CLOSE WINDOW

S133: འཕགས་པ་ཆོས་བཞི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
Wyliee-texts produced with ocr Programm

ཆེན་གྱི་ལོ་ཙཱ་བ་དན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་གྲུབ་པ། རྒྱ་གར་སྐད་དུ། ཨཱརྱ་ཙ་ཏུར་དྷརྨ་ཀན་ནཱ་མ་མཧཱ་ཡཱ་ན་སཱུཿ་འོད་སྐད་དུ། འཕགས་པ་ཆོས་བཞི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚིལ་མགོན་མེད་ཟས་སྦྱིན་གྱི་ཀུན་དཀྱུའ་ར་བ་ན། དགེ་སློང་སྟོང་གིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་རྣམས་ཅིག་འཞུགས་ཏེ། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་ཡང་ཐབས་ཅིག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་བཞི་པོ་འདི་དག་ཇི་སྲིད་འཚོའི་བར་དུ་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏོང་ངོ་། ། བཞི་གང་ཞེ་ན། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ། བྱང་ཆུབ་ཀྱི་སེམས་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏོང་བ་དང་། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་དགེ་བའི་བཤེས་གཉེན་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏོང་བ་དང་དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ། བཟོད་པ་དང་དེས་པ་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏོང་བ་དང་དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ། དགོན་པ་ལ་གནས་པ་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏོང་སྟེ། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་ཆོས་བཞི་པོ་འདི་དག་སྲོག་གི་ཕྱིར་ཡང་ཡོངས་སུ་གཏོང་བར་མི་། བྱབཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ། བདེ་བར་གཤེགས་པས་དེ་སྐད་ཅེས་གསུངས་ནས།། སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ། ། ཐམས་ཅད་མཁྱེན་ཉིད་སེམས་ནི་མི་གཏོང་ཞིང་།། མཁས་པས་རྫོགས་པའི་བྱང་ཆུབ་སེམས་དཔའ་ཅིག། བཟོད་དང་དེས་བའི་སྟོབས་ལ་རབ་གནས་ཏེ། ། དགེ་བའི་བཤེས་གཉེན་ཡོངས་སུ་གཏོང་མི་བྱ།། རི་དགས་རྒྱལ་པོ་བཞིན་དུ་འཇིགས་སྤངས་ཏེ། མཁས་པས་དགོན་གནས་རྟག་ཏུ་བསྟེན་པར་བྱ། ། ཆོས་འདི་དག་ལ་རྟག་ཏུ་རབ་གནས་ནས། བདུད་རྣམས་བཅོམ་ནས་བྱང་ཆུབ་དེ་འཚང་རྒྱ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀར་སྩལ་ནསདགེ་སློང་དེ་དག་དང་བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེའི་ར་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།

CLOSE WINDOW