན་པར་བྱ། བའི་ཕྱིར། རྒན་རབས་དང་། བར་མ་དང་། གཞོན་ནུའི་གྲོགས་སུ་གྱུར་ཅིང་ཆོས་བཞིན་དུ་སྨྲ་བ། ཐ་སྙད་ཐམས་ཅད་དུ་འཇུག་ཀྱང་རྙེད་པ་དང་ལོངས་སྤྱོད་ལ་རེ་བ་མེད་པ། སེམས་ཅན་ཐམས་ཅད་གདུལ་བའི་ཕྱིར་ལམ་གྱི་བཞི་མདོ་དང་། སུམ་མདོ་ཐམས་ཅད་ནའང་སྣང་བ། སེམས་ཅན་རྣམས་བསྲུང་བའི་ཕྱིར་རྒྱལ་པོའི་བྱ་བ་རྣམས་ལའང་ཞུགས་པ། ཐེག་པ་དམན་པ་ལ་མོས་པ་བཟློག་ཅིང་ཐེག་པ་ཆེན་པོ་ལ་སེམས་ཅན་རྣམས་ཡང་དག་པར་གཟུད་པའི་ཕྱིར་ཆོས་ཉན་པ་དང་། ཡང་དག་པར་བརྗོད་པ་ཐམས་ཅད་ནའང་སྣང་བ། བྱིས་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡི་གེའི་གྲཝ་ཁང་ཐམས་ཅད་དུའང་འགྲོ་བ། འདོད་པའི་ཉེས་པ་ཡང་དག་པར་བསྟན་པའི་ཕྱིར། སྨད་འཚོང་གི་ཁྱིམ་ཀུན་ཏུའང་འཇུག་པ། དྲན་པ་ལ་ཡང་དག་པར་གཞག་པའི་ཕྱིར་ཆང་འཚོང་བའི་ཁྱིམ་ཐམས་ཅད་དུའང་འཇུག་པ། ཆོས་ཀྱི་མཆོག་བསྟན་པའི་ཕྱིར་ཚོང་དཔོན་གྱི་ནང་ནའང་ཚོང་དཔོན་དུ་ཀུན་གྱིས་བཀུར་བ། འཛིན་པ་ཐམས་ཅད་ཀྱི་ལེན་པ་ཡོངས་སུ་གཅད་པའི་ཕྱིར་ཁྱིམ་བདག་གི་ནང་དུའང་ཁྱིམ་བདག་ཏུ་ཀུན་གྱིས་བཀུར་བ། བཟོད་པ་དང་། དེས་པ་དང་། སྟོབས་ལ་རབ་ཏུ་དགོད་པའི་ཕྱིར་རྒྱལ་རིགས་ཀྱི་ནང་དུའང་རྒྱལ་རིགས་སུ་ཀུན་གྱིས་བཀུར་བ། ང་རྒྱལ་དང་། རྒྱགས་པ་དང་། བྱ། དྲེགས་པ་ཤིན་ཏུ་གཞོམ་པའི་ཕྱིར་བྲམ་ཟེའི་ནང་དུ་ཡང་བྲམ་ཟེར་ཀུན་གྱིས་བཀུར་བ། རྒྱལ་པོའི་བྱ་བ་ཐམས་ཅད་ཆོས་དང་མཐུན་པར་བཀོད་པའི་ཕྱིར་བློན་པོའི་ནང་དུ་བློན་པོར་ཀུན་གྱིས་བཀུར་བ། རྒྱལ་པོའི་ལོངས་སྤྱོད་དང་དབང་ཕྱུག་ལ་ཆགས་པ་བཟློག་པའི་ཕྱིར་གནོན་ནུའི་ནང་དུའང་གནོན་ནུ་ཀུན་གྱིས་བཀུར་བ། བུད་མེད་གཞོན་ནུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བཙུན་མོའི་འཁོར་གྱི་ནང་དུའང་ཉུང་རུམ་དུ་ཀུན་གྱིས་བཀུར་བ། ཐ་མལ་པའི་བསོད་ནམས་ཁྱད་པར་དུ་འཕགས་པར་དམིགས་པར་བྱ་བའི་ཕྱིར་སྐྱེ་བོ་ཕལ་བ་དང་ཡང་མཐུན་པར་འཇུག་པ། དབང་ཕྱུག། གི་བདག་པོར་བསྟན་པའི་ཕྱིར་བརྒྱ་བྱིན་གྱི་ནང་དུའང་བརྒྱ་བྱིན་དུ་ཀུན་གྱིས་བཀུར་བ། ཡེ་ཤེས་ཀྱི་ཁྱད་པར་བསྟན་པའི་ཕྱིར་ཚངས་པའི་ནང་དུའང་ཚངས་པར་ཀུན་གྱིས་བཀུར་བ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཇིག་རྟེན་སྐྱོང་བའི་ནང་དུ་དང་འཇིག་རྟེན་སྐྱོང་དུ་ཀུན་གྱིས་བཀུར་བ་སྟེ། དེ་ལྟར་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ཚད་མེད་པའི་ཐབས་ལ་མཁས་པའི་ཡེ་ཤེས་དང་ལྡན་ཏེ། ཡངས་སའི་གྲོང་ཁྱེར་ཆེན་པོ་ན་གནས་ཤིང་འདུག་གོ།། དེ་ཐབས་ལ་མཁས་པས་བདག་ཉིད་ན་བལྟ་བུར་བསྟན་ནས་དེ་ལ་ནད་འདྲི་བའི་ཕྱིར་ཡངས་པའི་གྲོང་ཁྱེར་ཆེན་པོ་ནས་རྒྱལ་པོ་དང་། རྣོན་པོ་དང་། དབང་པོ་དང་། གནོན་ནུའི་འཁོར་དང་། བྲས་ཟེ་དང་། ཁྱིམ་བདག་དང་། ཚོང་དཔོན་དང་། ཐོང་བ་དང་། ཡུལ་མོ་དང་། དེ་མ་ཡིན་པ་ཐོག་ཆགས་སྟོང་ཕྲག་པ་ནད་འདྲིར་འོངས་ཏེ། དེར་ལྷགས་པ་དེ་དག་ལ། ལི་ཙ་བྱི་དྲི་མ་མེད་པར་གྲགས་པས་འབྱུང་བ་ཆེན་པོ་བཞིའི་ལུས་འདི་ཉིད་ལས་བརྩམས་ནས་ཆོས་སྟོན་ཏེ། གྲོགས་པོ་དག་ལུས་འདི་ནི་འདི་ལྟར་མི་རྟག་པ། འདི་ལྟར་མི་བརྟན་པ། འདི་ལྟར་ཡིད་བརྟན་དུ་མི་རུང་བ། འདི་ལྟར་ཉམ་ཆུང་བ། འདི་ལྟར་སྙིང་པོ་མེད་པ། འདི་ལྟར་ཞིགས་པ། འདི་ལྟར་ཡུན་ཐུང་བ། འདི་ལྟར་སྡུག་བསྔལ་བ། འདི་ལྟར་ནད་མང་བ། འདི་ལྟར་འགྱུར་བའི་ཆོས་ཅན་ནོ།། གྲོགས་པོ་དག་འདི་ལྟར་ལུས་འདི་ནི་ནད་མང་པོའི་སྣོད་དེ། མཁས་པས་དེ་ལ་གནས་པར་མི་བྱའོ།། གྲོགས་པོ་དག་ལུས་འདི་ནི་ཅང་མི་བཟོད་པ་སྟེ། ལྦུ་བ་རྡོས་པ་ལྟ་བུའོ།། ལུས་འདི་ནི་རིང་དུ་མི་གནས་པ་སྟེ། ཆུའི་ཆུ་བུར་ལྟ་བུའོ།། ལུས་འདི་ནི་ཉོན་མོངས་པའི་སྲིད་པ་ལས་བྱུང་སྟེ། སྨིག་རྒྱུ་ལྟ་བུའོ།། ལུས་འདི་ནི་སྙིང་པོ་མེད་པ་སྟེ། ཆུ་ཤིང་གི་སྡོང་པོ་ལྟ་བུའོ།། ཀྱེ་མ་ལུས་འདི་ནི་རུས་པ་རྒྱུས་པས་སྦྲེལ་བ་སྟེ། འཁྲུལ་འཁོར་ལྟ་བུའོ།། ལུས་འདི་ནི་ཕྱིན་ཅི་ལོག་ལས་བྱུང་བ་སྟེ། སྒྱུ་མ་ལྟ་བུའོ།། ལུས་འདི་ནི་ཡང་དག་པ་མ་ཡིན་པ་མཐོང་བ་སྟེ། རྨི་ལམ་ལྟ་བུའོ།། ལུས་འདི་ནི་སྔོན་གྱི་ལས་ཀྱི་གཟུགས་བརྙན་སྣང་བ་སྟེ། གཟུགས་བརྙན་ལྟ་བུའོ།། ལུས་འདི་ནི་རྐྱེན་ལ་རག་ལུས་པའི་ཕྱིར་བྲག་ཆ་ལྟ་བུའོ། ། ལུས་འདི་ནི་སེམས་འཁྲུགས་ཤིང་འགྱེས་པའི་མཚན་ཉིད་དེ། སྤྲིན་ལྟ་བུའོ།། སུ་འདི་ནི་སྐད་ཅིག་ཏུ་འཇིག་པ་དང་ལྡན་ཞིང་མི་གནས་པ་སྟེ། གློག་དང་མཚུངས་སོ།། ལུས་འདི་ནི་རྐྱེན་སྣ་ཚོགས་ལས་བྱུང་བ་སྟེ། བདག་པོ་མེད་པའོ།། ལུས་འདི་ནི་ས་དང་འདྲུ་སྟེ། བྱེད་པ་མེད་པའོ།། ལུས་འདི་ནི་ཆུ་དང་འདྲ་སྟེ། བདག་མེད་པའོ།། ལུས་འདི་ནཱི་མ། དང་འདྲ་སྟེ། སྲོག་མེད་པའོ།། ལུས་འདི་ནི་རླུང་དང་འདྲ་སྟེ། གང་ཟག་མེད་པའོ།། ལུས་འདི་ནི་ནམ་མཁའ་དང་འདྲ་སྟེ། རང་བཞིན་མེད་པའོ།། ལུས་འདི་ནི་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་ཏེ། ཡང་དག་པ་མ་ཡིན་པའོ།། ལུས་འདི་ནི་བདག་དང་བདག་གི་མེད་པ་སྟེ། སྟོང་པའོ།། ལུས་འདི་ནི་རྩཝ་དང་། ཤིང་དང་། རྩིག་པ་དང་། བོང་བ་དང་། མིག་ཡོར་ལྟ་བུ་སྟེ། བེམས་པོའོ།། ལུས་འདི་ནི་རླུང་གི་འཁྲུལ་འཁོར་དང་ལྡན་པས་འབྱུང་སྟེ། ཚོར་བ་མེད་པའོ།། ལུས་འདི་ནི་རྣག་དང་མི་གཙང་བ་བསགས་པ་སྟེ། གསོག་གོ།། ལུས་འདི་ནི་རྟག་ཏུ་བསྐུ་བ་དང་། མཉེ་བ་དང་། འཇིག་པ་དང་། འགྱེས་པའི་ཆོས་ཅན་ཏེ། གསོབ་བོ།། ལུས་འདི་ནི་ནད་བཞི་བརྒྱ་རྩ་བཞིས་གཙེས་པའོ།། ལུས་འདི་ནི་རྟག་ཏུ་རྒ་བས་ཟིལ་གྱིས་གནོན་པ་སྟེ། ཁྲོན་པ་རྙིང་པ་དང་འདྲའོ། ། ལུས་འདི་ནི་འཆི་བའི་མཐའ་སྟེ། མཐར་མི་ཀུནས་པའོ།། ལུས་འདི་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱིས་ཡོངས་སུ་ཟིན་པ་སྟེ། གཤེད་མ་དང་། སྦྲུལ་གདུག་པ་དང་། གྲོང་སྟོང་པ་ལྟ་བུ་སྟེ། ཁྱེད་ཀྱིས་དེ་ལྟ་བུའི་ལུས་དེ་ལ་ཡིད་བྱུང་བ་དང་། སྐྱོ་བ་སྐྱེད་ཅིང་དེ་བཞིན་གཤེགས་པའི་སྐུ་ལ་མོས་པ་བསྐྱེད་པར་བྱའོ།། གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ། ཡེ་ཤེས་ལས་སྐྱེས་པའོ།། དེ་བཞིན་གཤེགས་པའི་ཀླུ་ནི་བསོད་ནམས་ལས་སྐྱེས་པ། སྦྱིན་པ་ལས་སྐྱེས་པ། ཚུལ་ཁྲིམས་ལས་སྐྱེས་པ། ཏིང་ངེ་འཛིན་ལས་སྐྱེས། པ། ཤེས་རབ་ལས་སྐྱེས་པ། རྣམ་པར་གྲོལ་བ་ལས་སྐྱེས་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལས་སྐྱེས་པ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམ་ས་ལས་སྐྱེས་པ། སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་ལས་སྐྱེས་པ། དགེ་བ་བཅུའི་ལས་ཀྱི་ལམ་ལས་སྐྱེས་པ། བཟོད་པ་དང་ངེས་པ་ལས་སྐྱེས་པ། བརྩོན་འགྲུས་བརྟན་པའི་དགེ་བའི་རྩ་བ་ལས་སྐྱེས་པ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལས་སྐྱེས་པ། ཐོས་པ་དང་། ཤེས་རབ་དང་། ཐབས་ལས་སྐྱེས་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལས་སྐྱེས་པ། ཞི་གནས་དང་ལྷག་མཐོང་ལས་སྐྱེས་པ། སྟོབས་བཅུ་ལས་སྐྱེས་པ། མི་འཇིགས་པ་བཞི་ལས་སྐྱེས་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་བབཅོ་བརྒྱད་ལས་སྐྱེས་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལས་སྐྱེས་པ། མངོན་པར་ཤེས་པ་དང་རིག་པ་ལས་སྐྱེས་པ། མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་ལས་སྐྱེས་པ། དགེ་བའི་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ལས་སྐྱེས་པ། བདེན་པ་ལས་སྐྱེས་པ། ཡང་དག་པ་ཉིད་ལས་སྐྱེས་པ། བག་ཡོད་པ་ལས་སྐྱེས་པའོ།། གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་དག་པའི་ལས་ཚད་མེད་པ་ལས་སྐྱེས་པ་སྟེ། ཁྱེད་ཀྱིས་དེ་ལྟ་བུའི་སྐུ་དེ་ལ་མོས་པ་བསྐྱེད་པར་བྱའོ།། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་རབ་ཏུ་སྤང་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། ། དེ་བཞིན་དུ་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས་དེ་ལྟར་ནད་འདྲི་བ་ཚོགས་པ་དེ་དག་ལ། ཅི་ནས་སེམས་ཅན་བརྒྱ་སྟོང་མང་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མངོན་པར་བསྐྱེད་པ་དེ་ལྟ་དེ་ལྟ་བུར་ཆོས་འཆད་དོ། ། ཐབས་ལ་མཁས་པ་བསམ་གྱིས་མི་ཁྱབ་པའི་ལེའུ་ཞེས་བྱ་སྟེ་གཉིས་པའོ།། ། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་འདི་སྙམ་དུ་སེམས་ཏེ། བདག་ནི་ན་ཞིང་མི་བདེ་སྟེ། ཁྲིའི་སྟེང་ན་འདུག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ལ་མ་དགོངས་ཏེ། ཐུགས་བརྩེ་བའི་ཕྱིར་ནད་འདྲི་བ་འགའ་ཡང་མ་བཏང་ངོ་སྙམ་མོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པའི་སེམས་ཀྱི་རྟོག་པ་དེ་ལྟ་བུ་མཁྱེན་ནས། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ལི་ཙ་བྱི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཞིག། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལི་ཙ་བྱི་དྲི་མ་མེད་པར་གྲགས་པའི་ཟོ་དྲི་ཞིང་མཆི་བར་མི་སྤོའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། བདག་ཤིང་ཞིག་གི་རླུང་ནང་དུ་ཡང་དག་བཞག་པར་གྱུར་པ་ན། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ཡང་ཤིང་དེའི་དྲུང་ག་ལ་བ་དེར་མཆིས་ནས། བདག་ལ་འདི་སྐད་ཅེས་མཆིའོ།། བཙུན་པ་ཤཱ་རིའི་བུ་ཇི་ལྟར་ཁྱོད་ཀྱིས་ནང་དུ་ཡང་དག་བཞག་པ་དེ་ལྟ་བུའི་ནང་དུ་ཡང་དག་འཇོག་པ་ལ་ནང་དུ་ཡང་དག་གཞག་པར་མི་བྱའོ། ། ཇི་ལྟར་ཁམས་གསུམ་དུ་ལུས་དང་སེམས་མི་སྣང་བར་འགྱུར་བ་དེ་ལྟར་ནང་དུ་ཡང་དག་གཞག་པར་གྱིས་ཤིག། ཇི་ལྟར་འགོག་པ་ལས་ཀྱང་མི་ལྡང་ཞིང་། སྤྱོད་ལམ་ཀུན་ཏུ་ཡང་སྣང་བར་འགྱུར་བ་དེ་ལྟར་ནང་དུ་ཡང་དག་གཞག་པར་གྱིས་ཤིག། ཇི་ལྟར་ཐོབ་པའི་མཚན་ཉིད་ཀྱང་མི་འདོར་ལ། སོ་སོའི་སྐྱེ་བོའི་མཚན་ཉིད་དུ་སྣང་བ་དེ་ལྟར་ནང་དུ་ཡང་དག་གཞག་པར་གྱིས་ཤིག། ཇི་ལྟར་ཁྱོད་ཀྱིས་སེམས་ནང་ནའང་མི་འདུག་ལ། ཕྱི་རོལ་གྱི་གཟུགས་ལའང་མི་རྒྱུ་བ་དེ་ལྟར་ནང་དུ་ཡང་དག་གཞག་པར་གྱིས་ཤིག། ཇི་ལྟར་ལྟ་བར་གྱུར་པ་ཐམས་ཅད་ལས་ཀྱང་མི་གཡོ་ཞིང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་ལའང་སྣང་བ་དེ་ལྟར་ནང་དུ་ཡང་དག་གཞག་པར་གྱིས་ཤིག། ཇི་ལྟར་འཁོར་བ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱང་མི་སྤོང་ལ། མྱ་ངན་ལས་འདས་པ་ལའང་ཡང་དག་པར་གཞོལ་བར་འགྱུར་བ་དེ་ལྟར་ནང་དུ་ཡང་དག་གཞག་པར་གྱིས་ཤིག། བཙུན་པ་ཤཱ་རིའི་བུ་གང་དེ་ལྟར་ནང་དུ་ཡང་དག་བཞག་པ་ལ་ནང་དུ་ཡང་དག་འཇོག་ན། དེ་དག་ལ་བཅོམ་ལྡན་འདས་ཀྱིས་ནང་དུ་ཡང་དག་འཇོག་པར་བཀའ་སྩལ་ཏོ་ཞེས་མཆི་ནས། བཅོམ་ལྡན་འདས་བདག་གིས་ཆོས་ཉིད་དེ་ཐོས་ནས། དེ་ལ་སྒྲར་ཚིག་ལན་ལྡོན་པའི་རྔོམ་ཐོག་ཅིང་ཅང་མི་མཆི་བར་གྱུར་ཏེ། དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་ཟོ་འདྲི་ཞིང་མཆི་བར་མི་སྤྲོའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མོའུ་འགལ་གྱི་བུ་ཁྱོད་ལི་ཙ་བྱི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཞིག། མོའུ་འགལ་གྱི་བུས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། ཡངས་པའི་གྲོང་ཁྱེར་ཆེན་པོའི་སྲང་ཞིག་གི་སྒོ་ན་ཁྱིམ་བདག་རྣམས་ལ་བདག་ཆོས་སྟོན་ཅིང་མཆིས་པའི་དྲུང་དེར་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་མཆིས་ནས། བདག་ལ་འདི་སྐད་ཅེས་མཆིའོ།། བཙུན་པ་མོའུ་འགལ་གྱི་བུ་ཇི་ལྟར་སྟོན་པ་ལྟར་ནི་ཁྱིམ་པ་གོས་དཀར་པོ་ཅན་རྣམས་ལ་དེ་ལྟར་ཆོས་མི་བསྟན་ཏོ། ། བཙུན་པ་མོའུ་འགལ་གྱི་བུ་ཆོས་དེ་ཇི་ལྟ་བཞིན་དུ་ཆོས་བསྟན་པར་བྱ་སྟེ། བཙུན་མོའུ་འགལ་གྱི་བུ་ཆོས་ནི་སེམས་ཅན་མེད་པ་སྟེ། སེམས་ཅན་གྱི་རྡུལ་དང་བྲལ་བ། བདག་མེད་པ་སྟེ། འདོད་ཆགས་ཀྱི་རྡུལ་དང་བྲལ་བ་སྲོག་མེད་པ་སྟེ། སྐྱེ་བ་དང་འཆི་འཕོ་དང་བྲལ་བ། གང་ཟག་མེད་པ་སྟེ། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་མ་ཆད་པ། ཞི་བ་དང་ཉེ་བར་ནི་བའི་མཚན་ཉིད། འདོད་ཆགས་དང་བྲལ་བ་དམིགས་པ་མེད་པར་འགྲོ་བ། ཡི་གེ་མེད་པ། ཚིག་ཐམས་ཅད་ཆད་པ། བརྗོད་དུ་མེད་པ། རླབས་ཐམས་ཅད་དང་བྲལ་བ། ཐམས་ཅད་ཀྱི་རྗེས་སུ། སོང་བ་སྟེ། ནམ་མཁའ་དང་མཉམ་ཞིང་མཚུངས་པ། ཁ་དོག་དང་། རྟགས་དང་། དབྱིབས་མེད་པ། རྒྱུ་བ་ཐམས་ཅད་དང་བྲལ་བ། ངའི་བ་མེད་པ། ང་ཡིར་འཛིན་པ་མེད་པ། རྣམ་པར་རིག་པ་མེད་པ་སྟེ། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བ། གཉེན་པོ་མེད་པའི་ཕྱིར་འདྲ་བ་མེད་པ། རྒྱུ་དང་མི་མཐུན་ཞིང་རྐྱེན་དུ་སྒྲོ་འདོགས་པ་མེད་པ། ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བའི་ཕྱིར་ཆོས་ཐམས་ཅད་ནི་མཉམ་པར་གཞག་པ། རྗེས་སུ་མི་འགྲོ་བའི་ཚུལ་གྱིས་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་བ། ཤིན་ཏུ་མ་གཡོས་པའི་ཕྱིར་ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ་ཡུལ་དྲུག་ལ་མི་རྟེན་པས་མ་གཡོས་པ། མི་གནས་པས་གང་དུའང་འགྲོ་བ་དང་འོང་བ་མེད་པ། སྟོང་པ་ཉིད་དུ་ཡང་དག་པར་འདུ་བ། མཚན་པ་མེད་པས་རབ་ཏུ་ཕྱེ་བ། སྨོན་པ་མེད་པའི་མཚན་ཉིད་རྟོགས་པ་དང་སེལ་བ་མེད་པ། དོར་བ་མེད་ཅིང་གཞག་པ་མེད་པ། སྐྱེ་བ་དང་འཇིག་པ་མེད་པ། ཀུན་གཞི་མེད་པ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་ལམ་ལས་ཡང་དག་པར་འདས་པ། མ་ཁེངས་པ། མདུད་པ། གནས་པ་མི་གཡོ་བར་གྱུར་པ། རྒྱུ་བ་ཐམས་ཅད་དང་བྲལ་བ་སྟེ། བཙུན་པ་མོའུ་འགལ་གྱི་མུ་ཆེན་པོ་དེ་ལྟ་བུའི་ཆོས་ལ་བསྟན་པ་ཇི་ལྟ་རུ་ཞིག་ཡོད། བཙུན་པ་མོའུ་འགལ་གྱི་བུ་ཆེན་པོ་ཆོས་བསྟན་པ་ཞེས་བྱ་བ་དེའང་སྒྲོ་བཏགས་པའི་ཚིག་སྟེ། གང་དག་ཉན་པ་དེ་དག་ཀྱང་སྒྲོ་བཏགས་པས་ཉན་ཏོ།། བཙུན་པ་མོའུ་འགལ་གྱི་བུ་གང་ལ་སྒྲོ་བཏགས་པའི་ཚིག་མེད་པ་དེ་ལ་ཆོས་སྟོན་པའང་མེད་དེ། ཐོས་པའང་མེད། ཤེས་པའང་མེད་དོ།། འདི་ལྟ་སྟེ། དཔེར་ན་སྒྱུ་མའི་སྐྱེས་བུས་སྒྱུ་མའི་སྐྱེས་བུ་དག་ལ་ཆོས་བསྟན་པ་བཞིན་ནོ། ། དེ་ལྟ་བུར་སེམས་གནས་པས། ཆོས་བསྟན་པར་བྱའོ།། ཁྱོད་ཀྱིས་སེམས་ཅན་གྱི་དབང་པོ་ལ་མཁས་པར་བྱའོ།། ཤེས་རབ་ཀྱི་མིག་གིས་ལེགས་པར་མཐོང་བ་དང་། སྙིང་རྗེ་ཆེན་པོ་མངོན་དུ་གྱུར་པ་དང་། ཐེག་པ་ཆེན་པོའི་བསྔགས་པ་བརྗོད་པ་དང་། སངས་རྒྱས་ལ་བྱས་པ་གཟོ་བ་དང་། བསམ་པ་དག་པ་དང་། ཆོས་ཀྱི་ངེས་པའི་ཚིག་གི་རྣམ་པར་ཤེས་པས་དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བྱ་བའི་ཕྱིར་ཁྱོད་ཀྱིས་ཆོས་བསྟན་པར་བྱའོ་ཞེས་མཆི་སྟེ། བཅོམ་ལྡན་འདས་དེ་ལྟ་དེ་ལྟ་བུར་དེས་ཆོས་བསྟན་པས། ཁྱིམ་བདག་གི་འཁོར་དེ་ལས་ཁྱིམ་བདག་བརྒྱད་བརྒྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། ། བདག་ཀྱང་སྤོབས་པ་མ་མཆིས་པར་གྱུར་ཏེ། བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྔོའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་བཀའ་སྩལ་པ། འོད་སྲུངས་ཁྱོད་ལྀ་བྱི་ནཱི་མཱ་མེད་པར་གྲགས་པའི་ནད་འདྲིར་སོ་ཞིག། འོད་བླངས་ཆེན་མོས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་ཟོ་འདྲི་ཞིང་མཆི་བར་མི་སྤྲོའོ།། དེ་ཅིའི་མད་དུ་ཞེ་ན། བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། དབུལ་པོའི་ནང་དུ་བསོད་སྙོམས་ལ་མཆིས་ན། ལི་ཙ་བྱི་དྲི་མ་མེད་པ་དེར་མཆིས་ནས། བདག་ལ་འདི་སྐད་ཅེས་མཆིའོ།། འདི་ལྟར་སེམས་ཅན་ཆེན་པོའི་ཁྱིམ་བཀོལ་ཏེ་དབུལ་པོའི་ཁྱིམ་རྣམས་སུ་འགྲོ་བ་ནི། བཙུན་པ་འོད་སྲུངས་ཆེན་པོའི་བྱམས་པ་ཕྱོགས་གཅིག་པ་ཡིན་གྱིས། བཙུན་པ་འོད་སྲུངས་ཆེན་པོ་ཆོས་མཉམ་པ་ཉིད་ལ་གནས་པར་བྱའོ།། དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་བསམས་ཏེ་བསོད་སྙོམས་བཙལ་བར་བྱའོ།། ཟས་མེད་པར་ཟས་བཙལ་བར་བྱའོ།། གཞན་གྱི་རིལ་པོར་འཛིན་པ་བསལ་བའི་ཕྱིར་ཁྱོད་བསོད་སྙོམས་ལ་འགྲོ་བར་བྱའོ། ། གྲོང་སྟོང་པར་བྱིན་གྱིས་བརླབས་ཏེ་ཁྱོད་གྲོང་དུ་འགྲོ་བར་བྱའོ།། སྐྱེས་པ་དང་བུད་མེད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཁྱོད་གྲོང་ཁྱེར་དུ་འཇུག་པར་བྱའོ།། སངས་རྒྱས་ཀྱི་རིགས་ཀྱིས་ཁྱོད་ཁྱིམ་དུ་འགྲོ་བར་བྱའོ། ། མི་ལེན་པས་བསོད་སྙོམས་བླང་བར་བྱའོ།། དམུས་ལོང་དང་མཚུངས་པར་གཟུགས་རྣམས་ལ་བལྟའོ།། ཟག་ཆ་དང་འདྲ་བར་སྒྲ་རྣམས་མཉན་ཏོ།། རླུང་དང་མཚུངས་པར་དྲི་རྣམས་ལ་བསྣམ་མོ།། རྣམ་པར་རིག་པ་མེད་པས་རོ་རྣམས་མྱང་ངོ་།། ཡེ་ཤེས་ལ་རེག་པ་མེད་མས་རེག་བྱ་རྣམས་ལ་རེག་པར་བྱའོ།། སྒྱུ་མའི་སྐྱེས་བུའི་རྣམ་པར་རིག་པས་ཆོས་རྣམས་ལ་རིག་པར་བྱའོ། ། གང་བདག་གི་དངོས་པོ་དང་གཞན་གྱི་དངོས་པོ་མེད་པ་དེ་ནི་མི་འབར་བའོ།། གང་མི་འབར་བ་དེ་ནི་ཞི་བར་མི་འགྱུར་རོ།། གལ་ཏེ་གནས་བརྟན་འོད་སྲུངས་ཆེན་པོ་ལོག་པ་ཉིད་བརྒྱད་ལས་ཀྱང་མ་འདས་ལ། རྣམ་པར་ཐར་པ་བརྒྱད་ལའང་སྙོམས་པར་འཇུག་ཅིང་ལོག་པའི་མཉམ་པ་ཉིད་ཀྱིས་ཡང་དག་པའི་མཉམ་པ་ཉིད་ལ་འཇུག་པ་དང་བསོད་སྙོམས་གཅིག་ཀྱང་སེམས་ཅན་ཐམས་ཅད་ལ་སྦྱིན་ཞིང་། སངས་རྒྱས་ཐམས་ཅད་དང་འཕགས་པ་ཐམས་ཅད་ལའང་འབུལ་ཏེ་ཕུལ་ནས། གདོད་བདག་གིས་བཟའ་བ་ལྟ་ན། ཇི་ལྟར་ཉོན་མོངས་པ་དང་བཅས་པའང་མ་ཡིན། ཉོན་མོངས་པ་དང་བྲལ་བའང་མ་ཡིན་པ་དེ་ལྟར་བཟའ་འོ།། མཉམ་པར་གཞག་པའང་མ་ཡིན། ལངས་པའང་མ་ཡིན་པར་བཟའ་འོ།། འཁོར་བ་ལའང་མི་གནས་ལ། མྱ་ངན་ལས་འདས་པ་ལའང་མི་གནས་པར་བཟའ་འོ།། བཙུན་པ་ཁྱོད་ལ་གང་དག་བསོད་སྙོམས་སྦྱིན་པར་བྱེད་པ་དེ་དག་ཀྱང་འབྲས་བུ་ཆེ་བར་ཡང་མི་འགྱུར་འབྲས་བུ་ཆུང་བར་ཡང་མི་འགྱུར། འབྲི་བར་ཡང་མི་འགྱུར། ཁྱད་པར་དུ་ཡང་མི་འགྱུར། སངས་རྒྱས་གཤེགས་པར་ཡང་དག་པར་གཞོལ་བར་བྱ་བའི་ཉན་ཐོས་འགྲོ་བར་ཡང་དག་པར་གཞོལ་བར་མི་བྱའོ། ། གནས་བརྟན་འོད་སྲུངས་ཆེན་པོ་དེ་ལྟར་ཡུལ་འཁོར་གྱི་བསོད་སྙོམས་དོན་ཡོད་པར་བཟའ་འོ་ཞེས་མཆི་སྟེ། བཅོམ་ལྡན་འདས་བདག་ཆོས་བསྟན་པ་འདི་ཐོས་ནས་ངོ་མཚར་དུ་གྱུར་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། ཁྱིམ་ན་གནས་པའང་འདི་ལྟ་བུའི་སྤོབས་པ་དང་ལྡན་ན་སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེད་སྙམ་ནས་དེ་ཚུན་ཆད་བདག་གིས་སེམས་ཅན་གང་ཡང་ཐེག་པ་ཆེན་པོ་མ་ལགས་པར་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་སྔན་ཆད་མ་བཙུད་དོ།། བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ཁྱོད་ལི་ཙ་བྱི་དྲི་མ་མེད་པར་གྲགས་པའི་ནང་འདྲིར་སོང་ཞིག། རབ་འབྱོར་གྱིས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། ཡངས་པའི་གྲོང་ཁྱེར་ཆེན་པོར་ལི་ཙ་བྱི་དྲི་མ་མེད་པར་གྲགས་པའི་ཁྱིམ་དུ་བསོད་སྙོམས་ལ་མཆིས་པ་དང་། ལི་ཙ་བྱི་དྲི་མ་མེད་པར་གྲགས་པས་བདག་གི་ལྷུང་བཟེད་འཚལ་ནས། ཟས་བཟང་པོས་བཀང་སྟེ། འདི་སྐད་ཅེས་མཆིའོ།། བཙུན་པ་རབ་འབྱོར་ཁྱོད་གལ་ཏེ་ཟང་ཟིང་གི་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་རྗེས་སུ་རྟོགས་ཤིང་། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་ཀྱི་མཉམ་པ་ཉིད་རྗེས་སུ་རྟོགས་ན། གཟོད་བསོད་སྙོམས་འདི་ལོང་ཞིག། བཙུན་པ་རབ་འབྱོར་ཁྱོད་གལ་ཏེ་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་ཀྱང་མ་སྤངས་པ་དེ་དག་དང་ལྷན་ཅིག་ཏུའང་མི་གནས། གལ་ཏེ་འཇིག་ཚོགས་ལ་ལྟ་བའང་མ་བསྐྱོད་ལ། བགྲོད་པ་གཅིག་པའི་ལམ་དུའང་སོང་། ཁྱོད་ཀྱིས་མ་རིག་པ་དང་། སྲིད་པའི་སྲེད་པའང་མ་བཅོམ་ལ། རིག་པ་དང་རྣམ་པར་གྲོལ་བའང་མ་སྐྱེད། མཚམས་མེད་པའི་མཉམ་པ་ཉིད་དང་། ཁྱོད་ཀྱིས་རྣམ་པར་གྲོལ་བའང་མཚུངས། ཁྱོད་གྲོལ་བའང་། མ་ཡིན་ལ། བཅིངས་པའང་མ་ཡིན། ཁྱོད་ཀྱིས་འཕགས་པའི་བདེན་པ་བཞི་པོའང་མ་མཐོང་ལ། བདེན་པ་མ་མཐོང་བའང་མ་ཡིན། འབྲས་བུ་ཐོབ་པའང་མ་ཡིན་ལ། སོ་སོའི་སྐྱེ་བོའང་མ་ཡིན། སོ་སོའི་སྐྱེ་བོའི་ཆོས་ལས་ཀྱང་མ་ལོག། ཁྱོད་འཕགས་པའང་མ་ཡིན། མ་འཕགས་པའང་མ་ཡིན། ཆོས་ཐམས་ཅད་དང་ཡང་ལྡན་ལ། ཆོས་ཐམས་ཅད་ཀྱི་འདུ་ཤེས་དང་ཡང་བྲལ། ཁྱོད་ཀྱིས་སྟོན་པའང་མ་མཐོང་ལ། ཆོས་ཀྱང་མ་ཐོས་དགེ་འདུན་ལའང་བསྙེན་བཀུར་མ་བྱས་ཤིང་། སྟོན་པ་དྲུག་པོ་གང་ཡིན་པ་དེ་དག་འདི་ལྟ་སྟེ། འོད་སྲུངས་རྫོགས་བྱེད་དང་། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྒྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། ཀ་ཏྱའི་བུ་ནོག་ཅན་དང་། མི་ཕམ་སྐྲའི་ལ་བ་ཅན་དང་། གཅེར་དུ་པ་གཉེན་གྱི་བུ་དེ་དག་བཙུན་པའི་སྟོན་པ་ཡིན་ཏེ། དེ་དག་ལ་བརྟེན་ནས་ཁྱོད་རབ་ཏུ་བྱུང་ཞིང་སྟོན་པ་དྲུག་པོ་དེ་དག་གར་འགྲོ་བར་འཕགས་པ་རབ་འབྱོར་ཀྱང་འགྲོ་ལ། ལྟ་བར་གྱུར་པ་ཐམས་ཅད་ཀྱི་ནང་དུའང་ཁྱོད་ཆུད་ཅིང་། མཐའ་དང་དབུས་ཀྱང་མི་རྙེད། ཁྱོད་མི་ཁོམ་པ་བརྒྱད་དུ་ཡང་འཇུག་ལ་དལ་བའང་ཐོབ། ཁྱོད་ཀུན་ནས་ཉོན་མོངས་པ་དང་ཡང་མཉམ་པར་གྱུར་ལ། རྣམ་པར།། བྱང་བའང་ཁོང་དུ་ཆུད། གང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་མེད་པ་དེ་བཙུན་པའི་ཡང་ཉོན་མོངས་པ་མེད་པ་ཡིན། ཁྱོད་ཀྱིས་སྦྱིན་པའང་རྣམ་པར་མ་སྦྱངས། བཙུན་པ་ཁྱོད་ལ་སུ་དག་བསོད་སྙོམས་སྦྱིན་པར་བྱེད་པ་དེ་དག་ཀྱང་ལོག་པར་ལྷུང་བར་བྱེད། ཁྱོད་བདུད་ཐམས་ཅད་དང་ཡང་ལྷན་ཅིག། ཉོན་མོངས་པ་ཐམས་ཅད་ཀྱང་ཁྱོད་ཀྱི་གྲོགས་སུ་གྱུར། ཉོན་མོངས་པའི་ངོ་བོ་ཉིད་གང་ཡིན་པ་བཙུན་པའི་ངོ་བོ་ཉིད་ཀྱང་དེ་ཡིན། སེམས་ཅན་ཐམས་ཅད་ལའང་ཁྱོད་ཀྱིས་གསད་པའི་སེམས་ཉེ་བར་བཞག། སངས་རྒྱས་ཐམས་ཅད་ལའང་ཁྱོད་ཀྱིས་སྐུར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལའང་མི་སྙན་པར་བྱས། དགེ་འདུན་ལའང་ཁྱོད་མི་རྟོན་ཅིང་། ནམ་ཡང་ཡོངས་སུ་མྱ་ངན་ལས་མི་འདའ་ན་གདོད་ཁྱོད་ཀྱིས་བསོད་སྙོམས་འདི་ལོང་ཞིག་ཅེས་མཆི་སྟེ། བསྟན་པ་འདི་དེ་ལས་ཐོས་ནས་བཅོམ་ལྡན་འདས་དེ་ལ་བདག་གིས་ཇི་སྐད་བཤད། ཇི་སྐད་སྨྲ། ཇི་ལྟར་བགྱི་སྙམ་སྟེ། ཕྱོགས་བཅུ་མུན་པར་གྱུར་ནས། བདག་གི་ལྷུང་བཟེད་དེའང་བོར་ཏེ། ཁྱིམ་ནས་སླར་འབྱུང་བར་བགྱིས་ན། ལི་ཙེ་བྱི་དྲི་མ་མེད་པར་གྲགས་ཕྲ་བདག་ལ་འདི་སྐད་ཅེས་མཆིའོ།། བཙུན་པ་རབ་འབྱོར་ཡི་གེ་དག་ལ་མ་འཇིགས་པར་ལྷུང་བཟེད་འདི་ལོང་ཞིག། བཙུན་པ་རབ་འབྱོར་འདི་ཇི་སྙམ་དུ་སེམས། གལ་ཏེ་དེ་བཞིན་གཤེགས་པའི་སྤྲུལ་པ་ལ་དེ་སྐད་བྱས་ན་དེ་ཅི་སྐྲག་པར་འགྱུར་རམ། བདག་གི་དེ་ལ་རིགས་ཀྱི་བུ་དེ་ལྟ་མ་ཡིན་ནོ་ཞེས་བགྱིས་སོ། ། དེས་བདག་ལ་སྨྲས་པ། བཙུན་པ་རབ་འབྱོར་སྒྱུ་མ་སྤྲུལ་པའི་རང་བཞིན་གྱི་ཆོས་ཐམས་ཅད་ལ་སྐྲག་པར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། ཚིག་དེ་དག་ཐམས་ཅད་ཀྱང་དེའི་རང་བཞིན་ཏེ། དེ་ལྟར་མཁས་པ་དག་ཡི་གེ་རྣམས་ལའང་མི་ཆགས་ཤིང་། དེ་དག་ལ་སྐྲག་པར་ཡང་མི་བྱེད་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། ཡི་གེ་དེ་དག་ཐམས་ཅད་ནི་ཡི་གེ་མེད་པ་སྟེ། རྣམ་པར་གྲོལ་བ་ནི་མ་གཏོགས་སོ།། ཆོས་ཐམས་ཅད་ནི་རྣམ་པར་གྲོལ་བའི་མཚན་ཉིད་དོ།། བསྟན་པ་འདི་བཤད་པ་ན། ལྷའི་བུ་ཉིས་བརྒྱ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། ལྷའི་བུ་ལྔ་བརྒྱ་ནི་རྗེ་སུ་མཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ།། བདག་ཀྱང་སྤོབས་པ་མ་མཆིས་པར་གྱུར་ནས། དེ་ལ་སླར་ལན་ལྡོན་རྔོ་མ་ཐོག་སྟེ། བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་ཟོ་འདྲི་ཞིང་མཆི་བར་མི་སྤྲོའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་བཀའ་སྩལ་པ། གང་པོ་ཁྱོད་ལི་ཙ་བྱི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཞིག། གང་པོས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་ཟོ་འདྲི་ཞིང་མཆི་བར་མི་སྤྲོའོ།། དེ་ཅིའི་སླད་དུ་མེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། ནགས་ཚལ་ཆེན་པོའི་ནང་གཅིག་ན་ནགས་ཚལ་ཆེན་པོའི་ས་ཕྱོགས་ཤིག་ན་ལས་དང་པོ་པའི་དགེ་སློང་དག་ལ་ཆོས་སྟོན་ཅིང་མཆིས་ན་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་དེར་མཆིས་ནས། བདག་ལ་འདི་སྐད་ཅེས་མཆིའོ།། བཙུན་པ་གང་པོ་སྙོམས་པར་ཞུགས་ཏེ། དགེ་སློང་འདི་དག་གི་སེམས་ལྟོས་འཆོས་སྟོན་ཅིག། རིན་པོ་ཆེའི་སྣོད་ཆེན་པོར་ཟན་རུལ་མ་བླུགས་ཤིག། དགེ་སློང་འདི་དག་གི་བསམ་པ་ཇི་ལྟ་བུ་ཤེས་པར་གྱིས་ལ་ནོར་བུ་རིན་པོ་ཆེ་བཻ་ཌཱུཪྻ་མཆིང་བུའི་ནོར་བུ་དང་མཚུངས་པར་མ་བྱེད་ཅིག། བཙུན་པ་གང་པོ་སེམས་ཅན་གྱི་དབང་པོ་དག་ལ་མ་བརྟགས་པར་ཉི་ཚེ་བའི་དབང་པོ་ཉེ་བར་མ་སྒྲུབ་ཅིག། རྨ་མེད་པ་ལ་རྣམ་དབྱུང་ཞིག། ལམ་ཆེན་པོར་འཇུག་པར་འདོད་པ་སྲང་དོག་པར་མ་གཟུད་ཅིག། རྒྱ་མཚོ་ཆེན་པོ་བ་ལང་གི་རྨེ། རྗེས་སུ་མ་རླགས་ཤིག། རི་རབ་ཡུངས་འབྲུའི་ནང་དུ་མ་གཞུག་ཅིག། ཉི་མའི་འོད་སྲིན་བུ་མེ་ཁྱེར་གྱིས་མ་ཟློག་ཅིག། སེང་གེའི་སྒྲ་སྒྲོག་པར་འདོད་པ་རྣམས་ཝའི་སྦྲུ་ལ་མ་གཟུད་ཅིག། བཙུན་པ་གང་པོ་དགེ་སློང་འདི་དག་ཐམས་ཅད་ནི་ཐེག་པ་ཆེན་ལྔ་ཡང་དག་པར་ཞུགས་པ་ལས་བྱང་ཆུབ་ཀྱི་སེམས་སྟོར་བ་ཤ་སྟག་སྟེ། བཙུན་པ་གང་པོ་འདི་དག་ལ་ཉན་ཐོབས་ཀྱི་ཆོས་ཀྱི་ཐེག་པ་མ་སྟོན་ཅིག། ཉན་ཐོས་ཀྱི་ཐེག་པ་ནི་ཡང་དག་པ་མ་ཡིན་ཏེ། སེམས་ཅན་གྱི་དབང་པོའི་རིམ་པ་ཤེས་པ་ལས་ཉན་ཐོས་འདི་དག་ནི་ཁོ་བོས་དམུས་ལོང་དང་འདྲ་བ་སྙམ་བྱེད་དོ།། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་དེའི་ཚེ། ཇི་ལྟར་དགེ་སློང་དེ་དག་སྔོན་གྱི་གནས་རྣམ་པ་མང་པོ་རྗེས་སུ་དྲན་པར་གྱུར་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་དག་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར། སངས་རྒྱས་ལྔ་བརྒྱ་ལ་བསྙེན་བཀུར་བྱས་པའི་དགེ་བའི་རྩ་བ་དང་ལྡན་པ་སྟེ། དེ་དག་གི་བྱང་ཆུབ་ཀྱི་སེམས་དེའང་མངོན་དུ་གྱུར་ནས། དེ་དག་སྐྱེས་བུ་དམ་པ་དེའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་བར་གྱུར་པ་དང་། དེས་ཡང་དེ་དག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ནས་བཅོམ་ལྡན་འདས་བདག་གིས་འདི་སྙམ་དུ་བསམས་སོ། ། ཉན་ཐོས་ཀྱི་ཕ་རོལ་གྱི་སེམས་དང་། བསམ་པ་མ་བརྟགས་པར་སུ་ལའང་ཆོས་མི་བསྟན་ཏོ།། དེ་ཅིའི་སླད་དུ་ཞེ་ན། ཉན་ཐོས་ལ་ནི་སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ལགས་པ་ལ་མཁས་པའང་མ་མཆིས། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞིན་དུ་རྟག་ཏུ་མཉམ་པར་གཞག་པའང་མ་ལགས་སོ་སྙམ་བགྱིད་དེ། བཅོམ་ལྡན་འདས་དེའི་རྨད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་ལ་བཀའ་སྩལ་པ། ཀཏྱའི་བུ་ཁྱོད་ལི་ཙ་བྱི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཞིག། ཀ་ཏྱའི་བུས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་གདམས་པ་མདོར་བཀའ་སྩལ་ཏེ། མདོ་དེའི་ཚིག་གཏན་ལ་དབབ་པའི་སླད་དུ། བདག་གིས་འདི་ལྟ་སྟེ། མི་རྟག་པའི་དོན་དང་། སྡུག་བསྔལ་བའི་དོན་དང་། བདག་མེད་པའི་དོན་དང་། ཞི་བའི་དོན་གྱི་ཆོས་བསྟན་ན། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་དེར་མཆིས་ནས། བདག་ལ་འདི་སྐད་མཆིའོ།། བཙུན་པ་ཀ་ཏྱཱའི་བུ་ཆེན་པོ་རྒྱུ་བ་དང་བཅས་པ། སྐྱེ་བ་དང་བཅས་པ། འཇིག་པ་དང་ལྡན་པའི་ཆོས་ཉིད་མ་སྟོན་ཅིག། བཙུན་པ་ཀ་ཏྱའི་བུ་ཆེན་པོ་གང་ཤིན་ཏུ་མ་སྐྱེས་པ། མ་སྐྱེད། སྐྱེད་པར་མི་འགྱུར། མ་འགགས། མི་འགག། འགག་པར་མི་འགྱུར་བ་དེ་ནི་མི་རྟག་པའི་དོན་ཏོ། ། གང་ཕུང་པོ་ལྔ་པོ་དག་ལ་སྟོང་པ་ཉིད་དུ་རྟོགས་པས། སྐྱེ་བ་མེད་པ་རྟོགས་པའི་དོན་དེ་ནི་སྡུག་བསྔལ་གྱི་དོན་ཏོ།། གང་བདག་དང་བདག་མེད་པ་གཉིས་སུ་མེད་པ་ཉིད་དེ་ནི་བདག་མེད་པའི་དོན་ཏོ། ། གང་རང་གི་ངོ་བོ་ཉིད་མེད་པ་དང་། གཞན་གྱི་ངོ་བོ་ཉིད་མེད་པ་དེ་ནི་མི་འབར་ཏེ། གང་མི་འབར་བ་དེ་ནི་ཞི་བར་མི་འགྱུར་ཞིང་། གང་རབ་ཏུ་ཞི་བ་དེ་ནི་ཞི་བའི་དོན་ཏོ།། བསྟན་པ་འདི་བཤད་པ་ན། དགེ་སློང་དེ་དག་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། བཅོམ་ལྡན་འདས་དེའི་སླད་དུ་བདག་ནི་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་མ་འགགས་པ་ལ་བཀར་སྩལ་པ། མ་འགགས་པ་ཁྱོད་ལི་ཙ་བྱི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཞིག། མ་འགགས་པས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་ཟོ་འདྲི་ཞིང་མཆི་བར་མི་སྤོའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། བདག་འཆག་ས་ཞིག་ན། འཆག་པ་དེར་ཚངས་པ་ཆེན་པོ་དགེ་བ་བཀོད་པ་ཞེས་བགྱི་བ་ཚངས་པ་ཁྲི་དང་ལྷན་ཅི་ཁྱོག་དེ་སྣང་བར་བགྱིས་ནས། བདག་ག་ལ་བ་དེར་མཆིས་ཏེ། བདག་གི་རྐང་པ་ལ་མགོ་བོས་ཕྱག་བགྱིས་ནས། ཕྱོགས་གཅིག་ཏུ་འཁོད་དེ་བདག་ལ་འདི་སྐད་ཅེས་མཆིའོ།། བཙུན་པ་མ་འགགས་པ་ཁྱོད་བཅོམ་ལྡན་འདས་ཀྱིས་ལྷའི་མིག་ཅན་གྱི་མཆོག་ཏུ་གསུངས་ན། ཚེ་དང་ལྡན་པ་མ་འགགས་པའི་ལྷའི་མིག་གིས་ཇི་སྲིད་ཚུན་ཆད་མཐོང་། བདག་གིས་དེ་ལ་འདི་སྐད་ཅེས་བགྱིས་སོ།། གྲོགས་པོ་དག་ཁོ་བོས་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོའི་ཇིག་རྟེན་གྱི་ཁམས་ནི་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་མིག་དང་ལྡན་པའི་ལག་མཐིལ་དུ་སྐྱུ་རུ་རའི་འབྲས་བུ་བཞག་པ་བཞིན་དུ་མཐོང་ངོ་ཞེས་བཀའ་མཆིད་འདི་བགྱིས་པ་དང་། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ཕྱོགས་དེར་མཆིས་ཏེ། བདག་གི་རྐང་པ་ལ་མགོ་བོས་ཕྱག་བགྱིས་ནས། བདག་ལ་འདི་སྐད་ཅེས་མཆིའོ།། བཙུན་པ་མ་འགགས་པ་ལྷའི་མིག་མངོན་པར་འདུ་བྱེད་པའི་མཚན་ཉིད་དམ། འོན་ཏེ་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་ཡིན། དེ་གལ་ཏེ་མངོན་པར་འདུ་བྱེད་པའི་མཚན་ཉིད་ཡིན་ན་ནི། ཕྱི་རོལ་གྱི་མངོན་པར་ཤེས་པ་ལྔ་དང་མཚུངས་སོ།། ཅི་སྟེ་མངོན་པར་འདུ་མི་བྱེད་པ་ཡིན་ན་ནི། མངོན་པར་འདུ་མི་བྱེད་པ་ནི་འདུས་མ་བྱས་པ་ཡིན་ཏེ། དེས་ནི་མཐོང་བར་མི་ནུས་ན། གནས་བརྟན་གྱིས་ཇི་ལྟར་མཐོང་ཞེས་མཆིས་ནས། བདག་ཅང་མི་མཆི་བར་གྱུར་ཏེ། ཚངས་པ་དེའང་སྐྱེས་བུ་དམ་པ་དེ་ལས་བསྟན་པ་འདི་ཐོས་ནས། ངོ་མཚར་དུ་གྱུར་ཏེ། ཕྱག་འཚལ་ནས་འདི་སྐད་ཅེས་སྨྲས་སོ།། འཇིག་རྟེན་ན་ལྷའི་མིག་ཅན་གང་ལགས། སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། འཇིག་རྟེན་ན་ལྷའི་མིག་ཅན་ཏེ། དེ་དག་ནི་མཉམ་པར་གཞག་པའི་གནས་ཀྱང་མི་འདོར་ལ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་གཟིགས་ཏེ། གཉིས་ཀྱིས་རབ་ཏུ་བྱེ་བའང་མ་ཡིན་ནོ།། དེ་ནས་ཚངས་པ་གཡོག་འཁོར་ཁྲིས་ཆོས་བསྟན་པ་འདི་ཐོས་ནས། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། དེས་བདག་དང་སྐྱེས་བུ་དམ་པ་དེ་ལ་ཕྱག་བགྱིས་ཏེ། གུས་པར་སྨྲས་ནས་དེ་ཉིད་དུ་མི་གདའ་བར་གྱུར་ཏོ།། བདག་ཀྱང་སྤོབས་པ་མ་མཆིས་པར་གྱུར་ཏོ། ། དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་ཟོ་འདྲི་ཞིང་མཆི་བར་མི་སྤྲོའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཉེ་བར་འཁོར་ལ་བཀའ་སྩལ་པ། ཉེ་བར་འཁོ་ཁྱོད་ལི་ཙ་བྱི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཞིག། ཉེ་བར་འཁོར་གྱིས་ཀྱང་གསོལ་བ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་ཟོ་འདྲི་ཞིང་མཆི་བར་མི་སྤྲོའོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། དགེ་སློང་གཉིས་ཤིག་ལྟུང་བ་བྱུང་ནས། བཅོམ་ལྡན་འདས་ལ་ངོ་ཚ་དེ། བཅོམ་ལྡན་འདས་ཀྱི་དྲུང་དུ་མ་མཆིས་ཀྱིས། དེ་གཉིས་བདག་ག་ལ་བ་དེར་མཆིས་ཏེ། བདག་ལ་འདི་སྐད་ཅེས་བཙུན་པ་ཉེ་བར་འཁོར་བདག་ཅག་གཉིས་ལ་ལྟུང་བ་བྱུང་སྟེ། ངོ་ཚ་ནས་བཅོམ་ལྡན་འདས་ཀྱི་དྲུང་ངུའང་མ་མཆིས་ན། ཚེ་དང་ལྡན་པ་ཉེ་བར་འཁོར་ཁྱོད་ཀྱིས། བདག་ཅག་གཉིས་ཀྱི་ཐེ་ཙོམ་བསལ་ཏེ། བདག་ཅག་ལྷུང་བ་ལས་ཕྱུང་ཞིག་ཅེས་མཆི་ནས་བཅོམ་ལྡན་འདས་བདག་དགེ་སློང་དེ་གཉིས་ལ་ཆོས་ཀྱི་གཏམ་སྟོན་པའི་ཕྱོགས་དེར་ལི་ཙ་བྱི་དྲི་མ་མེད་པར་གྲགས་པའང་མཆིས་ནས། དེས་བདག་ལ་འདི་སྐད་ཅེས་མཆིའོ།། བཙུན་པ་ཉེ་བར་འཁོར་ཁྱོད་ཀྱིས་དགེ་སློང་འདི་གཉིས་ཀྱི་ལྟུང་བ་དེ་ཕྱིར་དམ་དུ་མ་བྱ། རྙོག་མ་ཅན་དུ་མ་བྱ་བར་འདི་གཉིས་ཀྱི་ལྟུང་བའི་འགྱོད་པ་སོལ་ཅིག། བཙུན་པ་ཉེ་བར་འཁོར་ལྟུང་བ་ནི་ནང་ནའང་མི་གནས། ཕྱི་རོལ་དུའང་མ་འཕོས། གཉིས་ཀ་མེད་པར་ཡང་མི་དམིགས་སོ།། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཀུན་ནས་ཉོན་མོངས་པས་སེམས་ཀུན་ནས་ཉོན་མོངས་སོ། ། སེམས་རྣམ་པར་བྱུང་བས་རྣམ་པར་དག་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་ཏེ། བཙུན་པ་ཉེ་བར་འཁོར་སེམས་ནི་ནང་ནའང་མ་ཡིན། ཕྱི་རོལ་ནའང་མ་ཡིན། གཉིས་ཀ་མེད་པར་ཡང་མི་དམིགས་སོ།། སེམས་ཇི་ལྟ་བར་ལྷུང་བའང་དེ་ཞིན་ནོ།། ལྟུང་བ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ། དེ་བཞིན་ཉིད་ལས་མི་འདའ་འོ། ། བཙུན་པ་ཉེ་བར་འཁོར་སེམས་ཀྱི་རང་བཞིན་གང་ཡིན་པ་དང་། སེམས་ཀྱི་རང་བཞིན་གང་གིས་བཙུན་པའི་སེམས་རྣམ་པར་གྲོལ་བའི་སེམས་ཀྱི་རང་བཞིན་དེ་ནམ་ཡང་ཀུན་ནས་ཉོན་མོངས་པར་གྱུར་ཏམ། སྨྲས་པ། དེ་ནི་མ་ཡིན་ནོ།། སྨྲས་པ། བཙུན་པ་ཉེ་བར་འཁོར་སེམས་ཅན་ཐམས་ཅད་ཀྱི་སེམས་ནི་དེའི་རང་བཞིན་ཏེ། བཙུན་པ་ཉེ་བར་འཁོར་ཀུན་ཏུ་རྟོག་ནི་ཉོན་མོངས་པ་སྟེ། མི་རྟོག་པ་རྣམ་པར་མི་རྟོག་པ་ནི་རང་བཞིན་ནོ།། ཕྱིན་ཅི་ལོག་ནི་ཀུན་ནས་ཉོན་མོངས་པ་སྟེ། ཕྱིན་ཅི་མ་ལོག་པ་ནི་རང་བཞིན་ནོ།། བདག་ཏུ་སྒྲོ་འདོགས་པ་ནི་ཀུན་ནས་ཉོན་མོངས་པ་སྟེ། བདག་མེད་པ་ནི་རང་བཞིན་ནོ།། བཙུན་པ་ཉེ་བར་འཁོར་ཆོས་ཐམས་ཅད་ནི་སྐྱེས་ནས་འཇིག་ཅིང་མི་གནས་པ་སྟེ། སྒྱུ་མ་དང་སྤྲིན་དང་གློག་ལྟ་བུ། ཆོས་ཐམས་ཅད་ནི་མི་སྡོད་པ་སྟེ། སྐད་ཅིག་ཙམ་ཡང་མི་འདུག་གོ།། ཆོས་ཐམས་ཅད་ནི་རྨི་ལམ་དང་སྨིག་རྒྱུ་དང་འདྲ་སྟེ། ཡང་དག་པ་མ་ཡིན་པ་མཐོང་བའོ།། ཆོས་ཐམས་ཅད་ནི་ཆུ་ཟླ་དང་གཟུགས་བརྙན་དང་འདྲ་སྟེ། སེམས་ཀུན་ཏུ་རྟོག་པ་ལས་བྱུང་བའོ།། གང་དག་གིས་དེ་ལྟར་ཤེས་པ་དེ་དག་ནི་འདུལ་བ་འཛིན་པ་ཞེས་བྱ་སྟེ།། གང་དག་དེ་ལྟར་བཏུལ་བ་དེ་དག་ནི་ལེགས་པར། བཏུལ་བའོ།། དེ་ནས་དགེ་སློང་དེ་གཉིས་འདི་སྐད་ཅེས་མཆིའོ།། ཁྱིམ་བདག་འདི་ནི་ཤིན་ཏུ་ཤེས་རབ་དང་ལྡན་ཏེ། བཅོམ་ལྡན་འདས་ཀྱིས་འདུལ་བ་འཛིན་པ་རྣམས་ཀྱིས་མཆོག་ཏུ་གསུངས་པ་བཙུན་པ་ཉེ་བར་འཁོར་འདི་ནི་དེ་ཙམ་མ་ཡིན་ནོ། ། དེ་གཉིས་ལ་བདག་གིས་འདི་སྐད་ཅེས་བགྱིས་སོ།། དགེ་སློང་ཁྱེད་ཀྱི་འདི་ལ་ཁྱིམ་བདག་སྙམ་པའི་འདུ་ཤེས་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་མ་གཏོགས་པར་གང་དག་འདིའི་སྤོབས་པའི་རྒྱུན་གཅོད་པའི་ཉན་ཐོས་སམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གང་ཡང་མེད་དེ་འདིའི་ཤེས་རབ་ཀྱི་སྣང་བ་ནི་དེ་འདྲའོ། ། དེ་ནས་དགེ་སློང་དེ་གཉིས་ཀྱི་ཐེ་ཙོམ་བསལ་ནས། དེ་ཉིད་དུ་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་གཉིས་ཀྱིས་སྐྱེས་བུ་དམ་པ་དེ་ལ་ཕྱག་འཚལ་ནས། འདི་སྐད་ཅེས་སེམས་ཅན་ཐམས་ཅད་ཀྱིས་ཀྱང་དེ་ལྟ་བུའི་སྤོབས་པ་ཐོབ་པར་གྱུར་ཅིག་ཅེས་མཆིའོ།། དེའི་སླང་དུ་བདགུ་སྐྱེས་བུ་དམ་པ་དེའི་བྲོ་འདྲ་ཞིང་མཆི་བར་མི་སྤྲོའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་བཀའ་སྩལ་པ། སྒྲ་གཅན་ཟིན་ཁྱོད་ལི་ཙ་བྱི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཞིག། སྒྲ་གཅན་ཟིན་གྱིས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་ནད་འདྲི་ཞིང་མཆི་བར་མི་སྤྲོའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། ལི་ཙ་བྱི་གཞོན་ནུ་མང་ཞིག་བདག་ག་ལ་བ་དེར་མཆིས་ནས། བདག་ལ་འདི་སྐད་ཅེས་མཆིའོ།། བཙུན་པ་སྒྲ་གཅན་ཟིན་ཁྱོད་བཅོམ་ལྡན་འདས་ཀྱི་སྲས་ཡིན་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བོར་ནས་རབ་ཏུ་བྱུང་ན། ཁྱོད་ཀྱིས་གང་ལ་དམིགས་རབ་ཏུ་བྱུང་བའི་ཡོན་ཏན་དང་ཕན་ཡོན་གང་ལགས་ཞེས་མཆི་ནས། བདག་དེ་དག་ལ་ཅི་རིགས་པར་རབ་ཏུ་བྱུང་བའི་ཡོན་ཏན་དང་། ཕན་ཡོན་སྟོན་ཅིང་མཆིས་ན། ལི་ཙ་བྱི་དྲི་མ་མེད་པར་གྲགས་པའང་བདག་ག་ལ་བ་དེར་མཆིས་ནས། དེས་བདག་ལ་ཕྱག་བགྱིས་ཏེ། འདི་སྐད་ཅེས་མཆིའོ།། བཙུན་བཔསྒྲ་གཅན་ཟ་ན་རབ་ཏུ་བྱུང་བའི་ཡོན་ཏན་དང་། ཕན་ཡོན་ཇི་ལྟར་ཁྱོད་སྟོན་པ་དེ་ལྟར་མི་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། རབ་ཏུ་བྱུང་བ་ནི་ཡོན་ཏན་མེད་ཅིང་ཕན་ཡོན་མེད་པ་ཡིན་ནོ།། བཙུན་པ་སྒྲ་གཅན་ཟིན་གང་ལ་འདུས་བྱས་འཇུག་པ་དེ་ལ་ཡོན་ཏན་དང་ཕན་ཡོན་ཡོད་ཀྱི། རབ་ཏུ་བྱུང་བ་ནི་འདུས་མ་བྱས་པར་སྦྱོར་བ་ཡིན་ཏེ། འདུས་མ་བྱས་ལ་ནི་ཡོན་ཏན་དང་ཕན་ཡོན་མེད་དོ།། བཙུན་པ་སྒྲ་གཅན་ཟིན་རབ་ཏུ་བྱུང་བ་ནི་གཟུགས་ཅན་མ་ཡིན་ཏེ། གཟུགས་དང་བྲལ་བའོ།། ཐོག་མ་དང་ཐ་མའི་མཐར་ལྟ་བ་དང་བྲལ་བའོ།། མྱ་ངན་ལས་འདས་པའི་ལམ་མོ།། མཁས་པ་རྣམས་ཀྱིས་བསྔགས་པའོ། ། འཕགས་པ་རྣམས་ཀྱིས་ཡོངས་སུ་གཟུང་བའོ།། བདུད་ཐམས་ཅད་ཕམ་པར་བྱེད་པའོ།། འགྲོ་བ་ལྔ་ལས་སྒྲོལ་བའོ།། མིག་ལྔ་རྣམ་པར་སྤྱོང་པའོ། ། སྟོབས་ལྔ་འཐོབ་པའོ།། དབང་པོ་ལྔ་ཐོབ་པའི་རྟེན་ཏོ།། གཞན་དག་ལ་མི་གནོད་པའོ།། སྡིག་པའི་ཆོས་དང་མ་འདྲེས་པའོ།། ཕ་རོལ་མུ་སྟེགས་ཅན་རབ་ཏུ་འདུལ་བའོ།། གདགས་པ་ལས་ཡང་དག་པར་འདས་པའོ།། འདོད་པའི་འདམ་ལ་ཟམ་པའོ།། ཡོངས་སུ་འཛིན་པ་མེད་པའོ།། ངའི་བ་མེད་ཅིང་། ང་ཡིར་འཛིན་པ་དང་བྲལ་བའོ།། ལེན་པ་མེད་པའོ།། འཁྲུག་པ་མེད་པའོ།། འཁྲུག་པ་སྤངས་པའོ།། རང་གི་སེམས་འདུལ་ཞིང་གཞན་གྱི་སེམས་བསྲུང་བའོ།། ཞི་གནས་དང་མཐུན་པའོ།། ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པ་སྟེ། དེ་ནི་རབ་ཏུ་བྱུང་བ་ཞེས་བྱ། གང་དག་དེ་ལྟར་རབ་ཏུ་བྱུང་བ་དེ་དག་ནི་ལེགས་པར་རབ་ཏུ་བྱུང་བའོ།། གཞོན་ནུ་ཁྱོད་ཀྱང་ལེགས་པར་གསུངས་པའི་ཆོས་འདི་ལྟ་བུ་ལ་རབ་ཏུ་བྱུང་ཞིག། སངས་རྒྱས་འབྱུང་བའང་རྙེ་པར་དཀའ་འོ། ། དལ་བ་འབྱོར་པའང་རྙེད་པར་དཀའ་འོ།། མིར་འགྱུར་བའང་རྙེད་པར་དཀའ་འོ།། གཞོན་ནུ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་བདག་ཅག་གིས་ཐོས་ན་དེ་བཞིན་གཤེགས་པ་ནི་ཕ་མས་མ་བཏང་བར་རབ་ཏུ་མི་འབྱིན་ཞེའོ། ། དེས་དེ་དག་ལ་སྨྲས་པ། གཞོན་ནུ་ཁྱེད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ་ནན་ཏན་གྱིས་སྒྲུབས་ཤིག་དང་། དེ་ཉིད་ཁྱེད་ཀྱི་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་ཡིན་ནོ།། དེ་ནས་ལི་ཙ་བྱི་གཞོན་ནུ་སུམ་སྟོང་ཉིས་བརྒྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ལི་ཙ་བྱི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཞིག། ཀུན་དགའ་བོས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། བཅོམ་ལྡན་འདས་ཀྱི་སྐུ་ལ་སྙུན་ཅིག་བྱུང་ནས། དེ་ལ་འོ་མ་ཞིག་འཚལ་ཏེ། བདག་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་གི་སྒོ་དྲུང་ན་ལྷུང་བཟེད་ཐོགས་ཤིང་མཆིས་པ་དང་། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ཕྱོགས་དེར་མཆིས་ནས། བདག་ལ་ཕྱག་བགྱིས་ཏེ། འདི་སྐད་ཅེས་མཆིའོ།། བཙུན་པ་ཀུན་དགའ་བོ་ཅིའི་ཕྱིར། ནང་པར་སྔར་ལྷུང་བཟེད་ཐོགས་ནས། ཁྱིམ་གྱི་སྒོ་དྲུང་འདི་ན་འདུག། དེ་ལ་བདག་གིས་འདི་སྐད་ཅེས་བགྱིས་སོ།། བཅོམ་ལྡན་འདས་ཀྱི་སྐུ་ལ་སྤྱན་ཅིག་བྱུང་སྟེ་དེ་ལ་འོ་མ་ཞིག་དགོས་ནས། དེ་ཚོལ་ལོ་ཞེས་བགྱིས་པ་དང་། དེས་བདག་ལ་འདི་སྐད་ཅེས་མཆིའོ།། བཙུན་པ་ཀུན་དགའ་བོ་དེ་སྐད་མ་ཟེར་ཅིག། བཙུན་པ་ཀུན་དགའ་བོ་དེ་བཞིན་གཤེགས་པའི་སྐུ་ནི་རྡོ་རྗེ་ལྟར་མཁྲེགས་པ་སྟེ་མི་དགེ་བ་ཐམས་ཅད་ཀྱི་བག་ཆགས་ནི་སྤངས། དགེ་བའི་ཆོས་ཐམས་ཅད་དང་ནི་ལྡན་པ་ཡིན་ན། དེ་ལ་སྤྱན་ག་ལས་འབྱུང་དེ་ལ་ཉམ་ང་བ་ག་ལ་ཡོད། བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་པར་ཅང་མ་ཟེར་བར་སླར་སོང་ཞིག། གཞན་སུ་ལའང་དེ་སྐད་མ་སྨྲ་ཞིག། གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བའི་ལྷའི་བུ་རྣམས་དང་། སངས་རྒྱས་ཀྱི་ཞིང་གུད་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོས་ས་རེ། བཙུན་པ་ཀུན་དགའ་བོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་ལའང་ནད་མེད་ན། བཅོམ་ལྡན་འདས་དགེ་བའི་རྩ་བ་ཚད་མེད་པ་དང་ལྡན་པ། དེ་ལ་སྙུན་ག་ལ་མངའ་སྟེ། དེ་ནི་གནས་མེད་དོ།། བཙུན་པ་ཀུན་དགའ་བོ་ཁོ་བོ་ངོ་ཚ་བར་མ་བྱ་བར་སླར་སོང་ཞིག། གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་དང་། འཚོ་བ་པ་དག་གིས་ཐོས་ས་རེ། དེ་དག་འདི་སྙམ་དུ་ཀྱེ་མའོ་འདི་དག་གི་སྟོན་པ་ནི་བདག་ཉིད་ཀྱང་ན་བ་ལས་སྐྱོབ་མི་ནུས་ན། སེམས་ཅན་ནབ་དག་གི་སྐྱབས་ལྟ་ག་ལ་ནུས་སྙམ་དུ་སེམས་ས་རེ། བཙུན་པ་ཀུན་དགའ་བོ་གབ་ཅིང་མི་སྣང་བར་བཞུད་ཅིག། སུས་ཀྱང་ཐོས་ས་རེ། བཙུན་པ་ཀུན་དགའ་བོ་དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུ་སྟེ། ཁ་ཟས་ཀྱིས་གསོས་པའི་ལུས་མ་ཡིན་ནོ།། དེ་བཞིན་གཤེགས་པ་རྣམས་ནི་འཇིག་རྟེན་ལས་འདས་པའི་སྐུ་ཡིན་ཏེ། འཇིག་རྟེན་གྱི་ཆོས་ཐམས་ཅད་ལས་ཡང་དག་པར་འདས་པའོ།། དེ་བཞིན་གཤེགས་པའི་སྐུ་ལ་གནོད་པ་མེད་དེ། ཟག་པ་ཐམས་ཅད་ལས་རྣམ་པར་ལོག་པའོ།། དེ་བཞིན་གཤེགས་པའི་སྐུ་ནི་འདུས་མ་བྱས་པ་སྟེ། འདུ་བྱེད་ཐམས་ཅད་དང་བྲལ་བའོ།། བཙུན་པ་ཀུན་དགའ་བོ་དེ་ལྟ་བུ་ལ་ནད་ཡོད་པར་འདོད་པ་ནི་མི་རིགས་ཤིང་འདྲ་བ་མ་ཡིན་ནོ་ཞེས་མཆི་ནས། དེ་ལ་བཅོམ་ལྡན་འདས་ལས་བདག་གིས་ལོག་པར་ཐོས་ཤིང་ལོག་པར་བཟུང་བར་མ་གྱུར་གྲང་སྙམ་སྟེ། བདག་རབ་ཏུ་ངོ་ཚ་བར་གྱུར་ཏོ།། དེ་ནས་བདག་གིས་བར་སྣང་ལས་སྒྲ་ཐོས་པ་ཀུན་དགའ་བོ་ཁྱིམ་བདག་ཇི་ལྟར་སྟོན་པ་དེ་དེ་བཞིན་ཏེ། འོན་ཀྱང་བཅོམ་ལྡན་འདས་སྙིགས་མ་ལྔའི་དུས་ལ་བྱུང་བས་དེའི་ཕྱིར་སེམས་ཅན་རྣམས་དམན་ཞིང་དབུལ་བའི་སྤྱོད་པས་རྣམ་པར་འདུལ་ཏེདེ་བས་ན་ཀུན་དགའ་བོ་ངོ་ཚ་བར་མ་བྱེད་པར་འོ་མ་ཁྱེར་ལ་སླར་སོང་ཞིག་ཅེས་མཆིའོ། ། བཅོམ་ལྡན་འདས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་དྲིས་པ་ལན་འདེབས་པ་བསྟན་པ་འདི་འདྲི་སྟེ། བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་ཟོ་འདྲི་ཞིང་མཆི་བར་མི་སྤྲོའོ། ། དེ་བཞིན་དུ་ཉན་ཐོས་ལྔ་བརྒྱ་ཙམ་མི་སྤྲོ་བར་གྱུར་པ་དེ་དག་གིས། རང་གི་སྤོབས་པ་བཅོམ་ལྡན་འདས་ལ་གསོལ་ཏེ། གང་དག་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་དང་གཏམ་བྱས་པ་དེ་ཐམས་ཅད་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་ཁྱོད་ལི་བྱི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཞིག། བྱམས་པས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་པ་མ་པ་དེའི་ཟོ་འདྲ། ཞིང་མཆི་བར་མི་སྤྲོའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། ལྷའི་བུ་ཡོངས་སུ་དགའ་ལྡན་ལ་སོགས་པ་དགའ་ལྡན་རིས་ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་ཏུ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕྱིར་མི་ལྡོག་པའི་ས་ལ་བརྩམས་ཏེ། ཆོས་ཀྱི་བཀའ་མཆིད་མཆི་བའི་ཕྱོགས་དེར་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་མཆིས་དེས་བདག་ལ་འདི་གང་ཅེས་མཚོའོ། ། བྱམས་པ་ཁྱོད་བཅོམ་ལྡན་འདས་ཀྱིས་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་པ་གཅིག་གིས་ཐོགས་པར་ཡང་བྱས་ན་ན། རྣམས་པ་ཏེ་སྟེ་བ་གང་གིས་ལུང་བསྟན། བྱམས་པ་ཅི་འདས་པས་སམ། འོན་ཏེ་མ་འོངས་པས་སམ། འོན་ཏེ་ད་ལྟར་གྱིས་དེ་ལ་གང་འདས་པའི་སྐྱེ་བ་དེ་ནི་ཟད་པའོ།། གང་མ་འོངས་པ་དེ་ནི་མ་བྱིན་པའོ།། ད་ལྟར་གྱི་སྐྱེ་བ་ལ་ནི་གནས་པའང་མེད་དེ། འདི་ལྟ་སྟེ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟར་དགེ་སློང་དགྲ་ཁྱེད་ནི་སྐད་ཅིག་གཅིག་ཏུ་སྐྱེ་བའོ།། རྒའོ།། འཆིའོ།། འཕོའོ།། འབྱུང་ངོ་ཞེས་གསུངས་སོ།། སྐྱེ་མ་མེད་པ་ནི་ངེས་པར་གྱུར་པ་ལ་འཇུག་པ་དེ། མི་བྱ་བ་ནི་ལུང་བསྟན་པའང་མེད། མི་སྐྱེ་བ་ནི་མངོན་པར་རྫོགས་པར་འཚང་རྒྱ་བའང་མ་ཡིན་ན། བྱམས་པ་ཁྱོད་དེ་བཞིན་ཉིད་སྐྱེ་བས་སམ། དེ་བཞིན་ཉིད་འགགས་པས་སམ། ཇི་ལྟར་ལུང་བསྟན་པ་དེ་བཞིན་ཉིད་ནི་མི་སྐྱེ་མི་འགག་པས་སམ། ཇི་ལྟར་ལུང་བསྟན་པ་དེ་བཞིན་ཉིད་མི་སྐྱེ་མི་འགག་ཅིང་སྐྱེ་བར་མི་འགྱུར་ལ་འགག་པར་མི་འགྱུར་ཏེ། གང་སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། གང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། གླང་འཕགས་པ་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ་ནི། བྱམས་པ་ཁྱོད་ཀྱི་ཡང་དེ་བཞིན་ཉིད་དོ། ། གལ་ཏེ་ཁྱོད་དེ་ལྟ་བུར་ལུང་བསྟན་ན་ནི་སེམས་ཅན་ཐམས་ཅད་ཀྱང་ལུང་བསྟན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་ཉིད་ནི་གཉིས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་ཐ་དད་པས་རབ་ཏུ་ཕྱེ་བ་མ་ཡིན་པའི་ཕྱིར་ཏེ། བྱམས་པ་ཁྱོད་གང་གི་ཚེ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ། སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་རྗེས་སུ་རྟོགས་པ་ནི་བྱང་ཆུབ་ཡིན་པའི་ཕྱིར་རོ།། བྱམས་པ་ཁྱོད་གང་གི་ཚེ་ཡོངས་སུ་མྱ་ངན་ལས་འདའ་བ་དེའི་ཚེ་སེམས་ཅན་ཐམས་ཅད་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་མ་འདས་པར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། དེ་དག་གིས་སེམས་ཅན་ཐམས་ཅད་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་ཤིང་མྱ་ངན་ལས་འདས་པའི་རང་བཞིན་ཅན་དུ་མཐོང་བའི་ཕྱིར་རོ།། བྱམས་པ་དེ་ལྟ་བས་ན། ལྷའི་བུ་འདི་རྣམས་མ་བྲིད་མ་སླུ་ཞིག། བྱང་ཆུབ་ལ་ནི་སུའང་མི་གནས་མི་ལྡོག་གིས། བྱམས་པ་ལྷའི་བུ་འདི་དག་བྱང་ཆུབ་ལ་ཀུན་ཏུ་རྟོག་པར་ལྟ་བ་དེ་འདོར་དུ་ཆུག་ཅིག་བྱང་ཆུབ་ནི་ལུས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན། སེམས་ཀྱིས་ཀྱང་མ་ཡིན། བྱང་ཆུབ་ནི་མཚན་མ་ཐམས་ཅད་རྣམ་པར་ཞི་བའོ།། བྱང་ཆུབ་ནི་དམིགས་པ་ཐམས་ཅད་ཀྱིས་སྒྲོ་བཏགས་པ་མེད་པའོ། ། བྱང་ཆུབ་ནི་ཡིད་ལ་བྱེད་པ་ཐམས་ཅད་རྒྱུ་བ་མེད་པའོ།། བྱང་ཆུབ་ནི་ལྟ་བར་གྱུར་པ་ཐམས་ཅད་ཡོངས་སུ་ཆད་པའོ།། བྱང་ཆུབ་ནི་ཡོངས་སུ་རྟོག་པ་ཐམས་ཅད་དང་བྲལ་བའོ། ། བྱང་ཆུབ་ནི་གཡོ་བ་དང་། སེམས་པ་དང་། སྤྱོད་པ་ཐམས་ཅད་དང་བྲལ་བའོ།། བྱང་ཆུབ་ནི་སྨོན་ལམ་ཐམས་ཅད་ལ་མི་འཇུག་པའོ།། བྱང་ཆུབ་ནི་འཛིན་པ་ཐམས་ཅད་དང་བྲལ་ཞིང་མ་ཆགས་པར་འཇུག་པའོ། ། བྱང་ཆུབ་ནི་ཆོས་ཀྱི་དབྱིངས་ཀྱི་གནས་ཀྱིས་གནས་པའོ།། བྱང་ཆུབ་ནི་དེ་བཞིན་ཉིད་རྗེས་སུ་རྟོགས་པའོ།། བྱང་ཆུབ་ནི་ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པའོ། ། བྱང་ཆུབ་ནི་ཡིད་དང་ཆོས་མེད་པས་གཉིས་སུ་མེད་པའོ།། བྱང་ཆུབ་ནི་ནམ་མཁའ་དང་མཉམ་པས་མཉམ་མོ།། བྱང་ཆུབ་ནི་སྐྱེ་བ་དང་། འཇིག་པ་དང་། གནས་པ་དང་། གཞན་དུ་འགྱུར་བ་མེད་པས་འདུས་མ་བྱས་པའོ།། བྱང་ཆུབ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་། སྤྱོད་པ་དང་། བསམ་པ་ཡོངས་སུ་ཤེས་པའོ།། བྱང་ཆུབ་ནི་སྐྱེ་མཆེད་རྣམས་ཀྱི་སྒོམ་ཡིན་པའོ། ། བྱང་ཆུབ་ནི་བག་ཆགས་ཐམས་ཅད་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་དང་བྲལ་བས་མ་འདྲེས་པའོ།། བྱང་ཆུབ་ནི་གནས་དང་གནས་མ་ཡིན་པ་དང་བྲལ་བས་ཡུལ་ལ་མི་གནས་ཤིག་ཕྱོགས་ལ་མི་གནས་པའོ། ། བྱང་ཆུབ་ནི་ཀུནུ་ནས་མི་སྣང་ཞིང་དེ་བཞིན་ཉིད་ལ་མི་གནས་པའོ།། བྱང་ཆུབ་ནི་མིང་ཙམ་སྟེ། མིང་དེའང་གཡོ་བ་མེད་དོ།། བྱང་ཆུབ་ནི་བླང་བ་དང་དོར་བ་མེད་པས་རྣམ་མེད་པའོ། ། བྱང་ཆུབ་ནི་འཁྲུག་པ་མེད་པ་སྟེ། རང་བཞིན་གྱིས་ཡོངས་སུ་དག་པའོ།། བྱང་ཆུབ་ནི་རབ་ཏུ་སྣང་བ་སྟེ། ངོ་བོ་ཉིད་རྣམ་པར་དག་པའོ།། བྱང་ཆུབ་ནི་འཛིན་པ་མེད་པ་ཏེ། ཤིན་ཏུདམིགས་པ་མེད་པའོ། ། བྱང་ཆུབ་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཁོང་དུ་ཆུད་པས་ཐ་དད་པ་མེད་པའོ།། བྱང་ཆུབ་ནི་དཔེར་བསྟན་པ་དང་བྲལ་བས་དཔེ་མེད་པའོ།། བྱང་ཆུབ་ནི་ཤིན་ཏུ་ཁོང་དུ་ཆུད་པར་དཀའ་བའི་ཕྱིར་ཕྲ་བའོ། ། བྱང་ཆུབ་ནི་ནམ་མཁའི་རང་བཞིན་པས་ན་ཐམས་ཅད་དུ་སོང་བ་སྟེ། དེ་ནི་ལུས་ཀྱིས་སམ་སེམས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ།། དེ་ཅིའི་བྱིར་ཞེ་ན། ལུས་ནི་རྩཝ་དང་། ཤིང་དང་། རྩིག་པ་དང་། ལས་དང་། མིག་སོར་ལྦུ་བའོ།། སེམས་ནི་གཟུགས་མེད་པ། བསྟན་དུ་མེད་པ། རྟེན་མེད་པའོ།། རྣམ་པར་རིག་པ་མེད་པའོ།། བཅོམ་ལྡན་འདས་བསྟན་པ་འདི་བཤད་པ་ན། འཁོར་དེ་ལས་ལྷའི་བུ་ཉིས་བརྒྱ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ།། བདག་ཀྱང་སྤོབས་པ་མ་མཆིས་པར་གྱུར་ཏེ། བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་ཟོ་འདྲི་ཞིང་མཆི་བར་མི་སྤྲོའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། ལི་ཙ་བྱི་གཞོན་ནུ་འོད་བཀོད་པ་ལ་བཀའ་སྩལ་པ། འོད་བཀོད་པ་ཁྱོད་ལི་ཙ་བྱི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཞིག། འོད་བཀོད་པས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། བདག་ཡངས་པའི་གྲོང་ཁྱེར་ཆེན་པོ་ནས་བྱུང་བ་དང་། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ནང་དུ་མཆི་བ་དང་མཇལ་ཏེ། དེ་བདག་ལ་གུས་པར་སྨྲས་པ་དང་། བདག་གིས་འདི་སྐད་ཅེས་བགྱིས་སོ།། ཁྱིམ་བདག་ཁྱོད་ག་ལས་འོངས། དེས་བདག་ལ་སྨྲས་པ། བྱང་ཆུབ་ཀྱི་སྙིང་པོ་ནས་འོངས་སོ།། བདག་གིས་དེ་ལ་སྨྲས་པ། བྱང་ཆུབ་ཀྱི་སྙིང་པོ་ཞེས་བྱ་བ་དེ་གང་གི་ཚིག་བླ་དགས་ལགས། དེས་བདག་ལ་འདི་སྐད་ཅེས་མཆིའོ།། རིགས་ཀྱི་བུ་བྱང་ཆུབ་ཀྱི་སྙིང་པོ་ཞེས་བྱ་བ་དེ་ནི་བཅོས་མ་མ་ཡིན་པའི་ཕྱིར། བསམས་པའི་སྙིང་པོའོ།། རྩོམ་པ་ལས་སྒྲོལ་བའི་ཕྱིར་དེ་ནི་སྦྱོར་བའི་སྙིང་པོའོ།། ཁྱད་པར་ཁོང་དུ་ཆུད་པའི་ཕྱིར་དེ་ནི་ལྷག་པའི་བསམ་པའི་སྙིང་པོའོ།། ཡང་དག་པར་མི་བརྗེད་པའི་ཕྱིར་དེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྙིང་པོའོ། ། རྣམ་པར་སྨིན་པ་ལ་མི་རེ་བའི་ཕྱིར་དེ་ནི་སྦྱིན་པའི་སྙིང་པོའོ།། སྨོན་ལམ་ཡོངས་སུ་རྫོགས་པའི་ཕྱིར་དེ་ནི་ཚུལ་ཁྲིམས་ཀྱི་སྙིང་པོའོ།། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་མེད་པས་དེ་ནི་བཟོད་པའི་སྙིང་པོའོ།། ཕྱིར་མི་ལྡོག་པའི་ཕྱིར་དེ་ནི་བརྩོན་འགྲུས་ཀྱི་སྙིང་པོའོ།། སེམས་ལས་སུ་རུང་བའི་ཕྱིར་དེ་ནི་བསམ་གཏན་གྱི་སྙིང་པོའོ། ། མངོན་སུམ་དུ་མཐོང་བའི་ཕྱིར་དེ་ནི་ཤེས་རབ་ཀྱི་སྙིང་པོའོ།། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི་ཕྱིར་དེ་ནི་བྱམས་པའི་སྙིང་པོའོ།། གནོད་པ་ཐམས་ཅད་བཟོད་པའི་ཕྱིར་དེ་ནི་སྙིང་རྗེའི་སྙིང་པོའོ། ། ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པའི་ཕྱིར་དེ་ནི་དགའ་བའི་སྙིང་པོའོ།། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤངས་པའི་ཕྱིར་དེ་ནི་བཏང་སྙོམས་ཀྱི་སྙིང་པོའོ།། དྲུག་མངོན་པར་ཤེས་པས་དེ་ནི་མངོན་པར་ཤེས་པའི་སྙིང་པོའོ།། མི་རྟོག་པའི་ཕྱིར་དེ་ནི་རྣམ་པར་ཐར་པའི་སྙིང་པོའོ།། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་དེ་ནི་ཐབས་ཀྱི་སྙིང་པོའོ། ། སེམས་ཅན་ཐམས་ཅད་སྡུད་པའི་ཕྱིར་དེ་ནི་བསྡུ་བའི་དངོས་པོའི་སྙིང་པོའོ།། ནན་ཏན་སྙིང་པོར་བྱེད་པའི་ཕྱིར་དེ་ནི་ཐོས་པའི་སྙིང་པོའོ།། ཚུལ་བཞིན་སོ་སོར་རྟོག་པའི་ཕྱིར་དེ་དག་ངེས་པར་སེམས་པའི་སྙིང་པོའོ། ། འདུས་བྱས་དང་འདུས་མ་བྱས་སློང་བའི་ཕྱིར་དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་སྙིང་པོའོ།། འཇིག་རྟེན་ཐམས་ཅད་མི་སླུ་བའི་ཕྱིར་དེ་ནི་བདེན་པའི་སྙིང་པོའོ།། མ་རིག་པའི་ཟག་པ་ཟད་པ་ནས། རྒ་ཤིའི་བར་གྱི་ཟག་པ་ཟད་པའི་ཕྱིར་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་དེ་ནི་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བའི་སྙིང་པོའོ། ། སེམས་ཅན་ཐམས་ཅད་ངོ་བོ་ཉིད་མེད་པའི་ཕྱིར་དེ་ནི་སེམས་ཅན་ཐམས་ཅད་ཀྱི་སྙིང་པོའོ།། སྟོང་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་དེ་ནི་ཆོས་ཐམས་ཅད་ཀྱི་སྙིང་པོའོ།། མི་གཡོ་བའི་ཕྱིར་དེ་ནི་བདུད་ཐམས་ཅད་རབ་ཏུ་འཇོམ་པའི་སྙིང་པོའོ།། འཇུག་པ་དང་བྲལ་བའི་ཆོས་དེ་ནི་ཁམས་གསུམ་པའི་སྙིང་པོའོ། ། མི་འཇིགས་ཤིང་མི་སྦྱངས་པའི་ཕྱིར་དེ་ནི་སེང་གེའི་སྒྲ་སྒྲོགས་པའི་བརྩོན་འགྲུས་སྙིང་པོའོ།། ཐམས་ཅད་དུ་མ་སྨད་པའི་ཕྱིར་དེ་ནི་སྟོབས་དང་། མི་འཇིགས་པ་དང་མ་འདྲེས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྙིང་པོའོ།། ཉོན་མོངས་པ་མ་ལུས་པའི་ཕྱིར་དེ་ནི་རིག་པ་གསུམ་གྱི་སྙིང་པོའོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་གྲུབ་པའི་ཕྱིར་དེ་ནི་སེམས་ཀྱི་སྐད་ཅིག་གཅིག་ལ་ཆོས་ཐམས་ཅད་མ་ལུས་པར་ཁོང་དུ་ཆུད་པའི་སྙིང་པོའོ། ། རིགས་ཀྱི་བུ་དེ་ལྟར་ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་ལྡན་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་དང་ལྡན་པ་དང་། དགེ་བའི་རྩ་བ་དང་ལྡན་པའི་གོམ་པ་འདོར་བ་དང་། འདེགས་པ་དེ་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ནས་འོངས་སོ། ། སངས་རྒྱས་ཀྱི་ཆོས་རྣམས་ལས་འོངས་ཤིང་། སངས་རྒྱས་ཀྱི་ཆོས་རྣམས་ལ་གནས་སོ།། བཅོམ་ལྡན་འདས་བསྟན་པ་འདི་བཤད་པ་ན། ལྷ་དང་མི་ལྔ་བརྒྱ་ཙམ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བདག་ཀྱང་དེ་ནས་སྤོབས་པ་མ་མཆིས་པར་གྱུར་ཏོ།། བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་ཟོ་འདྲི་ཞིང་མཆི་བར་མི་སྤྲོའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འགྲོ་བ་འཛིན་ལ་བཀའ་སྩལ་པ། འགྲོ་བ་འཛིན་ཁྱོད་ལི་ཙ་བྱི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཞིག། འགྲོ་བ་འཛིན་གྱིས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། རང་གི་གནས་ན་མཆིས་པའི་དུས། བདུད་སྡིག་ཅན་ལྷའི་བུ་མོ་ཁྲི་ཉིས་སྟོང་གིས་ཡོངས་སུ་བསྐོར་ཏེ། བརྒྱ་བྱིན་གྱི་ཆ་བྱད་ཀྱིས་སིལ་སྙན་དང་གླུ་དབྱངས་ལེན་ཅིང་བདག་ག་ལ་བ་དེར་མཆིས་ཏེ། བདག་གི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས། དེ་འཁོར་དང་བཅས་པ་བདག་ལ་མདུན་གྱིས་བལྟས་ཏེ། ཕྱོགས་གཅིག་ཏུ་མཆིས་སོ།། བདག་ནི་དེ་ལ་བརྒྱ་བྱིན་ལྷའི་དབང་པོ་ལགས་སྙམ་བགྱིད་དེ། བདག་གིས་དེ་ལ་འདི་སྐད་ཅེས་བགྱིས་སོ།། ཀོའུ་ཤི་ཀ་ཁྱོད་ལེགས་པར་འོངས་སོ།། འདོད་པའི་དགའ་བ་ཐམས་ཅད་ལ་བག་ཡོད་པར་གྱིས་ཤིག། ལུས་དང་། སྲོག་དང་། ལོངས་སྤྱོད་རྣམས་ལས་སྙིང་པོ་བླངས་པ་དང་། མི་རྟག་པར་རྟོག་པ་མང་དུ་གྱིས་ཤིག། དེ་ནས་དེས་བདག་ལ་འདི་སྐད་ཅེས་མཆིའོ།། སྐྱེས་བུ་དམ་པ་ལྷའི་བུ་མོ་ཁྲི་ཉིས་སྟོང་འདི་དག་བདག་ལས་ཁྱོད་ཀྱིས་ལོང་ལ་འདི་དག་ཁྱོད་ཀྱི་གཡོག་གྱིས་ཤིག་ཅེས་མཆི་བ་དང་། དེ་ལ་བདག་གིས་འདི་སྐད་དུ། ཀོའུ་ཤི་ཀ་རུང་བ་མ་ཡིན་པའི་དངོས་པོ་དག་དགེ་སློང་ཤཱཀྱའི་སྲས་ལ་མ་འབུལ་ཅིག། འདི་དག་ནི་ངེད་ལ་རུང་བ་མ་ཡིན་ནོ་ཞེས་བགྱིས་སོ།། བཀའ་མཆིད་དེ་བགྱིས་པ་དང་། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་དེར་མཆིས་ནས། བདག་ལ་འདི་སྐད་དུ་རིགས་ཀྱི་བུ་འདི་ལ་བརྒྱ་བྱིན་སྙམ་དུ་འདུ་ཤེས་མ་སྐྱེད་ཅིག། འདི་ནི་བདུད་སྡིག་ཅན་ཏེ། ཁྱོད་ལ་ཅོ་དྲི་བའི་ཕྱིར་འོངས་ཏེ། བརྒྱ་བྱིན།། ནཱི་མ་ཡིན་ནོ་ཞེས་མཆིའོ།། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས། བདུད་སྡིག་ཅན་དེ་ལ་འདི་སྐད་དུ། བདུད་སྡིག་ཅན་ལྷའི་བུ་མོ་འདི་རྣམས་དགེ་སྦྱོང་ཤཱཀྱའི་སྲས་ལ་ནི་རུང་བ་མ་ཡིན་གྱིས། ང་ལ་བྱིན་ཅིག་ཅེས་བགྱིས་པ་དང་། དེ་ནས་བདུད་སྡིག་ཅན་འཇིགས་ཤིང་སྐྲག་ནས་མི་དགའ་སྟེ། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་འདིས་བདག་ལ་བསླུས་སུ་འོང་ངོ་ཞེས་དེ་མི་སྣང་བར་བགྱི་བར་འཚལ་བ་མ་ནུས་ཏེ། རྫུ་འཕྲུལ་ཐམས་ཅད་བསྟན་ཀྱང་མི་སྣང་བར་མ་ནུས་སོ།། དེ་ནས་བར་སྣང་ལས་སྒྲ་བྱུང་སྟེ། སྡིག་ཅན་ཁྱོད་ཀྱིས་ལྷའི་བུ་མོ་འདི་རྣམས་སྐྱེས་བུ་དམ་བ་འདི་ལ་ཕུལ་ཅིག་དང་། གདོད་བདག་གི་གནས་སུ་འགྲོ་ནུས་པར་འགྱུར་རོ།། དེ་ནས་བདུད་སྡིག་ཅན་འཇིགས་ཤིང་སྐྲག་ནས་མི་འཚལ་བཞིན་དུ་ལྷའི་བུ་མོ་དེ་རྣམས་ཕུལ་ལོ།། དེ་ནས་དྲི་མ་མེད་པར་གྲགས་པས་ལྷའི་བུ་མོ་དེ་རྣམས་བླངས་ཏེ། ལྷའི་བུ་མོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཁྱེད་བདུད་སྡིག་ཅན་གྱིས་ང་ལ་བྱིན་གྱིས། ད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག། དེས་དེ་དག་ལ་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་འགྱུར་བའི་རྗེས་སུ་མཐུན་པའི་གཏམ་བགྱིས་པས་དེ་དག་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་ནས་ཡང་དེས་དེ་དག་ལ་ཁྱེད་ཀྱིས་དབྱང་ཆུབ་ཏུ་སེམས་བསྐྱེད་ཟིན་གྱིས། ད་ཕན་ཆད་ཁྱེད་ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པར་གྱིས་ལ། འདོད་པ་ལ་དགའ་ཞིང་མོས་པར་མ་བྱེད་ཅིག་ཅེས་བསྒོའོ།། དེ་དག་གིས་སྨྲས་པ་ཆོས་ཀྱི་ཀུན་དགའ་ལ་དགའ་བ་དེ་གང་ལགས། དེས་སྨྲས་པ། སངས་རྒྱས་ལ་མི་བྱེད་པར་དད་ཅིང་དགའ་བ་དང་། ཆོས་ཉན་པར་འདོད་ཅིང་དཀའ་བ་དང་། དགེ་འདུན་ལ་བསྙེན་བཀུར་བྱ་བར་དགའ་བ་དང་། ང་རྒྱལ་མེད་ཅིང་བླ་མ་དག་ལ་བསྟི་སྟང་བྱེད་པར་དགའ་བ་དང་། ཁམས་གསུམ་ལས་འབྱུང་བར་དགའ་བ་དང་། ཡུལ་རྣམས་ལ་མི་གནས་པར་དགའ་བ་དང་ཕུང་པོ་རྣམས་ལ་གཤེད་མ་ལྟ་བུར་རྟོག་པ་ལ་དགའ་བ་དང་། ཁམས་རྣམས་ལ་སྦྲུལ་གདུག་པ་དང་མཚུངས་པར་རྟོག་པ་ལ་དགའ་བ་དང་། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པ་ལྟ་བུར་དབེན་པར་དགའ་བ་དང་། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བསྲུང་བར་དགའ་བ་དང་། སེམས་ཅན་ལ་ཕན་པར་བྱེད་པར་དགའ་བ་དང་། སྦྱིན་པ་ལ་བགོ་བཤའ་བྱེད་པར་དགའ་བ་དང་། ཚུལ་ཁྲིམས་ལ་མི་ལྷོད་པར་དགའ་བ་དང་། བཟོད་པ་ལ་བཟོད་ཅིང་དུལ་བར་དགའ་བ་དང་། བརྩོན་འགྲུས་ལ་དགེ་བ་ཡང་དག་པར་སྒྲུབ་པར་དགའ་བ་དང་། བསམ་གཏན་ལ་ཡོངས་སུ་སྦྱོར་བར་དགའ་བ་དང་། ཤེས་རབ་ལ་ཉོན་མོངས་པའི་སྣང་བ་མེད་པར་དགའ་བ་དང་། བྱང་ཆུབ་ལ་རྒྱ་ཆེར་དགའ་བ་དང་། བདུད་ཚར་གཅོད་པར་དགའ་བ་དང་། ཉོན་མོངས་པ་རྣམས་ངེས་པར་གཞོམ་པར་དགའ་བ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་སྦྱང་བར་དགའ་བ་དང་། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་སྒྲུབ་པའི་ཕྱིར། དགེ་བ་ཐམས་ཅད་བསགས་པར་དགའ་བ་དང་། ཆོས་ཟབ་མོ་ཐོས་པས་མི་སྐྲག་པར་དགའ་བ་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་འདྲིས་པར་བྱེད་པའི་དགའ་བ་དང་། མྱ་ངན་ལས་འདས་པའི་དམིགས་པ་ལ་དགའ་བ་དང་། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ལ་དགའ་བ་དང་། དུས་མ་ཡིན་པར་ཐོབ་པར་མི་བྱེད་པ་ལ་དགའ་བ་དང་། སྐལ་བ་མཉམ་པའི་སྐྱེ་བོ་ལ་སྟེན་པར་དགའ་བ་དང་། སྐལ་བ་མི་མཉམ་པ་རྣམས་ལ་ཞེ་མི་སྡང་ཞིང་ཁོང་ཁྲོ་བ་མེད་པའི་དགའ་བ་དང་། དགེ་བའི་བཤེས་གཉེན་རྣམས་ལ་སྟེན་པར་དགའ་བ་དང་། སྡིག་པའི་གྲོགས་པོ་དག་རྣམ་པར་སྤང་བར་དགའ་བ་དང་། ཆོས་ལ་མོས་ཤིང་དད་དེ་མཆོག་ཏུ་དགའ་བའི་དགའ་བ་དང་། ཐབས་ལ་སྡུད་པའི་དགའ་བ་དང་། བག་ཡོད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྟེན་པ་ལ་དགའ་བ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ་ཡིན་ནོ། ། དེ་ནས་བདུད་སྡིག་ཅན་གྱིས། ལྷའི་བུ་མོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ད་བདག་ཅག་གི་གནས་སུ་འདོང་གིས་ཚུར་གཤེགས། དེ་དག་གིས་སྨྲས་པ། ཁྱོད་ཀྱིས་བདག་ཅག་ཁྱིམ་བདག་འདི་ལ་ཕུལ་བས་ད་ནི་ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པར་བྱའི། འདོད་པ་ལ་ནི་དགའ་ཞིང་མོས་པར་མི་བྱའོ།། དེ་ནས་བདུད་སྡིག་ཅན་གྱིས། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདོག་པ་ཐམས་ཅད་ཡོངས་སུ་འདོར་ཞིང་། སེམས་འཛིན་པ་མེད་པ་ལགས་ན། ཁྱིམ་བདག་ཁྱོད་ཀྱིས་ལྷའི་བུ་མོ་འདི་རྣམས་དགྱེ་བར་གསོལ། དྲི་མ་མེད་པར་གྲགས་པས་སྨྲས་པ། འདི་རྣམས་བཀྱེ་བ་ཡིན་གྱིས། སྡིག་ཅན་གཡོག་དང་བཅས་ཏེ་དེང་ཞིག། སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག། དེ་ནས་ལྷའི་བུ་མོ་དེ་དག་གིས་དྲི་མ་མེད་པར་གྲགས་པ་ལ་ཕྱག་འཚལ་ནས། འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་ཇི་ལྟར་བདག་ཅག་བདུད་ཀྱི་གནས་ན་གནས་པར་བགྱི། སྨྲས་པ། སྲིང་མོ་དག་མི་ཟད་པའི་སྒྲོན་མ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དེ། དེ་ལ་ནན་ཏན་གྱིས་ཤིག། དེའདྲ་གང་ཞེ་ན། འདི་ལྟ་སྟེ། སྲིང་མོ་དག་སྒྲོན་མ་གཅིག་ལས་སྒྲོན་མ་བརྒྱ་སྟོང་འབར་བར་བྱས་ཀྱང་སྒྲོན་མ་དེ་འབྲི་བར་མི་འགྱུར་བ་དེ་བཞིན་དུ། སྲིང་མོ་དག་བྱང་ཆུབ་སེམས་དཔའ་གཅིག་གིས་སེམས་ཅན་བརྒྱ་སྟོང་མང་པོ་རྣམས་བྱང་ཆུབ་ལ་བཀོད་ཀྱང་། བྱང་ཆུབ་སེམས་དཔའ་དེའི་སེམས་དྲན་པ་མི་འབྲི། ཡོངས་སུ་མི་འབྲི་བའི་སྟེང་དུ་རྣམ་པར་འཕེལ་ལོ།། དེ་བཞིན་དུ་དགེ་བའི་ཆོས་ཐམས་ཅད་ཀྱང་ཇི་ལྟ་ཇི་ལྟར་གཞན་དག་ལ་བསྒོ་ཞིང་བསྟན་པ་དེ་ལྟ་དེ་ལྟར་དགེ་བའི་ཆོས་ཐམས་ཅད་ཀྱི་རྣམ་པར་འཕེལ་ཏེ། འདི་ནི་མི་ཟད་པའི་སྒྲོན་མ་ཞེས་བྱ་བའི་ཆོས་ཀྱི་སྒོའོ།། བདུད་ཀྱི་གནས་དེ་ན་ཁྱེད་གནས་པའི་ཚེ། ལྷའི་བུ་དང་ལྷའི་བུ་མོ་ཚད་མེད་པ་རྣམས་བྱང་ཆུབ་ཀྱི་སེམས་ལ་མོས་པར་གྱིས་ཤིག། དེ་ལྟར་ན་ཁྱེད་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་བར་འགྱུར་རོ།། སེམས་ཅན་ཐམས་ཅད་ཀྱི་འཚོ་བར་ཡང་འགྱུར་རོ། ། དེ་ནས་ལྷའི་བུ་མོ་དེ་དག་ལི་ཙ་བྱི་དྲི་མ་མེད་པར་གྲགས་པའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། བདུད་དང་ལྷན་ཅིག་སླར་མཆིས་སོ།། བཅོམ་ལྡན་འདས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པའི་རྣམ་པར་འཕྲུལ་པའི་ཁྱད་པར་དེ་བདག་གིས་མཐོང་སྟེ། བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་ཟོ་འདྲི་ཞིང་མཆི་བར་མི་སྤྲོའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚོང་དཔོན་གྱི་བུ་ལེགས་པར་བྱིན་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ལི་ཙ་བྱི་དྲི་མ་མེད་པར་གྲགས་པའི་ནད་འདྲིར་སོང་ཞིག་ལེགས་པར་བྱིན་གྱིས་ཀྱང་གསོལ་པ། བཅོམ་ལྡན་འདས་བདག་སྐྱེས་བུ་དམ་པ་དེའི་ཟོ་འདྲི་ཞིང་མཆི་བར་མི་སྤྲོའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་དུས་གཅིག་ན། བདག་གི་ཕའི་སྡུམ་པ་ན་མཆོད་སྦྱིན་ཆེན་པོ་བགྱི་བའི་སླད་དུ་དགེ་སྦྱོང་དང་། བྲམ་ཟེ་ཐམས་ཅད་དང་། དབུལ་པོ་དང་། སྡུག་བསྔལ་བ་དང་། བཀྲེན་པ་དང་། སྡུག་འཕོངས་པ་དང་སློང་བ་ཐམས་ཅད་ལ་སྦྱིན་པ་སྩལ་ཏེ། གདུགས་བདུན་དུ་མཆོད་སྦྱིན་ཆེན་པོ་བགྱིད་པ་དེར་གདུགས་ཐ་མ་ལ་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་མཆོད་སྦྱིན་ཆེན་པོའི་ས་དེར་མཆིས་ནས། བདག་ལ་འདི་སྐད་ཅེས་མཆིའོ།། ཚོང་དཔོན་གྱི་བུ་ཇི་ལྟར་ཁྱོད་མཆོད་སྦྱིན་བྱེད་པ་དེ་ལྟར་མཆོད་སྦྱིན་མི་བྱའི། ཁྱོད་ཀྱིས་ཆོས་ཀྱི་མཆོད་སྦྱིན་བྱའོ།། ཟང་ཟིང་གི་མཆོད་སྦྱིན་གྱིས་ཁྱོད་ལ་རྩ་ཞིག་བྱ། བདག་གིས་དེ་ལ་འདི་སྐད་ཅེས་བགྱིས་སོ།། ཆོས་ཀྱི་མཆོད་སྦྱིན་དེ་ཇི་ལྟར་སྦྱིན་པར་བྱ། དེས་བདག་ལ་སྨྲས་པ། ཆོས་ཀྱི་མཆོད་སྦྱིན་གང་གིས་སྔ་ཕྱི་མེད་པར་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་འགྱུར་བ་དེ་ནི་ཆོས་ཀྱི་མཆོད་སྦྱིན་ནོ། ། དེའང་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་རྣམ་པར་མངོན་པར་བསྒྲུབས་པའི་བྱམས་པ་ཆེན་པོ་དང་། དམ་པའི་ཆོས་བསྡུས་པས་མངོན་པར་བསྒྲུབས་པའི་སྙིང་རྗེ་ཆེན་པོ་དང་། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་དགའ་བ་ལ་དམིགས་པས་མངོན་པར་བསྒྲུབས་པའི་དགའ་བ་ཆེན་པོ་དང་། ཤེས་པ་བསྡུས་པས་མངོན་པར་བསྒྲུབས་པའི་བཏང་སྙོམས་ཆེན་པོ་དང་། ཞི་བ་དང་དུལ་བས་མངོན་པར་བསྒྲུབས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། སེམས་ཅན་ཚུལ་ཁྲིམས་འཆལ་པ་རྣམས་ཡོངས་སུ་སྨིན་པར་བྱེད་པར་མངོན་པར་བསྒྲུབས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བདག་མེད་པའི་ཆོས་ཀྱིས་མངོན་པར་བསྒྲུབས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཏུ་བརྩོན་པས་མངོན་པར་བསྒྲུབས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ལུས་དང་སེམས་དབེན་པས་མངོན་པར་བསྒྲུབས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མངོན་པར་བསྒྲུབས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པས་མངོན་པར་བསྒྲུབས་པའི་སྟོང་པ་ཉིད་ལ་བསྒོམ་པ་དང་། འདུས་བྱས་ཡོངས་སུ་སྤོང་བས་མངོན་པར་བསྒྲུབས་པའི་མཚན་མ་མེད་པ་ལ་བསྒོམ་པ་དང་། བསམས་བཞིན་དུ་སྐྱེ་བས་མངོན་པར་བསྒྲུབས་པའི་སྨོན་པ་མེད་པ་ལ་བསྒོམ་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པས་མངོན་པར་བསྒྲུབས་པའི་སྟོབས་རྟུལ་བ་དང་། བསྡུ་བའི་དངོས་པོས་མངོན་པར་བསྒྲུབས་པའི་སྲོག་གི་དབང་པོ་དང་། སེམས་ཅན་ཐམས་ཅད་ཀྱི་བྲན་དང་སློབ་མར་གྱུར་པས་མངོན་པར་བསྒྲུབས་པའི་ང་རྒྱལ་མེད་པ་དང་། སྙིང་པོ་མེད་པ་ལས་སྙིང་པོ་ལེན་པས་མངོན་པར་བསྒྲུབས་པའི་ལུས་དང་། སྲོག་དང་། ལོངས་སྤྱོད་རྙེད་པ་དང་། རྗེས་སུ་དྲན་པ་དྲུག་གིས་མངོན་པར་བསྒྲུབས་པའི་དྲན་པ་དང་ཡང་དག་པར་དགའ་བར་འགྱུར་བའི་ཆོས་མངོན་པར་བསྒྲུབས་པའི་བསམ་པ་དང་། ཡང་དག་པའི་ནན་ཏན་གྱིས་མངོན་པར་བསྒྲུབས་པའི་འཚོ་བ་ཡོངས་སུ་དག་པ་དང་། དད་པ་དང་མཆོག་ཏུ་དགའ་བ་ལ་སྟེན་པས་མངོན་པར་བསྒྲུབས་པའི་འཕགས་པ་ལ་བསྙེན་བཀུར་བྱེད་པ་དང་། འཕགས་པ་མ་ཡིན་པ་ལ་ཁོང་ཁྲོ་བ་མེད་པས་མངོན་པར་བསྒྲུབས་པའི་སེམས་ངེས་པར་སེམས་པ་དང་། རབ་ཏུ་བྱུང་བས་མངོན་པར་བསྒྲུབས་པའི་ལྷག་པའི་བསམ་པ་དང་། ནན་ཏན་གྱིས་མངོན་པར་བསྒྲུབས་པའི་ཐོས་པ་ལ་མཁས་པ་དང་། ཉོན་མོངས་པ་མེད་པའི་ཆོས་རྟོགས་པས་མངོན་པར་བསྒྲུབས་པའི་དཀོན་པ་ལ་གནས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་བྱེད་པས་མངོན་པར་བསྒྲུབས་པའི་ནང་དུ་ཡང་དག་འཇོག་པ་དང་། སེམས་ཅན་ཐམས་ཅད་ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་རྣལ་འབྱོར་གྱིས་མངོན་པར་བསྒྲུས། བའི་རྣལ་འབྱོར་སྤྱོད་པའི་ས་དང་། མཚན་དང་དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་མངོན་པར་བསྒྲུབས་པའི་བསོད་ནམས་ཀྱི་ཚོགས་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལ་འཇུག་པར་ཆོས་སྟོན་པས་མངོན་པར་བསྒྲུབས་པའི་ཡེ་ཤེས་ཀྱི་ཚོགས་དང་། ཆོས་ཐམས་ཅད་ལ་བླང་བ་མེད་པ་དང་། དོར་བ་མེད་པ་ཚུལ་གཅིག་བའི་ཡེ་ཤེས་ཀྱིས་མངོན་པར་བསྒྲུབས་པའི་ཤེས་རབ་ཀྱི་ཚོགས་དང་། ཉོན་མོངས་པ་ཐམས་ཅད་དང་། སྒྲིབ་པ་ཐམས་ཅད་དང་། མི་དགེ་བའི་ཆོས་ཐམས་ཅད་སྤོང་བས་མངོན་པར་བསྒྲུབས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱི་ཚོགས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོང་དུ་ཆུད་པ་དང་། དགེ་བའི་ཆོས་ཀྱིས་མངོན་པར་བསྒྲུབས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འབྱུང་བ་དེ་ནི། རིགས་ཀྱི་བུ་ཆོས་ཀྱི་མཆོད་སྦྱིན་ཏེ། ཆོས་ཀྱི་མཆོད་སྦྱིན་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་མཆོད་སྦྱིན་བྱིན་པ་མཆོད་སྦྱིན་ཤིན་ཏུ་བྱེད་པ་ཡིན་ཏེ། ལྷ། དང་བཅས་པའི་འཇིག་རྟེན་གྱི་སྦྱིན་གནས་སུ་འགྱུར་རོ།། བཅོམ་ལྡན་འདས་དེ་ལྟ་བུར་ཁྱིམ་བདག་དེས་བསྟན་པ་འདི་བཤད་པའི་ཚེ། བྲམ་ཟེའི་འཁོར་དེ་ནས་བྲམ་ཟེ་ཉིས་བརྒྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། ། བདག་ཀྱང་དད་ཅིང་ངོ་མཚར་དུ་གྱུར་ཏེ། སྐྱེས་བུ་དམ་པ་དེའི་རྐང་པ་ལ་ཕྱག་བགྱིས་ནས། མུ་ཏིག་གི་དོ་ཤལ་བརྒྱ་སྟོང་རི་བ་བདག་གི་མགུལ་ནས་བཀྲོལ་ཏེ་སྩལ་ན། མུ་ཏིག་གི་དོ་ཤལ་དེ་ལེན་དུ་མ་བཏུབ་ནས། དེ་ལ་བདག་གིས་འདི་སྐད་ཅེས་བགྱིས་སོ།། འདི་ལོང་ལ་གང་ལ་མོས་པ་ལ་བྱིན་ཅིག་ཅེས་བགྱིས་པ་དང་། དེས་མུ་ཏིག་གི་དོ་ཤལ་བླངས་ཏེ་དུམ་བུ་གཉིས་སུ་བགྱིས་ནས། ཆ་གཅིག་ནི་མཆོད་སྦྱིན་གྱི་གནས་དེ་ན་འཇིག་རྟེན་ཐམས་ཅད་ཀྱིས་སྨད་པ། གྲོང་ཁྱེར་གྱི་ནང་ན་དབུལ་པོ་ལ་སྩལ་ཏོ།། ཆ་གཅིག་ནི་དེ་བཞིན་གཤེགས་པ་བཟོད་པར་དཀའ་བ་ལ་ཕུལ་ཏེ། ཇི་ལྟར་འཁོད་པ་དེ་དག་ཐམས་ཅད་ཀྱིས་སྨིག་རྒྱུའི་འཇིག་རྟེན་གྱི་ཁམས་དེ་དག་དང་། དེ་བཞིན་གཤེགས་པ་བཟོད་པར་དཀའ་བ་དེ་ཡང་མཐོང་ཞིང་མུ་ཏིག་གི་དོ་ཤལ་དེ་དེ་བཞིན་གཤེགས་པ་བཟོད་པར་དཀའ་བའི་སྤྱི་བོའི་སྟེང་ན། མུ་ཏིག་གི་དོ་ཤལ་གྱི་ཁང་པ་བརྩེགས་པ་བཀྲ་བ། བལྟ་ན་སྡུག་པ། གྲུ་བཞི་ལྷམ་པ་ཀ་བ་བཞི་ཟུག་པ། ངོས་མཉམ་ཞིང་རབ་ཏུ་རྣམ་པར་ཕྱེ་བ་བྱུང་བ་མཐོང་བར་དེས་དེ་ལྟ་བུའི་ཆོ་འཕྲུལ་བསྟན་ནས་ཚིག་འདི་སྐད་ཅེས་སྨྲས་སོ།། སྦྱིན་པ་པོ་སྦྱིན་བདག་གང་ཇི་ལྟར་དེ་བཞིན་གཤེགས་པ་ལ་སྦྱིན་གནས་སུ་འདུ་ཤེས་པ་དེ་འདྲ་བར་གྲོང་ཁྱེར་གྱི་དབུལ་པོ་དང་ཐ་དད་པ་མེད་པར་མཉམ་ཞིང་སྙིང་རྗེ་ཆེན་པོའི་སེམས་དང་། རྣམ་པར་སྨིན་པ་ལ་མི་རེ་བས་ཡོངས་སུ་གཏོང་བ་དེ་ནི། ཆོས་ཀྱི་མཆོད་སྦྱིན་ཡོངས་སུ་རྫོགས་པའོ་ཞེས་བགྱིས་པ་དང་། དེ་ན་གྲོང་ཁྱེར་གྱི་དབུལ་པོ་དེས་ཆོ་འཕྲུལ་དེ་མཐོང་། ཆོས་བསྟན་པ་དེའང་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། བཅོམ་ལྡན་འདས་དེའི་སླད་དུ་བདག་སྐྱེས་བུ་དམ་པ་དེའི་བྲོ་འདྲི་ཞིང་མཆི་བར་མི་སྤྲོའོ།། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱང་གང་སྐྱེས་བུ་དམ་པ་དེ་དང་སྐབས་སུ་གཏམ་གང་དག་བརྗོད་པ་སོ་སོའི་བསྟན་པ་བཤད་དེ་འགྲོ་བར་མི་སྤྲོའོ། ། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་བཏང་བར་སྨྲས་པའི་ལེའུ་སྟེ་གསུམ་པའོ།། ། ། དེ་ནས་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ལི་ཙ་བྱི་དྲི་མ་མེད་པར་གྲགས་པའི་ནཱད་འདྲིར་སོང་ཞིག། འཇམ་དཔལ་གྱིས་ཀྱང་གསེལ་པ། བཅོམ་ལྡན་འདས་ལི་ཙ་བྱི་དྲི་མ་མེད་པར་ཆགས་པ་ནི་བསྙེན་པར་དཀའ་ཞིང་ཟབ་མོའི་ཚུལ་ལ་སྤོབས་པར་རབ་ཏུ་ཞུགས་པ། ཚིག་སྦྲེལ་ཞི་དང་རྫོགས་པའི་ཚིག་སྒྲུབ་པ་ལ་མཁས་པ། སྤོབས་པ་རྒྱུན་མི་འཆད་པ། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མ་མཆིས་པའི་བློ་དང་ལྡན་པ། བྱང་ཆུབ་སེམས་དཔའི་བགྱི་བ་ཐམས་ཅད་ཚར་ཕྱིན་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སངས་རྒྱས་ཐམས་ཅད་ཀྱི་གསང་བའི་གནས་ལ་ཤིན་ཏུ་ཞུགས་པ། བདུད་ཐམས་ཅད་ཀྱི་གནས་རྣམ་པར་ཟློག་པ་ལ་མཁས་པ། མངོན་པར་ཤེས་པ་ཆེན་པོས་རྣམ་པར་རྩེན་པ། ཐབས་དང་ཤེས་རབ་ལས་ངེས་པར་བྱུང་བ། ཆོས་ཀྱི་དབྱིངས་པ་གཉིས་སུ་མ་མཆིས་ཤིང་དབྱེར་མ་མཆིས་པའི་སྤྱོད་ཡུལ་གྱི་དམ་པའི་མཆོག་ཐོབ་པ། ཆོས་ཀྱི་དབྱིངས་བཀོད་པ་གཅིག་པ། རྣམ་པ་མཐའ་ཡས་པའི་བཀོད་པར་ཆོས་སྟོན་པ་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་བཀོད་པ་ཐོབ་པར་བགྱིད་པར་འཚལ་བ་ལ་མཁས་པ། ཐབས་མཁས་པ་རྟོགས་པར་ཁོང་དུ་ཆུད་པ། དྲིས་པ་གཏན་ལ་འབེབས་པ་ཐོབ་པ་སྟེ། དེ་ནི་གོ་ཆ་ཆུང་ངུས་མགུ་བར་མི་ནུས་ཀྱིས་ཀྱང་། སངས་རྒྱས་ཀྱི་བྱིན་རླབས་ཀྱིས་དེར་མཆིས་ཏེ། ནུས་པ་ཇི་ལྟ་བ་དང་། མཐུ་ཇི་ལྟ་བ་བཞིན་དུ་བཤད་པར་འཚལ་ལོ།། དེ་ནས་འཁོར་དེ་ན་བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་དང་། ལྷའི་བུ་དེ་དག་འདི་སྙམ་དུ་སེམས་སོ།། འཇམ་དཔལ་གཞོན་ནུར་གྱུར་པ་དང་། སྐྱེས་བུ་དམ་པ་དེ་གཉིས་སྨྲ་བ་ལས། དེར་ནི་ཆོས་བསྒྲག་པའི་གཏམ་ཆེན་པོ་གདོན་མི་ཟ་བར་འབྱུང་ངོ་སྙམ་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་དང་། ཉན་ཐོས་ལྔ་བརྒྱ་ཙམ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཤིན་ཏུ་མང་བ་དང་། ལྷའི་བུ་བརྒྱ་སྟོང་ཕྲག་མང་པོ་དང་། ལྷའི་བུ་བརྒྱ་སྟོང་ཕྲག་ཤིན་ཏུ་མང་པོ་རྣམས་ཆོས་མཉན་པའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པའི་ཕྱི་བཞིན་དོང་ངོ་།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་དང་། ལྷའི་བུ་དེ་དག་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། ཡངས་པའི་གྲོང་ཁྱེར་ཆེན་པོར་ཞུགས་སོ།། དེ་ནས་དྲི་མ་མེད་པར་གྲགས་པ་འདི་སྙམ་དུ་སེམས་ཏེ། འཇམ་དཔའ་གཞོན་ནུར་གྱུར་པ་འཁོར་མང་པོ་དང་འོང་གིས། བདག་གི་ཁྱིམ་འདི་སྟོང་པར་བྱིན་གྱིས་བརླབ་བོ་སྙམ་སྟེ། དེས་ཁྱིམ་དེ་སྟོང་པར་བྱིན་གྱིས་བརླབས་ནས། དེ་ན་སྒོ་བའང་མེད་དོ།། ཁྲི་གང་ལ་དྲི་མ་མེད་པར་གྲགས་པ་ན་བ་ཉལ་ཞིང་འདུག་པའི་ཁྲི་གཅིག་པོ་དེ་མ་གཏོགས་པར། དེ་ན་ཁྲི་འམ། ཁྲིའུ་འམ། སྟན་གང་ཡང་མི་སྣང་ངོ་།། དེ་ནས་འཇམ་དཔལ་འཁོར་དང་བཅས་པ་དྲི་མ་མེད་པར་གྲགས་པའི་གནས་ག་ལ་བ་དེར་དོང་སྟེ་ལྷགས་ནས། ནང་དུ་འོངས་པ་དང་ཁྱིམ་དེ་སྟོང་པར་མཐོང་སྟེ། དེ་ན་སྒོ་བའང་མེད། དྲི་མ་མེད་པར་གྲགས་པ་ཉལ་ཞིང་འདུག་པའི་ཁྲི་གཅིག་པུ་དེ་ལས་གཞན་ཁྲིའམ། ཁྲིའུ་འམ། སྟན་མ་མཐོང་ངོ་།། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས་འཇམ་དཔལ་གཞོན་ནུར་གྱུར་པ་མཐོང་སྟེ། མཐོང་ནས་འདི་སྐད་ཅེས་སྤྲས། སོ།། རྫའཇམ་དཔལ་ལེགས་པར་འོངས་སོ།། འཇམ་དཔལ་ཤིན་ཏུ་ལེགས་པར་འོངས་སོ།། སྔོན་མ་འོངས་མ་མཐོང་མ་ཐོས་པ་མཐོང་ངོ་།། འཇམ་དཔལ་གྱིས་སྨྲས་པ། ཁྱིམ་བདག་ཇི་སྐད་ཟེར་བ་དེ་བཞིན་ཏེ། གང་འོངས་པ་དེ་ནི་ཕྱིས་མི་འོང་ངོ་།། གང་སོང་བ་དེའང་ཕྱིས་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། འོངས་པ་ལ་ནི་འོང་བར་ཤེས་པ་ཡང་མེད་ཅིང་། སོང་བ་ལ་ཡང་འགྲོ་བར་ཤེས་པ་མེད་པ་ལ། གང་མཐོང་བ་དེ་ནི་ཕྱིར་ཡང་བལྟ་བར་བྱ་བ་མ་ཡིན་པའི་ཕྱིར། སྐྱེས་བུ་དམ་པ་ཁྱོད་བཟོད་དམ། འཚོ་འམ། ཁྱོད་ཀྱི་ཁམས་རྣམས་མི་འཁྲུག་གམ། ཁྱོད་ཀྱི་ནད་དེ་འབྱང་ངམ། མི་སྐྱེ་འམ། བཅོམ་ལྡན་འདས་ཀྱང་ཁྱོད་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། ན་བ་ཆུང་འམ། བསྐྱོད་པ་ཡང་ངམ། འཚོ་བ་དང་། སྟོབས་དང་། བདེ་པབ་དང་ཁ་ན་མ་ཐོ་བ་མེད་པ་དང་། བདེ་བར་རེག་པ་ལ་གནས་སམ་ཞེས་གསུང་ངོ་།། ཁྱིམ་བདག་ཁྱོད་ཀྱི་ནད་འདི་ཅི་ལས་བྱུང་། བྱུང་ནས་ཇི་སྲིད་ལོན། ཇི་ལྟར་གནས། ཇི་ཙམ་ན་ཞི་བར་འགྱུར། དྲི་མ་མེད་པར་གྲགས་པས་སྨྲས་པ། འཇམ་དཔལ་མ་རིག་པ་དང་། སྲིད་པའི་སྲེད་པ་ཇི་སྲིད་པར་ཁོ་བོའི་ནད་འདིའང་དེ་སྲིད་དོ།། སེམས་ཅན་ཐམས་ཅད་ཀྱི་ནང་ཇི་སྲིད་པར་ཁོ་བོའི་ནད་ཀྱང་དེ་སྲིད་དོ། ། ནམ་སེམས་ཅན་ཐམས་ཅད་ནད་དང་བྲལ་བར་གྱུར་པ་དེ་ན། ཁོ་བོའི་ནད་ཀྱང་འབྱུང་ངོ་།། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་བྱང་ཆུབ་སེམས་དཔའི་འཁོར་བའི་གནས་ནི་སེམས་ཅན་ཏེ། ནད་ནི་འཁོར་བ་ལ་གནས་སོ།། ནམ་སེམས་ཅན་ཐམས་ཅད་ནད་དང་བྲལ་བར་གྱུར་པ་དེ་ན། བྱང་ཆུབ་སེམས་དཔའ་ཡང་ནད་མེད་པར་འགྱུར་རོ། ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ཚོང་དཔོན་གྱི་བུ་གཅིག་པ་ན་བར་གྱུར་ན། དེ་ན་བའི་ཕྱིར་ཕ་མ་གཉིས་ཀྱང་ན་བར་འགྱུར་རོ།། ཇི་སྲིད་དུ་བུ་གཅིག་པ་དེ་ནད་མེད་པར་མ་གྱུར་པ་དེ་སྲིད་དུ་ཕ་མ་གཉིས་ཀྱང་སྡུག་བསྔལ་བར་འགྱུར་ཏེ། འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་སྡུག་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ན་བས། དེ་ཡང་ན་བར་འགྱུར། སེམས་ཅན་ལ་ནད་མེད་ན། དེ་ཡང་ན་བ་མེད་དོ།། གང་འཇམ་དཔལ་ཁྱོད་ནད་འདི་ཅི་ལས་བྱུང་ཞེས་ཟེར་བ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནད་ནི་སྙིང་རྗེ་ཆེན་པོ་ལས་བྱུང་ངོ་། ། འཇམ་དཔལ་གྱིས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱི་ཁྱིམ་འདི་སྟོང་ན། ཁྱོད་ལ་གཡོག་འགའ་ཡང་མེད་དམ། སྨྲས་པ། འཇམ་དཔལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་སྟོང་ངོ་། ། སྨྲས་པ། ཅིས་སྟོང་། སྨྲས་པ། སྟོང་པ་ཉིད་ཀྱིས་སྟོང་ངོ་།། སྨྲས་པ། སྟོང་པ་ཉིད་ལ་སྟོང་པ་ཉིད་ཅི་ཞིག་ཡོད། སྨྲས་པ། ཀུན་ཏུ་རྟོག་པ་ནི་སྟོང་པ་ཉིད་ཀྱིས་སྟོང་པའོ། ། སྨྲས་པ། སྟོང་པ་ཉིད་ཀུན་ཏུ་རྟག་པར་ནུས་སམ། སྨྲས་པ། ཡོངས་སུ་རྟོག་པ་དེ་ཡང་སྟོང་པ་སྟེ། སྟོང་པ་ཉིད་ནི་སྟོང་པ་ཉིད་ནི་སྟོང་པ་ཉིད་ལ་མི་རྟོག་གོ། སྨྲས་པ། ཁྱིམ་བདག་སྟོང་པ་ཉིད་གང་དུ་བཙལ། སྨྲས་པ། འཇམ་དཔལ་སྟོང་པ་ཉིད་ནི་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ལས་བཙལ་ལོ།། སྨྲས་པ། ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་གང་ལས་བཙལ། སྤྲས་པ་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ལས་བཙལ་ལོ། ། སྨྲས་པ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའང་གང་ལས་བཙལ། སྨྲས་པ། སེམས་ཅན་ཐམས་ཀྱི་སེམས་དང་སྤྱོད་པ་ལས་བཙལ་ལོ། ། འཇམ་དཔལ་གང་ཁྱོད་ལ་གཡོག་ཀྱང་མེད་དམ་ཞེས་ཟེར་བ་ནི། བདུད་ཐམས་ཅད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ནི་ཁོ་བོའི་གཡོག་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ནོ། བདུད་རྣམས་ནི་འཁོར་བའི་བསྔགས་པ་སྨྲ་བ་སྟེ། འཁོར་བ་ནི་བྱང་ཆུབ་སེམས་དཔའི་གཡོག་གོ།། ཕས་ཀྱི་རྒོལ་བ་རྣམས་ནི་ལྟ་བར་གྱུར་པ་རྣམས་ཀྱི་བསྔགས་པ་སྨྲ་བ་སྟེ། བྱང་ཆུབ་སེམས་དཔའ་ནི་ལྟ་བར་གྱུར་པ་ཐམས་ཅད་ལས་མིགཡོའོ།། དེ་བས་ན་བདུད་ཐམས་ཅད་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ནི་ཁོ་བོའི་གཡོག་གོ།། འཇམ་དཔལ་གྱིས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱི་ནད་ཅི་འདྲ། སྨྲས་པ། གཟུགས་མེད་ཅིང་བསྟན་དུ་མེད་དོ།། སྦས་པ། ནད་དེ་ལུས་དང་ལྡན་ནམ། འོན་ཏེ་སེམས་དང་ལྡན། སྨྲས་པ། ལུས་དབེན་པས་ན་ལུས་དང་ལྡན་པའང་མ་ཡིན། སེམས་སྒྱུ་མའི་ཆོས་ཉིད་པས་ན། སེམས་དང་ཡང་མི་ལྡན་ནོ།། སྨྲས་པ། ཁྱིམ་བདག་འདི་ལྟ་སྟེ། སའི་ཁམས་དང་། རྩའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ཁམས་འདི་བཞི་ལས་ཁམས་གང་གནོད་པར་གྱུར། སྨྲས་པ། འཇམ་དཔལ་སེམས་ཅན་ཐམས་ཅད་ཀྱི་ནང་ཁམས་དེ་ལྟ་བུ་གང་ཡིན་པ་དེས་ཁོ་བོའང་ནའོ།། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ན་བ་ཡང་དག་པར་དགའ་བར་བྱ། འཇམ་དཔལ་གྱིས་སྨྲས་པ། ལུས་མི་རྟག་པ་སྟེ། ཡིད་བྱུང་ཞིང་འདོད་ཆགས་དང་བྲལ་བས་ནི་མ་ཡིན་ནོ། ། ལུས་སྡུག་བསྔལ་བ་སྟེ། མྱ་ངན་ལས་འདས་པ་ལ་དགའ་བས་ནི་ཡིན་ནོ།། ལུས་བདག་མེད་པ་སྟེ། འོན་ཀྱང་སེམས་ཅན་སྨིན་པར་བྱ་བས་སོ།། ལུས་ཞི་བ་ཉིད་ཀྱིས་ཏེ། ཤིན་ཏུ་ཞི་ང་ཉིད་ཀྱིས་ནི་མ་ཡིན་ནོ།། ཉེས་པར་སྤྱོད་པ་ཐམས་ཅད་བསྟན་པ་སྟེ། འཕོ་བས་ནི་མ་ཡིན་ནོ།། བདག་ན་བས་སེམས་ཅན་གཞན་ན་བ་ལ་སྙིང་རྗེ་བ་དང་། སྔོན་གྱི་མཐའི་མུའི་སྡུག་བསྔལ་རྗེས་སུ་དྲན་པ་དང་། སེམས་ཅན་གྱི་དོན་བྱེ་བ་རྗེས་སུ་དྲན་པ་དང་། དགེ་བའི་རྩ་བ་མངོན་དུ་བྱ་བ་དང་། གཟོད་མ་ནས་རྣམ་པར་དག་པ་དང་། སྲེད་པ་མེད་པ་དང་། རྟག་ཏུ་བརྩོན་འགྲུས་བརྩམས་པས་ནད་ཐམས་ཅད་མེད་པར་བྱེད་པའི་སྨན་པའི་རྒྱལ་པོར་འགྱུར་རོ་ཞེས་དེ་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ན་བ་ཡང་དག་པར་དགའ་བར་བྱའོ། ། འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ན་བས། ཇི་ལྟར་རང་གི་སེམས་ངེས་པར་བསམ་པར་བྱ།། དྲི་མ་མེད་པར་གྲགས་པས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ན་བས་ནི། བདག་གི་སེམས་ལ་འདི་ལྟར་ངེས་པར་བསམ་པར་བྱའོ།། ནད་ནི་སྔོན་གྱི་མཐའ་ནས་ཡོད་པ་མ་ཡིན་པ་ཕྱིན་ཅི་ལོག་གི་ལས་ཀུན་ནས་ལྡང་བ་ལས་བྱུང་ངོ་།། ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པའི་ཉོན་མོངས་པ་ལས་བྱུང་སྟེ། དོན་དམ་པར་ནི་འདི་ལ་གང་གི་ན་བ་ཞེས་བྱ་བའི་ཆོས་དེ་གང་ཡང་མི་དམིགས་སོ།། དེ་ཅིའི་ཕྱིར་ཞེ་ན། འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་ལུས་འདི། ཁམས་འདི་དག་ལ་བདག་པོ་གང་ཡང་མེད་དེ། སྐྱེད་པའང་མེད་དོ།། ལུས་འདི་ལ་བདག་མེད་དེ། བདག་ཏུ་མངོན་པར་ཞེན་པ་མ་གཏོགས་པར། འདི་ལ་དོན་དམ་པར་ན་གང་ནད་ཅེས་བྱ་བ་ནི་མི་དམིགས་ཏེ། དེ་བས་ན་བདག་ནི་མངོན་པར་ཞེན་པ་མེད་ཅིང་། ནད་ཀྱི་རྩ་བ་ཀུན་ཤེས་པ་ལ་གནས་པར་བྱའོ་ཞེས་དེས་བདག་ཏུ་འདུ་ཤེས་པ་རྒྱན་བཅད་དེ་ཆོས་ཀྱི་འདུ་ཤེས་བསྐྱེད་པར་བྱའོ། ། ལུས་འདི་ནི་ཆོས་མང་པོ་འདུས་པ་སྟེ། སྐྱེ་བ་ནའང་ཆོས་ཁོ་ན་སྐྱེ། འགག་པ་ནའང་ཆོས་ཁོ་ན་འགག་སྟེ། ཆོས་དེ་དག་ནི་ཕན་ཚུན་དུ་མི་ཚོར་མི་ཤེས་ཏེ། ཆོས་དེ་དག་སྐྱེ་ནའང་འདི་སྙམ་དུ་བདག་སྐྱེའོ་སྙམ་དུ་མི་སེམས། འགག་པ་ནའང་འདི་སྙམ་དུ་བདག་འགག་གོ་སྙམ་དུ་མི་སེམས་སོ།། དེས་ཆོས་ཀྱི་འདུ་ཤེས་ཀུན་ཤེས་པར་བྱ་བའི་ཕྱིར་སེམས་བསྐྱེད་པར་བྱ་སྟེ། གང་བདག་གིས་འདི་ལྟར་ཆོས་སུ་འདུ་ཤེས་པ་དེའང་ཕྱིན་ཅི་ལོག་ཏེ། བྱིན་ཅི་ལོག་ནི་ནད་ཆེན་པོའོ།། བདག་ནི་ནད་དང་བྲལ་བར་བྱསྟེ། ནད་རབ་ཏུ་སྲང་བའི་ཕྱིར་བརྩོན་པར་བྱའོ།། དེ་ལ་ནད་སྤང་བ་དེ་གང་ཞེ་ན། འདི་ལྟ་སྟེ། ངར་འཛིན་པ་དང་། ང་ཡིར་འཛིན་པ་ཟངས་པའོ།། ངར་འཛིན་པ་དང་། ང་ཡིར་འཛིན་པ་བླངས་པ་དེ་གང་ཞེ་ན། འདི་ལྟ་སྟེ། གཉིས་དང་བྲལ་བའོ། ། དེ་ལ་གཉིས་དང་བྲལ་བ་གང་ཞེ་ན། འདི་ལྟ་སྟེ། ནང་དང་ཕྱི་རོལ་དུ་ཀུན་ཏུ་སྤྱོད་པ་མེད་པའོ།། དེ་ལ་ནང་དང་ཕྱི་རོལ་དུ་ཀུན་ཏུ་སྤྱོད་པ་མེད་པ་དེ་གང་ཞེ་ན། འདི་ལྟ་སྟེ། མཉམ་པ་ཉིད་ལས་མི་གཡོ་བ། རབ་ཏུ་མི་གཡོ་བ། རྣམ་པར་མི་གཡོའོ།། མཉམ་པ་ཉིད་གང་ཞེ་ན། བདག་མཉམ་པ་ཉིད་ནས། མྱ་ངན་ལས་འདས་པ་མཉམ་པ་ཉིད་ཀྱི་བར་དུའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། བདག་དང་མྱ་ངན་ལས་འདས་པ་གཉིས་ཀའང་སྟོང་པའི་ཕྱིར་རོ།། དེ་གཉིས་ཀ་ཅིས་སྟོང་ཞེ་ན། མིང་དུ་བརྗོད་པས་དེ་གཉིས་སྟོང་སྟེ། དེ་དག་ཀྱང་ཡོངས་སུ་མ་གྲུབ་པའོ། ། དེ་ལྟར་མཉམ་པ་ཉིད་མཐོང་བ་དེས། ནང་ཉིད་གཞན་མ་ཡིན། སྟོང་པ་ཉིད་གཞན་དུ་མི་བྱེད་དེ། ནད་ཉིད་སྟོང་པ་ཉིད་དོ།། ཚོར་བ་དེ་ནི་ཚོར་བ་མེད་པར་རིག་པར་བྱ་སྟེ། དེས་ཚོར་བ་འགོག་པ་ཡང་མངོན་དུ་མི་བྱའོ། ། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པ་ལ་ཚོར་བ་གཉིས་ཀ་དོར་མོད་ཀྱི། ངན་འགྲོར་སྐྱེས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་མི་བསྐྱེད་པའང་མ་ཡིན་ནོ། ། ཇི་ལྟར་སེམས་ཅན་འདི་དག་ལ་ཚུལ་བཞིན་ངེས་པར་སེམས་པས་ནད་སེལ་བར་འགྱུར་བ་དེ་ལྟར་བྱའོ།། འདི་དག་ལ་ཆོས་གང་ཡང་ཉེ་བར་སྦྱར་བར་ཡང་མི་བྱ།། བསལ་བར་ཡང་མི་བྱ་སྟེ། དེ་གཞི་གང་ལས་ནང་བྱུང་བ་དེ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དེ་དག་ལ་ཆོས་བཤད་པར་བྱའོ།། གཞི་དེ་གང་ཞེ་ན། འདི་ལྟ་སྟེ། ལྷག་པར་དམིགས་པ་ནི་གཞིའོ།། ལྷག་པར་དམིགས་པའི་གཞི་ལ་ཇི་ཙམ་དུ་དམིགས་པ་དེ་ཙམ་དུ་ནད་ཀྱི་གཞིའོ།། ཅི་ལ་ལྷག་པར་དམིགས་ཤེ་ན། ཁམས་གསུམ་ལ་ལྷག་པར་དམིགས་སོ།། ལྷག་པར་དམིགས་པའི་གཞི་ཡོངས་སུ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། དམིགས་པ་མེད་ཅིང་མི་དམིགས་པའོ།། གང་མི་དམིགས་པ་དེ་ནི་ལྷག་པར་མི་དམིགས་པའོ།། ཅི་མི་དམིགས་ཤེ་ན། འདི་ལྟ་སྟེ། བདག་ཏུ་ལྟ་བ་དང་། ཕ་རོལ་ཏུ་ལྟ་བ་དང་ལྟ་བ་གཉིས་སུ་མི་དམིགས་ཏེ། དེས་ན་མི་དམིགས་པ་ཞེས་བྱའོ།། འཇམ་དཔལ་དེ་ལྟར་བྱང་ཆུབ་སེམས་དཔའ་ན་བས་རྒ་བ་དང་། ན་བ་དང་། འཆི་བ་དང་། སྐྱེ་བ་སྤང་བའི་ཕྱིར་བདག་གི་སེམས་ལ་ངེས་པར་བསམ་པར་བྱའོ། ། འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནད་ནི་དེ་ལྟ་བུ་ཡིན་ཏེ། གལ་ཏེ་དེ་ལྟ་མ་ཡིན་དུ་ཟིན་ན་འབད་པ་དོན་མེད་པར་འགྱུར་རོ།། འདི་ལྟ་སྟེ། དཔེར་བྱ། ན་ཕྱིར་རྒོལ་བ་བཅོམ་པས་དཔའ་པོ་ཞེས་བྱ་བ་དེ་བཞིན་དུ། རྒ་བ་དང་། ན་བ་དང་། འཆི་བའི་སྡུག་བསྔལ་ཞི་བར་བྱེད་པས་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་ན་བ་དེས་འདི་སྙམ་དུ་ཇི་ལྟར་བདག་གི་ནད་ཡང་དག་པར་མ་ཡིན་ཞིང་། ཡོད་པ་མ་ཡིན་པ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་ནད་ཀྱང་ཡང་དག་པ་མ་ཡིན་ཞིང་། ཡོད་པ་མ་ཡིན་ནོ་ཞེས་བརྟག་པར་བྱ་སྟེ། དེ་དེ་ལྟར་རྟོག་པ་ན། ཕན་ཡོན་དུ་ལྟ་བར་མི་ལྟུང་ཞིང་།། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེ་སྟེ། གློ་བུར་གྱི་ཉོན་མོངས་པཟང་བའི་ཕྱིར་མངོན་པར་བརྩོན་པའི་སྙིང་རྗེ་ཆེན་པོ་སེམས་ཅན་རྣམས་ལ་སྐྱེ་བ་ནི་མ་གཏོགས་སོ། ། དེ་ཅིའི་ཕྱིར་ཞེ་ན། ཕན་ཡོན་དུ་ལྟ་བར་ལྟུང་བའི་སྙིང་རྗེ་ཆེན་པོས་ནི་སྐྱེ་བ་རྣམས་སུ་བྱང་ཆུབ་སེམས་དཔའ་སྐྱོ་བར་འགྱུར་རོ།། ཕན་ཡོན་དུ་ལྟ་བའི་ཀུན་ནས་ལྡང་བ་དང་བྲལ་བའི་སྙིང་རྗེ་ཆེན་པོས་ནི་བྱང་ཆུབ་སེམས་དཔའ་སྐྱེ་བ་རྣམས་སུ་སྐྱོ་བར་མི་འགྱུར་རོ། ། ལྟ་བ་ཀུན་ནས་ལྡང་བ་ཀུན་ཏུ་ལྡང་ཞིང་མི་སྐྱེ་སྟེ། དེ་སེམས་ཀུན་ནས་ལྡང་བ་མེད་པར་སྐྱེ་བས་དེ་གྲོལ་བཞིན་དུ་སྐྱེ། དེ་གྲོལ་བཞིན་དུ་འབྱུང་ངོ་།། གྲོལ་བཞིན་དུ་སྐྱེ་ཞིང་། གྲོལ་བཞིན་དུ་འབྱུང་བས་སེམས་ཅན་བཅིངས་པ་རྣམས་བཅིངས་པ་ལས་དགྲོལ་བའི་ཆོས་སྟོན་པར་ནུས་ཤིང་མཐུ་ཡོད་དོ།། འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱིས་བདག་ཉིད་བཅིངས་པས་ཕ་རོལ་བཅིངས་པ་ལས་འགྲོལ་བ་དེ་ནི་གནས་མེད་དེ། བདག་གྲོལ་བས་ཕ་རོལ་བཅིངས་པ་ལས་འགྲོལ་བ་དེ་ནི་གནས་ཡོད་དོ་ཞེས་གསུངས་ཏེ། དེ་བསྣ་ན་བྱང་ཆུབ་སེམས་དཔའ་གྲོལ་བར་བྱའི། བཅིངས་པར་ནི་མི་བྱའོ།། དེ་ལ་བཅིངས་པ་གང་། གྲོལ་བ་གང་ཞེ་ན། ཐབས་མེད་པར་སྲིད་པའི་འགྲོ་བ་ཡོངས་སུ་འཛིན་པ་ནི། བྱང་ཆུབ་སེམས་དཔའི་བཅིངས་པའོ། ། ཐབས་ཀྱིས་སྲིད་པའི་འགྲོ་བར་འཇུག་པ་ནི་གྲོལ་བའོ།། ཐབས་མེད་པས་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་རོ་མྱང་བ་ནི་བྱང་ཆུབ་སེམས་དཔའི་བཅིངས་པའོ། ། ཐབས་ཀྱིས་བསམ་གཏན་དང་ཏིང་ངེ་འཛིན་གྱི་རོ་མྱང་བ་ནི་གྲོལ་བའོ།། ཐབས་ཀྱིས་མ་ཟིན་པའི་ཤེས་རབ་ནི་བཅིངས་པའོ།། ཐབས་ཀྱིས་ཟིན་པའི་ཤེས་རབ་ནི་གྲོལ་བའོ།། ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ནི་བཅིངས་པའོ།། ཤེས་རབ་ཀྱིས་ཟིན་པའི་ཐབས་ནི་གྲོལ་བའོ།། དེ་ལ་ཐབས་མེད་པས་ཟིན་པའི་ཤེས་རབ་བཅིངས་པ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་ངེས་པར་སེམས་ཤིང་། མཚན་དང་། དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ངེས་པར་མི་སེམས་པ་ནི་ཐབས་མེད་པས་ཟིན་པའི་ཤེས་རབ་སྟེ་བཅིངས་པའོ། ། དེ་ལ་ཐབས་ཀྱིས་ཟིན་པའི་ཤེས་རབ་གྲོལ་བ་གང་ཞེ་ན། འདི་ལྟ་སྟེ། མཚན་དང་། དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་སེམས་ངེས་པར་སེམས་ཤིང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་འདྲིས་པར་བྱེད་པ་འདི་ནི་ཐབས་ཀྱིས་ཟིན་པའི་ཤེས་རབ་སྟེ་གྲོལ་བའོ། ། དེ་ལ་ཤེས་རབ་ཀྱིས་མ་ཟིན་པའི་ཐབས་བཅིངས་པ་གང་ཞེ་ན། འདི་ལྟ་སྟེ། ལྟ་བ་ཐམས་ཅད་དང་། ཉོན་མོངས་པ་ཀུན་ནས་ལྡང་བ་དང་། བག་ལ་ཉལ་བ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་ལ་གནས་པའི་དགེ་བའི་རྩ་བ་རྩོམ་པ་ཐམས་ཅད་བྱང་ཆུབ་ཏུ་མི་སྔོ་བ་ནི་ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ཏེ་བཅིངས་པའོ།། དེ་ལ་ཤེས་རབ་ཀྱིས་ཟིན་པའི་ཐབས་གྲོལ་བ་གང་ཞེ་ན། འདི་ལྟ་སྟེ། ལྟ་བ་ཐམས་ཅད་དང་། ཉོན་མོངས་པ་ཀུན་ནས་ལྡང་བ་དང་། བག་ལ་ཉལ་བ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤངས་པའི་དགེ་བའི་རྩ་བ་རྩོམ་པ་ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ལ། དེས་ཀྱང་མི་སྙེམས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱིས་ཟིན་པའི་ཐབས་ཏེ་གྲོལ་བའོ།། འཇམ་དཔལ་དེ་ལ་བྱང་ཆུབ་སེམས་དཔའ་ན་བས་དེ་ལྟར་ཆོས་དེ་དག་ལ་ངེས་པར་བསམ་པར་བྱ་སྟེ། གང་ལུས་དང་། སེམས་དང་། ནད་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་རྟོག་པ་དེ་ནི་དེའི་ཤེས་རབ་བོ། ། གང་ཡང་ལུས་ཀྱི་ནང་ཡོངས་སུ་སྤོང་བས་མི་སྐྱོ་སྟེ། འཁོར་བའི་རྒྱུན་མི་གཅོད་ཅིང་། སེམས་ཅན་གྱི་དོན་སྦྱོར་བ་ལ་རྗེས་སུ་སྦྱོར་བ་འདི་ནི་དེའི་ཐབས་སོ།། གཞན་ཡང་གང་ལུས་དང་། སེམས་དང་། ནད་རྣམས་ཕན་ཚུན་གཅིག་ནས་གཅིག་ཏུ་གསར་པ་ཡང་མ་ཡིན། བརྙིངས་པ་ཡང་མ་ཡིན་པར་རྟོག་པ་དེ་ནི་དེའི་ཤེས་རབ་བོ།། གང་ཡང་ལུས་དང་། སེམས་དང་ནད་རྣམས་ཤིན་ཏུ་ཤི་བ་དང་། འགོག་པ་མི་སྐྱེ་བ་དེ་ནི་དེའི་ཐབས་སོ།། འཇམ་དཔལ་དེ་ལྟར་བྱང་ཆུབ་སེམས་དཔའ་ན་བས་རང་གི་སེམས་ངེས་པར་བསམ་པར་བྱ་མོད་ཀྱི། དེས་ངེས་པར་སེམས་པ་དང་། ངེས་པར་མི་སེམས་པ་ལ་གནས་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ངེས་པར་སེམས་པ་ལ་གནས་པ་དེ་ནི་བྱིས་པའི་ཆོས་སོ།། ཅི་སྟེ་ངེས་པར་མི་སེམས་པ་ལ་གནས་ན།། དེ་ནི་ཉན་ཐོས་ཀྱི་ཆོས་སོ།། དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ངེས་པར་སེམས་པ་དང་མི་སེམས་པ་ལ་གནས་པར་མི་བྱའོ།། གང་དེ་ལ་མི་གནས་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་སོ་སོའི་སྐྱེ་བོའི་སྤྱོད་ཡུལ་ཡང་མ་ཡིན། འཕགས་པའི་སྤྱོད་ཡུལ་ཡང་མ་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་འཁོར་བའང་སྤྱོད་ཡུལ་ལ། ཉོན་མོངས་པའང་སྤྱོད་ཡུལ་མ་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་མྱ་ངན་ལས་འདས་པར་རྟོག་པའང་སྤྱོད་ཡུལ་ལ། གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པ་རང་སྤྱོད་ཡུལ་མ་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། ། གང་བདུད་བཞི་སྟོན་པའང་སྤྱོད་ཡུལ་ལོ།། བདུད་ཀྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པའང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོལ་བའང་སྤྱོད་ཡུལ་ལ། དུས་མ་ཡིན་པར་ཡེ་ཤེས་ཐོབ་པའང་སྤྱོད་ཡུལ་མ་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་བདེན་པ་བཞི་ཤེས་པའང་སྤྱོད་ཡུལ་ལ། དུས་མ་ཡིན་པར་བདེན་པར་རྟོགས་པར་བྱེད་པའང་སྤྱོད་ཡུལ་མ་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་ནང་དུ་སོ་སོར་རྟོག་པའང་སྤྱོད་ཡུལ་ལ། བསམས་བཞིན་དུ་སྲིད་པར་སྐྱེ་བར་ཡོངས་སུ་འཛིན་པའང་སྤྱོད་ཡུལ་བ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་མི་སྐྱེ་བ་སོ་སོར་རྟོག་པའང་སྤྱོད་ཡུལ་ལ། ངེས་པར་གྱུར་པ་ལ་འཇུག་པའང་སྤྱོད་ཡུལ་མ་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་རྟེན་ཅིང་འབྲེལ་བར་འབྱུང་བ་འང་སྤྱོད་ཡུལ་ལ། ལྟ་བ་ཐམས་ཅད་ཀྱི་ཡུལ་ཡང་སྤྱོད་ཡུལ་མ་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། ། གང་སེམས་ཅན་ཐམས་ཅད་ཀྱི་འདུ་འཛི་ཡང་སྤྱོད་ཡུལ་ལ། ཉོན་མོངས་པའི་བག་ལ་ཉལ་ཡང་སྤྱོད་ཡུལ་མ་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་དབེན་པའང་སྤྱོད་ཡུལ་ལ། ལུས་དང་སེམས་ཟད་པའི་གནས་ཀྱང་སྤྱོད་ཡུལ་མ་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་ཁམས་གསུམ་ཡང་སྤྱོད་ཡུལ་ལ། ཆོས་ཀྱི་དབྱིངས་དབྱེ་བར་བྱ་བའང་སྤྱོད་ཡུལ་མ་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་སྟོང་པ་ཉིད་ཀྱང་སྤྱོད་ཡུལ་ལ། ཡོན་ཏན་གྱི་རྣམ་པ་ཐམས་ཅད་ཚོལ་བའང་སྤྱོད་ཡུལ་བ། དེ་ནིབྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་མཚན་མ་མེད་པའང་སྤྱོད་ཡུལ་ལ། སེམས་ཅན་རབ་ཏུ་གྲོལ་བར་བྱ་བ་ལ་དམིགས་ཤིང་རྟོག་པའང་སྤྱོད་ཡུལ་བ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། ། གང་སྨོན་པ་མེད་པའང་སྤྱོད་ཡུལ་ལ། བསམས་བཞིན་དུ་སྲིད་པའི་འགྲོ་བར་སྟོན་པའང་སྤྱོད་ཡུལ་བ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་མངོན་པར་འདུ་མི་བྱེད་པའང་སྤྱོད་ཡུལ་ལ། དགེ་བའི་རྩ་བ་ཐམས་ཅད་མངོན་པར་འདུ་བྱེད་པ་རྒྱུན་མི་གཅོད་པའང་སྤྱོད་ཡུལ་བ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་། སྤྱོད་ཡུལ་ལ། སེམས་ཅན་ཐམས་ཅད་ཀྱི་སེམས་དང་། སྤྱོད་པའི་ཕ་རོལ་ཏུ་འགྲོ་བའང་སྤྱོད་ཡུལ་བ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་མངོན་པར་ཤེས་པ་དྲུག་ཀྱང་སྤྱོད་ཡུལ་ལ། ཟག་པ་ཟད་པའང་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་དམ་པའི་ཆོས་ལ་གནས་པའང་སྤྱོད་ཡུལ་ལ། ལམ་ངན་པ་ལ་མི་དམིགས་པའང་སྤྱོད་ཡུལ་བ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། ། གང་ཚད་མེད་པ་བཞི་ལ་ཡང་སྤྱོད་ཡུལ་ལ། ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ལ་མི་རེ་བའང་སྤྱོད་ཡུལ་བ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་རྗེས་སུ་དྲན་པ་དྲུག་ཀྱང་སྤྱོད་ཡུལ་ལ། ཟག་པ་ཐམས་ཅད་ཀྱང་སྤྱོད་ཡུལ་མ་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའང་སྤྱོད་ཡུལ་ལ། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་དབང་གིས་མི་སྐྱེ་བའང་སྤྱོད་ཡུལ་བ་དེ་ནི།། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་དྲན་པ་ཉེ་བར་གཞག་པའང་སྤྱོད་ཡུལ་ལ། ལུས་དང་། ཚོར་བ་དང་། སེམས་དང་། ཆོས་ཀྱང་ཤིན་ཏུ་སྤྱོད་ཡུལ་མ་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་ཡང་དག་པར་སྤོང་བའང་སྤྱོད་ཡུལ་ལ། དགེ་བ་དང་མི་དགེ་བ་གཉིས་སུ་དམིགས་པའང་སྤྱོད་ཡུལ་མ་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་རྫུ་འཕྲུལ་གྱི་རྐང་པ་སྒྲུབ་པའང་སྤྱོད་ཡུལ་ལ། ལྷུན་གྱིས་གྲུབ་པའི་རྫུ་འཕྲུལ་གྱི་རྐང་པ་ལ་དབང་སྒྱུར་བའང་སྤྱོད་ཡུལ་བ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། ། གང་དབང་པོ་ལྔའི་ཡང་སྤྱོད་ཡུལ་ལ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པའང་སྤྱོད་ཡུལ་བ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་སྟོབས་ལྔ་ལ་གནས་པའང་སྤྱོད་ཡུལ་ལ། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་མངོན་པར་དགའ་པབཔའང་སྤྱོད་ཡུལ་བ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་འགྲུབ་པའང་སྤྱོད་ཡུལ་ལ། བློ་རབ་ཏུ་དབྱེ་བ་ཤེས་པ་ལ་མཁས་པ་ལའང་སྤྱོད་ཡུལ་བ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་ལམ་ལ་གནས་པའང་སྤྱོད་ཡུལ་ལ། ལམ་ངན་པ་ལ་མི་དམིགས་པའང་སྤྱོད་ཡུལ་བ་དེ་ནི།། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་ཞི་གནས་དང་ལྷག་མཐོང་གི་ཚོགས་ཚོལ་བའང་སྤྱོད་ཡུལ་ལ། ཤིན་ཏུ་ཞི་བར་མི་ལྟུང་བའང་སྤྱོད་ཡུལ་བ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་ཆོས་ཐམས་ཅད་སྐྱོ་བ་མེད་པའི་མཚན་ཉིད་དུ་རྟོག་པའང་སྤྱོད་ཡུལ་ལ། མཚན་དང་དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་སྐུ་དང་། རྐྱེན་ཡོངས་སུ་གྲུབ་པའང་སྤྱོད་ཡུལ་བ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཚུལ་སྟོན་པའང་སྤྱོད་ཡུལ་ལ། སངས་རྒྱས་ཀྱི་ཆོས་ལས་མི་ཉམས་པའང་སྤྱོད་ཡུལ་བ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་རང་བཞིན་རབ་ཏུ་རྣམ་པར་དག་པར་གྱུར་པའི་ཆོས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའང་སྤྱོད་ཡུལ་ལ། སེམས་ཅན་ཐམས་ཅད་ཇི་ལྟར་མོས་པ་བཞིན་དུ་སྤྱོད་ལམ་སྟོན་པའང་སྤྱོད་ཡུལ་བ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ། ། གང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ཤིན་ཏུ་འཇིག་པ་དང་། འཆགས་པ་མེད་པ་ནམ་མཁའི་རང་བཞིན་དུ་རྟོག་པའང་སྤྱོད་ཡུལ་ལ། སྣ་ཚོགས་སུ་བཀོད་པ་དང་། དུ་མར་བཀོད་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་སྟོན་པའང་སྤྱོད་ཡུལ་བ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། གང་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པའང་སྤྱོད་ཡུལ་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་མི་སྟོང་པའང་སྤྱོད་ཡུལ་བ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལོ།། བསྟན་པ་འདི་བཤད་པ་ན། འཇམ་དཔལ་གཞོན་ནུར་གྱུར་པ་དང་ལྷན་ཅིག་ཏུ་ལྷགས་པའི་ལྷའི་བུ་དེ་དག་ལས་ལྷའི་བུ་བརྒྱ་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། ། ན་བ་ཡང་དག་པར་དཀའ་བར་བྱ་བའི་ལེའུ་སྟེ་བཞི་པའོ།། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སེམས་ཏེ། ཁྱིམ་འདི་ན་སྟན་དག་ཀྱང་མེད་ན། བྱང་ཆུབ་སེམས་དཔའ་འདི་དག་དང་། ཉན་ཐོས་ཆེན་པོ་འདི་དག་ཅི་ལ་འཁོད་སྙམ་མོ།། དེ་ནས་མི་ཙ་བྱི་དྲི་མ་མེད་པར་གྲགས་པས། ཚེ་དང་ལྡན་པ་ཤཱ་རིའི་བུའི་སེམས་ཀྱི་རྟོག་པ་ཤེས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་ཤཱ་རིའི་བུ་ཅི་ཆོས་འདོད་དེ་འོངས་སམ། འོན་སྟན་འདོད། སྨྲས་པ། ཁོ་བོ་ནི་ཆོས་འདོད་དེ་འོངས་ཀྱི། སྟན་འདོད་པ་དེ་ནི་མ་ཡིན་ནོ།། སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བས་ན་གང་ཆོས་འདོད་པ་དེ་ནི་བདག་གི་ལུས་ཀྱང་འདོད་པ་མ་ཡིན་ན། སྔན་འདོད་པར་ལྟ་ག་ལ་འགྱུར། བཙུན་པ་ཤཱ་རིའི་བུ་གང་ཆོས་འདོད་པ་དེ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་།། རྣམ་པར་ཤེས་པ་འདོད་པ་མ་ཡིན་ནོ།། ཕུང་པོ་དང་། ཁམས་དང་སྐྱེ་མཆེད་འདོད་པ་མ་ཡིན་ནོ། ། གང་ཆོས་འདོད་པ་དེ་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་འདོད་པ་མ་ཡིན་ནོ།། གང་ཆོས་འདོད་པ་དེ་ནི་སངས་རྒྱས་ལ་མངོན་པར་ཞེན་པ་འདོད་པ་མ་ཡིན། ཆོས་དང་དགེ་འདུན་ལ་མངོན་པར་ཞེན་པ་འདོད་པ་མ་ཡིན་ནོ།། བཙུན་པ་ཤཱ་རིའི་བུ་གཞན་ཡང་གང་ཆོས་འདོད་པ་དེ་ནི་སྡུག་བསྔལ་ཡོངས་སུ་ཤེས་པར་འདོད་པ་མ་ཡིན། ཀུན་འབྱུང་བ་སྤང་བར་འདོད་པ་མ་ཡིན། འགོག་པ་མངོན་དུ་བྱ་བར་འདོད་པ་མ་ཡིན། ལམ་བསྒོམ་པར་འདོད་པ་མ་ཡིན་ན།། དེ་ཅིའི་ཕྱིར་ཞེ་ན། ཆོས་ནི་སྤྲོས་པ་མེད་པ། ཡི་གེ་མེད་བ་སྟེ། དེ་ལ་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་བ་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱའོ་ཞེས་གང་འབྲོས་པར་བྱེད་པ་དེ་ནི་ཆོས་འདོད་པ་མ་ཡིན་ཏེ། དེ་ནི་སྤྲོས་པ་འདོད་པའོ། ། མཙུན་པ་ཤཱ་རིའི་བུ་ཆོས་ནི་ཉེ་བར་ཞི་ཞིང་རབ་ཏུ་ཞི་བ་སྟེ། དེ་ལ་གང་དག་སྐྱེ་བ་དང་། འཇིག་པ་ལ་སྤྱོད་པ་དེ་དག་ནི་ཆོས་འདོད་པ་མ་ཡིན། དབེན་པ་འདོད་པ་མ་ཡིན་ཏེ། དེ་ནི་སྐྱེ་བ་དང་འཇིག་པ་འདོད་པའོ།། བཙུན་པ་ཤཱ་རིའི་བུ་གཞན་ཡང་ཆོས་ནི་རྡུལ་མེད་ཅིང་རྡུལ་དང་བྲལ་བ་སྟེ། དེ་ལ་གང་དག་ཆོས་གང་ལ་ཆགས་ན། ཏཱ་ན་མྱ་ངན་ལས་འདས་པ་ལའང་རུང་སྟེ། དེ་དག་ནི་ཆོས་འདོད་པ་མ་ཡིན་གྱི། དེ་དག་ནི་འདོད་ཆགས་ཀྱི་རྡུལ་འདོད་པའོ།། ཆོས་ནི་ཡུལ་མ་ཡིན་ཏེ། གང་དག་ཡུལ་བགྲང་བ་དེ་དག་ནི་ཆོས་འདོད་པ་མ་ཡིན་གྱི། དེ་དག་ནི་ཡུལ་འདོད་པའོ།། ཆོས་ནི་བླང་བ་མེད་པ། དོར་བ་མེད་པ་སྟེ། གང་དག་ཆོས་གང་ལ་འཛིན་པ་དང་། གཏོང་བ་དེ་དག་ནི་ཆོས་འདོད་པ་མ་ཡིན་ཏེ། དེ་དག་ནི་འཛིན་པ་དང་གཏོང་བ་འདོད་པའོ།། ཆོས་ནི་ཀུན་གནི་མེད་པ་སྟེ། གང་ཀུན་གཞི་ལ་དགའ་བ་དེ་དག་ནི་ཆོས་འདོད་པ་མ་ཡིན་གྱི། དེ་དག་ནི་ཀུན་གཞི་འདོད་པའོ།། ཆོས་ནི་མཚན་མ་མེད་པ་སྟེ། གང་དག་གི་རྣམ་པར་ཤེས་པ་མཚན་མའི་རྗེས་སུ་འཇུག་པ་དེ་དག་ནི་ཆོས་འདོད་པ་མ་ཡིན་ཏེ། དེ་དག་ནི་མཚན་མ་འདོད་པའོ།། ཆོས་ནི་གནས་པ་མ་ཡིན་ཏེ། གང་སུ་དག་ཆོས་དང་ལྷན་ཅིག་གནས་པ་དེ་དག་ནི་ཆོས་འདོད་པ་མ་ཡིན་གྱི། དེ་དག་ནི་གནས་པ་འདོད་པའོ།། ཆོས་ནི་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་རིག་པ་མ་ཡིན་ཏེ། གང་དག་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་བྱེད་པ་དང་། རྣམ་པར་རིག་པ་ལ་སྤྱོད་པ་དེ་དག་ནི་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་བྱེད་པ་དང་། རྣམ་པར་རིག་པ་འདོད་པ་ཡིན་ཏེ། དེ་དག་ནི་ཆོས་འདོད་པ་མ་ཡིན་ནོ།། བཙུན་པ་ཤཱ་རིའི་བུ་ཆོས་ནི་འདུས་བྱས་དང་། འདུས་མ་བྱས་མེད་པ་སྟེ། གང་དག་འདུས་བྱས་སྤྱོད་ཡུལ་བ་དེ་དག་ནི། ཆོས་འདོད་པ་མ་ཡིན་གྱི། དེ་དག་ནི་འདུས་བྱས་བུ་འཛིན་པ་འདོད་པའོ།། བཙུན་པ་ཤཱ་རིའི་བུ་དེ་ལྟ་བས་ན། ཁྱོད་ཆོས་འདོད་པར་བྱ་ན། ཁྱོད་ཀྱི་ཆོས་ཐམས་ཅད་མི་འདོད་པར་བྱའོ། ། ཆོས་བསྟན་པ་འདི་བཤད་པ་ན། ལྷའི་བུ་ལྔ་བརྒྱ་ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་གོ། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་གྲངས་མེད་པ་དག་ཏུ་སངས་རྒྱས་ཀྱི་ཞིང་རྒྱུ་ཞིང་འགྲོ་བ་ན། སངས་རྒྱས་ཀྱི་ཞིང་གང་ན་སེང་གེའི་ཁྲི་ཐམས་ཅད་ཀྱི་མཆོག་ཡོན་ཏན་ཐམས་ཅད་དང་ལྡན་པ་དག་མཐོང་། དེ་སྐད་ཅེས་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་འདི་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་སུམ་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་ལྷུན་པོའི་རྒྱལ་མཚན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ལྷུན་པོའི་སྒྲོན་མའི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་གཞེས་སོ།། དེ་བཞིན་གཤེགས་པ་དེའི་སྐུ་ནི་དཔག་ཚད་འབུམ་ཕྲག་བརྒྱད་ཅུ་རྩ་བཞིའོ།། བཅོམ་ལྡན་འདས་དེའི་སེང་གེའི་ཁྲིའི་ཚེད་ནི་དཔག་ཚད་འབུམ་ཟག་དྲུག་ཅུ་རྩ་བརྒྱད་དོ། ། བྱང་ཆུབ་སེམས་དཔའ་དེ་དག་གི་ལུས་ཀྱང་དཔག་ཚད་འབུམ་ཟག་བཞི་བཅུ་རྩ་གཉིས་སོ།། བྱང་ཆུབ་སེམས་དཔའ་དེ་དག་གི་སེང་གེའི་ཁྲི་ཡང་དཔག་ཚད་འབུམ་ཕྲག་སུམ་ཅུ་རྩ་བཞི་ཡོད་དོ། ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལྷུན་པོའི་སྒྲོན་མའི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ལྷུན་པོའི་རྒྱལ་མཚན་དེ་ན་སེང་གེའི་ཁྲི་ཐམས་ཅད་ཀྱི་མཆོག་ཡོན་ཏན་དང་ལྡན་པ་དག་ཡོད་དོ། ། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས་དེའི་ཚེ་དེ་ལྟ་བུའི་བསམ་པ་ཀུན་བསམ་ཞིང་། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་མངོན་པར་བྱས་ཏེ། གང་འཇིག་རྟེན་གྱི་ཁམས་ལྷུན་པོའི་རྒྱལ་མཚན་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྷུན་པོའི་སྒྲོན་མའི་རྒྱལ་པོ་དེས་སེང་གེའི་ཁྲི་སུམ་ཁྲི་ཉིས་སྟོང་བསྐུར་ཏེ། དེ་ཙམ་དུ་འཕང་མཐོ་བ། དེ་ཙམ་དུ་ཡངས་པ། དེ་ཙམ་དུ་བལྟ་ན་སྡུག་པ། གང་བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷའི་བུ་དེ་དག་གིས་སྔོན་མ་མཐོང་བ་དེ་དག་སྟེང་གི་ནམ་མཁའ་ལས་འོངས་ཏེ། ལི་ཙ་བྱི་དྲི་མ་མེད་པར་གྲགས་པའི་ཁྱིམ་དུ་སོ་སོར་གནས་སོ།། སེང་གེའི་ཁྲི་སྣ་ཚོགས་སུམ་ཁྲི་ཉིས་སྟོང་མ་འདོས་པར་ཤོང་སྟེ། ཁྱིམ་དེའང་དེ་ཙམ་དུ་ཡངས་པར་སྣང་ངོ་།། ཡངས་པའི་གྲོང་ཁྱེར་ཆེན་པོའང་བསྒྲིབས་པར་གྱུར་པ་མེད་པ། འཛམ་བུའི་གླིང་དང་གླིང་བཞི་པའང་བསྒྲིབས་པ་མེད་དེ། དེ་དག་ཐམས་ཅད་ཀྱང་སྔོན་ཇི་ལྟ་བ་དེ་བཞིན་དུ་སྣང་ངོ་། ། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་སེང་གེའི་ཁྲི་དང་འཚམ་པའི་ལུས་སུ་བྱིན་གྱིས་རློབས་ལ། བྱང་ཆུབ་སེམས་དཔའ་འདི་དག་དང་། སེང་གེའི་ཁྲི་འདི་ལ་འདུག་ཅིག། དེ་ནས་བྱང་ཆུབ་སེམས་དཔའ་གང་མངོན་པར་ཤེས་པ་ཐོབ་པ་དེ་དག་ནི་བདག་གི་ལུས་དཔག་ཚད་འབུམ་ཕྲག་བཞི་བཅུ་རྩ་གཉིས་པར་བྱིན་གྱིས་བརླབས་ཏེ། སེང་གེའི་ཁྲི་ལ་འཁོད་དོ།། བྱང་ཆུབ་སེམས་དཔའ་གང་དག་ལས་དང་པོ་པ་དེ་དག་ནི་སེང་གེའི་ཁྲི་དེ་དག་ལ་འདུག་མ་ནུས་སོ།། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས་ཇི་ལྟར་བྱང་ཆུབ་སེམས་དཔའ་དེ་དག་མངོན་པར་ཤེས་པ་ལྔ་འགྲུབ་པར་འགྱུར་བ་དེ་ལྟ་དེ་ལྟ་བུར་བྱང་ཆུབ་སེམས་དཔའ་དེ་དག་ལ་ཆོས་བསྟན་ཏེ། དེ་དག་གིས་མངོན་པར་ཤེས་པ་ཐོས་ནས་ལུས་དཔག་ཚད་འབུམ་ཕྲག་པ་ནི་བཅུ་རྩ་གཉིས་པར་མངོན་པར་སྤྲུལ་ཏེ། སེང་གེའི་ཁྲི་དེ་དག་ལ་འཁོད་དོ།། ཉན་ཐོས་ཆེན་པོ་དེ་དག་ཀྱང་སེང་གེའི་ཁྲི་དེ་དག་ལ་འཁོད་མ་ནུས་ཏེ། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སྨྲས་པ། བཙུན་པ་ཤཱ་རིའི་བུ་སེང་གེའི་ཁྲི་ལ་འདུག་ཅིག། སྨྲས་པ། སྐྱེས་བུ་དམ་པ་སེང་གེའི་ཁྲི་འདི་དག་མཐོང་ནིང་ཆེ་བས་འདུག་མི་ནུས་སོ།། སྨྲས་པ། བཙུན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྷུན་པོའི་སྒྲོན་མའི་རྒྱལ་པོ་དེ་ལ་ཕྱག་གྱིས་ཤིག་དང་། འདུག་ནུས་པར་འགྱུར་རོ།། དེ་ནས་ཉན་ཐོས་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྷུན་པོའི་སྒྲོན་མའི་རྒྱལ་པོ་དེ་ལ་ཕྱག་འཚལ་ནས། གདོད་དེ་དག་སེང་གེ་རི་ཁྲི་ལ་འཁོད་དོ།། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་ཁྱིམ་ཆུང་ངུའི་ནང་སེང་གེའི་ཁྲི་འདི་ལྟ་བུར་མཐོ་ཞིང་ཆེ་བ། སྣ་ཚོགས་འདི་ལྟ་བུ་དག་སྟོང་ཕྲག་འདི་སྙེད་ཆུད་པ་དང་། འདི་དག་གིས་ཡངས་པའི་གྲོང་ཁྱེར་ཆེན་པོའང་བསྒྲིབས་པར་མ་གྱུར། འཛམ་བུའི་གླིང་གི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་འཁོར་དང་། གླིང་ཆེན་པོ་བཞི་ལའང་ཅུང་ཟད་ཀྱང་མ་བསྒྲིབས། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་གནས་རྣམས་ཀྱང་བསྒྲིབས་པར་མ་གྱུར་ཏེ། སྔོན་ཅི་འདྲ་བ་ཕྱིས་ཀྱང་དེ་བཞིན་དུ་སྣང་བ་ནི་ངོ་མཚར་ཏོ།། ལི་ཙ་བྱི་དྲི་མ་མེད་པར་གྲགས་པས་སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ཡོད་དོ། ། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། རིའི་རྒྱལ་བོ་རི་རབ་དེ་ཙམ་དུ་མཐོ་བ། དེ་ཙམ་དུ་ཆེ་བ། དེ་ཙམ་དུ་འཕགས་པ། དེ་ཙམ་དུ་ཡངས་པའང་ཡུངས་འབྲུའི་ནང་དུ་འཇུག་སྟེ། ཡུངས་འབྲུ་དེའང་སྐྱེས་པའང་མེད། རི་རབ་ཀྱང་གོང་བའང་མེད་ལ་བྱ་བ་དེའང་སྟོན་ཏོ། ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱང་བདག་ཅག་གང་དུ་བཅུག་མི་ཤེས་སོ།། རྫུ་འཕྲུལ་གྱིས་འདུལ་བའི་སེམས་གཞན་དག་གིས་ནི་རིའི་རྒྱལ་པོ་རི་རབ་དེ་ལུངས་འབྲུའི་ནང་དུ་བཅུག་པར་ཤེས་ཤིང་མཐོང་ངོ་། ། དེ་ནི་བཙུན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ཐར་བ་བསམ་གྱིས་མི་ཁྱབ་དའི་ཡུལ་ལ་འཇུག་པའོ།། བཙུན་པ་ཤཱ་རིའི་བུ་གཞན་ཡང་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། རྒྱ་མཚོ་ཆེན་པོ་བཞིའི་ཆུའི་ཕུང་པོ་རྣམས་པ་སྤུའི་ཁུང་བུ་གཅིག་ཏུ་ལྡུགས་ཏེ། ཉ་དང་། རུས་སྦལ་དང་། ཆུ་སྲིན་བྱིས་པ་གསོད་དང་། སྦལ་པ་དང་། ཆུ་ལས་སྐྱེས་པའི་སྲོག་ཆགས་གཞན་དག་ལའང་གནོད་པར་གྱུར་པ་མེད། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་རྣམས་ཀྱང་འདི་སྙམ་དུ་བདག་ཅག་གར་བཙུད་སྙམ་ཡང་མི་སེམས་ལ་བྱ་བ་དེའང་སྣང་ཞིང་སེམས་ཅན་དེ་དག་ལ་གནོད་ཅིང་འཁྲུགས་པར་གྱུར་པའང་མེད་དོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའང་རྫ་མཁན་གྱི་འཁོར་ལོ་བཞིན་ལག་ས་གཡས་པས་བླངས་ཏེ་བསྐོར་ནས། འཇིག་རྟེན་གྱི་ཁམས་ཀངྒཱའི་ཀླུང་གི་བྱེ་མ་སྙེད་དུ་འཕངས་ཀྱང་སེམས་ཅན་རྣམས་བདག་ཅག་གང་དུ་བྱུང་། གང་ནས་འོངས་མི་ཤེས་སོ།། སླར་ཡང་བླངས་ནས་གནས་བཞིན་དུ་བཞག་ཀྱང་འོང་བ་དང་འགྲོ་བར་མི་ཤེས་མོད་ཀྱི་བྱ་བ་དེའང་ཀུན་སྣང་ངོ་།། བཙུན་པ་ཤཱ་རིའི་བུ་གཞན་ཡང་འཁོར་པ་ཚད་མེད་པས་འདུལ་བའི་སེམས་ཅན་དག་ཀྱང་ཡོད། འཁོར་བ་བསྙུང་བས་འདུལ་བ་དག་ཀྱང་ཡོད་དེ། དེ་ལ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འཁོར་བ་ཚད་མེད་པས་འདུལ་བའི་སེམས་ཅན་རྣམས་འདུལ་བའི་དབང་གི་ཕྱིར་ཞག་བདུན་ཡང་བསྐལ་པ་འདས་པར་སྟོན་ཏོ། ། འཁོར་བ་བསྙུང་བས་འདུལ་བའི་སེམས་ཅན་རྣམས་ལ་ནི་བསྐལ་པའང་ཞག་བདུན་གྱིས་འདས་པར་སྟོན་ཏོ། ། དེ་ལ་འཁོར་བ་ཚད་མེད་པས་འདུལ་བའི་སེམས་ཅན་རྣམས་ནི་ཞག་བདུན་ལའང་བསྐལ་པ་འདས་པ་སྙམ་དུ་སེམས་སོ།། གང་འཁོར་བ་བ་ལྟུང་བ་འདུལ་བའི་སེམས་ཅན་དེ་དག་ནི་བསྐལ་པའང་ཞག་བདུན་གྱིས་འདས་པར་ཤེས་སོ། ། དེ་ལྟར་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཡོན་ཏན་ཐམས་ཅད་ཀྱི་ཡོན་ཏན་བཀོད་པ་རྣམས་སངས་རྒྱས་ཀྱི་ཞིང་གཅིག་ཏུ་སྟོན་ཏོ། ། སེམས་ཅན་ཐམས་ཅད་ཀྱང་ལག་པ་གཡས་པའི་མཐིལ་དུ་བཞག་སྟེ། སེམས་ཀྱིས་མགྱོགས་པའི་རྫུ་འཕྲུལ་གྱིས་འགྲོ་ཞིང་། སངས་རྒྱས་ཀྱི་ཞིང་ཀུན་ཏུ་སྟོན་ཀྱང་། སངས་རྒྱས་ཀྱི་ཞིང་གཅིག་ནས་ཀྱང་མ་གཡོས་སོ།། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་ཇི་སྙེད་ཡོད་པ་དེ་ཐམས་ཅད་སྤུའི་ཁུང་བུ་གཅིག་ཏུ་སྟོན་ཏོ། ། ཕྱོགས་བཅུ་ན་ཟླ་བ་དང་། ཉི་མ་དང་། སྐར་མའི་གཟུགས་ཇི་སྙེད་པ་དེ་ཐམས་ཅད་ཀྱང་སྤུའི་ཁུང་བུ་གཅིག་ཏུ་སྟོན་ཏོ།། ཕྱོགས་བཅུ་ན་རླུང་གི་དཀྱིལ་འཁོར་ལྡང་བ་ཇི་སྙེད་པ་དེ་དག་ཐམས་ཅད་ཁའི་ནང་དུ་བརྔུབས་ཀྱང་དེའི་ལུས་ཞིག་པའང་མེད་ཅིང་། སངས་རྒྱས་ཀྱི་ཞིང་དེ་དག་གི་རྩཝ་དང་ནགས་ཚལ་རྣམས་ཉལ་བའང་མེད་དོ།། ཟླབ་ནའི་སངས་རྒྱས་ཀྱི་བང་རྣམས་པརྡེགས་པའི་འནས་པ་ཚིག་པའི་མའི་ཟུང་བ་ཀུན་རང་གི་སོར་བཅུ་བྱུང་། རླུང་ས་བྱམ་འང་བྱེད་དོ།། འོ་ཥྚས་ཆུབ་ཀྱི་མིང་ཀཱ་དྲའི་ཆུ་གི་བྱེ་མ་སྙེད་འདས་པ་ནས། སངས་རྒྱས་ཀྱི་ཞིང་དེ་སྟེང་དུ་ཕྱུང་སྟེ། གཤེགས་ནས་གྱེན་དུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པར་སྟེང་དུ་འཇོག་སྟེ། འདི་ལྟ་སྟེ། དཔེར་ན་སྐྱེས་བུ་མཐུ་ཆེན་པོ་ཞིག་གིས་ཁབ་ཀྱི་རྩེ་མོས་རྒྱ་ཤུག་གི་ལོ་མ་ལ་བཙུགས་ཏེ་བཏེག་པ་བཞིན་ནོ།། དེ་ལྟར་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་འཁོར་མོས་སྒྱུར་བའི་གཟུགས་སུ་བྱིན་གྱིས་རློབ་བོ། ། དེ་བཞིན་དུ་འཇིག་རྟེན་སྐྱོང་བའི་གཟུགས་སུ་བྱིན་གྱིས་རློབ་བོ།། བརྒྱ་བྱིན་གྱི་གཟུགས་སུ་བྱིན་གྱིས་རློབ་བོ།། ཚངས་པའི་གཟུགས་སུ་བྱིན་གྱིས་རློབ་བོ།། ཉན་ཐོས་ཀྱི་གཟུགས་སུ་བྱིན་གྱིས་རློབ་བོ།། རང་སངས་རྒྱས་ཀྱི་གཟུགས་སུ་བྱིན་གྱིས་རློབ་བོ།། བྱང་ཆུབ་སེམས་དཔའི་གཟུགས་སུ་བྱིན་གྱིས་རློབ་བོ། ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གཟུགས་སུ་བྱིན་གྱིས་རློབ་བོ།། ཕྱོགས་བཅུ་ན་སེམས་ཅན་རབ་འབྲིང་ཐ་མ་ཐམས་ཅད་ཀྱི་སྒྲར་གྲགས་པ་དང་། སྒྲར་བཏགས་པ་གང་ཇི་སྙེད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བདུད་བྱེད་དོ། ། བཙུན་པ་འོད་སྲུངས་ཆེན་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་ན། བྱང་ཆུབ་སེམས་དཔའ་ལ་སློང་བ་གང་དག་གིས་ལག་པ་འམ། རྐང་པ་འམ། རྣ་བ་འམ། སྣ་འམ། ཁྲག་གམ། རྒྱུས་པ་འམ། རུས་པ་འམ། རྐང་པ་འམ་མིག་གམ། རོ་སྟོད་དམ། མགོ་འམ། ཡན་ལག་དང་ཉིང་ལག་ག་མ། རྒྱལ་པོའི་སྲིད་དམ། ཡུལ་འཁོར་རམ། ལྗོངས་སམ། ཆུང་མ་དང་། བུ་པོ་དང་། བུ་མོ་དང་། བྲན་པོ་དང་། བྲན་མོ་དང་། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། བཞོན་པ་དང་། གསེར་དང་། དངུལ་དང་། ནོར་བུ་དང་། མུ་ཏིག་དང་། དུང་དང་། མན་ཤེལ་དང་། བྱུ་རུ་དང་། བཻ་ཌཱུཪྻ་དང་། ནོར་བུ་རིན་པོ་ཆེ་རྣམས་ཀྱང་རུང་། བཟའ་བ་དང་། བཏུང་བ་དང་། བྲོ་བ་རྣམས་སམ། གོས་རྣམས་ཀྱང་རུང་། ཉམ་ང་བར་བྱ་སྟེ། སློང་བ་དེ་དག་ཐམས་ཅད་ཀྱང་ཕལ་ཆེར་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། ཐབས་ལ་མཁས་པས་ལྷག་པའི་བསམ་པ་བརྟན་པ་འདི་དག་སྟོན་ཏོ།། དེ་ཅིའི་ཕྱིར་ཞེ་ན། བཙུན་པ་འོད་སྲུངས་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་དཀའ་ཐུབ་དྲག་པས་ན། དེ་ལྟ་བུར་སྟོན་ཏེ། གོ་སྐབས་མ་ཕྱེ་བར་བྱང་ཆུབ་སེམས་དཔའ་ལ་ཉམ་ང་བར་བྱེད་པའི་མཐུ་སྐྱེ་བོ་བལ་པོ་ཆེ་ལ་མེད་དོ།། གོ་སྐབས་མ་ཕྱེ་བར་གསད་པ་འམ། བསླང་བར་ཡང་མི་ནུས་སོ།། བཙུན་པ་འོད་སྲུངས་འདི་ལྟ་སྟེ། དཔེར་ན་སྲིན་བུ་མེ་ཁྱེར་གྱིས་ཉི་མའི་དཀྱིལ་འཁོར་གྱི་འོད་ཟིལ་གྱིས་མནན་པར་མི་ནུས་པ་དེ་བཞིན་དུ། བཙུན་པ་འོད་སྲུངས་གོ་སྐབས་མ་ཕྱེ་བར་བྱང་ཆུབ་སེམས་དཔའི་ཐད་དུ་འགྲོ་བ་འམ། བསླང་བར་མི་ནུས་སོ།། བཙུན་པ་འོད་སྲུངས་ཆེན་པོ་འདི་ལྟ་སྟེ། དཔེར་ན་བལ་གླང་གླང་པོ་ཆེ་ལ་བརྡེག་པ་ནི་བོང་བུས་བཟོད་པར་མི་ནུས་ཏེ་དེ་བཞིན་དུ་བཙུན་པ་འོད་སྲུངས་ཆེན་པོ་བྱང་ཆུབ་སེམ་དཔའ་མ་ཡིན་པས། བྱང་ཆུབ་སེམས་དཔའ་ལ་ཉམ་ང་བར་བྱེད་མི་ནུས་ཀྱི། བྱང་ཆུབ་སེམས་དཔའ་ཉིད་བྱང་ཆུབ་སེམས་དཔའ་ལ་ཉམ་ང་བར་བྱེད་དེ་བྱང་ཆུབ་སེམས་དཔས་ཉམ་ང་བར་བྱས་པ་བྱང་ཆུབ་སེམས་དཔས་བཟོད་དོ། ། བཙུན་པ་འོད་སྲུངས་ཆེན་པོ་དེ་ནི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ཤེས་པའི་སྟོབས་ལ་འཇུག་པའོ། ། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། ། སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་ཇི་ལྟར་བལྟ་བར་བྱ། སྨྲས་པ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་མཁས་པ་ཆུ་ཟླ་ལ་ལྟ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བལྟ་བར་བྱའོ།། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་སྒྱུ་མ་མཁན་དག་སྒྱུ་མ་མཁན་གྱིས་སྤྲུལ་པའི་མི་ལ་བལྟ་བ་དེ་བཞིན་དུ། བྱང་པ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་གསུང་དབྱངས་དང་། སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲར་བྱིན་གྱིས་རློབ་སྟེ། སྒྲ་དབྱངས་དེ་ལས་ཀྱང་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་སྒྲ་དབྱངས་འབྱུང་བར་བྱེད་དེ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་རྣམ་པ་ཇི་སྙེད་དུ་བསྟན་པས་ཆོས་སྟོན་པ་དེ་དག་ཐམས་ཅད་སྒྲ་དང་དབྱངས་དེ་དག་ལས་འབྱུང་བར་བྱེད་དོ། ། བཙུན་པ་ཤཱ་རིའི་བུ་འདི་ནི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་ལ་འཇུག་པ་ཅུང་ཟད་ཙམ་ཞིག་བསྟན་པར་ཟད་དེ། བཙུན་པ་ཤཱ་རིའི་བུ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་ལ་འཇུག་པ་བསྟན། པ་ནི་བསྐལ་པ་ལས་ལྷག་པ་འམ། དེ་ལས་འདས་པར་ཡང་ཁོ་བོས་བཤད་དོ།། དེ་ནས་གནས་བརྟན་འོད་སྲུངས་ཆེན་པོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་བསྟན་པ་འདི་ཐོས་ནས། ངོ་མཚར་དུ་གྱུར་ཏེ། ཀནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་མི་དམུས་ལོང་གི་མདུན་དུ་ལ་ལས་གཟུགས་སུ་གྱུར་པ་ཐམས་ཅད་བསྟན་ཀྱང་། དམུས་ལོང་དེས་གཟུགས་གཅིག་ཀྱང་མི་མཐོང་བ་དེ་བཞིན་དུ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་སྒོ་འདི་བསྟན་པའི་ཚེ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དམུས་ལོང་དང་འདྲ་བར་མིག་མེད་དེ། བསམ་གྱིས་མི་ཁྱབ་པའི་རྒྱུ་གཅིག་ཙམ་ཡང་མངོན་སུམ་དུ་མ་གྱུར་ན། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་འདི། ཐོས་ན། མཁས་པ་སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེད། དབང་པོ་ཤིན་ཏུ་ཉམས་ཤིང་ས་བོན་ཚིག་པ་དང་། རུལ་བ་ལྟར་ཐེག་པ་ཆེན་པོ་འདི་ལ་སྣོད་དུ་མ་གྱུར་ན། ད་ཇི་ལྟར་བྱ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཆོས་བསྟན་པ་འདི་ཐོས་ནས་ཆོ་ངེས་བཏབ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གོ་བར་བྱའོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ནི། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་འདི་ཐོས་ན་རྒྱལ་བུ་གཞོན་ནུས་ཅོད་པན་བླང་བ་བཞིན་དུ་རབ་ཏུ་དགའ་བས། སྤྱི་བོས་བླང་ཞིང་འདི་ལ་མོས་པའི་སྟོབས་ཤིན་ཏུ་བསྐྱེད་པར་བྱའོ། ། གང་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་འདི་ལ་མོས་པ་དེ་ལ་བདུད་ཐམས་ཅད་ཀྱང་ཅི་ཞིག་བྱེད་པར་འགྱུར། གནས་བརྟན་འོད་སྲུངས་ཆེན་པོས་བསྟན་པ་འདི་བཤད་པ། ན། ལྷའི་བུ་སུམ་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས། གནས་བརྟན་འོད་སྲུངས་ཆེན་པོ་ལ་འདི་སྐད་ཅེས། སྨྲས་སོ།། བཙུན་པ་འོད་སྲུངས་ཆེན་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་ན། བདུད་ཇི་སྙེད་བདུད་བྱེད་པ་དེ་དག་ཐམས་ཅད་ཀྱང་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བལྟ་བར་བྱའོ། ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་མེ་ལོང་གི་དཀྱིལ་འཁོར་ལ་བཞིན་བལྟ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔས། སེམས་ཅན་ཐམས་ཅད་ལ་བལྟ་བར་བྱའོ།། འཇལ་དཔལ་འདི་ལྟ་སྟེ། དཔེར་ན་སྨིག་རྒྱུ་ལ་ཆུ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བལྟ་བར་བྱའོ།། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་བྲག་ཆའི་སྒྲ་སྐད་ལྟ་བུར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བལྟ་བར་བྱའོ། ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ནམ་མཁའི་སྤྲིན་གྱི་ཕུང་པོ་ལྟ་བུར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བལྟ་བར་བྱའོ། ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་དབུ་བརྡོས་པའི་སྔོན་གྱི་མཐའ་ལྟ་བུར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བལྟ་བར་བྱའོ།། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ཆུའི་ཆུ་བུར་འབྱུང་བ་དང་། འཇིག་པ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་པའོ།། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ཆུ་ཤིང་ལི་སྙིང་པོ་བལྟ་བ་ལྟར་བྱང་ཆུབ་སེམ་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་གློག་གི་འཕོ་བ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ།། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ཁམས་ལྔ་པ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་སྐྱེ་མཆེད་བདུན་པ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་གཟུགས་མེད་པ་དག་ལ་གཟུགསུ་སྣང་བ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། འཇམ་དཔལ་འདི་ལྟ་སྟེ།། དཔེར་ན་ས་བོན་བརྡོས་པ་ལས་མྱུ་གུ་འགྲུབ་པ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་སྦལ་པའི་སྤུའི་གོས་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ཤི་བ་འདོད་པའི་རྩེ་མོ་ལ་དགའ་བ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་རྒྱུན་དུ་ཞུགས་པའི་འཇིག་ཚོགས་ལ་བལྟ་བ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ལན་ཅིག་ཕྱིར་འོང་བ་ལ་སྲིད་པ་གསུམ་པ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ཕྱིར་མི་འོང་བ་ལ་མངལ་དུ་འཇུག་པ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་དགྲ་བཅོམ་པ་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་སེར་སྣ་དང་། འཆལ་བའི་ཚུལ་ཁྲིམས་དང་། གནོད་སེམས་དང་། རྣམ་པར་འཚེ་བའི་སེམས་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པ་ལ་བག་ཆགས་བཞིན་དུ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་མི་དམུས་ལོང་གིས་གཟུགས་མཐོང་བ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བརྟག་གོ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་འགོག་པ་ལ་སྐོམས་པར་ཞུགས་པ་དབུགས་འབྱུང་བ་དང་བརྔུབ་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་ནི་བྱའི་རྗེས་བཞིན་དུ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་མ་ནིང་ལ་དབང་པོ་སྐྱེ་བ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་མོ་གཤམ་གྱི་བུ་རྙེད་པ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པས་སྤྲུལ་པའི་ཉོན་མོངས་པའི་མ་སྐྱེས་པ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་རྨི་ལམ་ན་སྣང་བ་སད་པ་ན་མཐོང་བ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ཀུན་ཏུ་མི་རྟོག་པ་ལ་ཉོན་མོངས་པ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་རྒྱུ་མེད་པ་ལས་མེ་འབྱུང་བ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ།། འཇམ་དཔལ་འདི་ལྟ་སྟེ། དཔེར། ན་ཡོངས་སུ་མྱ་ངན་ལས་འདས་པའི་ཞིང་མཚམས་སྦྱོར་བ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ།། འཇམ་དཔལ་དེ་ལྟ་བུར་ཡང་དག་པ་ཉིད་བདག་མེད་པར་རབ་ཏུ་རྟོགས་སོ། ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་གོ། སྨྲས་པ། རིགས་ཀྱི་བུ་གལ་ཏེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་དེ་ལྟ་བུར་སོ་སོར་བརྟག་ན། ཇི་ལྟར་ན་དེ་སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་སྐྱེ་བར་འགྱུར། སྨྲས་པ། འཇམ་དཔལ་ནམ་བྱང་ཆུབ་སེམས་དཔས་དེ་ལྟར་སོ་སོར་རྟོག་པ་ན། དེ་ལྟར་ཆོས་ཡོངས་སུ་ཤེས་ནས། སེམས་ཅན་འདི་དག་ལའང་བདག་གིས་ཆོས་བསྟན་ཏོ་སྙམ་སྟེ། དེ་ལྟ་བས་ན་དེ་སེམས་ཅན་ཐམས་ཅན་ལ་ཡང་དག་པའི་སྐྱབས་ཀྱི་བྱམས་པ་སྐྱེ་སྟེ། ལེན་པ་མེད་པའི་ཕྱིར། ཉེ་བར་ཞི་བའི་བྱམས་པའོ།། ཉོན་མོངས་པ་མེད་པས་ན་གདུང་བ་མེད་པའི་བྱམས་པའོ།། དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར། ཇི་བཞིན་པ་ཉིད་ཀྱི་བྱམས་པའོ།། ཀུན་ནས་ལྡང་བ་མེད་པའི་ཕྱིར། འགལ་བ་མེད་པའི་བྱམས་པའོ། ། ཕྱི་ནང་མ་འདྲེས་པའི་ཕྱིར། གཉིས་སུ་མེད་པའི་བྱམས་པའོ།། ཤིན་ཏུ་མཐར་ཐུག་པའི་ཕྱིར། མི་འཁྲུགས་པའི་བྱམས་པའོ།། བསམ་པ་རྡོ་རྗེ་ལྟར་མི་བྱེད་པའི་ཕྱིར། བརྟན་པའི་བྱམས་པའོ། ། རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར། ཡོངས་སུ་དག་པའི་བྱམས་པའོ།། བསམ་པ་མཉམ་པའི་ཕྱིར། མཉམ་པའི་བྱམས་པའོ།། དགྲ་བཅོམ་པའི་ཕྱིར། དགྲ་བཅོམ་པའི་བྱམས་པའོ།། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་རྒྱུན་མི་འཆད་པའི་ཕྱིར། བྱང་ཆུབ་སེམས་པའི་བྱམས་པའོ།། ཡང་དེ་བཞིན་ཉིད་ཁོང་དུ་ཆུད་པའི་ཕྱིར། དེ་བཞིན་གཤེགས་པའི། བྱམས་པའོ།། སེམས་ཅན་གཉིད་ཀྱིས་ལོག་པ་རབ་ཏུ་སད་པར་བྱེད་པའི་ཕྱིར། སངས་རྒྱས་ཀྱི་བྱམས་པའོ།། རང་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར། རང་བྱུང་གི་བྱམས་པའོ།། རོ་མཚུངས་པའི་ཕྱིར། བྱང་ཆུབ་ཀྱི་བྱམས་པའོ།། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པའི་ཕྱིར། སྒྲོ་བཏགས་པ་མེད་པའི་བྱམས་པའོ།། ཐེག་པ་ཆེན་པོ་ཡོངས་སུ་སྣང་བར་བྱེད་པའི་ཕྱིར། སྙིང་རྗེས་ཆེན་པོའི་བྱམས་པའོ། ། སྟོང་པ་དང་བདག་མེད་པར་སོ་སོར་རྟོག་པའི་ཕྱིར། ཡོངས་སུ་མི་སྐྱོ་བའི་བྱམས་པའོ།། སློབ་དཔོན་དཔེ་མཁྱུད་མེད་པའི་ཕྱིར། ཆོས་ཀྱི་སྦྱིན་པའི་བྱམས་པའོ།། ཚུལ་ཁྲིམས་འཆལ་པའི་སེམས་ཅན་ལ་ལྟ་བའི་ཕྱིར། ཚུལ་ཁྲིམས་ཀྱི་བྱམས་པའོ།། བདག་དང་ཕ་རོལ་སྲང་བའི་ཕྱིར། བཟོད་པའི་བྱམས་པའོ།། སེམས་ཅན་ཐམས་ཅད་ཀྱི་ཁུར་ཁྱེར་བའི་ཕྱིར། བརྩོན་འགྲུས་ཀྱི་བྱམས་པའོ། ། རོ་མྱང་བ་མེད་པའི་ཕྱིར། བསམ་གཏན་གྱི་བྱམས་པའོ།། དུས་སུ་འཐོབ་པར་བྱེད་པའི་ཕྱིར། ཤེས་རབ་ཀྱི་བྱམས་པའོ།། ཐམས་ཅད་དུ་སྒོ་སྟོན་པའི་ཕྱིར། ཐབས་ཀྱི་བྱམས་པའོ། ། བསམ་པ་རྣམ་པར་དག་པའི་ཕྱིར། ཚུལ་འཆོས་པ་མེད་པའི་བྱམས་པའོ།། བསམ་པ་ཐག་པ་ནས་བྱེད་པའི་ཕྱིར། གཡོ་མེད་པའི་བྱམས་པའོ།། ཉོན་མོངས་པ་མེད་པའི་ཕྱིར། ལྷག་པའི་བསམ་པའི་བྱམས་པའོ། ། བཅོས་མ་མ་ཡིན་པའི་ཕྱིར། སྒྱུ་མེད་པའི་བྱམས་པའོ།། སངས་རྒྱས་ཀྱི་བདེ་བ་ལ་འགོད་པའི་ཕྱིར། བདེ་བའི་བྱམས་པ་སྟེ། འཇམ་དཔལ་དེ་ནི་བྱང་ཆུབ་སེམས་དཔའི་བྱམས་པ་ཆེན་པོའོ། ། སྨྲས་པ། དེའི་སྙིང་རྗེ་ཆེན་པོ་གང་ཡིན། སྨྲས་པ། དགེ་བའི་རྩ་བ་ཅི་བྱས་པ་སེམས་ཅན་ཐམས་ཅད་ལ་གཏོང་བའོ།། སྨྲས་པ། དེའི་དགའ་བ་ཆེན་པོ་གང་ཡིན། སྨྲས་པ། གང་བྱིན་ནས་ཡིད་དགའ་བར་འགྱུར་ཏེ། མི་འགྱོད་པའོ།། སྨྲས་པ། དེའི་བཏང་སྙོམས་གང་ཡིན། སྨྲས་པ། གང་གཉིས་ཀའི་དོན་དུ་འགྱུར་བའོ།། སྨྲས་པ། འཁོར་བའི་འཇིགས་པས་སྐྲག་པ་གང་ལ་བརྟན་པར་བྱ། སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔས་ཁོར་བའི་འཇིགས་པས་སྐྲག་པ་ནི། སངས་རྒྱས་ཀྱི་ཆེ་བ་ཉིད་ལ་བརྟན་པར་བྱའོ།། སྨྲས་པ། སངས་རྒྱས་ཀྱི་ཆེ་བ་ཉིད་ལ་གནས་པར་འདོད་པས་གང་ལ་གནས་པར་བྱ། ། སྨྲས་པ། སངས་རྒྱས་ཀྱི་ཆེ་བ་ཉིད་ལ་གནས་པར་འདོད་པས།། སེམས་ཅན་ཐམས་ཅད་ལ་སྙོམས་པར་གནས་པར་བྱའོ།། སྨྲས་པ། སེམས་ཅན་ཐམས་ཅད་ལ་སྙོམས་པར་གནས་པར་འདོད་པས་གང་ལ་གནས་པར་བྱ། སྨྲས་པ། སེམས་ཅན་ཐམས་ཅད་ལ་སྙོམས་པར་གནས་པར་འདོད་པས། སེམས་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱ་བའི་ཕྱིར་གནས་པར་བྱའོ། ། སྨྲས་པ། སེམས་ཅན་ཐམས་ཅད་རབ་ཀུམར་བར་བྱ་བར་འདོད་པས་ཇི་ལྟ་བུར་བྱ།། སྨྲས་པ། སེམས་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱ་བར་འདོད་པས། ཉོན་མོངས་པ་ལས་རབ་ཏུ་ཐར་པར་བྱའོ།། སྨྲས་པ། ཉོན་མོངས་པ་སྤང་བར་འདོད་པས་ཇི་ལྟར་རབ་ཏུ་སྦྱར་བར་བྱ། སྨྲས་པ། ཉོན་མོངས་པ་སྤང་བར་འདོད་པས་ཚུལ་བཞིན་རབ་ཏུ་སྦྱར་བར་བྱའོ།། ། སྨྲས་པ། ཇི་ལྟ་བུར་རབ་ཏུ་སྦྱར་ན་ཚུལ་བཞིན་རབ་ཏུ་སྦྱོར་བ་ཡིན། སྨྲས་པ། སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་རབ་ཏུ་སྦྱོར་བ་ནི། ཚུལ་བཞིན་རབ་ཏུ་སྦྱོར་བ་ཡིན་ནོ།། སྨྲས་པ། ཅི་མི་སྐྱེད། ཅི་མི་འགོག། སྨྲས་པ། མི་དགེ་བ་རྣམས་ནི་མོ་སྐྱོད་ཅིང་། དགེ་བ་རྣམས་མི་འགོག་གོ།། སྨྲས་པ། དགེ་བ་དང་མི་དགེ་བའི་རྩ་བ་གང་། སྨྲས་པ། འཇིག་ཚོགས་ནི་རྩ་བའོ།། སྨྲས་པ། འཇིག། ཚོགས་ཀྱི་རྩ་བ་གང་། སྨྲས་པ། འཇིག་ཚོགས་ཀྱི་རྩ་བ་ནི་འདོད་པ་དང་ཆགས་པའོ།། སྨྲས་པ། འདོད་པ་དང་ཆགས་པའི་རྩ་བ་གང་། སྨྲས་པ། འདོད་པ་དང་ཆགས་པའི་རྩ་བ་ནི། ཡང་དག་པ་མ་ཡིན་པ་ཀུན་རྟོག་པའོ། ། སྨྲས་པ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་རྩ་བ་གང་སྨྲས་པ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་རྩ་བ་ནི། ཕྱིན་ཅི་ལོག་གི་འདུ་ཤེས་སོ།། སྨྲས་པ། ཕྱིན་ཅི་ལོག་གི་འདུ་ཤེས་ཀྱི་རྩ་བ་གང་། སྨྲས་པ། ཕྱིན་ཅི་ལོག་གི་འདུ་ཤེས་ཀྱི་རྩ་བ་ནི་རྟེན་མེད་པའོ།། སྨྲས་པ། རྟེན་མེད་པའི་རྩ་བ་གང་། སྨྲས་པ། འཇམ་དཔལ་གང་རྟེན་མེད་པ་དེའི་རྩ་བར་འགྱུར་བ་ཅི་ཞིག་ཡོད་དེ། དེ་ལྟར་ཆོས་ཐམས་ཅད་ནི་རྟེན་མེད་པའི་རྩ་བ་ལ་གནས་པའི།། དེ་ནས་ཁྱིམ་དེ་ན་གང་གནས་པའི་ལྷ་མོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་དག་གིས་ཆོས་བསྟན་པ་འདི་ཐོས་ནས་དགའ་ཞིང་མགུ་རངས་ཏེ། བདག་གི་ལུས་རགས་པ་བསྟན་ནས། ལྷའི་མེ་ཏོག་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་ལ་མངོན་པར་གཏོར་ཏེ། གཏོར་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ལ་མེ་ཏོག་གང་དག་བབ་པ་དེ་དག་ནི་ས་ལ་ལྷུང་ངོ་།། ཉན་ཐོས་ཆེན་པོ་རྣམས་ཀྱི་ལུས་ལ་མེ་ཏོག་གང་དག་བབ་པ་དེ་དག་ནི་དེ་ཉིད་དུ་ཆགས་ནས་ས་ལ་མ་ལྷུང་ངོ་། ། དེ་ནས་ཉན་ཐོས་ཆེན་པོ་དེ་དག་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་མེ་ཏོག་དེ་དག་སྦུགས་ཀྱང་མ་ལྷུང་ངོ་།། དེ་ནས་ལྷ་མོ་དེས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། ། བཙུན་པ་ཤཱ་རིའི་བུ་མེ་ཏོག་འདི་དག་སྤྲུགས་ཏེ་ཅི་བྱ། སྨྲས་པ། ལྷ་མོ་མེ་ཏོག་འདི་དག་ནི་རུང་བ་མ་ཡིན་པས་ན་བདག་མེ་ཏོག་འདི་དག་འདོར་རོ།། ལྷ་མོས་སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་སྐད་ཅེས་མ་སྨྲ་ཞིག། དེ་ཅིའི་ཕྱིར་ཞེ་ན། མེ་ཏོག་འདི་དག་ནི་རུང་བ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་དག་མེ་ཏོག་དེ་དག་ནི་མི་ཏོག། རྣམ་པར་མི་རྟོག་པ་སྟེ། གནས་བརྟན་ཤཱ་རིའི་བུ་ཉིད་རྟོག་ཅིང་རྣམ་པར་རྟོག་གོ། ། བཙུན་པ་ཤཱ་རིའི་བུ་གང་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས།། རྟོག་པ་དང་རྣམ་པར་རྟོག་པར་དེ་དག་ནི་རུང་བ་མ་ཡིན་པའོ། ། གནས་བརྟན་ནི་རྟོག་ཅིང་རྣམ་པར་རྟོག་པ་སྟེ། གང་དག་མི་རྟོག་པ་དེ་དག་ནི་རུང་བའོ།། བཙུན་པ་ཤཱ་རིའི་བུ་འདི་ལྟར་རྟོག་པ་དང་། རྣམ་པར་རྟོག་པ་སྤངས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་གི་ལུས་ལ་མེ་ཏོག་མི་ཆགས་པ་ལ་ལྟོས། འདི་ལྟ་སྟེ། དཔེར་ན་འཇིགས་པའི་རང་བཞིན་ཅན་གྱི་མོ་ལ་ནི་མི་མ་ཡིན་པ་རྣམས་ཀྱིས་གླགས་རྙེད་དོ།། དེ་བཞིན་དུ་འཁོར་བའི་འཇིགས་པས་སྐྲག་པ་རྣམས་ལ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱས་གླགས་རྙེད་པར་འགྱུར་རོ།། གང་དག་འདུ་བྱེད་ཐམས་ཅད་ཀྱི་ཉོན་མོངས་པའི་འཇིགས་པ་དང་བྲལ་བ་དེ་དག་ལ་ནི། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱས་ཅི་ཞིག་བྱར་ཡོད། གང་དག་བག་ཆགས་མ་སྤངས་པ་དེ་དག་ལ་ནི་མེ་ཏོག་ཀྱང་འཆགས་ཀྱི། གང་དག་བག་ཆགས་སྤངས་པ་དེ་དག་གི་ལུས་ལ་མེ་ཏོག་མི་འཆགས་ཏེ། དེ་བས་ན་བག་ཆགས་ཐམས་ཅད་སྤངས་པ་རྣམས་ཀྱི་ལུས་ལ་ནི་མེ་ཏོག་མི་འཆགས་སོ།། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ལྷ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། ། ལྷ་མོ་ཁྱོད་ཁྱིམ་འདིའི་ནང་དུ་ཞུགས་ནས་ཡུན་ཇི་སྲིད་ལོན། ལྷ་མོས་སྨྲས་པ། གནས་བརྟན་གྱིས་རྣམ་པར་གྲོལ་བ་ལ་ཞུགས་ནས་ཡུན་ཇི་སྲིད་པའོ།། སྨྲས་པ། ལྷ་མོ་ཁྱོད་ཁྱིམ་འདིར་གནས་ནས་རིང་པོ་མ་ལོན་པ་ལྟ་ཞིག། སྨྲས་པ། གནས་བརྟན་གྱིས་རྣམ་པར་གྲོལ་ཞུགས་ནས་ཇི་སྲིད་ལོན། དེ་ནས་གནས་བརྟན་ཅང་མི་ཟེར་བར་གྱུར་ཏོ།། སྨྲས་པ། གནས་བརྟན་ཤེས་རབ་ཆེན་པོ་དང་ལྡན་པའི་མཆོག་ནི་ཅིའི་ཕྱིར་མི་སྨྲ་ཞིང་། ད་དུས་ལ་བབ་ན། དྲིས་པའི་ལན་མི་གླན། སྨྲས་པ། ལྷ་མོ་རྣམ་པར་གྲོལ་བ་ནི་བརྗོད་དུ་མེད་ན། དེ་ཇི་སྐད་དུ་བརྗོད་མི་ཤེས་སོ།། སྨྲས་པ། གནས་བརྟན་གྱིས་གང་ཡི་གེ་བརྗོད་པ་དེ་ཐམས་ཅད་ཀྱང་རྣམ་པར་གྲོལ་བའི་མཚན་ཉིད་དོ། ། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་གྲོལ་བའི་བྱ་བ་གང་ཡིན་པ་དེ་ནི་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉིས་ཀ་མེད་པར་ཡང་མི་དམིགས་སོ།། ། དེ་བཞིན་དུ་ཡི་གེ་དེ་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉིས་ཀ་མེད་པར་ཡང་མི་དམིགས་སོ།། དེ་ལྟ་བས་ན་བཙུན་པ་ཤཱ་རིའི་བུ་ཡི་གེ་བཙལ་བས་རྣམ་པར་གྲོལ་བ་མ་སྟོན་ཅིག། དེ་ཅིའི་ཕྱིར་ཞེ་ན་ཆོས་ཐམས་ཅད་མཉམ་པ་ནི་འཕགས་པའི་རྣམ་པར་གྲོལ་བ་ཡིན་པའི་ཕྱིར་རོ། ། སྨྲས་པ། ལྷ་མོ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་བྲལ་བའི་ཕྱིར་རྣམ་པར་གྲོལ་བ་མ་ཡིན་ནམ། ལྷ་མོས་སྨྲས་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་བྲལ་བས་རྣམ་པར་གྲོལ་བའོ་ཞེས་བྱའོ་ཞེས་བྱ་བ་འདི་ནི་མངོན་པའི་ང་རྒྱལ་ཅན་རྣམས་ལ་བསྟན་པ་སྟེ། གང་དག་མངོན་པའི་ང་རྒྱལ་མེད་པ་དེ་དག་ལ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རང་བཞིན་ཉིད་རྣམ་པར་གྲོལ་བའོ།། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ལྷ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ལེགས་སོ་ལེགས་སོ།། ལྷ་མོ་ཁྱོད་ཀྱིས་ཅི་ཐོབ་ཅིང་ཅི་ལ་མངོན་སུམ་དུ་བྱས་ན། ཁྱོད་དེ་ལྟ་བུའི་སྤོབས་པ་དང་ལྡན། སྨྲས་པ། བཙུན་པ་ཤཱ་རིའི་བུ་བདག་གིས་ནི་ཅིའང་ཐོབ་པའང་མེད། མངོན་སུམ་དུ་བྱས་པའང་མེད་དེ། དེས་ན་བདག་གི་སྤོབས་པ་འདི་འདྲའོ། ། གང་དག་འདི་སྙམ་དུ་བདག་གིས་ཐོས་ཅིང་མངོན་སུམ་དུ་བྱས་སོ་སྙམ་པ་དེ་དག་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ང་རྒྱལ་ཅན་ཞེས་བྱའོ།། སྨྲས་པ། ལྷ་མོ་ཁྱོད་ཉན་ཐོས་ཀྱི་ཐེག་པ་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་པ་འམ། ཐེག་པ་ཆེན་པོ་པ་འམ། སྨྲས་པ། བདག་ནི་ཉན་ཐོས་ཀྱི་ཐེག་པ་སྟོན་པས་ན། ཉན་ཐོས་ཀྱི་ཐེག་པ་པའོ།། བདག་ནི་རྟེན་པའི་ཆོས་ལ་འཇུག་པས་ན། རང་སངས་རྒྱས་ཀྱི་ཐེག་པ་པའོ།། བདག་ནི་སྙིང་རྗེ་ཆེན་པོ་མི་གཏོང་བས་ན། ཐེག་པ་ཆེན་པོ་པ་ཡིན་མོད་ཀྱི། འོན་ཀྱང་བཙུན་པ་ཤཱ་རིའི་བུ་སྟོན་ཙམ་པ་ཀའི་ཚལ་དུ་ཞུགས་ན། ཨེ་རན་དའི་དྲི་ལ་མི་སྣོམ་གྱི། ཙམ་པ་ཀའི་ཚལ་དུ་ཞུགས་ན། ཙམ་པ་ཀ་ཉིད་ཀྱི་དྲིལ་སྣོམ་པ་དེ་བཞིན་དུ། བཙུན་པ་ཤཱ་རིའི་བུ་ཁྱིམ་འདི་ན་སངས་རྒྱས་ཀྱི་ཆོས་ཀྱི་ཡོན་ཏན་གྱི་དྲི་དང་ལྡན་པ་གནས་པས། ཉན་ཐོས་དང་རང་སངས་རྒྱས་ཀྱི་དྲི་ལ་མི་སྣོམ་མོ།། བཙུན་པ་ཤཱ་རིའི་བུ་ཁྱིམ་འདིར་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་དག་ཁྱིམ་འདིར་ལྷགས་པ་དེ་དག་ཀྱང་སྐྱེས་བུ་དམ་པ་འདིའི་ཆོས་ཐོས་པས། སངས་རྒྱས་ཀྱི་ཆོས་ཀྱི་ཡོན་ཏན་གྱི་དྲིས་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་འདོང་ངོ་།། བཙུན་པ་ཤཱ་རིའི་བུ་བདག་ཁྱིམ་འདི་ནི་ལོ་བཅུ་གཉིས་ཚུན་ཆད་གནས་ཏེ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོར་ལྡན་པ་དག་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་མ་གཏོགས་པར་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་གཏམ་སྔོན་མ་ཐོས་སོ། ། བཙུན་པ་ཤཱ་རིའི་བུ་ཁྱིམ་འདི་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམ་པ་བརྒྱད་རྟག་ཏུ་རྒྱུན་མི་འཆད་པར་སྣང་ངོ་།། བརྒྱད་པོ་གང་ཞེ་ན། ཁྱིམ་འདི་ན་གསེར་གྱི་ཁ་དོག་གི་འོད་རྟག་ཏུ་རྒྱུན་མི་འཆད་པས་ན། མཚན་མོ་དང་ཉིན་པར་དུའང་མི་མངོན། ཁྱིམ་འདིར་ཟླ་བ་དང་ཉི་མའང་མི་མངོན། མི་སྣང་སྟེ། དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་པོའོ།། བཙུན་པ་ཤཱ་རིའི་བུ་གཞན་ཡང་གང་དག་ཁྱིམ་འདིར་ཞུགས་པ་དེ་དག་ཞུགས་མ་ཐག་ཏུ་ཉོན་མོངས་པས་གཙེ་བ་མེད་དེ། དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་གཉིས་པའོ།། བཙུན་པ་ཤཱ་རིའི་བུ་གཞན་ཡང་ཁྱིམ་འདི་ན་རྟ་ཏུ་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་མི་འབྲལ་ཏེ། དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་གསུམ་པའོ།། བཙུན་པ་ཤཱ་རིའི་བུ་གཞན་ཡང་ཁྱིམ་འདི་ན་རྟག་ཏུ་རྒྱུན་མིའི་ཆད་པར་ཆོས་བསྒྲགས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་གཏམ་དང་། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་དང་མི་འབྲལ་ཏེ། དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བཞི་པའོ།། བཙུན་པ་ཤཱ་རིའི་བུ་གཞན་ཡང་ཁྱིམ་འདི་ནི་རྟག་ཏུ་ལྷ་དང་མིའི་སོལ་སྟན་དང་། གླུའི་དབྱངས་དང་རོལ་མོ་བྱེད་དེ། སིལ་སྟན་དེ་དག་ལ་སངས་རྒྱས་ཀྱི་ཆོས་ཚད་མེད་བ་བསྒྲུབ་པའི་སྒྲ་དུས་ཐམས་ཅད་དུ་འབྱུང་སྟེ། འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ལྔ་པའོ།། བཙུན་པ་ཤཱ་རིའི་བུ་གཞན་ཡང་ཁྱིམ་འདི་ནི་རིན་པོ་ཆེ་ཐམས་ཅད་ཀྱི་གང་བ། ཟད་མི་ཤེས་པའི་གཏེར་ཆེན་པོ་བཞི་ཡོད་དེ། དེའི་མཐུས་སེམས་ཅན་དབུལ་ཞིང་བཀྲེན་པ་ཐམས་ཅད་ཀྱིས་ཁྱེར་ཏེ་དོང་ཡང་ཟད་མི་ཤེས་ཏེ། དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དྲུག་པའོ།། བཙུན་པ་ཤཱ་རིའི་བུ་གཞན་ཡང་ཁྱིམ་འདི་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་། འོད་དཔག་མེད་པ་དང་། མི་འཁྲུགས་པ་དང་། དཀོན་མཆོག་དཔལ་དང་། དཀོན་མཆོག་འོད་འཕྲོ་དང་། དཀོན་མཆོག་ཟླ་བ་དང་། དཀོན་མཆོག་བཀོད་པ་དང་། བཟོད། དཀའ་དང་། དོན་ཐམས་ཅད་གྲུབ་པ་དང་། རིན་ཆེན་མང་དང་། སེང་གེ་བསྒྲགས་པ་དང་། དེ་བཞིན་གཤེགས་པ་སེང་གེ་སྒྲ་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཚད་མེད་པ་རྣམས་སྐྱེས་བུ་དམ་པ་འདིས་བསམས་མ་ཐག་ཏུ་གཤེགས་ཏེ། གཤེགས་ནས་ཀྱང་དེ་བཞིན་གཤེགས་པའི་གསང་བ་ཞེས་བྱ་བའི་ཆོས་ཀྱི་སྒྲོལ་འཇུག་པ་བསྟན་ནས། སླར་གཤེགས་ཏེ། དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བདུན་པའོ། ། བཙུན་པ་ཤཱ་རིའི་བུ་གཞན་ཡང་ཁྱིམ་འདི་ན་ལྷ་ཐམས་ཅད་ཀྱི་གནས་ཀྱི་བཀོད་པ་དག་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཐམས་ཅད་སྣང་སྟེ། དེ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བརྒྱད་པའོ།། བཙུན་པ་ཤཱ་རིའི་བུ་ཁྱིམ་འདི་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་བརྒྱད་པོ་དེ་དག་སྣང་སྟེ། འདི་ལྟ་བུ་བསམ་གྱིས་མི་ཁྱབ་པའི་ཆོས་མཐོང་ན། ཉན་ཐོས་ཀྱི་ཆོས་ལ་སུ་ཞིག་འདོད་པར་འགྱུར། སྨྲས་པ། ལྷ་མོ་ཁྱོད་བུད་མེད་ཀྱི་དངོས་པོ་ལས་བསྒྱུར་ན་ཅི་ཉེས། སྨྲས་པ། བདག་གིས་ལོ་བཅུ་གཉིས་ཀྱི་བར་དུ་བུད་མེད་ཀྱི་དངོས་པོ་བཙལ་ནའང་ང་རུང་མ་རྙེད་དོ།། བཙུན་པ་ཤཱ་རིའི་བུ་སྒྱུ་མ་མཁན་གྱིས་བུད་མེད་སྤྲུལ་པ་དེ་ལ། འདི་ལྟར་ཁྱོད་བུད་མེད་ཀྱི་དངོས་པོ་ལས་བསྒྱུར་ན་ཅི་ཞེས་ཞེས་བྱ་ན། དེ་ཇི་སྐད་ཟེར་བར་འགྱུར། སྨྲས་པ། དེ་ལ་ཡང་དག་པ་ཡོངས་སུ་གྲུབ་པ་གང་ཡང་མེད་དོ།། སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་དུ་ཆོས་ཐམས་ཅད་ཡོངས་སུ་མ་གྲུབ་པ་སྟེ། སྒྱུ་མས་སྤྲུལ་པའི་ངོ་བོ་ཉིད་ལ་བུད་མེད་ཀྱི་དངོས་པོ་བསྒྱུར་ན། ཅི་ཞེས་ཞེས་ཁྱོད་དེ་སྙམ་སེམས། དེ་ནས་ལྷ་མོ་དེས་འདི་ལྟ་བུར་བྱིན་གྱི་རླབས་པས་བྱིན་གྱིས་བརླབས་ནས། ཇི་ལྟར་གནས་བརྟན་ཤཱ་རིའི་བུ་ལྷ་མོ་དེ་ཅི་འདྲ་བ་དེ་འདྲ་བར་སྣང་སྟེ། ལྷ་མོ་དེའང་གནས་བརྟན་ཤཱ་རིའི་བུ་ཅི་འདྲ་བ་དེ་འདྲ་བར་སྣང་ངོ་།། དེ་ནས་ལྷ་མོ་ཤཱ་རིའི་བུའི་གཟུགས་སུ་གྱུར་པ་དེས་ཤཱ་རིའི་བུ་ལྷ་མོའི་གཟུགས་སུ་གྱུར་པ་དེ་ལ། འདི་ལྟར་བཙུན་པ་ཤཱ་རིའི་བུ་བུད་མེད་ཀྱི་དངོས་པོ་ལས་བསྒྱུར་ན་ཅི་ཞེས་ཞེས་དྲིས་སོ།། ཤཱ་རིའི་བུ་ལྷ་མོའི་གཟུགས་སུ་གྱུར་པས་འདི་སྐད་ཅེས་སྨྲས་སོ།། ཁོ་བོ་སྐྱེས་བུའི་གཟུགས་ནི་མི་སྣང་བར་གྱུར་ཏེ། ཁོ་བོ་བུད་མེད་ཀྱི་ལུས་སུ་གྱུར་ན་གང་བསྒྱུར་བ་མི་ཤེས་སོ།། སྨྲས་པ། གལ་ཏེ་གནས་བརྟན་གྱིས་བུད་མེད་ཀྱི་གཟུགས་ལས་སླར་བསྒྱུར་བ་ནུས་ན་ནི་བུད་མེད་ཐམས་ཅད་ཀྱང་བུད་མེད་ཀྱི་དངོས་པོ་ལས་འགྱུར་རོ།། ཇི་ལྟར་གནས་བརྟན་བུད་མེད་མ་ཡིན་པ་ལས་བུད་མེད་དུ་སྣང་བ་དེ་བཞིན་དུ། བུད་མེད་ཐམས་ཅད་ཀྱང་བུད་མེད་ཀྱི་གཟུགས་སུ་སྣང་སྟེ། བུད་མེད་མ་ཡིན་པ་ལས་བུད་མེད་ཀྱི་གཟུགས་སུ་སྣང་ངོ་།། དེ་ལ་དགོངས་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བུད་མེད་ཀྱང་མ་ཡིན། སྐྱེས་པའང་མ་ཡིན་ཞེས་གསུངས་སོ།། དེ་ནས་ལྷ་མོ་དེས་བྱིན་གྱིས་རླབས་ཏེ་བཏང་བ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་སླར་ཡང་བ་དག་གི་གཟུགས་དང་ལྡན་པར་གྱུར་ཏོ། ། དེ་ནས་ལྷ་མོ་དེས། ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་ཤཱ་རིའི་བུ་ཁྱོད་ཀྱིས་བུད་མེད་ཀྱི་གཟུགས་སུ་བྱས་པ་དེ་ག་རེ། སྨྲས་པ། བདག་གིས་བྱས་པའང་མེད། བསྒྱུར་བའང་མེད་དོ།། སྨྲས་པ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་བྱས་པའང་མེད། བསྒྱུར་བའང་མེད་དོ།། གང་མ་བྱས་ཤིང་། བསྒྱུར་བ་མེད་པ་དེ་ནི་སངས་རྒྱས་ཀྱི་བཀའ་འོ།། སྨྲས་པ། ལྷ་མོ་ཁྱོད་འདི་ནས་ཤི་འཕོས་ན་གང་དུ་སྐྱེ། སྨྲས་པ། དེ་བཞིན་གཤེགས་པས་སྤྲུལ་པ་དེ་གར་སྐྱེ་བར་བདག་ཀྱང་དེར་སྐྱེའོ།། སྨྲས་པ། དེ་བཞིན་གཤེགས་པས་སྤྲུལ་པ་ནི་འཆི་འཕོའང་མེད། སྐྱེ་བའང་མེད་དོ།། སྨྲས་པ། ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ། འཆི་འཕོ་མེད་ཅིང་སྐྱེ་བ་མེད་དོ།། སྨྲས་པ། ལྷ་མོ་ཁྱོད་ཇི་སྲིད་ན་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར། སྨྲས་པ། གང་གི་ཚེ་གནས་བརྟན་ཁྱོད་སོ་སོའི་སྐྱེ་བོའི་ཆོས་དང་ལྡན་པར་འགྱུར་བཔ་དེའི་ཚེ། བདག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། སྨྲས་པ། ལྷ་མོ་ཁོ་བོས་སོ་སོའི་སྐྱེ་བོའི་ཆོས་དང་ལྡན་པར་འགྱུར་བ་དེ་ནི་གནས་མ་ཡིན་ནོ། ། སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་དུ་བདག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ནི་གནས་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་གནས་པ་མེད་པ་ལ་གནས་པའི་ཕྱིར་ཏེ། དེ་ལ་བས་ན་གནས་མ་ཡིན་པ་ལ་ནི་ས་ཡང་གདོར་པ་རྫོགས་པར་འརར་བ་མེད་།། གནས་འིའི་རས་སས་པ། དེ་བཞིན་གཤེགས་པས་གསངས་པ་ནི་གངྒཱའི་ཀླང་གི་བེ་མ་སེད་ཀྱི་དེ་བཞིན་གཤེགས་པ་རྣམས་མངོན་པར་རྫོགས་པར་སངས་རྒྱས་སོ། ། མངོན་པར་རྫོགས་པར་འཚང་རྒྱའོ།། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་གསུངས་སོ།། ལྷ་མོས་སྨྲས་པ། བཙུན་པ་ཤཱ། རིའི་བུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཞེས་བྱ་བ་དེ་ནི་ཡི་གེ་དང་བགྲང་བའི་བརྡའི་ཚིག་བླ་དགས་ཏེ། སངས་རྒྱས་རྣམས་ནི་འདས་པ་འམ། མ་འོངས་པ་དང་། ད་ལྟར་བྱུང་བ་མ་ཡིན་ཏེ། བྱང་ཆུབ་ནི་དུས་གསུམ་ལས་ཡང་དག་པར་འདས་པའོ།། གནས་བརྟན་གྱིས་དགྲ་བཅོམ་པ་ཐོབ་བམ། སྨྲས་པ། ཐོབ་པ་མེད་པའི་རྒྱུས་ཐོབ་བོ།། སྨྲས་པ། དེ་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་མེད་པའི་རྒྱུས་མངོན་པར་རྫོགས་པར་བྱང་ཆུབ་བོ། ། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས། ཚེ་དང་ལྡན་པ་གནས་བརྟར་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་ཤཱ་རིའི་བུ། ལྷ་མོ་འདི་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་གཉིས་ལ་བསྙེན་བཀུར་བྱས་ཏེ། མངོན་པར་ཤེས་པའི་ཡེ་ཤེས་ལ་རྣམ་པར་རྩེ་བ། སྨོན་ལམ་ལས་ཡང་དག་པར་བྱུང་བ། བཟོད་པ་ཐོབ་པ། ཕྱིར་མི་ལྡོག་པ་ལ་ཡང་དག་པར་ཞུགས་པ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་གྱི་དབང་གིས་ཇི་ལྟར་འདོད་པ་དེ་བཞིན་དུ་གནས་སོ།། ལྷ་མོའི་ལེའུ་སྟེ་དྲུག་པའོ། ། ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། ལི་ཙི་བྱི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་རྣམས་ལ་འགྲོ་བར་སོང་བ་མ་ཡིན། སྨྲས་པ། འཇམ་དཔལ་གང་གི་ཚེ་བྱང་ཆུབ་སེམས་དཔའ་འགྲོ་བ་མ་ཡིན་པར་འགྲོ་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་རྣམས་ལ་འགྲོ་བར་སོང་བ་མ་ཡིན་ནོ། ། སྨྲས་པ། བྱང་ཆུབ་སེམས་དཔའི་འགྲོ་བ་མ་ཡིན་པར་འགྲོ་བ་གང་། སྨྲས་པ། གང་གི་ཚེ་མཚམས་མེད་པ་ལྔའི་འགྲོ་བར་འགྲོ་ཡང་། གནོད་སེམས་དང་། རྣམ་པར་འཚེ་བ་དང་། རབ་ཏུ་སྡང་བར་མི་འགྱུར་པ་ཡིན། སེམས་ཅན་དམྱལ་བའི་འགྲོ་བར་འགྲོ་ཡང་། ཉོན་མོངས་པའི་རྡུལ་ཐམས་ཅད་དང་བྲལ་བ་ཡིན། དུད་འགྲོའི་འགྲོ་བར་འགྲོ་ཡ་གླེན་པའི་མུན་པ་མུན་ནག་དང་བྲལ་བ་ཡིན། ། ལྷ་མ་ཡིན་གྱི་འགྲོ་བར་འགྲོ་ཡང་། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་མེད་པ་ཡིན།། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྲོ་ཡང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་བླངས་པ་ཡིན། མི་གཡོ་བ་དང་གཟུགས་མེད་པའི་འགྲོ་བར་འགྲོ་ཡང་། དེའི་འགྲོ་བ་ལ་ཡང་དག་པར་འཇུག་པ་མ་ཡིན། འདོད་ཆགས་ཀྱི་འགྲོ་བར་འགྲོ་ཡང་། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་ཡིན། ཞེ་སྡང་གི་འགྲོ་བར་འགྲོ་ཡང་། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པ་ཡིན། གཏི་མུག་གི་འགྲོ་བར་འགྲོ་ཡང་། ཆོས་ཐམས་ཅད་ལ་ཤེས་རབ་ཀྱི་ངེས་པར་སེམས་དང་ལྡན་པ་ཡིན། སེར་སྣའི་འགྲོ་བར་འགྲོ་ཡང་། ལུས་དང་སྲོག་ལ་མི་ལྟ་བས། ཕྱི་དང་ནང་གི་དངོས་པོ་ཡོངས་སུ་གཏོང་བ་ཡིན། ཚུལ་ཁྲིམས་འཆལ་པའི་འགྲོ་བར་འགྲོ་ཡང་ཁ་ན་མ་ཐོ་བ་ཅུང་ཟད་ལའང་འཇིགས་པར་ལྟ་ཞིང་། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་ཐམས་ཅད་ལ་གནས་པ་ཡིན། གནོད་སེམས་ཀྱི་ཐ་བ་དང་། ཁོང་ཁྲོ་བའི་འགྲོ་བར་འགྲོ་ཡང་། ཤིན། ཏུ་གནོད་སེམས་མེད་ཅིང་བྱམས་པ་ལ་གནས་པ་ཡིན། ལེ་ལོའི་འགྲོ་བར་འགྲོ་ཡང་། བརྩོན་འགྲུས་རྩོན་པ་རྒྱུན་མི་འཆད་ཅིང་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་ཚོལ་བ་ལ་བརྩོན་པ་ཡིན། དབང་པོ་འཁྲུལ་པའི་འགྲོ་བར་འགྲོ་ཡང་། རང་བཞིན་གྱིས་སྙོམས་པར་ཞུགས་ཤིང་བསམ་གཏན་དོན་ཡོད་པ་ཡིན། འཆལ་པའི་ཤེས་རབ་ཀྱི་འགྲོ་བར་འགྲོ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲོ་བར་སོང་ཞིང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་ཐམས་ཅད་ལ་མཁས་པ་ཡིན། ཚུལ་འཆོས་པ་དང་། ཁ་གསག་བྱེད་པའི་འགྲོ་བར་འགྲོ་ཡང་། ལྡེམ་པོ་ངག་ལ་མཁས་ཤིང་ཐབས་མཁས་པའི་སྤྱོད་པ་ཚར་ཕྱིན་པའང་ཡིན། ང་རྒྱལ་གྱི་འགྲོ་བའང་སྟོན་ལ། འཇིག་རྟེན་ཐམས་ཅད་ཀྱི་ཟམ་པ་དང་སྟེགས་སུ་འགྱུར་བའང་ཡིན། ཉོན་མོངས་པའི་འགྲོ་བར་འགྲོ་ཡང་། ཤིན་ཏུ་ཀུན་ནས་ཉོན་མོངས་པ་མེད་ཙཅིང་རང་བཞིན་གྱིས་ཡོངས་སུ་དག་པའང་ཡིན། བདུད་ཀྱི་འགྲོ་བར་འགྲོ་ཡང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་ལ་མི་འཇོག་པའང་ཡིན། ཉན་ཐོས་ཀྱི་འགྲོ་བར་འགྲོ་ཡང་། སེམས་ཅན་རྣམས་ལ་མ་ཐོས་པའི་ཆོས་ཐོས་པར་བྱེད་པའང་ཡིན། རང་སངས་རྒྱས་ཀྱི་འགྲོ་བར་འགྲོ་ཡང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོ་ལས་བྱུང་བའང་ཡིན། དངུལ་པོའི་འགྲོ་བར་འགྲོ་ཡང་། ལོངས་སྤྱོད་ཟད་མི་ཤེས་པའི་རིན་པོ་ཆེ་ལག་ན་ཐོགས་པའང་ཡིན། དབང་པོ་ཉམས་པའི་འགྲོ་བར་འགྲོ་ཡང་། གཟུགས་བཟང་ཞིང་མཚན་གྱིས་ལེགས་པར་བརྒྱན་པའང་ཡིན། ། རིགས་ངན་པར་སྐྱེ་བའི་འགྲོ་བར་འགྲོ་ཡང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པས་དེ་བཞིན་གཤེགས་པའི་གདུང་རབ་ཏུ་སྐྱེ་བར་འགྱུར་བའང་ཡིན།། ཞམ་ཆུང་ཞིང་མདོག་ངན་པ་ཞན་པའི་འགྲོ་བར་འགྲོ་ཡང་། བལྟ་ན་སྡུག་པ་དང་། སྲེད་མེད་ཀྱི་བུའི་ལུས་ལྟ་བུ་ཐོབ་པའང་ཡིན། སེམས་ཅན་ཐམས་ཅད་ལ་རྒ་བ་དང་། ན་བ་དང་། མི་བདེ་བའི་སྤྱོད་པའང་སྟོན་ལ། འཆི་བའི་འཇིགས་པ་ལས་ཤིན་ཏུ་འདས་ཤིང་རབ་ཏུ་ཆོམས་པའང་ཡིན། ལོངས་སྤྱོད་ཀྱི་འགྲོ་བར་འགྲོ་ཡང་། བཙལ་བ་ཐམས་ཅད་མེད་ཅིང་མི་རྟག་པའི་འདུ་ཤེས་ལ་སོ་སོར་རྟོག་པ་མང་བའང་ཡིན། བྱང་ཆུབ་སེམས་དཔའ་སླས་དང་གར་ཐབས་མང་པོ་སྟོན་ཀྱང་དབེན་པར་སྤྱོད་ཅིང་། འདོད་པའི་འདམ་ལས་རྒལ་བ་ཡང་ཡིན། ཁམས་དང་སྐྱེ་མཆེད་ཀྱི་འགྲོ་བར་འགྲོ་ཡང་། གཟུངས་ཐོབ་ཅིང་སྤོབས་པ་སྣ་ཚོགས་ཀྱིས་བརྒྱན་པ་ཡང་ཡིན། མུ་སྟེགས་ཅན་གྱི་འགྲོ་བར་འགྲོ་ཡང་། མུ་སྟེགས་སུ་མ་གྱུར་པའང་ཡིན། འཇིག་རྟེན་ཐམས་ཅད་ཀྱི་འགྲོ་བར་འགྲོ་ཡང་། འགྲོ་བ་ཐམས་ཅད་ལས་ཕྱིར་ལྡོག་པ་ཡང་ཡིན། མྱ་ངན་ལས་འདས་པའི་འགྲོ་བར་འགྲོ་ཡང་འཁོར་བའི་རྒྱུན་ཡང་མི་གཏོང་བ་ཡིན་ཏེ། འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའི་འགྲོ་བ་མ་ཡིན་པར་འགྲོ་བ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ལ་འགྲོ་བར་སོང་བ་ཡིན་ནོ།། དེ་ནས་ལི་ཙ་བྱི་དྲི་མ་མེད་པ་གྲགས་པས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ནི་གང་ཡིན། སྨྲས་པ། རིགས་ཀྱི་བུ་འཇིག་ཚོགས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སོ། ། མ་རིག་པ་དང་། སྲིད་པའི་སྲེད་པ་ནི་རིགས་སོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ནི་རིགས་སོ།། ཕྱིན་ཅི་ལོག་བཞི་ནི་རིགས་སོ།། སྒྲིབ་པ་ལྔ་ནི་རིགས་སོ།། སྐྱེ་མཆེད་དྲུག་ནི།། རིགས་སོ།། རྣམ་པར་ཤེས་པ་གནས་པ་འདུན་ནི་རིགས་སོ།། ལོག་པ་བརྒྱད་ནི་རིགས་སོ།། ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ནི་རིགས་སོ།། མི་དགེ་བའི་ལས་ཀྱི་ལམ་བཅུ་ནི་རིགས་སོ།། རིགས་ཀྱི་བུ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ཏེ། རིགས་ཀྱི་བུ་མདོར་ན་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སོ།། སྨྲས་པ། འཇམ་དཔལ་ཅི་ལ་བསམས་ཏེ་དེ་སྐད་སྨྲ། སྨྲས་པ། རིགས་ཀྱི་བུ་འདུས་མ་བྱས་མཐོང་བ་ངེས་པར་འཇུག་པ་ལ་གནས་པས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་མི་ནུས་སོ།། ཉོན་མོངས་པའི་འབྱུང་གནས་འདུས་བྱས་ལ་གནས་པ། བདེན་པ་མ་མཐོང་བས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་མི་ནུས་སོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་དགོན་དྲུང་གི་ས་ཕྱོགས་སུ་མེ་ཏོག་ཨུཏྤ་ལ་དང་། མུད་དང་། པདྨ་དང་། པདྨ་དཀར་པོ་དང་། དྲི་མཆོག་རྣམས་མི་སྐྱེ་སྟེ། འདམ་བུ་དང་ཆུ་གླིང་དུ་བསྐྱེད་ན། མེ་ཏོག་ཨུཏྤལ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། དྲི་མཆོག་རྣམས་སྐྱེའོ།། རིགས་ཀྱི་བུ་དེ་བཞིན་དུ་འདུས་མ་བྱས། ངེས་པ་ཐོབ་པའི་སེམས་ཅན་རྣམས་ལ་ནི། སངས་རྒྱས་ཀྱི་ཆོས་རྣམས་མི་སྐྱེའོ།། ཉོན་མོངས་པའི་འདམ་བུ་དང་ཆུ་གླིང་དུ་གྱུར་པའི་སེམས་ཅན་རྣམས་ལ་ནི། སངས་རྒྱས་ཀྱི་ཆོས་རྣམས་སྐྱེའོ།། འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ས་བོན་མི་སྐྱེའི། ས་ལ་གནས་ཤིང་སྐྱེ་བ་དེ་བཞིན་དུ། འདུས་མ་བྱས་ངེས་པ་ཐོབ་པའི་སེམས་ཅན་ལ་སངས་རྒྱས་ཀྱི་ཆོས་མི་སྐྱེའོ།། འཇིག་ཚོགས་ལ་ལྟ་བ་རི་ས་དང་མཉམ་པ་བསྐྱེད་ན། བྱང་ཆུབ་ཀྱི་སེམས་སྐྱེ་སྟེ། དེ་ནས་སངས་རྒྱས་ཀྱི་ཆོས་རྣམས་སྐྱེའོ།། རིགས་ཀྱི་བུ་རྣམ་གྲངས་འདིས་ཉོན་མོངས་པ་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུ་རིག་པར་བྱའོ། ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོར་མ་ཞུགས་པས། རིན་ཏང་མེད་པའི་རིན་པོ་ཆེ་ཕྱིན་མི་ནུས་སོ།། དེ་བཞིན་དུ་ཉོན་མོངས་པའི་རྒྱ་མཚོར་མ་ཞུགས་པས་ནི་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པར་མི་ནུས་སོ། ། དེ་ནས་གནས་བརྟན་འོད་སྲུངས་ཆེན་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་ལེགས་སོ་ལེགས་སོ།། འཇམ་དཔལ་ཚིག་འདི་ནི་ལེགས་པར་སྨྲས་ཏེ། འདི་ནི་ཡང་དག་གོ།། ཉོན་མོངས་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ཏེ། བདག་ཅག་ལྟ་བུ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འམ། སངས་རྒྱས་ཀྱི་ཆོས་ལ་མངོན་པར་རྫོགས་པར་འཚང་རྒྱ་བར་ག་ལ་ནུས། མཚམས་མེད་པ་ལྔ་དང་ལྡན་པས་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་ཡང་ནུས། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་སོ།། འདི་ལྟ་སྟེ། དཔེར་ན་སྐྱེས་བུ་དབང་པོ་མ་ཚང་བ་ལ་འདོད་པའི་ཡོན་ཏན་ལྔ་ནི། ཡོན་ཏན་མེད་ཅིང་ནུས་པ་མེད་པ་སྟེ། དེ་བཞིན་དུ་ཀུན་ཏུ་སྦྱོར་བ་ཐམས་ཅད་སྤངས་པའི་ཉན་ཐོས་ལ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོན་ཏན་མེད་ཅིང་ནུས་པ་མེད་དེ། དེ་ལ་ཕྱིར་དམིགས་པར་མི་ནུས་སོ། ། འཇམ་དཔལ་དེ་ལྟ་བས་ན། སོ་སོའི་སྐྱེ་བོ་རྣམས་ནི་དེ་བཞིན་གཤེགས་པ་ལ་བྱས་པ་གཟོའོ།། ཉན་ཐོས་རྣམས་ལ་ནི་བྱས་པ་གཟོ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོས་ནི་སངས་རྒྱས་ཀྱི་ཡོན་ཏན་ཐོས་པས། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆང་པར་བྱ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཀྱི། ཉན་ཐོས་ཀྱིས་ནི་ཇི་སྲིད་འཚོ་བའི་བར་དུ་སངས་རྒྱས་ཀྱི་ཆོས་སྟོབས་དང་མི་འཇིགས་པ་རྣམས་ཐོས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་མི་ནུས་པའི་ཕྱིར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་གཟུགས་ཐམས་ཅད་སྟོན་པ་ཞེས་བྱ་བ་འཁོར་དེར་འདུས་ཏེ་འདུག་པ་དེས། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་ཁྱོད་ཀྱི་ཕ་མ་དང་། བུ་དང་། ཆུང་མ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་རྣམས་ག་རེ། མཛའ་བཤེས་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་རྣམས་ག་རེ། གཡོག་དང་། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། དཔུང་བུ་ཆུང་དང་། བནོན་པ་རྣམས་ག་རེ། དེ་སྐད་ཅེས་སྨྲས་པ་དང་། ལི་ཙ་བྱི་དྲི་མ་མེད་པར་གྲགས་པས། བྱང་ཆུབ་སེམས་དཔའ་གཟུགས་ཐམས་ཅད་སྟོན་པ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། བྱང་ཆུབ་སེམས་དཔའ་རྣམས་ངག་གི། མ་ནི་ཤེས་རབ་ཕ་རོལ་ཕྱིན། པ་ནི་ཐབས་ལ་མཁས་པ་སྟེ།། འདྲེན་པ་རྣམས་ནི་དེ་ལས་སྐྱེས།། ཆོས་ལ་དགའ་བ་ཆུང་མ་སྟེ།། བྱམས་དང་སྙིང་རྗེ་བུ་མོ་ཡིན།། ཆོས་དང་བདེན་གཉིས་བུ་པོ་ཡིན།། སྟོང་པའི་དོན་སེམས་ཁྱིམ་ཡིན་ནོ། ། དེ་བཞིན་ཉོན་མོངས་ཐམས་ཅད་ནི།། ཅི་དགར་དབང་བྱེད་སློབ་མའོ།། མཛའ་བཤེས་བྱང་ཆུབ་ཡན་ལག་སྟེ།། དེས་ནི་བྱང་ཆུབ་མཆོག་རེག་འགྱུར།། དེ་གྲོགས་རྟག་ཏུ་འགྲོགས་པ་ནི།། ཕ་རོལ་ཕྱིན་པ་དྲུག་རྣམས་སོ། ། བསྡུ་བ་དེ་ཡི་བུད་མེད་ཁྱིམ།། གླུ་དབྱངས་ཆོས་རྣམས་བསྟན་པའོ།། གཟུགས་རྣམས་དེ་ཡི་སྐྱེད་མོས་ཚལ།། བྱང་ཆུབ་ཡན་ལག་མེ་ཏོག་རྒྱས།། འབྲས་བུ་རྣམ་གྲོལ་ཡེ་ཤེས་ཏེ།། ཆོས་ཀྱི་ནོར་ཆེན་གཏོང་བའོ།། རྣམ་པར་ཐར་པ་རྫིང་ཡིན་ཏེ།། ཏིང་ངེ་འཛིན་གྱི་ཆུ་ཡིས་བཀང་།། རྣམ་དག་པདྨས་ཀུན་ཁེབས་པ།། དེ་ལ་འཁྲུ་བ་དྲི་མ་མེད།། མངོན་ཤེས་དེ་ཡི་བཞོན་པ་སྟེ།། ཐེག་པ་ཆེན་པོ་བླ་ན་མེད།། ཁ་ལོ་སྒྱུར་བ་བྱང་ཆུབ་སེམས། ། ལམ་ནི་ཞི་བ་ཡན་ལག་བརྒྱད།། དེ་ཡི་རྒྱན་ནི་མཚན་རྣམས་དང་།། དཔེ་བྱད་བཟང་པོ་བརྒྱད་ཅུའོ།། བསམ་པ་དག་དགེ་དེ་དག་གིས།། གོས་ནི་ཁྲེལ་ཡོད་ངོ་ཚ་ཤེས།། དེ་དག་དམ་ཆོས་ནོར་དང་ལྡན།། རབ་ཏུ་སྦྱོར་བ་ཆོས་སྟོན་པ། ། ནན་ཏན་དག་ནི་རྙེད་ཆེན་ཏེ།། ཡོངས་སུ་བསྔོ་བ་བྱང་ཆུབ་ཕྱིར།། མལ་ནི་བསམ་གཏན་བནི་དག་སྟེ།། འཚོ་བ་དག་པས་ཀུན་ཏུ་བཏིང་།། དེ་དག་སད་པ་ཡེ་ཤེས་ཏེ།། རྟག་ཏུ་ཐོས་པ་མཉམ་པར་བཞག། དེ་དག་ཟས་ནི་བདུད་རྩི་སྟེ།། རྣམ་གྲོལ་ཁུ་བ་བཏུང་བ་ཡིན།། བསམ་པ་རྣམ་དག་ཁྲུས་ཡིན་ཏེ།། སྤོས་ཀྱི་བསྐུ་བ་ཚུལ་ཁྲིམས་སོ།། ཉོན་མོངས་དགྲ་རྣམས་བཅོམ་པས་ན།། དེ་དག་དཔའ་བོ་མི་ཕམ་པ། བདུད་བཞི་དག་ཀྱང་རབ་ཏུ་བཏུལ།། བྱང་ཆུབ་དཀྱིལ་འཁོར་རྒྱལ་མཚན་བསྒྲེང་།། བསམས་བཞིན་སྐྱེ་བ་སྟོན་མོད་ཀྱི།། སྐྱེ་བ་མེད་ཅིང་འབྱུང་བ་མེད།། ཞིང་ཀུན་ཏུ་ཡང་སྣང་བ་ནི།། ཉི་མ་ཤར་བ་བཞིན་དུའོ།། འདྲེན། པ་མཆོད་པ་ཐམས་ཅད་ཀྱིས།། སངས་རྒྱས་བྱེ་བ་མཆོད་ནས་ཀྱང་།། བདག་དང་སངས་རྒྱས་རྣམས་ལ་ནི།། ནམས་ཀྱང་གནས་པར་ཡོང་མི་བྱེད།། ཇི་ལྟར་སེམས་ཅན་ཕན་པ་ཡང་།། སངས་རྒྱས་ཞིང་རྣམས་སྦྱང་མོད་ཀྱི། ། ནམ་མཁའ་ལྟ་བུར་ཞིང་རྣམས་གྱུར།། སེམས་ཅན་སེམས་ཅན་འདུ་ཤེས་མེད།། སེམས་ཅན་ཀུན་གྱི་གཟུགས་རྣམས་དང་།། སྒྲ་སྐད་གང་རྣམས་འབྱིན་པ་དག། འཇིགས་མེད་བྱང་ཆུབ་སེམས་དཔའ་རྣམས། ། སྐད་ཅིག་གཅིག་གིས་སྟོན་པར་བྱེད།། བདུད་ཀྱི་ལམ་རྣམས་ཤེས་མོད་ཀྱི།། བདུད་རྣམས་ཀྱི་ཡང་རྗེས་སུ་འཇུག། ཐབས་ཀྱི་ཕ་རོལ་ཕྱིན་པ་དག། དེ་ཡི་བྱ་བ་ཀུན་ཀྱང་སྟོན།། སྒྱུ་མའི་ཆོས་རྣམས་མརྩེན་པས། ། སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར།། རྒ་བ་དང་ནིན་པར་འགྱུར།། བདག་ཉིད་ཤི་བར་རབ་ཏུ་སྟོན།། ས་རྣམས་རབ་ཏུ་ཚིག་པར་ནི།། བསྐལ་པས་བསྲེག་པར་ཀུན་སྟོན་ཏེ།། སེམས་ཅན་རྟག་པར་འདུ་ཤེས་པ། ། མི་རྟག་པར་ནི་རབ་བསྟན་ཏོ།། སེམས་ཅན་བྱེ་བ་སྟོང་རྣམས་ཀྱང་།། ཡུལ་གཅིག་ཏུ་ནི་མགྲོན་དུ་གཉེར།། ཐམས་ཅད་ཁྱིམ་དུ་ཟན་བྱིན་ཏེ།། ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ།། བླགས་དང་རིག་པ་ནི་ཡོང་དང་།། བཐོག་ནས་རྣམ་པ་མང་པོ་དག་། ཐམས་ཅད་ཀྱི་ཡང་ཕ་རོལ་ཕྱིན། སེམས་ཅན་ཐམས་ཅད་བདེ་བོ་བྱེད།། འཇིག་རྟེན་ལ་མཚན་ཇི་སྙེད་པ།། དེ་དག་ཀུན་ཏུ་རབ་བྱུང་ནས། ལྟ་བ་ཐ་དད་གྱུར་པ་ཡི།། སེམས་ཅན་རྣམས་ནི་ཡོངས་སུ་འགྲེལ།། ཟླ་བའམ་ཉི་མར་དེ་གྱུར་ཏེ།། བརྒྱ་བྱིན་ཚངས་པ་སྐྱེ་དགུ་དབང་།། ཆུ་དང་མེར་ཡང་རབ་གྱུར་ཏེ།། ས་དང་རླུང་དུའང་དེ་བཞིན་ནོ། ། ནད་ཀྱི་བསྐལ་པ་བར་མ་ལ།། དེ་ནི་རྩི་མཆོག་དམ་པར་འགྱུར།། དེས་ནི་སེམས་ཅན་རྣམ་གྲོལ་ཞིང་།། ནད་རྣམས་མེད་ཅིང་བདེ་བར་འགྱུར།། མུ་གེའི་བསྐལ་པ་བར་མ་ལ།། ཟས་དང་སྐོམ་དུ་བསྒྱུར་ནས་སུ།། བཀྲེས་ཤིང་སྐོམ་པ་མེད་བྱས་ཏེ།། སྲོག་ཆགས་རྣམས་ལ་ཆོས་སྟོན་ཏོ།། མཚོན་གྱི་བསྐལ་པ་བར་མ་ལ།། དེ་དག་བྱམས་པ་སྒོམ་གྱུར་ཏེ།། སེམས་ཅན་བྱེ་བ་བརྒྱ་མང་པོ།། གནོད་སེམས་མེད་ལ་འཛུད་པར་བྱེད།། གཡུལ་ཆེན་འདྲེས་པའི་ནང་དུ་ནི།། དེ་དག་ཕྱོགས་ལ་མཉམ་པར་འགྱུར།། བྱང་ཆུབ་སེམས་དཔའ་སྟོབས་ཆེན་རྣམས།། འདུམ་ཞིང་འདུལ་བར་དགའ་བར་བྱེད།། སངས་རྒྱས་ཞིང་ནི་ཇི་སྙེད་པ།། བསམ་གྱིས་མི་ཁྱབ་དམྱལ་བར་ཡང་། ། སེམས་ཅན་རྣམས་ལ་ཕན་པའི་ཕྱིར།། བསམས་བཞིན་དུ་ནི་དེར་འགྲོའོ།། ཇི་སྙེད་དུད་འགྲོའི་སྐྱེ་གནས་ཀྱི།། འགྲོ་བར་རབ་ཏུ་བསྟན་པ་ནི།། ཐམས་ཅད་དུ་ཡང་ཆོས་སྟོན་ཏོ།། ། དེའི་ཕྱིར་རྣམ་པར་འདྲེན་ཅེས་བྱ།། འདོད་པའི་ལོངས་སྤྱོད་རྣམས་ཀྱང་སྟོན།། བསམ་གཏན་ལ་ཡང་བསམ་གཏན་སྟོན།། བདུད་རྣམས་རབ་ཏུ་འཇོམ་བྱེད་ཅིང་།། དེ་དག་གླགས་རྙེད་འགྱུར་མི་བྱེད།། མ་དབུས་ནས་ནི་པདྨ་ལྟར། ། ཡང་དག་མ་ཡིན་དེ་སྟོན་ན།། དེ་བཞིན་འདོད་དང་བསམ་གཏན་ཡང་།། ཡང་དག་མ་ཡིན་དེ་སྟོན་ཏོ།། བསམས་བཞིན་སྨད་འཚོང་རྣམས་སུ་བསྒྱུར།། སྐྱེས་པ་རྣམས་ནི་བསྡུ་བའི་ཕྱིར། ། འདོད་ཆགས་ལྕགས་ཀྱུས་བརྗོད་ནས་སུ།། དེ་དག་སངས་རྒྱས་ཡེ་ཤེས་འགོད།། སེམས་ཅན་རྣམས་ལ་ཕན་པའི་ཕྱིར།། གྲོང་མི་དང་ནི་དེད་དཔོན་དང་།། མདུན་ན་འདོན་དང་བློན་པོ་དང་།། བློན་པོ་ཆེན་པོ་རྟག་ཏུ་འགྱུར། ། སེམས་ཅན་དབུལ་པོ་རྣམས་ལ་ནི།། ཟད་མི་ཤེས་པའི་གཏེར་དུ་འགྱུར།། གང་ལ་སྦྱིན་པ་བྱིན་པ་ཡང་།། དེ་དག་བྱང་ཆུབ་སེམས་བསྐྱེད་བཙུད།། ང་རྒྱལ་ཁེངས་པའི་སེམས་ཅན་ལ།། དེ་དག་མཚན་ཆེན་མཆོག་གྱུར་ཏེ། ། ང་རྒྱལ་ཀུན་ཀྱང་བཅོམ་ནས་སུ།། བླ་མེད་བྱང་ཆུབ་ཚོལ་དུ་བཙུད།། འཇིགས་སྐྲག་སེམས་ཅན་རྣམས་ལ་ནི།། རྟག་ཏུ་དེ་ཡི་མདུན་ན་འདུག། དེ་དག་མི་འཇིགས་བྱིན་ནས་ཀྱང་།། བྱང་ཆུབ་ཏུ་ནི་སྨིན་པར་བྱེད།། དེ་དག་ལྔ་མངོན་ཤེས་པ་ཡི།། དྲང་སྲོང་ཚངས་པར་སྤྱོད་གྱུར་ཏེ།། བཟོད་དང་ངེས་པ་ཚུལ་ཁྲིམས་དང་།། སྡོམ་པ་ལ་ནི་སེམས་ཅན་དགོད།། རིམ་གྲོ་ལྷར་བྱེད་སེམས་ཅན་རྣམས།། འཇིགས་པ་མེད་པས་འདིར་མཐོང་ནས།། བྲན་དང་གཡོག་ཏུ་ཤིན་འགྱུར།། སློབ་མར་ཡང་ནི་ཉེ་བར་འགྲོ།། ཡན་ལག་གང་དང་གང་རྣམས་ཀྱིས།། སེམས་ཅན་ཆོས་ལ་དགར་གྱུར་པ།། ཐབས་ཆེན་ཤིན་ཏུ་བསླབས་པས་དག། བྱ་བ་དག་ནི་ཐམས་ཅད་སྟོན།། དེ་དག་སློབ་པ་མཐའ་ཡས་ཤིང་།། སྤྱོད་ཡུལ་རྣམས་ཀྱང་མཐའ་ཡས་ཏེ།། ཡེ་ཤེས་མཐའ་ཡས་རྫོགས་པས་མ། སྲོག་ཆགས་མཐའ་ཡས་གྲོལ་བར་བྱེད།། བསྐལ་པ་དག་ནི་བྱེ་བ་དང་། ། བསྐལ་པ་བྱེ་བ་ཕྲག་བརྒྱར་ནི།། བཅོམ་ལྡན་སངས་རྒྱས་རྣམས་ཀྱིས་ཀྱང་།། དེ་ཡི་ཡོན་ཏན་མཐའ་རྗོད་དཀའ།། གང་རྣམས་ཤེས་རབ་མེད་པ་ཡི།། སེམས་ཅན་དམན་པ་མ་གཏོགས་པར། ། མཁས་པས་ཆོས་འདི་ཐོས་གྱུར་ནས།། བྱང་ཆུབ་མཆོག་ལ་སུ་མི་སྨོན།། དེ་བཞིན་གཤེགས་པའི་རིགས་ཀྱི་ལེའུ་སྟེ་བདུན་པའོ།། ། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས། བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། སྐྱེས་བུ་དམ་པ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཉིས་སུ་མེད་པའི་ཆོས་ཀྱི་སྒོར་འཇུག་པ་གང་ཡིན། སྤོབས་པར་གྱིས་ཤིག། བྱང་ཆུབ་སེམས་དཔའ་ཆོས་རྣམ་པར་འཕྲུལ་པ་ཞེས་བྱ་བ་དེར་འདུས་པ་ངེས་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་སྐྱེ་བ་དང་འཇིག་པ་ནི་ཉེས་ཏེ། གང་མ་སྐྱེས་མ་བྱུང་བ་དེ་ལ་འཇིག་པ་གང་ཡང་མེད་དེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ནི། གཉིས་སུ་མེད་པ་ལ་འཇུག་པའོ།། བྱང་ཆུབ་སེམས་དཔའ་དཔལ་སྦས་ཀྱིས་སྨྲས་པ། ང་དང་ངའི་བ་ཞེས་བྱ་བ་དེ་ནི་གཉིས་ཏེ། བདག་ཏུ་སྒྲོ་བཏག་པ་མེད་ན། ངའི་བར་མི་འགྱུར་ཏེ། གང་སྒྲོ་བཏགས་པ་མེད་པ་དེ་ནི་གཉིས་སུ་མེད་པ་ལ་འཇུག་པའོ།། བྱང་ཆུབ་སེམས་དཔའ་དཔལ་བརྩེགས་ཀྱིས་སྨྲས་པ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཞེས་བྱ་བ་དེ་ནི་གཉིས་ཏེ། ཀུན་ནས་ཉོན་མོངས་པ་ཡོངས་སུ་ཤེས་ནས་རྣམ་པར་བྱང་བ་ལ་རློམ་སེམས་སུ་མི་འགྱུར་ཞིང་། རློམ་སེམས་ཐམས་ཅད་ལེགས་པར་འཇོམ་པ་དང་། མཐུན་པར་འགྲོ་བའི་ལམ་དེ་ནི་གཉིས་སུ་མེད་པ་ལ་འཇུག་པའོ། ། བྱང་ཆུབ་སེམས་དཔའ་སྐར་བཟངས་ཀྱིས་སྨྲས་པ། གཡོ་བ་དང་རློམ་སེམས་དེ་ནི་གཉིས་ཏེ། གང་གཡོ་བ་མེད་པ་རློམ་སེམས་སུ་མི་བྱེད། ཡིད་ལ་མི་བྱེད་པ་ལྷག་པར་བྱ་བ་མེད་པ་ལྷག་པར་བྱ་བ་དང་བྲལ་བ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། ། བྱང་ཆུབ་སེམས་དཔའ་ལག་བཟངས་ཀྱིས་སྨྲས་པ། བྱང་ཆུབ་ཀྱི་སེམས་དང་ཉན་ཐོས་ཀྱི་སེམས་ཀྱིས་བྱ་བ་དེ་ནི་གཉིས་ཏེ། གང་སྒྱུ་མའི་སེམས་དང་། མཚུངས་པར་མཐོང་བ་དེ་ནི། བྱང་ཆུབ་ཀྱི་སེམས་ཀྱང་མེད། ཉན་ཐོས་ཀྱི་སེམས་ཀྱང་མེད་དེ། གང་སེམས་ཀྱི་མཚན་ཉིད་མཚུངས་པ་དེ་ནི། གཉིས་སུ་མེད་པར་འཇུག་པའོ།། བྱང་ཆུབ་སེམས་དཔའ་མི་རྣ་ཛུམས། ཀྱིས་སྨྲས་པ། ལེན་པ་དང་མི་ལེན་པ་དེ་ནི་གཉིས་ཏེ། གང་མི་ལེན་པ་དེ་ནི་མི་དམིགས་ཏེ། གང་མི་དམིགས་པ་དེ་ལ་རྟོག་པ་དང་། བསལ་བར་མི་བྱེད། ཆོས་ཐམས་ཅད་མི་བྱེད་མི་སྤྱོད་པ་དེ་ན། གཉིས་སུ་མེད་པར་འཇུག་པའོ། ། བྱང་ཆུབ་སེམས་དཔའ་མིག་བཟངས་ཀྱིས་སྨྲས་པ། མཚན་ཉིད་གཅིག་པ་དང་མཚན་ཉིད་མེད་པ་ཞེས་བྱ་བ་དེ་ནི་གཉིས་སོ།། གང་རྟོགས་པར་མི་བྱེད། ཀུན་རྟོགས་པར་མི་བྱེད། མཚན་ཉིད་གཅིག་པར་མི་བྱེད།། མཚན་ཉིད་མེད་པར་མི་བྱེད་དོ།། གང་མཚན་ཉིད་དང་མཚན་ཉིད་མི་འདྲ་བ་ལ། མཚན་ཉིད་མཚུངས་པར་འཇུག་པ་དེ་ནི། གཉིས་སུ་མེད་པར་འཇུག་པའོ།། བྱང་ཆུབ་སེམས་དཔའ་སྐར་རྒྱལ་གྱིས་སྨྲས་པ། དགེ་བ་དང་མི་དགེ་བ་ཞེས་བྱ་བ་ནི་གཉིས་ཏེ། གང་དགེ་བ་དང་མི་དགེ་བ་མི་སློང་ཞིང་། མཚན་མ་དང་མཚན་མ་མེད་པ་ལ་གཉིས་སུ་མེད་པར་རྟོག་པ་ནི་གཉིས་སུ་མེད་པར་འཇུག་པའོ། ། བྱང་ཆུབ་སེམས་དཔའ་སེང་གེས་སྨྲས་པ། ཁ་ན་མ་ཐོ་བར་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་གིས་རྡོ་རྗེ་ལྟར་རབ་ཏུ་འབིགས་པའི་ཡེ་ཤེས་ཀྱིས་མི་འཆིང་། མི་འགྲོལ་བ་དེ་ནི་གཉིས་སུ་མེད་པར་འཇུག་པའོ།། བྱང་ཆུབ་སེམས་དཔའ་སེང་གེ་བློ་གྲོས་ཀྱིས་སྨྲས་པ། འདི་ནི་ཟག་པ་དང་བཅས་པ། འདི་ནི་ཟག་པ་མེད་པའོ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་མཉམ་པ་ཉིད་ཀྱི་ཆོས་ཐོབ་པས་ཟག་པ་དང་། ཟག་པ་མེད་པའི་འདུ་ཤེས་སུ་མི་བྱེད། འདུ་ཤེས་མེད་པར་གྱུར་པའང་མ་ཡིན། མཉམ་པ་ཉིད་ལ་མཉམ་པ་ཉིད་ཐོབ་པའང་མེད་ཅིང་། འདུ་ཤེས་ཀྱི་འདུན་པ་མེད་པ་དེ་ལྟར་གང་འཇུག་པ་དེ་ནི། གཉིས་སུ་མེད་པར་འཇུག་པའོ།། བྱང་ཆུབ་སེམས་དཔའ་བདེ་མོས་ཀྱིས་སྨྲས་པ། འདི་ནི་བདེ་བ་འདི་ནི་མི་བདེ་བའོ་ཞེས་བྱ་བ་དེ་གཉིས་ཏེ། གང་དེ་ཤེས་ཤིན་ཏུ་རྣམ་པར་དག་པའི་ཕྱིར། གྲངས་ཐམས་ཅད་དང་བྲལ་ཞིང་བློ་ནམ་མཁའ་དང་མཚུངས་པས་མི་ཆགས་པ་དེ་ནི། གཉིས་སུ་མེད་པར་འཇུག་པའོ།། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱིས་སྨྲས་པ། འདི་ནི་འཇིག་རྟེན་པའོ།། འདི་ནི་འཇིག་རྟེན་ལས་འདས་པའོ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་འཇིག་རྟེན་གྱི་རང་བཞིན་སྟོང་པ་དེ་ལ། ཅུང་ཟད་ཀྱང་རྒལ་བའང་མེད། འཇུག་པའང་མེད། འགྲོ་བའང་མེད།། མི་འགྲོ་བའང་མེད་དེ། གང་ལ་མི་རྒལ། མི་འཇུག། འགྲོ་བའང་མེད། མི་འགྲོ་བའང་མེད་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ།། བྱང་ཆུབ་སེམས་དཔའ་འདུལ་བའི་བློ་གྲོས་ཀྱིས་སྨྲས་པ། འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་དེ་ནི་གཉིས་ཏེ། འཁོར་བའི་ངོ་བོ་ཉིད་མཐོང་བས། མི་འཁོར་ཞིང་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། གང་དེ་ལྟར་རྟོགས་པ་དེ་ནི། གཉིས་སུ་མེད་པར་འཇུག་པའོ།། བྱང་ཆུབ་སེམས་དཔའ་མངོན་སུམ་དུ་མཐོང་གིས་སྨྲས་པ། ཟད་པ་དང་མི་ཟད་པ་ཞེས་བྱ་བ་དེ་ནི་གཉིས་ཏེ། ཟད་པ་ནི་ཤིན་ཏུ་ཟད་པ་སྟེ། གང་ཤིན་ཏུ་ཟད་པ་དེ་ལ། ཟད་པར་བྱ་བ་མ་ཡིན་པས་ན། དེའི་ཕྱིར་མི་ཟད་པ་ཞེས་བྱའོ། ། གང་མི་ཟད་པ་དེ་ནི་སྐད་ཅིག་པ་སྟེ། སྐད་ཅིག་པ་ལ་ཟད་པ་མེད་དོ།། དེ་ལྟ་བུར་རབ་ཏུ་ཞུགས་པ་དེ་ནི། གཉིས་སུ་མེད་པའི་ཆོས་ཀྱི་སྒོར་ཞུགས་བྱའོ།། བྱང་ཆུབ་སེམས་དཔའ་ཀུན་ནས་སྦས་ཀྱིས་སྨྲས་པ། བདག་དང་བདག་མེད་དོ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་བདག་གི་དངོས་པོ་མི་དམིགས་པ་དེ་ཅི་ཞིག། བདག་མེད་པར་བྱེད་པར་འགྱུར་བ་དེ་དག་གི་ངོ་བོ་ཉིད་མཐོང་བས་གཉིས་སུ་མེད་པ་ནི། གཉིས་སུ་མེད་པར་འཇུག་པའོ། ། བྱང་ཆུབ་སེམས་དཔའ་གློག་གི་ལྷས་སྨྲས་པ། རིག་པ་དང་མ་རིག་པ་ཞེས་བྱ་བ་དེ་ནི་གཉིས་ཏེ། མ་རིག་པའི་རང་བཞིན་ལྟར་རིག་པའང་དེ་བཞིན་ཏེ། མ་རིག་པ་གང་ཡིན་པ་དེ་ནི་ལུང་དུ་མ་བསྟན་པ། བགྲང་དུ་མེད་པ། བགྲང་བའི་ལམ་ལས་འདས་པའོ།། གང་འདི་ལ་མངོན་པར་རྟོགས་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ།། བྱང་ཆུབ་སེམས་དཔའ་མཐོང་དགས་སྨྲས་པ། གཟུགས་ཉིད་སྟོང་པ་སྟེ། གཟུགས་བཤིག་པ་ལས་སྟོང་པ་མ་ཡིན་གྱི། གཟུགས་ཀྱི་རང་བཞིན་ནི་སྟོང་པ་སྟེ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་ཅེས་བྱ་བ་དེ་ནི་གཉིས་སོ།། རྣམ་པར་ཤེས་པ་ཉིད་ནི་སྟོང་པ་ཉིད་དེ། རྣམ་པར་ཤེས་པ་བཤིས་པས་སྟོང་པ་མ་ཡིན་གྱི།། རྣམ་པར་ཤེས་པའི་རང་བཞིན་སྟོང་པ་ཉིད་དོ།། འདི་ལ་གང་གིས་ལེན་པའི་ཕུང་པོ་ལྔ་ལ་དེ་བཞིན་ཤེས་ཤིང་། དེ་ལྟ་བུར་ལ་ཤེས་ཀྱིས་རིག་པ་དེ་ནི། གཉིས་སུ་མེད་པར་འཇུག་པའོ།། བྱང་ཆུབ་སེམས་དཔའ་འོད་ཀྱི་ཏོག་གིས་སྨྲས་པ། ཁམས་བཞི་པོའང་གཞན་ལ། ནམ་མཁའི་ཁམས་ཀྱང་གཞན་ནོ་ཞེས་བྱ་བ་དེ་ནི་གཉིས་ཏེ། ཁམས་བཞི་པོ་ན་ནམ་མཁའི་རང་བཞིན་ནོ།། སྔོན་གྱི་མཐའ་ཡང་ནམ་མཁའི་རང་བཞིན་ནོ།། ཕྱི་མའི་མཐའ་ཡང་ནམ་མཁའི་རང་བཞིན་ནོ།། བཞིན་དུ་ད་ལྟར་ཡང་ནམ་མཁའི་རང་བཞིན་ཏེ། གང་དེ་ལྟར་ཁམས་ལ་འཇུག་པའི་ཡེ་ཤེས་དེ་ནི། གཉིས་སུ་མེད་པར་འཇུག་པའོ།། བྱང་ཆུབ་སེམས་དཔའ་རབ་ཀྱི་བློ་གྲོས་ཀྱིས་སྨྲས་པ། མིག་དང་གཟུགས་སོ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་མིག་ཡོངས་སུ་ཤེས་པས། གཟུགས་ལ་མི་ཆགས། མི་སྡང་། མི་རྨོངས་པ་དེ་ནི་ཞི་བ་ཞེས་བྱའོ།། དེ་བཞིན་དུ་རྣ་བ་དང་སྒྲ། སྣ་དང། དྲི། ལྕེ་དང་རོ།། ལུས་དང་རེག། ཡིད་དང་ཆོས་དེ་དག་ནི་གཉིས་སོ།། གང་ཡང་ཡིད་ཡོངས་སུ་ཤེས་ནས་ཆོས་ལ་མི་ཆགས། མི་སྡང་། མི་རྨོངས་པ་དེ་ནི་ཞི་བ་ཞེས་བྱའོ།། དེ་ལྟར་ཞི་བ་ལ་གནས་པ་ནི་གཉིས་སུ་མེད་པར་འཇུག་པའོ། ། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་སྨྲས་པ། སྦྱིན་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་དེ་ནི་གཉིས་ཏེ། སྦྱིན་པའི་ངོ་བོ་ཉིད་ནི་ཐམས་ཅད་མཁྱེན་པའོ། ། ཐམས་ཅད་མཁྱེན་པའི་ངོ་བོ་ཉིད་ནི་ཡོངས་སུ་བསྔོ་བའོ།། དེ་བཞིན་དུ་ཚུལ་ཁྲིམས་དང་།། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་དེ་ནི་གཉིས་སོ། ། ཐམས་ཅད་མཁྱེན་པ་ཉིད་ནི་ཤེས་རབ་ཀྱི་རང་བཞིན་ནོ།། ཡོངས་སུ་བསྔོ་བ་ཡང་ཐམས་ཅད་མཁྱེན་པའི་རང་བཞིན་ཏེ། གང་། ཚུལ་གཅིག་པ་འདི་ལ་འཇུག་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ།། བྱང་ཆུབ་སེམས་དཔའ་བློ་ཟབ་ཀྱིས་སྨྲས་པ། སྟོང་པ་ཉིད་ཀྱང་གཞན་ལ། མཚན་མ་མེད་པ་དང་། སྨོན་པ་མེད་པའང་གཞན་ནོ་ཞེས་བྱ་བ་དེ་ནི་གཉིས་ཏེ། སྟོང་པ་གང་ཡིན་པ་དེ་ལ་མཚན་མ་གང་ཡང་མེད་དོ།། མཚན་མ་མེད་པ་ལ་སྨོན་པ་མེད། སྨོན་པ་མེད་པ་ལ་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་རྒྱུ་བ་མེད་དེ། གང་རྣམ་པར་ཐར་པ་གཅིག་གི་སྒོ་དེ་ལ་རྣམ་པར་ཐར་པ་ཐམས་ཅད་ཀྱི་སྒོ་རྣམས་སུ་བལྟ་བར་བྱ་བ་དེ་ནི་གཉིས་སུ་མེད་པའི་སྒོར་འཇུག་པའོ།། བྱང་ཆུབ་སེམས་དཔའ་དབང་པོ་བཞི་བས་སྨྲས་པ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ནོ་ཞེས་བྱ་བ་དེ་ནི་གཉིས་ཏེ། སངས་རྒྱས་ཀྱི་རང་བཞིན་ནི་ཆོས་སོ།། ཆོས་ཀྱི་རང་བཞིན་ནི་དགེ་འདུན་ཏེ། དེ་དག་ཐམས་ཅད་ཀྱང་འདུས་མ་བྱས་པའོ། ། འདུས་མ་བྱས་ནི་ནམ་མཁའ་བོ།། ཆོས་ཐམས་ཅད་ཀྱི་ཚུལ་ནི་ནམ་མཁའ་དང་མཚུངས་ཏེ། གང་དེ་ལྟར་རྗེས་སུ་འགྲོ་བ་དེ་ནི། གཉིས་སུ་མེད་པར་འཇུག་པའོ།། བྱང་ཆུབ་སེམས་དཔའ་ཐོགས་པ་མེད་པའི་མིག་གིས་སྨྲས་པ། འཇིག་ཚོགས་དང་འཇིག་ཚོགས་འགོག་པ་ཞེས་བྱ་བ་དེ་ནི་གཉིས་ཏེ། འཇིག་ཚེགས་ཉིད་ནི་འགོག་པའོ།། དེ་ཅིའི་ཕྱིར་ཞེན་འཇིག་ཚོགས་སུ་ལྟ་བ་མི་སྐྱེ་བ་མེད་ཅིང་། གང་ལྟ་བ་དེ་འཇིག་ཚོགས་སོ་ཞེས་སམ། འཇིག་ཚེགས་འགོག་ཅེས་མི་ཏོག་སྟེ། དེ་མི་རྟོག། རྣམ་པར་མི་རྟོག། ཤིན་ཏུ་མི་རྟོག་པས་འགོག་པའི་རང་བཞིན་དུ་འགྱུར་ཏེ། མི་འབྱུང་མི་འཇིག་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ།། བྱང་ཆུབ་སེམས་དཔའ་ཤིན་ཏུ་དུལ་བས་སྨྲས་པ། ལུས་དང་། ངག་དང་།། ཡིད་ཀྱི་སྡོམ་པ་ཞེས་བྱ་བ་དེ་ནི་གཉིས་སུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་དག་ནི་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་དེ། ལུས་ཀྱི་མངོན་པར་འདུ་མི་བྱེད་པ་གང་ཡིན་པ། ངག་གི་མངོན་པར་འདུ་མི་བྱེད་པའང་དེའི་མཚན་ཉིད་དོ། ། ཡིད་ཀྱི་མངོན་པར་འདུ་མི་བྱེད་པའང་དེའི་མཚན་ཉིད་དོ།། གང་ཆོས་ཐམས་ཅད་ཀྱི་མངོན་པར་འདུ་མི་བྱེད་པ་དེ་ཡིན་པར་ཤེས་པར་བྱ། རྗེས་སུ་རིག་པར་བྱ་སྟེ། གང་འདི་ལ་མངོན་པར་འདུ་མི་བྱེད་པར་ཤེས་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། ། བྱང་ཆུབ་སེམས་དཔའ་བསོད་ནམས་ཞིང་གིས་སྨྲས་པ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་དོ་ཞེས་བྱ་བ་དེ་ནི་གཉིས་ཏེ། གང་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བ་མངོན་པར་འདུ་མི་བྱེད་པ་དེ་ནི་གཉིས་སུ་མེད་པའོ། ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བ་འདུ་བྱེད་རྣམས་ཀྱི་རང་གི་མཚན་ཉིད་སྟོང་པ་སྟེ། དེ་ལ་བསོད་ནམས་ཀྱང་མེད། བསོད་ནམས་མ་ཡིན་པའང་མེད།། ། མི་གཡོ་བའང་མེད། མངོན་པར་འདུ་བྱེད་པའང་མེད་དེ། གང་དེ་ལྟར་མི་སྒྲུབ་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ།། བྱང་ཆུབ་སེམས་དཔའ་པདྨ་བཀོད་པས་སྨྲས་པ། བདག་ཀུན་ནས་ལྡང་བ་ལས་སྐྱེས་པ་དེ་ནི་གཉིས་ཏེ། བདག་ཡོངས་སུ་ཤེས་པ་དེ་ནི་གཉིས་མི་སློང་ངོ་།། དེ་ལྟར་གཉིས་སུ་མེད་པར་གནས་པ་ལ། རྣམ་པར་རིག་པ་མེད་པས། རྣམ་པར་རིག་པ་མེད་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། ། བྱང་ཆུབ་སེམས་དཔའ་དཔལ་གྱི་སྙིང་པོས་སྨྲས་པ། དམིགས་པས་རབ་ཏུ་ཕྱེ་བ་དེ་ནི་གཉིས་སོ།། གང་མི་དམིགས་པ་དེ་ནི་གཉིས་སུ་མེད་པ་སྟེ། དེའི་ཕྱིར་གང་ལེན་པ་མེད་ཅིང་དོར་བ་མེད་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ། ། བྱང་ཆུབ་སེམས་དཔའ་ཟླ་བའི་བླ་མས་སྨྲས་པ། མུན་པ་དང་སྣང་བའོ་ཞེས་བྱ་བ་དེ་ནི་གཉིས་ཏེ། མུན་པའང་མེད་སྣང་བཟང་མེད་པ་དེ་ནི་གཉིས་སུ་མེད་པའོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འགོག་པར་སྙོམས་པར་ཞུགས་པ་ལ་མུན་པའང་མེད།། སྣང་བའང་མེད་དོ།། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱང་དེ་བཞིན་ཏེ། གང་མཉམ་པ་ཉིད་འདི་ལ་འཇུག་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ།། བྱང་ཆུབ་སེམས་དཔའ་ལག་ན་ཕྱག་རྒྱ་རིན་པོ་ཆེས་སྨྲས་པ། མྱ་ངན་ལས་འདས་པ་ལ་མངོན་པར་དགའ་ཞིང་འཁོར་བ་ལ་མི་དགའ་བ་དེ་ནི་གཉིས་ཏེ། གང་མྱ་ངན་ལས་འདས་པ་ལ་ཡང་མངོན་པར་དགའ་བའང་མེད། འཁོར་བ་ལ་ཡང་མི་དགའ་བ་མེད་པ་དེ་ནི་གཉིས་སུ་མེད་པའོ།། དེ་ཅིའི་ཕྱིར་ཞེ་ན། གང་བཅིངས་པ་ལས་ནི་གྲོལ་བར་བསྟན་གྱི། གང་ཤིན་ཏུ་མ་བཅིངས་པ་དེ་ཐར་པ་ག་ལ་ཚོལ། མ་བཅིངས་མ་གྲོལ་བའི་དགེ་སློང་ནི་དགའ་བ་དང་། མི་དགའ་བའང་མི་སྐྱེད་དེ། དེ་ནི་གཉིས་སུ་མེད་པར་འཇུག་པའོ། ། བྱང་ཆུབ་སེམས་དཔའ་ནོར་བུ་བརྩེགས་པའི་རྒྱལ་པོས་སྨྲས་པ། ལམ་དང་ལམ་ངན་པའོ་ཞེས་བྱ་བ་དེ་ནི་གཉིས་ཏེ། ལམ་དུ་ཞུགས་པ་ལ་ནི་ལམ་ངན་པ་མི་སྤྱོད་དོ།། མི་སྤྱོད། པ་ལ་གནས་པ་ནི་ལམ་གྱི་འདུ་ཤེས་སམ། ལམ་མ་ཡིན་པའི་འདུ་ཤེས་སུ་མི་འགྱུར་རོ།། འདུ་ཤེས་ཡོངས་སུ་རིག་པ་ནི་བློ་གཉིས་སུ་མི་འཇུག་སྟེ། དེ་ནི་གཉིས་སུ་མེད་པར་འཇུག་པའོ།། བྱང་ཆུབ་སེམས་དཔའ་བདེན་དགས་སྨྲས་པ། བདེན་པ་དང་བརྫུན་པ་ཞེས་བྱ་བ་དེ་ནི་གཉིས་ཏེ། བདེན་པ་མཐོང་བས་ཀྱང་བདེན་པ་གཉིས་ཡང་དག་པར་རྗེས་སུ་མི་མཐོང་ན། བརྫུན་པ་ལྟ་ག་ལ་མཐོང་། དེ་ཅིའི་ཕྱིར་ཞེ་ན། ཤའི་མིག་གིས་ནི་མི་མཐོང་གིས། ཤེས་རབ་ཀྱི་མིག་གིས་མཐོང་སྟེ། ཇི་ལྟར་མི་མཐོང་། རྣམ་པར་མི་མཐོང་བ་དག་དེ་ལྟར་མཐོང་ངོ་།། གང་ལ་མཐོང་བའང་མེད། རྣམ་པར་མཐོང་བའང་མེད་དེ། གཉིས་སུ་མེད་པར་འཇུག་པའོ།། དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དག་གིས་རང་རང་གི་བསྟན་པ་བཤད་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་བྱང་ཆུབ་སེམས་དཔའི་གཉིས་སུ་མེད་པར་འཇུག་པ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། སྐྱེས་བུ་དམ་པ་ཁྱེད་ཀུན་གྱིས་ཀྱང་ལེགས་པར་སྨྲས་མོད་ཀྱི། ཁྱེད་ཀྱིས་བཤད་པ་དེ་ཐམས་ཅད་ནི་གཉིས་སོ། ། བསྟན་པ་གཅིག་ནི་མ་གཏོགས་ཏེ། བརྗོད་དུ་མེད་པ། སྨྲར་མེད་པ། བཤད་དུ་མེད་པ། བསྒྲག་ཏུ་མེད་པ། བསྟན་དུ་མེད་པ། གདགས་སུ་མེད་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ།། ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། ལི་ཙ་བྱི་དྲིམ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ།། ཁོ་བོ་ཅག་གིས་ནི་རང་རང་གི་བསྟན་པ་བཤད་ཟིན་ན། རིགས་ཀྱི་བུ་ཁྱོད་ཀྱང་གཉིས་སུ་མེད་པའི་ཆོས་ཀྱི་སྒོ་བསྟན་པ་ལ་སྤོབས་པར་གྱིས་ཤིག། དེ་ནས་ལི་ཙ་བྱི་དྲིམ་མེད་པར་གྲགས་བཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། ལི་ཙི་བྱི་ཇིམ་མེད་པར་གྲགས་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ།། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཉིས་སུ་མེད་པར་འཇུག་པ་ཡིན་ཏེ། དེ་ལ་ཡི་གེ་དང་། སྒྲ་དང་། རྣམ་པར་རིག་པའི་རྒྱུ་བ་མེད་དོ།། བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་ལྔ་སྟོང་གཉིས་སུ་མེད་པའི་ཆོས་ཀྱི་སྒོར་ཞུགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། གཉིས་སུ་མེད་པའི་ཆོས་ཀྱི་སྒོར་ཞུགས་པའི་ལེའུ་སྟེ་བརྒྱད་པའོ། ། །། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྙམ་དུ་བསམས་ཏེ། གདུགས་ཆོད་ལའང་བབ་ན། སེམས་དཔའ་ཆེན་པོ་འདི་དག་མི་ལྡང་ན་འདི་དག་ཟན་གར་ཟ་སྙམ་མོ། ། དེ་ནས་ལི་ཙི་བྱི་དྲི་མ་མེད་པར་གྲགས་པས་ཚེ་དང་ལྡན་པ་ཤཱ་རིའི་བུའི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཤེས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་ཤཱ་རིའི་བུ་དེ་བཞིན་གཤེགས་པས་རྣམ་པར་ཐར་པ་བརྒྱད་པོ་གང་དག་གསུངས་པའི་རྣམ་པར་ཐར་པ་དེ་དག་ལ་གནས་པར་གྱིས་ལ། ཟང་ཟིང་དང་འདྲེས་པའི་རྒྱུད་ཀྱིས་ཆོས་མཉན་ཅིག། བཙུན་པ་ཤཱ་རིའི་བུ་ཡུད་ཙམ་ཞིག་སྡོད་ཅིག་དང་། སྔོན་མ་མྱོང་བའི་ཁ་ཟས་ཟ་བར་འགྱུར་རོ།། དེ་ནས་དེའི་ཚེ་ལ་ཙི་བྱི་དྲི་མ་མེད་པར་གྲགས་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་འདྲ་བའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་སོ། ། གང་སྟེང་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་བཞི་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན། གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་ཅེས་བྱ་བ་ཡོད་དེ། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་ལ་བསྟན་ཏོ།། དེ་ན་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། ། འཇིག་རྟེན་གྱི་ཁམས་དེར་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་མི་དང་། ལྷའི་དྲི་འབྱུང་བ་དེ་བས་འཇིག་རྟེན་གྱི་ཁམས་དེའི་ཤིང་ལས་ཆེས་ཁྱད་པར་དུ་འཕགས་པ་འབྱུང་ངོ་། ། འཇིག་རྟེན་གྱི་ཁམས་དེ་ན་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་མིང་ཡང་མེད་དེ། བྱང་ཆུབ་སེམས་དཔའ་འབའ་ཞིག་གི་ཚོགས་འདུས་པ་དེ་དག་ལ་དེ་བཞིན་གཤེགས་པ་སྤོས་མཆོག་བརྩིགས་པ་དེ་ཆོས་སྟོན་ཏོ། ། འཇིག་རྟེན་གྱི་ཁམས་དེ་ན། ཁང་པ་བརྩེགས་པ་ཐམས་ཅད་ཀྱང་སྤོས་ལ་བྱས། འཆགས་དང་། སྐྱེད་མོས་ཚལ་དང་། གཞལ་མེད་ཁང་ཐམས་ཅད་ཀྱང་སྤོས་ལ་བྱས་སོ། ། གང་བྱང་ཆུབ་སེམས་དཔའ་དེ་དག་ཟས་ཟ་བའི་ཟས་དེའི་དྲིས་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཁྱབ་བོ།། དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨོས་མཆོག་བརྩེགས་པ་བྱང་ཆུབ་སེམས་དཔའ་དེ་དག་དང་ཐབས་ཅིག་ཏུ་བཤོས་གསོལ་བའི་ཕྱིར་ཞུགས་ཏེ། དེ་ནས་ལྷའི་བུ་སྤོས་བཀོད་པའི་ཟས་ཞེས་བྱ་བ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དེ་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དེ་དག་གི་རིམ་གྲོ་དང་། བསྙེན་བཀུར་བྱེད་པར་བརྩོན་ནོ།། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས། འཇིག་རྟེན་གྱི་ཁམས་དེ་ན་བཅོམ་ལྡན་འདས་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་བཤོས་ལ་བཀོད་དེ་བཞུགས་པ་མཐོང་ངོ་། ། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་སྨྲས་སོ།། སྐྱེས་བུ། དམ་པ་ཁྱེད་ཀྱི་ནང་ན་སངས་རྒྱས་ཀྱི་ཞིང་དེ་ནས་ཟས་ལེན་པར་སུ་སྤྲོ། དེ་ན་འཇམ་དཔལ་གྱི་བྱིན་གྱི་རླབས་ཀྱིས་སུ་ཡང་སྤྲོ་བ་མེད་དོ།། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། ། འཇམ་དཔལ་ཁྱོད་ཀྱི་འཁོར་འདི་འདྲ་བ་ངོ་མི་ཚའམ། སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་མ་བསླབས་པ་ལ་བརྙས་པར་མི་བྱའོ་ཞེས་མ་གསུངས་སམ། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་མལ་དེ་ནས་མ་ལངས་པར། བྱང་ཆུབ་སེམས་དཔའ་དེ་དག་གི་མདུན་དུ་སྤྲུལ་པའི་བྱང་ཆུབ་སེམས་དཔའ་ལུས་གསེར་གྱི་ཁ་དོག་ལྟ་བུར་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ་ཞིག་སྤྲུལ་ཏེ། གང་གིས་འཁོར་དེ་དག་ཐམས་ཅད་མོག་མོག་པོར་བྱས་པར་འགྱུར་བ་དེ་ལྟ་བུའི་གཟུགས་སུ་སྣང་བར་གྱུར་ཏོ། ། དེ་ནས་ལི་ཙ་བྱི་དྲི་མ་མེདྲ་པར་གྲགས་པས། སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་སྟེང་གི་ཕྱོགས་སུ་སོང་ལ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་བཞི་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པ་ཞེས་བྱ་བ་ད་ལྟར་བཤོས་གསོལ་བའི་ཕྱིར་བཞུགས་པ་དེར་སོང་ལ། དེ་བཞིན་གཤེགས་པ་དེའི་ཞབས་ལ་མགོ་བོས་ཕྱག་ཚོལ་ལ། འདི་སྐད་ཅེས་གསོལ་ཅིག། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་བཅོམ་ལྡན་འདས་ཀྱི་ཞབས་ལ་ལན་བརྒྱ་སྟོང་དུ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་། བདེ་བ་དང་། ཁ་ན་མ་ཐོ་བ་མི་མངའ་ཞིང་བདེ་བར་རེག་པ་ལ་གནས་སམ་ཞེས་བསྙུན་གསོལ་ཞིང་འདི་སྐད་ཅེས་ཀྱང་མཆིའོ།། བཅོམ་ལྡན་འདས་ཀྱིས་གསོལ་བའི་ཕམ་ཕབས་བདག་ལ་སྩལ་བར་གསོལ། དེས་འཇིག་རྟེན་གྱི་ཁམས་མི་མཇེད་དུ་སངས་རྒྱས་ཀྱི་མཛད་པ་བགྱིད་པར་འགྱུར་རོ།། དམན་པ་ལ་མོས་པའི་སེམས་ཅན་འདི་དག་ཀྱང་རྒྱ་ཆེན་པོ་ལ་དང་བར་བགྱིད་དོ། ། དེ་བཞིན་གཤེགས་པའི་མཚན་ཀྱང་རྒྱས་པར་བགྱིས་པར་འགྱུར་རོ་ཞེས་གསོལ་ཅིག། དེ་ནས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེས་ལི།། ཙ་བྱི་དྲི་མ་མེད་པར་གྲགས་པ་ལ་ལེགས་སོ་ཞེས་ཞེས་བྱས་ནས། དེ་མཉན་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གི་མདུན་ནས་བཞིན་གྱེན་དུ་བལྟས་ཏེ་སོང་ན། བྱང་ཆུབ་སེམས་དཔའ་དེ་དག་གིས་དེ་འགྲོ་བར་མ་མཐོང་ངོ་། ། དེ་ནས་སྤྲུལ་པའི་བྱང་ཆུབ་སེམས་དཔའི་དེས་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་ཅེས་བྱ་བ་དེར་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དྲིམ་མེད་པར་གྲགས་པ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚེའམ་སྟོབས་དང་། བདེ་བ་དང་། ཁ་ན་མ་ཐོ་བ་མི་མངའ་ཞིང་བདེ་བར་རེག་པ་ལ་གནས་སམ་ཞེས་བསྙུན་གསོལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ལན་བརྒྱ་སྟོང་དུ་མགོ་བོས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གསོལ་བའི་ཞལ་ཟས་ཀྱི་ཕམ་ཕབས་བདག་ལ་སྩལ་བར་གསོལ། དེས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་སངས་རྒྱས་ཀྱི་མཛད་པ་བགྱིད་པར་འཚལ་ལོ། ། དམན་པ་ལ་མོས་པའི་སེམས་ཅན་འདི་དག་ཀྱང་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་བློ་གྲོས་མོས་པར་བགྱིད་ཅིང་། སངས་རྒྱས་ཀྱི་མཚན་ཀྱང་རྒྱས་པར་བགྱིས་པར་འགྱུར་རོ་ཞེས་མཆིའོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པའི་སངས་རྒྱས་ཀྱི་ཞིང་གི་བྱང་ཆུབ་སེམ་དཔའ་དེ་དག་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་ཆེན་པོ་འདི་ལྟ་བུ་ག་ལས་མཆིས། འཇིག་རྟེན་གྱི་ཁམས་མི་མཇེད་དེ་གང་ན་མཆིས། དམན་པ་ལ་མོས་པ་ཞེས་བགྱི་བ་དེ་ཅི་ལགས་ཞེས། བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་དེ་དག་གིས་དེ་སྐད་ཞུས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་འོག་གི་ཕྱོགས་ན། སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་བཞི་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཤཱ་ཐུབ་པ་ཞེས་བྱ་བ་སྙིགས་མ་ལྔའི་སངས་རྒྱས་ཀྱི་ཞིང་ན། དམན་པ་ལ་མོས་པའི་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།། དེ་ན་བྱང་ཆུབ་སེམས་དཔའ་དྲི་མ་མེད་པར་གྲགས་པ་ཞེས་བྱ་བ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་ཏེ། དེས་ངའི་མིང་ཡོངས་སུ་བསྒྲགས་པ་དང་། འཇིག་རྟེན་གྱི་ཁམས་འདིའི་བསྔགས་པ་རབ་ཏུ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་གི་དགེ་བའི་རྩ་བ་ཤིན་ཏུ་འབར་བར་བྱ་བའི་ཕྱིར་སྤྲུལ་པའི་བྱང་ཆུབ་སེམས་དཔའ་བཏང་ངོ་།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེའི་ཆེ་བ་ཇི་སྙེད་ན་དེའི་སྤྲུལ་པ་འདི་ཡང་། རྫུ་འཕྲུལ་དང་། སྟོབས་དང་། མི་འཇིགས་པ་འདི་ལྟ་བུར། གྱུར། བཅོམ་ལྡན་འདས་དེས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་དེའི་ཆེ་བ་ནི་འདི་འདྲ་སྟེ། དེས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྤྲུལ་པ་འགྱེད་དེ། སྤྲུལ་པ་དེ་དག་སངས་རྒྱས་ཀྱི་ཞིང་དེ་དག་གི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་བྱ་བས་ཉེ་བར་གནས་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པས། དྲི་ཐམས་ཅད་དང་ལྡན་པའི་སྣོད་དུ་དྲི་ཐམས་ཅད་བསྒོས་པའི་ཟས་བླུགས་ཏེ། དེ་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ་ལ་བྱིན་ནོ།། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་དགུ་བཅུ་ཡང་དེར་འགྲོ་བར་ཆས་ཏེ། བཅོམ་ལྡན་འདས་བདག་ཅག་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བགྱི་བ་དང་། དྲི་མ་མེད་པར་གྲགས་པ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་བལྟ་བའི་སླད་དུ་མཆིའོ། ། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་དག་ད་དེའི་དུས་ལ་བབ་པར་ཤེས་ན་དེང་ཞིག། རིགས་ཀྱི་བུ་དག་སེམས་ཅན་དེ་རྣམས་མྱོས་ཤིང་བག་མེད་པར་གྱུར་ཏརེ། དྲི་རྣམས་མེད་པར་གྱིས་ལ་དེང་ཞིག། འཇིག་རྟེན་གྱི་ཁམས་མི་མཇེད་དེའི་སེམས་ཅན་དེ་དག་སྲ་གོང་བར་འགྱུར་དུ་འོང་གིས། རང་གི་གཟུགས་ཀྱང་སྒྱུར་ཅིག། འཇིག་རྟེན་གྱི་ཁམས་དེ་ལའང་ངན་པར་འདུ་ཤེས་བསྐྱེད་ནས། ཁོང་ཁྲོ་བའི་འདུ་ཤེས་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་ནི་ནམ་མཁའི་ཞིང་སྟེ། སེམས་ཅན་རྣམས་ཡོད་སུ་སྨིན་པར་བྱ་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སངས་རྒྱས་ཀྱི་ཡུལ་ཐམས་ཅད་མི་སྟོན་ཏོ། ། དེ་ནས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེས་ཞལ་ཟས་དེ་ཐོགས་ནས། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་དགུ་བཅུ་དང་ལྷན་ཅིག་ཏུ་སངས་རྒྱས་ཀྱི་མཐུ་དང་། དྲི་མ་མེད་པར་གྲགས་པའི་བྱིན་གྱི་རླབས་ཀྱིས་སྐད་ཅིག་ཡུད་ཙམ་ཐང་ཅིག་དེ་ཉིད་ལ་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་ཇི་མཆོག་དེ་ནས་མི་སྣང་བར་གྱུར་ཏེ། ལི་ཙ་བྱི་དྲི་མ་མེད་པར་གྲགས་པའི་ཁྱིམ་ན་འདུག་གོ།། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས་སེང་གེའི་ཁྲི་སྔ་མ་ཅི་འདྲ་བ་དེ་ལྟ་བུའི་སེང་གེའི་ཁྲི་བརྒྱ་སྟོང་ཕྲག་དགུ་བཅུ་བྱིན་གྱིས་བརླབས་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་དེ་དག་འཁོད་དོ།། དེ་ནས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེས་ཞལ་ཟས་ཀྱིས། བཀང་བའི་སྣོད་དེ་དྲི་མ་མེད་པར་གྲགས་པ་ལ་བྱིན་ནོ།། དེ་ནས་ཞལ་ཟས་དེའི་དྲིས་ཡངས་པའི་གྲོང་ཁྱེར་ཆེན་པོ་བདུགས་པར་གྱུར་ཏེ། འཇིག་རྟེན་གྱི་ཁམས་སྟོང་གི་བར་དུ་དྲི་ཞིམ་པོ་བསྣམ་པར་གྱུར་ཏོ། ། གང་ཡངས་པའི་གྲོང་ཁྱེར་བྲམ་ཟེ་དང་། ཁྱིམ་བདག་རྣམས་དང་། ལི་ཙ་བྱི་རྣམས་ཀྱི་དབང་པོ་ལི་ཙ་བྱི་ཟླ་བ་གདུགས་ཀྱིས་དྲི་མ་བསྣམས་ནས། ངོ་མཚར་དུ་གྱུར། རྨད་དུ་གྱུར་ཏེ། ལུས་དང་སེམས་སིམ་པར་གྱུར་ནས། ལི་ཙ་བྱི་བརྒྱད་ཁྲི་བཞི་སྟོང་ཚང་བ་དང་ལྷན་ཅིག་ཏུ། ལི་ཙ་བྱི་དྲི་མ་མེད་པར་གྲགས་པའི་ཁྱིམ་དུ་ཞུགས་སོ།། དེ་དག་གི་ཁྱིམ་དེ་ན་བྱང་ཆུབ་སེམས་དཔའ་གང་དག་སེང་གེའི་ཁྲི་དེ་ཙམ་དུ་མཐོ་བ། དེ་ཙམ་དུ་ཆེ་ཞིང་ཡངས་པ་ལ་འཁོད་པ་མཐོང་སྟེ། མཐོང་ནས་དེ་དག་ཤིན་ཏུ་མོས་ཤིང་རབ་ཏུ་དགའ་བ་ཆེན་པོ་སྐྱེས་ཏེ། དེ་དག་ཐམས་ཅད་ཀྱིས་ཉན་ཐོས་ཆེན་པོ་དེ་དག་དང་། སེམས་ཅན་ཆེན་པོ་དེ་དག་ལ་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འཁོད་དོ།། ས་ལ་སྤྱོད་པའི་ལྷའི་བུ་རྣམས་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱང་དྲི་ངས་བསྐུལ་ནས། ལི་ཙི་བྱི་དྲི་མ་མེད་པར་གྲགས་པའི་ཁྱིམ་དུ་ལྷགས་སོ།། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས། གནས་བརྟན་ཤཱ་རིའི་བུ་དང་། ཉན་ཐོས་ཆེན་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་རྣམས་དེ་བཞིན་གཤེགས་པའི་ཞལ་ཟས་བདུད་རྩི་ཐུགས་རྗེ་ཆེན་པོས་ཡོངས་སུ་བསྒོས་པ་ཟོལ། ཉི་ཚེ་བའི་སྤྱོད་པ་ལ་སེམས་ཉེ་བར་མ་འདོགས་ཤིག། སྦྱིན་པ་བྱིན་མ་ནུས་ས་རེ། དེ་ན་ཉན་ཐོས་ཁ་ཅིག་འདི་སྙམ་དུ་སེམས་སོ།། ཞལ་ཟས་ཉུང་ངུ་འདི་ལ་འདི་ལྟ་བུའི་འཁོར་འདིས་ཇི་ལྟར་བཟའ་སྙམ་མོ། ། དེ་ནས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེས་ཉན་ཐོས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་དག་ཁྱེད་རང་གི་ཤེས་རབ་དང་། བསོད་ནམས་དང་། དེ་བཞིན་གཤེགས་པའི་ཤེས་རབ་དང་བསོད་ནམས་སུ་མ་སྙོམས་ཤིག། དེ་ཅིའི་ཕྱིར་ཞེ་ན། དེ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་བཞི་ནི་ཟད་ཀྱང་སྲིད་ཀྱི། ཞལ་ཟས་འདི་ལ་ཟད་པ་ཅུང་ཟད་ཀྱང་མེད་དོ། ། སེམས་ཅན་ཐམས་ཅད་ཀྱིས་ཞལ་ཟས་འདི་ཁམ་རི་རབ་ཙམ་དུ་བསྐལ་པར་ཟོས་ཀྱང་། འདི་ཟད་པར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས། དང་། ཤེས་རབ་དང་། ཏིང་ངེ་འཛིན་མི་ཟད་པ་ལས་བྱུང་བ་དེ་བཞིན་གཤེགས་པའི་ཞལ་ཟས་སྣོད་དུ་ལས་པ་འདི་ཟད་པར་མི་ནུས་སོ།། དེ་ནས་ཞལ་ཟས་དེས་འཁོར་ཐམས་ཅད་ལ་ཚིམ་པར་བྱས་ཀྱང་ཞལ་ཟས་དེ་ཟད་པར་མ་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་དང་། སེམས་ཅན་གཞན་གང་གིས་ཞལ་ཟས་དེ་ཟོས་པ་དེ་དག་ཀྱང་ཇི་ལྟར་འཇིག་རྟེན་གྱི་ཁམས་བདེ་བ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེ་བ་ཅི་འདྲ་བ་དེ་ལྟ་བུའི་བདེ་བ་ལུས་ལ་སྐྱེས་སོ། ། དེ་དག་གི་སྤུའི་ཁུང་བུ་ནས་ཀྱང་འདི་ལྟ་བུའི་དྲི་འབྱུང་བ་འདི་ལྟ་སྟེ། དཔེར་ན་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་དེ་ན་ཤིང་རྣམས་ལ་དྲི་འབྱུང་བ་བཞིན་ནོ།། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ཤེས་བཞིན་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པའི་སངས་རྒྱས་ཀྱི་ཞིང་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པ་དེའི་ཆོས་སྟོན་པ་ཅི་འདྲ། དེ་དག་གིས་སྨྲས་པ། དེ་བཞིན་གཤེགས་པ་དེ་ནི་ཡི་གེ་དང་ངེས་པའི་ཚིག་གིས་ཆོས་མི་སྟོན་ཏེ། དྲི་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་འདུལ་བར་འགྱུར་ཏེ། སྤོས་ཀྱི་ཤིང་གང་དང་གང་གི་དྲུང་དུ་བྱང་ཆུབ་སེམས་དཔའ་དེ་དག་འདུག་པ་དེ་དང་དེ་དག། ལས་འདི་འདྲ་བའི་དྲི་འབྱུང་སྟེ། གང་དྲི་དེ་བསྣམས་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་འཐོབ་པར་འགྱུར་རོ།། ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་དེ་དག་ཐམས་ཅད་ནས་བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས་སྐྱེའོ། ། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། ། འདི་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཆོས་བསྟན་པ་ཇི་ལྟ་བུ་རབ་ཏུ་སྟོན་པར་མཛད། སྨྲས་པ། སྐྱེས་བུ་དམ་པ་རྣམས་སེམས་ཅན་འདི་དག་ནི་གདུལ་དཀའ་སྟེ། སེམས་ཅན་དམུ་རྒོད་གདུལ་དཀའ་བ་འདྲི་རྣམས་ལ་དམུ་རྒོད་གདུལ་དཀའ་བའི་གཏམ་རྣམས་རབ་ཏུ་སྟོན་ཏོ།། དམུ་རྒོད་གདུལ་དཀའ་བ་རྣམས་གདུལ་བ་དང་། དམུ་རྒོད་གདུལ་དཀའ་བ་གདུལ་བའི་གཏམ་དེ་གང་ཞེ་ན། འདི་ལྟ་སྟེ། འདི་ནི་སེམས་ཅན་དམྱལ་བའོ།། འདི་ནི་དུད་འགྲོའི་སྐྱེ་གནས་སོ།། འདི་ནི་གཤིན་རྗེའི་འཇིག་རྟེན་ནོ།། འདི་ནི་མི་ཁོམ་པའོ། ། འདི་ནི་དབང་པོ་ཉམས་པར་སྐྱེ་བའོ།། འདི་ནི་ལུས་ཀྱིས་ཉེས་པར་སྤྱོད་པའོ།། འདི་ནི་ལུས་ཀྱིས་ཉེས་པར་སྤྱོད་པའི་རྣམ་པར་སྨིན་པའོ།། འདི་ནི་ངག་གིས་ཉེས་པར་སྤྱོད་པའོ།། འདི་ནི་ངག་གིས་ཉེས་པར་སྤྱོད་པའི་རྣམ་པར་སྨིན་པའོ།། འདི་ནི་ཡིད་ཀྱིས་ཉེས་པར་སྤྱོད་པའོ།། འདི་ནི་ཡིད་ཀྱིས་ཉེས་པར་སྤྱོད་པའི་རྣམ་པར་སྨིན་པའོ།། འདི་ནི་སྲོག་གཅོད་པའོ།། འདི་ནི་མ་བྱིན་པར་ལེན་པའོ། ། འདི་ནི་འདོད་པ་ལ་ལོག་པར་གཡེམ་པའོ།། འདི་ནི་བརྫུན་དུ་སྨྲ་བའོ།། འདི་ནི་བླ་མའོ།། འདི་ནི་ངག་རྩུབ་པའོ།། འདི་ནི་ཚིག་བཀྱལ་བའོ།། འདི་ནི་བརྣབ་སེམས་སོ།། འདི་ནི་གནོད་སེམས་སོ།། འདི་ནི་ལོག་པར་ལྟ་བའོ།། འདི་ནི་དེ་དག་གི་རྣམ་པར་སྨིན་པའོ།། འདི་ནི་སེར་སྣའོ།། འདི་ནི་སེར་སྣའི་འབྲས་བུའོ།། འདི་ནི་འཆལ་བའི་ཚུལ་ཁྲིམས་སོ།། འདི་ནི་ཁྲོ་བའོ།། འདི་ནི་ལེ་ལོའོ།། འདི་ནི་གཡེང་བའོ།། འདི་ནི་འཆལ་པའི་ཤེས་རབ་བོ།། འདི་ནི་འཆལ་པའི་ཤེས་རབ་ཀྱི་འབྲས་བུའོ།། འདི་ནི་བསླབ་པའི་གཞི་ལས་འདས་པའོ།། འདི་ནི་སོ་སོར་ཐར་པའོ།། འདི་ནི་བྱ་བའོ།། འདི་ནི་མི་བྱ་བའོ།། འདི་ནི་རྣམ་པར་འབྱོར་ཏོ།། འདི་ནི་སྤོང་བའོ།། འདི་ནི་སྒྲིབ་པའོ།། འདི་ནི་སྒྲིབ་པ་མེད་པའོ།། འདི་ནི་ལྟུང་བའོ།། འདི་ནི་ལྟུང་བ་ལས་བྱུང་བའོ།། འདི་ནི་ལམ་མོ།། འདི་ནི་ལམ་ངན་པའོ།། འདི་ནི་དགེ་བའོ།། འདི་ནི་མི་དགེ་བའོ།། འདི་ནི་ཁ་ན་མ་ཐོ་བ་དང་བཅས་པའོ།། འདི་ནི་ཁ་ན་མ་ཐོ་བ་མེད་པའོ།། འདི་ནི་ཟག་པ་དང་བཅས་པའོ།། འདི་ནི་ཟག་པ་མེད་པའོ།། འདི་ནི་འཇིག་རྟེན་པའོ།། འདི་ནི་འཇིག་རྟེན་ལས་འདས་པའོ།། འདི་ནི་འདུས་བྱས་སོ།། འདི་ནི་འདུས་མ་བྱས་སོ།། འདི། ནི་ཀུན་ནས་ཉོན་མོངས་པའོ།། འདི་ནི་རྣམ་པར་བྱང་བའོ།། འདི་ནི་འཁོར་བའོ།། འདི་ནི་མྱ་ངན་ལས་འདས་པའོ་ཞེས་དེ་ལྟ་བུར་ཆོས་རྣམ་པ་དུ་མར་བཤད་པས། རྟ་དམུ་རྒོད་ལྟ་བུའི་སེམས་རབ་ཏུ་གནས་པར་བྱེད་དོ། ། འདི་ལྟ་སྟེ། དཔེར་ན་རྟའམ། བལ་གླང་དམུ་རྒོད་གནད་དུ་བརྡབ་པ་ཚུན་ཆད་ཀྱིས་དུལ་བར་འགྱུར་རོ།། དེ་བཞིན་དུ་སེམས་ཅན་དམུ་རྒོད་གདུལ་དཀའ་བ་རྣམས་ཀྱང་། སྡུག་བསྔལ་ཐམས་ཅད་སྨོས་པའི་གཏམ་གྱིས་དུལ་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་དེ་དག་གིས་སྨྲས་པ། འདི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སངས་རྒྱས་ཀྱི་ཆེ་བ་བཞག་སྟེ། ངན་ཅིང་དབུལ་བས་སེམས་ཅན་དམུ་རྒོད་རྣམས་འདུལ་བ་ངོ་མཚར་ཏོ།། བྱང་ཆུབ་སེམས་དཔའ་གང་འདི་ལྟ་བུར་སངས་རྒྱས་ཀྱི་ཞིང་ཡངས་པ་ན་འཁོད་པ་དེ།། དག་གི་སྙིང་རྗེ་ཆེན་པོའང་བསམ་གྱིས་མི་ཁྱབ་བོ།། དེ་ནས་ལ་ཙི་བྱི་དྲི་མ་མེད་པར་གྲགས་པས་སྨྲས་པ། སྐྱེས་བུ་དམ་པ་དག་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ།། གང་འདིར་སྐྱེས་པའི་བྱང་ཆུབ་སེམས་དཔའ་འདི་དག་གི་སྙིང་རྗེ་ཆེན་པོ་ཤིན་ཏུ་བརྟན་ནོ། ། དེ་དག་འཇིག་རྟེན་གྱི་ཁམས་འདིར་ཚེ་གཅིག་ལ་སེམས་ཅན་གྱི་དོན་ཤིན་ཏུ་མང་དུ་བྱེད་དེ། འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་དེར་བསྐལ་པ་བརྒྱ་སྟོང་གིས་ཀྱང་སེམས་ཅན་གྱི་དོན་དེ་ལྟར་བྱེད་མི་ནུས་སོ། ། དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་དག་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་གང་དེ་དག་ཡོངས་སུ་འཛིན་པར་འགྱུར་བའི་དགེ་བ་བསགས་པའི་ཆོས་བཅུ་ཡོད་དེ། དེ་དག་གི་སངས་རྒྱས་ཀྱི་ཞིང་གཞན་ན་མེད་དོ།། བཅུ་གང་ཞེ་ན། འདི་ལྟ་སྟེ། དབུལ་པོ་རྣམས་ལ་ནི་སྦྱིན་པས་སྡུད་དོ། ། ཚུལ་ཁྲིམས་འཆལ་པ་རྣམས་ལ་ནི་ཚུལ་ཁྲིམས་ཀྱིས་སྡུད་དོ།། ཁོང་ཁྲོ་བ་རྣམས་ལ་ནི་བཟོད་པས་སྡུད་དོ།། ལེ་ལོ་ཅན་རྣམས་ལ་ནི་བརྩོན་འགྲུས་ཀྱིས་སྡུད་དོ།། སེམས་གཡེང་བ་རྣམས་ལ་ནི་བསམ་གཏན་གྱིས་སྡུད་དོ། ། ཤེས་རབ་འཆལ་པ་རྣམས་ལ་ནི་ཤེས་རབ་ཀྱིས་སྡུད་དོ།། མི་ཁོམ་པར་འགྱུར་བ་རྣམས་ལ་ནི་མི་ཁོམ་པ་བརྒྱད་ལས་འདའ་བ་སྟོན་ཏོ།། ཉི་ཚེ་བར་སྤྱོད་པ་རྣམས་ལ་ནི་ཐེག་པ་ཆེན་པོ་སྟོན་ཏོ། ། དགེ་བའི་རྩ་བ་མ་སྐྱེད་པ་རྣམས་ལ་ནི་དགེ་བའི་རྩ་བས་སྡུད་དོ།། བསྡུ་བའི་དངོས་པོ་བཞིས་རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། དགེ་བ་བསགས་པའི་ཆོས་བཅུ་པོ་འདི་དག་རབ་ཏུ་འཛིན་པར་འགྱུར་པ་དེ་དག་ནི། སངས་རྒྱས་ཀྱི་ཞིང་གཞན་ན་མེད་དོ།། བྱང་ཆུབ་སེམས་དཔའ་དེ་དག་གིས་སྨྲས་པ། ཆོས་དུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ནས་ཤི་འཕོས་ནས། མ་སྨས་མ་སྣད་པར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར། སྨྲས་པ། ཆོས་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ནས་ཤིང་ཕོས་ནས། མ་སྨས་མ་སྣང་པར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྲོ་བར་འགྱུར་རོ།། བརྒྱད་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་བདག་གིས་ཕན་པར་བྱ་སྟེ། འདི་དག་ལས་ནི་ཕན་པ་ཅུང་ཟད་ཀྱང་མི་བཙལ་ལོ།། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་བཟོད་པར་བྱ་སྟེ། དེས་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་གཏང་བར་བྱའོ་སྙམ་པ་དང་། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པ་ལྟ་བུར་དགའ་བ་དང་། ཐོས་པ་དང་མ་ཐོས་པའི་ཆོས་རྣམས་ཐོས་ན་མི་སྤོང་བ་དང་། གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་པ་དང་། བདག་གི་རྙེད་པས་མི་སྙེམས་ཤིང་སེམས་ངེས་པར་སེམས་པ་དང་། བདག་གི་འཁྲུལ་པ་ལ་སོ་སོར་རྟོག་ཅིང་གཞན་གྱི་ཉེས་པ་མི་གླེང་བ་དང་། བག་ཡོད་པ་ལ་དགའ་ཞིང་ཡོན་ཏན་ཐམས་ཅད་ཡང་དག་པར་ལེན་པ་སྟེ། ཆོས་བརྒྱད་པོ་དེ་དག་དང་ལྡན་ན། ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་མི་མཇེད་ནས་ཤི་འཕོས་ནས། མ་སྨས་མ་སྨད་པར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྲོ་བར་འགྱུར་རོ།། དེ་ནས་ལི་ཙི་བྱི་དྲི་མ་མེད་པར་གྲགས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས་དེ་ལྟར་འཁོར་དེར་འདུས་པ་ལ་དེ་ལྟར་ཆོས་བསྟན་པས། འདི་ལྟར་སྲོག་ཆགས་འབུ་མ་ཚང་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ།། བྱང་ཆུབ་སེམས་དཔའ་ཁྲི་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། སྤྲུལ་པའི་ཞལ་ཟས་བླངས་པའི་ལེའུ་སྟེ་དགུ་པའོ།། ། ཡང་དེའི་ཚེ་བཅོམ་ལྡན་འདས་ཨ་མྲ་བསྲུང་བའི་ཚལ་ན་ཆོས་སྟོན་པའི་འཁོར་གྱི་ཁྱམས་དེའང་རྒྱ་ཆེ་ཞིང་ཡངས་པར་གྱུར་ཏོ། ། འཁོར་དེའང་གསེར་གྱི་ཁ་དོག་ལྟ་བུར་སྣང་ངོ་།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟར་ཨ་མྲ་བསྲུང་བའི་ཚལ་འདི་རྒྱ་ཆེ་ཞིང་ཡངས་པར་གྱུར་པ་དང་། འཁོར་ཐམས་ཅད་ཀྱང་གསེར་གྱི་ཁ་དོག་ཏུ་གདའ་བ་འདི་སུའི་སྔ་ལྟས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ནི་ལོ་ཙ་བྱི་དྲི་མ་མེད་པར་གྲགས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་གཉིས་འཁོར་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། དེ་བཞིན་གཤེགས་པའི་དྲུང་དུ་འོང་བདེའི་སྔ་ལྟས་སོ། ། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་པ། འཇམ་དཔལ་སེམས་ཅན་ཆེན་པོ་འདི་དག་ཀྱང་། དེ་བཞིན་གཤེགས་པ་མཐོང་ཞིང་ཕྱག་འཚལ་བར་འགྱུར་གྱིས། ཡུ་བུ་ཅག་བཅོམ་ལྡན་འདས་ཀྱི་དྲུང་དུ་འདོང་ངོ་།། འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་དེའི་དུས་ལ་བབ་པར་ཤེས་ན་འདོང་ངོ་།། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས་འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་པས་ཇི་ལྟར་འཁོར་ཐམས་ཅད་སེང་གེའི་ཁྲི་དེ་དག་དང་བཅས་ཏེ། ལག་པ་གཡས་པའི་སྟེང་དུ་བཞག་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། དེར་ཕྱིན་པ་དང་། དེ་དག་ས་ལ་བཞག་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་བདུན་བསྐོར་ཏེ། ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པའི་སངས་རྒྱས་ཀྱི་ཞིང་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སེང་གེའི་ཁྲི་ལས་བབས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་དོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་ཐམས་ཅད་ཀྱང་སེང་གེའི་ཁྲི་ལས་བབས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འཁོད་དོ།། དེ་བཞིན་དུ་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷའི་བུ་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་བཅོམ་ལྡན། འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་དགའ་བར་བྱས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་དག་རང་རང་གི་སེང་གེའི་ཁྲིལ་འཁོད་ཅིག། བཅོམ་ལྡན་འདས་ཀྱིས་དེ་སྐད་བཀའ་སྩལ་ནས། དེ་དག་འཁོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤཱ་རིའི་བུ་ཁྱོད་ཀྱིས་སེམས་ཅན་གྱི་མཆོག་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པར་སྤྲུལ་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ཁྱོད་ཀྱིས་འདུ་ཤེས་ཇི་ལྟ་བུར་སྐྱེས། གསོལ་པ། བཅོམ་ལྡན་འདས་བདག་དེ་ལ་བསམ་གྱིས་མི་ཁྱབ་པའི་འདུ་ཤེས་སྐྱེས་ལགས་སོ།། ཇི་ལྟར་བསམ་པ་དང་། གཞལ་བ་དང་། བགྲང་བར་མི་ནུས་པ་དེ་ལྟ་བུར་དེ་དག་གིས་བགྱིད་པ་བསམ་གྱིས་མི་ཁྱབ་པ་མཐོང་ངོ་། ། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྔོན་མ་བསྣམས་པའི་དྲི་ཞིག་གདའ་ན། འདི་ལྟ་བུ་སུའི་དྲི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་འདི་དག་གི་ལུས་ཀྱི་སྤུའི་ཁུང་བུ་ཐམས་ཅད་ནས་དྲི་འབྱུང་བ་ཡིན་ནོ།། ཤཱ་རིའི་བུས་སྨྲས་པ། ཚེ་དང་། ལྡན་པ་ཀུན་དགའ་བོ་ཁོ་བོ་ཅག་གི་ལུས་ཀྱི་སྤུའི་ཁུང་བུ་ཐམས་ཅད་ནས་ཀྱང་འདི་ལྟ་བུའི་དྲི་བྱུང་ངོ་།། སྨྲས་པ། ཛི་དེ་ཅི་ལས་བྱུང་། སྨྲས་པ། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་འདིས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་ནས་ཞལ་ཟས་དེ་བླངས་ཏེ་ཟོས་སོ་ཅོག་ཐམས་ཅད་ཀྱི་ལུས་ལས་དྲི་འདི་ལྟ་བུ་བྱུང་ངོ་། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། ལི་ཙི་བྱི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ།། དྲི་འདི་ཇི་སྲིད་ཀྱི་བར་དུ་འཆགས་པར་འགྱུར། སྨྲས་པ། ཇི་སྲིད་ཟས་མ་ཞུ་བའི་བར་དུའོ།། ཀུན་དགའ་བོས་སྨྲས་པ། ཟས་དེ་ཡུན་ཇི་སྲིད་ན་ཞུ་བར་འགྱུར། སྦས་པ། ཞག་བདུན་ཕྲག་བདུན་གྱིས་ཞུ་བར་འགྱུར་ཏེ། དེ་ནས་ཡང་ཞག་བདུན་གྱི་བར་དུ་དེས་མདངས་རྒྱས་པར་འགྱུར་རོ།། མ་ཞུ་བའི་གནོད་པར་ཡང་མི་འགྱུར་རོ།། བཙུན་པ་ཀུན་དགའ་བོ་དགེ་སློང་གང་ངེས་པ་ལ་མ་ཞུགས་པར་ཞལ་ཟས་འདི་ཟོས་ན། དེ་དག་ངེས་པ་ལ་ཞུགས་ན་འཇུ་བར་འགྱུར་རོ།། ངེས་པ་ལ་ཞུགས་པ་གང་གིས་ཞལ་ཟས་འདི་ཟོས་པ་དེ་དག་སེམས་ཡོངས་སུ་མ་གྲོང་གྱི་བར་དུ་མི་འཇུའོ། ། སེམས་ཅན་བྱང་ཆུབ་ཏུ་སེམས་མ་སྐྱེད་པ་གང་དག་གིས་དེ་ཟོས་པ་དེ་དག་བྱང་ཆུབ་ཏུ་སེམས་བསྐྱེད་ན་དེ་འཇུ་བར་འགྱུར་རོ།། བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་དག་གིས་ཟོས་པ་དེ་དག་བཟོད་པ་མ་ཐོབ་ཀྱི་བར་དུ་མི་འཇུའོ། ། བཟོད་པ་ཐོབ་པ་གང་དག་གིས་ཟོས་པ་དེ་དག་སྐྱེ་བ་གཅིག་གིས་ཐོགས་པ་ན་འཇུ་བར་འགྱུར་རོ།། བཙུན་པ་ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་སྨན་བྲོ་ལྡན་ཞེས་བྱ་བ་ལྟོར། སོང་ན། དུག་ཐམས་ཅད་མེད་པར་མ་གྱུར་གྱི་བར་དུ་མི་འཇུ་སྟེ། སྨན་དེ་ཕྱིས་འཇུ་བར་འགྱུར་བ་དེ་བཞིན་དུ། བཙུན་པ་ཀུན་དགའ་བོ་ཉོན་མོངས་པ་ཐམས་ཅད་ཀྱི་དུག་མེད་པར་མ། གྱུར་གྱི་བར་དུ་ཟས་དེ་འཇུ་བར་མི་འགྱུར་ཏེ། ཟས་དེ་ཕྱིས་གདོད་འཇུ་བར་འགྱུར་རོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཞལ་ཟས་འདི་ནི་སངས་རྒྱས་ཀྱི་མཛད་པ་བགྱིད་དོ། ། བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ།། ཀུན་དགའ་བོ་གང་དག་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་མཛད་པ་བྱེད།། པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོད་དོ།། གང་དག་ན་འོད་ཀྱིས་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོད་དོ།། གང་དག་ན་བྱང་ཆུབ་ཀྱི་ཤིང་གིས་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོད་དོ། ། གང་དག་ན་དེ་བཞིན་གཤེགས་པའི་མཚན་དང་གཟུགས་མཐོང་བས་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོད་དོ།། གང་དག་ན་ཆོས་གོས་ཀྱིས་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོད་དོ། ། དེ་བཞིན་དུ་ཞལ་ཟས་ཀྱིས་སངས་རྒྱས་ཀྱི་མཛད་པ་བྱེད་པ་དང་། དེ་བཞིན་དུ་ཆུ་དང་། སྐྱེད་མོས་ཚལ་དང་། གཞལ་མེད་ཁང་དང་། ཁང་པ་བརྩེགས་པའི་སངས་རྒྱས་ཀྱི་མཛད་པ་བྱེད་པ་དག་ཀྱང་ཡོད་དོ།། ཀུན་དགའ་བོ་གང་དག་ན་སྤྲུལ་པ་རྣམས་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོད་དོ།། ཀུན་དགའ་བོ་ནམ་མཁས་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་དག་ཀྱང་ཡོད་དོ།། དེ་བཞིན་དུ་ནམ་མཁའ་དང་བར་སྣང་དག་སངས་རྒྱས་ཀྱི་མཛད་པ་བྱེད་དེ། དེ་ལྟ་བུས་སེམས་ཅན་དེ་དག་འདུལ་བ་འགྱུར་རོ། ། ཀུན་དགའ་བོ་དེ་བཞིན་དུ་རྨི་ལམ་དང་། གཟུགས་བརྙན་དང་། ཆུ་ཟླ་དང་། ཟག་ཆ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། དཔེར་བསྟན་པ་དང་། ཡི་གེ་དང་། ངེས་པའི་ཚིག་སྟོན་པས་སེམས་ཅན་དག་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པ་དག་ཀྱང་ཡོད་དོ། ། གང་དག་ན་ཡི་གེ་རྣམ་པར་རིག་པར་བྱེད་པས་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་དག་ཀྱང་ཡོད་དོ།། ཀུན་དགའ་བོ་གང་ན་སྨྲ་བ་དང་། བརྗོད་པ་མེད་པ་དང་། མི་བསྟན་པ་དང་། མི་བརྗོད་པས་སེམས་ཅན་དེ་དག་ལ་སངས་རྒྱས་ཀྱི་མཛད་པ་བྱེད་དེ། དེ་ལྟ་བུར་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོད་དོ།། ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་ལམ་དང་། ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པའི་སེམས་ཅན་རྣམས་འདུལ་བའི་ཕྱིར་སངས་རྒྱས་ཀྱི་མཛད་པ་མི་བྱེད་པ་ནི་གང་ཡང་མེད་དོ།། ཀུན་དགའ་བོ་བཞི་པོ་དེ་དག་དང་། ཉོན་མོངས་པའི་སྒོ་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པ་དེ་དག་ཐམས་ཅད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་ཀྱི་མཛད་པ། བྱེད་དོ།། ཀུན་དགའ་བོ་འདི་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྒོར་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། ཆོས་ཀྱི་སྒོ་འདིར་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཡོན་ཏན་རྒྱ་ཆེན་པོ་བཀོད་པ་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་རྣམས་ལ་ཞུམ་པའང་མེད། གོང་བའང་མེད། ཡོན་ཏན་རྒྱ་ཆེན་པོ་བཀོད་པ་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་རྣམས་ལ་དགའ་བའང་མེད། སྙེམས་པའང་མེད་དེ། དེ་བཞིན་གཤེགས་པ་རྣམས་ལའང་རབ་ཏུ་རི་མོ་མི་བསྐྱེད་དོ།། སངས་རྒྱས་བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་ཐུགས་སུ་ཆུད་པ་རྣམས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ།། བའི་ཕྱིར་སངས་རྒྱས་ཀྱིས་ཞིང་སྣ་ཚོགས་སུ་སྟོན་པ་དེ་ནི་ངོ་མཚར་ཏོ།། ཀུན་དགའ་བོ་འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་རྣམས་ཀྱི་ཡོན་ཏན་གཞན་དང་གཞན་དུ་སྣ་ཚོགས་སུ་འགྱུར་ཡང་། བྱ་ལམ་གྱིས་ཁེབས་པའི་སངས་རྒྱས་ཀྱི་ཞིང་ནམ་མཁའ་ལ་ཐ་དད་པ་མེད་པ་དེ་བཞིན་དུ། ཀུན་དགའ་བོ་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་ཐ་དད་དུ་འགྱུར་ཡང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཆགས་པ་མེད་པའི་ཡེ་ཤེས་ནི་ཐ་དད་པ་མ་ཡིན་ནོ། ། ཀུན་དགའ་བོ་སངས་རྒྱས་ཐམས་ཅད་ཀྱི་གཟུགས་དང་། ཁ་དོག་དང་། གཟི་བརྗིད་དང་། སྐུ་དང་། མཚན་དང་། རིགས་བཙུན་པ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། ཕན་པར་དགོངས་པ་དང་། སྤྱོད་ལམ་དང་། སྤྱོད་པ་དང་། ལམ་དང་། ཚེའི་ཚད་དང་། ཆོས་སྟོན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། སེམས་ཅན་རྣམ་པར་གྲོལ་བ་དང་། ཞིང་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་མཚུངས་ཏེ། དེ་བས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ།། དེ་བཞིན་གཤེགས་པ་ཞེས་བྱའོ། ། སངས་རྒྱས་ཞེས་བྱའོ།། ཀུན་དགའ་བོ་ཚིག་དེ་གསུམ་གྱི་དོན་རྒྱས་པ་དང་། ཚིག་རྣམ་པར་དབྱེ་བ་གང་ཡིན་པ་དེ་ནི། ཁྱོད་ཚེའི་ཚད་བསྐལ་པར་འདུག་ཀྱང་བདེ་བར་ཀུན་ཆུབ་པར་སླ་བ་མ་ཡིན། ནོ།། སྟོང་གསུམ་དུ་གཏོགས་པའི་སེམས་ཅན་རྣམས་ཀུན་དགའ་བོ་ཁྱོད་འདྲ་བར་མང་དུ་ཐོས་པ་དང་། དྲན་པ་དང་། གཟུངས་ཐོབ་པ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་པ་ཀུན་དགའ་བོ་དང་འདྲ་བས་སེམས་ཅན་དེ་དག་ཐམས་ཅད་ཀྱིས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཞེས་བྱ་བ་དང་། སངས་རྒྱས་ཞེས་བྱ་བའི་ཚིག་དེ་གསུམ་གྱི་དོན་གདོན་མི་ཟ་བ་བསྟན་པབ་ནི་བསྐལ་པར་ཡང་ཀུན་ཆུབ་པར་མི་ནུས་སོ། ། ཀུན་དགའ་བོ་དེ་ལྟར་སངས་རྒྱས་ཀྱི་བྱང་ཆུབ་ནི་ཚད་མེད་དེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཤེས་རབ་དང་སྤོབས་པ་བསམ་གྱིས་མི་ཁྱབ་བོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེང་སླན་ཆད་བདག་མང་དུ་ཐོས་པའི་མཆོག་གོ་ཞེས་དམ་མི་བཅའ་འོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཞུམ་པའི་སེམས་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཁྱོད་ཉན་ཐོས་རྣམས་ལ་དགོངས་ཏེ་མང་དུ་ཐོས་པའི་མཆོག་གོ་ཞེས་ངས་བསྟན་གྱི། བྱང་ཆུབ་སེམས་དཔའི་ནང་ན་ནི་མ་ཡིན་ནོ། ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ལྟ་ཞོག་གི། དེ་དག་ནི་མཁས་པ་དག་གིས་ཚོད་གཟུང་བར་བྱ་བ་མ་ཡིན་ཏེ། ཀུན་དགའ་བོ་རྒྱ་མཚོ་ཐམས་ཅད་ཀྱི་གཏིང་ནི་ཚད་བཟུང་བ་ནུས་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་དང་། ཡེ་ཤེས་དང་། དྲན་པ་དང་། གཟུངས་དང་། སྤོབས་པའི་གཏིང་ནི་ཚད་བཟུང་བར་མི་ནུས་སོ།། ཀུན་དགའ་བོ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ལ་ཁྱོད་བཏང་སྙོམས་སུ་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་འདིས་སྔ་དྲོ་གཅིག་ལ་བཀོད་པ་བསྟན་པ་ནི། ཉན་ཐོས་དང་རང་སངས་རྒྱས་རྫུ་འཕྲུལ་ཐོབ་པ་ཐམས་ཅད་ཀྱིས་བསྐལ་པ་བྱེ་བ་བརྒྱ་སྟོང་དུ་ཡང་། རྫུ་འཕྲུལ་དང་རྣམ་པར་སྤྲུལ་པའི་ཆོ་འཕྲུལ་ཐམས་ཅད་ཀྱིས་ཀྱང་སྟོན་མི་ནུས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་མཆོག་བརྩེགས་པའི་སངས་རྒྱས་ཀྱི་ཞིང་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཞིང་ཚིག་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས། འདི་ལྟར་སངས་རྒྱས་ཀྱི་ཞིང་འདི་ལ་ངན་པར་འདུ་ཤེས་སྐྱེད་པ་ཡིད་ལ་བགྱིས་པ་རྣམས་སྤང་བར་འཚལ་ལོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་དང་། ཐབས་མཁས་པ་ནི་བསམ་གྱིས་མི་ཁྱབ་སྟེ། དེ་དག་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ། ཇི་ལྟ་ཇི་ལྟ་བུར་བཞེད་པ་དེ་ལྟ་དེ་ལྟ་བུར་ཞིང་བཀོད་པ་སྟོན་ཏོ།། བཅོམ་ལྡན་འདས་བདག་ཅག། འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་དེར་མཆིས་ཀྱང་། བཅོམ་ལྡན་འདས་རྗེས་སུ་དྲན་པར་འགྱུར་བའི་ཆོས་ཀྱི་རྫོངས་ཤིང་བདག་ཅག་ལ་སྩལ་བར་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཟད་པ་དང་། མི་ཟད་པ་ཞེས་བྱ་བ་ཡོད་དོ།། དེ་ལ་ཁྱེད་ཀྱིས་བསླབ་པར་བྱའོ།། དེའང་གང་ཞེ་ན། ཟད་པ་ཞེས་བྱ་བ་ནི་འདུས་བྱས་སོ། ། མི་ཟད་པ་ཞེས་བྱ་བ་ནི་འདུས་མ་བྱས་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་འདུས་བྱས་ཟད་པར་མི་བྱ། འདུས་མ་བྱས་ལའང་གནས་པར་མི་བྱའོ།། དེ་ལ་འདུས་བྱས་མི་ཟད་པ་ནི་འདི་ལྟ་སྟེ། བྱམས་པ་ཆེན་པོ་ལས་མ་ཉམས་པའོ།། སྙིང་རྗེ་ཆེན་པོ་མ་བཏང་བའོ།། ལྷག་པའི་བསམ་པས་ཡང་དག་པར་བཙུད་པའི་ཐམས་ཅད་མཁྱེན་པའི་སེམས་མི་བརྗེད་པའོ།། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་མི་སྐྱོ་བའོ། ། བསྡུ་བའི་དངོས་པོ་མི་གཏོང་བའོ།། དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ལུས་དང་སྲོག་འདོར་བའོ།། དགེ་བའི་རྩ་བ་དག་ལ་ཆོག་མི་ཤེས་པའོ།། ཡོངས་སུ་བསྔོ་བར་མཁས་པ་ལ་འཁོད་པའོ།། ཆོས་ཚོལ་བ་ལ་ལེ་ལོ་མེད་པའོ། ། ཆོས་བསྟན་པ་ལ་སློབ་དཔོན་དཔེ་མཁྱུད་མི་བྱེད་པའོ།། དེ་བཞིན་གཤེགས་པ་ལ་བལྟ་བ་དང་། མཆོད་པའི་དངོས་པོ་ལ་བརྩོན་པའོ།། བསམས་བཞིན་དུ་སྐྱེ་བས་མི་སྐྲག་པའོ།། ཕུན་སུམ་ཚོགས་པ་དང་། རྒུད་པ་དག་ལ་མཁེངས་མི་བདུད་པའོ།། མ་བསླབས་པ་རྣམས་མི་བརྙས་ཤིང་། ལོབས་པ་རྣམས་ལ་སྟོན་པ་ལྟར་འཕངས་པར་སེམས་པའོ།། ཉོན་མོངས་པ་རྒྱས་པ་རྣམས་ལ་ཚུལ་བཞིན་ཉེ་བར་སྦྱོར་བའོ། ། དབེན་པ་ལ་དགའ་ཞིང་དེ་ལ་མ་ཆགས་པའོ།། བདག་གི་བདེ་བ་ལ་མཞེན་ཅིང་། ཕ་རོལ་བདེ་བ་ལ་ཞེན་པའོ།། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་མནར་མེད་པ་ལྟར་འདུ་ཤེས་པའོ། ། འཁོར་བ་ལ་སྐྱེད་མོས་ཚལ་དང་། མྱ་ངན་ལས་འདས་པ་ལྟ་བུར་འདུ་ཤེས་པའོ།། སློང་བ་རྣམས་ལ་དགེ་བའི་བཤེས་གཉེན་དུ་འདུ་ཤེས་པའོ།། བདོག་པ་ཐམས། ཅད་ཡོངས་སུ་གཏོང་ལ། ཐམས་ཅད་མཁྱེན་པ་ཉིད་རྫོགས་པར་བྱེད་པར་འདུ་ཤེས་པའོ།། ཚུལ་ཁྲིམས་འཆལ་པ་རྣམས་ལ་བསྒྲུབ་པར་འདུ་ཤེས་པའོ།། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཕ་མར་འདུ་ཤེས་པའོ། ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་བདག་པོ་གཡོག་ཏུ་འདུ་ཤེས་པའོ།། དགེ་བའི་རྩ་བའི་ཚོགས་ཐམས་ཅད་ཀྱིས་ཆོག་མི་ཤེས་ཤིང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཡོན་ཏན་བདག་གི་ཞིང་དུ་བསྒྲུབ་པའོ། ། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་བཀང་བའི་ཕྱིར་གཏན་པ་མེད་པའི་མཆོད་སྦྱིན་ཡོངས་སུ་གཏོང་བའོ།། སྡིག་པ་ཐམས་ཅད་མི་བྱེད་པས་ལུས་དང་། ངག་དང་། སེམས་བརྒྱན་པའོ།། ལུས་དང་ངག་ཡོངས་སུ་དག་ཅིང་སེམས་ཡོངས་སུ་དག་པས། བསྐལ་པ་གྲངས་མེད་པར་འཁོར་བའོ།། སེམས་དཔའ་བས་སངས་རྒྱས་ཀྱི་ཡོན་ཏན་ཚད་མེད་པ་ཐོས་ཀྱང་ཞུམ་པར་མི་འགྱུར་བའོ།། ཉོན་མོངས་པའི་དགྲ་ཚར་གཅད་པའི་ཕྱིར། ཤེས་རབ་ཀྱི་མཚོན་རྣོན་པོ་ཐོགས་པའོ།། སེམས་ཅན་ཐམས་ཅད་ཀྱི་ཁུར་བཀུར་བའི་ཕྱིར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀུན་ཤེས་པའོ།། བདུད་ཀྱི་སྡེ་གཞོམ་པའི་ཕྱིར་བརྩོན་འགྲུས་འབར་བའོ། ། ང་རྒྱལ་མེད་པའི་ཕྱིར་ཡེ་ཤེས་ཚོལ་བའོ།། ཆོས་གཟུང་བའི་ཕྱིར་འདོད་པ་ཉུང་ཞིང་ཆོག་ཤེས་པའོ།། འཇིག་རྟེན་ཐམས་ཅད་ན་མཐོང་ན་དགའ་བར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཆོས་ཐམས་ཅད་དང་། མ་འདྲེས་པའོ།། འཇིག་རྟེན་དང་མཐུན་པར་བྱ་བའི་ཕྱིར་སྤྱོད་ལམ་ཐམས་ཅད་ལས་མ་ཉམས་པའོ།། བྱ་བ་ཐམས་ཅད་ཡང་དག་པར་བསྟན་པའི་ཕྱིར་མངོན་པར་ཤེས་པ་སྐྱེད་པའོ།། ཟོས་པ་ཐམས་ཅད་བཟུང་བའི་ཕྱིར་གཟུངས་དང་། དྲན་པ་དང་། ཡེ་ཤེས་སོ།། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅད་པའི་ཕྱིར་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པའོ།། ཆོས་བསྟན་པའི་ཕྱིར་བྱིན་གྱི་རླབས་ཐོགས་པ་མེད་པའོ།། སྤོབས་པ་ཐོབ་པ་རབ་ཏུ་རྙེད་པས་སྤོབས་པ་ཐོགས་པ་མེད་པའོ། ། དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་དག་པས་ལྷ་དང་མིའི་ཕུན་སུམ་ཚོགས་པ་མྱོང་བའོ།། ཚད་མེད་པ་བཞི་རབ་ཏུ་སྐྱེད་པས་ཚངས་པའི་ལམ་དུ་འགོད་པའོ།། ཆོས་བསྟན་པར་གསོལ་བ་དང་། རྗེས་སུ་ཡི་རང་བར་ལེགས་སོ་ཞེས་བྱ་བ་བྱིན་པས་སངས་རྒྱས་ཀྱི་དབྱངས་རབ་ཏུ་ཐོབ་པའོ།། ལུས་དང་། ངག་དང་། ཡིད་སྡོམ་པ་ཁྱད་པར་དུ་འགྲོ་བ་དང་། ཆོས་ཐམས་ཅད་ལམ་ཆགས་པས། སངས་རྒྱས་ཀྱི་སྤྱོད་ལམ་རབ་ཏུ་ཐོབ་པའོ།། བྱང་ཆུབ་སེམས་དཔའི་དགེ་འདུན་སྡུད་པས། ཐེག་པ་ཆེན་པོ་ལ་ཡང་དག་པར་འཛུད་པའོ།། ཡོན་ཏན་ཐམས་ཅད་ཆུད་མི་ཟ་བས་བག་ཡོད་པ་ཡིན་ཏེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ལ་བརྩོན་ཞིང་། བྱང་ཆུབ་སེམས་དཔའ་འདུས་བྱས་ཟད་པར་མི་བྱེད་དོ།། ཇི་ལྟར་འདུས་མ་བྱས་ལ་མི་གནས་ཤེ་ན། གང་གི་ཚེ་སྟོང་པ་ཉིད་ལ་བྱང་བར་བྱེད་ཅིང་། སྟོང་པ་ཉིད་མངོན་སུམ་དུའང་མི་བྱེད། མཚན་མ་མེད་པ་ལ་ཡོངས་སུ་བྱང་བར་བྱེད་ཀྱང་། མཚན་མ་མེད་པ་མངོན་སུམ་དུའང་མི་བྱེད། སྨོན་པ་མེད་པ་ལ་ཡོ་སུ་བྱང་བར་བྱེད་ཀྱང་། སྨོན་པ་མེད་པ་མངོན་སུམ་དུའང་མི་བྱེད། མངོན་པར་འདུ་མི་བྱེད་པ་ལ་ཡོངས་སུ་བྱང་བར་བྱེད་ཀྱང་། མངོན་པར་འདུ་མི་བྱེད་པ་མངོན་སུམ་དུའང་མི་བྱེད། མི་རྟག་པར་སོ་སོར་རྟོག་ཀྱང་དགེ་བའི་རྩ་བས་ཆོག་མི་ཤེས། སྡུག་བསྔལ་བར་སོ་སོར་རྟོག་ཀྱང་བསམས་བཞིན་དུ་སྐྱེ། བདག་མེད་པར་སོ་སོར་རྟོག་ཀྱང་བདག་ཡོངས་སུ་འདོར་བའང་མ་ཡིན། ཞི་བར་སོ་སོར་རྟོག་ཀྱང་ཤིན་ཏུ་ཞི་བའང་མི་སྐྱེད། དབེན་པར་སོ་སོ་རྟོན་ཀྱང་ལུས་དང་སེམས་ཀྱང་འབད། གནས་མེད་པར་སོ་སོར་རྟོག་ཀྱང་། དཀར་པོའི་ཆོས་ཀྱི་གཏམ་སྤོང་བའང་མ་ཡིན། འབྱུང་བ་མེད་པར་སོ། སོར་རྟོག་ཀྱང་སེམས་ཅན་རྣམས་ཀྱི་ཁུར་བླངས་པའང་ཐོགས། ཟག་པ་མེད་པར་སོ་སོར་རྟོག་ཀྱང་འཁོར་བའི་རྒྱུད་ལས་སློང་བར་ཡང་བྱེད། རྒྱུ་བ་མེད་པར་སོ་སོར་རྟོག་ཀྱང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རྒྱུ་བར་ཡང་འགྱུར། བདག་མེད་པར་སོ་སོར་རྟོག་ཀྱང་། སེམས་ཅན་ལ་སྙིང་རྗེ་ཆེན་པོ་མིའི་དོར། མི་སྐྱེ་བར་སོ་སོར་རྟོག་ཀྱང་། ཉན་ཐོས་ཀྱི་ངེས་པར་ཡང་མི་ལྟུང་གསོག་དང་། གསོ་བ་དང་། སྙིང་པོ་མེད་པ་དང་། བདག་པོ་མེད་པ་དང་གནས་མེད་པ་སོ་སོར་རྟོག་ཀྱང་། བསོད་ནམས་གསོག་མ་ཡིན་པ་དང་། ཡེ་ཤེས་གསོ་བ་མ་ཡིན་པ་དང་། བརྣག་པ་ཡོངས་སུ་རྫོགས་ཤིང་རང་བྱུང་བའི་ཡེ་ཤེས་སུ་དབང་བསྐུར་བ་དང་། རང་བྱུང་བའི་ཡེ་ཤེས་ལ་བརྩོན་པ་དང་། ངེས་པའི་དོན་སངས་རྒྱས་ཀྱི་རིགས་ལ་རབ་ཏུ་གནས་པ་ཡིན་ཏེ། རིགས་ཀྱི་བུ། དེ་ལྟར་ན་དེ་ལྟ་བུའི་ཆོས་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི། འདུས་མ་བྱས་ལ་མི་གནས་ཤིང་། འདུས་བྱས་ཀྱང་ཟད་པར་མི་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་བསོད་ནམས་ཀྱི་ཚོགས་ཡང་དག་པར་བསྒྲུབ་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། ། ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསྒྲུབ་པའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ།། བྱམས་པ་ཆེན་པོ་དང་ལྡན་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། ། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ།། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ།། སངས་རྒྱས་ཀྱི་ཆོས་རྣམས་ལ་མོས་པའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། ། སངས་རྒྱས་ཀྱི་མཚན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། ། ཐབས་ལ་མཁས་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ།། ཤེས་རབ་ཀྱིས་ཤིན་ཏུ་བརྟགས་པའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ།། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ།། སེམས་ཅན་གྱི་དོན་མྱོང་བའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ།། ཆོས་ཀྱི་དོན་ཡང་དག་པར་བསྟན་པས་འདུས་བྱས་ཟད་པར་མི་བྱེད་དོ།། དགེ་བའི་རྩ་བའི་ཚོགས་ཀྱི་ཕྱིར་འདུས་མ་བྱས་ལ་མི་གནས་སོ།། དགེ་བའི་རྩ་བའི་བག་ཆགས་ཀྱི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། ། སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ།། སྨོན་པ་མེད་པའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ།། བསམ་པ་ཡོངས་སུ་དག་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། ། ལྷག་པའི་བསམ་པ་ཡོངས་སུ་དག་པའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ།། མངོན་པར་ཤེས་པ་ལྔས་རྣམ་པར་རྩེན་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ།། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མངོན་པར་ཤེས་པ་དྲུག་གི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། ། ཕ་རོལ་ཏུ་ཕྱིན་པའི་ཚོགས་ཡོངས་སུ་བསྐང་བའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ།། དུས་ཡོངས་སུ་མ་རྫོགས་པའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། ། ཆོས་ཀྱི་ནོར་ཀུན་བསྡུ་བའི་ཕྱིར་འདུས་མ་བྱས་པ་མི་གནས་སོ།། ཉི་ཚེ་བའི་ཆོས་མི་འདོད་པས་འདུས་བྱས་ཟད་པར་མི་བྱེད་དོ།། ཆོས་ཀྱི་སྨན་ཀུན་སྡུད་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ།། ཅི་རིགས་པར་ཆོས་ཀྱི་སྨན་སྦྱོར་བའི་ཕྱིར་འདུས་བྱས་ཟ་བ་མི་བྱེད་དོ། ། དམ་བཅས་པ་ལ་བརྟན་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ།། དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱ་བའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ། ། ཆོས་ཀྱི་རྩི་ཐམས་ཅད་བསྒྲུབ་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ།། འདི་ལྟར་ཆོས་ཆུང་ངུའི་སྨན་སྦྱོར་བའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ།། དེ་ཉོན་མོངས་པའི་ནད་ཐམས་ཅད་ཡོངས་སུ་ཤེས་པའི་ཕྱིར་འདུས་མ་བྱས་ལ་མི་གནས་སོ། ། ནད་ཐམས་ཅད་ཞི་བའི་ཕྱིར་འདུས་བྱས་ཟད་པར་མི་བྱེད་དོ།། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་འདུས་བྱས་ཟད་པར་མི་བྱེད་ཅིང་འདུས་མ་བྱས་ལ་མི་གནས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ཐར་པའི་སྒོ་ཟད་པ་དང་། མི་ཟད་པ་ཞེས་བྱ་བ་ཡིན་ནོ།། སྐྱེས་བུ་དམ་པ་དག་ཁྱེད་ཀྱིས་ཀྱང་དེ་ལ་བརྩོན་པར་གྱིས་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་བསྟན་པ་འདི་ཐོས་ནས། ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ནས། དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱ་བ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པ་བྱ་བའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་བྱེ་མ་དང་། སྤོས་དང་། བདུག་པ་མང་པོ་ཐམས་ཅད་དང་མེ་ཏོག་གིས་པུས་མོ་ནུབ་ཙམ་དུ་ཁེབས་པར་བྱས་ཏེ། བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཡང་མངོན་པར་དགྲམ་པ་བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཆེད་དུ་བརྗོད་པ་བརྗོད་ཅིང་། དེ་ནས་སངས་རྒྱས་ཀྱི་ཞིང་འདི་ནས་མི་སྣང་བར་གྱུར་ཏེ། སྐད་ཅིག་ཡུད་ཙམ་ཐང་ཅིག་གིས་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་ཀྱི་དྲི་མཆོག་དེར་འཁོད་དོ། ། ཟད་པ་དང་མི་ཟད་པ་ཞེས་བྱ་བའི་ཆོས་ཀྱི་ལེའུ་སྟེ་བཅུ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས།། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་ཁྱོད་གང་གི་ཚེ་དེ་བཞིན་གཤེགས་པ་ལ་བལྟ་བར་འདོད་པར་གྱུར་པ་དེའི་ཚེ། ཁྱོད་དེ་བཞིན་གཤེགས་པ་ལ་ཇི་ལྟར་ལྟ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། ལི་ཙ་བྱི་དྲི་མ་མེད་པར་གྲགས་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་གི་ཚེ་བདག་དེ་བཞིན་གཤེགས་པ་ལ་ལྟ་བར་འཚལ་བ་དེའི་ཚེ། དེ་བཞིན་གཤེགས་པ་མི་མཐོང་བས་ལྟ་ལགས་སོ། ། སྔོན་གྱི་མཐའ་ནས་མ་སྐྱེས་པ་དང་། ཕྱི་མའི་མཐར་མི་འཕོ་བ་དང་། ད་ལྟར་གྱི་དུས་ལའང་མི་གནས་པར་ལྟ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། གཟུགས་ཀྱི་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། གཟུགས་མ་མཆིས་པའོ།། ཚོར་བའི་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། ཚོར་བ་མ་མཆིས་པའོ།། འདུ་ཤེས་ཀྱི་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། འདུ་ཤེས་མ་མཆིས་པའོ།། འདུ་བྱེད་ཀྱི་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། འདུ་བྱེད་མ་མཆིས་པའོ།། རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། རྣམ་པར་ཤེས་པ་མ་མཆིས་པའོ།། ཁམས་བཞི་ནི་མི་གནས་པ་སྟེ། ནམ་མཁའ་དང་།། མཚུངས་པའོ།། སྐྱེ་མཆེད་དྲུག་ནི་མ་སྐྱེས་པ་སྟེ། མིག་གི་ལམ་ལས་ཤིན་ཏུ་འདས་པ། རྣ་བའི་ལམ་ལས་ཤིན་ཏུ་འདས་པ། སྣའི་ལམ་ལས་ཤིན་ཏུ་འདས་པ། ལྕེའི་ལམ་ལས་ཤིན་ཏུ་འདས་པ། ལུས་ཀྱི་ལམ་ལས་ཤིན་ཏུ་འདས་པ། ཡིད་ཀྱི་ལམ་ལས་ཤིན་ཏུ་འདས་པ། ཁམས་གསུམ་པ་དང་མ་འདྲེས་པ། དྲི་མ་གསུམ་དང་བྲལ་བ།། རྣམ་པར་ཐར་པ་གསུམ་གྱི་རྗེས་སུ་མཆིས་པ། རིག་པ་གསུམ་ཐོབ་པ། མ་ཐོབ་པ་ཡང་དག་པར་ཐོབ་པ། ཆོས་ཐམས་ཅད་ལ་མ་ཆགས་པའི་མཐར་ཕྱིན་པ་ཡང་དག་པ་ཉིད་ཀྱི་མཐའ།། མཐའ་མ་མཆིས་པ་དེ་བཞིན་ཉིད་ལ་རབ་ཏུ་གནས་པ། དེ་ཕན་ཚུན་དུ་བྲལ། བ། རྒྱུས་མ་བསྐྱེད་པ། རྐྱེན་ལ་རག་མ་ལུས་པ། མཚན་ཉིད་མ་མཆིས་པ། མཚན་ཉིད་མ་མཆིས་པ་དང་བཅས་པ་མ་ལགས་པ། མཚན་ཉིད་གཅིག་པའང་མ་ལགས་པ།། མཚན་ཉིད་ཐ་དད་པའང་མ་ལགས་པ། རྟོགས་པར་འགྱུར་བའང་མ་ལགས་པ། ཀུན་ཏུ་རྟོགས་པར་འགྱུར་བའང་མ་ལགས་པ། རྣམ་པར་རྟོགས་པར་འགྱུར་བའང་མ་ལགས་པ། ཕ་རོལ་ནའང་མ་ལགས་པ། ཆུ་རོལ་ནའང་མ་ལགས་པ། དབུས་ནའང་མ་ལགས་པ། འདི་ནའང་མ་ལགས་པ། ཕ་བི་ནའང་མ་ལགས་པ། དེ་ནའང་མ་ལགས་པ། གཞན་ནའང་མ་ལགས་པ། རྣམ་པར་ཤེས་པས་འཚལ་བ་བགྱི་བའང་མ་ལགས་པ། རྣམ་པར་ཤེས་པ་ལ་གནས་པའང་མ་ལགས་པ། མུན་པའང་མ་ལགས་པ། སྣང་བའང་མ་ལགས་པ། མིང་མ་མཆིས་པ། མཚན་མ་མཆིས་པ། ཉམ་ཆུང་བའང་མ་ལགས་པ། སྟོབས་དང་ལྡན་པའང་མ་ལགས་པ། ཡུལ་ལ་མི་གནས་ཤིང་ཕྱོགས་ན་མི་གནས་པ། དགེ་བའང་མ་ལགས་པ། མི་དགེ་བའང་མ་ལགས་པ། འདུས་བྱས་ཀྱང་མ་ལགས་པ། འདུས་མ་བྱས་ཀྱང་མ་ལགས་པ། གང་གི་དོན་དུའང་བརྗོད་པ་མ་ལགས་པ། སྦྱིན་པར་ཡང་མ་ལགས་པ། སེར་སྣར་ཡང་མ་ལགས་པ། ཚུལ་ཁྲིམས་སུའང་མ་ལགས་པ། འཆལ་པའི་ཚུལ་ཁྲིམས་སུའང་མ་ལགས་པ། བཟོད་པར་ཡང་མ་ལགས་པ། གནོད་སེམས་སུའང་མ་ལགས་པ། བརྩོན་འགྲུས་སུའང་མ་ལགས་པ། ལེ་ལོར་ཡང་མ་ལགས་པ། བསམ་གཏན་དུའང་མ་ལགས་པ། གཡེང་བར་ཡང་མ་ལགས་པ། ཤེས་རབ་ཏུའང་མ་ལགས་པ། འཆལ་པའི་ཤེས་རབ་ཏུའང་བརྗོད་པ་མ་ལགས་པ། བདེན་པར་ཡང་མ་ལགས་པ། བརྫུན་པར་ཡང་མ་ལགས་པ། ངེས་པར་འབྱིན་པའང་མ་ལགས་པ། ངེས་པར་མི་འབྱིན་པའང་མ་ལགས་པ། འགྲོ་བར་བགྱི་བའང་མ་ལགས་པ། འགྲོ་བར་མི་བགྱི་བའང་མ་ལགས་པ། སྨྲས་པ་དང་སྤྱོད་པ་ཐམས་ཅད་ཤིན་ཏུ་ཆད་པ་སྟེ། ཞིང་དུ་གྱུར་པའང་མ་ལགས་པ། ཞིང་དུ་མ་གྱུར་པའང་མ་ལགས་པ། སྦྱིན་པར་འོས་པའང་མ་ལགས་པ། སྦྱིན་པར་མི་འོས་པའང་མ་ལགས་པ། གཟུང་བའང་མ་ལགས་པ། ། རེག་པར་བགྱི་བའང་མ་ལགས་པ། མཚན་མ་མཆིས་པ། འདུ་མ་བགྱིས་པ། གྲངས་དང་བྲལ་བ། མཉམ་པ་ཉིད་ཀྱིས་མཉམ་པ། ཆོས་ཉིད་ཀྱིས་མཚུངས་པ་མཚུངས་པ་མ་མཆིས་པ། བརྩོན་འགྲུས་མཚུངས་པ་མ་མཆིས་པ། གཞལ་བ་ལས་ཤིན་ཏུ་འདས་པ། སོང་བའང་མ་ལགས་པ། ཞུགས་པའང་མ་ལགས་པ། ཤིན་ཏུ་འདས་པའང་མ་ལགས་པ། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་བྱེད་པ་དང་། རྣམ་པར་རིག་པའང་མ་ལགས་པ། མདུད་པ་ཐམས་ཅད་མ་མཆིས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་མཚུངས་པ་ཐོབ་པ། ཆོས་ཐམས་ཅད་ལ་སྙོམས་ཤིང་། ཆོས་ཐམས་ཅད་ལ་བྱེ་བྲག་མ་མཆིས་པ་ཐོབ་པ།། ཐམས་ཅད་ཁ་ན་མ་ཐོ་བ་མ་མཆིས་པ། ཅིའང་མ་མཆིས་པ། སྙིགས་མ་མ་མཆིས་པ། མི་རྟོག་པ། རྣམ་པར་མི་རྟོག། པ། མ་བགྱིས་པ། མ་སྐྱེས་པ། མ་འཐོན་པ། མ་བྱུང་བ། ཀུན་ནས་མ་བྱུང་བ། འབྱུང་བར་འགྱུར་བའང་མ་ལགས་པ། འབྱུང་བར་མི་འགྱུར་བའང་མ་ལགས་པ། འཇིགས་པ་མ་མཆིས་པ། ཀུན་གཞི་མ་མཆིས་པ། མྱ་ངན་མ་མཆིས་པ། དགའ་བ་མ་མཆིས་པ། རླབས་མ་མཆིས་པ། ཐ་དད་པ་བསྟན་པ། ཐམས་ཅད་ཀྱིས་བརྗོད་པར་བགྱི་བ་མ་ལགས་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་ནི་འདི་འདྲ་སྟེ། དེ་ལ་དེ་ལྟར་བལྟ་ལགས་སོ།། གང་གིས་དེ་ལྟར་མཐོང་བ་དེ་ནི་ཡང་དག་པར་མཐོང་བ་ལགས་སོ།། གང་གིས་རྣམ་པ་གཞན་དུ་མཐོང་བ་དེ་ནི་ལོག་པར་མཐོང་བ་ལགས་སོ། ། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཤཱ་རའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་དྲི་མ་མེད་པར་གྲགས་པ་འདི་སངས་རྒྱས་ཀྱི་ཞིང་གང་ནས་ཤི་བབོས་ཏེ་སངས་རྒྱས་ཀྱི་ཞིང་འདིར་མཆིས། བཅོམ་ལྡན་པ་དས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱིས་སྐྱེས་བུ་དམ་པ་འདི་ལ་ཁྱོད་གང་ནས་ཤི་འཕོས་ཏེ་འདིར་སྐྱེས་ཞེས་དྲིས་ཤིག། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་གང་ནས་ཤི་འཕོས་ཏེ་འདིར་སྐྱེས། དྲི་མ་མེད་པར་གྲགས་པས་སྨྲས་པ། གནས་བརྟན་གྱིས་ཆོས་གང་མངོན་སུམ་དུ་བྱས་པའི་ཆོས་དེ་ལ་འཆི་འཕོ་འམ་སྐྱེ་བ་གང་ཡང་ཡོད་དམ། སྨྲས་པ། ཆོས་དེ་ལ་འཆི་ཕོ་འམ་སྐྱེ་བ་གང་ཡང་མེད་དོ།། སྨྲས་པ་བཙུན་པ་ཤཱ་རིའི་བུ་དེ་བཞིན་དུ་ཆོས་ཐམས་ཅད་འཆི་འཕོ་མེད་ཅིང་། སྐྱེ་བ་མེད་པ་ལ་ཅིའི་ཕྱིར་ན་དེ་ལྟ་བུར་ཁྱོད་གང་ནས་ཤི་འཕོས་ཤིང་། འདིར་སྐྱེས་སྙམ་དུ་སེམས། བཙུན་པ་ཤཱ་རིའི་བུ་གང་སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་དམ། སྐྱེས་པ་ལ་ཁྱོད་གང་ནས་ཤི་འཕོས་ཤིང་། འདིར་སྐྱེས་ཞེས་དྲིས་ན། དེ་ལ་ལན་ཇི་སྐད་ཅེས་གདབ། སྨྲས་པ། རིགས་ཀྱི་བུ་སྤྲུལ་པ་ལ་འཆི་འཕོའང་མེད། སྐྱེ་བའང་མེད་ན། དེ་ཅི་ཞིག་ལན་འདོན། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཆོས་ཐམས་ཅད་ནི་སྤྲུལ་པའི་རང་བཞིན་ནོ་ཞེས་དེ་བཞིན་གཤེགས་པས་མ་གསུངས་སམ། སྨྲས་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ།། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཆོས་ཐམས་ཅད་སྤྲུལ་པའི་རང་བཞིན་ལྟ་བུ་ལ། ཅིའི་ཕྱིར་ཁྱོད་འདི་སྙམ་དུ་ཁྱོད་ག་ལས་ཤིའི་ཕོས་ཏེ་འདིར་སྐྱེས་སྙམ་དུ་སེམས། བཙུན་པ་ཤཱ་རིའི་བུ་འཆི་འཕོ་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་དོ།། སྐྱེ་བ་ཞེས་བྱ་བ་དེ་ནི་ང་མངོན་པར་འདུ་བྱེད་པའི་རྒྱུན་ནོ། ། དེ་ལ་བྱང་ཆུབ་སེམས་དཔའ་འཆི་འཕོའང་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་ཟད་པར་མི་བྱེད་དོ།། དེ་སྐྱེ་བའང་མི་དགེ་བའི་རྒྱུ་འབྲེལ་བར་མི་བྱེད་དོ།། དེནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤཱ་རིའི་བུ་རིགས་ཀྱི་བུ་འདི་ནི་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ནས་དེ་བཞིན་གཤེགས་པ་མི་འཁྲུག་པའི་དྲུང་ནས་འདིར་བོངས་སོ། ། གསོལ་པ། བཅོམ་ལྡན་འདས་སྐྱེས་བུ་དམ་པ་འདི་སངས་རྒྱས་ཀྱི་ཞིང་དེ་ཙམ་དུ་རྣམ་པར་དག་པ་ནས་མཆིས་ཏེ། སངས་རྒྱས་ཀྱི་ནིང་ནོངས་པ་མང་པོའི་སྐྱོན་ཆགས་པ་ལ། མངོན་པར་དགའ་བ་ངོ་མཚར་ཏོ།། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས་སྨྲས་པ། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཉི་མའི་འོད་རྣམས་མུན་པ་དང་ལྷན་ཅིག་འགྲོགས་སམ། སྨྲས་པ། དེ་མ་ཡིན་ནོ། ། རིགས་ཀྱི་བུ་དེ་གཉིས་མི་འགྲོགས་ཏེ། ཉི་མའི་དཀྱིལ་འཁོར་ཤར་མ་ཐག་ཏུ་མུན་པ་ཐམས་ཅད་མེད་པར་འགྱུར་རོ།། སྨྲས་པ། ཅིའི་ཕྱིར་ན་འཛམ་བུའི་གླིང་དུ་ཉི་མ་འཆར། སྨྲས་པ། དེ་ནི་སྣང་བར་བྱ་བ་དང་། མུན་པ་བསལ་བའི་ཕྱིར་རོ།། སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དག་ནི་སེམས་ཅན་རྣམས་ཡོངས་སུ་སྦྱང་བ་དང་། ཡེ་ཤེས་ཀྱི་སྣང་བ་བྱ་བ་དང་། མུན་པ་ཆེན་པོ་བསལ་བའི་ཕྱིར། བསམས་བཞིན་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་དག་པ་རྣམས་སུ་སྐྱེ་སྟེ། ཉོན་མོངས་པ་རྣམས་དང་ལྷན་ཅིག་མི་གནས་ཤིང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་མུན་པའང་རྣམ་པར་སེལ་ཏོ། ། དེ་ནས་འཁོར་དེ་དག་ཐམས་ཅད་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་བདག་ཅག་གིས་བལྟའོ་སྙམ་དུ་སྐོམ་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་ཐམས་ཅད་ཀྱི་སེམས་ཀྱི་རྟོག་པ་ཐུགས་ཀྱིས་མཁྱེན་ནས། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་འཁོར་འདི་ནི་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་མཐོང་བར་འདོད་ཀྱིས། འཁོར་འདི་ལ་ཁྱོད་ཀྱིས་སྟོན་ཅིག། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས་འདི་སྙམ་དུ་བསམས་ཏེ། བདག་སེང་གེའི་ཁྲི་འདི་ལས་མ་ལངས་པར་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་དང་། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་དུ་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་གནས་པ་ཁོར་ཡུག་གི་རིས་བསྐོར་བ་དང་བཅས་པ་དང་། བབབ་ཆུ་དང་། མཚེའུ་དང་། ཆུ་མིག་དང་། མཚོ་དང་། རྒྱ་མཚོའི་འོབས་དང་བཅས་པ་དང་། རི་རབ་དང་། རི་བོ་དང་། དེའུ་དང་། བོག་རིང་བཅས་པ་དང་། ཟླ་བ་དང་། ཉི་མ་དང་། སྐར་མར་བཅས་པ་དང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟའི་གནས་སུ་བཅས་པ་དང་། ཚངས་པའི་གནས་དང་། འཁོར་དུ་བཅས་པ་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། མིར་བཅས་པ་དང་། བུད་མེད་དང་། ཁྱིམ་དུ་བཅས་པ་དང་། བྱང་ཆུབ་སེམས་དཔའ་བཅས་པ་དང་། ཉན་ཐོས་ཀྱི་འཁོར་དང་བཅས་པ་དང་།། དེ་བཞིན་གཤེགས་པ་མི་འཁྲུགས་པའི་བྱང་ཆུབ་ཀྱི་ཤིང་དང་། དེ་ན་དེ་བཞིན་གཤེགས་པ་མི་འཁྲུགས་པའང་འཁོར་རྒྱ་མཚོ་སྙེད་ཀྱི་ནང་ན་བཞུགས་ཤིང་ཆོས་འཆད་པ་དང་། གང་པདྨ་དག་ཕྱོགས་བཅུ་ན་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པ་དེ་དག་དང་། རིན་པོ་ཆེའི་སྐས་གསུམ་འཛམ་བུའི་གླིང་ནས་སུམ་ཅུ་རྩ་གསུམ་པའི་གནས་ཀྱི་བར་ན་མངོན་པར་འཕགས་པའི་སྐས་དེ་ལ། སུམ་ཅུ་རྩ་གསུམ། བའི་ལྷ་རྣམས་ནི། དེ་བཞིན་གཤེགས་པ་མི་འཁྲུགས་པ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འཛམ་བུ་གླིང་དུ་འབབ། འཛམ་བུའི་གླིང་གི་མི་རྣམས་ནི། སུམ་ཅུ། རྩ་གསུམ་པའི་ལྷ་རྣམས་བལྟ་བའི་ཕྱིར། སུམ་ཅུ་རྩ་གསུམ་པའི་གནས་སུ་འཛེག་པ་དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་ཚེགས་པ། འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེའི་ཆུའི་ཕུང་པོ་ནས་བཟུང་སྟེ། འོག་མིན་གནས་ཀྱི་བར་དུ་རྫ་མཁན་གྱི་འཁོར་ལོ་བཞིན་དུ་ཉི་ཚེར་བཅད་དེ་ལག་པ་གཡས་པས་བླངས་ནས། མེ་ཏོག་གི་འཕྲེང་བ་བཞིན་དུ་ཐོགས་ཏེ། འཇིག་རྟེན་གྱི་ཁམས་མི་མཇེད་དེར་གཞུག་གོ།། བཅུག་ནས་ཀྱང་འཁོར་འདི་ཐམས་ཅད་ལ་བསྟན་པར་བྱའོ་སྙམ་མོ།། དེ་ནས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་དེ་འདི་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་བྱས་ཏེ། འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་ཉི་ཚེར་བཅད་ནས། ལག་པ་གཡས་པས་བླངས་ཏེ། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བཅུག་གོ།། དེ་ན་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་དང་། མི་གང་དག་ལྷའི་མིག་དང་མངོན་པར་ཤེས་པ་དྲུག་ཐོབ་པ་དེ་དག་གིས་སྐད་ཆེར་པོས་པ། བཅོམ་ལྡན་འདས་བདག་ཅག་འཚལ་ཏོ།། བདེ་བར་གཤེགས་པ་བདག་ཅག་འཚལ་ཏོ།། དེ་བཞིན་གཤེགས་པ་བདག་ཅག་གི་སྦྱངས་མཛོད་ཅིག་ཅེས་གསོལ་པ་དང་། འདུལ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས། དེ་ལ་འདི་སྐད་ཅེས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་དྲི་མ་མེད་པར་གྲགས་པར་ཁྱེར་བ་དེ་ནི་ངའི་ཡུལ་མ་ཡིན་ནོ། ། དེ་ནས་ལྷ་དང་མི་ལ་སོགས་པ་གཞན་དག་གིས་ནི་བདག་ཅག་གར་ཁྱེར་མི་ཤེས་མི་མཐོང་ངོ་།། འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་འཇིག་རྟེན་གྱི་ཁན་མི་མཇེད་འདིར་བཅུག་ཀྱང་། འཇིག་རྟེན་གྱི་ཁམས་འདི་གང་བའམ། དྲི་བར་ཡང་མ་གྱུར་ཏེ། དོག་ཅིང་གཟེར་བའང་མེད་དོ།། འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེའང་ཟིབ་མེད་དེ། སྔ་ན་ཇི་ལྟ་བ་བཞིན་དུ་ཕྱི་ནའང་དེ་བཞིན་དུ་སྣང་ངོ་། ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། འཁོར་དེ་དག་ཐམས་ཅད་ལ་བཀའ་སྩལ་པ། ཀྱེ་གྲོགས་པོ་དག་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་དང་། སངས་རྒྱས་ཀྱི་ཞིང་བཀོད་པ་དང་། ཉན་ཐོས་བཀོད་པ་དང་། བྱང་ཆུབ་སེམས་དཔའ་བཀོད་པ་འདི་དག་ལ་ལྟོས་ཤིག། དེ་དག་གིས་གསོལ་བ། བཅོམ་ལྡན་འདས་མཐོང་ལགས་སོ།། བཀའ་སྩལ་པ་སངས་རྒྱས་ཀྱི་ཞིང་འདི་འདྲ་བ་ཡོངས་སུ་གཟུང་བར་འདོད་པའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་རྗེས་སུ་བསླབ་པར་བྱའོ། ། དེ་ལྟར་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་བསྟན་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་བསྟན་པས། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ལྷ་དང་། མི་དང་། སྐྱེ་དགུ་ལས་ཁྲི་ཕྲག་བཅུ་བཞི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། ། ཀུན་གྱིས་ཀྱང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེར་སྐྱེ་བར་སྨོན་ལམ་བཏབ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ཐམས་ཅད།། ། འཇིག་རྟེན་གྱི་ཁམས་མངོན་པར་དགའ་བར་སྐྱེ་བར་ལུང་བསྟན་ཏོ།། དེ་ལྟར་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་སྨིན་པར་བྱས་ནས། འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་སླར་གནས་ཇི་ལྟ་བ་བཞིན་དུ་བཞག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤཱ་རིའི་བུ་ཁྱོད་ཀྱིས་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་བདག་གིས་མཐོང་ལགས་སོ།། སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་འདྲ་བར་གྱུར་ཅིག། སེམས་ཅན་ཐམས་ཅད་ཀྱང་རིགས་ཀྱི་བུ་ལི་ཙི་བྱི་དྲི་མ་མེད་པར་གྲགས་པ་ཇི་ལྟ་བ་དེ་འདྲ་བའི་རྫུ་འཕྲུལ་དང་ལྡན་པར་གྱུར་ཅིག། བདག་ཅག་ཀྱང་སྐྱེས་བུ་དམ་པ་འདི་ལྟ་བུ་མཐོང་བ་ཐོབ་པ་ནི་རྙེད་པ་ལེགས་པར་རྙེད་ལགས་ཏེ། གང་དག་ཐ་ན་ད་ལྟར་གྱི་དེ་བཞིན་གཤེགས་པ་འམ། ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པའི་སེམས་ཅན་དག་ཀྱང་རྙེད་པ་རབ་ཏུ་རྙེད་པར་འགྱུར་ན། གང་དག་ཐོས་ནས་མོས་པ་དང་། ཡིད་ཆེས་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། མོས་ནས་སྟོན་པ་དང་། རབ་ཏུ་འདོན་པ་དང་། གཞན་དག་ལའང་འཆད་པ་དང་། སྒོམ་པའི་རྣལ་འབྱོར་ལ་རྗེས་སུ་སྦྱོར་བ་རྣམས་ལྟ་སྤོས་ཀྱང་ཅི་འཚལ། ཆོས་ཀྱི་རྣམ་གྲངས་འདི་གང་དག་གི་སུག་པར་ཐོབ་པར་གྱུར་པ་དེ། དག་ཀྱང་ཆོས་རིན་པོ་ཆེའི་གཏེ་རེ་རྙེད་པར་འགྱུར་རོ།། གང་དག་ཆོས་ཀྱི་རྣམ་གྲངས་འདི་ཁ་ཏོན་དུ་བགྱིད་པ་དེ་དག་ཀྱང་དེ་བཞིན་གཤེགས་པའི་གྲོགས་སུ་གྱུར་པ་ལགས་སོ།། གང་དག་ཆོས་འདི་ལ་མོས་པ་རྣམས་ལ་རིམ་གྲོ་དང་བསྙེན་བཀུར་བགྱིད་པ་དེ་དག་ནི། ཆོས་ཡང་དག་པར་སྲུང་བ་ལགས་སོ།། གང་དག་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་བྲིས་ཏེ་འཆང་བ་དང་། རི་མོར་བགྱིད་པ་དེ་དག་གི་ཁྱིམ་ན་དེ་བཞིན་གཤེགས་པ་བཞུགས་པར་འགྱུར་རོ། ། གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་རྗེས་སུ་ཡི་རངས་པ་དེ་དག་ནི་བསོད་ནམས་ཐམས་ཅད་ཡོངས་སུ་བཟུང་བ་ལགས་སོ།། གང་དག་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚོགས་སུ་བཅད་པ་གཅིག་ཙམ་དང་། སྡོམ་པའི་ཚིག་ཙམ་ཡང་གཞན་དག་ལ་སྟོན་པ་དེ་དག་ནི། ཆོས་ཀྱི་མཆོད་སྦྱིན་ཆེན་པོ་བགྱིད་པ་ལགས་སོ།། གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་བཟོད་པ་དང་། འདུན་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་དང་། མོས་པ་དག་ནི་དེ་ཉིད་དེ་དག་ལ་ལུང་བསྟན་པ་ལགས་སོ།། འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་བླངས་པ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། ། དེནས་བཅོམ་ལྡན་འདས་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་སྔོན་དེ་བཞིན་གཤེགས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལས་ཆོས་ཀྱི་རྣམ་གྲངས་བརྒྱ་སྟོང་མང་པོ་ཐོས་ཀྱང་ཇི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ལ་རྣམ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་ཚུལ་ལ་འཇུག་པ་རབ་ཏུ་བསྟན་པ་འདི་ལྟ་བུ་ནི་སྔོན་ནམ་ཡང་མ་ཐོས་ལགས་སོ། ། བཅོམ།། ལྡན་འདས་སེམས་ཅན་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དེ་དག་ཀྱང་ཐེ་ཚོམ་མ་མཆིས་པར་འདི་ལྟ་བུའི་ཆོས་ཀྱི་སྣོད་དུ་གྱུར་ན། གང་དག་བསྒོམ་པའི་རྣལ་འབྱོར་ལ་རྗེས་སུ་སྦྱོར་བ་རྣམས་ལྟ་སྨོས་ཀྱང་ཅི་འཚལ་ཏེ། དེ་དག་གིས་ངན་སོང་ཐམས་ཅད་ནི་བཅད། དེ་དག་གིས་བདེ་འགྲོའི་ལམ་ཐམས་ཅད་ནི་ཕྱེ། དེ་དག་སངས་རྒྱས་ཐམས་ཅད་ཀྱིས་ནི་གཟིགས། དེ་དག་གིས་ཕས་ཀྱི་རྒོལ་བ་ཐམས་ཅད་ནི་བཅོམ། དེ་དག་གིས་བདུད་ཐམས་ཅད་ནི་ཤིན་ཏུ་ཕམ་པར་བགྱིས། དེ་དག་གིས་བྱང་ཆུབ་སེམས་དཔའི་ལམ་ནི་རྣམ་པར་སྦྱངས།། དེ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་ནི་གནས།། དེ་དག་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་ནི་ཡང་དག་པར་འཇུག་པར་འགྱུར་བ་ལགས་སོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ།། རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དེ་དག་ལ་བདག་འཁོར་ཐམས་ཅད་དང་བཅས་པས་རིམ་གྲོ་དང་གཡོག་བགྱིའོ། ། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་གང་ན་ཆོས་ཀྱི་རྣམ་གྲངས་པའི་སྤྱོད་པ་དང་། འཆད་པ་དང་། རབ་ཏུ་སྟོན་པ་དེར་ཆོས་ཉན་པའི་སླད་དུ་བདག་གཡོག་དང་བཅས་ཏེ་མཆིའོ།། རིགས་ཀྱི་བུ་མ་དད་པ་རྣམས་ནི་དད་པ་བསྐྱེད་པར་བགྱི། དད་པ་རྣམས་ནི་ཆོས་དང་ལྡན་པས་བསྲུང་ཞིང་བསྐྱབ་པར་བགྱིའོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལེགས་སོ་ལེགས་སོ།། ལྷའི་དབང་པོ་ཁྱོད་ཀྱིས་ལེགས་པར་སྨྲས་པ་དེ་ལ། དེ་བཞིན་གཤེགས་པའང་རྗེས་སུ་ཡི་རང་ངོ་།། ལྷའི་དབང་པོ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་དེ་ནི་ཆོས་ཀྱི་རྣམ་གྲངས་འདི་ལས་བསྟན་ཏེ། ལྷའི་དབང་པོ་དེ་བས་ན་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། ཐན་གླེགས་པ་མ་ལ་འ་དྲི་བ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་གིས་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཆོད་པར་འགྱུར་རོ།། ལྷའི་དབང་པོ་རིགས་ཀྱི་བུ་ཕོ་འམ། རིགས་ཀྱི་བུ་མོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དེ་བཞིན་གཤེགས་པས་ཡོངས་སུ་གང་བ་འདི་ལྟ་སྟེ། དཔེར་ན་བུ་རམ་ཤིང་གི་ཚལ་ལམ། འདམ་བུའི་ཚལ་ལམ། སྨིག་མའི་ཚལ་ལམ།། ཏིལ་གྱི་ཞིང་ངམ། སེང་ལྡེང་གི་ཚལ་བཞིན་དུ་རབ་ཏུ་གང་བ་རྣམས་ལ་བསྐལ་པའམ། བསྐལ་པ་ལས་ལྷག་པར་རིམ་གྲོར་བྱས། ཐ་མར་བྱས། བསྟི་སྟང་དུ་བྱས་ཏེ། དེ་བཞིན་གཤེགས་པ་དེ་དག་ལ་མཆོད་པ་ཐམས་ཅད་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་དང་། དེ་བཞིན་གཤེགས་པ་དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་། དེ་བཞིན་གཤེགས་པ་རེ་རེ་ལའང་མཆོད་པའི་ཕྱིར། གཅིག་ཏུ་མཁྲེགས་པ་མ་ཞིག་པའི་སྐུ་གདུང་གི་མཆོད་རྟེན་རིན་པོ་ཆེ་ཐམས་ཅད་ལས་བྱས་པ། རྒྱུར་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཚད་ཙམ། འཕང་དུ་ནི་ཚངས་པའི་འཇིག་རྟེན་དུ་ཕྱིན་པ། གདུགས་དང་། བ་དན་དང་། སྲོག་ཤིང་བསྒྲེངས་པས་མཛེས་པར་རབ་ཏུ་བྱས་ཏེ། དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་རྟེན་སོ་སོར་བྱས་ནས།། དེས་དེ་ལ་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་མེ་ཏོག་ཐམས་ཅད་དང་། སྤོས་ཐམས་ཅད་དང་། རྒྱལ་མཚན་ཐམས་ཅད་དང་། བ་དན་ཐམས་ཅད་ཀྱིས་མཆོད་པ་བྱས་ཤིང་རྔ་དང་སིལ་སྙན་རྣམས་བརྡུངས་ཏེ་མཆོད་ན། ལྷའི་དབང་པོ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་དེའི་གཞི་ལས་བསོད་ནམས་མང་དུ་བསྐྱེད་དམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ།། བདེ་བར་གཤེགས་པ་མང་ལགས་ཏེ། བསྐལ་པ་བྱེ་བ་བརྒྱ་སྟོང་གིས་ཀྱང་བསོད་ནམས་ཀྱི་ཕུང་པོ་དེའི་མཐར་ཕྱིན་པར་མི་ནུས་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་ཁྱོད་མོས་པར་བྱའོ།། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ།། གང་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་པའི་རིགས་ཀྱི་བུ་བོ་འམ། རིགས་ཀྱི་བུ་མོ་དེ་བསོད་ནམས་ཤིན་ཏུ་མང་དུ་སྐྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་ཆོས་ལས་བྱུང་སྟེ། དེ་ཆོས་ཀྱིས་མཆོད་པར་ནུས་ཀྱི། ཟང་ཟིང་གིས་ནི་མ་ཡིན་པའི་ཕྱིར་རོ།། ལྷའི་དབང་པོ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ།། ལྷའི་དབང་པོ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་བ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ། རྒྱ་ཆབ། ཚད་མེད་པ། བསམ་གྱིས་མི་ཁྱབ་པར་གྱུར་པ་དེའི་དུས་དེའི་ཚ་ན། བསྐལ་པ་རྣམ་པར་སྦྱོང་བ་ལ་འཇིག་རྟེན་གྱི་ཁམས་ཆེར་བཀོད་པར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྨན་གྱི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་རྒྱལ་པོ་དེའི་ཚེའི་ཚད་ནི་བར་གྱི་བསྐལ་པ་ཉི་ཤུར་གྱུར་ཏོ། ། དེའི་ཉན་ཐོས་ཀྱི་དགེ་འདུན་ནི་བྱེ་བ་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་ཡོད་དོ།། བྱང་ཆུབ་སེམས་དཔའི་དགེ་བདུན་ནི་བྱེ་བ་ཁྲག་ཁྲིག་ཕྲག་བཅུ་གཉིས་ཡོད་དོ། ། ལྷའི་དབང་པོ་དེའི་ཚེ་དེའི་དུས་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་ཆེན་གདུགས་ཞེས་བྱ་བ་གླིང་བཞི་ལ་དབང་བ། རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཞིག་བྱུང་སྟེ། དེ་ལ་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྔ་རབ་ཏུ་འཇོམ་པ་སྟོང་དུ་ཚང་བ་ཡོད་དོ།། རྒྱལ་པོ་རིན་ཆེན་གདུགས་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་འཁོར་དང་བཅས་པ་ལ་བར་གྱི་བསྐལ་པ་ལྔའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རི་མོར་བྱས་སོ། ། ལྷའི་དབང་པོ་བར་གྱི་བསྐལ་པ་ལྔ་པོ་དེ་དག་འདས་ནས། རྒྱལ་པོ་རིན་ཆེན་གདུགས་ཀྱིས། བུ་སྟོང་ལ་འདི་སྐད་ཅེས་སྨྲས་སོ། ། ཀྱེ་ཁྱེད་ཤེས་པར་གྱིས་ཤིག། ངས་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་ཀྱིས། ད་ཁྱེད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ལ་མཆོད་པར་གྱིས་ཤིག། དེ་ནས་རྒྱལ་བུ་གཞོན་ནུ་དེ།། དག་པ་རྒྱལ་པོ་རིན་ཆེན་གདུགས་ལ་ལེགས་སོ་ཞེས་སྨྲས་ནས། དེ་མཉན་ཏེ་དེ་དང་ལྷན་ཅིག་ཚོགས་ནས། དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་ལ་བསྐལ་པ་བར་མ་ལྔའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོ་བྱས་སོ། ། དེའི་ནང་ནས་རྒྱལ་བུ་ཟླ་གདུགས་ཞེས་བྱ་བ་དེ་གཅིག་པུ་དབེན་པར་སོང་ནས། འདི་སྙམ་དུ་སེམས་ཏེ། མཆོད་པ་དེ་བས་མཆོད་པ་གཞན་ཆེས་ཁྱད་པར་དུ་འཕགས་ཤིང་རྒྱ་ཆེ་བ་ཡོད། དམ་སྙམ་པ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བར་སྣང་དེ་ལས་ལྷ་དག་འདི་སྐད་ཅེས་ཟེར་རོ།། སྐྱེས་བུ་དམ་པ་ཆོས་ཀྱི་མཆོད་པ་ནི་མཆོད་པ་ཐམས་ཅད་ཀྱི་ནང་ན་མཆོག་གོ། དེས་སྨྲས་པ། ཆོས་ཀྱི་མཆོད་པ་དེ་གང་ཡིན། ལྷས་སྨྲས་པ། སྐྱེས་བུ་དམ་པ་ཁྱོད་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེའི་དྲུང་དུ་སོང་ལ། ཆོས་ཀྱི་མཆོད་པ་དེ་གང་ལགས་ཞེས་ཞུས་ཤིག་དང་། བཅོམ་ལྡན་འདས་དེས་ཁྱོད་ལ་ལུང་སྟོན་ཏོ། ། དེ་ནས་ལྷའི་དབང་ངོ་པོ།། རྒྱལ་བུ་ཟླ་གདུགས་གཞོན་ནུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་རྒྱལ་པོ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས། རྒྱལ་བུ་ཟླ་གདུགས་ཀྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྣན་གྱི་རྒྱལ་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོས་ཀྱི་མཆོད་པ་ཆོས་ཀྱི་མཆོད་པ་ཞེས་བགྱི་བའི་ཆོས་ཀྱི་མཆོད་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་ཀྱི་མཆོད་པ་ནི་གང་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཟབ་མོ་ཟབ་མོར་སྣང་བ། འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་རྟོགས་པར་དཀའ་བ། མཐོང་བར་དཀའ་བ། ཁོང་དུ་ཆུད་པར་དཀའ་བ། ཕྲ་བ། ཞིབ་པ། མི་དམིགས་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ནང་དུ་གཏོགས་པ་གཟུངས་དང་མདོ་སྡེའི་རྒྱལ་པོའི་ཕྱག་རྒྱས་བཏབ་པ། ཕྱིར་མི་ལྡོག་པའི་འཁོར་ལོ་སྟོན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ལས་བྱུང་བ། འཛིན་པ་རྣམས་ཡོངས་སུ་བཟུང་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་ལྡན་པ། བྱང་ཆུབ་ཀྱི་ཡན་ལག་སྒྲུབ་པར་གཏོགས་པ། སེམས་ཅན་ལ་སྙིང་རྗེ་ཆེན་པོ་འཇུག་པ། བྱམས་པ་ཆེན་པོ་སྟོན་པ་བདུད་ཀྱི་ལྟེ་བར་གྱུར་པ་ཐམས་ཅད་མེད་པ། རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ། བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་ལྡན་པ། བྱང་ཆུབ་ཀྱི་སྙིང་པོ་སྒྲུབ་པ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་རྣམས་ཀྱིས་རབ་ཏུ་བསྟོད་ཅིང་བསྔགས་པ། དམ་པའི་ཆོས་ཀྱི་རིགས་རྒྱུན་མི་གཅོད་པ། ཆོས་ཀྱི་མཛོད་འཛིན་པ། ཆོས་ཀྱི་མཆོད་པའི་མཆོག་ལ་ཞུགས་པ། འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡང་དག་པར་སྟོན་པ། ཡང་དག་པར་དོན་གྱི་ཆོས་སོ་སོ་ཡང་དག་པའི་རིག་པ་ལ་འཇུག་པ། ཆོས་ཀྱི་མདོ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་ལས་ངེས་པར་བྱུང་བ། སེར་སྣ་ཅན་དང་། ཚུལ་ཁྲིམས་འཆལ་པ་དང་། གནོད་སེམས་ཅན་དང་། ལེ་ལོ།། ཅན་དང་། བརྗེད་ངས་པ་དང་། ཤེས་རཔ་འཆལ་བ་སྤ་འགོང་བ་དང་། ཕས་ཀྱི་རྒོལ་བ་ལྟ་བ་ངན་པ་དང་། དམིགས་པ་ལ་མངོན་པར་ཞེན་པ་ཐམས་ཅད་སྡང་བར་བྱེད་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ། འཁོར་བའི་ཕྱོགས་ཀྱི་གཉེན་པོ། མྱ་ངན་ལས་འདས་པའི་བདེ་བ་ཡང་དག་པར་སྟོན་པ་དེ་ལྟ་བུའི་མདོ་སྡེ་རྣམས་གང་ཡང་དག་པར་སྟོན་པ་དང་། འཆང་བ་དང་། སོ་སོར་རྟོགས་པ་དང་། དམ་པའི་ཆོས་ཀུན་སྡུད་བ་དེ་ནི་ཆོས་ཀྱི་མཆོད་པ་ཞེས་བྱའོ། ། རིགས་ཀྱི་བུ་གཞན་ཡང་ཆོས་ཀྱི་མཆོད་པ་ནི་གང་ཆོས་ལ་ཆོས་སུ་ངེས་པར་སེམས་པ། ཆོས་ལ་ཆོས་བཞིན་ནན་ཏན་བྱེད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བར་མཐུན་པ་མཐར་ལྟ་བ་ཐམས་ཅད་དང་བྲལ་བ། སྐྱེ་བ་མེད་པ། འབྱུང་བ་མེད་པ་ལ་བཟོད་པ། བདག་མེད་པ། སེམས་ཅན་མེད་པར་འཇུག་པ།། རྒྱུ་དང་རྐྱེན་དང་མི་འགལ། འཐབ་པ་མེད་པ། རྩོད་པ་མེད་པ། ངའི་བ་མེད་པ། ངར་འཛིན་པ་དང་བྲལ་བ། དོན་ལ་རྟོན་གྱི། ཚིག་འབྲུ་ལ་མི་རྟོན་པ། ཡེ་ཤེས་ལ་རྟོན་གྱི། རྣམ་པར་ཤེས་པ་ལ་མི་རྟོན་པ། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི། དྲང་བའི་དོན་ཀུན་རྫོབ་ལ་མངོན་པར་མ། ཞེན་པ། ཆོས་ཉིད་ལ་རྟོན་གྱི། གང་ཟག་ཏུ་ལྟ་བ་དམིགས་པར་འཛིན་པ་ལ་མངོན་པར་མ་ཞེན་པ། སངས་རྒྱས་ཀྱི་ཆོས་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ། ཀུན་གཞི་མེད་པར་འཇུག་པ།། ། ཀུན་གཞི་ཡང་དག་པར་འཇོམ་པ། མ་རིག་པ་རྣམ་པར་ཞི་བ་ནས། རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་བར་དུ་རྣམ་པར་ཞི་ཞིང་། དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལ་འདི་ལྟ་སྟེ། སེམས་ཅན་ལ་ལྟ་བས་ཟད་མི་ཤེས་པ་མངོན་པར་བསྒྲུབ་པས་མངོན་དུ་བསྒྲུབ་ཅིང་། ལྟ་བ་རྣམས་ལ་མི་ལྟ་བ་འདིའང་རིགས་ཀྱི་བུ་བླ་ན་མེད་པ་ཆོས་ཀྱི་མཆོད་པ་ཞེས་བྱའོ། ། ལྷའི་དབང་པོ་དེ་ལྟར་རྒྱལ་བུ་ཟླ་གདུགས་དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེ་ལས་ཆོས་ཀྱི་མཆོད་པ་དེ་ལྟ་བུ་ཐོས་པ་དང་། རྗེས་སུ་མཐུན་པའི་ཆོས་ཀྱི་བཟོད་པ་ཐོབ་བོ། ། གོས་དང་རྒྱན་ཅི་ཐོགས་པ་བཅོམ་ལྡན་འདས་དེ་ལ་ཕུལ་ནས་ཚིག་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཀྱང་། དམ་པའི་ཆོས་ཡོངས་སུ་གཟུང་བ་དང་། དམ་པའི་ཆོས་ལ་མཆོད་པ་བགྱི་བའི་སླད་དུ་བདག་དམ་པའི་ཆོས་ཡོངས་སུ་བཟུང་བར་སྤྲོའོ།། བཅོམ་ལྡན་འདས་ཇི་ལྟར་བདག་གིས་བདུད་དང་ཕྱིར་རྒོལ་བ་རྣམས་བཅོམ་ནས། བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བ་དེ་ལྟར་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པར་གསོལ། དེ་བཞིན་གཤེགས་པས་དེའི་བསམ་པ་མཁྱེན་ནས། ཕྱི་མའི་དུས་ཕྱི་མའི་ཚེ་ན། དམ་པའི་ཆོས་ཀྱི་གྲོང་ཁྱེར་སྐྱོང་ཞིང་སྲུང་བ་དང་། ཡོངས་སུ་འཛིན་པར་འགྱུར་བར་ལུང་བསྟན་ཏོ།། ལྷའི་དབང་པོ་དེ་ནས་རྒྱལ་བུ་ཟླ་གདུགས་དེ་དེ་བཞིན་གཤེགས་པ་དེ་བཞུགས་བཞིན་དུ་དད་པས་ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་བྱུང་སྟེ།། དགེ་བའི་ཆོས་ལ་བརྩོན་འགྲུས་བརྩམས་ནས་གནས་སོ།། དེ་བརྩོན་འགྲུས་བརྩམས་ཤིང་དགེ་བའི་ཆོས་ལ་རབ་ཏུ་གནས་པས། རིང་པོ་མ་ལོན་པར་མངོན་པར་ཤེས་པ་ལྔ་བསྐྱེད་དེ། གཟུངས་རྣམས་རྟོགས་པར་ཁོང་དུ་ཆུད་པར་གྱུར་ཏོ། ། དེ་སྤོབས་པ་རྒྱུན་མི་འཆད་པ་ཐོབ་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་མངོན་པར་ཤེས་པ་དང་། གཟུངས་ཀྱི་སྟོབས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་བཞིན་དུ། བར་གྱི་བསྐལ་པ་བཅུའི་བར་དུ་རྗེས་སུ་བསྐོར་ཏོ།། ལྷའི་དབང་པོ་དེ་ལྟར་དགེ་སློང་ཟླ་གདུགས་དམ་པའི་ཆོས་ཡོངས་སུ་བཟུང་བ་ལ་མངོན་པར་བརྩོན་པས། སེམས་ཅན་བྱེ་བ་བརྒྱ་ཕྲག་བཅུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱས་པར་གྱུར་ཏོ།། སྲོག་ཆགས་ཁྲག་ཁྲིག་ཕྲག་བཞི་བཅུ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་བཏུལ་ལོ། ། སེམས་ཅན་ཚད་མེད་པ་རྣམས་ནི་མཐོ་རིས་སུ་སྐྱེ་བར་བྱས་སོ།། ལྷའི་དབང་པོ་དེའི་ཚེ་དེའི་དུས་ན་རིན་ཆེན་གདུགས་ཞེས་བྱ་བ་འཁོར་ལོས་སྒྱུར་བའི་རྒྱལ་བོར་གྱུར་པ་དེ་གཞན་ཡིན་པ་སྙམ་དུ་འཛིན་ན། ལྷའི་དབང་པོ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། རིན་ཆེན་འོད་འཕྲོ་དེ་བཞིན་གཤེགས་པ་དེ་དེའི་ཚེ་དེའི་དུས་ན་རིན་ཆེན་གདུགས་ཞེས་བྱ་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ། ། རྒྱལ་པོ་རིན་ཆེན་གདུགས་དེའི་བུ་སྟོང་ཡོད་པ་དེ་དག་ནི་ད་ལྟར་གྱི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་འདི་དག་ཡིན་ཏེ། གང་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་ཚང་བར་འབྱུང་བའོ། ། དེ་ལས་བཞིནི་བྱུང་སྟེ། ལྷག་མ་རྣམས་ཀྱང་འབྱུང་བར་འགྱུར་རོ།། འཁོར་བ་འཇིག་ལ་སོགས་པ་སྣང་མཛད་ལ་ཐུག་པའི་བར་དུ་སྟེ། ཐ་མར་ནི་དེ་བཞིན་གཤེགས་པ་སྣང་མཛད་ཅེས་བྱ་བ་འབྱུང་ངོ་། ། ལྷའི་དབང་པོ་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་དེའི་དམ་པའི་ཆོས་ཡོངས་སུ་བཟུང་བ་དང་། རྒྱལ་བུ་ཟླ་གདུགས་ཞེས་བྱ་བ་དེ་གཞན་ཡིན་པ་སྙམ་དུ་འཛིན་ན། ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་དབང་པོ་ང་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཟླ་གདུགས་ཞེས་བྱ་བར་གྱུར་ཏོ།། ལྷའི་དབང་པོ་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། ལྷའི་དབང་པོ་ཇི་ཙམ་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པའི་ནང་ན་ཆོས་ཀྱི་མཆོད་པ་ནི་མཆོག་ཅེས་བྱའོ། ། མཆོག་དང་། དམ་པ་དང་། མཆོགར་རབ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མེད་པ་ཞེས་བྱའོ།། ལྷའི་དབང་པོ་དེ་བས་ན་ང་ལ་ཟང་ཟིང་གིས་མ་མཆོད་པར་ཆོས་ཀྱི་མཆོད་པས་མཆོད་ཅིག། ང་ལ་ཟང་ཟིང་གིས་བསྟི་སྟང་མ་བྱེད་པར་ཆོས་ཀྱི་བསྟི་སྟང་གིས་རི་མོར་གྱིས་ཤིག། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྐལ་པ་བྱེ་བ་གྲངས་མེད་པར་ཡང་དག་པར་བསྒྲུབས་པ་འདི་ཁྱོད་ལ་གཏང་དོ། ། ཅི་ནས་ཕྱི་མའི་དུས་ཕྱི་མའི་ཚེ། ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་ཁྱོད་ཀྱིས་བྱིན་གྱི་རླབས་ཀྱིས་ཡོངས་སུ་བཟུང་བས། འཛམ་བུའི་གླིང་དུ་རྒྱས་པར་འགྱུར་ཞིང་མ་ནུབ་པར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། བྱམས་པ་མ་འོངས་པའི་དུས་ན། རིགས་ཀྱི་བུ་པོ་དང་། རིགས་ཀྱི་བུ་མོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དགེ་བའི་རྩ་བ་བསྐྱེད་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་དེ་དག་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས་པས་ཉམས་པར་གྱུར་ཏ་རེ། འདི་ལྟ་བུའི་མདོ་སྡེ་ཐོས་ནས་ཤིན་ཏུ་དགའ་ཞིང་དད་པ་རྙེད་པར་འགྱུར་བ་དང་། སྤྱི་བོས་ལེན་པར་འགྱུར་བའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་བསྲུང་བའི་ཕྱིར་བྱམས་པ་ཁྱོད་ཀྱིས་དེའི་དུས་ན་མདོ་སྡེ་འདི་ལྟ་བུ་འདི་རྒྱས་པར་གྱིས་ཤིག། བྱམས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་ནི་འདི་གཉིས་ཏེ། གཉིས་གང་ཞེ་ན། ཚིག་དང་ཆོག་འབྲུ་སྣ་ཚོགས་ལ་དད་པའི་ཕྱག་རྒྱ་དང་། ཆོས་ཀྱི་ཚུལ་ཟབ་མོས་མི་སྐྲག་ཅིང་ཡང་དག་པ་ཉིད་ཇི་ལྟ་བ་བཞིན་དུ་འཇུག་པའི་ཕྱག་རྒྱ་སྟེ། བྱམས་པ་དེ་གཉིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་རྒྱའོ། ། བྱམས་པ་དེ་ལ་བྱང་ཆུབ་སེམས་དཔའ་གང་དག་ཚིག་དང་ཚིག་འབྲུ་སྣ་ཚོགས་ལ་དད་ཅིང་ལྷུར་ལེན་པ་དེ་དག་ནི་ལས་དང་པོ་པ་ཡིན་ཏེ། ཚངས་པར་སྤྱད་ནས་རིང་པོར་མ་ལོན་པར་རིག་པར་བྱའོ། ། བྱམས་པ་གང་དག་མདོ་སྡེ་ཟང་མོ་མ་གོས་པ་ཕྲུགས་དང་སྣརེལ་ཞིའི་རྒྱུད་ཀྱི་ཚིག་དང་། རིམ་པ་རབ་ཏུ་དབྱེ་བ་འདི་འདེན་པ་དང་། ཉན་པ་དང་། མོས་པ་དང་། སྟོན་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་དེ་དག་ནི་རིང་ཚངས་པར་སྤྱད་པར་རིག་པར་བྱའོ། ། བྱམས་པ་དེ་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ནི་རྒྱུ་གཉིས་ཀྱིས་བདག་ལ་རྨ་འབྱིན་ཏེ། ཆོས་ཟབ་མོ་ལ་ངེས་པར་སེམས་པར་མི་འགྱུར་རོ།། གཉིས་གང་ཞེ་ན། སྔོན་མ་ཐོས་པའི་མདོ་སྡེ་ཟབ་མོ་ཐོས་ན་སྐྲག་ཅིང་ཐེ་ཙོམ་དུ་གྱུར་ནས་རྗེས་སུ་ཡི་རང་བར་མི་བྱེད་ཅིང་། འདི་ལྟ་སྟེ། བདག་ཅག་གིས་སྔོན་མ་ཐོས་ན། དེ་གང་ནས་འོངས་ཞེས་སྤོང་བར་བྱེད་དོ།། རིགས་ཀྱི་བུ་གང་དག་མདོ་སྡེ་ཟབ་མོ་འཛིན་པ་དང་། ཆོས་ཟབ་མོའི་སྣོད་དུ་གྱུར་པ་དང་། ཆོས་ཟབ་མོ་སྟོན་པ་དེ་དག་ལ་མི་སྟེན་མི་འགྲོགས། བསྙེན་བཀུར་མི་བྱེད་ཅིང་། དེ་དག་ལ་བསྟི་སྟང་མི་བྱེད་པར་གྱུར་ཏེ། བར་བར་དུ་དེ་དག་ལ་མི་སྙན་པར་ཡང་བརྗོད་དོ།། རྒྱུ་དེ་གཉིས་ཀྱིས་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་བདག་ཉིད་ལ་རྨ་འབྱིན་ཏེ། ཆོས་ཟབ་མོ་ལ་ངེས་པར་མི་རྟོག་གོ། རྒྱུ་གཉིས་ཀྱིས་ཟབ་མོ་ལ་མོས་པ་བྱང་ཆུབ་སེམས་དཔའ་བདག་ཉིད་ལ་རྨ་འབྱིན་ཏེ། མ་སྐྱེས་པའི་ཆོས་ལའང་བཟོད་པ་ཐོབ་པར་མི་འགྱུར་རོ།། གཉིས་གང་ཞེ་ན། ལས་དང་པོ་བསྤྱད་ནས། རིང་པོ་མ་ལོན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བརྙས་ཤིང་ཁྱད་དུ་གསོད་དེ་འཛིན་དུ་མི་འཇུག། མི་བྱེད་མི་སྟོན་པ་དང་། གང་ཟབ་མོ་ལ་ཤིན་ཏུ་དད་པས་བསླབ་པ་ལ་རི་མོ་བྱེད་ཅིང་། འཇིག་རྟེན་གྱི་ཟང་ཟིང་སྦྱིན་པས་ནི་སེམས་ཅན་རྗེས་སུ་འཛིན་གྱི། ཆོས་ཀྱི་སྦྱིན་པས་མ་ཡིན་ཏེ། བྱམས་པ་ཟབ་མོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་རྒྱུ་འདི་གཉིས་ཀྱིས་བདག་ཉིད་ལ་གནོད་པར་འགྱུར་ཏེ། མི་སྐྱེ་བའི་ཆོས་ལ་བཟོད་པའང་མྱུར་དུ་ཐོབ་པར་མི་འགྱུར་རོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ།། ངོ་མཚར་ཏོ།། བཅོམ་ལྡན་འདས།། ལེགས་པར་གསུངས་སོ།། བཅོམ་ལྡན་འདས་བདག་གིས་ད་སླན་ཆད་དེ་ལྟ་བུའི་ནོངས་པ་རྣམས་སྤང་བར་དགྱིའོ།། དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མ་མཆིས་པར་བསྒྲུབས་པ་འདི་བསྲུང་བར་བགྱིའོ། ། གཟུང་བར་བགྱིའོ།། མ་འོངས་པའི་རིགས་ཀྱི་བུ་པོ་དང་། རིགས་ཀྱི་བུ་མོ་སྣོད་དུ་གྱུར་པ་དེ་དག་ལ་མདོ་སྡེ་འདི་ལྟ་བུ་ལག་ཏུ་སོན་པར་བགྱིའོ། ། དྲན་པ་དག་གིས་མདོ་སྡེ་འདི་འདྲ་བའི་མདོ་སྡེ་འདི་ལྟ་བུ་ལ་མོས་པ་དང་། འཛིན་པ་དང་། འཆང་བ་དང་། ཀུན་ཆུབ་པ་དང་། འཛུད་པ་དང་། འདྲི་བ་དང་། གཞན་ལའང་རྒྱ་ཆེར་འཆད་པར་འགྱུར་བའི་དྲན་པ་ཉེ་བར་གཞག་པ་བསྒྲུབ་པར་བགྱིའོ། ། བཅོམ་ལྡན་འདས་བདག་གིས་དེ་དག་བརྟན་པར་བགྱིའོ།། བཅོམ་ལྡན་འདས་དེའི་དུས་ན་འདི་ལྟ་བུའི་མདོ་སྡེ་ལ་མོས་པ་དང་། འཇུག་པ་དེ་ནི་བཅོམ་ལྡན་འདས་བྱམས་པ་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ལགས་པར་རིག་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་བྱམས་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ།། བྱམས་པ་ཁྱོད་ཀྱི་ཚིག་དེ་ནི་དགེ་བར་སྨྲས་ཏེ། དེ་བཞིན་གཤེགས་པའང་ཁྱོད་ཀྱི་དགེ་བར་སྨྲས་པ་དེ་ལ་རྗེས་སུ་ཡི་རང་བཞིན་སྣང་བ་ཡིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་དཔྱ་གཅིག་ཏུ་ཚིག་འདི་སྐད་ཅེས་སྨྲས་སོ། ། བཅོམ་ལྡན་འདས་བདག་ཅག་ཀྱང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཞིང་སོ་སོ་ནས་མཆིས་ཏེ། དེ་བཞིན། གཤེགས་པའི་སངས་རྒྱས་ཀྱི་བྱང་ཆུབ་འདི་རྒྱས་པར་བགྱིའོ།། རིགས་ཀྱི་བུ་དེ་དག་ཀྱང་མོས་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ལ། རྒྱལ་པོ་ཆེན་པོ་བཞིས་ཀྱང་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་དང་། ཕོ་བྲང་འཁོར་གང་དང་གང་དུ་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་སྤྱོད་པ་དང་། འཆད་པ་དང་། ཡང་དག་པར་སྟོན་པ་དང་། དེ་དག་ཏུ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིའང་སྟོབས་དང་བཅས། བཞོན་པ་དང་བཅས། འཁོར་དང་བཅས་ཏེ་ཉན་པའི་སླད་དུ་མཆིའོ།། ཆོས་སྨྲ་བ་དེའི་འཁོར་དཔག་ཚད་བརྒྱ་ཚུན་ཆད་ཀུན་བསྲུང་བར་བགྱི་སྟེ། ཅི་ནས་ཀྱང་ཆོས་སྨྲ་བ་དེ་ལ་གླགས་ལྟ་བ། གླགས་ཚོལ་བས་གླགས་མི་རྙེད་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཞིག། ཆོངས་ཤིག། གཞན་ལའང་རྒྱས་པར་སྟོན་ཅིག། གསོལ་པ། བདག་གིས་ཆོས་ཀྱི་རྣམ་གྲངས་འདི་ནི་བཟུང་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི། ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་དྲི་མ་མེད་པར་གྲགས་པས་བསྟན་པ་དང་། ཕྲུགས་སུ་སྦྱར་བ་སྣརེལ་ཞིའི་མངོན་པར་བསྒྲུབ་པ་དང་། བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་ལེའུ་ཞེས་ཀྱང་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་དགའ་བོ་ཁྱོད་ཀྱིས་ཟུང་ཞིག། དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་དགྱེས་སོ། ། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཚེ་དང་ལྡན་པ་དགའ་བོ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཐམས་ཅད་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། སྔོན་གྱི་སྦྱོར་བ་དམ་པའི་ཆོས་གཏད་པའི་ལེའུ་ཞེས་བྱ་སྟེ་བཅུ་གཉིས་སོ། ། །། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །
CLOSE WINDOW