CLOSE WINDOW

S11.03: འཕགས་པ་དེ་བཞིན་གཤེགས་པའི་གསང་པ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
Wyliee-texts produced with ocr Programm

རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏཱ་ཨ་ཙིན་ཏྱ་གུ་ཧྱ་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ། དགེ་སློང་བཞི་ཁྲི་ཉིས་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པས་མངོན་པར་ཤེས་པ། ཕལ་ཆེར་སངས་རྒྱས་ཀྱི་ཞིང་གཞན་ནས་འདུས་པའི་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་བཟོད་པ་ཐོབ་པ། ཕྱིར་མི་ལྡོག་པ། སྐྱེ་བ་གཅིག་གིས་ཐོགས་པ། གཟུངས་ཐོབ་པ། ཏིང་ངེ་འཛིན་ཐོབ་པ། སྤོབས་པ་ཐོགས་པ་མེད་པ། ཕྱོགས་བཅུ་མཐའ་ཡས་པའི་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་ལ་མཁས་པ། མངོན་པར་ཤེས་པའི་ཡེ་ཤེས་ཀྱིས་རྣམ་པར་རྩེན་པ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ་བདུད་དང་ཕྱིར་རྒོལ་བ་བཅོམ་པ། སེམས་ཅན་ཐམས་ཅད་ཀྱི་སེམས་དང་། བསམ་པ་དང་། སྤྱོད་པའི་སྒྲུབ་པ་ཤེས་པ། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་ལ་མཁས་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚུལ་ལ་འཇུག་པར་རབ་ཏུ་ཞུགས་པ། ཐབས་ལ་མཁས་པ་དམ་པའི་ཕ་རོལ་ཏུ་སོན་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་ཏེ་བཀུར་ལ་རབ་ཏུ་བསྔགས་པ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དདག་ཏུ་མེད་པར་བྱང་ཆུབ་ཀྱི་ལམ་མཐའ་ཡས་པ་མཐར་གཏུགས་པ། སེམས་ས་དང་། ཆུ་དང་། མེ་དང་། རླུང་དང་མཚུངས་པ། ནམ་མཁའ་ལྟར་མཐའ་ཡས་པའི་བྱམས་པ་བསྒོམ་པའི་རྣལ་འབྱོར་ལ་བརྩོན་པ། ཆགས་པའི་གནས་སྒྲིབ་པ་དང་། ཆོད་པ་དང་། ཀུན་ནས་ལྡང་བ་ཐམས་ཅད་ལས་ཡང་དག་པར་འདས་པ་མཐུ་བོ་ཆེའི་ལུས་ཐོབ་པ། རྡོ་རྗེ་ལྟར་སྲ་ཞིང་མི་ཚུགས་པའི་ལུས་དང་ལྡན་པ། སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། འཁོར་ཐམས་ཅད་ཟིལ་གྱིས་གནོན་པ་ལ་འཇིགས་པ་མེད་པར་མཁས་པ། ཟླ་བ་དང་ཉི་མ་མོག་མོག་པོར་བྱེད་པ། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་དུས་གསུམ་མཉམ་པ་ཉིད་ཐོབ་པ། ཆོས་ཟབ་མོ་རྣམ་པར་ངེས་པ་ཡེ་ཤེས་ཀྱིས་སྟོན་པ་ལ་མཁས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཞུགས་པས་རྟག་པ་དང་ཆད་པར་ལྟ་བའི་མཐའ་གཉིས་ཡོངས་སུ་སྤངས་པ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མཉམ་པར་གཞག་པ་དང་། ལྡང་བ་ཤེས་པ་ལ་མཁས་པ། ཕྱོགས་བཅུར་སྒྲ་གྲགས་པ། དམ་པའི་ཆོས་དཀོན་མཆོག་གི་མཛོད་ཡང་དག་པར་འཛིན་པ། དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བྱེད་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཟླ་བའི་བླ་མ་ཞེས་བྱ་བ་དང་། ཟླ་བའི་ཏོག་དང་། རི་བོང་ཅན་གྱི་ཏོག་དང་། འོད་ཀྱི་ཏོག་དང་། འོད་དཔལ་དང་། དཔལ་བརྩེགས་དང་། དཔལ་སྦས་དང་། མཐུ་བོ་ཆེ་དང་། ཀླུ་དགའ་དང་། ཀླུའི་བླ་མ་དང་། ཀླུས་བྱིན་དང་། གཟུངས་འཛིན་དང་། མྱ་ངམ་གྱི་ལྷ་དང་། ཡོན་ཏན་སྒྲོན་མའི་རྒྱལ་པོ་དང་། ལག་ན་སྒྲོན་མ་དང་། རྟག་ཏུ་ལག་བཏེག་དང་། རྟག་ཏུ་ལག་བརྐྱང་དང་། ལག་ན་ཕྱག་རྒྱ་རིན་པོ་ཆེ་དང་། ལག་ན་རིན་པོ་ཆེ་དང་། ཀུན་ཏུ་སྣང་དང་། སྐར་མའི་རྒྱལ་པོ་དང་། ལག་ན་རྡོ་རྗེ་དང་། རྡོ་རྗེའི་བློ་གྲོས་དང་། རྡོ་རྗེ་བློ་གྲོས་ཆེན་པོ་དང་། རྡོ་རྗེས་རྣམ་པར་གནོན་པ་དང་། མི་གཡོ་བའི་གོམ་པར་འགྲོ་བ་དང་། འཇིག་རྟེན་གསུམ་རྣམ་པར་གནོན་པ་དང་། མཐའ་ཡས་རྣམ་པར་གནོན་པ་དང་། བློ་གྲོས་མཐའ་ཡས་དང་། བློ་གྲོས་རྒྱ་མཚོ་དང་། བརྟན་པའི་བློ་གྲོས་དང་། ནོར་གྱི་བློ་གྲོས་དང་། བླ་མའི་བློ་གྲོས་དང་། ཁྱད་པར་བློ་གྲོས་དང་། འཕེལ་བའི་བློ་གྲོས་དང་། རྟག་ཏུ་མོས་དང་། རྟག་ཏུ་དགོད་ཅིང་རབ་ཏུ་དགའ་བའི་དབང་པོ་དང་། ངན་སོང་སྤོང་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཤིན་ཏུ་སྦྱངས་པ་དྲི་མ་མེད་པའི་གཟི་བརྗིད་འཆང་བ་དང་། བརྩོན་འགྲུས་འབར་བ་དང་། ཤེས་རབ་བརྩེགས་དང་། རྟག་པར་ལྷ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། ལྷུན་པོ་བརྩེགས་དང་། ནམ་མཁའ་མཛོད་དང་། མི་འཛུམས་པ་དང་། བརྗོད་མེད་དང་། རིན་ཆེན་དམ་པ་དང་། རིན་ཆེན་སེམས་པ་དང་། ལེགས་པར་རྣམ་པར་སེམས་པ་དང་། དོན་ལེགས་པར་རྣམ་པར་བསམས་པ་དང་། ཤིན་ཏུ་ངེས་པའི་བློ་གྲོས་དང་། གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་དང་། ས་འཛིན་དང་། བཀོད་པའི་རྒྱལ་པོ་དང་། ཞིང་ཡང་དག་པར་བརྒྱན་པ་དང་། རིན་ཆེན་འབྱུང་གནས་དང་། ཕུག་སྦས་དང་། དབང་པོའི་ལྷ་དང་། ཆུ་ལྷ་དང་། ཚངས་པ་དྲ་བ་ཅན་དང་། བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཅེས་བྱ་བ་དང་། ལྷའི་ཅོད་པན་དང་། ལག་བཟང་དང་། མིག་བཟངས་དང་། སྤོས་ཀྱི་གླང་པོ་དང་། བ་གླང་སྤོས་ཀྱི་གླང་པོ་ཆེ་དང་། སེང་གེའི་ཏོག་དང་། དོན་གྲུབ་བློ་གྲོས་དང་། ཁ་ལོ་སྒྱུར་དང་། ཞི་བའི་བློ་གྲོས་དང་། བྱམས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་དང་། གང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་བརྒྱ་བྱིན་དང་ཚངས་པ་དང་། འཇིག་རྟེན་སྐྱོང་དང་། དེ་མ་ཡིན་པ་ལྷའི་དབང་པོ་འམ། ཀླུའི་དབང་པོ་འམ། གནོད་སྦྱིན་གྱི་དབང་པོ་འམ། དྲི་ཟའི་དབང་པོ་འམ། ལྷ་མ་ཡིན་གྱི་དབང་པོ་འམ་ནམ་མཁའ་ལྡིང་གི་དབང་པོ་འམ། མི་འམ་ཅིའི་དབང་པོ་འམ། ལྟོ་འཕྱེ་ཆེན་པོའི་དབང་པོ་དབང་ཆེ་བ། དབང་ཆེ་བར་གྲགས་པ་ཡོད་པ་དེ་དག་ཐམས་ཅད་ཀྱང་འཁོར་དེ་ཉིད་དུ་འདུས་པར་གྱུར་པ་ལ་འདི་ལྟ་སྟེ། ཀླུའི་རྒྱལ་པོ་མ་དྲོས་པ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་དང་། ཆུ་ལྷ་དང་། གཟི་ཅན་དང་། འཇོག་པོ་དང་། གསེར་མདོག་དང་། ཁ་དོག་མཐའ་ཡས་དང་། ཀླུའི་རྒྱལ་པོ་མཚམས་བཟངས་དང་། དེ་དག་དང་གཞན་ཡང་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་བརྒྱ་སྟོང་ཕྲག་མང་པོ། བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ།། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང་། ཐག་ཟངས་རིས་དང་། ལག་བཟངས་དང་། ས་ལ་དང་། ཏ་ལ་དང་། བདེ་མཆོག་དང་། རབ་སིམ་དང་། ཆེ་རབ་དང་། ལྷ་མ་ཡིན་གྱི་དབང་པོ་གནོད་སྦྱིན་གཞན་དང་། དེ་དག་དང་གཞན་ཡང་ལྷ་མ་ཡིན་གྱི་དབང་པོ་འཁོར་དང་བཅས་པ་བརྒྱ་སྟོང་མང་པོ། བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ།། རྒྱལ་པོ་མ་སྐྱེས་དགྲའང་བཙུན་མོའི་འཁོར་དང་བཅས། རང་གི་གཉེན་དང་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ།། དེ་མ་ཡིན་པ་གཞན་ཡང་འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ།། ས་བླ་ན་སྤྱོད་པའི་ལྷའི་བུ་རྣམས་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པ་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱང་། བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚོགས་རྣམ་པར་དག་པའི་སྒོ་བསྡུ་བ་ཡོངས་སུ་བསྐང་བའི་ཕྱིར་ཆོས་སྟོན་ཏོ།། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའི་ཚོགས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཚོགས་ནི་སྨོན་ལམ་ཡོངས་སུ་རྫོགས་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པའི་ཚོགས་ནི་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཀྱི་ཚོགས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཚོགས་ནི་ཅང་ཤེས་ཀྱི་སེམས་སུ་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཚོགས་ནི་ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་བསྟན་པའི་ཚོགས་ནི་སྤོབས་པ་ཐོགས་པ་མེད་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་ནི་ཐོགས་པ་མེད་པའི་ཡེ་ཤེས་སུ་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་ཀྱི་ཚོགས་ནི་སེམས་ལས་སུ་རུང་བར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་མཐོང་གི་ཚོགས་ནི་ཐེ་ཚོམ་དང་བྲལ་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པའི་ཚོགས་ནི་ཞེ་འགྲས་པ་མེད་པའི་སེམས་སུ་འགྱུར་རོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེའི་ཚོགས་ནི་ཡོངས་སུ་མི་སྐྱོ་བའི་སེམས་སུ་འགྱུར་རོ།། དགའ་བའི་ཚོགས་ནི་ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པར་འགྱུར་རོ། ། བཏང་སྙོམས་ཀྱི་ཚོགས་ནི་རྗེས་སུ་འཆགས་པ་དང་ཁོང་ཁྲོ་བ་སྤོང་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མཉན་པའི་ཚོགས་ནི་སྒྲིབ་པ་སྤོང་བར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་འབྱུང་བའི་ཚོགས་ནི་ཡོངས་སུ་འཛིན་པ་ཐམས་ཅད་འདོར་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགོན་པ་ལ་གནས་པའི་ཚོགས་ནི་བྱས་པའི་ལས་ཆུད་མི་ཟ་བར་འགྱུར་རོ། ། དྲན་པའི་ཚོགས་ནི་གཟུངས་འཐོབ་པར་འགྱུར་རོ།། བློ་གྲོས་ཀྱི་ཚོགས་ནི་བློ་གྲོས་རབ་ཏུ་འབྱེད་པར་འགྱུར་རོ།། རྟོགས་པའི་ཚོགས་ནི་དོན་རྟོགས་པའི་རྗེས་སུ་འགྲོ་བར་འགྱུར་རོ། ། དྲན་པ་ཉེ་བར་གཞག་པའི་ཚོགས་ནི་ལུས་དང་། ཚེར་བ་དང་། སེམས་དང་། ཆོས་ལ་སོ་སོར་རྟོག་པར་འགྱུར་རོ།། ཡང་དག་པར་སྤོང་བའི་ཚོགས་ནི་མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་དང་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། ། རྫུ་འཕྲུལ་གྱི་རྐང་པའི་ཚོགས་ནི་ལུས་དང་སེམས་ཡང་བར་འགྱུར་རོ།། དབང་པོ་ལྔའི་ཚོགས་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པར་འགྱུར་རོ། ། སྟོབས་ལྔའི་ཚོགས་ནི་ཉོན་མོངས་པ་ཐམས་ཅད་ཀྱིས་མི་བརྫི་བར་འགྱུར་རོ།། བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ནི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་འགྱུར་རོ། ། ལམ་གྱི་ཚོགས་ནི་ལམ་ངན་པ་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་རོ།། བདེན་པའི་ཚོགས་ནི་མི་འཁྲུགས་པའི་ཆོས་ཉིད་དུ་འགྱུར་རོ།། སོ་སོ་ཡང་དག་པར་རིག་པའི་ཚིག་ནི་སམ་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པར་འགྱུར་རོ། ། སྟོན་པའི་ཚོགས་ནི་གཞན་དག་ལ་རག་མ་ལས་པའི་ཡེ་ཤེས་སུ་འགྱུར་རོ།། དགེ་བའི་བཤེས་གཉེན་གྱི་ཚོགས་ནི་ཡོན་ཏན་ཐམས་ཅད་སྐྱེ་བའི་སྒོར་འགྱུར་རོ།། བསམ་པའི་ཚོགས་ནི་འཇིག་རྟེན་ཐམས་ཅད་ལ་མི་སླུ་བར་འགྱུར་རོ།། ལྷག་པའི་བསམ་པའི་ཚོགས་ནི་ཁྱད་པར་དུ་འགྲོ་བར་འགྱུར་རོ།། སྦྱོར་བའི་ཚོགས་ནི་རྩོམ་པ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་འགྱུར་རོ། ། ནང་དུ་ཡང་དག་འཇོག་གི་ཚོགས་ནི་ཇི་སྐད་ཐོས་པའི་ཆོས་ཆུད་མི་གསོན་པར་འགྱུར་རོ།། བསྡུ་བའི་དངོས་པོའི་ཚོགས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ།། དམ་པའི་ཆོས་ཡོངས་སུ་འཛིན་པའི་ཚོགས་ནི་དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པར་འགྱུར་རོ། ། བསྔོ་བ་ལ་མཁས་པའི་ཚོགས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པའི་ཚོགས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ།། དེ་ལྟར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཚོགས་རྣམ་པར་དག་པའི་སྒོ་བསྡུ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་རྒྱས་པར་བཤད་དོ། ། ཚོགས་རྣམ་པར་དག་པའི་སྒོ་བསྡུ་བ་བསྟན་པ་འདི་བཤད་པའི་ཚེ། བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་ན་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་རྡོ་རྗེ་ཐོགས་ནས་འདུག་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ལ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། ཇི་ཙམ་དུ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚོགས་རྣམ་པར་དག་པའི་སྒོ་བསྡུ་བ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་གསུངས་པ་ནི། བཅོམ་ལྡན་འདས་ངོ་མཚར་ལགས་སོ། ། ཡང་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཤད་པའི་དོན་བདག་གིས་འཚལ་བ་ལྟར་ན། བདག་འདི་སྙམ་དུ་བགྱིད་དེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚོགས་དེ་དག་ཐམས་ཅད་ནི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ནང་དུ་འདུས་ཤིང་རྗེས་སུ་ཞུགས་པར་འཚལ་བར་བགྱིའོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ནི་རྣམ་པར་བསྒྲུབ་པ་ཐམས་ཅད་རྣམ་པར་བསྒྲུབ་བོ། ། ཡེ་ཤེས་ཀྱི་ཚོགས་ནི་སེམས་ཅན་ཐམས་ཅད་ལ་ལེགས་པར་བཤད་པས་ཚིམ་པར་བགྱིད་དོ། ། བཅོམ་ལྡན་འདས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ལ་བརྩོན་པར་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བསོད་ནམས་ཀྱི་ཚོགས་ཀྱིས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་དོ།། བྱང་ཆུབ་སེམས་དཔའི་ལམ་འདི་གཉིས་ནི་ལམ་ཐམས་ཅད་སྡུད་པར་འགྱུར་བ་ལགས་སོ། ། བྱང་ཆུབ་སེམས་དཔའ་ལམ་ལ་གནས་པ་ནི་བདུད་སྡིག་ཅན་གྱིས་ཐུལ་བར་དཀའ་འོ།། བདུད་ཀྱི་ལམ་ལས་ཡང་དག་པར་འདས་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཏེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དེ་བཞིན་གཤེགས་པའི་གསང་བ་ཐམས་ཅད་སྟོན་ཏེ་མི་འཆབ་བོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། གསང་བ་པའི་བདག་པོ་ཁྱོད་ནིང་བཞིན་གཤེགས་པའི་ཞམ་རིང་བ་ཉེ་བ་ན་འདུག་པ་ཡིན་ན། གསང་བ་པའི་བདག་པོ་དེ་བཞིན་གཤེགས་པའི་གསང་བའི་གནས་གང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སའང་མ་ཡིན་ན། དེ་མ་ཡིན་པའི་སེམས་ཅན་ཐམ་ལྟ་སྨྲས་ཀྱང་ཀྱི་དགས་པ་ལ་རྣམས་ཏེ། ཁྱེད་སྟོབས་པར་གྱིས་ཤིག། དེ་སྐད་ཅེས་སྨྲས་པ་དང་། གསང་བ་པའི་བདག་པོ་ལག་ན་རྔ་རྫས་ཅང་མ་བས་ཁས་བླངས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཅང་མི་སྨྲ་བས་ཁས་བླངས་པར་རིག་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གང་དག་ཐོས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རབ་ཏུ་དགའ་བར་འགྱུར་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་སྒྲུབ་པ་དང་། དེ་བཞིན་གཤེགས་པའི་གསང་བ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་བརྩོན་པར་བགྱིད་པར་དེ་བཞིན་གཤེགས་པའི་གསང་བ་འཁོར་འདི་ལ་འཆད་པར་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སྨྲ་མཛད་དུ་གསོལ། ད་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའི་གསང་བ་དང་། དེ་བཞིན་གཤེགས་པའི་གསང་བ་འཁོར་འདི་ཉན་པར་འདོད་དེ་ཁྱོད་ལ་ངས་བསྐུལ་གྱིས། དེ་བཞིན་གཤེགས་པའི་གསང་བ་ལ་རྩོམས་ཏེ། འཁོར་འདིར་སྤོབས་པར་གྱིས་ཤིག། དེ་སྐད་ཅེས་བཀའ་སྩལ་པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟར་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱང་ཆུབ་སེམས་དཔའི་གསང་བ་རྣམས་དང་། དེ་བཞིན་གཤེགས་པའི་གསང་བ་རྣམས་ལ་གང་ཅུང་ཟད་འཇུག་པར་བགྱི་བ་ཙམ་ཞིག་བསྟན་པ་བདག་གིས་བསྟན་པར་བགྱིའོ། ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱིན་མཚན་མོ་མུན་པ་མུན་ནག་གི་ནང་ན་མར་མེའི་མཐུས། གཟུགས་སུ་གྱུར་པའི་རྣམ་པ་ཐམས་ཅད་གདའ་བ་དེ་བཞིན་དུ། བཅོམ་ལྡན་འདས་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱང་ཆུབ་སེམས་དཔའི་གསང་བ་རྣམས་དང་། དེ་བཞིན་གཤེགས་པའི་གསང་བ་རྣམས་ལ་གང་ཅུང་ཟད་འཇུག་པར་བགྱི་བརྩམ་བསྟན་པར་བགྱིའོ། ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་དེའི་ཕྱིར་ནས་བྱང་ཆུབ་སེམས་དཔའི་གསང་བ་རྣམས་དང་། དེ་བཞིན་གཤེགས་པའི་གསང་བ་རྣམས་ཐོས་ནས་མི་དངང་། མི་སྐྲག། སྐྲག་པར་མི་འགྱུར་བར་འཁོར་ལེགས་པར་ཁོད་ཅིགདེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ཀྱིས། ཐམས་ཅད་དང་ལྡན་པའི་འཁོར་ལ་སྨྲས་པ། གྲོགས་པོ་དག་དེ་བཞིན་གཤེགས་པས་བསམ་གྱིས་མི་ཁྱབ་པ་འདི་བཞི་གསུངས་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལས་བསམ་གྱིས་མི་ཁྱབ་པ་དང་། ཀླུ་བསམ་གྱིས་མི་ཁྱབ་པ་དང་། བསམ་གཏན་པ་བསམ་གྱིས་མི་ཁྱབ་པ་དང་། སངས་རྒྱས་བསམ་གྱིས་མི་ཁྱབ་པའོ།། ཡང་གྲོགས་པོ་དག་གང་གི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། བསམ་གྱི་མི་ཁྱབ་པ་འདི་བཞི་རྣམ་པར་བཀོད་པ་བསམ་གྱིས་མི་ཁྱབ་པ་འདི་བཞིའི་ནང་ན་དེ་བཞིན་གཤེགས་པས་བསམ་གྱིས་མི་ཁྱབ་པ་མཆོག་ཏུ་གསུངས་སོ། ། གྲོགས་པོ་དག་དེ་ལ་ཁྱེད་ཀྱིས་བྱང་ཆུབ་སེམས་དཔའི་བསམ་གྱིས་མི་ཁྱབ་པ་དང་། དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པ་ཐོས་ནས་མི་སྡང་། མི་སྐྲག། སྐྲག་པར་མི་འགྱུར་བར་བྱའོ།། ཐོས་ནས་ལྷག་པར་དགའ་བ་དང་། དད་པ་དང་། མཆོག་ཏུ་དགའ་བ་རྒྱ་ཆེར་བསྐྱེད་པར་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ཀྱིས། ཇི་ལྟར་ཐམས་ཅད་དང་ལྡན་པའི་འཁོར་དེ་བཞིན་གཤེགས་པའི་གསང་བ་ཉན་པ་ལ་མོས་པར་གྱུར་ཅིང་། ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་དུ་ལྷའི་མེ་ཏོག་གིས་པུས་མོ་ནུབ་ཙམ་དུ་བཀྲམ་པར་གྱུར་པ་དེ་ལྟ་བུའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་སོ།། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། ། ཞི་བའི་བློ་གྲོས་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང་། བྱང་ཆུབ་སེམས་དཔའི་གསང་བ་པའི་གནས་རྣམས་བཤད་པར་བྱའོ། ། ཞི་བའི་བློ་གྲོས་གང་ཚུན་ཆད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔར་གྱུར་པ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་ཚུན་ཆད་ཁོ་བོ་བྱང་ཆུབ་སེམས་དཔའི་ཞབས་འབྲིང་ན་འདུག་འདུག་ན། བྱང་ཆུབ་སེམས་དཔའི་ལུས་འགྱུར་བ་འམ། ལུས་ཚུལ་འཆོས་པ་ཁོ་བོས་ནམ་ཡང་མ་མཐོང་ངོ་།། ངག་འགྱུར་བ་འམ། ངག་གི་ཁ་གསག་ཀྱང་མ་ཐོས་སོ།། སེམས་འགྱུར་བ་འམ། སེམས་གཡོ་བའང་མ་མཐོང་ངོ་།། དེ་ལུས་དང་ལུས་ཀྱི་སྤྱད་ལམ་གྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། ཚིག་ཏུ་ནི་མི་སྤྲོ།། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། དེའི་ལུས་ཀྱི་སྤྱོད་ལམ་མཐརའ་ལས་མ་མེད་པར་སྣང་སྟེ། ཞི་བའི་བློ་གྲོས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྤྱོད་ལམ་ཇི་སྙེད་པ། བྱང་ཆུབ་སེམས་དཔའི་ལུས་ཀྱི་སྤྱོད་ལམ་ཡང་དེ་སྙེད་དུ་ལྷུན་གྱིས་གྲུབ་ཅིང་སྒྲིམ་པ་མེད་པར་གནས་སོ། ། འདི་ལྟ་སྟེ། བསམ་གཏན་གྱིས་འདུལ་བའི་སེམས་ཅན་རྣམས་ལ་བསམ་གཏན་གྱི་སྤྱོད་ལམ་སྟོན་ཏོ།། རླུད་ཀྱི་སྒྲ་དང་ཀླུའི་དབྱངས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་རྒྱ་ཀྱི་སྒྲ་དང་གླུའི་དབྱངས་ཀྱི་སྤྱོད་ལམ་དང་། ཁྱེའུས་འདུལ་བའི་སེམས་ཅན་རྣམས་ལ་ཁྱེའུའི་སྤྱོད་ལམ་དང་། བུ་མོས་འདུལ་བའི་སེམས་ཅན་རྣམས་ལ་བུ་མོའི་སྤྱོད་ལམ་དང་། བུད་མེད་ཀྱིས་འདུལ་པའི་སེམས་ཅན་རྣམས་ལ་བུད་མེད་ཀྱི་སྤྱོད་ལམ་དང་། སྐྱེས་པས་འདུལ་བའི་སེམས་ཅན་རྣམས་ལ་སྐྱེས་པའི་སྤྱོད་ལས་དང་། གཞོན་ནུས་འདུལ་པོའི་སེམས་ཅན་རྣམས་ལ་གཞོན་ནུའི་སྐུ་ལམ་དང་། བར་མས་འདུལ་བའི་སེམས་ཅན་རྣམས་ལ་བར་མའི་སྤྱོད་ལམ་དང་། རྒན་པོས་འདུལ་བའི་སེམས་ཅན་རྣམས་ལ་རྒན་པོའི་སྤྱོད་ལམ་དང་། ཡན་ལག་མ་ཚང་བས་འདུལ་བའི་སེམས་ཅན་རྣམས་ལ་ཡན་ལག་མ་ཚང་བའི་སྤོད་ལམ་དང་། གདོལ་པ་རྐང་ལག་ཆད་པས་འདུལ་བའི་སེམས་ཅན་རྣམས་ལ་གདོལ་པ་རྐང་ལག་ཆད་པའི་སྤྱོད་ལམ་དང་། ལྐུགས་པ་དང་འཕྱེ་བོས་འདུལ་བའི་སེམས་ཅན་རྣམས་ལ་ལྐུགས་པ་དོང་འཕྱེ་བོའི་སྤྱོད་ལམ་དང་། ལོང་བ་དང་འོན་པས་འདུལ་བའི་སེམས་ཅན་རྣམས་ལ་ལོང་བ་དང་འོན་པའི་སྤྱོད་ལམ་དང་། སེམས་ཅན་དམྱལ་བ་པའི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་སེམས་ཅན་དམྱལ་བ་པའི་གཟུགས་ཀྱི་སྤྱོད་ལམ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། མིས་འདུལ་བའི་སེམས་ཅན་རྣམས་ལ། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། མིའི་སྤྱོད་ལམ་དང་། ལྷས་འདུལ་བའི་སེམས་ཅན་རྣམས་ལ་ལྷའི་སྤྱོད་ལམ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོས་འདུལ་བའི་སེམས་ཅན་རྣམས་ལ། ཀླུ་དང་། གནོད་སྦྱིན་དང་། དྲིཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་སྤྱོད་ལམ་དང་། བརྒྱ་བྱིན་གྱིས་འདུལ་བའི་སེམས་ཅན་རྣམས་ལ་བརྒྱ་བྱིན་གྱི་སྤྱོད་ལམ་དང་ཚངས་པས་འདུལ་བའི་སེམས་ཅན་རྣམས་ལ་ཚངས་པའི་སྤྱོད་ལམ་དང་། འཇིག་རྟེན་སྐྱོང་བས་འདུལ་བའི་སེམས་ཅན་རྣམས་ལ་འཇིག་རྟེན་སྐྱོང་བའི་སྤྱོད་ལམ་དང་། འཁོར་ལོས་སྒྱུར་བས་འདུལ་བའི་སེམས་ཅན་རྣམས་ལ་འཁོར་ལོས་སྒྱུར་བའི་སྤྱོད་ལམ་དང་། དགེ་སློང་གིས་འདུལ་བའི་སེམས་ཅན་རྣམས་ལ་དགེ་སློང་གི་སྤྱོད་ལམ་དང་། དགེ་སློང་མས་འདུལ་བའི་སེམས་ཅན་རྣམས་ལ་དགེ་སློང་མའི་སྤྱོད་ལམ་དང་། དགེ་བསྙེན་གྱིས་འདུལ་བའི་སེམས་ཅན་རྣམས་ལ་དགེ་སྙན་གྱི་སྤྱོད་ལམ་དང་། དགེ་བསྙེན་མས་འདུལ་བའི་སེམས་ཅན་རྣམས་ལ་དགེ་བསྙེན་མའི་སྤྱོད་ལམ་དང་ཉན་ཐོས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་ཉན་ཐོས་ཀྱི་སྤྱོད་ལམ་དང་། རང་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་རང་སངས་རྒྱས་ཀྱི་སྤྱོད་ལམ་དང་། བྱང་ཆུབ་སེམས་དཔས་འདུལ་བའི་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སྤྱོད་ལམ་དང་། དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྤྱོད་ལམ་སྟོན་ཏེ། གཟུགས་མེད་པ་ནི་མ་གཏོགས་སོ། ། ཞི་བའི་བློ་གྲོས་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་གཟུགས་དང་། ཁ་དོག་དང་། སྤྱོད་ལམ་ཇི་སྙེད་པ་བྱང་ཆུབ་སེམས་དཔའི་གཟུགས་དང་། ཁ་དོག་དང་། སྤྱོད་ལམ་ཡང་དེ་སྐད་དུ་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་མི་རྟོག་པར་ཀུན་ཏུ་གནས་སོ། ། དེ་ལ་བྱང་ཆུབ་སེམས་དཔའ་རྣམ་པར་མི་རྟོག་ཅིང་བཏང་སྙོམས་པ་དེ་ལུས་ཀྱིས་ལུས་ཀྱི་སྤྱོད་ལམ་སྟོན་མོད་ཀྱི་ལུས་ཀྱི་ཆོས་ཉིད་ལས་ཀྱང་མི་གཡོའོ། ། ལུས་ཀྱིས་ལུས་ཀྱི་ལས་བྱེད་མོད་ཀྱི། ལུས་ཀྱི་དབེན་པའང་མི་འདོར་རོ།། དེ་ལུས་ཡོངས་སུ་དག་པས་ལུས་ཀྱི་འོད་ཀྱིས་སེམས་ཅན་དམྱལ། བ་པའི་སེམས་ཅན་ཐམས་ཅད་བདེ་བར་བྱེད་དོ།། ལུས་ལ་མི་ལྟ་བས་ཤ་ཟ་བའི་སེམས་ཅན་ཇི་སྙེད་ཡོད་པ་ཤའི་ལོངས་སྤྱོད་གང་དང་གང་འདོད་པ་དེ་ལྟ་བུའི་ཤ་རྣམས་བདག་གི་ལུས་ལས་དེ་དག་ལ་བསྟབས་ནས། བདག་སྲོག་དང་ཕྲལ་ཏེ་སེམས་ཅན་དེ་དག་ལ་སྦྱིན་པར་བྱེད་དོ།། ཁྲག་འཐུང་བ་རྣམས་ལ་ཁྲག་སྦྱིན་པར་བྱེད་དོ།། རྐང་ཟ་བ་རྣམས་ལ་རྐང་སྦྱིན་པར་བྱེད་དོ།། གཟི་བྱིན་ཟ་བ་རྣམས་ལ་གཟི་བྱིན་སྦྱིན་པར་བྱེད་དོ། ། ཞི་བའི་བློ་གྲོས་དེ་ལྟར་ཤའི་ལོངས་སྤྱོད་ཇི་སྙེད་པ་དེ་དག་ཐམས་ཅད་བདག་གི་ལུས་ལས་བསྟབས་ཏེ། སྲོག་དང་ཕྲལ་ནས་སེམས་ཅན་དེ་དག་ལ་སྦྱིན་པར་བྱེད་དོ།། དེའི་ལུས་ཚད་མེད་པ་ནི་ཆོས་ཀྱི་དབྱིངས་ཚད་མེད་པའི་རྗེས་སུ་འགྲོ་བས་མི་ཟད་དོ།། དེའི་ལུས་མི་ཟད་པ་མངོན་པར་སྒྲུབ་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མི་ཟད་པ་མངོན་པར་སྒྲུབ་པས་རབ་ཏུ་རིག་པར་འགྱུར་རོ། ། དེ་ལུས་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། གང་དག་འདོད་ཆགས་ལ་སྤྱོད་པ་སྡུག་པའི་རྣམ་པ་དང་། མཚན་མར་འཛིན་པའི་སེམས་ཅན་དེ་དག་གི་མདུན་དུ་བུད་མེད་གཟུག་བཟང་ཞིང་མཛེས་པ་བལྟ་ན་སྡུག་པ་སྟོན་ཏེ། དེ་ལ་སེམས་ཅན་དེ་དག་ཆགས་པ་སྐྱེས་ནས་བྱུགས་ཤིང་ཀུན་ཏུ་བྱུགས་ཏེ། དེ་དག་པང་དུ་འཇོག་གོ།། དེ་དག་སྐྱེས་བུ་དེ་དག་གི་པང་དུ་སོན་པ་དང་རྙིས་ཤིང་བསྐམས་ནས་འཆི་བའི་དུས་བྱེད་དོ། ། མི་གཙང་ཞིང་དྲི་མི་ཞིམ་པར་གྱུར་པས་སྐྱེས་བུ་དེ་དག་དེས་ཡིད་བྱུང་ནས་བོར་ཏེ་སོང་བ་དང་། ཤི་བའི་རོ་དེ་དག་ཉིད་ལས་སྐྱེས་བུ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བའི་ཆོས་བསྟན་པ་དེ་ལྟ་བུ་འབྱུང་ངོ་། ། ཡང་ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལུས་ཀྱིས་ཁྱབ་པར་བྱས་ཏེ། སོར་མོའི་རྩེ་མོས་ཡུངས་འབྲུ་ལ་བྱ་བ་དེ་བཞིན་དུ་རིན་པོ་ཆེའི་གདུགས་ཀྱིས་ཁེབས་པར་བྱེད་དོ།། སྲེག་པའི་བསྐལ་པའི་མེ་ལ་ལག་པའི་སོར་མོའི་གཡོགས་ཀྱང་། དེའི་ལུས་ཉམས་པར་མི་འགྱུར་རོ།། དེ་ལུས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་ཅིང་རིམ་གྲོ་བྱེད་དེ། མེ་ཏོག་གི་གདུགས་རི་རབ་ཙམ་དག་ཀྱང་འབུལ་ལོ།། དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱ་བའི་ཕྱིར་མེ་ཏོག་གི་སྐོན་བུ་དག་ཀྱང་འཐོར་རོ། ། དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱ་བའི་ཕྱིར་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྤོས་ཀྱི་འབྲུ་མར་གྱིས་གང་བའི་སྣོད་གཅིག་ཏུ་མོས་ཏེ། རི་རབ་ཙམ་གྱི་སྙིང་པོ་འབར་བར་བྱས་པའི་མར་མེ་འབར་བར་བྱེད་དོ།། དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བའི་ཕྱིར་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མར་མེ་འབར་བར་བྱེད་དོ།། དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བའི་ཕྱིར་རང་གི་ལུས་ཀྱང་རས་བཅོས་བུས་དཀྲིས་ནས། མར་དང་འབྲུ་མར་གྱིས་བསྐུས་ཏེ་མར་མེར་འབུད་དོ།། དེ་འབར་བར་འགྱུར་བའི་ཚེ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏེ། སེམས་ཅན་དག་གིས་ཀྱང་མཐོང་ཞིང་ཤེས་ཏེ། བྱང་ཆུབ་སེམས་དཔའི་ཁྱུ་མཆོག་ཏུ་གྱུར་པ་དེ་མཐོང་ནས་ཀྱང་།། སེམས་ཅན་ཚད་མེད་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་དོ། ། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པས་རློམ་པའི་སེམས་ཅན་རྣམས་ལའང་བདག་གི་གཟུགས་ཆེན་པོ་ཆེ་ཆེན་པོ་དང་། སྲེད་མེད་ཀྱི་བུ་དང་། ལག་ན་རྡོ་རྗེའི་གཟུགས་སུ་སྟོན་ཏེ། དེར་སེམས་ཅན་དེ་དག་སྤྲུལ་པས་འཇིགས་སྐྲགས་ནས། བྱང་ཆུབ་སེམས་དཔའ་དེ་ལ་མངོན་པར་འདུད་ཅིང་ཕྱག་འཚལ་ལོ། ། དེ་ལ་ཆོས་ཀྱང་ཉན་པར་འདོད་དོ།། གང་ཡང་གྲོང་ཁྱེར་ཆེན་པོ་དག་གི་དུར་ཁྲོད་ཆེན་པོ་སྲོག་ཆགས་བརྒྱ་སྟོང་དུ་མས་གང་བར་གྱུར་པ་དེར་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་བདག་གི་ལུས་ཆེན་པོ་ཤི་ཞིང་དུས་ལས་འདས་པར་སྟོན་ཏོ། ། དེར་ཡང་སེམས་ཅན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དེ་དག་གིས་ཇི་ཙམ་དུ་འདོད་པར་ཤ་ལ་ཟོས་ནས་ཚེའི་མཐར་ཕྱིན་ཏེ་འཆི་བའི་དུས་སུ་གྱུར་ཅིང་། ཤི་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེའོ།། དེ་ཡང་དེ་དག་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་རྒྱུར་འགྱུར་རོ།། དེ་ནི་བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱི་སྔོན་གྱི་སྨོན་ལམ་ཡོངས་སུ་དག་པའི་ཕྱིར་ཏེ། བདག་འཆི་བའི་དུས་སུ་གྱུར་ནས། ཤི་བའི་ལུས་ལ་སེམས་ཅན་གང་དག་གིས་ཟོས་པ་དེ་དག་ལ་དེ་ཉིད་མཐོ་རིས་སུ་སྐྱེ་བ་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་བར་གྱི་རྒྱུར་གྱུར་ཅིག་ཅེས་ཡུན་རིང་པོ་ནས་སྨོན་ལམ་བཏབ་སྟེ། ཚུལ་ཁྲིམས་དང་ལྡན་པ་དེ་བསམ་པ་འགྲུབ། འདོད་པ་འགྲུབ། སྨོན་པ་གྲུབ་བོ།། ཞི་བའི་བློ་གྲོས་རྣམ་གྲངས་འདིས་ཇི་ལྟར་བྱང་ཆུབ་སེམས་དཔའི་ལུས་ཚད་མེད་ཅིང་མཐའ་ཡས་པར་ཁྱོད་ཀྱིས་རིག་པར་བྱ་སྟེ། ཞི་བའི་བློ་གྲོས་སྔོན་བྱུང་བ་འདས་པའི་དུས་ན། འཛམ་བུའི་གླིང་དུ་གཏོགས་པ་ནམ་མཁས་བསྐོར་བ་འདི་ཉིད་དུ་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་པ་ཕྲག་བཞི་བྱུང་སྟེ། དེ་ན་གྲོང་དང་། ཚོང་དུས་དང་། རི་ཁྲོད་སྟོང་ཕྲག་མང་པོ་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟེསྟོང་མང་པོ་གནས་པ་ཡོད་དེ། ཞི་བའི་བློ་གྲོས་དེའི་ཚེ་དེའི་དུས་ན་ནད་ཆེན་པོའི་བསྐལ་པ་བར་མ་བྱུང་སྟེ། དེར་སེམས་ཅན་དག་ནད་སྣ་ཚོགས་ཀྱིས་བཏབ་པར་གྱུར་ནས། ཕལ་ཆེར་ལུས་ཤུ་བ་ཅན་དང་། ལུས་རྣགས་པ་དང་། འབྲས་དང་། ཕོལ་མིག་དང་། མེ་དཔལ་དང་། ཐོར་བུ་དང་། རླུང་དང་། མཁྲིས་པ་དང་། བད་ཀན་གྱི་ནད་རྣམས་ཀྱིས་རྒྱས་པར་གྱུར་ཏོ།། དེའི་ཚེ་སྨན་པ་སྟོང་ཕྲག་དུ་མ་སེམས་ཅན་དེ་དག་གི་ནད་དེ་ཞི་བར་བྱ་བའི་ཕྱིར་བརྩོན་པར་གྱུར་ཀྱང་། སེམས་ཅན་དེ་དག་གི་ནད་དེ་བསལ་བར་མ་ནུས་སོ།། དེར་སེམས་ཅན་དེ་དག་གིས་གསོ་བའི་དཔྱད་མ་རྙེད་དེ་སྐྱབས་མེད་རྟེན་མེད་ནས་འདི་སྐད་དུ། ནད་འདི་ལས་ནི་ཐར་བྱེད་པ།། ལྷ་འམ་ཀླུ་འམ་དྲི་ཟ་འམ།། གནོད་སྦྱིན་དང་ནི་མི་ཡང་རུང་།། མི་མ་ཡིན་པ་སུ་ཞིག་ཡོད།། སྡུག་བསྔལ་འདི་ལས་ཐར་བྱེད་པ། ། དེ་ལ་ནོར་རྣམས་ཐམས་ཅད་བཏང་།། རྗེས་སུ་བསྟན་པ་བཞིན་དུ་བྱ།། བྱས་པ་དག་ཀྱང་གཟོ་བར་བྱ།། ཞེས་ཀུ་ཅོ་ཆེར་འདོན་ཏོ།། བའི་བློ་གྲོས་འདི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་དེའི་ཚེ་དེའི་དུས་ན་ལྷའི་དབང་པོ་བརྒྱ་བྱིན་མིག་བཟངས་ཞེས་བྱ་བར་གྱུར་ཏེ། དེས་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་དེ་དག་ནད་སྣ་ཚོགས་མང་པོས་བཏབ་པའང་མཐོང་། ལྷའི་རྣ་བ་རྣམ་པར་དག་པ་མིའི་ལས་འདས་པས་ཀུ་ཅོ་ཆེན་པོ་འདོན་པའི་སྒྲའང་ཐོས་སོ།། དེས་དེ་དག་མཐོང་ཞིང་ཐོས་ནས་ཀྱང་སྙིང་རྗེ་ཆེན་པོ་སྐྱེད་དེ། དེ་འདི་སྙམ་དུ་བདག་ཅི་ནས་སེམས་ཅན་གནས་མེད་པ་འདི་དག་གི་གནས་སུ་འགྱུར་བར་བྱའོ།། སྐྱབས་མེད་པ་དང་རྟེན་མེད་པ་རྣམས་ཀྱི་སྐྱབས་དང་རྟེན་དུ་འགྱུར་བར་བྱའོ་སྙམ་དུ་བསམས་ནས། དེས་དེ་མ་ཐག་ཏུ་འཛམ་བུ་གླིང་གི་དབུས་ན་གྲོང་ཁྱེར་ཆེན་པོ་ཀུ་རུ་ཞེས་བྱ་བ་ཞིག་ཡོད་པ་དང་། ཧ་ཅང་ཡང་མི་རིང་བ་ཞིག་ཏུ་སྲོག་ཆགས་ངེས་པ་ཞེས་བྱ་བར་རྫུས་ཏེ་སྐྱེས་ནས་སྟེང་གི་བར་སྣང་ལ་འདུག་སྟེ། འཛམ་བུའི་གླིང་གི་མི་ཐམས་ཅད་ལ་ཚིགས་སུ་བཅད་པས་བསྐུལ་བ། ཀུ་རུའི་གྲོང་ཁྱེར་ཉེ་བ་ན།། སྲོག་ཆགས་ངེས་པ་ཞེས་བྱ་ཡོད།། དེ་ཡི་ཤ་ལ་སུས་ཟོས་པ།། དེ་ནི་ནང་ལས་ཐར་བར་འགྱུར།། འཇིགས་པར་མ་བྱེད་སྐྲག་པར་མ་བྱེད་པར།། ཇི་ལྟར་འདོད་པ་དེ་ཡི་ཤ་ལོང་ཞིག། དེ་ལ་ཁྲོ་མེད་གཤེ་མེད་གནོད་སེམས་མེད།། འཛམ་བུ་གླིང་འདིར་དེ་ནི་སྨན་ཡིན་ནོ།། ནི་བའི་ན་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཚོང་དུས་དང་། རི་ཁྲོད་དེ་དག་ན་སེམས་ཅན་ནད་པ་ཇི་སྐད་ཡོད་པ་དེ་དག་གིས་སྒྲ་དེ་ཐོས་ནས། གྲོང་ཁྱེར་ཆེན་པོ་ཀུ་རུ་ག་ལ་བ་དང་། སྲོག། ཆགས་ཀྱི་རྣམ་པ་ངེས་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། སྲོག་ཆགས་ངེས་པའི་ལུས་ལས་ཤ་བཅད་ཅིང་བཅད་ཅིང་ཁྱེར་ཡང་། དེའི་ལུས་ལ་ཤ་ཟད་པར་མ་གྱུར་ནས། ངེས་པས་ཚིགས་སུ་བཅད་པ་འདི་སྨྲས་སོ། ། བདེ་བ་གང་གིས་བྱང་ཆུབ་འཐོབ་འགྱུར་ཞིང་།། བདག་གི་ཡེ་ཤེས་ཟད་པར་མི་འགྱུར་བ།། བདེན་པ་དེས་ནི་བདག་གི་ལུས་ལས་ཤ། འདིར་ནི་ནམས་ཀྱང་ཟད་པར་མ་གྱུར་ཅིག། ཞི་བའི་བློ་གྲོས་དེ་ལྟར་ཕྱོགས་བཞིའི་སེམས་ཅན་ནད་པ་ཇི་སྙེད་ཡོད་པ་དེ་དག་གིས་སྲོག་ཆགས་ཀྱི་རྣམ་པ་ངེས་པའི་ལུས་ལས་ཤ་བཅད་ཅིང་བཅད་ཅིང་ཁྱེར་ཡང་། དེའི་ལུས་ལ་བྲི་བ་འམ། གང་བར་ཡང་མི་མངོན་ཏེ། ཡང་བཅད་ཡང་བཅད་ཀྱང་ཕྱིར་སྐྱེ་བར་གྱུར་ཏོ།། ཞི་བའི་བློ་གྲོས་དེ་ལྟར་སེམས་ཅན་ཇི་སྙེད་ཀྱིས་སྲོག་ཆགས་ཀྱི་རྣམ་པ་ངེས་པའི་ཤ་ཟོས་པ་དེ་དག་ཟོས་མ་ཐག་ཏུ་ནད་ཐམས་ཅད་ཞི་བ་གྱུར་ཏེ། ནད་མེད་ཅིང་བདེ་བ་དང་ཉམས་པ་མེད་པར་གྱུར་ཏོ།། དེ་ནས་མཐར་གྱིས་འཛམ་བུ་གླིང་གི་སེམས་ཅན་གྱི་ནང་ཐམས་རང་བསལ་བར་གྱུར་ཏོ།། ཞི་བའི་བློ་གྲོས་དེ་ནས་འཛམ་བུ་གླིང་གི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དག་འདི་སྙམ་དུ་སེམས་ཏེ། སྲོག་ཆགས་ཀྱི་རྣམ་པ་ངེས་པ་དེས་བདག་ཅག་ནང་ལས་ཡོངས་ས་ཐར་ཅིང་ནང་མེད་པར་བྱས་ཏེ། བདེ་པ་མེད་པར་བྱས་ཀྱིས། བདག་ཅག་གིས་དེ་ལ་མཆོད་པའི་གནས་ཅིག་བྱའོ་སྙམ་ནས། དེ་དག་ཐམས་ཅད་གཅིག་ཏུ་འདུས་ཏེ། སྲོག་ཆགས་ཀྱི་རྣམ་པ་ངེས་པ་ག་ལ་དེར་སོང་ནས་ཐལ་མོ་སྦྱར་ཏེ། སྲོག་ཆགས་ཀྱི་རྣམ་པ་ངེས་པ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ནི་བདག་ཅག་གནས་དང་སྐྱབས།། ཁྱོད་ནི་བདག་ཅག་སྨན་པ་སྨན།། ཁྱོད་ལ་མཆོད་པ་གང་བགྱི་བ། ། ཁྱོད་ཀྱིས་བདག་ཅག་བཀའ་སྩོལ་ཅིག། དེ་ནས་སྲོག་ཆགས་ཀྱི་རྣམ་པ་ངེས་པས་ལུས་དེ་མི་སྣང་བར་བྱས་ཏེ། བདག་གི་བརྒྱ་བྱིན་གྱི་ལུས་སུ་འདུག་ནས་སྐྱེ་བོའི་ཚོགས་ཆེན་པོ་དེ་ལ་ཚིགས་སུ་བཅད་པས་སྨྲས་པ། ང་ལ་ནོར་དང་ཟས་སྐོམ་དང་།། གསེར་དང་འབྲུ་རྣམས་དགོས་པ་མེད།། ཐམས་ཅད་ལྷན་ཅིག་མཐུན་པར་ནི།། དགེ་བ་བཅུ་ཡི་ལས་ལམ་སྲུངས།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། ། བྱང་ཆུབ་སྨོན་ལམ་བརྟན་པ་ཐོབ།། ཕན་པའི་དངོས་པོ་ཉིད་ཀྱི་སེམས།། གཅིག་ལ་གཅིག་ཀྱང་བྱམས་པ་སྐྱེད།། བརྒྱ་བྱིན་ལས་ནི་ཚིག་འདི་ཐོས།། སེམས་ཅན་དེ་དག་རབ་དགའ་སྟེ། ། ཤིན་ཏུ་ཡོངས་སུ་དག་པ་ཡི།། དགེ་བ་བཅུ་ཡི་ལས་ལམ་བླངས།། ཞི་བའི་བློ་གྲོས་དེ་ལྟར་དེ་ཚུན་ཆད་འཛམ་བུའི་གླིང་ཐམས་ཅད་དུ་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དེ་སྙེད་ལས་ཐ་ན་སེམས་ཅན་གཅིག་ཀྱང་ལོག་པར་ལྟུང་བར་སོང་བ་མི་དྲན་ནོ།། དེ་ཚུན་ཆད་དེ་དག་ཐམས་ཅད་དེ་དག་ཤི་འཕོས་ཏེ། ཤི་བའི་དུས་བྱས་ནས་ཀྱང་བདེ་འགྲོ་མཐ་རིས་ཀྱི་འཇིག་རྟེན་དུ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་ཏེ། དེ་དག་ཡང་ལྷའི་དབང་པོ་བརྒྱ་བྱིན་དེས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་དགའ་བར་བྱས། ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད་ནས། དེ་ལ་ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ཁ་ཅིག་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། ། ཞི་བའི་བློ་གྲོས་འདི་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་གསང་བ་དང་། ལུས་ཀྱི་ལས་ཡོངས་སུ་དག་པ་སྟེ། དེ་ལྟར་ལུས་གཅིག། ཡོངས་སུ་བཏང་བས་ན་སེམས་ཅན་ཚད་མེད་གྲངས་མེད་པ་དག་ཡོངས་སུ་སྨིན་པར་བྱས་སོ།། གཞན་ཡང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། ། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའི་ལུས་ནི་མི་ཤིགས་པ། སྲ་བ། བརྟན་པ། འཆི་འཕོ་མེད་པ། རྫུས་ཏེ་སྐྱེ་བ་སྟེ། ལུས་དེ་ནི་འཇིག་པས་འདུལ་བའི་སེམས་ཅན་རྣམས་འདུལ་བའི་དབང་གི་ཕྱིར་འཇིག་གོ། ། ལུས་མི་འཇིག་པས་འདུལ་བའི་སེམས་ཅན་རྣམས་འདུལ་བའི་དབང་གི་ཕྱིར་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འཇིག་སྟེ། མེས་མི་ཚིག་མཚོན་གྱིས་མི་ཚུགས་ཤིང་། དངོས་རྡོ་རྗེ་ལྟར་སྲ་ཞིང་བརྟན་ཏེ་མི་ཤིགས་པའོ།། ཞི་བའི་བློ་གྲོས་དེ་ལྟར་བྱང་ཆུབ་སེམས་དཔའ་ནི་ལུས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཀྱང་། བྱང་ཆུབ་སེམས་དཔའ་མི་སེམ་མི་རྟོག་སྟེ། ལུས་ལ་ལུས་ཀྱི་དབེན་པའི་མཚན་ཉིད་ཀྱང་རབ་ཏུ་ཤེས་སོ།། ལུས་ཀྱི་དབེན་པའི་མཚན་ཉིད་ཀྱིས་ཀྱང་ཆོས་ཀྱི་དབེན་པའི་མཚན་ཉིད་ཤེས་སོ། ། ལུས་ཀྱི་དབེན་པའི་མཚན་ཉིད་དང་། ཆོས་ཐམས་ཅད་ཀྱི་དབེན་པའི་མཚན་ཉིད་ཀྱང་གཉིས་སུ་མི་འབྱེད་དེ། ལུས་ཀྱི་དབེན་པའི་མཚན་ཉིད་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་ཆོས་ཀྱི་དབེན་པའི་མཚན་ཉིད་ཀྱི་མཚན་ཉིད་དོ། ། དེ་ལྟར་ན་དབེན་པའི་མཚན་ཉིད་ཀྱིས་རྗེས་སུ་འཇུག་གོ།། དེ་རང་གི་ལུས་ཀྱི་དབེན་པའི་མཚན་ཉིད་དང་། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་དབེན་པའི་མཚན་ཉིད་མཉམ་པར་བྱེད་དོ། ། དེ་རང་གི་ལུས་ཀྱི་དབེན་པའི་མཚན་ཉིད་དང་། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་དབེན་པའི་མཚན་ཉིད་ཀྱང་། ཆོས་ཀྱི་དབྱིངས་ཀྱི་དབེན་པའི་མཚན་ཉིད་དུ་ཤེས་སོ། ། ཆོས་ཕྲ་རབ་ཙམ་ཡང་མི་དམིགས་པས་ཆོས་ཀྱི་དབྱིངས་ཀྱི་དབེན་པའི་མཚན་ཉིད་དང་། ཆོས་ཐམས་ཅད་ཀྱི་དབེན་པའི་མཚན་ཉིད་ཀྱང་རྗེས་སུ་འཐོབ་བོ།། དེ་རང་གི་ལུས་ཀྱི་དེ་བཞིན་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་དེ་བཞིན་ཉིད་ཤེས་སོ། ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་དེ་བཞིན་ཉིད་ཀྱིས་རང་གི་ལུས་ཀྱི་དེ་བཞིན་ཉིད་ཤེས་སོ།། དེ་རང་གི་ལུས་ཀྱི་དེ་བཞིན་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་སོ། ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་སོ།། དེ་རང་གི་ལུས་ཀྱི་དེ་བཞིན་ཉིད་ཀྱིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་ཉིད་ཤེས་ཏེ། འདས་པའི་དེ་བཞིན་ཉིད་ཀྱང་མ་འོངས་པའི་དེ་བཞིན་ཉིད་དང་འགལ་བར་མི་བྱེད་དོ།། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་དེ་བཞིན་ཉིད་དོ།། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དེ་བཞིན་ཉིད་དོ།། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དེ་བཞིན་ཉིད་གང་ཡིན་པ་དེ་འཁོར་བ་དང་མྱ་ངན་ལས་འདས་པའི་དེ་བཞིན་ཉིད་དོ། ། འཁོར་བ་དང་མྱ་ངན་ལས་འདས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་མངོན་པར་འདུ་མི་བྱེད་པའི་དེ་བཞིན་ཉིད་དོ།། མངོན་པར་འདུ་མི་བྱེད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་མངོན་པར་འདུ་བྱེད་པ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་དེ་ཉིད་ཡིན་ནོ། ། རིགས་ཀྱི་བུ་དེ་བཞིན་ཉིད་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་དང་། དེ་ལྟ་བུ་ཉིད་དང་། གཞན་མ་ཡིན་པ་ཉིད་དང་། མི་འགྱུར་བ་ཉིད་དང་མི་འབྱུང་བ་ཉིད་དང་། རྩོད་པ་མེད་པ་ཉིད་དང་། གཟུགས་མེད་པ་ཉིད་དོ།། དེ་བཞིན་ཉིད་ལ་གཟུགས་གང་ཡང་མེད་དེ། གཟུགས་མེད་པ་ནི་དེ་བཞིན་ཉིད་ཅེས་བྱའོ།། ཇི་ལྟར་དེ་བཞིན་ཉིད་གཟུགས་མེད་པ་དེ་བཞིན་དུ་གཟུགས་ཐམས་ཅད་ཀྱང་གཟུགས་མེད་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་གཟུགས་དེ་སྟོན་ཀྱང་དེ་བཞིན་ཉིད་གཟུགས་སུ་མི་བྱེད་དོ།། དེ་གཟུགས་མེད་ཅིང་རྩོད་པ་མེད་ཀྱང་ལུས་དང་གཟུགས་ཐམས་ཅད་ཀྱང་ཏོན་ཏེ། དེ་བཞིན་ཉིད་ཀྱང་འཁྲུགས་པར་མི་བྱེད་དོ།། དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱིས་དེ་བཞིན་གཤེགས་པའི་སྐུ་ལ་རྟོག་གོ།། དེ་བཞིན་གཤེགས་པའི་སྐུ་མཉམ་པ་ཉིད་ཀྱིས་བདག་གི་ལུས་མཉམ་པ་ཉིད་ལ་རྟོག་གོ། ། ལུས་ནི་ཤིན་ཏུ་མ་སྐྱེས་པ་ཉིད་ཡིན་པས་ན། ལུས་ཐམས་ཅད་ནི་ལུས་མེད་པར་ཡང་དག་པར་མཐོང་ངོ་།། ལུས་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བར་རབ་ཏུ་ཤེས་སོ། ། ཤེས་ནས་ཀྱང་ཆོས་ཀྱི་སྐུ་མངོན་པར་སྒྲུབ་བོ།། དེ་ཆོས་ཀྱི་སྐུ་མངོན་པར་བསྒྲུབས་པས་ཆོས་ཀྱི་སྐུ་ཉིད་དུ་འགྱུར་ཏེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་ལུས་ནི་མ་ཡིན་ནོ།། དེ་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བས་ན། མཐོང་བས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ།། ཐོས་པ་དང་རེག་པས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ།། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་རྩོས་ཐམས་ཅད་བསྡུས་ཏེ། རྩིའི་ཤིང་མང་པོ་ལས་བུ་མོའི་གཟུགས་བཟང་ཞིང་མཛེས་པ་བལྟ་ན་སྡུག་པ་ལེགས་པར་བྱས་ཏེ། ལེགས་པར་ཟིན་ཅིང་ལེགས་པར་བྱི་དོར་བྱས་པ་དེ་འོང་བ་འམ། འགྲོ་བ་འམ། འགྲེང་ངམ། འདུག་གམ། ཉལ་ཡང་རྟོག་པ་མེད་ཅིང་། རྣམ་པར་རྟོག་པ་མེད་དེ།། དེར་ནད་པ་གང་བཙུན་པ་རྒྱལ་པོ་འམ། རྒྱལ་པོའི་བློན་པོ་ཆེན་པོ་འམ། རྒྱལ་པོའི་བུ་འམ། ཚོང་དཔོན་ནམ། ཁྱིམ་བདག་གམ། བློན་པོ་འམ། རྒྱལ་ཕྲན་གང་དག་འོང་བ་དེ་དག་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་སྨན་གྱི་བུ་མོ་དེང་སྤྲད་ནས། དེ་དག་ཕྲད་མ་ཐག་ཏུ་ནད་ཐམས་ཅད་བྱང་སྟེ། ནད་མེད་ཅིང་བདེ་ལ་ཉམས་པ་མེད་པར་འགྱུར་རོ།། ཞི་བའི་བློ་གྲོས་གང་སྨན་པ་གཞན་ལ་མེད་པ་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་འཇིག་རྟེན་གྱི་ནང་གསོ་ཤེས་པ་ལ་ལྟོས། ཞི་བའི་བློ་གྲོས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའང་སེམས་ཅན་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཡོངས་སུ་གདུངས་པ་ཇི་སྙེད་པ་དག་གི་ལུས་ལ་རེག་ན། རེག་མ་ཐག་ཏུ་དེ་དག་གི་ཉོན་མོངས་པ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ།། ལུས་ཡོངས་སུ་གདུང་བ་དང་བྲལ་བར་ཡང་ཤེས་སོ། ། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱིས་སྔོན་གྱི་སྨོན་ལམ་ཤིན་ཏུ་དག་པའི་ཕྱིར་རོ།། ཞི་བའི་བློ་གྲོས་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའི་ཕྱིར་འདིའང་བྱ་ཆུབ་སེམས་དཔའི་ལུས་ཀྱི་གསང་བའོ། ། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྐུ་དང་ལྡན་པ་རྣམས་ཀྱི་ལུས་ནི་ཟས་སྐོམ་གྱིས་བསྐྱེད་པ་མ་ཡིན། ཁམ་གྱིས་ཟ་བའི་ཟས་ཀྱིས་ཀྱང་ལུས་འཚོ་བ་མ་ཡིན་ཏེ། དེ་ཟས་ཐམས་ཅད་ཡོངས་སུ་ཤེས་པ་དང་ལྡན་པས་སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་ཟས་ཟའོ།། དེ་ཟས་ཟའང་མེད་པ་མ་ཡིན། ཟའང་ཁོང་དུ་འཇུག་པར་མི་བྱེད་དོ།། ཆོས་ཀྱི་སྐུའི་སྟོབས་ཀྱིས་མི་ཉམས། ཡོངས་སུ་མི་ཉམས་སོ།། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྐུ་དང་ལྡན་པ་ལ་སྐྱེ་བ་དང་། ཤི་འཕོ་དང་། འབྱུང་བ་མེད་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྐྱེ་བ་དང་། ཤི་འཕོ་དང་། འབྱུང་བའང་སྟོན་ཏོ།། དེ་འཆི་འཕོའང་ཆོས་ཐམས་ཅད་ལ་འཆི་འཕོ་མེད་ཅིང་མངོན་པར་འདུ་བྱེད་པ་མེད་པར་རབ་ཏུ་ཤེས་སོ། ། འབྱུང་ཡང་ཆོས་ཐམས་ཅད་ལ་འཕོ་བ་མེད་པར་རབ་ཏུ་ཤེས་སོ།། སྐྱེའང་ཆོས་ཐམས་ཅད་ལ་སྐྱེ་བ་མེད་པར་རབ་ཏུ་ཤེས་སོ།། དེ་ཆོས་ཀྱི་སྐུ་དང་ལྡན་ཆོས་ཀྱི་ཟས་དང་ལྡན། ཆོས་ཀྱི་སྟོབས་དང་ལྡན་ཞིང་། ཆོས་ལ་སྟོན་པས་དེ་བཞིན་གཤེགས་པའི་སྐུ་རབ་ཏུ་ཤེས་ཏེ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ནི་ནམ་མཁའི་སྐུ། མཉམ་པ་དང་མཉམ་པའི་སྐུ། འཇིག་རྟེན་གསུམ་པོ་ཐམས་ཅད་ལས་བྱེ་བྲག་ཏུ་འཕགས་པའི་སྐུ། སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་ལྡན་པའི་སྐ། དཔེ་མེད་པ། འདྲ་བ་མེད་པ། དག་པ། དྲི་མ་མེད་པ། ཀུན་ནས་ཉོན་མོངས་པ་མེད་པའི་སྐུ། རང་བཞིན་གྱིས་འོད་གསལ་བའི་སྐུ། རང་བཞིན་གྱིས་མ་སྐྱེས་པའི་སྐུ། རང་བཞིན་གྱིས་མ་བྱུང་བའི་སྐུ། སེམས་དང་ཡིད་དང་། རྣམ་པར་ཤེས་པ་དང་མ་འབྲེལ་བའི་སྐུ། སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླའི་ངོ་བོ་ཉིད་ཀྱི་སྐུ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པོ་མེད་པ་ལ་ངེས་པར་བརྟགས་པའི་སྐུ། ཕྱོགས་བཅུ་མ་ལུས་པ་ནམ་མཁའ་ཁྱབ་པའི་སྐུ། སེམས་ཅན་ཐམས་ཅད་ལ་མཉམ་པའི་སྐུ། མཐའ་ཡས་མུ་མེད་པའི་སྐུ། འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའི། སྐུ། མིགཡོ་ཞིང་རློམ་སེམས་མེད་པའི་སྒྲ། གནས་པ་དང་། མི་གནས་པ་དང་། མི་གསོ་བ་ཐོབ་པའི་སྐུ། གཟུགས་ཀྱི་རང་བཞིན་མ་ཡིན་པའི་སྒྲ། ཚོར་བ་དང་། འདུ་ཤེས་པ་འདུ་བྱེད་དང་། རྣམ་པར་ཤེས་པའི་རང་བཞིན་མ་ཡིན་པའི་སྐུ་སྟེ། སའི་ཁམས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། ཆུའི་ཁམས་ཀྱིས་མ་ཡིན། མེའི་ཁམས་ཀྱིས་མ་ཡིན། རླུང་གི་ཁམས་ཀྱིས་ཀྱང་རབ་ཏུ་ཕྱེ་བ་མ་ཡིན་ཏེ། མ་བྱུང་བ་ཀུན་ནས་མ་བྱུང་བའོ།། འབྱུང་བ་ཆེན་པོ་རྣམས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་པའོ།། འབྱུང་བ་མ་ཡིན། འབྱུང་བའི་ཆོས་མ་ཡིན་པའོ།། འཇིག་རྟེན་ཐམས་ཅད་དང་མི་མཐུན་པའོ། ། མིག་ལས་མ་བྱུང་བའོ།། རྣ་བ་ལ་མི་གནས་པའོ།། སྣས་ཤེས་པར་བྱ་བ་མ་ཡིན་པའོ།། ལྕེས་རབ་ཏུ་མ་ཕྱེ་འོ།། ལུས་དང་ལྡན་པ་མ་ཡིན་པའོ།། ཡིད་ཀྱིས་ཉེ་བར་སྤྱད་པ་མ་ཡིན་པའོ། ། སེམས་དང་མི་འཇུག་པའོ།། ཡིད་ཀྱི་རྣམ་པར་ཤེས་པ་དང་མི་འཇུག། མི་ལྡོག། རྗེས་སུ་མི་འཇུག་པ་སྟེ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ནི་འདྲའོ། ། དེ་ལ་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྐུ་མཉམ་པ་ཉིད་ཐོབ་ནས། བྱང་ཆུབ་སེམས་དཔའི་སྤྱད་པ་ཡོངས་སུ་དག་པ་ལ་སྤྱོད་ཅིང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གླིང་བཞི་པའང་རུང་། འཛམ་བུའི་གླིང་ཡང་རུང་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་ཇི་སྙེད་ཡོད་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་མཐོང་བར་ཡང་བྱེད་ལ། བདུད་ཐམས་ཅད་ཀྱིས་མི་མཐོང་བར་ཡང་སྣང་བར་འགྱུར་རོ།། དེ་མཐོང་བར་ཡང་བྱེད་ལ། མཐོང་བར་སྣང་བའང་མེད་དོ།། མཐོང་བར་མི་བྱེད་པས་ཀྱང་མཐོང་བར་སྣང་ངོ་།། མཐོང་བ་དང་། ཐོས་པ་དང་། རྟོགས་པ་དང་། རྣམ་པར་རིག་པས་རབ་ཏུ་ཕྱེ་བའང་མ་ཡིན་ནོ།། སེམས་ཅན་ཡོངས་སུ་སྨིན་པར་བྱ་བས་རབ་ཏུ་ཕྱེ་བ་ཡིན་ཡང་ལུས་སུ་གཏོགས་པའི་དྲན་པ་ཉེ་བར་གཞག་པ་ལས་ཀྱང་མི་ཉམས་ཡོངས་སུ་མི་ཉམས་སོ། ། དེ་ལུས་མི་རྟག་པ་དང་། ལུས་སྡུག་བསྔལ་བ་དང་། ལུས་བདག་མེད་པར་ཡང་སེམས་ཅན་རྣམས་ལ་སྟོན་ལ། ལུས་ཀྱི་ཞི་བའི་ཆོས་ཉིད་ཀྱང་རབ་ཏུ་ཤེས་སོ།། དེ་ལུས་རབ་ཏུ་དབྱེ་བའང་སེམས་ཅན་རྣམས་ལ་སྟོན་ལ། རྒྱུ་གང་དང་། དམིགས་པ་གང་དག་གིས་ལུས་མངོན་པར་འགྲུབ་པའི་རྒྱུ་དེ་དག་དང་། དམིགས་པ་དེ་དག་ཀྱང་བྱེད་པ་པོ་མེད་པ་དང་། ཚོར་བ་པོ་མེད་པ་ཡང་དག་པར་རྗེས་སུ་མཐོང་ངོ་།། ལུས་རྩཝ་དང་། ཤིང་དང་། རྩིག་པ་དང་། ལམ་དང་། མིག་ཡོར་ལྟ་བུར་ཡང་རབ་ཏུ་ཤེས་ཤིང་། དེ་ལུས་ཀྱི་ལས་ཡོངས་སུ་དག་པར་སེམས་ཅན་རྣམས་ལ་སྟོན་ཏོ།། ཞི་བའི་བློ་གྲོས་འདི་ནི་དེ་བཞིན་གཤེགས་པ་མར་མེ་མཛད་ཚུན་ཆད་བྱང་ཆུབ་སེམས་དཔའི་ལུས་ཀྱི་གསང་བ་དང་། ལུས་ཀྱི་ལས་ཡོངས་སུ་དག་པའོ།། དེ་བས་ལྷག་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཀྱི་ལས་ཡོངས་སུ་དག་པ་བསྐལ་པ་བརྒྱ་སྟོང་ངམ་དེ་བས་ཀྱང་ལྷག་པར་སྟོན་ཏོ། ། ཞི་བའི་བློ་གྲོས་གལ་ཏེ་དེ་བཞིན་གཤེགས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་ལུས་ཀྱི་གསང་བ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་བསྟན་ཀྱང་ཟད་པར་མི་འགྱུར་ཏེ་བྱང་ཆུབ་སེམས་དཔའི་ལུས་ཀྱི་གསང་བ་བསྟན་པ་ནི་དེ་ཙམ་དུ་ཚད་མེད་བསམ་གྱིས་མི་ཁྱབ་བོ། ། ངེས་པའི་ལེའུ་སྟེ་དང་པོའོ།། །། བམ་པོ་གཉིས་པ། གཞན་ཡང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ།། ཞི་བའི་བློ་གྲོས་དེ་ལ་བྱང་ཆུབ་དཔའི་ངག་གི་གསང་བ་དང་། ངག་གི་ལས་ཡོངས་སུ་དག་པ་གང་ཞེ་ན། ཞི་བའི་བློ་གྲོས་སེམས་ཅན་རྣམས་ཀྱི་སྐྱེ་བའི་གནས་ཇི་སྙེད་པར་བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱང་དེ་སྙེད་དོ།། བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཇི་སྙེད་པར་སྒྲ་ལ་འཇུག་པའང་དེ་སྙེད་དོ། ། སེམས་ཅན་དེ་དག་གི་སྒྲ་བརྗོད་པ་དང་། ཚིག་གི་ལམ་བརྗོད་པ་དང་། ངེས་པའི་ཚིག་དང་། བརྡ་དང་། སྨྲ་བ་དང་། ཡང་དག་པར་སྨྲ་བ་དང་། མཚན་མ་དང་། སྤྱོད་པ་དང་། བདེ་བ་དང་། སྡུག་བསྔལ་བརྗོད་པ་ཇི་སྙེད་པའི་སྒྲ་ལ་འཇུག་པ་དེ་དག་ཐམས་ཅད་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་སྟེ། ཐ་ན་སྲིན་བུ་དང་། སྦྲང་བུ་དང་། ཤ་སྦྲང་དང་། སྦྲང་མ་དང་། ཕྱེ་མ་ལེབ་ཀྱི་སྒྲ་དག་ལའང་ཡེ་ཤེས་མཐོང་བ་འཇུག་གོ།། སྒྲའི་རྣམ་པར་རིག་པ་བསྒྲགས་པ་ཇི་ལྟ་བུས་སེམས་ཅན་དེ་དག་གི་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་སྒྲའི་རྣམ་པར་རིག་པ་བསྒྲགས་པ་བྱང་ཆུབ་སེམས་དཔའ་དེའི་ཁའི་སྒོ་ནས་འབྱུང་ངོ་།། འདི་ལ་འདི་ནི་ཆོས་ཉིད་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ།། ཇི་ལྟར་སེམས་ཅན་མཐའ་མ་གང་ཡང་མེད།། དེ་ལྟར་སྐྱེས་པའི་རབས་དེ་དཔག་ཏུ་མེད།། བསྐལ་པ་བརྒྱ་སྙེད་བཤད་ཀྱང་མཐའ་མ་མེད། ། བསམ་ཡས་དེ་དག་ཇི་ལྟར་བཤད་པར་བྱ།། སྐྱོན་རྣམས་མེད་པ་བདག་ཉིད་ཆེ་བའི་ཚིག། སེམས་དང་བསམ་པ་རྒྱ་ཆེན་རབ་སྟོན་པ།། ནམ་མཁའ་ལྟ་བུར་གང་མེད་བྲི་མེད་པ།། འོན་ཀྱང་དཔེ་དོན་ལྡན་པ་བཤད་པར་བྱ། ། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའི་ཚིག་ནི་ཚངས་པའི་སྒྲ་སྐད་དུ་འབྱིན་པ་དང་། བརྒྱ་བྱིན་གྱི་སྒྲ་སྐད་དུ་འབྱིན་པ་དང་། འཇིག་རྟེན་སྐྱོང་གི་སྒྲ་སྐད་དུ་འབྱིན་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱི་སྒྲ་སྐད་དུ་འབྱིན་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་དུ་འབྱིན་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཚིམ་པར་བྱེད་པའོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། བདག་ཉིད་ཆེན་པོ་རྣམས་ཀྱི་མ་སྨང་ཚིག། གང་བ་མེད་ཅིང་བྲི་མེད་ནམ་མཁའ་བཞིན།། སེམས་དང་བསམ་པ་རྒྱ་ཆེན་བསྟན་པ་དག། དེ་དག་བརྗོད་པ་རྣམས་ལ་ནན་ཏན་ཉོན།། བྱམས་ལ་སྦྱོར་དང་སྙིང་རྗེར་འཇུག་པ་དང་།། དགའ་བ་དང་ནི་བཏང་སྙོམས་རབ་བཤད་དེ། ། ཚངས་པ་ལས་ཀྱང་འདས་པའི་སྒྲ་ཕྱུང་བས།། ལེགས་བཤད་དེ་ནི་ཚངས་པ་ཚིམ་པར་བྱེད།། གང་དག་བརྒྱ་བྱིན་རོལ་མོ་ཡིད་འོང་སྒྲ།། དེ་དག་དེ་ཡི་སྒྲ་བརྗོད་ཟིལ་གྱིས་གནོན། ། རོལ་མོ་སྒྲ་དབྱངས་བྱུང་བ་དེ་ལས་ནི།། ཆོས་རྣམས་རབ་ཏུ་དབྱེ་བ་དཔག་མེད་འབྱུང་།། མི་འམ་ཅི་ཡི་སྒྲ་དག་གང་ཡོད་པ།། དེ་བས་དེ་ཡི་སྒྲ་མཆོག་ཕུན་སུམ་ཚོགས། དེ་ནི་འདོད་ཆགས་འབར་བར་མི་བྱེད་དེ།། དེ་ཡི་ཚིག་གིས་མི་ཅི་དགའ་བར་འགྱུར།། འདོད་པའི་ཁམས་ན་ཡིད་འོང་སྒྲ་ཡོད་པ།། རོལ་མོའི་སྒྲ་དང་ལྷ་ཡི་སྒྲ་མང་པོ།། ཆོས་ཀྱི་དོན་འབྱོར་དགེ་བར་ལྡན་པ་ཡི།། དེ་ཡི་ཚིག་གིས་ཀུན་ཏུ་ཚིམ་པར་བྱེད།། མི་ཡི་འདྲེན་པའི་ཚིག་གི་མཆོག་ཐོས་ནས།། འདོད་ཆགས་ཞི་ཞིང་ཞེ་སྡང་རབ་ཏུ་ཞི།། གཏི་མུག་གཡོ་དང་ང་རྒྱལ་དྲེགས་པ་ཞི།། དོན་རྣམས་གཏན་ལ་འབེབས་ཤིང་ཐེ་ཚོམ་མེད། ། གཟུགས་ཀྱི་ཁམས་ན་ལྷ་རྣམ་གང་གནས་པ།། དེ་དག་ཡིད་ནི་དེ་ཡིས་ཚིམ་པར་བྱེད།། མི་ཡི་གཙོ་བོའི་ཚིག་རྣམས་ཐོས་ནས་ནི།། འཇིག་རྟེན་སངས་རྒྱས་གྱུར་ཅེས་བྱང་ཆུབ་ཚོལ། ། ཀླུ་དབང་དྲི་བ་ལྟོ་འཕྱེ་ཆེ་རྣམས་ཀྱི།། རོལ་མོ་སྣ་ཚོགས་སྒྲ་ཡོད་དེ་དག་པས།། ཡོན་ཏན་རྒྱ་མཚོ་ལྡན་པའི་སྒྲ་བསྒྲགས་པ།། ཐམས་ཅད་རབ་ཏུ་དགའ་བ་རྒྱ་ཆེན་བྱེད།། འཛམ་གླིང་འདི་ནི་ཐ་དད་ཕྱོགས་རྣམས་སུ། ། ཀུན་ན་སྒྲ་སྐད་མཐའ་ཡས་གྱུར་མོད་ཀྱི།། དེ་ཡི་སྐད་ཀྱི་རྣམ་པ་བསྒྲགས་གྱུར་ན།། དེ་ཐོས་མི་རྣམས་ཐར་པ་རྗེས་སུ་འཐོབ།། ས་པྤའི་ལྷ་དང་དེ་བཞིན་པར་སྣང་ལྔ། དེ་དག་སྒྲ་སྐད་འཇུག་པ་ཅི་འདྲ་བ།། དེ་ལྟར་དེ་ལ་དེ་ཡི་སྒྲ་ཡང་འཇུག། རྣམ་པར་ངེས་བདེན་གཏམ་ཡང་དེ་འདྲའོ།། ངང་པ་ཁྲུང་ཁྲུང་ཀ་ལ་བིང་ཀ་དང་།། རྨ་བྱ་ན་ཅེ་ཁུ་བྱུག་ཤང་ཤང་ཏེའུ། ། རི་སྐེགས་དང་ནི་ངུར་པ་ཀུན་ལ་ཀུན།། ཇི་ལྟའི་སྐད་ཀྱིས་དེས་ནི་ཚིམ་པར་བྱེད།། སྟག་དང་སེང་གེ་དེ་བཞིན་དོམ་དང་སྤྲེའུ།། གཟིག་དང་བྱི་ལ་རི་དགས་གླང་ཆེན་པས།། རྟ་དང་ཁྱི་དང་ཕག་དང་འུག་པ་ཀུན།། ཇི་ལྟའི་སྐད་ཀྱིས་དེས་ནི་ཚིམ་པར་བྱེད།། གང་དག་རྐང་བཞི་པ་དང་རྐང་གཉིས་དང་།། རྐང་མདྲ་དང་ནི་དེ་བཞིན་རྐང་མེད་རྣམས།། བསྐུལ་དང་ཆད་པས་བཅུད་དང་ཕན་གདགས་ཕྱིར། ། ཀུན་ལ་དེ་ཡི་སྒྲ་སྐད་ཤེས་པ་འཇུག། སེམས་ཅན་གང་དག་སྟོང་གསུམ་འཇིག་རྟེན་ན།། རབ་བམ་འབྲིང་ངམ་འོན་ཏེ་ཐ་མ་འམ།། དམྱལ་བ་དུད་འགྲོ་གཤིན་རྗེའི་འཇིག་རྟེན་དང་། ། ལྷ་མི་རྣམས་དང་དེ་ནི་སྐད་ཀྱང་མཐུན།། ཇི་ལྟར་རིགས་པར་བྱེད་པ་སྟོན་ཀྱང་ནི།། མི་སེམས་འདུ་ཤེས་མེད་ཅིང་རྟོག་པ་མེད།། མཚན་མ་མེད་ཅིང་འཛིན་མེད་འཆིང་བ་མེད། ། མཉམ་པར་གཞག་པས་སེམས་ཅན་འཁྲུག་པ་མེད།། དག་པའི་སེམས་ཅན་གལ་ཏེ་འདོད་ནའང་།། དེ་ལ་འབད་དང་སེམས་འཛིན་མེད་པར་ནི།། བྱེ་བའི་ཞིང་དང་དེ་ཡི་གོང་དུ་ཡང་། ། གངྒཱའི་བྱེ་སྙེད་དབྱངས་ཀྱིས་གོ་བར་བྱེད།། སྟོང་གསུམ་འཇིག་རྟེན་བདུད་གང་ཅི་ཡོད་པ།། དེ་དག་དེ་ཡི་འཇིག་རྟེན་སྒྲ་ཐོས་ནས།། ཆུང་མར་བཅས་ཏེ་འཇིགས་སྐྲག་ལ་གོར་དུ།། ཐལ་མོ་སྦྱར་ཏེ་གུས་པར་འདུད་པར་བྱེད།། སེམས་ཅན་གང་དག་རབ་ཏུ་སྨྲ་འདོད་དང་།། ང་རྒྱལ་ཟིལ་ནོན་སུ་ལའང་མི་འདུད་པ།། དེ་དག་དེ་ཡི་གསལ་བའི་ཚིག་ཐོས་ནས།། ཐལ་མོ་སྦྱར་ཏེ། གུས་པར་འདུད་པར་བྱེད།། འོན་པ་གླེན་པ་དག་དང་ལྕེ་མེད་དང་།། རིག་པ་རྣམས་དང་གང་དག་སྐད་འཛེར་བ།། དེ་དག་དེ་ཡི་ལེགས་སྨྲས་སྙན་ཐོས་ནས།། སྒྲ་སྐད་ཡིད་དུ་འོང་བ་འབྱིན་པར་བྱེད། ། ཉོན་མོངས་གདུངས་ཤིང་ཉོན་མོངས་གཟིར་བ་དང་།། ཉེས་པའི་འགྱོད་པ་བརྒྱ་ཡིས་དཀྲིས་པ་རྣམས།། དེ་དག་དེ་ཡི་དགེ་ཚིག་དག་ཐོས་ནས།། འགྱོད་པ་བཏུལ་བར་གྱུར་ཅིང་བསིལ་བར་གྱུར། ། སངས་རྒྱས་དང་ནི་ཆོས་དང་དགེ་འདུན་སྒྲ།། མི་རྟག་སྒྲ་ཐོས་ནས་ནི་སེམས་ཅན་རྣམས།། སྦྱིན་དང་ཐོས་དང་ཚུལ་ཁྲིམས་བཟོད་པ་དང་།། བརྩོན་འགྲུས་བསམ་གཏན་བློ་གྲོས་བརྩོན་པར་བྱེད། ། སངས་རྒྱས་དབྱངས་དང་བར་མེད་གང་གནས་པ།། མཐའ་ཡས་དབྱངས་ལྡན་མཐའ་ཡས་ཡེ་ཤེས་ཅན།། དེ་དག་རྣམས་ཀྱི་ཡོན་ཏན་ཐམས་ཅད་ནི།། བསྐལ་པ་བྱེ་མང་བརྗོད་ཀྱང་ཟད་མི་ནུས། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའི་ངག་ནི་ཆགས་པ་འམ། སྡང་བ་འམ། རྨོངས་པ་འམ། ཉོན་མོངས་པ་འམ། ཐོགས་པ་འམ། ཉེ་བར་ཐོག་པ་འམ། དམན་པ་འམ། རབ་ཏུ་དམན་པ་འམ། བརླང་བ་འམ། ཞེར་འདེབས་པ་འམ། མི་རྫོགས་པ་འམ། རྩུབ་པ་འམ། རྗེས་སུ་ཆགས་པ་འམ། ཁོང་ཁྲོ་བ་འམ། བྱུང་རྒྱལ་ལམ། བག་ལ་ཉལ་བ་འམ། འགལ་བར་འགྱུར་བའི་ཚིག་གམ། ཉོན་མོངས་པ་སྣ་ཚོགས་བག་ལ་ཉལ་བ་འམ། མི་བརྟན་པ་འམ། གཙམ་པ་འམ། ཁེངས་པ་འམ། འགྱིང་བ་འམ། མྱུར་བ་འམ། དུས་མ་ཡིན་པར་སྨྲ་བ་འམ། འདོད་པ་དང་ལྡན་པ་འམ། སྡུག་པ་ལ་མངོན་པར་དགའ་བར་འགྱུར་བ་འམ། མངོན་པར་ཆེ་བ་འམ། ཤིན་ཏུ་ཆགས་པ་འམ། རབ་ཏུ་ལྷོད་པ་འམ། རབ་ཏུ་སྤངས་པ་འམ། རབ་ཏུ་དལ་བ་འམ། དབང་པོ་ཉམས་པ་འམ། གདངས་ཉམས་པ་འམ། སེམས་ཉམས་པ་འམ། ཡོ་བ་འམ། དམན་པ་འམ། མི་གསལ་བ་འམ། སྐད་སུབ་སུབ་པོ་འམ། ངོར་བྱས་ཏེ་སྨྲ་བ་འམ། འགལ་བར་སྨྲ་བ་འམ། གླགས་པ་འམ། འབྱུང་བ་མ་ཡིན་པ་འམ་གཤེ་བར་བྱེད་པ་འམ། གཞན་ལ་གནོད་པར་འགྱུར་བ་འམ། བདག་དང་ཕ་རོལ་གདུང་བར་བྱེད་པ་འམ། ཚིག་བླང་བར་འོས་པ་མ་ཡིན་པ་འམ། ཚིག་གཟུང་བར་འོས་པ་མ་ཡིན་པ་འམ། ཚིག་དང་བ་མ་ཡིན་པའམ། རིགས་པའི་ཚིག་མ་ཡིན་པ་འམ། འབྱོར་པའི་ཚིག་མ་ཡིན་པ་འམ། མི་དགེ་བའི་ཚིག་གམ། ཡང་དག་པ་མ་ཡིན་པའི་ཚིག་གམ། གཞོགས་འདྲིད་ཟེར་བ་འམ། ཆོས་དང་མི་ལྡན་པ་འམ། འགལ་བ་འམ། གནོད་པ་འམ། དུས་ལས་ཡོལ་བ་འམ། ཚོད་ལས་འདའ་བ་འམ། ལུང་བསྟན་པ་ལ་ཐོགས་པ་འམ། ཚུལ་འཆོས་པ་དང་ཁ་གསག་དང་ལྡན་པ་འམ། རྙེད་པས་རྙེད་པ་འདོད་པའི་ཚིག་གམ། འབྱུང་བ་མ་ཡིན་པ་སྟོན་པ་འམ། མིག་འཁྲུལ་པར་འགྱུར་བ་འམ། རྨོངས་པར་འགྱུར་བ་འམ། སོམ་ཉིའི་ཚིག་གམ། སྡུག་པར་བྱེད་པའི་ཚིག་གམ། མི་སྡུག་ཅིང་གནང་དུ་འབེབས་པའི་ཚིག་གམ། ཁྱད་དུ་གསོད་པའི་ཚིག་གམ། རང་གི་ཕྱོགས་བསྟེན་པའི་ཚིག་གམ། གཞན་གྱི་ཕྱོགས་ཚར་བཅད་པའི་ཚིག་གམ། བདག་བསྟོད་པ་ལ་རྗེས་སུ་ཆགས་པའི་ཚིག་གམ། གཞན་གྱི་བསྟོད་པ་ལ་བར་དུ་གཅོད་པར་སྨྲ་བ་འམ། འཐིང་སླད་དང་། གཞོགས་འདྲིད་ཀྱི་ཚིག་གམ། གཞན་ལ་རབ་ཏུ་རློམ་པའི་ཚིག་གམ། བྱ་བ་མ་ཡིན་པའི་ཚིག་གམ། བྱ་བ་དང་འགལ་བའི་ཚིག་གམ། གསང་རྡོལ་བའི་ཚིག་གམ། ངག་བསྲུངས་པ་མ་ཡིན་པའི་ཚིག་གམ། མཁས་པས་སྨད་པའི་ཚིག་གམ། འཕགས་པ་ལ་སྐུར་པ་འདེབས་པའི་ཚིག་གམ། བརླང་འདེབས་པའི་ཚིག་གམ། ངོར་མངོན་དུ་བསྟོད་པའི་ཚིག་གམ། གཞན་གྱི་ཉེས་པ་དུས་མ་ཡིན་པར་གླེང་བའི་ཚིག་གམ། ཟུག་རྔུས་གནང་དུ་འདེབས་པའི་ཚིག་གམ། གཞན་གྱི་ཉེས་པ་ཀུན་བརྗོད་པའི་ཚིག་གམ། ཁ་འོག་ཏུ་ལུས་འཁྲུས་པར་མི་བྱེད་པའི་ཚིག་གམ་མངོན་པའི་ང་རྒྱལ་གྱིས་བརྡ་སྤྲོད་པའི་ཚིག་གམ། ལས་དང་འགལ་བའི་ཚིག་གམ། རྗེས་སུ་མཐུན་པ་མ་ཡིན་པའི་ཚིག་མི་འབྱིན་ཏོ།། ཞི་བའི་བློ་གྲོས་ཡང་བྱང་ཆུབ་སེམས་དཔའི་ངག་ནི་སྒྲའི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་སྟོབས་དང་། བསོད་ནམས་རྣམ་པར་སྨིན་པའི་འབྲས་བུ་གྲུབ་པས་བདེན་པའི་རྗེས་སུ་འབྲང་བ་དང་ལྡན་པ་ཡིན་ཏེ། དེ་གང་སྨྲ་བ་དེ་དེ་ལྟ་བུ་ཉིད་ཡིན་ནོ།། གལ་ཏེ་དེ་ཤིང་དྲུང་ན་འདུག་གམ། འཆག་གམ། འདུག་གམ། ཉལ་ཡང་རུང་། ལ་ལ་ཞིག་འོངས་ནས། ཀྱེ་སྐྱེས་བུ་ཤིང་ལྗོན་པ་འདི་ལ་འདབ་མ་ཇི་སྙེད་ཅིག་ཡོད་ཅེས་ཟེར་ན། དེ་ཤིང་ལྗོན་པ་དེ་ལའང་མི་ལྟ། འདབ་མ་ལའང་མི་བགྲང་བར། ཤིང་ལྗོན་པ་དེ་འདབ་མ་ཇི་སྙེད་ཡོད་པ་བཞིན་དུ་མི་ཉུང་མི་མང་བར་འདི་སྙེད་ཅིག། གོ་ཞེས་བྱང་ཆུབ་སེམས་དཔའ་དེའི་ངག་འབྱུང་ངོ་།། ཡང་གངྒཱའི་བྱེ་མའི་འབྲུ་དེ་བརྒྱ་ཕྲག་ཇི་སྙེད་ཅིག་ཡོད། སྟོང་ཕྲག་ཇི་སྙེད་ཅིག་ཡོད། འབུམ་ཕྲག་ཇི་སྙེད་ཅིག་ཡོད། བྱེ་བ་ཕྲག་ཇི་སྙེད་ཅིག་ཡོད། ཐེར་འབུམ་ཕྲག་ཇི་སྙེད་ཅིག་ཡོད། ཁྲག་ཁྲིག་ཕྲག་ཇི་སྙེད་ཅིག་ཡོད། དཀྲིགས་ཕྲག་ཇི་སྙེད་ཅིག་ཡོད། གཏམས་ཕྲག་ཇི་སྙེད་ཅིག་ཡོད། ཁྱད་ཕྱིན་ཇི་སྙེད་ཅིག། ཡོད། མི་འཁྲུགས་པ་ཇི་སྙེད་ཅིག་ཡོད། དཔག་ཏུ་མེད་པ་ཇི་སྙེད་ཅིག་ཡོད། གྲངས་མེད་པ་ཇི་སྙེད་ཅིག་ཡོད། གཏན་པ་ཇི་སྙེད་ཅིག་ཡོད། ཕྱིན་བྱེད་ཕྲག་ཇི་སྙེད་ཅིག་ཡོད།། སྟོབས་ཕྲག་ཇི་སྙེད་ཅིག་ཡོད། གླང་པོའི་སྟོབས་ཕྲག་ཇི་སྙེད་ཅིག་ཡོད། བགྲང་བ་ཕྲག་ཇི་སྙེད་ཅིག་ཡོད་ཅེས་འདྲི་ན། དེ་བྱེ་མ་དེ་དག་ལའང་མི་ལྟ་མི་བགྲང་བར་བྱེ་མའི་འབྲུ་དེ་དག་ཇི་སྙེད་ཡོད་པ་བཞིན་དུ་འདི་སྙེསྐད་ཅིག་གོ་ཞེས་བྱང་ཆུབ་སེམས་དཔའ་དེའི་ངག་འབྱུང་སྟེ། བྱེ་མ་དེ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་འདི་སྐད་ཡོད་དོ་ཞེས་མཁྱེན་པ་ཡིན་ནོ།། ཞི་བའི་བློ་གྲོས་དེ་ལ་དེ་བཞིན་གཤེགས་པ་ཉིད་མངོན་སུམ་དུ་གྱུར་པ་མ་གཏོགས་པར་ལྷ་འམ། ཀླུ་འམ། གནོད་སྦྱིན་ནམ། དྲི་བ་འམ། ལྷ་མ་ཡིན་ནམ། རླུང་ལྷ་འམ། ནམ་མཁའ་ལྡིང་ངམ། འམ་ཅི་འམ། ལྟོ་འཕྱེ་ཆེན་པོ་འམ། ཉན་ཐོས་སམ། རང་སངས་རྒྱས་ཀྱི་མངོན་སུམ་ནི་མ་ཡིན་ནོ།། ཞི་བའི་བློ་གྲོས་རྣམ་གྲངས་འདིས་འདི་ལྟར་རིག་པར་བྱ་སྟེ། ཞི་བའི་བློ་གྲོས་སྔོན་བྱུང་བ་འདས་པའི་དུས་ན། དྲང་སྲོང་སྣང་བ་ཞེས་བྱ་བ་ཞིག་བྱུང་སྟེ། དེའི་དུས་ན་བྲམ་ཟེ་སྔོ་བསངས་ཞེས་བྱ་བ་ཞིག་ཀྱང་བྱུང་ངོ་།། ཡང་དེའི་དུས་ན་ཤིང་ནྱ་གྲོ་དྷའི་རྒྱལ་པོ་བཟང་བོ་ཞེས་བྱ་བ་ཡལ་ཀ་དང་འདབ་མ་མང་པོས་ཡོག་པ། ཁོར་ཡུག་ཚད་རྒྱང་གྲགས་གཅིག་ཡོད་པ་ཞིག་བྱུང་སྟེ། དེར་དྲང་སྲོང་སྣང་བ་དེ་གནས་སོ།། དེ་ན་གནས་པའི་ཚེ་ངེས་མངོན་པར་ཤེས་པའི་སྟོབས་ཀྱིས་ཤིང་ནྱ་གྲོ་དྷའི་རྒྱལ་པོ་བཟང་པོ་དེའི་ཡལ་ག་གྲངས་ལ་དུ་ཡོད་པ་ལོ་བཅུ་གཉིས་དང་ཞག་བདུན་གྱི་བར་དུ་བགྲངས་ཏེ་རྟོགས་པར་བྱས་པ་ཤེས་པར་བྱས་སོ། ། དེ་ནས་དུས་གཞན་ཞིག་ན་བྲམ་ཟེ་སྔོ་བསངས་ཞེས་བྱ་བ་གྲོང་ཁྱེར་ནས་ཁ་ཟས་བླངས་ཏེ། ཉིན་མོ་གནས་པའི་ཕྱིར་ཤིང་ནྱ་གྲོ་དྷའི་རྒྱལ་པོ་བཟང་པོ་ཞེས་བྱ་བ་ག་ལ་བ་དེར་སོང་ནས། དེས་ཟས་ཀྱི་བྱ་བ་བྱས་ཏེ། དྲང་སྲོང་སྣང་བ་ཞེས་བྱ་བ་ག་ལ་བ་དེར་སོང་ནས། མངོན་སུམ་དུ་ཡང་དག་པར་མགུ་བར་འགྱུར་བ་དང་། ཡང་དག་པར་ཆགས་པར་འགྱུར་བའི་གཏམ་མང་པོ་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། དེ་ནས་དྲང་སྲོང་སྣང་བ་ཞེས་བྱ་བས། བྲམ་ཟེ་སྔོ་བསངས་ཞེས་བྱ་བ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་བྲམ་ཟེ་མའི་འཇིག་རྟེན་སེམས་ཅན་གྱི་རིས་ན། གང་ཤིང་ནྱ་གྲོ་དྷའི་རྒྱལ་པོ་འདིའི་འདབ་མའི་གྲངས་དུ་ཡོད་པ་རྩི་བ་འམ། རྟོགས་པར་བྱེད་པ་འམ། ཤེས་པར་བྱེད་ནུས་པའི་སེམས་ཅན་འགའ་ཡོད་དམ། སྨྲས་པ། བཙུན་པ་མཆིས་སོ། ། དྲང་སྲོང་གིས་སྨྲས་པ། བྲམ་ཟེ་དེ་གང་ཡིན། བྲམ་ཟེས་སྨྲས་པ། བཙུན་པ་བདག་གིས་བགྲང་བར་བགྱིའོ།། དྲང་སྲོང་གིས་སྨྲས་པ། ཀྱེ་བྲམ་ཟེ་དེའི་ཕྱིར་གྲངས་ཤིག་དེ་ནས་བྲམ་ཟེ་སྔོ་བསངས་དེ་ཤིང་ལྗོན་པ་དེ་ལའང་མི་ལྟ། འདབ་མ་རྣམས་ལའང་མི་བགྲང་བར་སྐད་ཅིག་ལ་འདབ་མ་རྟོག་པ་ལ་ཞུགས་ནས། དེའི་ཚེ་ཚོགས་སུ་བཅད་པ་འདི་དག་སྨྲས་སོ། ། མི་འཁྲུགས་དྲུག་ཅུ་པང་སྟོང་ཕྲག། བཅུ་དྲུག་དང་ནི་ཁྱད་ཕྱིན་ཕྲག། བཅུ་གསུམ་དག་དང་དཀྲིག་པ་ཕྲག། དགུ་བཅུ་རྩ་དྲུག་ཁྲག་ཁྲིག་ཕྲག། དགུ་བཅུ་རྩ་བ་གང་སྣང་ངོ་། ། སུམ་ཅུ་རྩ་དགུ་ཁྲག་ཁྲིག་ཕྲག། སུམ་ཅུ་དང་ནི་ཐེར་འབུམ་ཕྲག། བརྒྱད་སྟོང་དང་ཡང་བྱེ་བ་ཕྲག། དགུ་བཅུ་རྩ་གཉིས་འདབ་འདི་མཆིས།། བྲམ་ཟེ་དམ་པ་བདག་གིས་འཚལ། ། དེ་སྐད་ཐོས་ནས་སྔོ་བསངས་ལ།། སྣང་བས་སྨྲས་པ་བྲམ་ཟེའི་མཆོག། ཁྱོད་ནི་བདེན་པའི་ཚིག་སྨྲ་བ།། ལེགས་སོ་ལེགས་སོ་འདི་བདེན་ནོ།། ལོ་ནི་ཁྱུད་ཀོར་བཅུ་གཉིས་དང་། ། ཉི་མ་མདུན་དུ་མངོན་ཤེས་ཀྱིས།། འདབ་མ་རྣམས་ནི་བདག་གིས་བགྲངས།། གཙོ་བོ་ཁྱོད་ཀྱིས་སྐད་ཅིག་མཁྱེན།། ཁྱོད་ནི་གཟིགས་པ་མི་མཛད་ཅིང་།། བགྲང་བ་མི་མཛད་སྐད་ཅིག་ཏུ། ། འདབ་མ་རྟོགས་པའི་རྗེས་སུ་ཞུགས།། མཁྱེན་འདི་ཉིད་ཀྱིའམ་ལྷ་ཡིས་བསྟན།། བྲམ་ཟེ་བདག་ལ་དོན་འདི་གསུངས།། སྔོ་བསངས་ཀྱིས་སྨྲས་པ། ཀྱེ་བཙུན་པ་གསོན་ཅིག། འདི་ནི་ལྷ་ཡིས་སྨྲས་མིན་མི་ཡིས་ཏེ།། བདག་ཚིག་བདེན་པའི་རྗེས་འབྲང་དོན་བཞིན་འཇུག། ནམ་མཁའ་ཟད་པར་གྲུབ་པར་འགྱུར་སྲིད་ཀྱི།། ཁོ་བོ་བརྫུན་དུ་སྨྲ་བ་མི་བྱེད་དོ།། སྣང་བར་གྱུར་པ་བདག་ཉིད་ཆེན་པོ་ཤཱ་རིའི་བུ། ། བྲམ་ཟེ་སྔོ་བསངས་གྱུར་པ་ཤཱཀྱ་སེང་གེ་སྟེ།། ཡོན་ཏན་རྒྱ་མཚོ་ལྡན་པ་རྣམས་ཀྱི་ངག་འདི་འདྲ།། བདེན་ལ་གནས་ཤིང་དོན་དང་ཆོས་དང་ལྡན་པ་ཡིན། ཞི་བའི་བློ་གྲོས་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ངག་ཡོངས་སུ་དག་པ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ངག་གི་གསང་བ་དང་། ངག་ཡོངས་སུ་དག་པ་ལ་འཇུག་པ་ཅུང་ཟད་ཙམ་ཞིག་བསྟན་པར་ཟད་ཀྱི། དེ་བས་གོང་དུ་བསྟན་ན་བྱང་ཆུབ་སེམས་དཔའི་ངག་ཡོངས་སུ་དག་པ་ཚད་ཟིན་པ་འམ། མཐར་ཕྱིན་པར་མི་འགྱུར་རོ།། བྱང་ཆུབ་སེམས་དཔའི་ངག་གི་གསང་བའི་ལེའུ་ཞེས་བྱ་སྟེ་གཉིས་པའོ། ། ། གཞན་ཡང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ།། ཞི་བའི་བློ་གྲོས་དེ་ལ་བྱང་ཆུབ་སེམས་དཔའི་སེམས་ཀྱི་གསང་བ་དང་། སེམས་ཀྱི་ལས་ཡོངས་སུ་དག་པ་གང་ཞེ་ན། ཞི་བའི་བློ་གྲོས་འདི་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་ཡེ་ཤེས་ཀྱིས་བྱས་བའི་ལས་རྣམས་བྱེད་ཀྱི། ང་རྒྱལ་གྱིས་བྱས་པ་རྣམས་མི་བྱེད་དོ།། མངོན་པར་ཤེས་པ་ལས་ཀྱང་མ་ཉམས་ལ། ཡེ་ཤེས་ཀྱིས་བྱས་པའི་ལས་རྣམས་ཀྱང་བྱེད་དོ།། མངོན་པར་ཤེས་པས་ཀྱང་རྣམ་པར་རྩེན་ལ། བྱ་བ་ཐམས་ཅད་ཀྱང་སྟོན་ཏོ།། མངོན་པར་ཤེས་པ་ལའང་གནས་ལ། འཇུག་པ་ཆེན་པོ་ལའང་གནས་སོ།། དེ་དག་གི་མངོན་པར་ཤེས་པ་དེ་ནི་ཡེ་ཤེས་ཀྱི་རྣམ་པ་སྟེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ།། དེ་དག་གི་མངོན་པར་ཤེས་པ་དེ་ནི་ཤེས་རབ་ཀྱི་རྣམ་པ་སྟེ། ཆོས་ཐམས་ཅད་མངོན་སུམ་དུ་མཐོང་བར་བྱའོ།། དེ་དག་གི་མངོན་པར་ཤེས་པ་དེ་ནི་མི་ཟད་པའི་རྣམ་པ་སྟེ། ཐམས་ཅད་ཀྱི་རྗེས་སུ་འབྲང་བའོ།། དེ་དག་གི་མངོན་པར་ཤེས་པ་དེ་ནི་གཟུགས་ཐམས་ཅད་གཟུགས་མ་ཡིན་པའི་ཕྱིར། གཟུགས་ཐམས་ཅད་མཐོང་བའོ།། དེ་དག་གི་མངོན་པར་ཤེས་པ་དེ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའི་སྒྲ་མཉམ་པ་ཉིད་ཀྱི་ཕྱིར། སྒྲ་ཐམས་ཅད་ཀྱི་རྗེས་སུ་སོང་བའོ།། དེ་དག་གི་མངོན་པར་ཤེས་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ལྟ་བ་དང་། སེམས་ཀྱི་རང་བཞིན་ལ་སོ་སོར་རྟོག་ཅིང་ལྟ་བའོ།། དེ་དག་གི་མངོན་པར་ཤེས་པ་དེ་ནི་བསྐལ་པ་མཐའ་ཡས་པ་རྗེས་སུ་དྲན་པ་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་མ་ཆད་པའོ།། དེ་དག་གི་མངོན་པར་ཤེས་པ་དེ་ནི་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་ཐམས་ཅད་མངོན་དུ་གྱུར་ཅིང་། མངོན་པར་འདུ་བྱ་བ་མེད་པའི་མཚན་ཉིད་དོ།། དེ་དག་གི་མངོན་པར་ཤེས་པ་དེ་ནི་ཟག་པ་ཟད་པའི་རྗེས་སུ་མཐུན་པ་དང་། དུས་ལ་ལྟ་ཞིང་དུས་ལས་མི་ཡོལ་བའོ།། དེ་དག་གི་མངོན་པར་ཤེས་པ་དེ་ནི་འཇིག་རྟེན་ལས་འདས་པ་འཕགས་པ་ལ་མངོན་པར་ཕྱོགས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའོ། ། དེ་དག་གི་མངོན་པར་ཤེས་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་རྟོགས་པར་དཀའ་བའོ།། དེ་དག་གི་མངོན་པར་ཤེས་པ་དེ་ནི་དོན་ཟབ་ཅིང་བདུད་ཕྱིར་རྒོལ་བ་བཅོམ་པའོ།། དེ་ངག་གི་མངོན་པར་ཤེས་པ་དེ་ནི་བྱང་ཆུབ་ཀྱི་སྙིང་པོ་སྒྲུབ་ཅིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་མཆོག་ཡིན་ནོ། ། དེ་དག་གི་མངོན་པར་ཤེས་པ་དེ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་མཐུན་པའོ། ། དེ་དག་གི་མངོན་པར་ཤེས་པ་དེ་ནི་སེམས་ཅན་ཐམས་ཅད་འདུལ་བར་བྱེད་པའོ།། དེ་དག་གི་མངོན་པར་ཤེས་པ་དེ་ནི་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཕྱིར་དབང་བསྐུར་བ་ཐོབ་པའོ། ། ཞི་བའི་བློ་གྲོས་འདི་ནི་བྱང་ཆུབ་སེམས་དཔའི་སེམས་ཀྱི་ལས་ཡོངས་སུ་དག་པའོ།། སེམས་ཡོངས་སུ་དག་པ་དེ་ཉོན་མོངས་པ་མེད་ཅིང་ཡོངས་སུ་བྱང་བ་དང་། གསལ་བ་དང་། ཉེ་བའི་ཉོན་མོངས་པ་དང་བྲལ་བ་དང་། རབ་ཏུ་དུལ་བ་དང་། ལེགས་པར་སྦྱངས་པས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་མཉམ་པར་འཇོག་ཀྱང་ཤིན་ཏུ་ཟད་པ་དང་། མི་སྐྱེ་བ་ཉིད་དུ་ལྟུང་བའང་མ་ཡིན། བསམས་བཞིན་དུའང་འདིར་སྐྱེ་ལ། འདོད་པའི་ཁམས་ན་འཁྲུགས་པའང་མེད། བཅིངས་བཞིན་དུ་སྐྱེ་བའང་མ་ཡིན། བཅིངས་བཞིན་དུ་འཆི་འཕོ་བའང་མ་ཡིན། བཅིངས་བཞིན་དུ་འབྱུང་བའང་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ལས་གྲོལ་བའོ། ། ཀུན་ནས་ཉོན་མོངས་པའི་འཆིང་བ་ལས་གྲོལ་བའོ།། ཕྱིན་ཅི་ལོག་ཏུ་འཛིན་པ་ལ་གནས་པ་ལས་གྲོལ་བའོ།། དེས་ན་དེ་གྲོལ་བཞིན་དུ་སྐྱེའོ། ། གྲོལ་བཞིན་དུ་འཆི་འཕོའོ།། གྲོལ་བཞིན་དུ་འབྱུང་ངོ་།། དེ་སྐྱེའང་ཐེག་པ་ཆེན་པོ་ལས་ཉམས་པ་མེད་ལ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་ཀྱང་ཕུན་སུམ་ཚོགས་སོ།། ཕྱོགས་བཅུར་སངས་རྒྱས་ཀྱི་ཆོས་དེ་དག་ཡོངས་སུ་ཚོལ་ཡང་མི་རྙེད་མི་དམིགས་སོ།། དེ་སངས་རྒྱས་ཀྱི་ཆོས་རྣམས་དང་ཆོས་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཆོས་སུ་རྟོགས་སོ།། དེ་ལྟར་ན་སངས་རྒྱས་ཀྱི་ཆོས་དང་ཆོས་ཐམས་ཅད་ཀྱང་ཆོས་མ་ཡིན་ལ། ཆོས་མ་ཡིན་པའང་མ་ཡིན་པར་ཁས་ལེན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ཀུན་ཏུ་བཙལ་ནའང་མི་རྙེད་དོ།། མི་དམིགས་སོ།། ཆོས་གང་ཡང་དག་པ་ཇི་ལྟ་བ་བཞིན་དུ་བཙལ་ན་མི་རྙེད་ཅིང་མི་དམིགས་པ་དེ་ལ་ནི་བགྲང་བ་གང་ཡང་མེད་དེ། ཆོས་ཐམས་ཅད་ནི་བགྲང་བའི་ལམ་ལས་ཡང་དག་པར་འདས་པའོ། ། གང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་དེ་ནི་ཆོས་སམ། ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་མེད་དོ།། མངོན་པར་ཞེན་པ་མེད་པ་ནི་ཆོས་རྣམས་ཀྱི་དོན་ཏེ། ལ་རློམ་སེམས་སུ་བྱེད་པ་གང་ཡིན་པ་དེ་ཉིད་དེའི་གནོད་པ་ཆེན་པོར་འགྱུར་རོ།། གང་ཡང་རློམ་སེམས་མེད་པ་དེ་ལ་ནི་དོན་ནམ། དོན་མ་ཡིན་པ་དེའི་མདུན་ན་མི་འདུག་གོ། དོན་དུ་མི་ལྟ་བ་བློ་ནི་གང་དུའང་ཐོགས་པ་མེད་དོ། ། དེ་ནི་བློ་ཐོགས་པ་མེད་པའོ།། གང་བློ་ཐོགས་པ་མེད་པ་དེ་ནི་ཆགས་པ་མེད་པའོ།། གང་ཆགས་པ་མེད་པ་དེ་ནི་རྒྱུན་ཆད་པ་མེད་པའོ།། གང་རྒྱུན་ཆང་པ་མེད་པ་དེ་ནི་ཉམས་པ་མེད་པའོ། ། གང་ཉམས་པ་མེད་པ་དེའི་བརྩལ་བ་དོན་མེད་པར་མི་འགྱུར་རོ།། གང་གི་བརྩལ་བ་དོན་མེད་པར་མི་འགྱུར་བ་དེ་ལ་སྐྱོན་མེད་དོ།། གང་ལ་སྐྱོན་མེད་པ་དེ་ལ་བདག་གི་བ་མེད་དོ། ། གང་ལ་བདག་གི་བ་མེད་པ་དེ་ལ་ཡོངས་སུ་འཛིན་པ་མེད་དོ།། གང་ལ་ཡོངས་སུ་འཛིན་པ་མེད་པ་དེ་ལ་རྩོད་པ་མེད་དོ།། གང་ལ་རྩོད་པ་མེད་པ་དེ་ལ་འགྱོད་པ་མེད་དོ།། གང་ལ་འགྱེད་པ་མེད་པ་དེ་ནི་མི་རྩོད་པ་སྟེ། དགེ་སྦྱོང་གི་ཆོས་དང་ལྡན་པ་ཞེས་བྱའོ།། གང་དགེ་སྦྱོང་གི་ཆོས་དང་ལྡན་པ་དེ་ནམ་མཁའ་དང་ལག་མཐིལ་དུ་མཉམ་པའོ།། གང་ནམ་མཁའ་དང་ལག་མཐིལ་དུ་མཉམ་པ་དེ་ནི་འདོད་པའི་ཁམས་སུ་མི་གཏོགས་སོ། ། གཟུགས་ཀྱི་ཁམས་སུ་མི་གཏོགས། གཟུགས་མེད་པའི་ཁམས་སུ་མི་གཏན་གང་ཐམས་ཅད་དུ་གཏོགས་པ་མ་ཡིན་པ་དེ་ལ་ནི་ཁ་དོག་མེད། རྟགས་མེད། དབྱིབས་མེད་དོ།། གང་ལ་ཁ་དོག་མེད། རྟགས་མེད། དབྱིབས་མེད་པ་དེ་འདྲ་བ་ཉིད་རྗེས་སུ་རྟོག་དེ་ཅི་འདྲ་བ་རྗེས་སུ་རྟོགས་པ་དེ་འདྲ་བ་ཉིད་རབ་ཏུ་རྟོགས་སོ། ། ཅིའི་ཕྱིར་རྗེས་སུ་རྟོགས་པ་དང་རབ་ཏུ་རྟོགས་པ་ཞེས་བྱ་ཞེ་ན། དེ་ལ་རྗེས་སུ་རྟོགས་པར་བྱ་བ་འམ། རབ་ཏུ་རྟོགས་པར་བྱ་བའི་ཆོས་ཕྲ་རབ་ཙམ་ཡང་མི་དམིགས་པས། དེའི་ཕྱིར་རྗེས་སུ་རྟོགས་པ་དང་། རབ་ཏུ་རྟོགས་པ་ཞེས་བྱ་སྟེ། ཞི་བའི་བློ་གྲོས་འདིའང་བྱང་ཆུབ་སེམས་དཔའི་སེམས་ཀྱི་གསང་བའོ།། ཞི་བའི་བློ་གྲོས་གཞན་ཡང་བྱང་ཆུབ་སེམས་དཔའི་སེམས་ཀྱི་གསང་བ་ནི་གང་བྱམས་པའང་ཡིན་ལ། བདག་མེད་པ་ཉིད་ཀྱང་ཡིན། སྙིང་རྗེའང་ཡིན་ལ། སེམས་ཅན་མེད་པ་ཉིད་ཀྱང་ཡིན། དགའ་བའང་ཡིན་ལ། སྲོག་མེད་པ་ཉིད་ཀྱང་ཡིན། བཏང་སྙོམས་ཀྱང་ཡིན་ལ། གང་ཟག་མེད་པ་ཉིད་ཀྱང་ཡིན། སྦྱིན་པའང་ཡིན་ལ། སེམས་དུལ་ཉིད་ཀྱང་ཡིན། ཚུལ་ཁྲིམས་ཀྱང་ཡིན་ལ། སེམས་ཞི་བ་ཉིད་ཀྱང་ཡིན། བཟོད་པའང་ཡིན་ལ། སེམས་མི་ཟད་པ་ཉིད་ཀྱང་ཡིན། བརྩོན་འགྲུས་ཀྱང་ཡིན་ལ། སེམས་དབེན་པ་ཉིད་ཀྱང་ཡིན། བསམ་གཏན་ཡང་ཡིན་ལ། སེམས་ངེས་པར་སེམས་པ་ཉིད་ཀྱང་ཡིན། ཤེས་རབ་ཀྱང་ཡིན་ལ། རྒྱུ་བ་མེད་པའི་སེམས་ཉིད་ཀྱང་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་ཡིན་ལ། དྲན་པ་ཡིད་ལ་བྱེད་པ་མེད་པའི་སེམས་ཉིད་ཀྱང་ཡིན། ཡང་དག་པར་སྤོང་བ་རྣམས་ཀྱང་ཡིན་ལ། ཡང་དག་པར་སེམས་མཉམ་པ་ཉིད་ཀྱང་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་ཡིན་ལ། སྤྲོས་པ་མེད་པའི་སེམས་ཉིད་ཀྱང་ཡིན། དད་པའང་ཡིན་ལ། ཆགས་པ་མེད་པའི་སེམས་ཉིད་ཀྱང་ཡིན། བརྩོན་འགྲུས་ཀྱང་ཡིན་ལ། ལྷུན་གྱིས་གྲུབ་པའི་སེམས་ཉིད་ཀྱང་ཡིན། དྲན་པའང་ཡིན་ལ། རང་བྱུང་གི་སེམས་ཉིད་ཀྱང་ཡིན། ཏིང་ངེ་འཛིན་ཀྱང་ཡིན་ལ། མཉམ་པ་ཉིད་ཤེས་པའི་སེམས་ཉིད་ཀྱང་ཡིན། ཤེས་རབ་ཀྱི་དབང་པོའང་ཡིན་ལ་དབང་པོ་མེད་པའི་སེམས་ཉིད་ཀྱང་ཡིན། དབང་པོ་རྣམས་ཀྱང་ཡིན་ལ། ཆོས་ཐམས་ཅད་ལ་དབང་པོ་མེད་པའི་སེམས་ཉིད་ཀྱང་ཡིན། སྟོབས་རྣམས་ཀྱང་ཡིན་ལ། མི་བརྫི་བའི་སེམས་ཉིད་ཀྱང་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་ཡིན་ལ། བློས་རབ་ཏུ་འབྱེད་པའི་སེམས་ཉིད་ཀྱང་ཡིན། ལམ་བསྒོམ་པ་ཉིད་ཀྱང་ཡིན་ལ། སྒོམ་པ་མེད་པའི་སེམས་ཉིད་ཀྱང་ཡིན། གནས་ཀྱང་ཡིན་ལ། སེམས་ཉེ་བར་ཞི་བ་ཉིད་ཀྱང་ཡིན། ལྷག་མཐོང་ཡང་ཡིན་ལ། རྗེས་སུ་མི་མཐོང་བའི་སེམས་ཉིད་ཀྱང་ཡིན། འཕགས་པའི་བདེན་པ་སྒོམ་པའང་ཡིན་ལ། ཤིན་ཏུ་ཡོངས་སུ་ཤེས་པའི་སེམས་ཉིད་ཀྱང་ཡིན། སངས་རྒྱས་ཡིད་ལ་བྱེད་པའང་ཡིན་ལ། ཡིད་ལ་བྱེད་པ་མེད་པའི་སེམས་ཉིད་ཀྱང་ཡིན། ཆོས་ཡིད་ལ་བྱེད་པའང་ཡིན་ལ། ཆོས་ཀྱི་དབྱིངས་སུ་མཉམ་པའི་སེམས་ཉིད་ཀྱང་ཡིན། དགེ་འདུན་ཡིད་ལ་བྱེད་པའང་ཡིན་ལ། མི་གནས་པའི་སེམས་ཉིད་ཀྱང་ཡིན། སེམས་ཅན་ཡོངས་སུ་སྨིན་པར་ཡང་བྱེད་ལ། གཟོད་མ་ནས་དག་པའི་སེམས་ཉིད་ཀྱང་ཡིན། དམ་པའི་ཆོས་ཡོངས་སུ་འཛིན་པའང་ཡིན་ལ། ཆོས་ཀྱི་དབྱིངས་དང་དབྱེར་མེད་པའི་སེམས་ཉིད་ཀྱང་ཡིན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའང་ཡིན་ལ། སེམས་ནམ་མཁའ་དང་མཉམ་པ་ཉིད་ཀྱང་ཡིན། མི་སྐྱེ་བའི་ཆོས་ལ་བཟོད་པའང་ཡིན་ལ། མི་དམིགས་པའི་སེམས་ཉིད་ཀྱང་ཡིན། ཕྱིར་མི་ལྡོག་པའི་སའང་ཡིན་ལ། ལྡོག་པ་དང་འཇུག་པ་མེད་པའི་སེམས་ཉིད་ཀྱང་ཡིན། མཚན་རབ་ཏུ་ཐོབ་པའང་ཡིན་ལ། མཚན་མེད་པའི་སེམས་ཉིད་ཀྱང་ཡིན། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཉིད་ཀྱང་ཡིན་ལ། ཁམས་གསུམ་གྱི་སྙིང་པོའོ་སེམས་ཉིད་ཀྱང་ཡིན། བདུད་ཚར་གཅོད་པའང་ཡིན་ལ། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་སེམས་ཉིད་ཀྱང་ཡིན། བྱང་ཆུབ་ཀྱང་ཡིན་ལ། ཆོས་ཐམས་ཅད་ནི་དངོས་པོ་མེད་པར་ཁོང་དུ་ཆུད་པའི་སེམས་ཉིད་ཀྱང་ཡིན། ཆོས་ཀྱི་འཁོར་ལོ་བསྐོར་བའང་ཡིན་ལ། མི་འཇུག་མི་ལྡོག་པའི་སེམས་ཉིད་ཀྱང་ཡིན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའང་སྟོན་ལ། འཁོར་བའི་རང་བཞིན་དང་མཉམ་པའི་སེམས་ཉིད་ཀྱང་ཡིན་ཏེ། ཞི་བའི་བློ་གྲོས་འདི་ནི་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་སེམས་ཀྱི་གསང་བ་དང་། སེམས་ཀྱི་ལས་ཡོངས་སུ་དག་པའོ།། སེམས་དག་པ་དེས་སེམས་ཅན་ཐམས་ཅད་ཀྱི་སེམས་ཡོངས་སུ་དག་པར་རྟོགས་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་བྱང་ཆུབ་ཀྱི་སེམས་དེ་རྗེས་སུ་ཞུགས་པ་ཡིན་ནོ། ། བྱང་ཆུབ་ཀྱི་སེམས་དེ་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱང་སྣང་བར་གྱུར་པ་ཡིན་ནོ།། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང་། ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ཡིན་ནོ།། ཞི་བའི་བློ་གྲོས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སེམས་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང་། ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ཡིན་ནོ།། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའི་ལུས་དང་། ངག་དང་། སེམས་ཀྱི་གསང་བ་བསྟན་པ་འདི་བཤད་པ་ན། ལྷ་དང་མིའི་སྐྱེ་དགུའི་སྲོག་ཆགས་ལས་སྟོང་ཕྲག་བདུན་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ།། དགེ་སློང་བརྒྱད་སྟོང་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ཏེ། འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། ། སྟེང་གི་བར་སྣང་ལས་མེ་ཏོག་གི་ཆར་མངོན་པར་བབ་བོ།། མ་སྐྱོད་པར་སིལ་སྙན་དང་རོལ་མོའི་སྒྲ་སྟོང་སྙེད་རབ་ཏུ་གྲགས་པར་གྱུར་ཏེ། སིལ་སྙན་དང་རོལ་མའི་སྒྲ་དེ་དག་ལས་ཀྱང་གང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བསྟན་པ་འདི་ཉན་པ་དང་། ཐོས་ནས་ཀྱང་འཛིན་ཅིང་མོས་པར་བྱེད་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པའི་སེམས་ཅན་དེ་དག་ནི་བྱང་ཆུབ་ཀྱི་སེམས་ལ་རྨོངས་པ་མེད་པའི་བསམ་པ་དང་ལྡན་ཏེ། དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་མ་ཡིན་ནོ། ། དེ་དག་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པར་རིག་པར་བྱས་ཏེ། དགེ་བའི་རྩ་བ་བསྐྱེད་པ་བསོད་ནམས་ཀྱི་ཚོགས་ཀྱིས་ཉེ་བར་བརྟན་པའོ།། སེམས་ཅན་དེ་དག་ནི་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་པ་ཡིན་ཏེ། སེམས་ཅན་དེ་དག་ནི་ལུང་བསྟན་པའི་ས་ཐོབ་པར་འགྱུར་རོ་ཞེས་དེ་ལྟ་བུའི་སྒྲ་བྱུང་ངོ་།། བྱང་ཆུབ་སེམས་དཔའི་། སེམས་ཀྱི་གསང་བའི་ལེའུ་ཞེས་བྱ་སྟེ་གསུམ་པའོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ལ་བཀའ་སྩལ་པ། ཞི་བའི་བློ་གྲོས་སིལ་སྙན་དང་རོལ་མོའི་སྒྲ་ལས་འདི་ལྟ་བུའི་སྒྲ་བྱུང་བ་ཁྱོད་ཀྱིས་ཐོས་སམ། གསོལ་པ། བཅོམ་ལྡན་འདས་ཐོས་ལགས་ཏེ། འདི་ལྟ་བུའི་སྒྲ་བྱུང་བ་དེ་སུའི་མཐུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞི་བའི་བློ་གྲོས་འདི་ནི་འཇིག་རྟེན་གྱི་ཁམས་སྤྲིན་ལྡན་ཞེས་བྱ་བ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པོ་སྤྲིན་དབྱངས་རྒྱལ་པོ་ཞེས་བྱ་བའི་དྲུང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲ་དབྱངས་བསྒྲགས་པ་ཞེས་བྱ་བ་ང་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པ་དང་། ལག་ན་རྡོ་རྗེས་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདིའང་མཉན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུ་ནས་འདུས་པ་འདི་དག་ལའང་བལྟ་བའི་ཕྱིར་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་སྒྲ་དབྱངས་བསྒྲགས་པ་ཞེས་བྱ་བ་དེ་ལུས་མི་སྣང་བར་སྟེང་གི་བར་སྣང་ལ་གནས་ནས། ང་དང་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པའི་ཕྱིར་འདི་ལྟ་བུའི་མེ་ཏོག་གི་ཆར་མངོན་པར་འབེབས་ཤིང་། སིལ་སྙན་དང་རོལ་མོའི་སྒྲའང་རབ་ཏུ་ཕྱུང་ནས། སིལ་སྙན་དང་རོལ་མོའི་སྒྲ་དེ་དག་ལས་སྒྲ་འདི་ལྟ་བུ་བྱུང་ངོ་། ། བཅོམ་ལྡན་འདས་ཀྱིས་གསུང་དེ་སྐད་བཀའ་སྩལ་ནས་རིང་པོར་མ་ལོན་པར། དེ་ནས་བྱང་ཆུབ་སེམས་དཔའ་སྒྲ་དབྱངས་བསྒྲགས་པ་ཞེས་བྱ་བ་བར་སྣང་དེ་ལས་བབས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བརྒྱ་སྟོང་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་དབྱངས་རྒྱལ་པོས། བཅོམ་ལྡན་འདས་ལ་སྤྱན་གསོལ་ཏེ། གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བ་ལ་རེག་པར་གནས་སམ་ཞེས་སྙུན་གསོལ་ལོ།། ཡང་བཅོམ་ལྡན་འདས་ངོ་འདི་སྐད་དུ་འདི་ལྟ་སྟེ། སངས་རྒྱས་ཀྱི་མཐུས་གསང་བ་པའི་བདག་པོས་བསྟན་པ་ཆེན་པོ་འདི་བསྟན་ཏོ་ཞེས་གསུང་ངོ་།། བཅོམ་ལྡན་འདས་འདི་འདྲ་བའི་སྤྱོད་པས་སངས་རྒྱས་ཀྱི་ཆོས་ཚད་མ་མཆིས་པ་ཐོབ་པར་རྔོ་ཐོགས་ལགས་སམ། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སྒྲ་དབྱངས་བསྒྲགས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཁྱོད་ལེགས་པར་འོངས་སོ། ། ཁྱོད་འདིར་འོངས་པ་ལེགས་སོ།། ཁྱོད་ཀྱིས་དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་ལེའུ་གསང་བ་པའི་བདག་པོ་ལས་ཐོས་པར་འགྱུར་རོ།། སྒྲ་དབྱངས་བསྒྲགས་པ་འོངས་པའི་ལེའུ་ཞེས་བྱ་སྟེ་བཞི་པའོ།། །། དེ་ནས་འཁོར་དེ་ལས་བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། གསང་བ་པའི་བདག་པོ་འདིས་དགེ་བའི་རྩ་བ་གང་དུ་བསྐྱེད། སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་ལ་འདིས་བསྙེན་བཀུར་བྱས། འདིས་སྨོན་ལམ་ཅི་འདྲ་བ་ཞིག་བཏབ་ན་གང་གི་ཕྱིར་འདི་འདྲ་བའི་སྤོབས་པ་དང་ལྡན་པར་གྱུར་སྙམ་མོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱིས་རྟོག་པ་ཐུགས་ཀྱིས་མཁྱེན་ནས། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་བཀའ་སྩལ་པ། ཞི་བའི་བློ་གྲོས་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ། རྒ་ཆེན་པོ་ཚད་མེད་པ། བསམ་གྱིས་མི་ཁྱབ་པ། དཔག་ཏུ་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན་བསྐལ་པ་མཛེས་པར་སྣང་བ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་རྣམ་པར་བརྒྱན་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་།། ཞི་བའི་བློ་གྲོས་འཇིག་རྟེན་གྱི་ཁམས་རྣམ་པར་བརྒྱན་པ་དེའང་འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། ཉམས་དགའ་བ། ལྷ་དང་མི་མང་པོས་གང་བ། ལག་མཐིལ་ལྟར་མཉམ་པར་གྱུར་པ། གསེག་མ་དང་གྱོ་མོ་མེད་པ། རྩཝ་དག་དེར་སྐྱེས་པའང་འཇམ་པ། གོས་ཀ་ཙ་ལེནེ་དི་ཀ་ལྟར་རེག་ན་བདེ་བ། རྨ་བྱའི་མགྲིན་པ་ལྟར་སྔོ་ཞིང་གཡུང་དྲུང་འཁྱིལ་པར་གཡས་སུ་འཁྱིལ་བ། ཁ་དོག་དང་ལྡན་པ། དྲི་དང་ལྡན་པ། ཡིད་དུ་འོང་བ། གོམ་པ་བོར་ན་སོར་བཞི་ཐུར་དུ་དམའ་བ། རྐང་པ་བཏེག་ན་སོར་བཞི་གྱེན་དུ་མཐོ་བ། ཧ་ཅང་ཡང་མི་གྲང་། ཧ་ཅང་མི་ཚ་བའི་རླུང་ཆུང་ངུ་བསིལ་བ་འདོད་པ་དང་མཐུན་པར་ལྡང་བའོ།། ས་ཆེན་པོ་དེའང་བཻ་ཌཱུཪྻ་སྔོན་པོས་བརྒྱན་པའོ།། སེམས་ཅན་དེ་རྣམས་ཀྱང་རྣམ་པ་བཟང་ཞིང་མཁས་པ་དང་ལྡན་པར་གྱུར་ཏེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཆུང་བ། ཉོན་མོངས་པ་ཐམས་ཅད་ཆུང་བ། ལེགས་པར་བཤད་པའི་དོན་ཀུན་ཤེས་པར་བྱེད་ནུས་པའི་མཐུ་དང་ལྡན་པ་ཤ་སྟག་གོ། བཅོམ་ལྡན་འདས་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་དེ་བཞིན་གཤེགས་པ་དེའི་ཉན་ཐོས་ཀྱི་དགེ་སློང་གི་དགེ་འདུན་ནི་ཁྲག་ཁྲིག་ཕྲག་བཅུ་གཉིས་ཡོད་དོ།། བྱང་ཆུབ་སེམས་དཔའི་དགེ་འདུན་ནི་བྱེ་བ་ཕྲག་སུམ་ཅུ་རྩ་གཉིས་ཡོད་དོ། ། དེའི་སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་ཐུབ་བོ།། མི་རྣམས་ཀྱང་དུས་མ་ཡིན་པར་གློ་བར་དུ་འཆི་བ་མེད་དོ།། ཞི་བའི་བློ་གྲོས་དེའི་ཚེ་དེའི་དུས་ན། རྣམ་པར་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་ན་མཛེས་པར་སྣང་བ་ཞེས་བྱ་བ་གླིང་བཞི་པའི་འཇིག་རྟེན་པར་མ་རབ་ཏུ་འབྱོར་པ། རྒྱས་པ། བདེ་བ། རབ་ཏུ་ལོ་ལེགས་པ། ཡངས་ཤིང་ཐག་གྲུ་ཆེ་བ་བྱུང་སྟེ། གླིང་བཞི་པ་རེ་རེའང་དཔག་ཚད་བརྒྱད་ཁྲི་བཞི་སྟོང་པར་གྱུར་ཏོ།། དེར་གྲོང་ཁྱེར་ཆེན་པོའང་བར་བར་ན་དཔག་ཚད་གཅིག་ཡོད་པ། གྲོང་དང་། ཚོང་དུས་དང་། རི་ཁྲོད་སྟོང་གིས་བསྐོར་བ་བྱུང་ངོ་།། ཞི་བའི་བློ་གྲོས་གླིང་བཞི་པའི་མཛེས་པར་སྣང་བ་དེའི་དབུས་ར་ཕོ་བྲང་གྲོང་ཁྱེར་རྣམ་པར་དག་པ་ཅན་ཞེས་བྱ་བ་ཡངས་ཤིང་རྒྱ་ཆེ་བ། བྱང་དང་ལྷོར་ནི་དཔག་ཚད་དྲུག་ཅུ་རྩ་བཞི་ཤར་དང་ནུབ་ཏུ་ནི་དཔག་ཚད་བཞི་བཅུ་རྩ་གཉིས་ཡོད་པ། སྐྱེད་མོས་ཚལ་ཁྲིས་རབ་ཏུ་བརྒྱན་པ། གྲོང་དང་། ཚོང་དུས་དང་། རི་ཁྲོད་ཁྲིས་ཀུན་ནས་བསྐོར་བ་ཡོད་དོ།། ཞི་བའི་བློ་གྲོས་རྒྱལ་པོའི་ཕོ་བྲང་རྣམ་པར་དག་པ་ཅན་ཞེས་བྱ་བ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་དང་ལྡན་པ། གླིང་བཞི་ལ་དབང་བ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། བསོད་ནམས་ཀྱི་གཟི་བརྗིད་ཀྱིས་གཟི་དང་ལྡན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཞིག་བྱུང་ངོ་། ། ཞི་བའི་བློ་གྲོས་རྒྱལ་པོ་ཡུལ་འཁོར་སྲུང་གི་གྲོང་ཁྱེར་གྱི་དབུས་ར། ཁང་པ་རྒྱ་རེ་ཞིང་ཡངས་པ་ཆུ་ཞེང་དུ་དཔག་ཚད་བཅུ་དྲུག་ཡོད་པ། རིན་པོ་ཆེ་སྣ་བདུན་གྱི་རབ་རིམ་པ་བདུན་དང་། རྟ་བབས་དང་། དྲིལ་བུ་གཡེར་ཁའི་དྲ་བ་རིམ་བདུན་གྱིས་ཀུན་ནས་བསྐུར་བ་བརྩིགས་སོ།། ར་བའི་ནང་ན་སྐྱེད་མོས་ཚལ་ཆེན་པོ་བཞི་བྱས་ཏེ། འདི་ལྟ་སྟེ། མེ་ཏོག་སྣ་ཚོགས་ཞེས་བྱ་བའི་སྐྱེད་མོས་ཚལ་ཆེན་པོ་དང་། ཡོན་ཏན་གྱིས་མངོན་པར་དགའ་བ་ཞེས་བྱ་བ་དང་རྨ་བྱའི་མངོན་པར་དགའ་བ་ཞེས་བྱ་བ་དང་། དུས་ཀྱི་བདེ་བ་ཞེས་བྱའོ།། རྫིང་ཁྱོན་དཔག་ཚད་ཕྱེད་པ་རིན་པོ་ཆེའི་ཁ་ཁྱེར་གྱིས་བསྐོར་བ། འཛམ་བུ་ཆུ་བོའི་གསེར་གྱི་གླེགས་མའི་བབས་སྟེགས་ཅན་གསེར་གྱི་བྱེ་མ་བརྡལ་བ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ། རིན་པོ་ཆེའི་པདྨས་ཀུན་ནས་ཁེབས་པ། ངང་པ་དང་། ཆུ་སྐྱར་དང་། བྱ་གར་དང་། ངུར་པ་དག་སྒྲ་འབྱིན་པ་བཞི་བྱས་ཏེ། འདི་ལྟ་སྟེ། དགའ་བ་ཞེས་བྱ་བ་དང་། དགའ་མཆོག་ཅེས་བྱ་བ་དང་། སྤོས་མཆོག་ཅེས་བྱ་བ་དང་། རྐུ་རྒྱུར་རྗེས་སུ་འབབ་པ་ཞེས་བྱའོ།། ཞི་བའི་བློ་གྲོས་རྒྱལ་པོ་ཡུལ་འཁོར་སྲུང་གི་བཙུན་མོའི་འཁོར་བདུན་འབུམ་ཡོད་དེ། ཐམས་ཅད་ཀྱང་མཚན་དང་ལྡན་པའི་ན་ཆུང་བུད་མེད་རིན་པོ་ཆེའི་ལོངས་སྤྱོད་དང་འདྲ་བ་ཤ་སྟག་གོ།། དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་རབ་ཏུ་ཞུགས་པར་གྱུར་པ་དག་གོ། ། དེ་ལ་བུ་སྟོང་དུ་ཚང་བ་ཡོད་དེ། དཔའ་བརྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྔ་རབ་ཏུ་འཇོམས་པ། སྐྱེས་བུ་ཆེན་པོའི་མཚན་ཉི་ཤུ་རྩ་བརྒྱད་ཀྱིས་བརྒྱན་པ། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་ཤ་སྟག་གོ། ཞི་བའི་བློ་གྲོས་དེའི་ཚེ་དེའི་དུས་ན། བཅོམ་ལྡན་འདས་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་དེ་བཞིན་གཤེགས་པ་དེ་རྣམ་པར་དག་པ་དང་ལྡན་པའི་རྒྱལ་པོའི་ཕོ་བྲང་འཁོར་དུ་རྟེན་ཅིང་བཞུགས་ཏེ། རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། གྲོང་རྡལ་དང་། ཡུལ་གྱི་མོས་བསྟི་སྟང་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་སོ།། ཞི་བའི་བློ་གྲོས་རྒྱལ་པོ་ཡུལ་འཁོར་སྲུང་གིས། བཅོམ་ལྡན་འདས་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་དེ་བཞིན་གཤེགས་པ་དེ་ལ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ལོ་བྱེ་བ་ཚང་བར་ཡིད་དུ་འོང་བའི་བཟའ་བ་དང་། བཏུང་བ་དང་། ན་བཟའ་དང་། གཙུག་ལག་ཁང་དང་། འཆག་སའི་ལོངས་སྤྱོད་ཀྱིས་བསྙེན་བཀུར་བྱས་ཏེ། དགེ་སློང་རེ་རེ་ལའང་རིམ་གྲོ་བྱ་བ་དང་སྤྱད་པའི་ཕྱིར་གཡོག་གསུམ་གསུམ་ཕུལ་ལོ།། ཞི་བའི་བློ་གྲོས་རྒྱལ་བུ་གཞོན་ནུ་དེ་དག་ཀྱང་དེ་བཞིན་གཤེགས་པ་ལ་བསྟི་སྟང་དང་མཆོད་པ་བྱ་བར་མོས་པ་དང་། ཆོས་མཉན་པ་དོན་དུ་གཉེར་བས་བག་ཡོད་པར་གྱུར་ཏེ། འདོད་པའི་ཡོན་ཏན་དོན་དུ་མི་གཉེར་རོ།། དེ་དག་བག་ཡོད་ཅིང་དམ་པའི་ཆོས་ཉན་པ་དང་། སེམས་ཀྱིས་ངེས་པར་སེམས་པས། རིང་པོ་མ་ལོན་པར་མངོན་པར་ཤེས་པ་ལྔ་བསྐྱེད་པར་གྱུར་ཏོ།། དེ་དག་བསྐྱེད་ནས་སྟེང་གི་བར་སྣང་ལ་ངང་པའི་རྒྱལ་པོ་བཞིན་དུ་སྐྱེད་མོས་ཚལ་ནས་སྐྱེད་མོས་ཚལ་དང་། གྲོང་ཁྱེར་ནས་གྲོང་ཁྱེར་དང་། ཚོང་དུས་ནས་ཚོང་དུས་དང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མཐར་གྱིས་རྒྱུ་ཞིང་ཚིགས་སུ་བཅད་པ་འདི་དག་སྨྲའོ། ། སངས་རྒྱས་འབྱུང་བ་བརྒྱ་ལམ་རྙེད་པར་འགྱུར།། མིར་སྐྱེ་བ་ཡང་ཤིན་ཏུ་དཀའ་བས་རྙེད།། གྲོགས་པོ་དགའ་དང་དད་དང་ཆོས་མཉན་པ།། འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པ་དཀའ། ། མི་དབང་རྒྱལ་པོ་དེ་ནི་དབྱུང་སྟེ།། རབ་ཏུ་ཞི་བར་འགྲོ་བའི་ཆོས་སྟོན་གྱིས།། བདེ་བར་གཤེགས་པ་དེ་ཡི་དྲུང་དུ་དང་།། ཆོས་ཐོས་ནས་ནི་བདེ་འགྲོར་འགྲོ་བར་གྱིས།། ཆོས་ཐོས་པས་ནི་ངན་འགྲོ་རྣམ་པར་སྤོང་།། ཆོས་ཐོས་པས་ནི་བཟང་འགྲོར་འགྲོ་བར་འགྱུར།། ཆོས་ཐོས་པས་ནི་ཉོན་མོངས་རྣམས་ཀྱང་ཞི།། བསིལ་བའི་དངོས་པོ་དམ་པ་ཐོབ་པར་འགྱུར།། དེ་དག་ཚིགས་བཅད་འདི་དག་རབ་བརྗོད་པས། ། ས་འདི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས།། ལྷ་རྣམས་ཨ་ལ་ལ་ཞེས་ལན་བརྒྱ་སྨྲས།། ལྷ་ཡི་མེ་ཏོག་ཡིད་འོང་ཆར་དུ་བབ།། སྟོན་པ་བལྟ་ཕྱིར་གང་དག་བསྐུལ་བ་རྣམས། ། རྐང་གཉིས་མཆོག་གི་ཞབས་ལ་ཕྱག་འཚལ་ནས།། དེ་དག་ཐལ་སྦྱར་གུས་བཅས་འཁོད་གྱུར་པ།། དེ་དག་བགྲང་བས་དཔག་པར་མི་ནུས་སོ།། རྒྱལ་བས་དེ་དག་རྣམས་ཀྱི་བསམ་མཁྱེན་ནས། ། དེ་དང་མཐུན་པའི་ཆོས་ནི་རབ་ཏུ་བཤད།། བདེ་བར་གཤེགས་ལོས་ཆོས་ཐོས་བྱེ་བ་ཕྲག། སུམ་ཅུ་རྩ་དྲུག་བྱང་ཆུབ་མཆོག་ལ་ཞུགས།། བྱེ་བ་བརྒྱ་ཕྲག་གསུམ་ཚང་མི་ཉུང་བ། ། དེ་དག་ཆོས་མཆོག་མིག་ནི་རྣམ་པར་དག། སྲིད་པར་ཀུན་ཏུ་ཡིད་བྱུང་སེམས་གྱུར་ནས།། དེ་དག་དེར་ནི་བསྟན་འདིར་རབ་བྱུང་།། གཞན་ཡང་བྱེ་བ་ཁྲག་ཁྲིག་དེ་ཉིད་དུ། བསླབ་པ་བཟུང་ཞིང་དེ་བཞིན་གསོ་སྦྱོང་བླངས།། སྟོན་ལ་མཆོད་པ་བྱས་ཤིང་ཆོས་མཉན་ནས།། དེ་དག་སླར་ཡང་རང་གི་གནས་སུ་དང་། ཞི་བའི་བློ་གྲོས་དེ་ལྟར་རྒྱལ་དུ་གཞོན་ནུ་དེ་དག་གིས་པ་ཡུལ་འཁོར་སྲུང་ལ་མཆོད་པའི་ཝ་གྱི་ཕྱིར། ལྷའི་ཙན་དན་སྦྲུལ་གྱི་སྙིང་པོའི་ཁང་པ་བརྩེགས་པ་རྒྱ་ཆེ་ཞིང་ཡངས་པ། བཀོད་པས་ལེགས་པར་བརྒྱན་པ། བ་གཿ་དང་། རྣམ་པར་རྒྱལ་བའི་བ་དན་དང་། རྟ་བབས་དང་། ཁ་ཁྱེར་གྱིས་བསྐོར་བ་ཞིག་བྱས་ཏེ། འཛམ་བུ་གླིང་རིལ་གྱིས་ཀྱང་ཙན་ངན་སྦྲུལ་གྱི་སྙིང་པོ་སྲང་ཕྱེད་ཀྱི་རིན་དུ་མི་ཆོག་པ་དེ་ལྟ་བུའི་ཙན་དན་སྦྲུལ་གྱི་སྙིང་པོའི་ཁང་པ་བརྩེགས་པ་རྒྱ་ཆེ་ཞིང་ཡངས་པ། ཆུ་ཞེང་དུ་དཔག་ཚད་བཅུ་ཡོད་པ། རྣམ་པར་བཀྲ་བ། བལྟ་ན་སྡུག་པ། ཀ་བ་བཞི་ཐུག་པ། ཆ་མཉམ་པ། ཤིན་ཏུ་རྣམ་པར་ཕྱེ་བ་ཞིག་བྱས་པར་གྱུར་ཏོ། ། དེ་ནས་རྒྱལ་པོ་ཡུལ་འཁོར་སྲུང་དེ་ནམ་བཅོམ་ལྡན་འདས་ཉིད་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་བྱ་བ་དང་། བསྙེན་བཀུར་བྱ་བ་དང་ཆོས་མཉན་པའི་ཕྱིར་འགྲོ་བར་འདོད་པའི་ཚེ། ཕ་རྒྱལ་པོ་ཡུལ་འཁོར་སྲུང་དང་། རྒྱལ་བུ་གཞོན་ནུ་དེ་རྣམས་དང་། བཙུན་མོའི་འཁོར་དང་གཡོག་དང་བཅས་པ་དང་། གཉེན་གྱི་འཁོར་དང་བཅས་ཏེ། ཁང་པ་བརྩེགས་པ་དེར་ཞུགས་ནས། པདྨ་བཀོད་པའི་སེང་གེའི་ཁྲི་ལ་འདུག་སྟེ། བླ་མར་བྱ་བ་ཆེན་པོ་དང་། བསྟི་སྟང་དང་། རི་མོར་བྱ་བ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རྣམ་པར་རྒྱལ་བའི་བ་དན་དང་། སིལ་སྙན་དང་། ཕེག་རྡོབ་པ་དང་། རོལ་མོའི་སྒྲ་དབྱངས་ལེན་པའི་མཆོད་པ་དམ་པ་དང་ཆས་ནས། ཁང་པ་བརྩེགས་པ་དེ་རིན་པོ་ཆེའི་དྲ་བས་རབ་ཏུ་གཡོགས་ཏེ། ཐམས་ཅད་ལྷན་ཅིག་ཏུ་འདུས་ནས་ཁང་པ་བརྩེགས་པ་དེ་སྦྱར་ཏེ། སྟེང་གི་ནམ་མཁའ་བར་སྣང་ལ་ངང་པའི་རྒྱལ་པོ་ལྟར་ཐོགས་པ་མེད་པར། བཅོམ་ལྡན་འདས་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། ཁང་པ་བརྩེགས་པ་དེ་ས་ལ་གཞག་སྟེ། བཅོམ་ལྡན་འདས་དེའི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས། དགེ་སློང་གི་དགེ་འདུན་ལའང་ཕྱག་འཚལ་ཏེ། ལན་བདུན་བསྐོར་བར་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། རྒྱལ་པོ་ཡུལ་འཁོར་སྲུང་གི་བཙུན་མོའི་འཁོར་དང་། གཉེན་གྱི་འཁོར་ཡང་ཁང་པ་བརྩེགས་པ་དེ་ལས་བབས་ནས། བཅོམ་ལྡན་འདས་དེའི་ཞབས་གཉིས་དང་། དགེ་སློང་གི་དགེ་འདུན་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས་ཆོས་མཉན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཙུན་མོའི་འཁོར་དང་གཉེན་གྱི་འཁོར་དུ་བཅས་ཏེ་འདུག་གོ། ། ། བམ་པོ་གསུམ་པ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོས། རྒྱལ་པོ་ཡུལ་འཁོར་སྲུང་ཆོས་ཉན་པའི་ཕྱིར་འོངས་པ་མཁྱེན་ནས། ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་དོ།། དེ་ལ་བཅོམ་ལྡན་འདས་དེའི་ཆོས་ཀྱི་གཏམ་ནི་འདི་ཡིན་ཏེ། རྒྱལ་པོ་ཆེན་པོ་ཆོས་བཞི་པོ་འདི་དག་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཡོངས་སུ་མི་ཉམས་ཤིང་ཁྱད་པར་དུ་འགྲོ་བར་འགྱུར་བའོ། ། བཞི་གང་ཞེ་ན། རྒྱལ་པོ་ཆེན་པོ་དད་པ་ནི་ཡོངས་སུ་མི་ཉམས་ཤིང་ཁྱད་པར་དུ་འགྲོ་བར་འགྱུར་པའོ། ། དད་པ་དེ་གང་ཞེ་ན། དད་པ་གང་གིས་འཕགས་པའི་དྲུང་དུ་ཉེ་བར་འགྲོ་བ་དང་། བྱ་བ་མ་ཡིན་པ་མི་བྱེད་པའི། རྒྱལ་པོ་ཆེན་པོ་གུས་པ་ནི་ཁྱད་པར་དུ་འགྲོ་བར་འགྱུར་བ་སྟེ། གུས་པ་གང་གིས་འཕགས་པ་རྣམས་ཀྱིས་ལེགས་པར་བཤད་པ་རྣམས་གུས་པར་ཉན་པ་དང་། རྣ་བ་བླགས་ཏེ་ཆོས་ཉན་པའོ།། རྒྱལ་པོ་ཆེན་པོ་ང་རྒྱལ་མེད་པ་ནི་ཁྱད་པར་དུ་འགྲོ་བར་འགྱུར་བ་སྟེ། ང་རྒྱལ་མེད་པ་གང་གིས་འཕགས་པ་རྣམས་ལ་མངོན་པར་འདུད་པ་དང་། རབ་ཏུ་འདུད་པ་དང་། ཕྱག་འཚལ་བའོ།། རྒྱལ་པོ་ཆེན་པོ་བརྩོན་འགྲུས་ནི་ཁྱད་པར་དུ་འགྲོ་བར་འགྱུར་བ་སྟེ། བརྩོན་འགྲུས་གང་གིས་ལུས་ཡང་བ་དང་། སེམས་ཡང་བ་འཐོབ་པ་དང་། བྱ་བ་ཐམས་ཅད་ཀྱང་ཉམས་འོག་ཏུ་ཆུད་པར་བྱས་པ་སྟེ། རྒྱལ་པོ་ཆེན་པོ་ཆོས་བཞི་པོ་དེ་དག་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཡོངས་སུ་མི་ཉམས་ཤིང་ཁྱད་པར་དུ་འགྲོ་བར་འགྱུར་བའོ། ། རྒྱལ་པོ་ཆེན་པོ་ཆོས་བཞི་པོ་འདི་དག་ནི་ཟག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམ་འགྱོད་པ་མེད་པ་དང་། བག་ཡོད་པ་ཡོངས་སུ་རྫོགས་པར་འགྱུར་བའོ།། བཞི་གང་ཞེ་ན། དབང་པོ་སྡོམ་པ་དང་། འདོད་པ་རྣམས་ལ་སྐྱོན་དུ་ལྟ་བ་དང་། ཡོངས་སུ་འཛིན་པ་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང་། ཆོས་ལ་ངེས་པར་སེམས་པ་ནི་སྲོག་གི་དབང་པོ་དམ་པ་སྟེ། རྒྱལ་པོ་ཆེན་པོ་ཆོས་བཞི་པོ་དེ་དག་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་འགྱོད་པ་མེད་པ་དང་། བག་ཡོད་པ་ཡོངས་སུ་རྫོགས་པར་འགྱུར་བའོ།། རྒྱལ་པོ་ཆེན་པོ་ཆོས་བཞི་དང་ལྡན་ན་རྒྱལ་པོ་ལ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་སྟེ། བཞི་གང་ཞེ་ན། བྱང་ཆུབ་ཀྱི་སེམས་རྗེས་སུ་མི་གཏོང་བ་དང་། གཞན་དག་ཀྱང་བྱང་ཆུབ་ལ་ཡང་དག་པར་འཛུད་པ་དང་། དགེ་བའི་རྩ་བ་ཐམས་ཅད་བྱང་ཆུབ་ཏུ་སྔོ་བ་དང་། སངས་རྒྱས་ཀྱི་ཆེ་བ་ཉིད་མཐོང་ངམ་ཐོས་ན། སངས་རྒྱས་ཀྱི་ཆེ་བ་ཉིད་ལ་མོས་པ་མ་གཏོགས་པར་ལྷ་དང་། མི་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཆེ་བ་ཉིད་ལ་མངོན་པར་དགའ་བ་མ་ཡིན་པ་སྟེ། རྒྱལ་པོ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། རྒྱལ་པོ་ལ་ཆོས་ཀྱི་རྒྱལ་པོ་ཞེས་བྱའོ།། རྒྱལ་པོ་ཆེན་པོ་དེ་ལྟ་བས་ན། ཁྱོད་རྟག་པར་བག་ཡོད་པར་བྱ་བ་དང་། དད་པ་དང་། དང་བ་མང་བ་དང་། ཆོས་དོན་དུ་གཉེར་བ་དང་། ཆོས་ཀྱི་ཀུན་དགའ་ལ་དགའ་བ་དང་། ཁྱོད་ཆོས་ཡོངས་སུ་བཙལ་བ་ལ་བརྩོན་པ་དང་། ཆོས་འདོད་པར་བྱའི། ཡུལ་ལ་ཆགས་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་འདོད་པ་རྣམས་ལ་ཆོག་པ་མེད་པའི་ཕྱིར་ཏེ། གང་དག་འཕགས་པའི་ཤེས་རབ་ཀྱིས་ངོམས་པ་དེ་དག་ནི་ངོམས་པའོ།། རྒྱལ་པོ་ཆེན་པོ་མི་རྣམས་ཀྱི་སྲོག་ནི་ཐུང་བ། ཚེའི་ཚད་ཀྱང་ཐུང་བ་སྟེ། ཚེ་རབས་འཕྲོ་པབར་འགྲོ་བ་ཡིན་གྱིས། ཁྱོད་འཇིག་རྟེན་ཕ་རོལ་ལ་འཇིག་པར་བལྟ་བར་བྱའོ།། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་གང་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱས་པའི་དགེ་བའི་རྩ་བ་དེ་ཁྱོད་ཀྱིས་ཡོངས་སུ་བསྔོ་བ་བཞིས་ཡོངས་སུ་བསྔོ་བར་བྱའོ། ། བཞི་གང་ཞེ་ན། ལོངས་སྤྱོད་མི་ཟད་པ་དང་། ཆོས་མི་ཟད་པ་དང་། སྤོབས་པ་མི་ཟད་པ་དང་། ཡེ་ཤེས་མི་ཟད་པ་སྟེ། བཞི་པོ་དེ་དག་གོ། གཞན་ཡང་བཞི་སྟེ། བཞི་གང་ཞེ་ན། ཚུལ་ཁྲིམས་ཀྱི་ཚོགས་ཀྱིས་ལུས་ཡོངས་སུ་དག་པ་དང་། ཐོས་པའི་ཚོགས་ཀྱིས་ངག་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཚོགས་ཀྱིས་སེམས་ཡོངས་སུ་དག་པ་དང་། ཡེ་ཤེས་ཀྱི་ཚོགས་ཀྱིས་ཤེས་རབ་ཡོངས་སུ་དག་པ་སྟེ། བཞི་པོ་དེ་དག་གོ།། གཞན་ཡང་བཞི་སྟེ། བཞི་གང་ཞེ་ན། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ཐབས་ཡོངས་སུ་རྫོགས་པ་དང་། བདུད་ཚར་གཅོད་པས་ཤེས་རབ་ཡོངས་སུ་རྫོགས་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པས་སྨོན་ལམ་ཡོངས་སུ་རྫོགས་པ་དང་། སངས་རྒྱས་མཐོང་བ་དང་ཕྲད་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། རྒྱལ་པོ་ཡུལ་འཁོར་སྲུང་ལ་ཆོས་ཀྱི་གཏམ་དེས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་པས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། རིན་ཐང་མེད་པའི་མུ་ཏིག་གི་ངོ་ཤལ་གྱིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་སོ།། ཡོངས་སུ་ལོངས་སྤྱོད་པར་བྱ་བའི་ཕྱིར། རྒྱལ་སྲིད་ཐམས་ཅད་ཀྱང་བཅོམ་ལྡན་འདས་དེ་ལ་ཕུལ་ལོ། ། ཇི་སྲིད་འཚོའི་བར་དུ་ལྔ་པ་ཚངས་པར་སྤྱོད་པ་དང་། བསླབ་པའི་གཞི་རྣམས་མནོས་སོ།། བཙུན་མོའི་འཁོར་དེ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། ། ལྔ་པ་ཚངས་པར་སྤྱོད་པ་དང་། བསླབ་པའི་གཞི་རྣམས་ཀྱང་མནོས་སོ།། རྒྱལ་པོའི་བཙུན་མོའི་འཁོར་ཡང་བཅོམ་ལྡན་འདས་ལས་ཆོས་ཀྱི་གཏམ་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། གོས་དང་རྒྱན་ཅི་ཐོགས་པ་རྣམས་བཅོམ་ལྡན་འདས་ཀྱི་སྐུ་ལ་མངོན་པར་གསོལ་བར་གྱུར་ཏེ། མངོན་པར་གསོལ་ནས་ཀྱང་ཇི་སྲིད་འཚོའི་བར་དུ་ལྔ་པ་ཚངས་པར་སྤྱོད་པ་དང་། བསླབ་པའི་གཞི་རྣམས་མནོས་སོ།། ཞི་བའི་ཟླ་གྲོས་དེ་ལྟར་རྒྱལ་པོ་ཡུལ་འཁོར་སྲུང་ཆོས་ཀྱི་རྙེང་པ་ཕུན་སུམ་ཚོགས་པས་རྙེད་པ་ཆེན་པོ་དང་ལྡན་ནས། བཙུན་མོའི་འཁོར་དང་བཅས་གཉེན་གྱི་འཁོར་དང་བཅས་ཤིང་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་དེའི་ཞབས་དང་། དགེ་སློང་གི་དགེ་འདུན་གྱི་རྐང་པ་ལ་མས་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ཏེ། སྟེང་གི་བར་སྣང་གི་ནམ་མཁའ་ལས་ཁང་པ་བརྩེགས་པ་དེ་ཉིད་ནས། རྒྱལ་པོའི་ཕོ་བྲང་རྣམ་པར་དག་པ་ཅན་དུ་སླར་འཁོར་ནས་རང་གི་ཁྱིམ་དུ་ཕྱིན་ཏོ། ། ཞི་བའི་བློ་གྲོས་དེ་ནས་རྒྱལ་པོ་ཡུལ་འཁོར་སྲུང་དུས་གཞན་ཞིག་ན། ཟླ་བ་ཉ་བའི་ཚེ། མེ་ཏོག་སྣ་ཚོགས་ཞེས་བྱ་བའི་སྐྱེད་མོས་ཚལ་གྱི་ས་བཟང་པོ་བལྟ་བའི་ཕྱིར་སོང་ནས། དེ་སྐྱེད་མོས་ཚལ་ཆེན་པོ་དེ་ན་གནས་ཤིང་སིལ་སྙན་དང་། ཕེག་རྡོབ་པ་དང་། རོལ་མོའི་སྒྲ་རབ་ཏུ་ལེན་པ་དང་། རྩེ་བའི་དམ་པས་རྩེ་དགའ་ཞིང་དགའ་མགུར་སྤྱོད་དོ།། ཆུང་མ་དམ་པ་མ་སྨད་པ་ཞེས་བྱ་བ་དང་། དཔེ་མེད་མ་ཞེས་བྱ་བ་དེ་གཉིས་རྫིང་དགའ་བ་ཞེས་བྱ་བར་ཁྲུས་བྱས་ཏེ། སྤོས་ཆུས་གོས་བརླན་ནས། སེང་གེའི་ཁྲི་པདྨའི་འབྱུང་གནས་བཟང་པོ་ལ་འདུག་གོ།། དེ་གཉིས་དེར་འདུག་པའི་པང་པ་ནས་རྒྱལ་བུ་གཞོན་ནུ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་གཉིས་སྐྱིལ་མོ་ཀྲུང་བཅས་པར་རྫུས་ཏེ་བྱུང་ངོ་།། དེ་ནས་སྐད་ཅིག་དེ་ཉིད་ལ་སྟེང་གི་བར་སྣང་ལས་ལྷ་རྣམས་ཀྱིས། ཀྱེ་མ་ཁྱེའུ་འདི་ནི་ཆོས་ཀྱི་སེམས་པའོ།། ཀྱེ་མཁྱེའུ་འདི་ནི་ཆོས་ཀྱི་བློ་གྲོས་སོ་ཞེས་སྒྲ་ཕྱུང་ངོ་།། ཁྱེའུ་དེ་གཉིས་བྱུང་མ་ཐག་ཏུ་ཞི་བའི་བློ་གྲོས་དེ་ལྟར་འཇིག་རྟེན་དུ་ཁྱེའུ་དེ་གཉིས་ཆོས་ཀྱི་སེམས་པ་དང་། ཆོས་ཀྱི་བློ་གྲོས་ཞེས་བྱ་བའི་མིང་དུ་གྱུར་ཏོ།། དེ་ལ་ཁྱེའུ་ཆོས་སེམས་ནི་བཙུན་མོ་མ་སྨད་པའི་པང་པ་ནས་བྱུང་ངོ་།། ཆོས་ཀྱི་བློ་གྲོས་ནི་བཙུན་མོ་དཔེ་མེད་མའི་པང་པ་ནས་བྱུང་ངོ་།། ཁྱེའུ་དེ་གཉིས་བྱུང་མ་ཐག་ཏུ་སྐྱིལ་མོ་ཀྲུང་མ་ཉམས་པར་གཉིས་ཀས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། གང་དག་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ཅིང་། ། འཇིག་རྟེན་མགོན་པོ་ཡུལ་དུ་བྱུང་བ་ལ། རབ་ཏུ་དང་བའི་སེམས་ཀྱིས་ཕྱག་འཚལ་བ།། དེ་དག་རྙེད་པ་རབ་རྙེད་གྲོགས་པོ་དག། གང་ཞིག་བྱང་ཆུབ་སེམས་ནི་མ་བརྗེད་པ། ། དེ་ནི་སྲིད་པའི་རྒྱ་མཚོའི་གཏིང་དུ་ཕྱིན།། འཁོར་བའི་འཁོར་ལོ་ལས་ནི་ཡིད་ཀྱང་ལོག། སེམས་ཅན་རྒྱ་ཆེན་རྣམས་ཀྱིས་ལེགས་པར་བཟུང་།། སྟེང་གི་ཕྱོགས་ན་ཡན་ལག་མ་སྨད་པ། འདྲེན་པ་མཚན་ནི་དུས་དཔོག་རྒྱལ་པོ་སྟེ།། དེ་ནས་བདག་ཅག་ཆོས་དོན་གཉེར་བ་དང་།། འཇིག་མགོན་ཡོན་ཏན་འབྱུང་གནས་བལྟ་ཕྱིར་མཆིས།། ཁྱེའུ་དེ་གཉིས་ཀྱིས་སྐྱིལ་མོ་ཀྲུང་བཤིག་ནས།། དེ་ཡི་ཚེ་ན་མ་ཡི་པང་ནས་བབས།། ཡུལ་འཁོར་སྲུང་པོ་ག་ལར་དེ་གཉིས་དོང་།། རྐང་པར་ཕྱག་འཚལ་ཐལ་མོ་སྦར་ཏེ་འདག། ཡབ་གཅིག་བདག་ཅག་མཆི་བ་གསན་དུ་གསོལ།། བསྐལ་པ་བྱེ་བར་ཆོས་རྙེད་རབ་ཏུ་དཀའ། ། དེ་རྙེད་ནས་ནི་བྱང་ཆུབ་མ་ཐོབ་པར།། མཁས་པ་དག་ནི་གཞར་ཡང་མི་གཏོང་ངོ་།། སངས་རྒྱས་འབྱུང་བ་རྟག་ཏུ་རབ་རྙེད་དཀའ།། ཕ་མ་དག་ནི་ཆོས་ལ་གནས་པ་དང་། ། དལ་བ་འབྱོར་དང་ཆོས་འདོད་གྲོགས་པོ་དང་།། མཐུན་པར་གནས་དང་བསྟན་ལ་དང་རབ་དཀོན།། འདུན་དང་བརྩོན་འགྲུས་དེ་བཞིན་བག་ཡོད་དང་།། རབ་ཏུ་བྱུང་ཐོབ་རྟག་ཏུ་ཤེས་བཞིན་ཅན། ། ཕན་པའི་དངོས་དང་གཉེན་དང་མ་ཁེངས་དང་།། ངོ་ཚ་ཁྲེལ་ཡོད་ཐོས་དང་ཚུལ་ཁྲིམས་བཟང་།། ཞི་དུལ་སྲོག་ཆགས་རྣམས་ལ་སྙིང་རྗེ་བྱམས།། ཟབ་མོའི་ཆོས་ལ་ཆོས་ཀྱི་བཟོད་ལྡན་དང་། ། བརྩོན་འགྲུས་མཐུ་དང་སེམས་ནི་མ་ཞུམ་དང་།། བསྡུ་བས་སེམས་ཅན་ཡོངས་སུ་སྨིན་བྱེད་དང་།། སེམས་ལས་རུང་ཞིང་དབེན་པར་གནས་པ་དང་།། ལུས་དང་དེ་བཞིན་སྲོག་ལ་མི་ལྟ་དང་། ། མགོ་དང་གོས་ལ་འབར་ལྟར་ཆོས་སེམས་པ།། དེ་དག་སངས་རྒྱས་ཡོན་ཏན་དེ་འདྲ་འཐོབ།། བདག་ཅག་ཆོས་མཆོག་གང་དག་རབ་བརྗོད་པ།། ཆོས་མཆོག་དེ་དག་ཡབ་གཅིག་རབ་རྙེད་དཀའ། ། ཆོས་རྣམས་དེ་དག་དོན་དུ་བདག་ཅག་ལྷགས།། ད་ནི་རྒྱལ་བའི་དྲུང་དུ་བཞུད་པར་བགྱི།། དཀར་པོའི་ཆོས་རྣམས་ཀྱིས་ནི་ཡོངས་ཟིན་ཅིང་།། སྐད་ཅིག་གིས་ནི་མངོན་ཤེས་ལྔ་ཐོབ་པ། ། རྗེས་སུ་དྲན་པ་སྒོམ་ཞིང་ཡེ་ཤེས་ཅན།། བྱང་ཆུབ་སེམས་དཔའ་མཁས་པ་དེ་གཉིས་དོང་།། རྒྱལ་པོ་བུ་དང་བཅས་ཤིང་བུད་མེད་བཅས།། བྱང་ཆུབ་སེམས་དཔའ་མངོན་ཤེས་ཐོབ་མཁས་གཉིས། ། སྟོན་པ་ཡོན་ཏན་རྒྱལ་མཆོག་ག་ལ་བར།། ནམ་མཁའ་ལས་ནི་དེར་ཡང་སྔོན་དུ་དོང་།། དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ཏེ། ། ཐམས་ཅད་འདུས་ནས་གུས་དང་བཅས་པར་གནས།། དེ་ནས་རྒྱལ་སྲས་ཆོས་ཀྱི་བློ་གྲོས་སྤྲས།། བྱང་ཆུབ་ལམ་དེ་བདག་ཅག་བཤད་དུ་གསོལ།། རྒྱལ་བས་དེ་དག་རྣམས་ཀྱི་བསམ་མཁྱེན་ནས། ། ཟབ་མོའི་ཆོས་ཀྱི་གཏམ་ནི་རབ་གསུང་བ།། ཆོས་རྣམས་འདི་དག་བརྟེན་ནས་བྱུང་བ་སྟེ།། བདག་པོ་མེད་ཅིང་བྱེད་པ་པོ་དང་བྲལ།། ནང་ཡང་སྟོང་ཞིང་ཕྱི་རོལ་རྒྱུ་བ་མེད། ། ཆོས་རྣམས་འདི་དག་གསོག་དང་གསོབ་ཡིན་ཏེ།། ལྷ་དང་བྱ་བ་དག་ཅིང་གཡོ་བ་མེད།། ནམ་མཁའ་ལྟ་བུར་རྟག་ཏུ་གཟུང་དུ་མེད།། བདེ་བར་གཤེགས་པས་ཆོས་གཏམ་རྣམ་དག་པ། ། རྣམ་པ་མང་པོ་དེ་དག་རྣམས་ལ་བཤད།། བྱེ་བ་ཕྲག་གསུམ་ཁྲག་ཁྲིག་བདུན་ཅུ་དྲུག། མི་སྐྱེ་བཟོད་པ་རྗེས་སུ་ཐོབ་པར་གྱུར།། ཞི་བའི་བློ་གྲོས་དེ་ལྟར་བཅོམ་ལྡན་འདས་དེ་ལ་རྒྱལ་པོ་ཡུལ་འཁོར་སྲུང་གིས་ཞག་བདུན་གྱི་བར་དུ་མཆོད་པ་བྱས་ནས། བཙུན་མོའི་འཁོར་དང་བཅས་གཉེན་གྱི་འཁོར་དང་བཅས་ཏེ། སྐད་ཅིག་ཐང་ཅག་ཡུད་ཙམ་དེ་ལ་རང་གི་ཁྱིམ་དུ་སླར་ཕྱིན་ཏོ། ། ཞི་བའི་བློ་གྲོས་དེ་ནས་རྒྱལ་པོ་ཡུལ་འཁོར་སྲུང་གཅིག་པུར་དབེན་པར་སོང་སྟེ། བཀོད་པ་ཆེན་པོའི་ཁང་པ་བརྩེགས་པར་སེང་གེའི་ཁྲི་པདྨའི་འབྱུང་གནས་བཟང་པོ་ལ་འདུག་ནས། ནང་དུ་ཡང་དག་བཞག་ཅིང་འདི་སྙམ་དུ་སེམས་ཏེ། བདག་གི་གཞོན་ནུ་འདི་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས། པ་ཤ་སྟག་ན། གཞོན་ནུ་འདི་དག་ཐམས་ཅད་ཀྱི་ནང་ན་གང་ཐོག་མར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་བདག་གིས་བརྟག་གོ་སྙམ་མོ།། དེ་ནས་རྒྱལ་པོ་ཡུལ་འཁོར་སྲུང་གིས་དེའི་མོད་ལ་རིན་པོ་ཆེ་སྣ་བདུན་གྱི་བུམ་པ་བྱེད་དུ་བཅུག་སྟེ། བྱི་དོར་ལེགས་པར་བྱས་ཤིང་། ལེགས་པར་ཟིན་པར་བྱས་ནས། གཞོན་ནུ་དེ་དག་ཐམས་ཅད་ཀྱི་མིང་བྲིས་ཏེ། བུམ་པ་དེའི་ནང་དུ་བཅུག་ནས། རིན་པོ་ཆེ་སྣ་བདུན་གྱི་པདྨ་སྣ་ཚོགས་བལྟ་ན་སྡུག་པ་བྱས་ནས། པདྨ་དེའི་སྟེང་དུ་བུམ་པ་དེ་བཞག་སྟེ། ཞག་བདུན་དུ་ལྷའི་མཆོད་པ་མེ་ཏོག་ཐམས་ཅད་དང་། སྤོས་ཐམས་ཅད་དང་། ཕྱེ་མ་ཐམས་ཅད་དང་། བདུག་པ་ཐམས་ཅད་དང་། བྱུག་པ་ཐམས་ཅད་དང་། རོལ་མོའི་སིལ་སྙན་ཐམས་ཅད་ཀྱིས་མཆོད་དོ།། མིང་དེ་དག་མཆོད་པའོ་ཚེ་ན། ལྷའི་བུ་ཁྲི་མཆོད་པའི་ལས་ཀྱི་ཕྱིར་བརྩོན་པར་གྱུར་ཏོ།། ཞག་བདུན་དུ་མཆོད་པ་བྱས་ནས་བཙུན་མོའི་འཁོར་དང་། དེའི་བུ་སྟོང་དང་། གཞོན་ནུ་གཉིས་ཀྱི་མདུན་དུ་རིལ་གྱིས་གསེར་ལས་བྱས་པའི་ཁྲིའུ་བཟང་པོའི་སྟེང་དུ་བུམ་པ་དེ་བཞག་ནས། ནང་གི་རྨི་བུམ་པ་དེའི་ནང་ནས་མིང་དེ་རྣམས་ཕྱུང་ངོ་།། ཞི་བའི་བློ་གྲོས་དེའི་ཚེ་ཐམས་ཅད་ཀྱི་ཐོག་མར་རྒྱལ་བུ་གཞོན་ནུ་རྣམ་པར་དག་པའི་བློ་གྲོས་ཞེས་བྱ་བ་དེའི་མིང་བྱུང་བར་གྱུར་ཏོ། ། མིང་དེ་བྱུང་མ་ཐག་ཏུ་སྐད་ཅིག་དེ་ཉིད་ལ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་སོ། ། བཙུན་མོའི་འཁོར་ཐམས་ཅད་པང་ན་སིལ་སྙན་ཡོད་པ་དེ་དག་ཀྱང་མ་དཀྲོལ་བར་བྱེ་བོ་ཕྲག་དུ་མའི་སྒྲ་བྱུང་ངོ་།། ཞི་བའི་བློ་གྲོས་འདི་ཇི་སྙམ་དུ་སེམས། ཞི་བའི་བློ་གྲོས་དེའི་ཚེ་དེའི་དུས་ན་ཐམས་ཅད་ཀྱི་ཐོག་མར་མིང་བྱུང་བ་རྒྱལ་བུ་གཞོན་ནུ་རྣམ་པར་དག་པའི་བློ་གྲོས་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་འཁོར་བ་འཇིག་དེ་དེའི་ཚེ་དེའི་དུས་ན། རྒྱལ་བུ་གཞོན་ནུ་རྣམ་པར་དག་པའི་བློ་གྲོས་ཞེས་བྱ་བར་གྱུར་ཏོ།། དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་རྣམ་པར་རྒྱལ་བའི་སྡེ་ཞེས་བྱ་བ་དེའི་མིང་བྱུང་སྟེ། བཅོམ་ལྡན་འདས་གསེར་ཐུབ་དེ་དེའི་ཚེ་དེའི་དུས་ན། རྒྱལ་བུ་གཞོན་ནུ་རྣམ་པར་རྒྱལ་བའི་སྡེ་ཞེས་བྱ་བར་གྱུར་ཏོ།། དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་དབང་པོ་ཞི་བ་ཞེས་བྱ་བ་དེའི་མིང་བྱུང་སྟེ། བཅོམ་ལྡན་འདས་འོད་སྲུང་དེ་དེའི་ཚེ་དེའི་དུས་ན། རྒྱལ་བུ་གཞོན་ནུ་དབང་པོ་ཞི་བ་ཞེས་བྱ་བར་གྱུར་ཏོ།། དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་དེའི་མིང་བྱུང་ངོ་།། དེ་ནི་ང་ཡིན་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བར་གྱུར་ཏོ། ། དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་སྐ་རགས་ཅན་ཞེས་བྱ་བའི་མིང་བྱུང་བར་གྱུར་ཏེ། དེ་ནི་བྱམས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། ། དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་མཆོག་གི་བློ་གྲོས་ཞེས་བྱ་བ་དེའི་མིང་བྱུང་སྟེ། དེ་ནི་སེང་གེ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ།། དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་གློག་གི་ལྷ་ཞེས་བྱ་བ་དེའི་མིང་བྱུང་སྟེ། དེ་ནི་ཏོག་ཅེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ།། དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་བཟང་པོའི་རྒྱལ་པོ་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་མེ་ཏོག་དམ་པ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ།། དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་འོད་ཀྱི་དཔལ་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་མེ་ཏོག་ཅེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། ། དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་རྣམ་པར་སྣང་བའི་པདྨ་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་སྐར་མ་རྒྱལ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ།། དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་དྲི་མ་མེད་པའི་འོད་ཅེས་བྱ་བའི་མིང་བྱུང་སྟེ། དེ་ནི་སྤྱན་ལེགས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ།། དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་རྡུལ་མེད་ཅེས་བྱ་བའི་མིང་བྱུང་སྟེ། དེ་ནི་ལག་བཟངས་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ།། དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་བློ་གྲོས་རྒྱལ་པོ་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་འོད་ཅེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། ། དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་དགེ་བ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་སྐར་མ་ལ་དགའ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ།། དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་ཕྱོགས་འབྱོར་པ་གྲེ་བྱ་བའི་མིང་བྱུང་སྟེ། དེ་ནི་མངོན་འཕགས་གཤེགས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ།། དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་རྣམ་པར་དག་པ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་ཡོན་ཏན་གྱི་མཆོག་མངའ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ།། དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་དཔལ་སྦས་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་ནོར་དཔལ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ།། དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་ལུས་ཤིན་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་ཡེ་ཤེས་འབྱུང་གནས་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། ། དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་དྲག་ཤུལ་ཅན་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་རིན་པོ་ཆེ་འབྱུང་གནས་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། ། དེའི་འོག་ཏུ་རྒྱལ་བུ་གཞོན་ནུ་རིན་ཆེན་གྲགས་པ་ཞེས་བྱ་བའི་མིང་བྱུང་སྟེ། དེ་ནི་ཀུན་ཏུ་སྣང་བ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ།། དེ་བཞིན་དུ་རྒྱ་ཆེར་བྱ་སྟེ། ཞི་བའི་བློ་གྲོས་དེ་ལྟར་བུ་སྟོང་ཡོད་པ་དེའི་ནང་ནས་གཅིག་བཞག་སྟེ། རྒྱལ་བུ་གཞོན་ནུ་ཅོད་པན་བརྒྱན་པ་ཞེས་བྱ་བའི་མིང་གི་བར་དུ་བྱུང་ངོ་།། དེ་ནི་ཡོན་ཏན་མཐའ་ཡས་གྲགས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ། ། ཞི་བའི་བློ་གྲོས་དེའི་ཚེ་རྒྱལ་བུ་གཞོན་ནུ་ཐམས་ཅད་ཀྱི་ཐ་ཆུང་བློ་མཐའ་ཡས་ཞེས་བྱ་བ་དེའི་མིང་བྱུང་བར་གྱུར་པ་དང་། སྣག་གི་གཉེན་མཚམས་ཐམས་ཅད་དང་། སྤུན་རྣམས་ན་རེ། གང་གི་ཚེ་བདག་ཅག་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱས་ཤིང་། སངས་རྒྱས་ཀྱི་བྱ་བ་ཐམས་ཅད་བྱས་པ་དེའི་འོག་ཏུ་ཁྱོད་ཀྱིས་ཅི་ཞིག་བྱར་ཡོད་ཅེས་སྨྲས་པ་དང་། བློ་གྲོས་མཐའ་ཡས་ཀྱིས་སྨྲས་པ། སངས་རྒྱས་ཆོས་རྣམས་འདི་དག་ནམ་མཁའ་མཚུངས་ཤིང་འདྲ།། བདག་གི་ཡིད་ལ་སེམས་ཅན་ཟད་པ་མེད་སྙམ་བགྱིད། ། ཚུལ་ཁྲིམས་ཀྱིས་ནི་བདག་གི་སྨོན་ལམ་འདི་དག་གྱུར།། བདག་གི་སྨོན་ལམ་ཅི་འདྲ་ཐམས་ཅད་འདིར་གསོན་ཅིག། ཁྱེད་ཀྱི་ཚེ་ཚད་ཇི་ཙམ་པ་དག་བསྡོམས་པ་དང་། ཚོགས་ཀྱི་རྒྱལ་པོ་ཇི་སྙེད་དེ་དག་ཀུན་བསྡོམས་པ།། ཐམས་ཅད་བསྡོམས་པ་དེ་སྙེད་བདག་གི་ཚེར་གྱུར་ཏེ།། བདག་གི་དགེ་སློང་ཚོགས་ཀྱང་དེ་ཀུན་མ་ལུས་སྙེད།། དེ་ཡིས་ཚིགས་སུ་བཅད་པ་དེ་ནི་སྨྲས་མ་ཐག། དེ་ཡི་ཚེ་ན་ལེགས་ཞེས་ལྷ་ཡིས་སྒྲ་ཕྱུང་སྟེ།། སེམས་ཅན་དག་པ་ཁྱོད་ཀྱི་བསམ་པ་རྫོགས་གྱུར་ཅིག། ཁྱོད་ཀྱིས་ཇི་ལྟར་བསམ་བཞིན་སེམས་ཅན་དོན་མཛོད་ཅིག། ཞི་བའི་བློ་གྲོས་དེ་ལྟར་རྒྱལ་བུ་གཞོན་ནུ་ཐམས་ཅད་ཀྱི་ཐ་ཆུང་ངུ་གྱུར་པ་བློ་མཐའ་ཡས་ཞེས་བྱ་བ་དེ་ནི་བསྐལ་པ་བཟང་པོ་འདི་ལ་དེ་བཞིན་གཤེགས་པ་ཐ་མ་པ་མོས་པ་ཞེས་བྱ་བར་འགྱུར་ཏེ། ཞི་བའི་བློ་གྲོས་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་ཚེའི་ཚང་ཇི་ཙམ་པ་དང་། ཉན་ཐོས་ཀྱི་དགེ་འདུན་ཇི་སྣང་བར་འགྱུར་བ། དེ་བཞིན་གཤེགས་པ་མོས་པ་དེའི་ཚེ་ཚད་ཀྱང་དེ་སྲིད་དུ་འགྱུར། ཉན་རྫས་ཀྱི་དགེ་འདུན་ཡང་དེ་སྲིད་དུ་འགྱུར་རོ། ། བདག་དེ་ལྟར་མོས་པས་ན་དེའི་ཕྱིར་མོས་པ་ཞེས་བྱའོ།། ཞི་བའི་བློ་གྲོས་འདི་ལྟར་སངས་རྒྱས་སྟོང་དུ་གཅིག་གིས་མ་ཚང་བ་དག་སངས་རྒྱས་ཀྱི་མཛད་པ་ཇི་སྙེད་མཛད་པ་དེ་སྙེད་དེ་བཞིན་གཤེགས་པ་མོས་པས་བྱེད་པར་འགྱུར་བས། ཐབས་མཁས་པའི་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་རྒྱུ་མཐུན་པ། སྨོན་ལམ་ཡོངས་སུ་རྫོགས་པའི་ཁྱད་པར་ལ་ལྟོས་ཞི་བའི་བློ་གྲོས་དེ་ནས་གཞོན་ནུ་སྟོང་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་གཞོན་ནུ་ཆོས་སེམས་དང་། ཆོས་ཀྱི་བློ་གྲོས་དང་། དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་གཉིས་ཀྱིས་སྨོན་ལམ་ཇི་ལྟ་བུ་ཞིག་བཏབ། ཆོས་སེམས་པས་སྨྲས་པ། གྲོགས་པོ་དག་བདག་ནི་ཁྱེད་ཐམས་ཅད་ཀྱི་ལག་ན་རྡོ་རྗེར་གྱུར་ཏེ། ནང་ན་སྤྱོད་ཅིང་དེ་བཞིན་གཤེགས་པའི་གསང་བ་ཐམས་ཅད་ལས་ཕྱི་རོལ་དུ་མ་གྱུར་ལ། ཕྱི་ནང་གི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཉན་པ་དང་། མོས་པ་དང་། རྟོགས་པ་དེ་ལྟར་བདག་སྨོན་ལམ་འདེབས་སོ།། ཆོས་ཀྱི་བློ་གྲོས་ཀྱིས་སྨྲས་པ། སྣག་གི་གཉེན་འཚམས་དག། བགྲེས་རབས་དག། བདག་ནི་ཁྱེད་རྣམས་ཐམས་ཅད་ཀྱིས་བྱང་ཆུབ་ཐོབ་པ་ན། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཏེ། བདག་གིས་བསྐུལ་བས་ཁྱེད་ཐམས་ཅད་ཀྱིས་ཆོས་ཀྱི་འཁོར་ལོ་སྐོར་བར་གྱུར་ཅིག་ཅེས་སྨོན་ལམ་འདི་ལྟར་འདེབས་སོ། ། ཞི་བའི་བློ་གྲོས་དེ་གཉིས་ཀྱང་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་བཅོམ་ལྡན་འདས་དེས་ལུང་བསྟན་པར་གྱུར་ཏོ།། ཞི་བའི་བློ་གྲོས་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བར་གྱུར་པ་དེ་ཁྱོད་ཀྱིས་གཞན་ཡིན་པ་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་མར་མེ་མཛད་དེ་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བར་གྱུར་ཏོ། ། དེའི་བུ་གཞོན་ནུ་སྟོང་ཡོད་པ་དེ་དག་ནི་བསྐལ་པ་བཟང་པོའི་དེ་བཞིན་གཞན་གཤེགས་པ་ཤ་སྟག་སྟེ། དེ་བཞིན་གཤེགས་པ་འཁོར་བ་འཛེག་ནས་བཟུང་སྟེ། དེ་བཞིན་གཤེགས་པ་མོས་པ་ཞེས་བྱ་བའི་བར་དག་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུར་གྱུར་ཏོ།། ཞི་བའི་བློ་གྲོས་བཙུན་མོ་མ་སྨད་པ་ཞེས་བྱ་བའི་པང་པ་ནས་རྫུས་ཏེ་བྱུང་བ་ཁྱེའུ་ཆོས་ཀྱི་སེམས་པ་ཞེས་བྱ་བར་གྱུར་པ་དེ་ནི་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་འདི་ཡིན་ཏེ། དེའི་ཚེ་དེའི་དུས་ན་ཁྱེའུ་ཆོས་ཀྱི་སེམས་པ་ཞེས་བྱ་བར་གྱུར་ཏོ།། ཞི་བའི་བློ་གྲོས་བཙུན་མོ་དཔེ་མེད་མ་ཞེས་བྱ་བའི་བང་བ་ནས་རྫུས་ཏེ་བྱུང་བ་ཁྱེའུ་ཆོས་ཀྱི་བློ་གྲོས་ཞེས་བྱ་བ་དེ་ནི་ཚངས་པ་གཙུག་པུད་ཅན་འདི་ཡིན་ཏེ། དེའི་ཚེ་དེའི་དུས་ན་ཁྱེའུ་ཆོས་ཀྱི་བློ་གྲོས་ཞེས་བྱ་བར་གྱུར་ཏོ། ། ཞི་བའི་བློ་གྲོས་རྒྱལ་པོ་ཡུལ་འཁོར་སྲུང་གི་བཙུན་མོའི་འཁོར་དུ་གྱུར་པ་གང་ཡིན་པ་དེ་དག་ནི་འཁོར་འདིར་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ནོ།། རྒྱལ་བ་ཨུ་གཞོན་ནུ་དེ་རྣམས་ཀྱིས་སེམས་ཅན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དེ་དག་ཐམས་ཅད་ནི་བསྐལ་པ་བཟང་པོ་འདི་ཉིད་ལ་མཐར་གྱིས་ལུང་བསྟན་པ་ཐོབ་པར་འགྱུར་རོ། ། ཞི་བའི་བློ་གྲོས་འདི་ལྟར་སྐྱེས་བུ་དམ་པ་དེ་དག་གི་བསམ་པ་ཐམས་ཅད་འབྱོར་པས་དགེ་བའི་རྩ་བའི་རྒྱུ་ལས་བྱུང་བའི་སེམས་བསྐྱེད་པ་ཆུང་མི་ཟ་བ་རྟེན་ཅིང་འབྲེལ་པར་འབྱུང་བའི་མི་འགལ་བ་ལ་ལྟོས། ཡུལ་འཁོར་སྲུང་གི་སྔོན་གྱི་ཚུལ་གྱི་ལེའུ་སྟེ་ལྔ་པའོ།། ། ཞི་བའི་བློ་གྲོས་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་རྣམས་ཀྱང་སེམས་ཅན་ཆེན་པོ་དེ་དག་གི་རྗེས་སུ་བསླབ་པར་བྱའོ། ། ཚིག་ལྷུར་བླང་བར་མི་བྱའི་བྱང་ཆུབ་ཀྱི་ལམ་ལ་མངོན་པར་བརྩོན་པས་བསྒྲུབས་པ་སྙིང་པོར་བྱའོ། ། དེ་ལ་བྱང་ཆུབ་ཀྱི་ལམ་གང་ཞེ་ན། འདི་ལྟ་སྟེ། བྱམས་པའི་རྗེས་སུ་འབྲང་བའི་སེམས་སྐྱེད་པས་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་པ་དང་བསྡུ་བའི་དངོས་པོའི་རྗེས་སུ་འབྲང་བ་དང་། ཚངས་པའི་གནས་པ་བཞི་བསྒྲུབ་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་མངོན་པར་བརྩོན་པ་དང་། མངོན་པར་ཤེས་པ་ཡོངས་སུ་སྦྱང་བ་ཡོངས་སུ་སྐང་བ་དང་། ཐབས་ལ་མཁས་པས་མངོན་པར་བསྒྲུབས་པའི་དགེ་བའི་ཆོས་ཐམས་ཅད་ཀྱི་ཚོགས་སོགས་པ་སྟེ། འདི་ནི་བྱང་ཆུབ་ཀྱི་ལམ་ཞེས་བྱའོ།། ཞི་བའི་བློ་གྲོས་གཞན་ཡང་བྱང་ཆུབ་ཀྱི་ལམ་ནི། འདི་ལྟ་སྟེ། དད་པ་དང་། བསམ་པ་དང་། ལྷག་པའི་བསམ་པ་ཡོངས་སུ་དག་པ་དང་། དྲང་བ་ཉིད་དང་། གཡོ་མེད་པ་ཉིད་དང་། ཡངས་པ་ཉིད་དང་། སྒྲིབ་པ་མེད་པ་ཉིད་དང་། མཉམ་པ་ཉིད་དང་། སེམས་སྙོམས་པ་ཉིད་དང་། མི་འཇིགས་པ་ཉིད་དང་། སྡིག་པ་ཐམས་ཅད་མི་བྱེད་པ་ཉིད་ཡིན་ནོ། ། ལམ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་འབྱོར་པའོ།། ལམ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་བདེ་བར་འགྲོ་བའོ།། ལམ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་གནོད་པ་མེད་པའོ། ། ལམ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་རྒྱུན་ཆད་པ་མེད་པའོ།། ལམ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་མི་འཁྲུགས་པའོ།། ལམ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ལེགས་པར་རྟོགས་པའོ། ། ལམ་དེ་ནི་བྱམས་པ་ཆེན་པོས་འབྱུང་བ་ཤེས་པའི་རྗེས་སུ་སོང་བའོ།། ལམ་དེ་ནི་སྙིང་རྗེ་ཆེན་པོས་ཕྱིར་མི་ལྡོག་པའོ།། ལམ་དེ་ནི་དགའ་བ་ཆེན་པོས་མཆོག་ཏུ་དགའ་བར་བྱེད་པའོ། ། ལམ་དེ་ནི་བཏང་སྙོམས་ཆེན་པོས་སྙིང་པོའི་རྗེས་སུ་སོང་བའོ།། ལམ་དེ་ནི་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་དང་། འཚེ་བའི་རྣམ་པར་རྟོག་པ་དང་བྲལ་བས་སྡོང་དུ་མ་དང་ཚེར་མ་མེད་པའོ། ། ལམ་དེ་ནི་ཞེས་འགྲས་པའི་སེམས་མེད་པས་བདེ་བར་འགྲོ་བའོ།། ལམ་དེ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་རེག་པ་དང་བྲལ་བས་གཡོན་ཅན་དང་བྲལ་བའོ། ། ལམ་དེ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་ལེགས་པར་བརྟགས་པས་ཕྱིར་རྒོལ་བ་དང་བྲལ་བའོ།། ལམ་དེ་ནི་ཉོན་མོངས་པ་ཐམས་ཅད་དང་བྲལ་བས་བདུད་ཕྱིར་རྒོལ་བ་བཅོམ་པའོ། ། ལམ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་དང་བྲལ་བས་སེམས་རླབས་པོ་ཆེར་འགྲོ་བའོ།། ལམ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཞུགས་པའོ། ། ལམ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་རིན་པོ་ཆེ་དང་མཐུན་པས་རིན་པོ་ཆེ་ཆེན་པོ་སྒྲུབ་པའོ། ། ལམ་དེ་ནི་ཆགས་པ་མེད་པའི་ཡེ་ཤེས་ཀྱི་སྣང་བས་རྟག་ཏུ་གསལ་བའོ།། ལམ་དེ་ནི་དགེ་བའི་བཤེས་གཉེན་གྱིས་ལེགས་པར་ཡོངས་སུ་ཟིན་པས་དགེ་བ་སྟོན་པའོ།། ལམ་དེ་ནི་རྗེས་སུ་འཆགས་པ་དང་ཁོང་ཁྲོ་བ་མེད་པས་མཐོ་དམན་མེད་པའོ། ། ལམ་དེ་ནི་གནོད་སེམས་དང་། ཐ་བ་དང་། ཁྲོ་བ་མེད་པས་རྡུལ་དང་བྲལ་བའོ།། ལམ་དེ་ནི་མི་དགེ་བའི་ཆོས་ཐམས་ཅད་དང་བྲལ་བས་བདེ་འགྲོར་འགྲོ་བའོ། ། ལམ་དེ་ནི་མྱ་ངན་ལས་འདས་པའི་མཐར་འགྲོ་བས་བདེ་བའི་ཕྱོགས་སུ་འགྲོ་བའོ།། ཞི་བའི་བློ་གྲོས་དེ་ལྟར་ན་གང་ལ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅས་ཀྱི་འགྲོ་བ་མེད་པ་དང་། ལམ་མ་ཡིན་པ་དེ་འདྲ་བ་ནི་བྱང་ཆུབ་སེམས་དཔའི་ལམ་སྟེ། ལམ་དེ་ལ་གནས་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། བྱང་ཆུབ་ཀྱི་ལམ་གྱི་ལེའུ་སྟེ་དྲུག་པའོ། ། ། དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། གསང་བ་པའི་བདག་པོ་དེ་བཞིན་གཤེགས་པའི་གསང་བ་ཅི་འདྲ། དེ་བཞིན་གཤེགས་པའི་གསང་བ་པའི་ཕྱོགས་ཙམ་ཞིག་ལ་ཁྱོད་སྤོབས་པར་གྱིས་ཤིག། དེ་སྐད་ཅེས་སྨྲས་པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ།། སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བསྟན་གྱིས། རིགས་ཀྱི་བུ་ཉོན་ཅིག། ཞི་བའི་བློ་གྲོས་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པའི་གསང་བའོ། ། གསུམ་གང་ཞེ་ན། འདི་ལྟ་སྟེ། སྐུའི་གསང་བ་དང་། གསུང་གི་གསང་བ་དང་། ཐུགས་ཀྱི་གསང་བའོ།། ཞི་བའི་བླ་གྲོས་དེ་ལ་དེ་བཞིན་གཤེགས་པའི་སྐུའི་གསང་བ་གང་ཞེ་ན། ཞི་བའི་བླ་གྲོས་འདི་ལ་དེ་བཞིན་གཤེགས་པ་ནི་མི་དགོངས་ཤིང་རབ་ཏུ་མི་རྟོག་པར་སྤྱོད་ལམ་ཐམས་ཅད་ཀྱང་ཀུམ་སྟོན་ཏེ། རིགས་ཀྱི་བུ་དེ་ལ་ལྷ་དང་མི་ཁ་ཅིག་འདུག་པ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་བཞུགས་པར་མཐོང་ངོ་།། ལྷ་དང་མི་ཁ་ཅིག་འཆག་པ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་འཆག་པར་མཐོང་ངོ་། ། ལྷ་དང་མི་ཁ་ཅིག་འགྲེང་བ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་འགྲེང་བ་མཐོང་ངོ་།། ལྷ་དང་མི་ཁ་ཅིག་ཉལ་བ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་མནལ་བར་མཐོང་ངོ་། ། ལྷ་དང་མི་ཁ་ཅིག་ཆོས་སྟོན་པ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་སྟོན་པར་མཐོང་ངོ་།། ལྷ་དང་མི་ཁ་ཅིག་མི་སྨྲ་བ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་མི་གསུང་བར་གྱུར་པར་མཐོང་ངོ་། ། ལྷ་དང་མི་ཁ་ཅིག་བསམ་གཏན་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་བསམ་གཏན་ལ་སྙོམས་པར་ཞུགས་པར་མཐོང་ངོ་། ། ལྷ་དང་མི་ཁ་ཅིག་ལངས་པ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་བཞེངས་པར་མཐོང་ངོ་།། ལྷ་དང་མི་ཁ་ཅིག་མིག་མི་འཛུམས་པར་ལྟ་བ་གཙོ་བོར་བྱེད་པ་དེ་ངག་གིས་ནི་དེ་བཞིན་གཤེགས་པ་སྤྱན་མི་འཛུམས་པར་གཟིགས་པར་མཐོང་ངོ་། ། ལྷ་དང་མི་ཁ་ཅིག་འཛུམ་པ་བྱེད་པ་གཙོ་བོར་འཛིན་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་འཛུམ་པ་མཛད་པར་མཐོང་། ། ལྷ་དང་མི་ཁ་ཅིག་མདོག་གིསར་གྱི་ཁ་དོག་ལྟ་བུ་གཙོ་བོར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་སྐུ་མདོག་གསེར་གྱི་ཁ་དོག་ལྟ་བུར་མཐོང་ངོ་།། དེ་བཞིན་དུ་ལ་ལས་ནི་དངུལ་གྱི་མདོག་ཏུ་མཐོང་ངོ་། ། དེ་བཞིན་དུ་ཤེལ་གྱི་མདོག་དང་། བཻ་ཌཱུཪྻའི་མདོག་དང་། རྡོའི་སྙིང་པོའི་མདོག་དང་། སྤུག་གི་མདོག་དང་། མུ་ཏིག་དམར་པོའི་མདོག་དང་། མུ་ཏིག་དཀར་པོའི་མདོག་དང་། མདོག་དམར་པོ་དང་། མདོག་དཀར་པོ་དང་། བཙོད་ཀའི་མདོག་དང་། མདོག་སྔོན་པོ་དང་། མདོག་སེར་པོ་དང་། ཟླ་བའི་མདོག་དང་། ཉི་མའི་མདོག་དང་། མེའི་མདོག་དང་འོད་ཀྱི་མདོག་དང་། བརྒྱ་བྱིན་གྱི་མདོག་དང་། ཚངས་པའི་མདོག་དང་། བ་མོའི་མདོག་དང་ལྡོང་རོས་ཀྱི་མདོག་དང་། མཚལ་གྱི་མདོག་ཏུ་མཐོང་ངོ་།། ལ་ལས་ནི་ཆུའི་མདོག་དང་ལ་ལས་ནི་མྱ་ངན་འཚང་གི་མེ་ཏོག་གི་མདོག་དང་། ཙམ་པ་ཀའི་མདོག་དང་། སྣ་མའི་མེ་ཏོག་གི་མདོག་དང་། བར་ཤི་ཀའི་མདོག་དང་། པདྨའི་མདོག་དང་། ཀུ་མུ་ཏའི་མདོག་དང་པདྨ་དཀར་པོའི་མདོག་དང་། དཔལ་གྱི་མདོག་དང་། རྣམ་ཐོས་ཀྱི་བུའི་མདོག་དང་། ངང་པའི་རྒྱལ་པོ་དང་སྐྱའི་མདོག་དང་། པདྨ་གསར་པའི་མདོག་དང་། དཔལ་གྱི་སྙིང་པོའི་མདོག་དང་། རིན་པོ་ཆེ་བྱུ་རུའི་མདོག་དང་། ནོར་བུ་རིན་པོ་ཆེའི་མདོག་དང་། ཨན་ད་རྙིལ་གྱི་མདོག་དང་། ནམ་མཁའ་དག་པའི་གཟི་བརྗིད་ཀྱི་མདོག་དང་། ལྷ་དང་མི་ཁ་ཅིག་ཡོན་ཏན་གྱི་བསྔགས་པ་མཐའ་ཡས་པར་མོས་པ་དེ་དག་གིས་ནི། དེ་བཞིན་གཤེགས་པའི་སྐུའི་ཡོན་ཏན་གྱི་བསྔགས་པ་མཐའ་ཡས་པ་དང་ལྡན་པར་མཐོང་ངོ་།། ཞི་བའི་བློ་གྲོས་དེ་ལྟར་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དང་། གང་ཡང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་ངག་ཐམས་ཅད་མིའི་ལུས་ཐོབ་པར་གྱུར་ལ། དེའི་ནང་ནས་སེམས་ཅན་གཅིག་གིས་སེམས་ཅན་དེ་དག་ཇི་སྙེད་པ་དེ་སྙེད་ལ། དེ་བཞིན་གཤེགས་པའི་སྐུ་གཟུགས་དང་། མདོག་དང་། རྟགས་དང་། དབྱིབས་དང་། སྤྱོད་ལམ་དུ་སེམས་ཤིང་མོས་ཏེ་མངོན་པར་སྒྲུབ་ལ། སེམས་ཅན་གཅིག་གིས་ཇི་ལྟ་བ་བཞིན་དུ་སེམས་ཅན་དེ་དག་ཐམས་ཅད་རེ་རེས་ཀྱང་དེ་སྙེད་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་དང་། མདོག་དང་། རྟགས་དང་། དབྱིབས་དང་། སྤྱོད་ལམ་དུ་སེམས་ཤིང་མོས་ཏེ་མངོན་པར་སྒྲུབ་ལ། སེམས་ཅན་གཅིག་གི་སེམས་ཀྱི་མོས་པ་གང་ཡིན་པ་དེ་སེམས་ཅན་གཉིས་པའི་མ་ཡིན་ཏེ། ཞི་བའི་བློ་གྲོས་རྣམ་གྲངས་དེ་ན། དེ་བཞིན་གཤེགས་པ་སེམས་ཅན་དེ་དག་ཐམས་ཅད་ཀྱི་སེམས་ཀྱི་མོས་པ་ཚིམ་པར་མཛད་དེ། ཇི་ལྟར་མོས་པ་བཞིན་དུ་སེམས་ཅན་དེ་དག་གིས་དེ་བཞིན་གཤེགས་པའི་སྐུའི་མདོག་དང་། གཟུགས་དང་། རྟགས་དང་། དབྱིབས་དང་། སྤྱོད་ལམ་དུ་ཤེས་མོད་ཀྱི། དེ་ལ་དེ་བཞིན་གཤེགས་པའི་སྐུ་འམ། ཐུགས་ཀྱི་མཛད་པ་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པ་སྔོན་གྱི་སྤྱོད་པ་ཡོངས་སུ་སྦྱངས་པའི་ཁྱད་པར་གྱིས་ལྷུན་གྱིས་གྲུབ་པས། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་ཚིམ་པར་མཛད་པའི་གཟུགས་དང་། མདོག་དང་། རྟགས་དང་། དབྱིབས་དང་། སྤོང་ལམ་གྱིས་ཀུན་ཏུ་བཞུགས་སོ། ། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་མེ་ལོང་གི་དཀྱིལ་འཁོར་ཡོངས་སུ་དག་པ་ལ། གཟུགས་སུ་སྣང་བ་ཅི་འདྲ་བ་ཉེ་བར་གཞག་པ་དེ་འདྲ་བ་ཉིད་ཀྱི་གཟུགས་བརྙན་དེ་ན་ལྷག་ཆད་མེད་པར་མཚུངས་པར་སྣང་ཡང་། མེ་ལོང་གི་དཀྱིལ་འཁོར་ནི་མི་སེམས་མི་རྟོག་གོ།། ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའང་མི་དགོངས་མི་རྟོག་པར་ལྷུན་གྱིས་གྲུབ་པར་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པའི་རྣམ་པར་རིག་པ་ཚིམ་པར་མཛད་དོ། ། ཞི་བའི་བློ་གྲོས་འདི་ནི་དེ་བཞིན་གཤེགས་པའི་སྐུའི་གསང་བའོ།། བོའི་བློ་གྲོས་གཞན་ཡང་དེ་བཞིན་གཤེགས་པའི་སྐུ་ནི་ཕུང་པོས་རབ་ཏུ་ཕྱེ་བ་མ་ཡིན། ཁམས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། སྐྱེ་མཆེད་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། ལས་ལས་བྱུང་བ་མ་ཡིན། ཉོན་མོངས་པ་ལས་བྱུང་བ་མ་ཡིན། ཕ་མ་ལས་བྱུང་བ་མ་ཡིན། འབྱུང་བ་ཆེན་པོའི་ནུར་ནུར་པོ་ལས་བྱུང་བ་མ་ཡིན། ཤ་དང་ཁྲག་གིས་གཡོགས་པ་མ་ཡིན། རུས་པ་དང་ཆུ་བའི་བོག་རེས་སྦྲེལ་བ་མ་ཡིན། དབུགས་ཕྱི་ནང་དུ་རྒྱུ་བ་དང་སྲོག་དང་འབྲེལ་བ་མ་ཡིན་ཏེ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ནི་སྐུ་མེད་པ་སྟེ། ཆོས་ཀྱི་སྐུ་དང་གཟུགས་དང་། མཚན་མེད་པའི་སྐུ་དང་། སྤྲོས་པ་མེད་ཅིང་རྒྱུ་བ་མེད་པའི་སྐུ་ཡིན་ཡང་། དེ་གཟུགས་དང་མཚན་གཙོ་བོར་བྱེད་པའི་སེམས་ཅན་སྐུ་བསྟན་པས་འདུལ་བ་རྣམས་ཀྱི་མིག་ལ་སྣང་བར་འགྱུར་རོ། ། གཟུགས་ལས་དབེན་པ་ཆོས་ཀྱི་སྐུ་དང་། གཉིད་གཙོ་བོར་བྱེད་པའི་སེམས་ཅན་རྣམས་ལ་ནི། ལྷའི་མིག་གིས་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་བལྟར་སྣང་བར་མ་འགྱུར་རོ། ། ཞི་བའི་བློ་གྲོས་དེ་ལ་འཁོར་གཅིག་ཏུ་འདུས་པའི་སེམས་ཅན་གྱི་ནང་ནས་ཀྱང་། ཁ་ཅིག་གིས་ནི་དེ་བཞིན་གཤེགས་པའི་སྐུ་མཐོང་། ཁ་ཅིག་གིས་ནི་མི་མཐོང་། ཁ་ཅིག། གིས་ནི་རྒྱང་རིང་པོ་ན་འདུག་ཀྱང་མཐོང་། ཁ་ཅིག་གིས་ནི་ཉེ་བ་ན་འདུག་ཀྱང་མི་མཐོང་། ཁ་ཅིག་གིས་ནི་ཐག་རིང་པོ་ན་འདུག་ལ་མཐོང་། ཁ་ཅིག་གིས་ནི་ཉེ་བ་ན་འདུག་ལ་མི་མཐོང་། ལ་ལས་ནི་དྲན་པའི་རྣམ་པས་མཐོང་ལ། གཡེང་བའི་རྣམ་པས་མི་མཐོང་ངོ་།། ལ་ལས་ནི་གཡེང་བའི་རྣམ་པས་མཐོང་ལ། དྲན་པའི་རྣམ་པས་མི་མཐོང་ངོ་།། ལ་ལས་ནི་གཞན་གྱིས་ཉེ་བར་བསྟན་པས་མཐོང་ཞིང་། བདག་གིས་བལྟས་པས་མི་མཐོང་ངོ་།། ལ་ལས་ནི་བདག་གིས་བལྟས་པས་མཐོང་ལ། གཞན་གྱིས་བལྟས་པས་མི་མཐོང་ངོ་།། ལ་ལས་ནི་རྨི་ལམ་ན་མཐོང་ལ། སད་པ་ན་མི་མཐོང་ངོ་།། ལ་ལས་ནི་སད་པ་ན་མཐོང་ལ། རྨི་ལམ་ན་མི་མཐོང་ངོ་།། ལ་ལས་ནི་མཉམ་པར་གཞག་ན་མཐོང་ལ། ལངས་ན་མི་མཐོང་ངོ་། ། ལ་ལས་ནི་ལངས་ན་མཐོང་ལ། མཉམ་པར་གཞག་ན་མི་མཐོང་ངོ་།། ལ་ལས་ནི་སྡུག་པའི་རྣམ་པར་མཐོང་ལ། མི་སྡུག་པའི་རྣམ་པར་མ་ཡིན་ནོ།། ལ་ལས་ནི་མ་སྡུག་པའི་རྣམ་པར་མཐོང་ལ། སྡུག་པའི་རྣམ་པར་མ་ཡིན་ནོ།། ལ་ལས་ནི་མ་བརྩལ་བས་མི་མཐོང་ལ། བརྩལ་བས་མཐོང་ངོ་།། ལ་ལས་ནི་མ་བརྩལ་བས་མཐོང་ལ། བརྩལ་བས་མི་མཐོང་ངོ་། ། ལ་ལས་ནི་བསྒྲིམས་ན་མཐོང་ལ། མ་བསྒྲིམས་ན་མ་ཡིན་ནོ།། ལ་ལས་ནི་མ་བསྒྲིབས་ན་མཐོང་ལ། བསྒྲིབས་ན་མ་ཡིན་ནོ།། ཞི་བའི་བློ་གྲོས་དེ་ལྟར་དེ་བཞིན་གཤེགས་པའི་སྐུ་ནི་འདི་དག་དང་། གཞན་ཡང་ཚད་མེད་པའི་རྣམ་པར་སྟོན་པ་མཛད་དོ།། གང་ཡང་གཟུགས་ན་སྤྱོད་པའི་ལྷའི་བུ་ལུས་དང་། སྤྱོད་པ་དང་། སྤྱོད་ལམ་རབ་ཏུ་ཞི་བ། མཉམ་པར་གཞག་པ། ལུས་ཞི་བ། དུལ་བ་དེ་དག་གི་མིག་ཀྱང་འཁྲུལ་པར་གྱུར་ཏེ། དེ་བཞིན་གཤེགས་པའི་སྐུ་ལ་དཔག་པར་བྱ་བ་འམ། མཚན་མ་གཟུང་བར་མི་ནུས་སོ། ། དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ནི་ཁ་དོག་ཐ་དད་པས་ཚད་མེད་པའོ།། ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའི་ཕྱིར་ནམ་མཁའ་དང་མཚུང་སོ། ། ཞི་བའི་བློ་གྲོས་ནམ་མཁས་ཇི་ཙམ་དུ་ཁྱབ་པ་དེ་ཙམ་དུ་དེ་བཞིན་གཤེགས་པའི་སྐུས་ཁྱབ་པོ།། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བའོ། ། ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུའང་ཐམས་ཅད་ཀྱིས་རྗེས་སུ་སོང་བའོ།། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་སྤྲོས་པ་མེད་པའོ།། བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུའང་སྤྲོས་པ་མི་མངའ་འོ།། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བའོ།། ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུའང་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བའོ། ། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། ། ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུའང་འགྱུར་བ་མི་མངའ་ཞིང་རྣམ་པར་རྟོག་པ་མི་མངའ་འོ།། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་གཟུགས་སུ་སྣང་བ་ཐམས་ཅད་དུ་ཞུགས་པའོ། ། ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུའང་སེམས་ཅན་དུ་སྣང་བ་ཐམས་ཅད་དུ་ཞུགས་སོ།། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ནམ་མཁའི་ནང་དུ་ནི་གཟུགས་སུ་སྣང་བ་ཐམས་ཅད་འདུས་སོ།། ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུའི་ནང་དུའང་སེམས་ཅན་དུ་སྣང་བ་ཐམས་ཅད་དུ་འདུས་སོ།། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་ནི་རྩཝ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཚལ་ཐམས་ཅད་རྣམ་པར་འཕེལ་ལོ།། ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ལས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་དག་རྣམ་པར་འཕེལ་ལོ། ། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་རྟག་པའང་མ་ཡིན། མི་རྟག་པའང་མ་ཡིན་ཏེ། ཅིར་ཡང་བརྗོད་པ་མ་ཡིན་ནོ།། ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུའང་རྟག་པའང་མ་ཡིན། མི་རྟག་པའང་མ་ཡིན་ཏེ། ཅིར་ཡང་བརྗོད་པ་མ་ཡིན་ནོ། ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྤྱི་གཙུག་བལྟར་མི་མཐོང་བ་སྟེ། ཞི་བའི་བླ་གྲོས་གང་དེ་བཞིན་གཤེགས་པའི་སྤྱི་གཙུག་མཐོང་བར་ནུས་པ་དེ་ནི་ཁ་བས་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སློང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་མ་མཐོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་ཁོ་བོས་འདི་ལྟར་མངོན་པར་ཤེས་ཏེ། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོར་མ་ལོན་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་ནས། གྲོང་ཁྱེར་ཝཱ་རཱ་ཎཱ་སི་ན་དྲང་སྲོང་ལྟུང་བ་རི་དགས་ཀྱི་ནགས་ན་བཞུགས་པའི་དུས་གཅིག་ན་ཤར་ཕྱོགས་ལོགས་ཀྱི་དེ་བཞིན་གཤེགས་པ་ཙམ་པ་ཀའི་མདོག་གི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་དགྲ་འདུལ་ནས། བྱང་ཆུབ་སེམས་དཔའ་ཤུགས་འཆང་ཞེས་བྱ་བ་དེ། བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ། དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ།། དེ་ནས་སངས་རྒྱས་ཀྱི་མཐུས། བྱང་ཆུབ་སེམས་དཔའ་ཤུགས་འཆང་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྤྱི་གཙུག་པོ་ལྟར་མི་མཐོང་ལ། སྐུ་ཚད་མེད་ཅིང་མཐའ་ཡས་ཀྱང་བདག་གིས་དེ་བཞིན་གཤེགས་པའི་སྐུའི་ཚད་དང་མཐའ་ཡོངས་སུ་བཙལ་བར་བྱའོ་སྙམ་མོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཤུགས་འཆངགིས་རང་གི་ལུས་དཔག་ཚད་བརྒྱད་ཁྲི་བཞི་སྟོང་དུ་བྱིན་གྱིས་བརླབས་ཏེ། དེ་བཞིན་གཤེགས་པའི་སྐུ་ལ་བལྟས་ནས། དེས་དེ་བཞིན་གཤེགས་པའི་སྐུ་དཔག་ཚད་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་པར་མཐོང་ནས། དེས་འདི་སྙམ་དུ་བསམྲ་ཏེ། བདག་ནི་མངོན་པར་ཤེས་པ་ཐོབ་པ། རྫུ་འཕྲུལ་གྱི་རྐང་པས་རྣམ་པར་རྩེ་བ་ཡིན་གྱིས། བདག་གིས་དེ་བས་ཀྱང་རྒྱ་ཆེར་དེ་བཞིན་གཤེགས་པའི་སྐུའི་ཚད་བཙལ་བར་བྱའོ་སྙམ་ནས། དེ་སངས་རྒྱས་ཀྱི་མཐུ་དང་རང་གི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས། སྟེང་གི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་བ་ཕྲག་བརྒྱའི་བེ་སྙེད་འདས་ཏེ། འཇིག་རྟེན་གྱི་ཁམས་པདྨ་ཅན་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་པདྨའི་དཔལ་གྱི་རྒྱལ་པོའི་སྙིང་པོ་ཞེས་བྱ་བ་ད་ལྟ་ན་བཞུགས་ཤིང་འཚོ་ལ་གཞེས་ཆོས་ཀྱང་སྟོན་པ་དེར། བྱང་ཆུབ་སེམས་དཔའ་ཤུགས་འཆང་ཕྱིན་ནས། དེ་འཇིག་རྟེན་གྱི་ཁམས་དེར་གནས་ཀྱང་། དེ་བཞིན་གཤེགས་པའི་སྤྱི་གཙུག་མཐོང་བར་མ་ནུས་ཤིང་དེ་བཞིན་གཤེགས་པའི་སྐུའི་ཚད་དམ། མཐའ་ཡང་མི་དམིགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་ཤུགས་འཆང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པདྨའི་དཔལ་གྱི་རྒྱལ་པོའི་སྙིང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་པདྨའི་དཔལ་གྱི་རྒྱལ་པོའི་སྙིང་པོ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས་བཅོམ་ལྡན་འདས་དེའི་སྤྱན་སྔར་འདུག་སྟེ། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཐག་ཇི་སྲིད་ཅིག་ནས་མཆིས། བཅོམ་ལྡན་འདས་ངེས་བཀའ་སྩལ་པ། རིགས་ཀྱི་བུ་གངྒཱའི་ཀླུང་གི་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ནས། ཁྱོད་འཇིག་རྟེན་གྱི་ཁམས་འདིར་འོངས་སོ།། བྱང་ཆུབ་སེམས་དཔའ་ཤུགས་འཆང་གིས་གསོལ་པ། བཅོམ་ལྡན་འདས་བདག་ཐག་རིང་མོ་ཞིག་ནས་མཆིས་ཀྱང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེའི་དབུའི་གཙུག་མཐོང་བར་ཡང་རྔོ་མ་ཐོག་ལ། སྐུའི་ཚད་དམ། མཐའ་རྟོགས་པར་ཡང་རྔོ་མ་ཐོག་ལགས་སོ།། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་གལ་ཏེ་ཤུགས་འདི་ཉིད་དང་། རྫུ་འཕྲུལ་གྱི་སྟོབས་བསྐྱེད་པ་འདི་ཉིད་ཀྱིས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་སྟེང་གི་ཕྱོགས་ལེགས་སུ་སོང་དུ་ཟིན་ཀྱང་། བཅོམ་ལྡན་འདས་དེའི་སྐུའི་མཐའ་རྟོགས་པར་མི་ནུས་སོ།། རིགས་ཀྱི་བུ་གང་ཡང་དཔེ་བཞག་པ་ཇི་སྙེད་པ་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་དཔེར་བྱ་བ་འམ། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་སྐུ་དང་། གསུང་དང་། ཐུགས་དང་། གཟུགས་དང་། མཚན་གྱི་དཔེར་བྱ་བའི་དཔེ་དགོད་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་བཔའོ། ། དཔེ་གཅིག་ནི་མ་གཏོགས་ཏེ། འདི་ལྟར་དཔེ་ནམ་མཁའ་འོ།། ནམ་མཁའ་ཇི་ཙམ་པར་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱང་དེ་ཙམ་མོ།། ཏིང་ངེ་འཛིན་ཀྱང་དེ་ཙམ་མོ།། ཤེས་རབ་ཀྱང་དེ་ཙམ་མོ།། རྣམ་པར་གྲོལ་བའང་དེ་ཙམ་མོ།། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའང་དེ་ཙམ་མོ།། སྐུའང་དེ་ཙམ་མོ།། གསུང་ཡང་དེ་ཙམ་མོ།། ཐུགས་ཀྱང་དེ་ཙམ་མོ། ། གཟུགས་ཀྱང་དེ་ཙམ་མོ།། མཚན་ཀྱང་དེ་ཙམ་མོ།། དེ་བས་ན་ནམ་མཁའ་ཚད་མེད་པས་དེ་བཞིན་གཤེགས་པའི་སྐུ་ཚད་མེད་པར་ཁོང་དུ་ཆུད་པར་བྱའོ་ཞེས་བསྟན་ཏོ།། ཞི་བའི་བློ་གྲོས་དེ་ནས་བྱང་ཆུབ་སེམས་དཔའ་ཤུགས་འཆང་གིས། བཅོམ་ལྡན་འདས་དེ་ལས་བསྟན་པ་འདི་ཐོས་ནས་ངོ་མཚར་དུ་གྱུར་ཏོ།། ཚིམ་ཞིང་མགུ་ལ་ཡི་རངས་ནས་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས། སངས་རྒྱས་ཀྱི་ཞིང་དེ་ཉིད་ནས་མི་སྣང་བར་གྱུར་པ་དང་། སངས་རྒྱས་ཀྱི་མཐུ་དང་། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སེམས་ཀྱི་རྣམ་པར་རྟོག་པ་ཙམ་གྱིས། འཇིག་རྟེན་གྱི་ཁམས་མི་མཛད་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར་ཕྱིན་ཏེ། དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་ཐལ་མོ་སྦྱར་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ།། ནམ་མཁའ་མཚུངས་ཤིང་འདྲ་བ་ཡི།། སངས་རྒྱས་ཆོས་ལ་མི་གང་ཞིག། ཕ་རོལ་ཏུ་ནི་མཆི་འཚལ་བ།། དེ་ནི་ཉམ་ཐག་འགྱུར་བ་ལགས།། སངས་རྒྱས་སྐུ་ནི་བལྟ་སླད་དུ།། གངྒཱའི་བྱེ་བ་ཕྲག་བརྒྱ་ཡི།། བྱེ་མ་ཇི་སྙེད་དེ་སྙེད་ཀྱི།། ཞིང་རྣམས་སུ་ནི་བདག་མཆིས་སོ།། དེ་སྙེང་ཞིང་དུ་མཆིས་ནས་ནི། ། པདྨ་ཅན་གྱི་ཞིང་དུ་མཆི། འོན་ཀྱང་ཁྱོད་ཀྱི་དབུ་གཙུག་དང་།། སྐུ་ཡི་ཚད་ཀྱང་མ་མཐོང་ལགས།། ཞིང་དེན་ནི་འདྲེན་བཞུགས་པ།། མཚན་ནི་དཔལ་གྱི་སྙིང་པོ་ལགས། དེ་ཡིས་བདག་གི་བསམ་མཁྱེན་ནས།། འདི་སྐད་དུ་ནི་བཀའ་སྩལ་ཏོ།། ལ་ལས་སངས་རྒྱས་ཆོས་རྣམས་ལ།། དཔེ་དགོད་ཇི་སྙེད་བྱེད་པ་ནི།། དེ་དག་སངས་རྒྱས་མི་འཚམ་སྟེ།། དེ་དག་རྒྱལ་ལ་སྐུར་པ་འདེབས། ། འདི་ལ་དཔེ་གཅིག་ཡང་དག་སྟེ།། ནམ་མཁའི་ཁམས་སུ་བསྟན་པ་ལགས།། དེ་ནི་སངས་རྒྱས་ཆོས་དང་མཐུན།། གང་ནའང་དེ་ཡི་ཚད་མ་མཆིས།། ནམ་མཁའ་འདི་ནི་ཇི་ཙམ་པར། ། སངས་རྒྱས་ཀྱི་ནི་ཚུལ་ཁྲིམས་དང་།། ཏིང་ངེ་འཛིན་དང་རྣམ་གྲོལ་དང་།། རྣམ་གྲོལ་ཡེ་ཤེས་མཐོང་དེ་ཙམ།། ནམ་མཁའི་ཚད་ནི་ཇི་ཙམ་པ།། སངས་རྒྱས་གཟུགས་ཀྱང་དེ་ཙམ་སྟེ། ། འཇིག་རྟེན་མགོན་པོའི་དབུ་གཙུག་ཀྱང་། ནམ་མཁའི་ཁམས་དང་མཚུངས་པ་ལགས།། ནམ་མཁའ་ཇི་སྙེད་ཁྱབ་གྱུར་པ། སྐུས་ཀྱང་དེ་སྙེད་ཁྱབ་པ་ལགས།། སྐུ་ཡིས་ཇི་སྐད་ཁྱད་གྱུར་བ།། འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ།། འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ།། གསུང་གིས་ཀྱང་ནི་དེ་སྙེད་ཁྱབ།། གསུང་གིས་ཇི་སྙེད་ཁྱབ་གྱུར་པ། ། ཐུགས་ཀྱིས་ཀྱང་ནི་དེ་སྙེད་ཁྱབ།། ཐུགས་ཀྱིས་ཇི་སྙེད་ཁྱབ་གྱུར་པ།། བྱམས་པས་ཀྱང་ནི་དེ་སྙེད་ཁྱབ།། བྱམས་པས་ཇི་སྙེད་ཁྱབ་གྱུར་ལ།། ཡེ་ཤེས་ཀྱིས་ནི་དེ་སྙེད་ཁྱབ།། ཡེ་ཤེས་ཇི་སྙེད་ཁྱབ་གྱུར་ལ།། སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ།། གང་གིས་བྱང་ཆུབ་བློ་བསྐྱེད་པ།། དེ་སྙེད་བསོད་ནམས་ཁྱབ་པར་བགྱིད།། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། ། དེ་ལ་གལ་ཏེ་གཟུགས་མཆིས་ནི།། ནམ་མཁའི་ཁམས་ནི་ཀུན་གང་སྟེ།། དེ་ནི་དེ་བས་ལྷག་པར་འགྱུར།། སེམས་ཅན་ཀུན་གྱི་བསོད་ནམས་ཀྱི། ། ཕུང་པོ་ཇི་སྙེད་ཡོངས་བཟུང་བ།། དེ་སྙེད་བྱང་ཆུབ་སེམས་དཔའ་ཡི།། བྱང་ཆུབ་སེམས་ལས་རབ་ཏུ་འབྱུང་།། བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི།། ཕུང་པོ་ཇི། སྙེད་བརྗོད་པ་བས།། དམ་པའི་ཆོས་ནི་ཡོངས་འཛིན་ན།། དེ་བས་བསོད་ནམས་ཆེས་མང་ངོ་།། དམ་ཆོས་འཛིན་པའི་བསོད་ནམས་ནི།། སངས་རྒྱས་ཀུན་གྱི་ནན་ཏན་དུ།། བསྐལ་པ་བྱེ་བར་བརྗོད་མཛད་ཀྱང་།། མཐའ་མར་ཕྱིན་པར་འགྱུར་མ་ལགས།། དམ་པའི་ཆོས་ནི་འཛིན་པ་དང་།། བྱང་ཆུབ་སེམས་ཀྱི་བསོད་ནམས་དེ།། སྟོང་པ་ཉིད་ལ་མོས་པ་ཡི། ། བཅུ་དྲུག་ཆ་ཡང་མི་རི་ལགས།། སྟོང་པ་ཉིད་ལ་འདིར་མོས་ནས།། བྱང་ཆུབ་སེམས་ཀྱང་མི་གཏོང་དང་།། དམ་པའི་ཆོས་ནི་འཛིན་བགྱིད་པ།། འདི་ནི་བསོད་ནམས་སྡུད་པ་ལགས། ། བྱང་ཆུབ་སེམས་དཔའ་གྲགས་ཆེན་པོ།། ཆོས་ཀྱི་རྟོག་པ་འདི་ཐོབ་ནས།། དེ་ཡིས་བྱང་ཆུབ་སྤྱད་སྤྱོད་ཅིང་།། སངས་རྒྱས་ཡོན་ཏན་ཐོབ་པར་འགྱུར། ། ཚིགས་སུ་བཅད་པ་བརྗོད་པ་ན།། ཞིང་རྣམས་བྱེ་བ་རབ་ཏུ་གཡོས།། ལྷ་ནི་བྱེ་བ་ཕྲག་སྟོང་གིས།། རོལ་མོ་སིལ་སྙན་བྱེ་བ་བླངས།། སངས་རྒྱས་ཀྱི་ནི་ཆེ་བ་ཉིད། ། ཤུགས་འཆང་གིས་ནི་བཤང་ཐོས་ནས།། སྲོག་ཆགས་བྱེ་བ་ཕྲག་སྟོང་དག། བྱང་ཆུབ་ཏུ་ནི་སེམས་བསྐྱེད་དེ།། སངས་རྒྱས་ཐམས་ཅད་གཟིགས་པ་པོ།། རང་བྱུང་རྣམས་ཀྱི་གསང་བའི་གནས། ། གནས་འདི་བསམ་གྱིས་མི་ཁྱབ་སྟེ།། དཔག་ཡས་བླ་ན་མ་མཆིས་ལགས།། ཞི་བའི་བློ་གྲོས་འདིའང་དེ་བཞིན་གཤེགས་པའི་སྐུའི་གས་པའོ། ། །། བམ་པོ་བཞི་པའོ།། ཞི་བའི་བློ་གྲོས་དེ་ན་སེམས་ཅན་དུ་མ་འཁོར་གཅིག་ཏུ་འདུས་པ་དག་ལས། ཁ་ཅིག་གིས་ནི་དེ་བཞིན་གཤེགས་པའི་སྐུ་མཐོང་ངོ་། ། ཁ་ཅིག་གིས་ནི་མ་མཐོང་ངོ་།། དེ་ལ་གང་དག་གིས་མཐོང་བ་དེ་དག་ནི་དགའ་བ་སྐྱེས་ནས་ལྟའོ།། གང་དག་གིས་མ་མཐོང་བ་དེ་དག་ནི་ཅང་མི་སྨྲ་བར་གྱུར་ཅིང་སྡོད་དོ། ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་ནི་ཞལ་ཟས་མི་གསོལ་མོད་ཀྱི། སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་ཞལ་ཟས་གསོལ་བར་མཐོང་ངོ་། ། ཞི་བའི་བློ་གྲོས་དེ་ལ་བྱང་ཆུབ་ཀྱི་རིམ་གྲོ་བའི་ལྷ་གཟི་བརྗིད་ཀྱི་སྟོབས་ཞེས་བྱ་བ་དག་རྟག་ཏུ་དེ་བཞིན་གཤེགས་པའི་ཞམ་རིང་དུ་འབྲང་ཞིང་། དེ་དག་དེ་བཞིན་གཤེགས་པའི་ཞལ་ཟས་སྣོད་དུ་བཟེད་ན། སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པས་ཁམ་ཚད་དུ་བླངས་ཏེ་གསོལ་བར་མཐོང་ངོ་།། དེ་བཞིན་གཤེགས་པས་ཁམ་ཚང་དུ་བླངས་པ་དེའང་སྣོད་དེ་ཉིད་ན་འདུག་སྟེ། དེ་ལྷ་དག་གིས་ཁྱེར་ནས་དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་སྔོན་དགེ་བའི་རྩ་བ་བསྐྱེད་པ། ལས་ཀྱི་སྒྲིབ་པའི་དབང་གིས་སྐྱེ་གནས་དེ་དག་དེ་དག་ཏུ་འཕངས་པ། བཟའ་བ་དང་། བཏུང་བ་དང་། ཟས་མི་རྙེད་པ་བཀྲེས་པས་ཉམ་ཆུང་བར་གྱུར་པ་ཇི་སྙེད་པ་དེ་དག་ལ་དེ་བཞིན་གཤེགས་པའི་བཤོས་ཀྱི་ཕམ་བབས་དེ་བྱིན་ནས། སེམས་ཅན་དེ་དག་གིས་ཀྱང་ཟས་དེ་ཟོས་པ་དང་བཀྲེས་སྐོམ་དང་བྲལ་ཏེ། བདེ་ཞིང་ལུས་ཚིམ་ནས་བསམ་པ་ཐག་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་དོ། ། གང་དག་ལོག་པར་ལྟུང་བ་ཡི་དགས་སམ། གཤིན་རྗེའི་འཇིག་རྟེན་ན་གནས་པ་བྱང་ཆུབ་ཏུ་སེམས་སྐྱེད་པར་མི་ནུས་པ་དེ་དག་ལའང་དེ་ཉིད་མྱ་ངན་ལས་འདས་པའི་བགྱི་རྒྱུར་འགྱུར་རོ། ། ཞི་བའི་བློ་གྲོས་རྣམ་གྲངས་དེས་ན་ཡང་ཁྱོད་ཀྱིས་ཇི་ལྟར་དེ་བཞིན་གཤེགས་པ་ཞལ་ཟས་མི་གསོལ་ཞིང་། དེ་བཞིན་གཤེགས་པ་ཆོས་ཀྱི་ཞལ་ཟས་ཅན་དུ་དེ་ལྟར་རིག་པར་བྱ་སྟེ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ནི་སྲེད་མེད་ཀྱི་བུ་ལྟར་མཁྲེགས་པ། སྲ་བ། སྙིང་པོ་ཅན། མི་ཤིགས་པ་རྡོ་རྗེའི་རང་བཞིན་ནོ།། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ལ་ནི་ཕོ་བ་དང་ལོང་ཀ་མེད་དོ། ། རྣག་གམ། ཁྲག་གམ། མཆིལ་མ་འམ། ངར་སྣབས་སམ། ངན་སྐྱུགས་སམ། མི་གཙང་བ་མེད་ཀྱི་ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ནི་འཛམ་བུ་ཆུ་བོའི་གསེར་གྱི་གར་ལྟ་བུ་སྟེ། ཁོང་སྟོང་མ་ཡིན་པ། བུ་ག་མེད་པ། ཁ་ན་མ་ཐོ་བ་མེད་པའོ།། ཞི་བའི་བློ་གྲོས་འདི་ལྟར་ལྕི་ཁྱད་རྡོ་རྗེ་དང་འདྲའང་། འཇམ་ཁྱད་ཀ་ཙི་ལིན་དི་ཀ་ལྟར་རེག་ན་བདེ་བར་འགྱུར་བས་དེ་བཞིན་གཤེགས་པའི་སྐུའི་ཆེ་བ་ཉིད་ལ་ལྟོས་ཞི་བའི་བློ་གྲོས་གང་གི་ཚེ་གཟི་བརྗིད་ཆེ་བ། གཿ་བརྗིད་ཆེ་བའི་ལྷའི་བུ་རྣམས་དང་། ལྷའི་བུ་མོ་རྣམས་དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་བ་ན། སྔོན་མ་རེག་པའི་རེག་པ་རེག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་དེ། དེ་དག་ཉོན་མོངས་པ་སྐྱེད་པར་མི་འགྱུར་བའི་དུས་དེ་དང་ཆོད་དེ་ཡོད་དོ།། ཞི་བའི་བློ་གྲོས་སེམས་ཅན་འདོད་ཆགས་ལ་སྤྱོད་པ་གང་དག་གིས་ནི་དེ་བཞིན་གཤེགས་པའི་སྐུ་མཐོང་བ་དེ་དག་གིས་དེ་བཞིན་གཤེགས་པའི་སྐུ་མཐོང་མ་ཐག་ཏུ་བདག་ཉིད་འདོད་ཆགས་དང་བྲལ་བར་ཤེས་སོ། ། ཞེ་སྡང་ལ་སྤྱོད་པ་གང་དག་གིས་མཐོང་ན། དེ་དག་བྱམས་པ་འཐོབ་བོ། ། གཏི་མུག་ལ་སྤྱོད་པ་གང་དག་གིས་མཐོང་ན། དེ་དག་ཡེ་ཤེས་ཀྱི་སྣང་བ་འཐོབ་བོ།། ཆ་མཉམ་པ་ལ་སྤྱོད་པ་གང་དག་གིས་མཐོང་ན། དེ་དག་ཉོན་མོངས་པ་དང་བྲལ་བར་ཤེས་སོ། ། སེར་སྣ་ཅན་གང་དག་གིས་མཐོང་ན། དེ་དག་གཏོང་བ་ལ་མོས་པར་འགྱུར་རོ།། ཚུལ་ཁྲིམས་འཆལ་པ་གང་དག་གིས་མཐོང་ན། དེ་དག་ཚུལ་ཁྲིམས་ལ་མོས་པར་འགྱུར་རོ།། གནོད་སེམས་ཅན་གང་དག་གིས་མཐོང་ན། དེ་དག་བཟོད་པ་འཐོབ་བོ།། ལེ་ལོ་ཅན་གང་དག་གིས་མཐོང་ན། དེ་དག་བརྩོན་འགྲུས་ལ་མོས་པར་འགྱུར་རོ།། སེམས་གཡེངས་པ་གང་དག་གིས་མཐོང་ན། དེ་དག་ཏིང་ངེ་འཛིན་འཐོབ་བོ།། ཤེས་རབ་འཆལ་པ་གང་དག་གིས་མཐོང་ན། དེ་དག་ཤེས་རབ་ལ་མོས་པར་འགྱུར་རོ།། རིགས་ཀྱི་བུ་མདོར་ན་སེམས་ཅན་དཀར་པོའི་ཆོས་གང་དང་བྲལ་བ་དེ་དག་གིས་ནི་དེ་བཞིན་གཤེགས་པའི་སྐུ་མཐོང་བ་དེ་དག་དེ་བཞིན་གཤེགས་པའི་སྐུ་མཐོང་མ་ཐག་ཏུ་མི་དགེ་བའི་རྣམ་པར་རྟོག་པ་ཐམས་ཅད་རྒྱན་ཆད་ནས། དགེ་བའི་སེམས་ལ་རབ་ཏུ་གནས་པར་འགྱུར་ཏེ། དེ་ལའང་དེ་བཞིན་གཤེགས་པ་རྣམ་པར་རྟོག་པ་མི་མངའ་ཞིང་བཏང་སྙོམས་པ་སྟེ། ཞི་བའི་བློ་གྲོས་འདིའང་དེ་བཞིན་གཤེགས་པའི་སྐུའི་གསང་བའོ།། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པས་སྤྲུལ་པ་གང་སྤྲུལ་པ་དེའང་ལྷུན་གྱིས་གྲུབ་ཅིང་བསྒྲིམ་པ་མི་མངའ་བ་དང་། མངོན་པར་འདུ་མཛད་པ་མི་མངའ་བས་མཛད་དེ། དེ་བཞིན་གཤེགས་པ་འདི་སྙམ་དུ་ངས་སྤྲུལ་པ་དག་སྤྲུལ་ཏོ། ། སྤྲུལ་ལོ།། སྤྲུལ་པར་བྱའོ་སྙམ་དུ་མི་དགོངས་མོད་ཀྱི། འོན་ཀྱང་སྤྲུལ་པས་འདུལ་བའི་སེམས་ཅན་ཇི་སྙེད་པར་འཇིག་རྟེན་གྱི་ཁམས་འདིའང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་བརྒྱ་སྟོང་དེ་དང་དེ་དག་ཏུ་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་དོན་དུ་དེ་བཞིན་གཤེགས་པའི་སྤྲུལ་པ་དེ་སྙེད་དུ་བཞུད་དེ། ཞི་བའི་བློ་གྲོས་འདིའང་དེ་བཞིན་གཤེགས་པའི་སྐུའི་གསང་བའོ། ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པས་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་དོན་དུ་སྐུ་ལས་འོད་ཁ་དོག་དུ་མ་པ། ཁ་དོག་ཐ་དད་པ། ཁ་དོག་བརྒྱ་སྟོང་པ་དག་ཕྱུང་སྟེ། འོད་དེས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བར་བྱེད་པ་དེའང་ལྷན་གྱིས་གྲུབ་ཅིང་བསྒྲིམ་པ་མི་མངའ་བ་དང་། མངོན་པར་འདུ་མཛད་པ་མི་མངའ་བས་མཛད་དེ། ཞི་བའི་བློ་གྲོས་འདིའང་དེ་བཞིན་གཤེགས་པའི་སྐུའི་གསང་བ་དང་། སྐུའི་འཕྲིན་ལས་ཏེ། སྐྲའི་འཕྲིན་ལས་ཡོངས་སུ་དག་པ་ལ་འཇུག་པ་ཅུང་ཟད་ཙམ་ཞིག་བསྟན་དུ་ཟད་ཀྱི་བསྐལ་པ་འམ། དེ་བས་ལྷག་པར་བརྗོད་ཀྱང་དེ་བཞིན་གཤེགས་པའི་སྐུའི་འཕྲིན་ལས་ཡོངས་སུ་དག་པའི་ཡོན་ཏན་བསྔགས་པ་མཐར་ཕྱིན་པར་མི་ནུས་སོ། ། དེ་བཞིན་གཤེགས་པའི་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པ་འདི་བཤད་པ་ན། སྲོག་ཆགས་ཁྲིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། བྱང་ཆུབ་སེམས་དཔའ་བརྒྱད་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། ཐམས་ཅད་དང་ལྡན་པའི་འཁོར་དེས་ཀྱང་དེ་བཞིན་གཤེགས་པ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་ལྷའི་དང་མིའི་མེ་ཏོག་རྣམས་ཀྱིས་མངོན་པར་གཏོར་ཏོ། ། བཅོམ་ལྡན་འདས་ཀྱིས་ཀྱང་ཕྱག་གཡས་པ་གསེར་གྱི་ཁ་དོག་ཅན་བརྐྱང་སྟེ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་སྤྱི་བོ་ལ་གཞག་ནས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་གསང་བ་བསྟན་པ་འདི་ལེགས་པར་སྨྲས་པ་ལེགས་སོ་ལེགས་སོ།། དེ་བཞིན་གཤེགས་པས་ཀྱང་གནང་ཞིང་རྗེས་སུ་དགྱེས་སོ་ཞེས་ལེགས་སོ་ཞེས་བྱ་བ་བྱིན་ནོ། ། དེ་བཞིན་གཤེགས་པའི་སྐུའི་གསང་བའི་ལེའུ་སྟེ་བདུན་པའོ།། །། གསང་བ་བའི་བདག་པོ་ལག་ན་རྡོ་རྗེས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། ། ཞི་བའི་བློ་གྲོས་དེ་ལ་དེ་བཞིན་གཤེགས་པའི་གསུང་གི་གསང་བ་དང་། གསུང་གི་འཕྲིན་ལས་ཡོངས་སུ་དག་པ་གང་ཞེ་ན། ཞི་བའི་བློ་གྲོས་གང་གི་ནུབ་མོ་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གི་ནུབ་མོ་ལེན་པ་མི་མངའ་བར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་བར་དུ་དེ་བཞིན་གཤེགས་པས་ཐ་ན་ཡི་གེའི་འབྲུ་གཅིག་ཀྱང་མ་གསུངས་སོ།། གསུང་བར་མི་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་ནི་རྟག་ཏུ་མཉམ་པར་བཞག་པ་སྟེ། དེ་བཞིན་གཤེགས་པ་ལ་དབུགས་འབྱུང་བ་འམ། རྔུབ་པ་མི་མངའ་ལ།། ། རྣམ་པར་མི་རྟོག་གོ།། རྣམ་པར་མི་དཔྱོད་དོ།། རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་མེད་ན་གག་མི་འབྱུང་སྟེ། དེ་བཞིན་གཤེགས་པ་དེའང་རྣམ་པར་མི་རྟོག། རྣམ་བར་མི་དཔྱོད། རྟོག་པར་མི་མཛད། རྣམ་པར་རྟོག་པར་མི་མཛད། མི་གསུང་། མི་བརྗོད། གསུང་བར་མི་མཛད་ཀྱང་། སེམས་ཅན་རྣམས་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་ནི་གསུང་ངོ་སྙམ་མོ།། དེ་བཞིན་གཤེགས་པ་ནི་ཤིན་ཏུ་མཉམ་པར་བཞག་པ་སྟེ། ཡི་གེའི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་རིག་པར་མི་མཛད་ཀྱང་། སེམས་ཅན་ཡི་གེ་ལྷུར་ལེན་པ་རྣམས་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་ནི་བདག་ཅག་ལ་ཆོས་སྟོན་ཏོ།། བདག་ཅག་ནི་དེ་བཞིན་གཤེགས་པའི་ཆོས་བསྟན་པ་ཀུན་ཤེས་སོ་སྙམ་མོ། ། དེ་ལའང་དེ་བཞིན་གཤེགས་པ་ནི་རྣམ་པར་མི་རྟོག་ཅིང་བཏང་སྙོམས་སུ་མཛད་དོ།། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་ཚེམས་དང་སྒྲོས་དང་། ཞལ་གྱི་དཀན་དང་། ལྗགས་དང་། ཞལ་གྱི་སྒོ་ནས་སྒྲ་འབྱུང་བའང་མེད་ལ་འབྱུང་བར་ཡང་གྲག་གོ།། དེ་བཞིན་གཤེགས་པའི་གསུང་གི་སྒྲ་འབྱུང་བ་དེ་ནི་ནམ་མཁའ་ལས་བྱུང་ན། སེམས་ཅན་རྣམས་འདི་སྙམ་དུ་སེམས་ཏེ། སྒྲ་འདི་ནི་དེ་བཞིན་གཤེགས་པའི་ཞལ་གྱི་སྒོ་ནས་འབྱུང་ངོ་སྙམ་མོ།། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་གསུང་ནི་རྣམ་པ་དྲུག་ཅུ་རྩ་བཞི་དང་ལྡན་པར་འབྱུང་སྟེ། རྣམ་པ་དྲུག་ཅུ་རྩ་བཞི་གང་ཞེ་ན། འདི་ལྟ་སྟེ། མཉེན་པའི་གསུང་འབྱུང་བ་དང་། འཇམ་པ་དང་། ཡིད་དུ་འོང་བ་དང་། ཡིད་དུ་འཐད་པ་དང་། དག་པ་དང་། དྲི་མ་མེད་པ་དང་། འོད་གསལ་བ་དང་། སྙན་ཞིང་འཇེབས་པ་དང་། མཉན་པར་འོས་པ་དང་། མི་ཚུགས་པ་དང་། སྙན་པ་དང་། དུལ་བ་དང་། མི་རྩུབ་པ་དང་། མ་བརླང་པ་དང་། རབ་ཏུ་འདུལ་བ་དང་། རྣར་སྙན་པ་དང་། ལུས་སིམ་པར་བྱེད་པ་དང་། སེམས་ཚིམ་པར་བྱེད་པ་དང་། སྙིང་དགའ་བར་བྱེད་པ་དང་། དགའ་བདེ་སྐྱེད་པ་དང་། ཡོངས་སུ་གདུང་བ་མེང་པ་དང་། ཀུན་ཏུ་ཤེས་པར་བྱ་བ་དང་། རྣམ་པར་རིག་པར་བྱ་བ་དང་། རྣམ་པར་གསལ་བ་དང་། དགའ་བར་བྱེད་པ་དང་། མངོན་པར་དགའ་བར་བྱེད་པ་དང་། ཀུན་ཤེས་པར་བྱེད་པ་དང་། རྣམ་པར་རིག་པར་བྱེད་པ་དང་། རིགས་པ་དང་། འབྲེལ་པ་དང་། ཟློས་པའི་སྐྱོན་མེད་པ་དང་སེང་གེའི་སྒྲའི་ཤུགས་ཅན་དང་། གླང་པོ་ཆེའི་སྒྲ་སྐད་དང་། འབྲག་གི་སྒྲ་དབྱངས་དང་། ཀླུའི་དབང་པོའི་སྒྲ་དང་། དྲི་ཟའི་གླུ་དབྱངས་དང་། བྱ་ཀ་ལ་བིང་ཀའི་སྒྲ་དབྱངས་དང་ཚངས་པའི་སྒྲ་དབྱངས་སྒྲགས་པ་དང་། ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲག་པ་དང་། ལྷའི་དབང་པོའི་དབྱངས་ལྟར་སྙན་པ་དང་། རྔའི་སྒྲ་དང་། མ་ཁེངས་པ་དང་། མི་དམའ་བ་དང་། སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང་། ཚིག་ཟུར་ཆག་པ་མེད་པ་དང་། མ་ཚང་བ་མེད་པ་དང་། མ་ཞུམ་པ་དང་། མི་གཞན་པ་དང་། རབ་ཏུ་དགའ་བ་དང་ཁྱབ་པ་དང་། ཆུབ་པ་དང་། རྒྱུན་ཆགས་པ་དང་། འབྲེལ་བ་དང་། སྒྲ་ཐམས་ཅད་རྫོགས་པར་བྱེད་པ་དང་། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང་། མ་སྨད་པ་དང་། མི་འགྱུར་བ་དང་། མ་རྟབས་པ་དང་། འཁོར་ཀུན་ཏུ་གྲགས་པ་དང་། འདོད་ཆགས་ཞི་བར་བྱེད་པ་དང་། ཞེ་སྡང་འདུལ་བ་དང་། གཏི་མུག་སེལ་བ་དང་། བདུད་ཚར་གཅོད་པ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་འབྱུང་བ་སྟེ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་གསུང་ནི་ཡན་ལག་དྲུག་ཅུ་རྩ་བཞི་པ་དེ་དག་དང་ལྡན་པར་འབྱུང་ངོ་། ། ཞི་བའི་བློ་གྲོས་གཞན་ཡང་དེ་བཞིན་གཤེགས་པའི་གསུང་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་འགེངས་ཤིང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡང་དག་པར་ཚིམ་པར་མཛད་ཀྱང་། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་ནི་འདི་སྙམ་དུ་ང་མདོའི་སྡེ་འམ། དབྱངས་ཀྱིས་བསྙད་བའི་སྡེ་འམ། ལུང་དུ་བསྟན་པའི་སྡེ་འམ། ཚིགས་སུ་བཅད་པའི་སྡེ་འམ། ཆེད་དུ་བརྗོད་པའི་སྡེ་འམ། གླེང་གཞིའི་སྡེ་འམ། དེ་ལྟ་བུ་བྱུང་བའི་སྡེ་འམ། སྐྱེས་པའི་རབས་ཀྱི་སྡེ་འམ། ཤིན་ཏུ་རྒྱས་པའི་སྡེ་འམ། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་འམ། གཏན་ལ་བབ་པར་བསྟན་པའི་སྔ་འམ། དཔེ་འམ། སྔོན་གྱི་ཚུལ་ལམ། རྟོགས་པ་བརྗོད་པའི་སྡེ་འམ་ཀུན་ཏུ་བསྙད་པ་འདི་སྟོན་ཏོ་ཞེ་འམ། རབ་ཏུ་གསལ་བར་མཛད་དོ་ཞེ་འམ། རབ་ཏུ་ཤེས་པར་མཛད་དོ་ཞེ་འམ། རབ་ཏུ་འཇོག་གོ་ཞེ་འམ། རྣམ་པར་འབྱེད་དོ་ཞེ་འམ། རྣམ་པར་འགྲེལ་ཏོ་ཞེ་འམ། བརྗོད་དོ་ཞེ་འམ། ཡང་དག་པར་བསྒྲགས་པར་མཛད་དོ་སྙམ་དུ་མི་དགོངས་སོ།། དེ་ལྟ་མོད་ཀྱི་དེ་བཞིན་གཤེགས་པའི་འཁོར་འདུས་པ་ཅི་འདྲ་བ་དགེ་སློང་གི་འཁོར་རམ། དགེ་སློང་མའི་འཁོར་རམ། དགེ་བསྙེན་གྱི་འཁོར་རམ། དགེ་བསྙེན་མའི་འཁོར་རམ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལཱ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་འཁོར་ཡང་རུང་སྟེ། དེར་དེ་དག་གི་དབང་པོའི་རིམ་པ་དང་། དེ་དག་ཅི་འདྲ་བའི་ཆོས་ཀྱི་སྦྱིན་པ་ཐོས་པར་དགེངས་པར་འགྱུར་བ་དེ་འདྲ་བའི་ཆོས་ཀྱི་སྦྱིན་པ་ཐོས་པ་དེ། དེ་བཞིན་གཤེགས་པའི་ཞལ་གྱི་སྒོ་ནས་འབྱུང་བར་ཤེས་ཀྱང་། ཆོས་བསྟན་པ་དེ་ནི་ཕན་ཚུན་གྱིས་ངེས་པའི་ཚིག་ཐ་དད་པ་ལ་གནོད་པ་མེད་པར་ཐམས་ཅད་ཀྱང་རང་རང་གི་ཆོས་རྣམ་པར་རིག་པར་ཀུན་ཏུ་ཤེས་ཏེ། ཞི་བའི་བློ་གྲོས་འདི་ནི་དེ་བཞིན་གཤེགས་པའི་གསུང་གི་གསང་བའོ།། ཞི་བའི་བློ་གྲོས་གཞན་ཡང་དེ་བཞིན་གཤེགས་པས་སེམས་ཅན་ཚད་མེད་པ་དག་གི་སྤྱོད་པ་ཚད་མེད་པ་གསུངས་ན། སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཞེས་འབྱུང་བ་ནི་སེམས་ཅན་དབང་པོ་མཐུ་ཆུང་བ་རྣམས་གཟུད་པའི་ཕྱིར་བསྟན་པ་འདི་དེ་བཞིན་གཤེགས་པས་བསྟན་གྱི། ཞི་བའི་བློ་གྲོས་སེམས་ཅན་གྱི་སྤྱོད་པ་ནི་ཚད་མེད། སེམས་ཅན་འདོད་ཆགས་ལ་སྤྱོད་པ་རྣམས་ཀྱི་སྦེད་པ་གང་ཡིན་པ་དེ་བསྐལ་པ་ཙམ་དུ་བཤད་ཀྱང་། དེ་བས་ལྷག་པར་འགྱུར་རོ།། ཞེ་སྡང་ལ་སྤྱོད་པ་རྣམས་ཀྱི་གང་ཡིན་པ་དང་། གཏི་མུག་ལ་སྤོང་བ་རྣམས་ཀྱི་གང་ཡིན་པ་དང་། སེམས་ཅན་ཆ་མཉམ་པ་ལ་སྤོད་བ་རྣམས་ཀྱི་སྤོང་བ་གང་ཡིན་པ་དེ་དག་བསྐལ་པ་ཙམ་དུ་བསྟན་ཀྱང་། དེ་དག་རེ་རེའང་དེ་བས་ལྷག་པར་འགྱུརརོ།། ཞི་བའི་བློ་གྲོས་གལ་ཏེ་དེ་བཞིན་གཤེགས་པའི་སྐུའི་ཚེ་ཚད་བསྐལ་པ་བརྒྱད་སྟོང་དུ་བཞུགས་པས། སེམས་ཅན་རྣམས་ལ་ཆོས་བསྟན་པ་གཞན་གྱི་སྐབས་མི་དབྱེ་བར་སེམས་ཅན་གྱི་སྤྱོད་པ་ཉིད་བསྟན་ཀྱང་དེ་བཞིན་གཤེགས་པའི་སྐུ་ཚེ་མཐར་ཐུག་པར་འགྱུར་གྱི། སེམས་ཅན་གྱི་སྤྱོད་པ་ལ་མཐར་ཐུག་པ་གང་ཡང་མེད་དོ།། སེམས་ཅན་རྣམས་མགོ་རྨོངས་སུ་འོང་ཞེས་སེམས་ཅན་གྱི་སྤྱོད་པ་དེ་ཙམ་དུ་ཚད་མེད་པ་དེའང་། དེ་བཞིན་གཤེགས་པས་ཚད་དང་ལྡན་པར་སྟོན་ཏོ།། ཞི་བའི་བློ་གྲོས་དེ་ལ་དེ་བཞིན་གཤེགས་པའི་གསུང་ནི་ཇི་ལྟར་སྤྱོད་པ་ཁོང་དུ་ཆུད་པར་འགྱུར་བ་བཞིན་དུ་སེམས་ཅན་གྱི་སྤྱོད་པ་ཐམས་ཅད་ལ་འབྱུང་སྟེ། ཞི་བའི་བློ་གྲོས་འདིའང་དེ་བཞིན་གཤེགས་པའི་གསུང་གི་གསང་བའོ།། ཞི་བའི་བློ་གྲོས་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་གསུང་གི་གསང་བའི་ཡེ་ཤེས་ཀྱི་རྗེས་སུ་ཞུགས་པ་དེ་དག་ནི། དེ་བཞིན་གཤེགས་པའི་གསུང་ཞལ་གྱི་སྒོ་ནས་འབྱུང་བར་མི་ཤེས་ཀྱི། ནམ་མཁའ་ལས་འབྱུང་བར་ཤེས་སོ། ། ཞི་བའི་བློ་གྲོས་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པའི་གསུང་ཞལ་གྱི་སྒོ་ནས་འབྱུང་བར་ཤེས་སོ་སྙམ་དུ་ཁྱེད་སེམས་ན་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་གསུང་གཙུག་ཏོར་ནས་བྱུང་བར་ཤེས་པ་དང་། སྤྱི་གཙུག་ནས་བྱུང་བར་ཤེས་པ་དང་། དབུ་སྐྲ་རྣམས་ལས་བྱུང་བར་ཤེས་པ་དང་། ཕྲག་པ་ནས་བྱུང་བར་ཤེས་པ་དང་། དཔྲལ་བ་དང་། སྨིན་མཚམས་དང་། མཛོད་སྤུ་དང་། སྤྱན་དང་། སྙན་དང་། ཤངས་དང་། འགྲམ་པ་དང་།། ཞལ་དང་། མགུར་ནས་བྱུང་བར་ཤེས་པ་དང་། དེ་བཞིན་དུ་དཔུང་པ་དང་། ཕྱག་དང་། སོར་མོ་དང་། རྩིབས་ལོགས་དང་། བྲང་དང་། རྒྱབ་དང་། ལྟེ་བ་དང་གསང་བའི་གནས་དང་། བརླ་དང་། པུས་མོའི་ལྷ་ང་དང་། བྱིན་པ་དང་། ལོང་བུ་དང་། ཞབས་ཀྱི་མཐིལ་དང་། མཚན་རྣམས་དང་། དཔེ་བྱད་བཟང་པོ་རྣམས་དང་སྤུའི་ཁུང་ཐམས་ཅད་ནས་དེ་བཞིན་གཤེགས་པའི་གསུང་འབྱུང་བར་ཤེས་པའི་སེམས་ཅན་ཁ་ཅིག་ཡོད་དོ། ། ཞི་བའི་བློ་གྲོས་འདིའང་དེ་བཞིན་གཤེགས་པའི་གསུང་གི་གསང་བའོ།། ཞི་བའི་བློ་གྲོས་མོས་པ་ཇི་ལྟ་བ་དང་། ཡོངས་སུ་སྨིན་པ་ཇི་ལྟ་བ་དང་། བསམ་པ་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་འབྱུང་བར་ཤེས་ཀྱང་། ཞི་བའི་ཟླ་གྲོས་དེ་ལ་དེ་བཞིན་གཤེགས་པ་ནི་རྣམ་པར་རྟོག་པ་མི་མངའ་སྟེ་བཏང་སྙོམས་པའོ། ། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་རོལ་མོའི་སིལ་སྙན་གྱི་འཁྲུལ་འཁོར་དེ་ཙམ་དུ་ལེགས་པར་སྦྱར་བ་བྱས་པ་གང་དག་ལ་ལག་གིས་མ་རེག་པར་རླུང་གིས་བསྐྱོད་པས་སྒྲ་སྙན་པ་འབྱུང་བ་དག་ཀྱང་ཡོད་དེ། འོན་ཀྱང་དེ་ལ་སྒྲ་འབྱིན་པར་སྤྲོ་བ་ནི་གང་ཡང་མེང་མེད་ཀྱི། ཡོངས་སུ་སྦྱང་བ་བྱས་པའི་ཁྱད་པར་གྱིས་སྒྲ་སྙན་པའང་འབྱུང་ངོ་། ། ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ཡང་སེམས་ཅན་གྱི་བསམ་པའི་ཤེས་པས་བསྐྱོད་ན་འབྱུང་སྟེ། འོན་ཀྱང་དེ་ལ་དེ་བཞིན་གཤེགས་པ་གསུང་འབྱིན་པར་སྤྲོ་བའང་མི་མངའ་མོད་ཀྱི། སྔོན་ཡོངས་སུ་སྦྱང་བ་མཛད་པའི་ཁྱད་པར་གྱིས་དེ་བཞིན་གཤེགས་པའི་གསུང་སེམས་ཅན་ཐམས་ཅད་ཀྱི་ཡུལ་གྱི་རྗེས་སུ་འཇུག་པར་ཡང་འགྱུར་རོ། ། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་བྲག་ཆའི་སྒྲ་ནི་གཞན་རྣམ་པར་རིག་པར་བྱེད་པར་ཡང་འབྱུང་ལ། དེ་ནི་ནང་ནའང་མ་ཡིན་ཕྱི་རོལ་ནའང་མ་ཡིན། གཉིས་ཀ་མེད་པ་ལས་ཀྱང་མི་དམིགས་སོ།། ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ཡང་སེམས་ཅན་གྱི་བསམ་པ་རྣམ་པར་རིག་པར་བྱེད་པའང་འབྱུང་ལ། དེ་ནི་ནང་ནའང་མ་ཡིན། ཕྱི་རོལ་ནའང་མ་ཡིན་ལ། གཉིས་ཀ་མེད་པར་ཡང་མི་དམིགས་སོ།། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོའི་ནང་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསམ་པ་ཐམས་ཅད་ཡོངས་སུ་སྐོང་བ་ཞེས་བྱ་བ་ཡོད་དེ། དེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ན། སེམས་ཅན་གང་གི་བསམ་པ་ཅི་འདྲ་བར་གྱུར་པ་དེ་འདྲ་བའི་སྒྲ་དེ་ལས་འབྱུང་ཡང་ནོར་བུ་རིན་པོ་ཆེ་དེ་ནི་རྣམ་པར་མི་རྟོག་གོ། ། ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་རིན་པོ་ཆེ་ལྷག་པའི་བསམ་པས་ཡོངས་སུ་དག་པའང་སྙིང་རྗེ་ཆེན་པོའི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ན། སེམས་ཅན་གང་གི་བསམ་པ་ཅི་འདྲ་བར་གྱུར་པ་དེ་འདྲ་བར་དེ་བཞིན་གཤེགས་པའི་གསུང་འབྱུང་བར་དེས་ཤེས་ཀྱང་། དེ་ལ་དེ་བཞིན་གཤེགས་པ་ནི་རྣམ་པར་རྟོག་པ་མི་མངའ་ཞིང་བཏང་སྙོམས་པ་སྟེ། ཞི་བའི་བློ་གྲོས་འདིའང་དེ་བཞིན་གཤེགས་པའི་གསུང་གི་གསང་བའོ།། ཞི་བའི་བློ་གྲོས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གསུང་དབྱངས་ཚད་མེད་པ་སྟེ། ཞི་བའི་བློ་གྲོས་གང་ཞིག་དེ་བཞིན་གཤེགས་པའི་དབྱངས་ཀྱི་ཚད་དམ། མཐའ་གཟུང་བར་ནུས་པ་དེ་ནི་ཁོ་བོས་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་མ་མཐོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་ཁོ་བོས་མངོན་པར་ཤེས་ཏེ།། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི་འདི་ཉིད་ལ། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ཅིང་བཞུགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བརྟེན་ནས་དབྱངས་ཀྱི་དཀྱིལ་འཁོར་ཡོངས་སུ་དག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་རབ་ཏུ་སྟོན་པ་དེ་མཇུག་ཏུ་ཕྱིན་པའི་དུས་ཀྱི་ཚེ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པའི་གསུང་གི་དཀྱིལ་འཁོར་ཇི་སྲིད་ཅིག་ཏུ་རིང་དུ་འགྲོ་བ་ཞིག། བདག་གིས་དེ་བཞིན་གཤེགས་པའི་གསུང་གི་དཀྱིལ་འཁོར་དཔག་པར་བྱའོ་སྙམ་མོ།། དེ་ནས་གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོ་རང་གི་སྟན་གྱི་སྟེང་ནས་མི། སྣང་བར་གྱུར་ཏེ། རི་རབ་ཀྱི་རྩེ་མོར་ཕྱིན་ནས། དེ་དེ་ན་འདུག་ནའང་དེ་བཞིན་གཤེགས་པའི་གསུང་དེ་འདྲ་བ་ཁོ་ནར་ཐོས་སོ།། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་མི་མཇེད་འདིའི་ནུབ་ཕྱོག་ཀྱི་རི་རབ་ལས་འདས་ཤིང་། གླིང་བཞི་པ་ལས་ཀྱང་འདས། ཁོར་ཡུག་ལས་ཀྱང་འདས་ཏེ། འཇིག་རྟེན་གྱི་བར་གྱི་ཁོར་ཡུག་གི་ཟོམ་ལ་འདུག་ནའང་། བཅོམ་ལྡན་འདས་ཀྱི་གསུང་ལྷག་ཆད་མེད་ཅིང་མཉམ་པར་དེ་འདྲ་བ་ཁོ་ནར་ཐོས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྙམ་དུ་དགོངས་ཏེ། ཀྱེ་མ་མོའུ་འགལ་གྱི་བུ་འདི་ངའི་སྒྲ་སྐད་དཔོག་པར་འདོད་ཀྱིས། ངས་འདི་ལ་རྫུ་འཕྲུལ་གྱིས་བསྟང་ངོ་སྙམ་ནས། བཅོམ་ལྡན་འདས་ཀྱིས་དེ་ལ་རྫུ་འཕྲུལ་གྱིས་བསྟངས་པ་དང་། དེ་སངས་རྒྱས་ཀྱི་མཐུ་དང་། རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་འོད་ཟེར་རྒྱལ་མཚན་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། ཆོས་ཀྱང་སྟོན་པ་དེར་གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོས་ཕྱིན་ཏེ། དེ་ན་འདུག་ཀྱང་བཅོམ་ལྡན་འདས་ཀྱི་སྒྲ་སྐད་དེ་འདྲ་བ་ཁོ་ནར་ཐོས་ཏེ། འདི་ལྟ་སྟེ། དཔེར་ན་འདོམ་གང་ཙམ་གྱི་ཕྱོགས་ན་འདུག་པའི་མིས་མི་ཅིག་ཤོས་ཀྱི་སྒྲ་ཐོས་པ་དེ་བཞིན་དུ། གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོ་འཇིག་རྟེན་གྱི་ཁམས་དེ་ན་གནས་ཀྱང་། བཅོམ་ལྡན་འདས་ཀྱི་གསུང་སྒྲ་ཐོས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོ་དེའི་སྐུའི་ཁྲུན་ནི་དཔག་ཚད་ཙམ་མོ། ། བྱང་ཆུབ་སེམས་དཔའ་དེ་དག་གི་ལུས་ཀྱི་ཁྲུན་ནི་དཔག་ཚད་ཕྱེད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གི་སྤྲད་པར་བྱ་བའི་ལྷུང་བཟེད་ཀྱི་རྟོན་མ་གདུ་བུ་དེ་ལ་གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོ་འཆག་ཅིང་འདུག་གོ། ། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་རབ་ཏུ་དགའ་ནས། བཅོམ་ལྡན་འདས་དེ་ལ་འདི་སྐད་གསོལ་ཏོ།། བཅོམ་ལྡན་འདས་དགེ་སྦྱོང་གི་ཁ་དོག་འདྲ་བའི་སྲོག་ཆགས་ལྷུང་བཟེད་ཀྱི་རྟེན་མའི་གདུ་བུ་ལ་འཆག་ཅིང་མཆིས་པ་འདི་ག་ལས་མཆིས་པ་ཞིག། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁྱེད་འདི་ལ་བརྙས་པའི་སེམས་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། འདི་ནི་གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོ་ཞེས་བྱ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཉན་ཐོས་ཀྱི་མཆོག་གོ།། ཉན་ཐོས་ཆེན་པོ་རྣམས་ཀྱི་ནང་ན་རྫུ་འཕྲུལ་དང་ལྡན་པའི་མཆོག་གོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོས། མོའུ་འགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། མོའུ་འགལ་གྱི་བུ་ཁྱོད་ལ་བྱང་ཆུབ་སེམས་དཔའ་འདི་དག་ཁྱད་དུ་གསོད་ཀྱིས་ཁྱོད་ཀྱིས་འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ཉིད་ཀྱི་བྱིན་གྱི་རླབས་ཀྱིས་རང་གི་རྫུ་འཕྲུལ་སྟོན་ཅིག། དེ་ནས་གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོས། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རིན་པོ་ཆེའི་གླིང་འདི་སྐྱིལ་མོ་ཀྲུང་གཅིག་གིས་ཁྱབ་པར་བགྱིའོ།། བཀའ་སྩལ་པ། མོའུ་འགལ་གྱི་བུ་ཁྱོད་ཀྱིས་དེའི་དུས་ལ་བབ་པར་ཤེས་ན་གྱིས་ཤིག། དེ་ནས་གནས་བརྟན་མོའུ་འགལ་གྱི་བུས་སྟེང་གི་ནམ་མཁའ་ལ་ཤིང་ཏ་ལ་བདུན་ཙམ་གྱི་གོང་དུ་མངོན་པར་འཕགས་ཏེ། རིན་པོ་ཆེའི་གླིང་དེ་སྐྱིལ་མོ་ཀྲུང་གཅིག་གིས་ཁྱབ་པར་བྱས་སོ།། སྐྱིལ་མོ་ཀྲུང་དེ་ལས་ཀྱང་མུ་ཏིག་གི་རྒྱན་འཕྲེང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མངོན་པར་འཕྱང་ངོ་།། མུ་ཏིག་གི་རྒྱན་འཕྲེང་གི་འབྲུ་ཐམས་ཅད་ལས་ཀྱང་འོད་ཟེར་བརྒྱ་སྟོང་བྱུང་ངོ་།། འོད་ཟེར་དེ་དག་ཐམས་ཅད་ཀྱི་རྩེ་མོ་དག་ལས་ཀྱང་པདྨ་རྣམས་བྱུང་ངོ་། ། པདྨ་ཐམས་ཅད་ཀྱི་སྙིང་པོ་རྣམས་ལའང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཅི་འདྲ་བའི་དེ་བཞིན་གཤེགས་པའི་གཟུགས་བཞུགས་པར་སྣང་ངོ་།། དེ་བཞིན་གཤེགས་པའི་གཟུགས་དེ་དག་ཐམས་ཅད་ཀྱང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དབྱངས་ཀྱི་དཀྱིལ་འཁོར་ཡོངས་སུ་དག་པའི་ཆོས་ཀྱི་རྣམ་གྲངས་ལས་བརྩམས་ཏེ། བསྔགས་པ་གསུང་ངོ་།། དེ་ནས་གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོས། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་སྐྱིལ་མོ་ཀྲུང་གཅིག་གིས་ཁྱབ་པར་བགྱིའོ། ། དེ་བཞིན་དུ་སྦར་ཏེ་དེ་ལྟར་སྟོང་དང་སྟོང་གཉིས་པ་ཁྱབ་པར་བགྱིའོ།། བཅོམ་ལྡན་འདས་སྟོང་གསུམ་གྱི་སྟེང་ཆེན་པོའི་འཇིག་རྟེན། གྱི་ཁམས་འདི་སྐྱིལ་མོ་ཀྲུང་གཅིག་གིས་ཁྱབ་པར་བགྱིའོ།། བཅོམ་ལྡན་འདས་ངེས་བཀའ་སྩལ་པ། མོའུ་འགལ་གྱི་བུ་ཁྱོད་ཀྱིས་དེའི་དུས་ལ་བབ་པར་ཤེས་ན་གྱིས་ཤིག། དེ་ནས་གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོས་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་བསྡུས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ངོ་མཚར་གྱུར་ཏེ། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོ་འདི་ཅི་ཞིག་གི་སླད་དུ་འཇིག་རྟེན་གྱི་ཁམས་འདིར་མཆིས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་དག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེའི་དབྱངས་ཀྱི་དཀྱིལ་འཁོར་ཤེས་པར་འདོད་ནས། འཇིག་རྟེན་གྱི་ཁམས་འདིར་འོངས་སོ།། དེ་ནས་བཅོམ་ལྡན་འདས་དེས་གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། མོའུ་འགལ་གྱི་བུ་ཁྱོད་དེ་བཞིན་གཤེགས་པའི་གསང་དབྱངས་ཚད་མེད་པའི་གསུང་གི་དཀྱིལ་འཁོར་ཤེས་པར་འདོད་པས་འརིག་རྟེན་གྱི་ཁམས་འདིར་ཕྱིན་གྱིས། ཁྱོད་ཀྱིས་ལན་གཉིས་སུ་དེ་ལྟ་བུའི་སེམས་མ་སྐྱེད་ཅིག། གལ་ཏེ་མོའུ་འགལ་གྱི་བུ་ཁྱོད་ཤུགས་འདི་ཉིད་དང་། རྫུ་འཕྲུལ་གྱི་སྟོབས་འདི་ཉིད་ཀྱིས་ནུབ་ཕྱོགས་ལོགས་སུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་སོང་ཡང་། ཁྱོད་ཀྱིས་འདི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེའི་གསུང་གི་དཀྱིལ་འཁོར་གྱི་མཐའ་རྟོགས་པར་མི་ནུས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དེ་ལྟར་གསུང་དབྱངས་ཚད་མེད་པ་དང་ལྡན་ནོ།། དེ་ནས་གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོས། བཅོམ་ལྡན་འདས་དེའི་ཞབས་གཉིས་ལ་ཕྱག་འཚལ་ཏེ། ཉེས་པ་བཤགས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསུང་དབྱངས་ཚད་མ་མཆིས་པའི་གསུང་གི་དཀྱིལ་འཁོར་རྟོགས་པར་འཚལ་བས། བདག་ནི་ནོངས་པ་ཅན་ཏེ། ནོངས་པ་འཆགས་སོ།། བཅོམ་ལྡན་འདས་བདག་ཇི་སྲིད་ཅིག་ནས་མཆིས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་འདས་པ་ནས་ཁྱོད་འཇིག་རྟེན་གྱི་ཁམས་འདིར་འོངས་སོ།། མོའུ་འགལ་གྱི་བུས་གསོལ་པ། བཅོམ་ལྡན་འདས་བདག་ནི་རིང་མོ་ཞིག་ནས་མཆིས་པས་ལུས་དུབ་སྟེ། འཇིག་རྟེན་གྱི་ཁམས་མི་མཇེད་དེར་མཆི་བའི་རྔོ་མི་ཐོག་གོ།། བཅོམ་ལྡན་འདས་དེས་བཀའ་སྩལ་པ་མོརུ་འགལ་གྱི་བུ་འདི་ཇི་སྙམ་དུ་སེམས། ཁྱོད་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་འདིར་ཕྱིན་སྙམ་དུ་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེན་ཁྱོད་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ཉིད་ཀྱི་བྱིན་གྱི་རླབས་ཀྱིས་འཇིག་རྟེན་གྱི་ཁམས་འདིར་བྱིན་གྱིས། ཁྱོད་བཅོམ་ལྡན་འདས་དེ་ཉིད་ལ་ཕྱག་ཚོལ་ཅིག་དང་། དེ་ཉིད་ཀྱིས་ཁྱོད་སླར་འཁྲིང་པར་འགྱུར་རོ། ། མོའུ་འགལ་གྱི་བུ་གལ་ཏེ་ཁྱོད་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་དེར་འགྲོ་ན་ནི་བསྐལ་པ་སྲིད་ཀྱིས་ཀྱང་ཕྱིན་པར་མི་ནུས་ཏེ། འཇིག་རྟེན་གྱི་ཁམས་དེར་མ་བྱིན་པར་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། ། མོའུ་འགལ་གྱི་བུ་འདི་ཇི་སྙམ་དུ་སེམས། ཤར་རམ། ལྷོ་འམ། ནུབ་བམ། བྱང་ངམ། ཕྱོགས་གང་ཞིག་ཏུ་བྱིན། གསོལ་པ། བཅོམ་ལྡན་འདས་བདག་ཕྱོགས་བསླང་དེ་གང་ནས་འདིར་མཆིས་པ་མ་འཚལ་ཏོ།། བཅོམ་ལྡན་འདས་ངེས་བཀའ་སྩལ་པ། མོའུ་འགལ་གྱི་བུ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། གལ་ཏེ་ཁྱོད་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་དེར་འགྲོ་ན་ནི་བསྐལ་པས་ཀྱང་ཕྱིན་པར་མི་ནུས་སོ།། གསོལ་པ། བཅོམ་ལྡན་འདས་ཕྱོགས་གང་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞུགས། བཀའ་སྩལ་པ། མོའུ་འགལ་གྱི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ནི་ཤར་ཕྱོགས་ལོགས་ན་བཞུགས་སོ། ། དེ་ནས་གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོས་དེའི་ཚེ་ན་ཡན་ལག་ལྔ་ས་ལ་གཏུགས་ཏེ། ཤར་ཕྱོགས་ལོགས་སུ་ཕྱག་འཚལ་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་སྨྲས་སོ།། མཐུ་ཆེན་མངའ་བ་ལྷ་དང་མིས་མཆོད་པ།། ཡེ་ཤེས་མཐའ་ཡས་མཐའ་ཡས་གསུང་ལྡན་པ།། རྐང་གཉིས་རྣམས་ཀྱི་དམ་པ་དགོངས་སུ་གསོལ། ། སླར་ཡང་ཞིང་དེར་རབ་ཏུ་མཆི་བར་བགྱི།། ཞི་བའི་ཟླ་གྲོས་དེ་ལྟར་སངས་རྒྱས་ཀྱི་མཐུས། བཅོམ་ལྡན་འདས་ཀྱི་ཐམས་ཅད་དང་ལྡན་པའི་འཁོར་བྱ་རྒོད་ཀྱི་ཕུང་པོའི་རོ་ལ་གནས་པ་དེས། གནས་བརྟན་མོའུ་འགལ་གྱི་བུས་གསོལ་བ་བཏབ་པའི་སྒྲ་དེ་ཐོས་སོ།། ཐོས་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འདི་ལྟར་གསོལ་བ་འདེབས་པ་འདི་སུ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ནི་མོའུ་འགལ་གྱི་བུ་སྟེ། སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་འདས་པར་སོང་སྟེ། འཇིག་རྟེན་གྱི་ཁམས་འོད་ཟེར་གྱི་རྒྱལ་མཚན་ཞེས་བྱ་བར་། བཅོམ་ལྡན་འདས་འོད་ཟེར་གྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་ན་གནས་ཏེ། དེ་འཇིག་རྟེན་གྱི་ཁམས་འདིར་འོང་བར་འདོད་ནས་གསོལ་བ་འདེབས་པའི་སྒྲ་དེ་ལྟ་བུ་ཕྱུང་ངོ་།། ཀུན་དགའ་བས་གསོལ་པ། བཅོམ་ལྡན་འདས་མོའུ་འགལ་གྱི་བུ་ཆེན་པོ་ཅིའི་སླད་དུ་འཇིག་རྟེན་གྱི་ཁམས་དེར་མཆིས། བཀའ་སྩལ་པ། ཀུན་དགའ་བོ་མོའུ་འགལ་གྱི་བུ་འདིར་སླར་འོངས་པ་དང་དེ་ཉིད་དུ་ཐོས་པར་འགྱུར་རོ། ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་འོད་ཟེར་གྱི་རྒྱལ་མཚན་དེ་དང་། དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོ་བལྟ་བར་འཚལ་ལོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེས་གསོལ་བ་བཏབ་པ་མཁྱེན་ནས། མཛོད་སྤུ་ནས་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བའི་འོད་ཟེར་ཕྱུང་སྟེ། འོད་ཟེར་ངས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་པོ་དེ་ལག་ལས་ཐལ་ཏེ། འཇིག་རྟེན་གྱི་ཁམས་འོད་ཟེར་གྱི་རྒྱལ་མཚན་དེ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ།། དེ་ན་ཐམས་ཅད་དང་ལྡན་པའི་འཁོར་དེས་འཇིག་རྟེན་གྱི་ཁམས་འོད་ཟེར་གྱི་རྒྱལ་མཚན་དེ་དང་། དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོ་ཡན་ལག་ལྔ་ས་ལ་གཏུགས་ཏེ། བཅོམ་ལྡན་འདས་ལ་གསོལ་བ་འདེབས་པ་མཐོང་། དེ་ནས་བཅོམ་ལྡན་གྱིས་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མོའུ་འགལ་གྱི་བུ་འོད་ཀྱི་དཀྱིལ་འཁོར་འདོ་རྗེས་སུ་འབྲོངས་ཏེ་ཤོད་ཅིག། དེ་ནས་གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོས། བཅོམ་ལྡན་འདས་ཀྱི་འོད་ཀྱི་དཀྱིལ་འཁོར་ལ་བརྟེན་ཏེ། སེམས་ཀྱི་རྣམ་པར་རྟོག་པ་ཙམ་གྱིས། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར་ཕྱིན་ནས། ངེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས། སྤྱན་སྔར་ཡན་ལག་ལྔ་ས་ལ་གཏུགས་ཏེ། ཕྱག་འཚལ་ནས་ཉེས་པ་བཤགས་པ་བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པའི་གསུང་དབྱངས་ཚད་མ་མཆིས་པའི་གསུང་དབྱངས་ཀྱི་དཀྱིལ་འཁོར་རྟོགས་པར་འཚལ་ནས། དེ་སྲིད་དུ་རིང་དུ་མཆིས་པས་བདག་ནོངས་པ་ཅན་ཏེ། ནོངས་པ་འཆགས་སོ།། བཅོམ་ལྡན་འདས་དེ་སྲིད་དུ་རིང་དུ་མཆིས་ཀྱང་། དེ་བཞིན་གཤེགས་པའི་གསུང་ནི་འདི་ན་ཅི་ཙམ་པ་དེ་ཙམ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མོའུ་འགལ་གྱི་བུ་ཆེན་པོ་ཇི་སྐད་སྨྲས་པ་དེ་དེ་བཞིན་ནོ། ། དེ་བཞིན་གཤེགས་པའི་གསུང་ལ་ནི་ཚང་གང་ཡང་མེད་དེ། མོའུ་འགལ་གྱི་བུ་གང་དེ་བཞིན་གཤེགས་པའི་གསུང་གི་ཚད་དམ། མཐ་ཡོངས་སུ་ཚོལ་བར་སེམས་པ་དེ་ནི་ནམ་མཁའི་ཚད་དམ། མཐའ་ཡོངས་སུ་ཚོལ་བར་སེམས་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ནམ་མཁས་ཇི་ཙམ་དུ་ཁྱབ་པ་དེ་ཙམ་དུ་དེ་བཞིན་གཤེགས་པའི་གསུང་གིས་ཁྱབ་བོ། ། གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོ་འགྲོ་བ་དང་འོང་བའི་ལེའུ་འདི་བཤད་པ་ན། སྲོག་ཆགས་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། ཞི་བའི་བློ་གྲོས་འདིའང་དེ་བཞིན་གཤེགས་པའི་གསུང་གི་གསང་བའོ།། ཞི་བའི་བློ་གྲོས་འདི་ཇི་སྙམ་དུ་སེམས། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བ་འཇུག་པ་གང་དག་ཡིན་པ་དེ་དག་ཅི་མང་བ་ཡིན་ནམ། ཞི་བའི་བློ་གྲོས་ཀྱིས་སྨྲས་པ། གསང་བ་པའི་བདག་པོ་སེམས་ཅན་གཅིག་གི་སེམས་དང་སེམས་ལས་བྱུང་བའི་འཇུག་པ་གང་དག་ཡིན་པ་དེ་དག་ཀྱང་། སྟོང་གསུམ་གྱི་སྟོང་ཆེན་པོར་གཏོགས་པའི་སེམས་ཅན་ཐམས་ཅད་རང་སངས་རྒྱས་སུ་གྱུར་པ་རྣམས་ཀྱིས་བསྐལ་པར་ཡང་བསམ་པ་འམ། གཞལ་བ་འམ། བརྩི་བ་འམ་བརྟག་པར་མི་ནུས་ན། སེམས་ཅན་ཐམས་ཅད་ཀྱི་ལྟ་སྨོས་ཀྱང་ཅི་དགོས། ལག་ན་རྡོ་རྗེས་སྨྲས་པ། ཞི་བའི་བློ་གྲོས་ཁྱོད་མོས་པར་བྱའོ།། ཁྱོད་ཀྱིས་ཁྱོད་དུ་ཆུད་པར་བྱའོ།། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བའི་འཇུག་པ་ཇི་སྙེད་པར་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཚིམ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཆོས་སྟོན་པའི་གསུང་གི་ཡན་ལག་གི་རྣམ་པའང་དེ་སྙེད་དུ་འབྱུང་སྟེ། དེ་ལའང་དེ་བཞིན་གཤེགས་པ་ནི་རྣམ་པར་མི་རྟོག་ཅིང་བཏང་སྙོམས་པའོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། སྟོང་གསུམ་སེམས་ཅན་གང་ཡིན་པ། ། དེ་དག་རང་རྒྱལ་འདྲེན་གྱུར་པས།། བསྐལ་པར་སེམས་ཅན་གཅིག་ཅིག་གིས།། སེམས་ཀྱི་ཁམས་ཀྱང་མི་ཤེས་སོ།། སེམས་ཅན་གཅིག་ཡིད་རྫི་སྙེད་པ། ། སངས་རྒྱས་ཀྱིས་ནི་རབ་མཁྱེན་ཀྱང་།། ང་ཡིས་ཡིད་འདི་ཤེས་སོ་ཞེས།། དེ་ནི་རྟོག་པར་མི་འགྱུར་རོ།། དུས་གསུམ་སེམས་ཅན་ཐམས་ཅད་ཀྱི།། སེམས་པ་དག་ནི་ཇི་སྙེད་པ། འཇིག་རྟེན་མགོན་པོ་ཆོས་སྟོན་ཚེ།། དབྱངས་ཀྱི་ཡན་ལག་དེ་སྙེད་དོ།། ཆོས་ཀྱི་བདག་པོ་གསུང་བ་ན།། དབྱངས་ཀྱི་ཡན་ལག་ཇི་སྙེད་པ།། ཆོས་ཀྱི་མིང་གིས་བཤད་པ་ཡི།། ཆོས་བསྟན་པ་ཡང་དེ་ཙམ་མོ། ། སེམས་ཅན་ཀུན་གྱི་གཟུགས་དང་ནི།། མིང་དང་སེམས་པ་ཇི་སྙེད་པ།། སེམས་ཅན་སྙིང་པོའི་སྤུ་གཅིག་ནས།། འོད་ཟེར་བྱུང་བ་དེ་སྙེད་དོ།། འཇིག་རྟེན་མགོན་པོའི་སྤུ་ཀུན་གྱི། ། འོད་ཟེར་དག་ནི་ཇི་སྙེད་པ།། མི་ཡི་དབང་པོ་ཆོས་སྟོན་ཚེ།། གསུང་གི་ཡན་ལག་དེ་བས་མང་།། དཔེ་བཀོད་ནས་ནི་སངས་རྒྱས་ཀྱིས།། བསྐལ་པར་རབ་ཏུ་བསྟན་མཛད་ཀྱང་། ། སངས་རྒྱས་ཀྱི་ནི་གསུང་དབྱངས་ཀྱི།། མཐའ་མ་རྙེད་པར་མི་འགྱུར་རོ།། ཉོན་མོངས་གཟུགས་ཅན་མ་ཡིན་རྣམས།། གཟུགས་ཅན་མིན་པའི་ཚིག་གིས་བརྗོད།། གཟུགས་ཅན་མིན་པའི་ཚིག་གིས་ནི།། ཉོན་མོངས་གཟུགས་མེད་ཞི་བར་བྱེད།། ཇི་ལྟར་ཚིག་ནི་གཟུགས་མེད་པ།། ཐམས་ཅད་དུ་ནི་མི་དམིགས་ཏེ།། དེ་ལྟར་ཉོན་མོངས་གཟུགས་མེད་པ། ། ཤིན་ཏུ་དམིགས་པར་མི་འགྱུར་རོ།། ཇི་ལྟར་ཚིག་ནི་ཡོད་མིན་ཏེ།། ནང་དང་ཕྱི་རོལ་མི་གནས་པ།། དེ་ལྟར་ཉོན་མོངས་རྣམ་མེད་ཅིང་།། ནང་དང་ཕྱི་རོལ་མི་གནས་སོ།། ཇི་ལྟར་ཕྱོགས་བཅུར་སངས་རྒྱས་གསུང་། ། གང་ཡང་རྙེད་པར་མི་འགྱུར་བ།། དེ་ལྟར་ཉོན་མོངས་མི་དམིགས་ཀྱང་།། དེ་ནི་ཚིག་གིས་བརྗོད་པ་ཡིན།། སེམས་ཅན་དག་ནི་ཀུན་གྱི་ཚིག། རབ་འབྲིང་ཐ་མ་གང་ཡིན་པ། ། དེ་དག་ལུས་དང་སེམས་མི་གནས།། གནས་པ་མེད་པའང་མ་ཡིན་ནོ།། ཇི་ལྟར་སིལ་སྙན་འཁྲུལ་འཁོར་བྱས།། རླུང་གིས་བསྐྱོད་ནས་སྒྲ་འབྱུང་བ།། སྒྲ་འབྱིན་བྱེད་པ་གང་ཡང་མེད། ། འོན་ཀྱང་སྒྲ་རྣམས་དེ་དག་འབྱུང་།། དེ་ལྟར་སྔོན་ཆད་རྣམ་དག་ཕྱིར།། སེམས་ཅན་ཀུན་གྱི་བསམ་པ་སྤྱོད།། སངས་རྒྱས་ཀྱི་ནི་གསུང་འབྱུང་ཡང་།། འདི་ལ་དེ་ནི་རྟོག་མི་མངའ། ། ཇི་ལྟར་བྲག་ཆ་རྣམས་ཀྱི་སྒྲ།། ནང་དང་ཕྱི་རོལ་མི་གནས་པ།། དེ་ལྟར་མི་ཡི་དབང་པོའི་གསུང་།། ནང་དང་ཕྱི་རོལ་མི་གནས་སོ།། ཇི་ལྟར་རིན་ཆེན་མི་རྟོག་པར།། སྣང་བས་སེམས་ཅན་ཚིམ་པར་བྱེད། ། དེ་ལྟར་རྒྱལ་བའི་མི་རྟོག་གསུང་།། སྒྲ་ཀུན་རབ་ཏུ་རྫོགས་པར་བྱེད། ཞི་བའི་བློ་གྲོས་གཞན་ཡང་དེ་བཞིན་གཤེགས་པའི་གསུང་གི་གསང་བ་ནི་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་འཇུག་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པར་ཁོང་དུ་ཆུད་པར་བྱའོ། ། ཞི་བའི་བློ་གྲོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སྐྱེ་བའི་གནས་ཐ་དད་པ་དག་ཡོད་པ་རྣམས་སུ་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ཀྱི་སྐད་ཀྱི་འཇུག་པ་ཇི་ལྟ་བ་བཞིན་དུ་བདེན་པ་རྣམས་མིང་ཐ་དད་པ་དག་གིས་རྣམ་པར་གཞག་གོ། ། ཞི་བའི་བློ་གྲོས་འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ། ས་བླ་བའི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། ཟ་བ་དང་། ཟ་བའི་རྩ་བ་དང་། ཟ་བ་སེལ་དང་། ཟ་བ་འགོག་ཅེས་བྱའོ།། འདིར་སྡུག་བསྔལ་བ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ། བར་སྣང་གི་ལྷ་རྣམས་ཀྱིས་འདི་སྐད་ཅེས་བྱ་སྟེ། འཇུག་པ་དང་། ཀུན་ཏུ་འཇུག་བྱེད་དང་། ཀུན་ཏུ་འཇུག་བྲལ་དང་། ཀུན་ཏུ་འཇུག་སྒྲོལ་ཞེས་བྱའོ།། འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་འདི་སྐད་ཅེས་བྱ་སྟེ། འབྱུང་བ་དང་། དཔོག་པ་དང་། སྲེག་པ་དང་། འཇིག་བྱེད་ཅེས་བྱའོ།། འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོགཔར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་འདི་སྐད་ཅེས་བྱ་སྟེ། འཁོར་བ་དང་། ཀུན་སྙེན་དང་། ཟད་པ་དང་། ཟད་པ་ལྡོག་བྱེད་ཅེས་བྱའོ།། འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ། འཐབ་བྲལ་གྱི་ལྷ་རྣམས་ཀྱིས་འདི་སྐད་ཅེས་བྱ་སྟེ། གནོད་པ་དང་། གནོད་པ་སྙེན་དང་། གནོད་པ་ཟད་པར། གནོད་པ་ཟད་པར་སྒོམ་པ་ཞེས་བྱའོ།། འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ།། དགའ་ལྡན་གྱི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། ཤིན་ཏུ་མི་བསྲུན་དང་། མི་བསྲུན་རྩ་བ་དང་། ལྡོག་པ་དང་། ཡང་དག་པར་ལྡོག་བྱེད་ཅེས་བྱའོ།། འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ། འཕྲུལ་དགའི་ལྷ་རྣམས་ཀྱིས་འདི་སྐད་ཅེས་བྱ་སྟེ། རྒྱལ་པ་དང་། ཀུན་ཏུ་རྒྱལ་བྱེད་དང་། རྒྱལ་ཟད་དང་། རྒྱལ་བ་སྒོ་ཞེས་བྱའོ།། འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་འདི་སྐད་ཅེས་བྱསྟེ། !ཧོ་དང་། ཧཧ་ཐོབ་བྱེད་དང་། ཧཧ་བྲལ་དང་། བྲལ་བྱེད་ཅེས་བྱའོ།། འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་འདི་སྐད་ཅེས་བྱ་སྟེ། མེ་མུར་དང་། མེ་མུར་གནོད་དང་། མེ་མུར་འདོར་འདོད་དང་། མེ་མུར་སྒྲོལ་ཞེས་བྱའོ།། འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ། ཚངས་པའི་ལྷ་རྣམས་ཀྱིས་འདི་སྐད་ཅེས་བྱ་སྟེ། སྡུག་པ་དང་། སྡུག་བྱེད་དང་། སྡུག་པ་ཉལ་དང་། སྡུག་པར་འཁོར་ཞེས་བྱའོ།། འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ། ཚངས་རིས་ཀྱི་ལྷ་རྣམས་ཀྱིས་འདི་སྐད་ཅེས་བྱ་སྟེ། འཛག་པ་དང་། ཀུན་ཏུ་འཛག་བྱེད་དང་། རྒྱུན་གཅོད་དང་། ཤིན་ཏུ་འབྱུང་ཞེས་བྱའོ། ། འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ། ཚངས་པའི་མདུན་ན་འདོན་གྱི་ལྷ་རྣམས་ཀྱིས་འདི་སྐད་ཅེས་བྱ་སྟེ། རྨ་དང་། རྨའི་མཚམས་སྦྱོར་བ་དང་། རྨ་རུ་བ་དང་། རྨ་ཉེ་བར་ཞི་བྱེད་ཅེས་བྱའོ།། འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ། ཚངས་ཆེན་གྱི་ལྷ་རྣམས་ཀྱིས་འདི་སྐད་ཅེས་བྱ་སྟེ། རྒྱལ་བྱེད་དང་། རྣམ་པར་རྒྱལ་བྱེད་དང་། རྐྱལ་བ་མཐར་བྱེད་དང་། བྱེད་པ་ཐོབ་བྱེད་ཅེས་བྱའོ།། འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ། འོད་ཆུང་གི་ལྷ་རྣམས་ཀྱི་འདི་སྐད་ཅེས་བྱ་སྟེ། ཧ་ཧི་དང་། ཧེ་ཧི་དང་། ཧུ་ཧུ་དང་། ཧ་ར་ནུ་སན་དྷི་ཞེས་བྱའོ།། འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ། དགེ་ཆུང་གི་ལྷ་རྣམས་ཀྱིས་འདི་སྐད་ཅེས་བྱ་སྟེ། ཨོཾ་ཧི་ཏ་དང་། ནི་བ་ཧི་ཏ་དང་། ནི་ག་ཀྵི་ཏ་དང་། ནི་ག་མ་ནི་ཞེས་བྱའོ།། འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ། ཚད་མེད་དགེ་བའི་ལྷ་རྣམས་ཀྱིས་འདི་སྐད་ཅེས་བྱ་སྟེ། སྟེན་པ་དང་། ཡང་དག་པར་སྟེན་པ་དང་། ཟད་པ་སྟེན་པ་དང་། ཀུན་ཏུ་སྟོན་པ་ཞེས་བྱའོ།། འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ། དགེ་རྒྱས་ཀྱི་ལྷ་རྣམས་ཀྱིས་འདི་སྐད་ཅེས་བྱ་སྟེ། ཡོངས་གཅོད་དང་། ཡོངས་གཅོད་འབྱུང་དང་། ཁྱིམ་མཐའ་དང་། རྟག་ཏུ་རྣམ་དག་ཅེས་བྱའོ།། འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ། མི་ཆེ་བའི་ལྷ་རྣམས་ཀྱིས་འདི་སྐད་ཅེས་བྱ་སྟེ། རྗེས་སུ་འགྲོ་དང་། མི་འོང་བ་མ་ཡིན་དང་། རྗེས་ཀྱི་མཚམས་དང་། རྗེས་ཀྱི་མཚམས་ཞེས་བྱའོ།། འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ། མི་གདུང་བའི་ལྷ་རྣམས་ཀྱིས་འདི་སྐད་ཅེས་བྱ་སྟེ། དག་པ་དང་། དག་པ་ཅན་དང་། དག་པ་ཡོངས་སུ་དག་དང་། དག་པར་འགྲོ་ཞེས་བྱའོ།། འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ། གྱ་ནོམ་སྣང་བའི་ལྷ་རྣམས་ཀྱིས་འདི་སྐད་ཅེས་བྱ་སྟེ། མ་མེ་མ་མ་དང་། མ་མ་མེ་མེ་དང་། མ་ན་ནུན་པ་དང་། མ་ན་ནུ་ག་མ་ཞེས་བྱའོ།། འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ། ཤིན་ཏུ་མཐོང་གི་ལྷ་རྣམས་ཀྱིས་འདི་སྐད་ཅེས་བྱ་སྟེ་གྲོལ་བ་དང་། གྲོལ་བ་ཅན་དང་། གྲོལ་བའི་རྩ་བ་དང་། གྲོལ་བ་བྱེ་བྲག་ཕྱེད་པ་མཚམས་སྦྱོར་བ་ཞེས་བྱའོ།། འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ་འབྲས་བུ་ཆེ་བའི་ལྷ་རྣམས་ཀྱིས་འདི་སྐད་ཅེས་བྱ་སྟེ། མི་བྱ་བ་དང་།། མི་བྱེད་པ་དང་། བྱེད་བྲལ་དང་། བྱེད་པ་མཐར་ཐུག་ཅེས་བྱའོ།། འདིར་སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་གང་ཡིན་པ་དེ། གནས་གཙང་མའི་རི་ཀྱི་འོག་མིན་གྱི་ལྷ་རྣམས་ཀྱིས་འདི་སྐད་ཅེས་བྱ་སྟེ། མཐར་ཐུག་དང་། ཤིན་ཏུ་མཐར་ཐུག་དང་། མི་རྟོག་པ་དང་། ཉིད་མཚམས་སྦྱོར་བ་མེད་པ་ཞེས་བྱའོ། ། ཞི་བའི་བློ་གྲོས་དེ་ལྟར་ཇི་ལྟར་ལྷ་རྣམས་ཀྱི་བདེན་པ་རྣམ་པར་གཞག་པ་དེ་བཞིན་དུ་ཀླུ་རྣམས་ཀྱིའང་གཞན་ནོ།། དྲི་ཟ་རྣམས་ཀྱིའང་གཞན་ནོ།། མ་ཡིན་རྣམས་ཀྱིའང་གཞན་ནོ།། ནམ་མཁའ་ལྡིང་རྣམས་ཀྱིའང་གཞན་ནོ།། མི་འམ་ཅི་རྣམས་ཀྱིའང་གཞན་ནོ།། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིའང་གཞན་ནོ།། གནོད་སྦྱིན་ལག་ན་གཞོང་ཐོགས་རྣམས་ཀྱིའང་གཞན་ནོ། ། འཕྲེང་ཐོགས་རྣམས་ཀྱི་བདེན་པ་རྣམ་པར་གཞག་པའང་གཞན་ནོ།། ཞི་བའི་བློ་གྲོས་གང་ཡུལ་ཆེན་པོ་བཅུ་དྲུག་ཏུ་བསྡུ་བས་བསྡུས་པའི་ཡུལ་སྟོང་གིས་འཛམ་བུའི་གླིང་འདི་ཡོངས་སུ་གང་སྟེ། གང་ན་མི་རྣམས་ཀྱི་ཚིག་ཀྱང་གཞན། ངེས་པའི་ཚིག་ཀྱང་གཞན་བརྡའང་ཐ་དད་པ་དེར་ཡང་དེ་བཞིན་གཤེགས་པས་སྐད་ཀྱི་འཇུག་པ་ཇི་ལྟ་བ་བཞིན་དུ་མིང་ཐ་དད་པ་རྣམས་ཀྱིས་བདེན་པ་དག་རྣམ་པར་བཀོད་དེ། འདི་ལྟ་སྟེ། ཡུལ་ཀ་ཤ་དང་། པ་ཧུ་པ་དང་། ཐོ་གར་ཡུལ་དང་། ཡ་བ་ན་དང་། ཀམ་པོ་ཛ་དང་། ཁ་ཤ་དང་། ཧུ་ན་དང་། རྒྱ་ཡུལ་དང་། ད་ར་ཏ་དང་། ཨུ་ར་ཤ་དང་། བི་ལིན་དང་། སོ་མ་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། ད་ཙི་བ་དང་། ཀི་ར་ཏ་དང་། པུ་ལིན་ཏ་དང་། པུན་ཏྲ་དང་། ཀུ་རུ་ན་དང་། ལྔ་ལེན་དང་། ཤར་ཕྱོགས་དང་། ཕུ་རུ་ར་བ་དང་། ལྷོ་ཕྱོགས་དང་། ཀ་ལིང་ཀ་དང་། གཅེར་བུ་དང་། བ་ན་ས་ཀ་དང་། པ་ན་ཏ་དང་། སཱ་ལ་ཏ་དང་། ཁྱི་གདོང་དང་། ཝ་གདོང་དང་། ཀྲི་བ་ཤའི་གདོང་དང་། སྤྱིའུ་ཚུགས་པ་དང་། གནམ་གདོང་པོ་དང་། ཕྱི་ཕྱོགས་གདོང་དང་། བྱང་མཚམས་གདོང་དང་། རྗེས་སུ་རྒྱུག་དང་། རྒྱ་མཚོའི་ཁོལ་བ་དང་། སུལ་མཐས་གཏུགས་པ་དང་། ཨང་ཀུ་ར་དང་། མ་ཀུར་དང་། སྣ་མེད་དང་། གློ་བཀྲ་དང་། ཕྱོགས་ཀྱི་གཅེར་བུ་དང་། གཤོག་ཐོགས་གཅེར་བུ་དང་། སྐུས་ཏེ་འགྲོ་དང་། རྫོགས་བྱེད་རྣམ་པ་དང་། འཇིག་རྟེན་གྱི་བར་ན་གནས་པའི་ཡུལ་ལ་སོགས་པ་ཡུལ་སྟོང་གིས་འཛམ་བུའི་གླིང་ཡོངས་སུ་གང་སྟེ། ཞི་བའི་བློ་གྲོས་གང་ན་མི་རྣམས་ཀྱི་ཚིག་དང་། ངེས་བའི་ཚིག་དང་། བརྡ་ཐ་དད་པ་དེར་ཡང་དེ་བཞིན་གཤེགས་པས་སྐད་ཀྱི་འཇུག་པ་ཇི་ལྟ་བ་བཞིན་དུ་མིང་ཐ་དད་པ་རྣམས་ཀྱིས་བདེན་པ་དག་བསྟན་ཀྱང་། དེ་བཞིན་གཤེགས་པའི་གསུང་སེམས་ཀྱི་རྗེས་སུ་འབྲང་བ་མ་ཡིན་ཞིང་། རྣམ་པར་ཤེས་པའི་རྗེས་སུ་འབྲང་བ་མ་ཡིན་པ་འབྱུང་ངོ་།། ཞི་བའི་བློ་གྲོས་སྟོང་གི་འཇིག་རྟེན་གྱི་ཁམས་འདི་ན། བདེན་པ་མིང་ཐ་དད་པས་བསྟན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་བཞི་ཡོད་དེ། བདེན་པ་བསྟན་པ་དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ། དོན་དམ་པའི་བདེན་པ་དང་། སྐྱེ་བ་མེད་པའི་བདེན་པ་དང་། ཇི་ལྟ་བ་བཞིན་གྱི་བདེན་པ་དང་། མི་འཁྲུགས་པའི་བདེན་པར་དོན་གཅིག་ཏུ་ཡང་དག་པར་འདུས་ཏེ། ཞི་བའི་བློ་གྲོས་འདིའང་དེ་བཞིན་གཤེགས་པའི་གསུང་གི་གསང་བའོ།། ། བམ་པོ་ལྔ་པ། ཞི་བའི་བློ་གྲོས་གཞན་ཡང་དེ་བཞིན་གཤེགས་པའི་གསུང་ནི་སེམས་ཅན་ཐམས་ཅད་ཀྱི་རིགས་པ་གཅོད་པ། སེམས་ཅན་ཐམས་ཅད་ཀྱི་མམ་ཉི་སེལ་བའོ།། ཞི་བའི་བློ་གྲོས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་སེམས་ཅན་དུ་བསྡུ་བར་བསྡུས་པའི་སེམས་ཅན་ཇི་སྙེད་ཡོད་པ། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཁྱེན་པའི་སེམས་ཅན་གྱི་ཁམས་ནི་ཆེས་མང་ག། སའི་ཁམས་ནི་དེ་ལྟར་མ་ཡིན་ནོ་ཞེས་བྱ་སྟེ། ཞི་བའི་བློ་གྲོས་ཡོངས་སུ་བརྒྱག་པ་ཉེ་བར་བཟུང་ནས། སེམས་ཅན་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། ཞི་བའི་བློ་གྲོས་སེམས་ཅན་ཐམས་ཅད་འདི་ལྟ་སྟེ། གནས་བརྟན་ཤཱ་ར་དྭ་ཏིའི་བུའི་ཤེས་རབ་དང་ཡེ་ཤེས་དེ་ལྟ་བུ་དང་ལྡན་པར་གྱུར་ལ། ཤཱ་རིའི་བུ་ལྟ་བུ་སེམས་ཅན་དེ་དག་ཐམས་ཅད་ཀྱི་ཤེས་རབ་དང་། ཡེ་ཤེས་གང་ཡིན་པའི་ཤེས་རབ་དང་། ཡེ་ཤེས་དེ་སེམས་ཅན་གཅིག་དང་ལྡན་པར་གྱུར་ཅིང་། རྣམ་གྲང་འདིས་སེམས་ཅན་ཐམས་ཅད་ཤེས་རབ་དང་ཡེ་ཤེས་དེ་ལྟ་བུ་དང་ལྡན་པར་གྱུར་ལ། ཞི་བའི་བློ་གྲོས་སེམས་ཅན་དེ་དག་ཐམས་ཅད་ཀྱིས་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་ཐེ་ཚོམ་གྱི་དྲི་བ་བསམས་ཤིང་གཞལ་ཏེ་ཡོངས་སུ་བཙལ་ལ། སེམས་ཅན་གཅིག་གི་ཐེ་ཚོམ་གྱི་དྲི་བ་གང་ཡིན་པ་དེ་ཉིས་པའི་མ་ཡིན་ཞིང་། ཞི་བའི་བློ་གྲོས་རྣམ་གྲངས་འདིས་སེམས་ཅན་ཐམས་ཅད་ཀྱིས་ཐེ་ཚོམ་གྱི་དྲི་བ་ཐ་དད་པ་བསམས་ཏེ། བཅོམ་ལྡན་འདས་ཀྱི་གན་དུ་དོང་ནས་སེ་གོལ་གཏོགས་པ་སྲིད་ལ་ཐེ་ཚོམ་གྱི་དྲི་བ་དེ་དག་གསོལ་ཀྱང་། དེས་སེམས་ཅན་གཅིག་གི་རྗེས་སུ་ཞུགས་པའི་དྲན་པས་ཐམས་ཅད་བཟུང་ནས། གསུང་བརྗོད་པ་གཅིག་གིས་དེ་དག་གི་ཐེ་ཚོམ་གྱི་དྲི་བ་ཐམས་ཅད་གཅོད་དེ། དེ་དག་ཐམས་ཅད་ཀྱང་རང་རང་གི་ཐེ་ཚོམ་གྱི་དྲི་བ་ཆད་པར་ཤེས་ཤིང་། བཅོམ་ལྡན་འདས་ཀྱིས་ཞུས་པ་ལུང་བསྟན་པས་ཐམས་ཅད་ཀྱང་སེམས་རངས་པར་འགྱུར་ཏེ། ཞི་བའི་བློ་གྲོས་དེ་ལྟར་ན་དེ་བཞིན་གཤེགས་པའི་གསུང་ནི་སེམས་ཅན་ཐམས་ཅད་ཀྱི་དོགས་པ་གཅོད་ཅིང་། སེམས་ཅན་ཐམས་ཅད་ཀྱི་སོམ་ཉི་སེལ་ཀྱང་། དེ་བཞིན་གཤེགས་པ་ནི་དེ་ལ་ཐུགས་ཀྱིས་མཛད་པ་འམ། གསུང་དུ་བརྗོད་པའང་མི་མངའ་ལ། མཛད་པ་དེའང་མཛད་དེ། ཞི་བའི་བློ་གྲོས་འདིའང་དེ་བཞིན་གཤེགས་པའི་གསུང་གི་གསང་བའོ།། འདི་ནི་གསུང་རྨད་དུ་བྱུང་བའོ།། འདི་ནི་གསུང་ཡོངས་སུ་དག་པའོ།། དེ་བཞིན་བཤེགས་པའི་གསུང་ངོ་མཚར་ཅན་དང་། གསུང་གི་གསང་བ་འདི་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བཤད་པའི་ཚེ། སྲོག་ཆགས་སུམ་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོག་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐད་ན་ཚངས་པར་སྤྱད་པར་སྤོང་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་མཆོད་པའི་ལས་ཀྱི་ཕྱིར། མེ་ཏོག་རྣམས་ཀྱིས་ཀྱང་གཏོར། རིན་པོ་ཆེའི་གདུགས་རྣམས་ཀྱང་བཏང་ངོ་།། དེ་ནས་མེ་ཏོག་དེ་དག་བཅོམ་ལྡན་འདས་ཀྱི་སྐུ་ལའང་ཕོག། གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་ལུས་ལའང་ཕོག་ཅིང་། འཁོར་ཐམས་ཅད་ལའང་འཐོར་རོ།། རིན་པོ་ཆེའི་གདུགས་དེ་དག་ཀྱང་བར་སྣང་ལ་གནས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་སྟེང་ན་འདུག་གོ།། རིན་པོ་ཆེའི་གདུགས་དེ་དག་ལས་ཀྱང་། བཅོམ་ལྡན་འདས་བདག་ཅག་ནི་བཅོམ་ལྡན་འདས་ལ་མཆོད་པ་བགྱི་བ་དང་། དེས་དེ་བཞིན་གཤེགས་པའི་ཆོས་ཉིད་རྨད་དུ་བྱུང་བ་འདི་བསྟན་པས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་རྗེས་སུ་གཟུང་བའི་སླད་དུ། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཏང་བ་ལགས་སོ་ཞེས་སྒྲ་བྱུང་ངོ་། ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ནས། གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ཞིང་གུས་པ་ཆེར་བསྐྱེད་དེ། ཚིག་འདི་སྐད་ཅེས་བདག་ཅག་གོ་གསང་བའི་བདག་པོ་ལག་ན་རྡོ་རྗེ་མཐོང་བ་དང་། དེ་བཞིན་གཤེགས་པའི་གསུང་བསམ་གྱིས་མི་ཁྱབ་པ་འདི་ཐོས་པ་ནི་བདག་ཅག་གིས་རྙེད་པ་ལེགས་པར་རྙེད་དོ། ། གང་དག་བསྟན་པ་འདི་ཐོས་ནས། མོས་ཤིང་སོམ་ཉི་ཟ་བར་མི་འགྱུར་བའི་སེམས་ཅན་དེ་དག་ནི་དོན་ཡོད་པའི་མི་ཉིད་རྙེད་པར་འགྱུར་རོ།། དེ་དག་ནི་དེ་བཞིན་གཤེགས་པས་འདུལ་བར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཡང་འགྱུར་རོ་ཞེས་སྨྲས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ཐམས་ཅད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ལ་བཀའ་སྩལ་པ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་ཡང་དག་པ། དེ་བཞིན་གཤེགས་པའི་ཆོས་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ། དེ་བཞིན་གཤེགས་པའི་གནས་པ་གང་ཡིན་པ་དེ་དག་ནི་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཆོས་ཀྱི་རྣམ་གྲངས་འདིའི་ནང་དུ་བསྟན་ཏོ། ། བསྙད་དོ།། ཡང་དག་པར་བཤད་དོ།། གང་དག་ཆོས་བསྟན་པ་འདི་ལ་མོས་པའི་སེམས་ཅན་དེ་དག་ནི་རིང་པོར་མི་ཐོགས་པར་ཆོས་ཉིད་འདི་ལྟ་བུ་དང་ལྡན་པར་འགྱུར་རོ།། གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མོས་པ་དང་། འཆང་བ་དང་། མི་སྡང་། མི་སྐྲག། སྐྲག་པར་མི་འགྱུར་བ་དང་། དོན་རྟོགས་པའི་རྗེས་སུ་རྟོགས་པ་དང་། དེ་བཞིན་ཉིད་དུ་སྒྲུབ་པ་དེ་ཉིད་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ། ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བསྟན་པ་འདི་བཤད་པ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ཏེ། སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ།། མེ་ཏོག་གི་ཆར་ཆེན་པོའང་བབ་བོ།། སིལ་སྙན་དང་རོལ་མོའི་སྒྲའང་བྱུང་ངོ་། ། སེམས་ཅན་གྲངས་མེད་པ་དག་གིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བྱང་ཆུབ་སེམས་དཔའ་གྲངས་མེད་པ་དག་གིས་ནི་རྗེས་སུ་མཐུན་པའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། ། བྱང་ཆུབ་སེམས་དཔའ་གྲངས་མེད་པ་དག་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་གྲངས་མེད་པ་དག་གིས་ནི་སྐྱེ་བ་གཅིག་གིས་ཐོགས། པར་འགྱུར་བའི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་པར་བྱས་སོ།། དེ་ནས་འཁོར་གྱི་ཁྱམས་དེའི་དབུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆུའི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་གྱིས་ས་ཆེན་པོ་དཔག་ཚད་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་པ་བརྟོལ་ཏེ་མངོན་དུ་བྱུང་བར་སྣང་ངོ་། ། དེ་དག་སྟེང་གི་བར་སྣང་ནས། ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་སྤོས་ཆུས་ཆག་ཆག་བཏབ་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་བཀའ་སྩལ་བ། ཞི་བའི་བློ་གྲོས་ཁྱོད་ཀྱིས་ཆུའི་རྒྱུན་མངོན་པར་འཕགས་པ་འདི་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་ཏེ། འདི་སུའི་སྔ་ལྟས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞི་བའི་བློ་གྲོས་ཆུའི་རྒྱུན་འདི་དག་སེམས་མེད་ཀྱང་། ཇི་ལྟར་འདི་དག་གིས་ས་ཆེན་པོ་བརྟོལ་ཏེ་མངོན་པར་འཕགས་པ་དེ་བཞིན་དུ། གང་དག་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་པའི་སེམས་ཅན་དེ་དག་ཀྱང་མངོན་པར་འཕགས་པར་འགྱུར་ཏེ། དེ་དག་ནི་མ་རིག་པ་དང་ལྟ་བར་གྱུར་པའི་སྒོ་གླེགས་བཅག་ནས། ཆོས་ཀྱི་སྣང་བ་མི་བཟད་པ་དང་། ཤེས་རབ་དང་སྤོབས་པ་འབྱུང་བར་འགྱུར་རོ།། དེས་སྐྱེས་བུ་དེ་དག་གིས་ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཀྱི་སེམས་རྣམས་ཚིམ་པར་བྱེད་པར་འགྱུར་ཏེ། འདི་ནི་ཆོས་ཀྱི་རྣམ་གྲངས་འདིའི་མ་འདྲེས་པའི་མཚན་ཉིད་དུ་རིག་པར་བྱའོ།། དེ་བཞིན་གཤེགས་པའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། ། ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ།། ཞི་བའི་བློ་གྲོས་དེ་ལ་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་དང་། ཐུགས་ཀྱི་འཕྲིན་ལས་ཡོངས་སུ་དག་པ་གང་ཞེ་ན། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་གཟུགས་མེད་པ་ན་སྤྱོད་པའི་ལྷའི་རིས་སུ་སེམས་ཅན་གང་དག་སྐྱེས་པ་དེ་དག་རྣམ་པར་ཤེས་པའི་དམིགས་པ་གཅིག་གིས་བསྐལ་པ་བརྒྱད་ཁྲི་བཞི་སྟོང་དུ་གནས་ཀྱང་། ཏིང་ངེ་འཛིན་གྱི་ཚེའི་མཐར་མ་ཐུག་གི་བར་དུ་དེ་དག་གི་རྣམ་པར་ཤེས་པ་དེ་རྣམ་པར་ཤེས་པ་གཞན་གྱི་རྗེས་སུ་མི་འབྲང་སྟེ། དེ་ནས་ཤི་འཕོས་ནས་ལས་ཇི་ལྟར་བསགས་པ་བཞིན་དུ་སྐྱེ་བ་ཡོངས་སུ་འཛིན་ཏོ།། ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་རྣམ་པར་ཤེས་པའང་མི་གནས་པ་སྟེ། གང་གི་ནུབ་མོ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གི་ནུབ་མོ་དེ་བཞིན་གཤེགས་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་བར་དུ། དེ་བཞིན་གཤེགས་པའི་ཐུགས་ལྡོག་པ་མི་མངའ། ཐུགས་རྟོག་པ་མི་མངའ། ཐུགས་རྣམ་པར་དཔྱོད་པ་མི་མངའ། ཐུགས་འགྱུར་བ་མི་མངའ། ཐུགས་ཀྱི་ཚད་མི་མངའ། ཐུགས་འཁྲུལ་པ་མི་མངའ། ཐུག་སེལ་བ་མི་མངའ། ཐུགས་གཡེང་བ་མི་མངའ། ཐུགས་ཁེངས་པ་མི་མངའ། ཐུགས་དམའ་བ་མི་མངའ། ཐུགས་ཀུན་ཏུ་སྲུང་བ་མི་མངའ། ཐུགས་རྒྱུ་བ་མི་མངའ། ཐུགས་ཤིན་ཏུ་རངས་པ་མི་མངའ། ཐུགས་རྣམ་པར་འཁྲུག་པ་མི་མངའ། ཐུགས་ལ་ཁོན་དུ་འཛིན་པ་མི་མངའ། ཐུགས་གཡོ་བ་མི་མངའ། ཐུགས་ངེས་པར་སེམས་པ་མི་མངའ། ཐུགས་དགྱེས་པ་མི་མངའ། ཐུགས་ལ་གནོད་པ་མི་མངའ། ཐུགས་འཇུག་པ་མི་མངའ། ཐུགས་རབ་ཏུ་རྒྱུ་བ་མི་མངའ། ཐུགས་ལ་རྟོག་པ་མི་མངའ། ཐུགས་ལ་རྣམ་པར་རྟོག་པ་མི་མངའ། ཐུགས་ལ་ཡོངས་སུ་རྟོག་པ་མི་མངའ། ཐུགས་ལ་ཞི་གནས་མི་མངའ། ཐུགས་ལ་ལྷག་མཐོང་མི་མངའ། ཐུགས་རྣམ་པར་ཤེས་པའི་རྗེས་སུ་འབྲང་བ་མི་མངའ། རང་གི་ཐུགས་ལ་གནས་པ་མི་མངའ། གཞན་གྱི་སེམས་ལ་ལྟ་བ་མི་མངའ། ཐུགས་མིག་ལ་གནས་པ་མི་མངའ། ཐུགས་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་གནས་པ་རྩ་མངའ། ཐུགས་གཟུགས་ལ་གནས་པ་མི་མངའ། ཐུགས་སྒྲ་དང་། དྲི་དང་། རོ་དང་། རེག་ལ་གནས་པ་མི་མངའ། ཐུགས་ཆོས་ལ་གནས་པ་མི་མངའ། ཐུགས་དམིགས་པ་ལ་གནས་པ་མི་མངའ། ཐུགས་ཡིད་ལ་གནས་པ་མི་མངའ། ཐུགས་ནང་ན་གནས་པ་མི་མངའ། ཐུགས་ཕྱི་རོལ་ལ་གནས་པ་མི་མངའ། ཐུགས་དེ་ཆོས་རྣམས་ལ་མི་འཇུག་གོ། ཐུགས་དེ་ཡེ་ཤེས་ལ་མི་འཇུག་གོ། ཐུགས་དེ་འདས་པ་འམ། མ་འོངས་པ་འམ། ད་ལྟར་བྱུང་བ་ལ་མི་རྟོག་གོ།། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་ནི་དེ་ལྟར་ཐུགས་ཡོངས་སུ་དག། པ་སྟེ། ཐུགས་ཀྱི་ཆོས་གང་ཡང་མངོན་པར་མི་སྒྲུབ་ལ། ཆོས་ཐམས་ཅད་ལའང་དེའི་ཡེ་ཤེས་མ་ཆགས་མ་ཐོགས་པར་འཇུག་གོ།། རང་གི་ཐུགས་ཡོངས་སུ་དག་པས་སེམས་ཅན་གང་གི་སེམས་ཀྱང་ཡོངས་སུ་མ་དག་པར་མི་གཟིགས་ཏེ། དེ་གཟིགས་ཀྱང་གཟིགས་པ་མ་ཡིན་ཞིང་རྣམ་པར་མི་རྟོག་གོ།། གཟིགས་ཀྱང་སྤྲོས་པར་མི་མཛད་དོ།། གཟིགས་པས་ཀུན་གཟིགས་པ་དང་། རྣམ་པར་གཟིགས་པ་མི་གཟིགས་སོ།། དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ནི་ཤའི་མིག་གི་མཐོང་བ་དང་ལྡན་པ་མ་ཡིན། ལྷའི་མིག་གིས་མཐོང་བ་དང་ལྡན་པ་མ་ཡིན། ཤེས་རབ་ཀྱི་མིག་གིས་མཐོང་བ་དང་ལྡན་པ་མ་ཡིན། ཆོས་ཀྱི་མིག་གིས་མཐོང་བ་དང་ལྡན་པ་མ་ཡིན། སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པ་དང་ལྡན་པ་མ་ཡིན། ལྷའི་རྣ་བའི་ཐོས་པ་དང་ལྡན་པ་མ་ཡིན། གཞན་གྱི་སེམས་ལ་ལྟ་བ་དང་ལྡན་པ་མ་ཡིན། སྔོན་གྱི་གནས་རྗེས་སུ་དྲན་པ་དང་ལྡན་པ་མ་ཡིན། རྫུ་འཕྲུལ་རྣམ་པར་འཕྲུལ་པ་དང་ལྡན་པ་མ་ཡིན། ཟག་པ་ཟད་པ་ཤེས་པ་དང་ལྡན་པའང་མ་ཡིན། དེ་ཆོས་ཐམས་ཅད་དང་མི་ལྡན་པའང་མ་ཡིན་ཏེ། ཆོས་ཐམས་ཅད་ལ་ཆགས་པ་མེད་པར་ལྡན་པའང་ཡིན་ནོ།། དེའི་དེ་བཞིན་གཤེགས་བའི་ཡེ་ཤེས་ཀྱི་རྒྱུན་རྣམས་ནི་སྒྲིམ་པ་མི་མངའ་ཞིང་ལྷུན་གྱིས་གྲུབ་ལ། མངོན་པར་འདུ་མཛད་པ་མི་མངའ་བར་གནས་སོ།། སེམས་ཅན་གྱི་སྤྱོད་པ་ཐམས་ཅད་ལའང་གཟིགས་སོ།། སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའང་རབ་ཏུ་མཁྱེན་ཏོ།། དེའི་སྟོབས་བཅུ་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མཁྱེན་པའང་བསྙེལ་བ་མི་མངའ་སྟེ། དེ་བཞིན་གཤེགས་པའི་ཆོས་དེ་དག་ནི་ལྷུན་གྱིས་གྲུབ་ཅིང་སྒྲིམ་པ་མི་མངའ་ལ། མངོན་པར་འདུ་མཛད་པ་མི་མངའ་བར་འཇུག་གོ།། དེ་བཞིན་གཤེགས་པ་ནི་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་ཡང་བྲལ་ལ། ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་རོ།། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱང་མཛད་ལ། དེའི་ཆོས་ཐམས་ཅད་ལ་ཆགས་པ་མི་མངའ་བའི་ཡེ་ཤེས་ཀྱང་གང་དུའང་མི་ཆགས་སོ། ། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པས་སྤྲུལ་པའི་དེ་བཞིན་གཤེགས་པ་གཉིས་པ་གང་ཡང་སྤྲུལ་པ་དེ་ལ་ནི་སེམས་ཀྱང་མི་མངའ། ཡིད་ཀྱང་མི་མངའ། རྣམ་པར་ཤེས་པའང་མི་མངའ། སྐྲའི་འདུ་བྱེད་ཀྱང་མི་མངའ། གསུང་གི་འདུ་བྱེད་ཀྱང་མི་མངའ། ཐུགས་ཀྱི་འདུ་བྱེད་ཀྱང་མི་མངའ་མོད་ཀྱི། འདི་ལྟ་སྟེ། སངས་རྒྱས་ཀྱི་མཐུ་ཉིད་ཀྱིས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱང་མཛད་དོ།། ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའང་སྤྲུལ་པ་དང་མཚུངས་པས་མཉམ་མོ། ། སྤྲུལ་པའི་ཆོས་ཉིད་ཀྱིས་རྣམ་པར་མི་རྟོག་གོ།། དེ་ལ་སྐུའི་རྩོམ་པ་དང་། གསུང་གི་རྩོམ་པ་དང་། ཐུགས་ཀྱི་རྩོམ་པའང་མི་སྣང་ལ། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱང་མཛད་དེ། དེའང་ལྷུན་གྱིས་གྲུབ་ཅིང་སྒྲིམ་པ་མི་མངའ་ལ། མངོན་པར་འདུ་མཛད་པ་མི་མངའ་བས་མཛད་དོ།། དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པས་སྤྲུལ་པའི་རང་བཞིན་གྱི་མཚན་ཉིད་དུ་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། སེམས་ཅན་ལ་ཐུགས་བརྩེ་བས་དེ་བཞིན་དུ་བསྟན་ཏོ། ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་འདུས་བྱས་ལ་གནས་པ་མ་ཡིན། འདུས་མ་བྱས་ལ་གནས་པ་མ་ཡིན། ཕུང་པོ་ལ་གནས་པ་མ་ཡིན། ཁམས་གནས་པ་མ་ཡིན། སྐྱེ་མཆེད་ལ་གནས་པ་མ་ཡིན། ནང་ལ་གནས་པ་མ་ཡིན། བྱི་ལ་གནས་པ་མ་ཡིན། དགེ་བ་ལ་གནས་པ་མ་ཡིན། མི་དགེ་བ་ལ་གནས་པ་མ་ཡིན། འཇིག་རྟེན་པ་ལ་གནས་པ་མ་ཡིན། འཇིག་རྟེན་ལས་འདས་པ་ལ་གནས་པ་མ་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་ལ་གནས་པ་མ་ཡིན། ཁ་ན་མ་ཐོ་བ་མེད་པ་ལ་གནས་པ་མ་ཡིན། ཟག་པ་དང་བཅས་པ་ལ་གནས་པ་མ་ཡིན། ཟག་པ་མེད་པ་ལ་གནས་པ་མ་ཡིན། འདས་པ་ལ་གནས་པ་མ་ཡིན། མ་འོངས་པ་ལ་གནས་པ་མ་ཡིན། ད་ལྟར་བྱུང་བ་ལ་གནས་པ་མ་ཡིན། སོ་སོར་བརྟགས་པ་ལ་གནས་པ་མ་ཡིན། སོ་སོར་བརྟགས་པ་མ་ཡིན་པ་ལ་གནས་པ་མ་ཡིན་ཏེ། ཞི་བའི་བློ་གྲོས་དེ་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་གནས་པ་མི་མངའ་འོ། ། དེ་ཆོས་གང་ཡང་མངོན་པར་མི་སྒྲུབ་ལ་སེམས་ཅན་ལ་ཐུགས་བརྩེ་བས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་། སྤྱོད་པ་དང་། བསམ་པ་རྣམས་ལའང་དེའི་ཡེ་ཤེས་མཐོང་བ་ཆགས་པ་མི་མངའ་ཞིང་ཐོགས་པ་མི་མངའ་བ་འཇུག་སྟེ། དེའང་ལྷུན་གྱིས་གྲུབ་ཅིང་སྒྲིམ་པ་མི་མངའ་ལ། མངོན་པར་འདུ་བྱ་བ་མི་མངའ་བས་འཇུག་གོ། ཞི་བའི་བློ་གྲོས་འདིའང་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་སྟེ། མཉམ་པར་གཞག་པའི་གནས་ཀྱང་མི་མདོར་ལ། སེམས་ཅན་ཐམས་ཅད་ལ་སེམས་རྣམ་པར་རིག་པར་ཡང་མཛད་པས་ཐུགས་བསམ་གྱིས་མི་ཁྱབ་པ་ཉིད་དོ། ། དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བའི་ལེའུ་ཞེས་བྱ་སྟེ་དགུ་པའོ།། ། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཕྱོགས་བཅུ་དག་ན་བསྐལ་པ་བཟང་པོ་པའི་བྱང་ཆུབ་སེམས་དཔའ་གང་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐང་ནང་ལྟར་ཚངས་པར་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱི་སླད་ནའང་གསང་བ་པའི་བདག་པོ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱ་བ་འདི་བསམ་གྱིས་མི་ཁྱབ་ཀྱིས་ཞིག་ཅིག། ལྷ་དང་བཅས་པའི་འཇིག་རྟེན་བྱང་ཆུབ་སེམས་དཔའི་སྤོང་བ་འདི་ལ་མགོ་མོངས་པར་འགྱུར་རོ།། དེ་ལྟ་མོད་ཀྱི། ཤཱ་རིའི་བུ་གང་དག་དང་ཅིང་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དེ་དག་གནས་འདི་ལ་སྐྲག་པར་མི་འགྱུར་རོ། ། གསོལ་པ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདག་དེ་བཞིན་གཤེགས་པ་ལ་ཡིད་ཆེས་པར་མཆིའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་རྟག་ཏུ་ངའི་ཕྱི་བཞིན་འབྲང་བ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་ད་ལྟར་སངས་རྒྱས་ཀྱི་མཐུས་མཐོང་ལགས་ཏེ། འདི་བདག་གིས་སྔོན་ནི་ནམ་ཡང་མ་མཐོང་ངོ་།། བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་དུ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་འདི་ནི་བསྐལ་པ་བཟང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱབ་རྒྱ་བ་ནའང་གནས་ཏེ། སྔོན་གྱི་སྨན་ལམ་གྱི་སྟོབས་དང་། མངོན་པར་ཤེས་པའི་སྟོབས་ཀྱིས་ཐམས་ཅད་དུའང་ལག་ན་རྡོ་རྗེའི་གཟུགས་སུ་ཀུན་ཏུ་སྟོན་ཏོ། ། ཤཱ་རིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་འཁོད་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་རྒྱབ་རྒྱབ་ཏུ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ལག་ན་རྡོ་རྗེའི་གཟུགས་ཀུན་ཏུ་བསྟན་ཀྱང་། དེས་ཡེ་ཤེས་ཀྱི་བྱིན་གྱི་རླབས་ཡོངས་སུ་རྫོགས་པར་བསྟན་པར་མི་འགྱུར་རོ།། ཤཱ་རིའི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པའི་རྒྱབ་ན་ལག་ན་རྡོ་རྗེ་འདུག་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་བདག་གིས་ད་གདོད་མཐོང་ལགས་ཏེ། སྔོན་ནི་མ་མཐོང་ངོ་།། བཀའ་སྩལ་པ། འདི་ནི་དེའི་རྒྱབ་ན་རྟག་ཏུ་གནས་ན། ཁྱོད་ཀྱིས་དེ་མ་མཐོང་བ་མ་གཏོགས་པར། བྱང་ཆུབ་སེམས་དཔའ་འམ། བརྒྱ་བྱིན་ནམ། ཚངས་པ་འམ། འཇིག་རྟེན་སྐྱོང་བ་གང་དག་འཇིག་རྟེན་གྱི་ཁམས་གཞན་ནས་ལྷགས་པ་དེ་དག་གིས་ནི་བྱང་ཆུབ་སེམས་དཔའ་བྱམས་པའི་རྒྱབ་ན་ལག་ན་རྡོ་རྗེ་རྡོ་རྗེ་ཐོགས་ཤིང་རྟག་ཏུ་འདུག་པར་མཐོང་ངོ་། ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བྱམས་པ་དང་། བསྐལ་པ་བཟང་པོ་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྤྲུལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་སྤྲུལ་ཀྱང་། དེ་དག་ཐམས་ཅད་ཀྱི་རྒྱབ་ནའང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་གནས་པར་སྣང་སྟེ། བྱིན་གྱི་རླབས་དེ་དག་ཐམས་ཅད་ནི་གསང་བ་པའི་བདག་པོའི་ཡིན་ནོ།། ཤཱ་རིའི་བུ་དེ་བཞིན་གཤེགས་པས་སྤྲུལ་པ་གང་ཡིན་པ་དེ་དག་གི་སབ་ནའང་འདིའི་བྱིན་གྱི་རླབས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་གནས་ཏེ། ཤཱ་རིའི་བུ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ནི་དེ་ལྟར་ཡེ་ཤེས་དང་མངོན་པར་ཤེས་པའི་བྱིན་གྱི་རླབས་ཀྱི་སྟོབས་དང་ལྡན་ནོ། ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་ཡོན་ཏན་ཡོངས་སུ་བརྗོད་པའི་ལེའུ་ཞེས་བྱ་སྟེ་བཅུ་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའི་དཀའ་བ་སྤོང་པ་དང་། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། བདུད་འདུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བཀོད་པ་བསྟན་པ་ལ་བརྩམས་ཏེ། དེ་ན་རྨད་དུ་བྱུང་བའི་རྒྱུ་གང་དག་བྱུང་བ་གང་དུ་ཁྱོད་ལ་མངོན་སུམ་དུ་གྱུར་པ་ལ་ཁྱོད་སྟོབས་པར་གྱིས་ཤིག། གསང་བ་པའི་བདག་པོས་སྨྲས་པ། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའི་ཡོན་ཏན་བཀོད་པ་བྱུང་བ་ནི་ཚད་མེད་དེ། དེ་དག་ནི་ཚེའི་ཚད་བསྐལ་པར་གནས་པས་ཀྱང་རྒྱས་པར་རྣམ་པར་ཕྱེ་སྟེ་བསྟན་པར་སླ་བ་མ་ཡིན་མོད་ཀྱི། འོན་ཀྱང་ཅུང་ཟད་ཙམ་ཞིག་བརྗོད་པར་བྱའོ།། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའི་བཀའ་བ་སྤྱོད་པ་ནི་རྣམ་པ་གཅིག་མ་ཡིན་ཏེ། མུ་སྟེགས་ཅན་གཞོམ་པའི་ཕྱིར་བྱང་ཆུབ་སེམས་དཔས་སྤྱད་དོ།། དཀའ་ཐུབ་དང་ལུས་ལ་ཡོངས་སུ་གདུང་བ་ཇི་སྐད་དང་། ལུས་ཀྱི་སྤྱོད་ལམ་ཇི་སྙེད་ཀྱིས་ཕ་རོལ་མུ་སྟེགས་ཅན་དག་མངོན་པར་སྙེམས་པ་དེ་བས་ཆེས་ཁྱད་པར་དུ་འཕགས་པ་དང་། ཆེས་མཆོག་ཏུ་གྱུར་པའི་བྱ་དཀའ་བ་དང་། བརྟུལ་ཞུགས་དང་དཀའ་ཐུབ་གང་དག་དེ་དག་གིས་བྱ་བས་ཀུན་ཏུ་བསྟན་པར་མི་ནུས་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔས་ཀུན་ཏུ་བསྟན་ཏེ། ཞི་བའི་བློ་གྲོས་དེ་ལ་ཁ་ཅིག་གིས་ནི་བྱང་ཆུབ་སེམས་དཔའ་རྐང་པ་ཡ་གཅིག་བཙུགས་ཏེ་འདུག་པར་མཐོང་། ཁ་ཅིག་གིས་ནི་ལག་པ་བཏེག་སྟེ་འདུག་པར་མཐོང་། ཁ་ཅིག་གིས་ནི་ཉི་མ་ལ་ལྟ་ཞིང་འདུག་པར་མཐོང་། ཁ་ཅིག་གིས་ནི་གདུང་བ་ལྔས་གདུང་བར་མཐོང་། ཁ་ཅིག་གིས་ནི་ཙོག་ཙོག་པོར་འདུག་ཅིང་སྤོང་བ་ལ་སྦྱོར་བར་བརྩོན་པར་མཐོང་། ཁ་ཅིག་གིས་ནི་རྐང་པ་བཙུགས་ཏེ་མི་འགུལ་བར་མཐོང་། ཁ་ཅིག་གིས་ནི་རྐང་པ་གྱེན་དུ་སྒྲེང་སྟེ། འདུག་པར་མཐོང་། ཁ་ཅིག་གིས་ནི་ཁ་བུབ་ཏུ་འདུག་པར་མཐོང་། ཁ་ཅིག་གིས་ནི་ཚེར་མའི་སྟེང་ན་ཉལ་བར་མཐོང་། ཁ་ཅིག་གིས་ནི་བ་གླང་གི་ལྕི་བའི་ནང་ན་ཉལ་བར་མཐོང་། ཁ་ཅིག་གིས་ནི་རྡོ་ལེབ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པར་མཐོང་། ཁ་ཅིག་གིས་ནི་རྩིག་པ་ལ་སྐྱེས་པ་དང་། ཁ་ཅིག་གིས་ནི་ཤིང་ལེབ་ལ་སྐྱེས་པ་དང་། ཁ་ཅིག་གིས་ནི་གཏུན་ཤིང་ལ་སྐྱེས་པ་དང་ཁ་ཅིག་གིས་ནི་ཕྱག་དར་ཁྲོད་ན་ཉལ་བ་དང་། ཁ་ཅིག་གིས་ནི་ཉི་མ་ཡོངས་སུ་བསྒྱུར་བ་དང་། ཁ་ཅིག་གིས་ནི་ཤིང་ལེབ་གྱོན་པ་དང་། ཁ་ཅིག་གིས་ནི་རྩཝ་མུན་ཛའི་གོས་གྱོན་པ་དང་ཁ་ཅིག་གིས་ནི་རྩ་བལ་བ་ཛའི་གོས་གྱོན་པ་དང་། ཁ་ཅིག་གིས་ནི་རྩ་ཀུ་ཤའི་གོས་གྱོན་པ་དང་། ཁ་ཅིག་གིས་ནི་རི་དགས་ཀྱི་པགས་པ་གྱོན་པ་དང་། ཁ་ཅིག་གིས་ནི་རྩཝ་ཙར་གྱོན་པ་དང་། ཁ་ཅིག་གིས་ནི་སྒྲེན་མོར་འདུག་པ་དང་། ཁ་ཅིག་གིས་ནི་རྩ་དར་དྷའི་གོས་གྱོན་པ་དང་། ཁ་ཅིག་གིས་ནི་ཤིང་ཤུན་གྱི་གོས་གྱོན་པ་དང་། ཁ་ཅིག་གིས་ནི་སྲེད་ཟ་བ་དང་ཁ་ཅིག་གིས་ནི་ནས་ཟ་བར་མཐོང་ངོ་། ། ཁ་ཅིག་གིས་ནི་རྩ་བ་དང་ལོ་མ་ཟ་བ་དང་། མེ་ཏོག་ཟ་བ་དང་། འབྲས་བུ་ཟ་བ་དང་། སྡོང་བུ་ཟ་བ་དང་། གཟེགས་མ་ཟ་བ་དང་། པདྨའི་རྩ་བ་ཟ་བ་དང་། ཞག་དྲུག་སྨྱུང་བ་དང་། ཤ་མི་ཟ་བ་དང་། རྒྱ་ཤུགས་ཟ་བ་དང་། ནས་ཤིན་ཏེ་མ་ཟ་བ་དང་། ཅི་ཙི་ཟ་བ་དང་། མོན་སྲན་སྡེའུ་ཟ་བ་དང་། མོན་སྲན་གྲེའུ་ཟ་བ་དང་། པྲ་ཡོས་ཟ་བ་དང་། ཏིལ་ཟ་བ་དང་། འབྲས་སྐམ་ཟ་བ་དང་། ཆུ་འཐུང་བ་ཙམ་གྱིས་འཚོ་བ་དང་། མར་གྱི་ཐིགས་པ་ཙམ་གྱིས་འཚེ་བ་དང་། སྦྲང་རྩིའི་ཐིགས་པ་ཙམ་གྱིས་འཚོ་བ་དང་། འོ་མའི་ཐིགས་པ་ཙམ་གྱིས་འཚོ་བ་དང་། ཁ་ཅིག་གིས་ནི་ཟས་མི་ཟ་བ་དང་། ཁ་ཅིག་གིས་ནི་གཉིད་དང་བྲལ་བར་མཐོང་ངོ་།། ཁ་ཅིག་གིས་ནི་འདུག་པ་འབའ་ཞིག་ཏུ་མཐོང་ངོ་།། ཁ་ཅིག་གིས་ནི་འགྲེང་བ་འགའ་ཞིག་ཏུ་མཐོང་ངོ་།། ཞི་བའི་བློ་གྲོས་དེ་ལྟར་བྱང་ཆུབ་སེམས་དཔའ་སྤྱོད་ལམ་དེ་དག་དང་། དཀའ་བ་སྤྱད་པ་ཚད་མེད་པ་གཞན་དག་ཀྱང་སྟོན་ཏེ། ལོ་དྲུག་ཚང་བར་སྤྱོད་ལམ་གཅིག་ཀྱང་མ་འཁྲུགས་པར་ཐམས་ཅད་རྫོགས་པར་བསྟན་པར་གྱུར་ཏོ། ། བརྟུལ་ཞུགས་ཤིན་ཏུ་ཁྱད་པར་དུ་འཕགས་པ་དང་། བརྩོན་འགྲུས་ཤིན་ཏུ་སྦྱངས་པ་དང་། དཀའ་ཐུབ་ཤིན་ཏུ་བརྟན་པོས་ལོ་དྲུག་ཏུ་བརྟུལ་ཞུགས་དང་དཀའ་ཐུབ་ཐམས་ཅད་སྟོན་ཀྱང་། སེམས་ཅན་གཞན་དང་གཞན་ལ་མོས་པ་དག་གིས་བརྟུལ་ཞུགས་དང་དཀའ་ཐུབ་གཞན་དང་གཞན་དུ་མི་མཐོང་སྟེ། གཞན་དུ་ན་ཅི་འདྲ་བའི་བརྟུལ་ཞུགས་དང་དཀའ་ཐུབ་ཅི་འདྲ་བ་དག་གིས་སེམས་ཅན་དག་འདུལ་བར་འགྱུར་བ་དེ་འདྲ་བའི་བརྟུལ་ཞུགས་དང་དཀའ་ཐུབ་མཐོང་བ་ནི་མ་གཏོགས་སོ། ། ཞི་བའི་བློ་གྲོས་དེ་ལ་བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པའི་བཏང་སྙོམས་ཅན་ཡང་ཡིན་ལ། བྱ་བ་དེ་དག་ཀྱང་ཀུན་ཏུ་སྟོན་ཏེ། དཀའ་བ་སྤྱོད་པ་འདིས་ལྷ་དང་མི་བྱེ་བ་ཕྲག་དྲུག་ཅུ་རྩ་བཞི་ཐེག་པ་གསུམ་པོ་དག་ལ་ཡོངས་སུ་སྨིན་པར་བྱས་སོ། ། ཞི་བའི་བློ་གྲོས་ལྷ་དང་མི་གང་དག་རྒྱ་ཆེན་པོ་ལ་མོས་པ་ཡོངས་སུ་སྤང་བ་བྱས་པ་དེ་དོག་གིས་ནི། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཁང་པ་བརྩེགས་པ་ན་འདུག་ཅིང་མཁའ་ཁྱབ་ཀྱི་བསམ་གཏན་ལ་བསམ་གཏན་བྱེད་པ་དང་། མི་གཡོ་བ་དང་། བདེ་བ་མྱོང་བ་དང་། ལོ་དྲུག་ལོན་ནས་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དེ་ལས་ལངས་པར་མཐོང་ངོ་། ། ཞི་བའི་བློ་གྲོས་དེ་ལ་ལྷ་དང་མི་ཆོས་ཅན་ཆོས་འདོད་པ། ཆོས་བསྟན་པས་ཡོངས་སུ་སྨིན་པར་བྱ་བ་གང་ཡིན་པ་དེ་དག་གིས་ནི་བྱང་ཆུབ་སེམས་དཔའ་ལས་གཞན་མི་བྱེད་པར་རྒྱུན་མི་འཆད་པར་ཆོས་སྟོན་པར་མཐོང་སྟེ། ཞི་བའི་བློ་གྲོས་འདི་ནི་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ལ་སྦྱོར་བ་ཡེ་ཤེས་ཆེན་པོ་ཡང་དག་པར་འབྱུང་བ་ཞེས་བྱའོ། ། ཆོས་ཀྱི་ཚུབ་ལ་འཇུག་པ་བསམ་གྱིས་མི་ཁྱབ་པ་ལ་འཇུག་པ་ཞེས་བྱའོ།། བྱ་དཀའ་བའི་ཡེ་ཤེས་ལ་འཇུག་པ་བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་འདུལ་བ་ཞེས་བྱའོ། ། ཞི་བའི་བློ་གྲོས་དེ་ལྟར་ལོ་དྲུག་ཚང་ནས་བྱང་ཆུབ་སེམས་དཔའ་ཇི་སྐད་སྨོས་པས་བརྟུལ་ཞུགས་དང་དཀའ་ཐུབ་དེ་དག་ལས་ལངས་ཏེ། ཀླུང་ནཻ་རཉྫ་ནའི་འགྲམ་དུ་སོང་ནས་འཇིག་རྟེན་དང་མཐུན་པར་ཁྲུས་བྱས་ཏེ། ལུས་གཙང་མར་བྱས་ནས་ཀླུང་ནཻ་རཉྫ་ན་ནས་བྱུང་སྟེ་འདུག་པར་གྱུར་ཏོ།། དེ་ནས་གྲོང་མིའི་བུ་མོ་ལེགས་སྐྱེས་མ་ཞེས་བྱ་བ་དེས། བ་སྟོང་གི་འོ་མ་བསྐོལ་བ་སྦྲང་རྩི་དང་བསྲེས་པའི་འོ་ཐུག་ཁྱེར་ཏེ་བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་ངོ་།། གཞན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་བྱེ་བ་ཕྲག་དྲུག་ཅུའང་རང་རང་གི་ཟས་ཐོགས་ཏེ་འཁོད་ནས། ས་ས་ནས་ཚིག་འདི་སྐད་དུ། ཀྱེ་སྐྱེས་བུ་དམ་པ་བདག་གི་བཤོས་གསོལ་ཅིག། ཀྱེ་སྐྱེས་བུ་དམ་པ་བདག་གི་བཤོས་གསོལ་ཅིག་ཅེས་ཟེར་རོ།། ཞི་བའི་བློ་གྲོས་དེ་ནས་བྱང་ཆུབ་སེམས་དཔའ་གྲོང་མིའི་བུ་མོ་ལེགས་སྐྱེས་མ་ལ་སོགས་པ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་བ་བྱེ་བ་ཕྲག་དྲུག་ཅུ་པོ་དེ་དག་ཐམས་ཅད་ཀྱི་ཁམས་དེ་དག་བླངས་ནས་ཐམས་ཅད་ཐོས་ཀྱང་ཕན་ཚུན་མ་མཐོང་ངོ་། ། ལྷའི་བུ་རེ་རེས་ཀྱང་བྱང་ཆུབ་སེམས་དཔེས་བདག་གི་བཤོས་གསོལ་ཏེ། བྱང་ཆུབ་སེམས་དཔས་བདག་གི་བ་ཤས་གསོལ་ནས། བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་ཤེས་སོ། ། དེ་དག་ཐམ་ཅད་ཀྱང་བྱང་ཆུབ་སེམས་དཔས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་པར་གྱུར་ཏེ། ཞི་བའི་བློ་གྲོས་འདི་ནི་བྱང་ཆུབ་སེམས་དཔའ་ཟས་ལེན་པར་སྦྱོར་བ་དཀའ་བ་སྤྱོད་པ་ཡང་དག་པར་འཕགས་ཞེས་བྱའོ།། ཟས་ལེན་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དཀའ་བ་སྤྱོད་པ་ཡང་དག་འཕགས་ཀྱི་ལེའུ་ཞེས་བྱ་སྟེ་བཅུ་གཅིག་པའོ། ། །། དེ་ནས་བྱང་ཆུབ་སེམས་དཔའ་ལུས་བཀྲུས་ཏེ། ལུས་སྟོབས་དང་ལྡན་པར་གྱུར་ནས་ཟས་ཟོས་ཏེ། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་སོང་ངོ་།། དེ་སོང་བ་དང་ས་ལ་སྤྱོད་པའི་ལྷའི་བུ་ས་བཟངས་ཞེས་བྱ་བས། ས་ལ་སྤྱོད་པའི་ལྷའི་བུ་ཐམས་ཅད་ལ་བོས་ཏེ་སྨྲས་པ། ས་འཛིན་གང་ཞིག་མིགས་མི་བསྐྱེད་པ།། སྲེད་པ་བསལ་ཅིང་ཁང་ཁྲོ་རབ་སྤངས་པོ།། བྱང་ཆུབ་སེམས་དཔའ་དེ་ནི་ཤིང་དྲུང་བྱོན།། ས་གཞི་དག་ནི་ལེགས་པར་བཙུན་པར་བྱ། ། ལེགས་སོ་ཞེས་ཏེ་ས་ལ་སྤྱོད་ནམས་དགའ།། སྣང་གསུམ་ཐམས་ཅད་ཡོངས་སུ་ཕྱག་བདར་བྱེད།། མེ་ཏོག་སིལ་མ་བཀས་ཞིང་སྤོས་མཆོག་བདུགས།། དག་གིས་ས་གཞི་ཆག་ཆག་བཏག། ཁག་ན་གཞོང་ཐོགས་དེ་བཞིན་འཕྲེང་བ་ཐོགས།། གཞལ་མེད་ཁང་ནས་དེ་བཞིན་པར་སྣང་བ།། དེ་དག་བྱང་ཆུབ་སེམས་དཔའ་མཐོང་ནས་དགའ། དེ་ཚེ་མེ་ཏོག་སྣ་ཚོགས་ཆར་དུ་ཕག། གླིང་བཞི་པ་དག་རྣམས་ན་སྐྱོང་བ་བཞི།། ཇི་སྙེད་པ་དག་ཐམས་ཅད་འཁོར་བཅས་ཏེ།། རྣམ་པར་འདྲེན་ལ་མཆོད་པ་བྱ་བའི་ཕྱིར།། གསེར་དྲ་བས་སྟོང་གསུམ་ཐམས་ཅད་བཀབ། ། སྟོང་གསུམ་འཇིག་རྟེན་བརྒྱ་བྱིན་རྫུ་འཕྲུལ་ཆེ།། དེ་དག་བྱང་ཆུབ་སེམས་དཔའ་མཆོད་པའི་ཕྱིར།། སུམ་ཅུ་རྩ་གསུམ་རྣམ་རྒྱལ་ཁང་མཛེས་བ། ། དེ་ལྟར་སྟོང་གསུམ་ཐམས་ཅད་མཛེས་པར་བརྒྱན།། འཐབ་བྲལ་ལྷ་རྣམས་ཐམས་ཅད་རབ་དགའ་སྟེ།། སྐྱེས་བུ་མཆོག་ལ་ཡང་དག་མཆོད་པའི་ཕྱིར།། མི་མཇེད་འཇིག་རྟེན་ཁམས་ཀྱི་སྟོང་གསུམ་ཀུན། ། ནམ་མཁའ་བཻ་ཌཱུཪྻ་ཡི་དྲ་བས་བཀབ།། དགའ་ལྡན་རབ་དང་དགའ་ལྡན་ལྷ་རྣམས་ཀྱང་།། དེ་དག་མུ་ཏིག་དྲ་བས་བརྒྱན་པ་བྱས།། རྒྱན་འཕྲེང་དེ་བཞིན་ཟླ་ག་མ་རྣམས་ཀྱང་ཐོགས། ། མུ་ཏིག་སིལ་མའོ་ཆར་ཡང་རབ་ཏུ་འབབས།། ལྷ་ཡི་རྒྱལ་པོ་རབ་ཏུ་འཕྲུལ་གྱི་བར།། རབ་ཏུ་དགའ་ནས་འཇམ་བུ་ཆུ་གསེར་གྱི།། དྲིལ་བུའི་དྲ་བ་གས་དྲར་བཅས་དང་། ། སྒྲ་སྙན་བཅས་པས་སྟོང་གསུམ་ཐམས་ཅད་བཀབ།། ཐམས་ཅད་དོན་ལ་མི་འཇིགས་མཆོད་པའི་ཕྱིར།། དབང་སྒྱུར་དག་གིས་ལྷ་ཡི་རིན་པོ་ཆེཚེ། ། རྣམ་པར་དག་ཅིང་གཟི་བརྗིད་མཐའ་ཡས་པ།། འོད་གསལ་དྲི་མེད་དྲ་བ་གཅིག་ཀྱང་སྤྲུལ།། ཀླུ་དང་དྲི་ཟ་ལྟོ་འཕྱེ་ཆེན་པོ་དང་།། ལྷ་མིན་མཁའ་ལྡིང་མི་འམ་ཅི་ཀུན་གྱིས།། རང་རང་གནས་དང་བཀོད་པ་རྣམས་ཀྱིས་ནི། ། འདོད་ཁམས་ལེགས་པར་བརྒྱན་ནས་མཛེས་པར་བྱས།། ཞི་བའི་བློ་གྲོས་དེ་ནས་སྟོང་གསུམ་གྱི་དབང་པོ་ཚངས་པ་ཆེན་པོ་དབང་སྒྱུར་ཞེས་བྱ་བས། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་མངོན་དུ་ཕྱོགས་པར་མཐོང་ནས། ཚངས་རིས་ཀྱི་ལྷ་རྣམས་ལ་སྨྲས་པ། གྲོགས་པོ་དག་ཤེས་པར་གྱིས་ཤིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་མནབས་པ། དམ་བཅས་པ་ཆེན་པོ་མ་བོར་བ། གོ་ཆ་སྲ་བ་མནབས་པ། ཐུགས་ཡོངས་སུ་མི་སྐྱོ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལས་ངེས་པར་བྱུང་བ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ། བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ལ་མངའ་དབང་བརྙེས་པ། བྱང་ཆུབ་སེམས་དཔའི་བསམ་པ་ཐམས་ཅད་ཤིན་ཏུ་རྣམ་པར་དག་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོའི་རྗེས་སུ་ཞུགས་པ། དེ་བཞིན་གཤེགས་པའི་གསང་བ་ཐམས་ཅད་ལ་ཤིན་ཏུ་ཞུགས་པ། བདུད་ཀྱི་ལས་ཀྱི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པ། དགེ་བའི་རྩ་བ་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། སེམས་ཅན་ཐམས་ཅད་ལ་རབ་ཏུ་ཐར་པའི་ལམ་སྟོན་པ། དེ་དཔོན་ཆེན་པོར་གྱུར་པ། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པར་མཛད་པ། སྟོང་གསུམ་ན་དཔའ་བོ་གཅིག་པུར་གྱུར་པ། ཆོས་ཀྱི་སྨན་ཐམས་ཅད་ཡང་དག་པར་བསྒྲུབས་པ། སྨན་པའི་རྒྱལ་པོ་ཆེན་པོ་རྣམ་པར་གྲོལ་བའི་ཐབས་བརྙེད་པ། ཆོས་ཀྱི་རྒྱལ་པོ་ཆེན་པོ་ཤེས་རབ་ཀྱི་འོད་ཆེན་པོ་གཏོང་བ། ཏོག་ཆེན་པོའི་རྒྱལ་པོ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པ། པདྨ་ཆེན་པོ་ལྟ་བུ།། ཆོས་ཐམས་ཅད་ཀྱི་གཟུགས་མ་བསྙེལ་བ། རྒྱ་མཚོ་ཆེན་པོ་དང་འདྲ་བ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བ། མི་གཡོ་བ། མི་བསྐྱོད་པ། རི་རབ་ཆེན་པོ་ལྟ་བུ་ཤིན་ཏུ་དྲི་མ་མེད་པ། ཤིན་ཏུ་ཡོངས་སུ་དག་པ། ཤིན་ཏུ་དཀར་བའི་བློ་དང་ལྡན་པ། ནོར་བུ་རིན་པོ་ཆེ་ཆེན་པོ་དང་འདྲ་བ་ཆོས་ཐམས་ཅད་ལ་དབང་སྒྱུར་བ། སེམས་ལས་སུ་རུང་བ། ཚངས་པ་ཆེན་པོ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་བདུད་ཀྱི་སྡེ་རབ་ཏུ་གདུལ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱང་ཆུབ་པར་བཞེད་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝ་བརྒྱད་ཡོངས་སུ་རྫོགས་པར་མཛད་པ་དང་། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་དང་། སེང་གེའི་སྒྲ་ཆེན་པོ་བསྒྲགས་པ་དང་། ཆོས་ཀྱི་སྦྱིན་པས་སེམས་ཅན་ཐམས་ཅད་ཚིམ་པར་མཛད་པ་དང་། སེམས། ཅན་ཐམས་ཅད་ཀྱི་ཆོས་ཀྱི་མིག་རྣམ་པར་སྦྱང་བ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་མཐུན་པར་ཚར་གཅད་པ་དང་། སྔོན་དམ་བཅས་པ་ཡོངས་སུ་རྫོགས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྟན་པར་བཞེད་པ་དང་། ཆོས་ཐམས་ཅད་ལ་དབང་ཕྱུག་གི་མངའ་དབང་བརྙེས་པར་མཛད་པའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོར་བཞུད་ཀྱིས། དེ་ལ་གྲོག་པོ་དག་ཁྱེད་བྱང་ཆུབ་སེམས་དཔའ་ལ་མཆོད་པ་དང་རིམ་གྲོ་བྱ་བ་ལ་སྤྲོ་བར་གྱིས་ཤིག། དེ་ནས་སྟོང་གསུམ་གྱི་བདག་པོ་ཚངས་པ་ཆེན་པོ་མ་མཇེད་ཀྱི་བདག་པོ་དེའི་ཡིད་རབ་ཏུ་དགའ་ནས། ཚངས་རིས་ལྷ་ཐམས་ཅད་ལ་སྨྲས་པ། གྲོགས་པོ་དག་བསྐལ་པ་བརྒྱ་སྟོང་མང་པོར་བརྟུལ་ཞུགས་དང་དཀའ་ཐུབ་བསགས་པ། སྐྱེས་བུ་ཆེན་པོ་དམ་པ་དེ་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་བཞུད་ཀྱི་དེལ་ཁྱེད་ཀྱིས་བཀད་པ་ཆེན་པོ་རྣམས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོ་ཐམས་ཅད་བརྒྱན་པར་གྱིས་ཤིག། དེ་ནས་ཚངས་པ་ཆེན་པོ་མི་མཇེད་ཀྱི་བདག་པོས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། སེམས་ཅན་རྣམ་དག་བརྟུལ་ཞུགས་ཆོས་ངེས་པ།། ལྷར་བཅས་འཇིག་རྟེན་དག་ལ་ཕན་བཞེད་པ།། ལྷ་དང་མི་ཡིས་མཆོད་པ་ལྷ་ཡི་ལྷ།། ཐུབ་པ་ཆེན་པོ་བྱང་ཆུབ་སྙིང་པོར་གཤེགས། ། སྡེ་དང་བཅས་པའི་བདུད་ནི་འདུལ་བ་དང་། ཐམས་ཅད་མཁྱེན་གྱི་ཡེ་ཤེས་འཚང་རྒྱ་དང་།། རྫོགས་པའི་སངས་རྒྱས་ཆོས་རྣམས་ཡོངས་བསྐང་དང་།། ད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ། མཁས་པ་སེང་གེའི་སྒྲ་ཆེན་བསྒྲགས་པ་དང་།། སེམས་ཅན་ཐམས་ཅད་ཚིམ་པར་བྱ་བ་དང་།། དམ་པའི་ཆོས་མིག་ཡོངས་སུ་སྦྱང་བའི་ཕྱིར། འདྲེན་པ་བྱང་ཆུབ་སྙིང་པོར་ཉེ་བར་གཤེགས།། ཕས་ཀྱི་རྒོལ་བ་རྣམས་ནི་ཚར་བཅད་དང་།། སྔོན་གྱི་དམ་བཅས་ཡོངས་སུ་བསྐང་བ་དང་།། རྫོགས་སངས་རྒྱས་ཀྱི་མཛོད་པ་བསྟན་པའི་ཕྱིར། ། འདྲེན་པ་བྱང་ཆུབ་སྙིང་པོར་ཉེ་བར་གཤེགས།། ལེགས་པར་ཐམས་ཅད་ལྷན་ཅིག་འདུས་ནས་ནི།། ས་གཞི་དག་ནི་ལེགས་པར་བརྒྱན་པར་བྱ།། སྟོང་གསུམ་བརྒྱན་པར་གྱུར་ལ་ལྟོས་ཤིག་ཀྱེ། ། འདོད་པའི་ཁམས་ཀྱང་བརྒྱན་པར་གྱུར་ལ་ལྟོས།། འདོད་པའི་ཁམས་ནི་ཇི་ལྟར་བརྒྱན་པ་བཞིན།། དེ་ལྟར་གཟུགས་ཀྱི་ཁམས་ཀྱང་བརྒྱན་པར་བྱ།། ཚངས་པ་རྣམས་ནི་སེམས་དང་ལེགས་སོ་ཞེས། ། རབ་ཏུ་དགའ་ནས་སྟོང་གསུམ་བརྒྱན་པར་གྱུར།། ཇི་ལྟར་འདོད་པའི་ཁམས་ན་བཀོད་སྣང་བ།། དེ་བས་ལྷག་པའི་མཆོད་པ་དེ་དག་སྟོན།། མེ་ཏོག་རྣམས་ཀྱིས་བཀང་ཞིང་སྤོས་ཀྱིས་བཀང་།། རིན་ཆེན་རྣམས་ཀྱིས་མཆོད་ཅིང་སིལ་སྙན་བསྒྲགས།། ཚངས་པ་ལ་སོགས་འོག་མིན་ལྷ་ཡི་རྣམས།། རབ་ཏུ་དགའ་ནས་གསུམ་ཐམས་ཅད་ཀྱང་། ། དགའ་བར་གྱུར་དང་ཕྱག་བྱའི་འོས་སུ་བྱས།། རང་རང་གནས་ཀྱི་གཞི་ཡང་བཀོད་པ་བྱས།། ལྷ་རྣམས་ཀྱིས་ནི་གོང་ནས་གོང་དུ་ཡང་། ། ལྷག་པ་ལྷག་པའི་རྒྱན་རྣམས་རབ་ཏུ་བསྟན།། ལྷ་ཡི་བུ་མོ་བྱེ་བ་དྲུག་ཅུ་བརྒྱས།། བྱང་ཆུབ་རྡོ་རྗེ་གདན་ནི་རྒྱན་པར་བྱེད།། སྤོས་ཆུ་ཡིས་ནི་ཀུན་ཏུ་ཆག་ཆག་འདེབས། མེ་ཏོག་སྣ་ཚོགས་དག་ཀྱང་འཐོར་བར་བྱེད།། ས་གཞི་དག་ལ་རིན་ཆེན་རྣམས་ཀྱང་བཀྲམ།། བྱང་ཆུབ་སྙིང་པོར་རྒྱན་རྣམས་རབ་ཏུ་བསྟན།། ཐམས་ཅད་ཚིག་གིས་བརྗོད་པར་མི་ནུས་པ། སྙེད་ཚད་ཀྱི་བཀོད་པ་འདིར་བྱས་གྱུར། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་ན་སྟོང་གི་དབང་པོ་ཚངས་པ་ཆེན་པོ་མི་མཇེད་ཀྱི་བདག་པོས། ཚངས་རིས་ཀྱི་ལྷ་ཐམས་ཅད་ལ་སྨྲས་པ། གྲོགས་པོ་དག་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་བརྟུལ་ཞུགས་དང་དཀའ་ཐུབ་རྣམས་ཀྱི་སྤྱད་པ་སྤྱད་པ་སེམས་ཅན་གྱི་མཆོག་སྐྱེས་པ་ཆེན་པོ་འདི་བྱང་ཆུབ་ཀྱི་སྙིང་པོར་བཞུད་ཀྱིས། དེ་ལ་ཁྱེད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བཀོད་པ་ཆེན་པོ་རྣམས་ཀྱིས་བརྒྱན་པར་གྱིས་ཤིག། དེ་ནས་མི་མཇེད་ཀྱི་བདག་པོས། ཚངས་རིས་ཀྱི་ལྷའི་བུ་རྣམས་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། སེམས་ཅན་རྣམ་དག་བརྟུལ་ཞུགས་ཆོས་ངེས་པ།། ཕན་བཞེད་འཇིག་རྟེན་ངོན་མཛད་བདག་ཉིད་ཆེ། ། དེ་ནི་བློ་ངན་སྡེར་བཅས་བདུད་འདུལ་དུ།། ཤིང་གི་དབང་པོ་བྱང་ཆུབ་དྲུང་དུ་བཞུད།། ཐམས་ཅད་འདུས་ཏེ་ལྷན་ཅིག་འདོང་བར་བྱ།། སྟེང་གསུམ་མི་མཇེད་འང་ནི་བརྒྱན་པར་བྱ། ། འདི་ནི་ལྷར་བཅས་འཇིག་རྟེན་ཆོས་ཀྱི་དབང་།། ཡང་དག་མཆོད་ན་བསོད་ནམས་མཐའ་ཡས་འགྱུར།། ཚངས་པ་དེ་དག་ཚིག་མཆོག་དེ་ཐོས་ནས།། སྟོང་གསུམ་ཐམས་ཅད་མ་ལུས་བརྒྱན་བྱེད་ཅིང་། ། ལེགས་པར་ཕྱགས་ཏེ་མེ་ཏོག་རྒྱལ་མཚན་བརྒྱན།། འཇིག་རྟེན་ཁམས་ནི་རིན་ཆེན་རང་བཞིན་སྤྲུལ།། ཉི་མ་ཟླ་བའི་འོད་ཀྱི་བཀོད་པ་དང་།། བྱེ་བའི་གདུགས་རྣམྦ་ནམ་མཁར་དེ་དག་སྤྲུལ། ། སཱ་ལའི་ཤིང་རྣམས་མེ་ཏོག་མཆོག་སྤྲས་པ།། དགའ་ཚལ་ལྟ་བུ་དེ་དག་རྣམས་ཀྱིས་སྤྲུལ།། ལམ་གང་ནས་ནི་དྲང་སྲོང་ཆེ་གཤེགས་པ།། དེ་ནི་ཤིང་བདུན་བསྣམས་ཚད་དུ་སྤྲུལ། ། རིན་ཆེན་བཞི་ལ་གསར་གྱི་པདྨ་བཀྲམ།། ཁ་ཁྱེར་རིམ་པ་བདུན་གྱིས་ཡོངས་སུ་བསྐོར།། བརྒྱ་བྱིན་གྱིས་དེར་བཀོད་པ་གང་བྱས་པ།། དེ་དག་མི་རྣམས་སྔོན་མ་མཐོང་། ། སུམ་ཅུ་གསུམ་དབང་རྣམ་རྒྱལ་ཁང་འདྲ་བར།། དེ་ལྟར་གླིང་བཞི་དག་ནི་མཛེས་པར་བརྒྱན།། འཐབ་བྲལ་ལྔ་དང་དགའ་ལྡན་འཕྲུལ་དགའ་དང་། གཞན་འཕྲུལ་བ་དང་འོག་མིན་ལྷ་ཡི་རྣམས།། སྟོབས་དང་ཤུགས་འཆང་ཐམས་ཅད་བཙུན་པར་ནི།། བྱང་ཆུབ་སྙིང་པ་དམ་བརྒྱན་པར་བྱེད།། བྱང་ཆུབ་སྟོང་པར་གཤེགས་པ་བར་དེར་ནི། ། འདོད་པའི་ཁམས་འདིར་བཀད་མཆོག་གང་ཡོད་པ།། ལྷ་ལས་ཀླུ་འམ་མི་འམ་ཅི་རྣམས་ཀྱི།། དེ་དག་ཐམས་ཅད་སྐད་ཅིག་དེ་ལ་བསྟན། ཕྱོགས་བཞི་དག་ནས་ལྷ་མོ་བྱེ་བ་བླུགས།། མ་ཏག་རྣམས་དང་སྤྱས་དང་བྱུག་པ་ཡིས།། བྱང་ཆུབ་ཤི་ནི་མངོན་དུ་རྒྱུན་པར་བྱེད།། སྦྲུས་རྦྦ་སཱིས་ནི་ཀུན་ཏུ་ཆག་ཆག་འདབས། ཆུབ་ཤིང་ནི་ལེགས་པར་བརྒྱན་བྱས་ཏེ།། སུམ་ཅུ་རྩ་གསུམ་ལྷ་ཡི་ཡོངས་འདུ་འདྲ།། ལྷ་རྣམས་བྱེ་བ་དག་གིས་མཛེས་སྤྲུལ་པ།། བཀོད་པ་དེ་དག་ཚིག་གིས་བརྗོད་མི་ནུས། ཞི་བའི་བློ་གྲོས་དེ་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་ན། རྐང་པའི་མཐིལ་འཁོར་ལོ་རྩིབས་སྟོང་པ་གཉིས་ལས་འདི་འདྲ་བའི་འོད་ཕྱུང་སྟེ། འོད་དེས་སེམས་ཅན་དམྱལ་བ་དང་། དུད་འགྲོའོ་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་གྱི་ཚོར་བ་རྣམས་རྒྱུན་གཅོད་དོ།། ཀླུའི་རྒྱལ་བ་ནག་པོའི་གནས་ཀྱང་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། ། དེ་ནས་ཀླུའི་བདག་པོ་ནག་པོས། བྱང་ཆུབ་སེམས་དཔའི་འོད་མཐོང་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་ཡིད་ཟ་བསྐྱས་ཏེ། ཐམས་ཅད་དང་ལྡན་པའི་རང་གི་འཁང་ལ་ཚིགས་སུ་བཅད་པས་སྤྲས་པ། གསེར་གྱི་ཁ་དག་འདྲ་བའི་འོད།། གནས་འདིར་ལྒང་ངེར་གྱུར་པས་ན།། ཁ་བར་ལུས་ནི་རབ་ཚིམ། ། སེམས་ཀྱང་རབ་ཏུ་དགའ་བར་གྱུར།། ཁ་ཟས་སྔོན་གྱི་སངས་རྒྱས་ཀྱི།། ལྟས་བཟང་མཐོང་བ་ལྟར་ན་ནི།། གདོན་མི་ཟ་བར་དཔའ་ཆེན་པོ།། སངས་རྒྱས་འཇིག་རྟེན་འབྱུང་བ་འགྱུར། ། ལེགས་པར་ཕྱེ་མ་འཕྲེང་བ་དང་།། སྤོས་དང་མེ་ཏོག་བྱུག་པ་དང་།། གསེར་དང་ནོར་བུ་མུ་ཏིག་དང་།། དུང་དང་རྒྱན་འཕྲེང་མཆོག་རྣམས་དང་།། རོལ་མོ་སིལ་སྙན་རྣམས་ཐོགས་ལ། གདུགས་དང་རྒྱལ་མཚན་ཐོགས་ནས་ནི།། བ་དན་དག་ཀྱང་བསྒྲེང་བྱས་ཏེ།། སྟོན་པ་ལ་ནི་མཆོད་པ་བྱ།། ཀླུ་ཡི་རྒྱལ་པོའི་གནས་འདི་ན།། བཟང་པོའི་རྒྱན་རྣམས་ཇི་སྙེད་པ།། དེ་དག་རབ་ཏུ་དགའ་བ་ཡིས། ། སངས་རྒྱས་ལ་ནི་རིམ་གྲོ་བྱ། དེ་ནས་ཀླུའི་རྒྱལ་པོ་ནག་བཅུ་མའི་འཁོར་དང་བཅས། གཉེན་གྱི་འཁོར་དང་བཅས་ཏེ། མེ་ཏོག་དང་། སྤྲས་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ཐོགས་པ་དང་། སིལ་སྙན་དང་། ཕེག་རྡོབ་པ་དང་། རོལ་མོའི་སྒྲ་འབྱིན་པ་རྣམས་དང་ལྷན་ཅིག་གཅིག་ཏུ་རང་གི་གནས་ནས་བྱུང་སྟེ། སྤོས་ཆུས་གང་བའི་སྤྲིན་མངོན་པར་སྤྲུལ་ནས། སྤོས་ཆུའི་ཆར་པ་འབེབས། ཀླུའི་མུ་ཏིག་དང་ཀླུའི་མེ་ཏོག་གི་ཆར་ནི་འབེབས་ཤིང་ཀླུའི་མཐུ་ཆེན་པོ་དང་། ཀླུའི་རྫུ་འཕྲུལ་ཆེན་པོས་བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། འཁོར་དང་བཅས་པས་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱས་ཏེ། རྐང་པ་ཕྱག་འཚལ་ནས། རོལ་མོ་དང་སིལ་སྙན་ལེན་པ་དང་བཅས་པས་བྱང་ཆུབ་སེམས་དཔའ་ལ་བསྐོར་བ་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་ནས་མངོན་པར་བསྟོད་དོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། སྐྱེས་བུ་མཆོག་གིས་འོད་ནི་རབ་བཀྱེ་བས།། སངས་རྒྱས་ཞིང་འདི་ཐམས་ཅད་སྣང་བར་གྱུར།། སྐད་ཅིག་དེ་ལ་ངན་སོང་གསུམ་ཡང་ཞི།། ནག་པོའི་གནས་ཀྱང་འོད་ཀྱིས་ཁྱབ་པར་གྱུར། ། ཀླུ་ཡི་རྒྱལ་པོ་དེ་ཡིས་འོད་མཐོང་ནས།། རབ་ཏུ་དགའ་སྟེ་དེ་ཚེ་ཚིག་སྨྲས་པ།། གསེར་གྱི་མཆོག་གི་འོད་འདི་བྱུང་བས་ན།། དེ་རིང་སངས་རྒྱས་འབྱུང་དུ་གདོན་མི་ཟ། ། ཀླུ་མོ་ཁྲག་ཁྲིག་དག་གིས་མདུན་བདར་ཏེ།། གདུགས་དང་མེ་ཏོག་གོས་མཆོག་ཐོགས་ནས་སུ།། བྱང་ཆུབ་སེམས་དཔའ་དེ་ནི་ག་ལར་སོང་།། ཕྱག་བྱས་མཆོད་པ་བྱས་ནས་གུས་བཅས་འདུག། ས་ཀུན་རིན་ཆེན་རྣམས་ཀྱིས་གང་ཞིང་དེ་ཚེ་མཛེས་པར་བརྒྱན།། ཤིང་མཆོག་ཀུན་དང་སྨན་དང་རྩཝ་རྣམ་དེ་དག་བྱང་ཆུབ་ཤིང་ལ་འདུད།། འདི་ན་ཡོད་པའི་ཆུ་ཀླུང་ཐམ་ཅད་མི་འབབ་མཁའ་ལ་རླུང་མི་ལྡང་། ། དེ་རིང་བདུད་བཏུལ་ནས་ནི་འཇིག་རྟེན་ཐམ་ཅད་ཟིལ་གྱིས་གནོན་པར་གྱུར།། སྲིད་པ་གསུམ་ན་བརྒྱ་བྱིན་ཚངས་པ་ཉི་མ་ཟླ་བར་འོད་མི་སྣང་།། མཚུངས་མེད་ཁྱོད་ཀྱི་འོད་ཀྱིས་རེག་ནས་དེ་རིང་ངན་སོང་གསུམ་པོ་ཞི། ། བདག་གི་གནས་སུ་འོད་བྱུང་ནས་ནི་སངས་རྒྱས་འབྱུང་བར་སྟོན་པར་བགྱིད།། དེ་རིང་རྒྱལ་བར་བྱོན་པར་འགྱུར་གྱིས་དགྱེས་མཛོད་རངས་ཤིང་ཚིམ་པ་སྐྱེད།། བུམ་པ་གང་བ་འདི་དག་ནམ་མཁར་སོང་སྟེ་ཁྱོད་ལ་སྐོར་བ་དང་།། རྩ་ཤའི་ཚོགས་རྣམས་འདི་དག་ནམ་མཁར་སོང་སྟེ་ཁྱོད་ལ་སྐོར་བ་དང་།། ལྷར་བཅས་མིར་བཅས་འཇིག་རྟེན་དག་ཀྱང་མཆོད་པར་བརྩོན་པར་གནས་པ་ལས། ། དེ་རིང་འགྲོ་བའི་སྦྱིན་གནས་འགྱུར་ཞིང་ཤེས་རབ་འདོད་པའི་ལམ་དུ་འགྱུར།། བདེ་བར་གཤེགས་པ་བདག་གིས་རྙེད་པ་ལེགས་རྙེད་གཟི་བརྗིད་ཆེ་ལྡན་པ། ། མི་མཆོག་འཁོར་བ་འཇིག་དང་དེ་བཞིན་གསེར་ཐུབ་ཅེས་ནི་བྱ་བ་མཆོད།། མི་མཆོག་འོད་སྲུངས་དང་ནི་ཤཱཀྱ་ཐུབ་མཆོག་དེ་རིང་བདག་གིས་མཆོད།། བདག་ནི་སངས་རྒྱས་དཔའ་མཐོང་མ་བྲལ་བྱང་ཆུབ་དམ་པ་དོན་དུ་གཉེར།། ས་ནི་གྲུམ་ཞིང་རི་རྣམས་གཡོས་ལ་འགྲོ་བ་ཐམས་ཅད་མེད་འགྱུར་སྲིད།། སུ་ཞིག་བྱང་ཆུབ་ཏུ་ནི་སེམས་ངེས་ལྷག་པའི་བསམ་པས་འཕགས་གྱུར་པ། ། དེ་ནི་དེ་རིང་སྟོབས་བཅུ་ལྡན་པར་མི་འགྱུར་གནས་ནི་མ་མཆིས་ལགས།། སེང་གེའི་སྒྲ་བསྒྲགས་ཚངས་པའི་དབྱངས་ཅན་བཅོམ་ལྡན་འདྲེན་པ་གསུང་ཕྱུང་ཞིག། ཞི་བའི་བློ་གྲོས་དེ་ནས་ཀླུའི་རྒྱལ་པོ་ནག་པོའི་ཆུང་མ་དམ་པ་གསེར་འོད་ཅེས་བྱ་བ་དེ། ཀླུའི་བུ་མོ་རབ་ཏུ་མང་པོས་བསྐོར་ཅིང་མདུན་དུ་བདར་ནས། གདུགས་སྣ་ཚིཚོགས་ཐོགས་པ་དང་། རས་བཅོས་བུ་སྣ་ཚོགས་ཐོགས་པ་དང་། མུ་ཏིག་གི་རྒྱན་འཕྲེང་སྣ་ཚོགས་ཐོགས་པ་དང་། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཐོགས་པ་དང་། ལྷའི་དང་མིའི་འཕྲེང་བ་བརྒྱུས་པ་ཐོགས་པ་དང་། བོག་པོར་སྣ་ཚོགས་ཐོགས་པ་དང་། སིལ་སྙན་དང་རོལ་མོའི་སྒྲ་སྣ་ཚོགས་ལེན་པ་རྣམས་དང་ལྷན་ཅིག་ཏུ་རིན་པོ་ཆེའི་མེ་ཏོག་སྣ་ཚོགས་ཀྱིས་བྱང་ཆུབ་སེམས་དཔའ་འོང་བ་ལ་འཐོར་ཞིང་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། འཁྲུལ་པ་མི་མངའ་མི་སྡང་མི་བསྙེངས་བག་མི་ཚ།། མི་ཞུམ་མི་དམན་རབ་དགྱེས་མི་འཁྲུལ་ཆགས་མི་མངའ། ། སྡང་དང་རྨོངས་དང་བརྐམ་པ་མི་མངའ་ཆགས་བྲལ་བ།། རྣམ་གྲོལ་དྲང་སྲོང་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ།། ངོགས་བྲལ་ཟུག་རྔུ་བྲལ་ཞིང་དུལ་ལ་མ་རིག་སེལ། ། འགྲོ་བ་ཐམས་ཅད་སྡུག་བསྔལ་རྣམས་ལས་རབ་ཏུ་འགྲེལ།། གནས་དང་སྐྱབས་དང་གླིང་མ་མཆིས་པར་མཁྱེན་ནས་ནི།། གནས་ཁྱོད་སྐྱབས་ཁྱོད་འཇིག་རྟེན་གསུམ་པོ་དག་ཏུ་བྱུང་། ། ཇི་ལྟར་ལྷ་ཡི་ཚོགས་རྣམས་དད་ཅིང་རབ་དགའ་སྟེ།། མཁའ་ལས་མེ་ཏོག་ཆར་ཆེན་རབ་ཏུ་འབེབས་པ་དང་།། ཇི་ལྟར་གོས་ཆེན་དག་ཀྱང་འདོར་བར་བགྱིད་ལས་ན། ། དྲང་སྲོང་ཆེན་པོ་མགོན་པོ་རྒྱལ་བར་དང་འགྱུར་སྙམ།། དགྱེས་སྐྱེད་ཤིང་དབང་དྲུང་གཤེགས་མི་བསྙེངས་བཞུགས་མཛོད་ལ།། བདུད་སྡེ་ཕམ་པར་མཛད་དེ་ཉོན་མོངས་དྲ་བ་དྲོལ།། ཇི་ལྟར་སྔོན་གྱི་རྒྱལ་དབང་དེ་དག་སངས་རྒྱས་པ།། དེ་ལྟར་བྱང་ཆུབ་རབ་མཆོག་ཞི་བ་འཚང་རྒྱར་མཛོད།། གང་གི་ཆེད་དུ་ཁྱོད་ཀྱིས་བསྐལ་པ་བྱེ་མང་དུ།། འགྲོ་བ་དག་ནི་གྲོལ་ཕྱིར་དཀའ་བ་རྣམས་ཀྱང་སྤྱད། ། ཁྱོད་ཀྱི་དགོངས་པ་དེ་རྫོགས་ཤིང་དབང་དྲུང་གཤེགས་ཏེ།། བྱང་ཆུབ་མཆོག་ལ་རེག་པར་མཛད་པའི་དུས་འདི་ལགས།། བམ་པོ་དྲུག་པ། ཞི་བའི་བློ་གྲོས་དེ་ནས་བྱང་ཆུབ་སེམས་དཔའ་ཀླུའི་རྒྱལ་པོ་ནག་པོའི་གནས་ནས་བྱུང་ནས། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་སོང་སྟེ། འགྲོ་བ་ན་ལམ་གྱི་གཡས་རོལ་ན་རྩཝ་འཚོང་བཀྲ་ཤིས་པ་ཞེས་བྱ་བ་རྩཝ་རྔ་ཞིང་འདུག་པ་དེས། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་མངོན་དུ་ཕྱོགས་པ་མཐོང་སྟེ། ལྷ་རྣམས་ཀྱིས་བསྐུལ་ནས་རྩཝ་འཛམ་པ་ཤིན་ཏུ་གཞོན་པ། ཉམས་དགའ་བ། ཡིད་དགའ་བར་བྱེད་པ། རྨ་བྱའི་མགྲིན་པ་ལྟ་བུ། དགའ་བ་འཁྱིལ་པ། གཡས་སུ་འཁྱིལ་པ། ཁ་དོག་དང་ལྡན་པ། དྲི་དང་ལྡན་པ། ཀ་ཙ་ལིན་ནི་ཀ་ལྟར་རེག་ན་བདེ་བ་སྤར་གང་བླངས་ཏེ། བྱང་ཆུབ་སེམས་དཔའ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། རྩཝ་སྤར་གང་བྱང་ཆུབ་སེམས་དཔའ་ལ་བྱིན་ཏེ་བསམ་པ་ཐག་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། ཞི་བའི་བློ་གྲོས་ཁྱོད་རྩཝ་འཚོང་བཀྲ་ཤིས་པ་མི་སྔ་མི་འཕྱི་བར་བྱ་ཆུབ་ཏུ་སེམས་བསྐྱེད་ཅིང་རྩཝའང་བྱིན་ནོ་སྙམ་དུ་སེམས་ན་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་རྩ་འཚོང་བཀྲ་ཤིས་པའི་སྔོན་གྱི་སྨོན་ལམ་ཡིན་ཏེ། ཇི་ལྟར་ཁོ་བོ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སྙིང་པོར་ཁྲི་གཤོམ་པ་བཞིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་ཁོ་བོས་མངོན་པར་ཤེས་ཏེ། འདས་བའི་དུས་ན་བསྐལ་པ་བཟང་པོ་འདི་སྔ་རོལ་བསྐལ་པ་དགུ་བཅུ་རྩ་གཅིག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་དགེ་སློང་སྟོང་ཐམ་པ་ཚངས་པར་སྤྱོད་པ་སྤྱད་ནས། བཅོམ་ལྡན་འདས་ངེས་ཁྱེད་ཅག་བསྐལ་པ་བཟང་བ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་དེ་དག་ལུང་བསྟན་ཏོ། ། དེའི་ཚེ་ན་ཁྱིམ་བདག་བློ་གྲོས་ལྡན་ཞེས་བྱ་བ་ཞིག་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས། བྱང་ཆུབ་སེམས་དཔའ་དེ་དག་ལུང་བསྟན་པ་དེ་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འདི་སྐད་དུ་བསྐལ་པ་བཟང་པོ་པའི་བྱང་ཆུབ་སེམས་དཔའ་དེ་དག་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་ན་སེང་གེའི་ཁྲི་བྱི་དོར་བྱའོ་ཞེས་སྨོན་ལམ་བཏབ་བོ། ། ཞི་བའི་བློ་གྲོས་དེའི་ཚེ་དེའི་དུས་ན་ཁྱིམ་བདག་བློ་གྲོས་ལྡན་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཚོམ་ཟ་འམ། ཡིད་གཉིས་སུ་གྱུར་ན། ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། རྩཝ་འཚོང་བཀྲ་ཤིས་པ་འདི་དེའི་ཚེ་དེའི་དུས་ན་བདག་བློ་གྲོས་ལྡན་ཞེས་བྱ་བར་གྱུར་ཏོ། ། ཞི་བའི་བློ་གྲོས་ཁྱོད་ཀྱིས་རྣམ་གྲངས་འདི་ཀྱང་རྩས་འཚོ་བ་བཀྲ་ཤིས་པའི་སྔོན་གྱི་སྨོན་ལམ་འདི་འདི་ལྟར་རིག་པར་བྱ་སྟེ། སེམས་ཅན་རྣམས་ཀྱི་མ་པ་ཇི་ལྟ་བ་དང་། དབང་པོ་ཡོངས་སུ་སྨིན་པ་ཇི་ལྟ་བ་བཞིན་དུ། དེ་ཁ་ཅིག་ལ་ནི་རྩཝ་སྤར་གང་འབུལ་བར་འགྱུར། ཁ་ཅིག་ལ་ནི་རིན་པོ་ཆེ་བཀོད་པའི་སེང་གེའི་ཁྲི་འབུལ་བར་འགྱུར་རོ།། ཞི་བའི་བློ་གྲོས་དེ་ནས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོའི་ཤིང་དྲུང་དུ་སོང་བ་དང་། བྱང་ཆུབ་ཀྱི་སྙིང་པོའི་ལྷ་རྣམས་ལྷའི་བུ་མོ་མེ་ཏོག་གི་སྐོན་བུ་ཐོགས་པ་དང་། སྦས་དང་ཕྱེ་མའི་ཕུར་མ་ཐོགས་པ་ཁྲི་དང་ལྷན་ཅིག་ཏུ་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས། ཇི་ལྟར་ཐོགས་པའི་མེ་ཏོག་དང་། ཕྱེ་མ་དང་། སྤོས་དང་། འཕྲེང་བ་དང་། བྱུག་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་གཏོར་ཏེ། ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ།། བདག་ཉིད་ཆེན་པོ་མི་བསྙེངས་དཔའ་ཞིང་དུལ་ཞི་བ། ། དགྱེས་ཤིང་ཚིམ་པ་བརྟན་པ་ཁྱོད་ལ་ཕྱག་འཚལ་ལོ།། འབར་བ་ཉམས་དགྱེས་ཁ་ན་མ་ཐོ་མི་མངའ་བ།། སྐྱོན་ལས་གྲོལ་བའི་སྔོན་ལ་བྱས་འཚལ་ལོ། ། སྡུག་བསྔལ་ཆེན་པོར་བྱིང་བ་མགོན་མེད་འགྲོ་འདི་ལ།། ཁྱོད་ནི་བདེ་བ་རབ་ཏུ་སྩོལ་བའི་མགོན་པོ་གཅིག། འགྲོ་བའི་ཉོན་མོངས་ནད་རྣམས་སྤང་བའི་ཕྱིར་བྱུང་བ། ། སྨན་པའི་རྒྱལ་ཆེན་གྲགས་ལྡན་ཁྱོད་ལ་ཕྱག་འཚལ་ལོ།། ཇི་ལྟར་ལྷ་ཚོགས་དད་ཅིང་རབ་ཏུ་དགའ་བ་ཡིས།། ལྷ་ཡི་མེ་ཏོག་ཆར་པ་རབ་ཏུ་འབེབས་པ་ལས། ། འདོད་དགྲ་སྡེ་དང་བཅས་པ་བྱམས་པས་བཅོམ་ནས་ནི།། ཁྱོད་ཀྱིས་བྱང་ཆུབ་དམ་པ་དེ་རིང་བརྙེས་སུ་ངེས།། ཤིང་དབང་དྲུང་དུ་གཤེགས་ཏེ་ཁྲི་དེར་བཞུགས་ནས་སུ།། བདུད་བཏུལ་ནས་ནི་མུན་པ་ཐམས་ཅད་གཞོམ་པར་མཛོད།། ཇི་ལྟར་སྔོན་གྱི་ཐུབ་དབང་དེ་དག་སངས་རྒྱས་པ།། དེ་ལྟར་བྱང་ཆུབ་ཞི་བ་མཆོག་རབ་འཚང་རྒྱར་མཛོད།། ཇི་ལྟར་ཁྱོད་ཀྱིས་འགྲོ་བ་དགྲོལ་བའི་དོན་དུ་ནི། ། བསྐལ་པ་བྱེ་བར་དཀའ་མཛད་རྣམ་པར་དག་གྱུར་པ།། དྲང་སྲོང་ཆེན་པོ་ཁྱོད་ཀྱི་དགོངས་མཆོག་དེང་རྫོགས་ཀྱིས།། ཤིང་དབང་དྲུང་དུ་བཞུགས་ཏེ་བྱང་ཆུབ་འཚང་རྒྱར་མཛོད། ། ཞི་བའི་བློ་གྲོས་དེ་ནས་བྱང་ཆུབ་སེམས་དཔས་རྩཝ་སྤར་གང་ཁྱེར་ནས། བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཤིང་དྲུང་དུ་བདག་ཉིད་ཀྱིས་རྩ་གདིང་བ་བཏིང་ནས། བྱང་ཆུབ་ཀྱི་ཤིང་ལ་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་སོ།། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔས་རྩ་གདིང་བ་བཏིང་མ་ཐག་ཏུ། དེ་ནས་ལྷའི་བུ་བརྒྱད་ཁྲི་བཞི་སྟོང་གིས་སེང་གེའི་ཁྲི་སྣ་ཚོགས་པ་བལྟ་ན་སྡུག་པ། མཐོང་བ། ཡངས་པ། རིང་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ། རིན་པོ་ཆེའི་ཁ་ཁྱེར་ཅན། རིན་པོ་ཆེའི་དྲ་བས་གཡོགས་པ། རིན་པོ་ཆེའི་དྲིལ་བུ་གཡེར་ཀིའི་དྲ་བས་སྦྲེལ་པ། མུ་ཏིག་གི་རྒྱན་འཕྲེང་རབ་ཏུ་སྦྱངས་པ་རས་བཙས་བུ་བརྒྱ་སྟོང་དུ་མ་བཏིང་བ་བརྒྱད་ཁྲི་བཞི་སྟོང་བྱང་ཆུབ་སེམས་དཔའི་ཆེད་དུ་བཤམས་སོ། ། ཞི་བའི་བློ་གྲོས་དེ་ནས་བྱང་ཆུབ་སེམས་དཔས་སེང་གེའི་ཁྲི་བརྒྱད་ཁྲི་བཞི་སྣང་པོ་དེ་དག་ཐམས་ཅད་ལ་བདག་ཉིད་འདུག་པར་ཀུན་ཏུ་བསྟན་པར་གྱུར་ཏོ། ། ལྷའི་བུ་དེ་དག་གིས་ཀྱང་གཞན་དང་གཞན་དུ་མི་མཐོང་མོ་ཤེས་ཏེ། ལྷའི་བུ་རེ་རེས་ཀྱང་འདི་ལྟར་བྱང་ཆུབ་སེ་དཔའ་ནི་བདག་གི་སེང་གེའི་ཁྲི་ལ་བཞུགས་སོ། ། བདག་གི་སེང་གེའི་ཁྲིལ་བཞུགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཆང་རྒྱ་བར་འགྱུར་པར་ཤེས་ཏེ། དེ་དག་དགའ་བ་དང་མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏེ།། བྱང་ཆུབ་ཀྱི་སྣང་པར་བཟུང་ལེའུ་ཞེས་བྱ་སྟེ་བཅུ་གཉིས་པའོ། ། ། ནི་བ་མི་ཟླ་གྲས་བྱང་ཆུབ་སེམས་དཔའ་སེང་གེའི་ཁྲི་ལ་འདུག་མེ་རབ་ཏུ། དེ་ན་མི་སྨིན་མཚམས་ཀྱི་མཛངད་གཱའི་བར་ནས་བདུད་དུ་བ་ཞེས་བྱའི་འོད་ཕྱུང་སྟེ། འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་འཁོད་པའི་བདུད་བྱེ་བ་ཕྲག་བཞི་བརྒྱ་ལ་རེག་གོ།། འོད་དེས་དེ་དག་ལ་རེག་མ་ཐག་ཏུ་རང་རང་གི་གནས་ན་འཁོད་བཞིན་དུ་སྤུ་ཟིང་ཞེས་བྱེད་དེ། རང་གི་བདུད་ཀྱི་གནས་ཚིག་ཅིང་མོག་མོག་པོར་གྱུར་པར་ཤེས་ནས། དེ་དག་འདི་སྙམ་དུ་སེམས་ཏེ། གང་གི་ཕྱིར་གནས་འདི་དག་མོག་མོག་པོར་གྱུར་པར་སྣང་བ་འདི་ལ་རྒྱུན་ཅི་ཞིག་ཡོད། རྐྱེན་ནི་ཅི་ཞིག་ཡོད། བྱང་ཆུབ་སེམས་དཔའ་འམ། གཅིག་བྱང་ཆུབ་ཀྱི་སྙིང་པོར་འདུག་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་གྲང་སྙམ་སྟེ། རྣམ་པར་བལྟས་པ་དང་། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་མཐོང་ངོ། ། དེ་ནས་བདུད་སྡིག་ཅན་དེ་དག་རང་རང་གི་གནས་ནས་མི་སྣང་བར་གྱུར་ནས། བདུད་རེ་རེའང་གནོད་སྦྱིན་ཁ་དོག་རྣམ་པ་མང་པོ་དང་། ཆ་བྱད་རྣམ་པ་མང་པོ་དང་། དབྱིབས་རྣམ་པ་མང་པོ་དང་། ཆུ་ཞེང་རྣམ་པ་མང་པོ་དང་། གཡོ་བ་རྣམ་པ་མང་པོ་དང་། མགོ་རྣམ་པ་མང་པོ་དང་། མཚོན་ཆ་རྣམ་པ་མང་པོ་དང་། རྒྱལ་མཚན་རྣམ་པ་མང་པོ་ཐོགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་གིས་བསྐོར་ཏེ། སྨྲ་བ་རྣམ་པ་མང་པོ་སྨྲ་ཞིང་བདུད་ཀྱི་མཐུ་ཆེན་པོ་དང་། བདུད་ཀྱི་རྫུ་འཕྲུལ་ཆེན་པོས་བདུད་རེ་རེས་ཀྱང་བདུད་ཀྱི་འཁོར་གྱིས་བརྒྱར་དཔག་ཚད་ཉི་ཁྲི་སྟེ་ཁོར་ཡུག་ཏུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་བཀང་ནས། བྱང་ཆུབ་ཀྱི་ཤིང་དྲུང་དུ་དོང་ངོ་།། ཞི་བའི་བློ་གྲོས་འཁོར་ཆེན་པོ་དེ་དག་དོང་མ་ཐག་ཏུ། དེ་ནས་དེའི་ཚེ་ཡིད་དུ་མི་འོང་བ་མཉན་པར་མི་འོས་པ། མི་སྙན་པ། ཨུ་དུག་ཅེས་བྱ་བ་དང་། བི་ཅིག་ཅེས་བྱ་བ་དང་། ཧུ་ལུ་ཧུ་ལ་ཞེས་བྱ་བ་དང་། རྒྱོབ་ཅིག། ཟུང་ཞིག། སོད་ཅིག། ཆིངས་ཤིག། ཅེས་བྱ་བའི་སྒྲ་ཆེན་པོ་དེ་ལྟ་བུ་ཕྱུང་བར་གྱུར་ཏོ།། གལ་ཏེ་འདོད་ཆག་དང་མ་བྲལ་བའི་སེམས་ཅན་རྣམས་ཀྱིས་སྒྲ་དེ་ཐོས་ལ། ཞི་བའི་བློ་གྲོས་གལ་ཏེ་བྱང་ཆུབ་སེམས་དཔས་སྒྲ་དེ་མི་གྲག་བར་མ་བྱས་ན་ནི། དེ་དག་ཁོ་ནས་ཁྲག་དྲོན་པོ་སྐྱུག་ཅིང་འཆི་བ་འམ། ཤི་ལ་ཐུག་པའི་སྡུག་བསྔལ་རྙེད་པར་འགྱུར་རོ།། དེ་ན་ནི་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོས་ནོན་པས། སེམས་ཅན་ལ་རྣམ་པར་འཚེ་བར་གྱུར་དུ་འོང་ཞེས་སྒྲ་དེ་མི་གྲག་པར་བྱས་པར་གྱུར་ཏོ།། ཞི་བའི་བློ་གྲོས་འདིའང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་ཡུལ་ཡིན་ནོ།། ཞི་བའི་བློ་གྲོས་སྒྲ་དེ་ལྟ་བུ་དེ་ཟོས་ཀྱང་། བྱང་ཆུབ་སེམས་དཔའ་ནི་ཐ་ན་སྤུ་གཡོས་པར་ཡང་མ་གྱུར་ཏོ།། དེ་ཅིའི་ཕྱིར་ཞེ་ན། སྒྲ་འདི་དག་ཐམས་ཅད་བྲག་མ་དང་མཚུངས་པར་ལེགས་པར་རྟོགས་བའི་ཕྱིར་རོ། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའི་བསྙེན་བཀུར་བའི་ལྷ་རྣམས་ཀྱིས་བདུད་ལྤགས་པར་རིག་ནས། བདུད་སྡིག་ཅན་དེ་དག་ལ་ཟློག་པ་རྣམ་པ་བཅུ་དྲུག་པ་ཟློག་པར་བྱེད་དེ། སྡིག་ཅན་དག་འཕོངས་པར་འགྱུར་བ་གདོན་པར་དཀའ་བ་རྣམ་པ་འདི་ལྟ་བུ་འདི་དག་གིས་ཅི་ཞིག་བྱས་ཟང་ཞིག། དེ་ཅིའི་ཕྱིར་ཞེ་ན། སྡིག་ཅན་ཁྱེད་ནི་གྱང་སྟོབས་ཆུང་ངུ་ལ་གྱད་སྟོབས་ཆེན་པོ་བབ་པ་ལྟར། དོ་མོད་བྱང་ཆུབ་སེམས་དཔས་བརྡབས་པར་འགྱུར་རོ།། སྡིག་ཅན་ཁྱེད་ནི་དཔའ་བོ་ཆེན་པོས་ཕ་རོལ་གྱི་སྡེ་བཅོམ་པ་ལྟར་དོ་མོད་བྱང་ཆུབ་སེམས་དཔས་ཕམ་པར་བྱས་པར་འགྱུར་རོ། ། སྡིག་ཅན་ཁྱེད་ནི་སྲིན་བུ་མེ་ཁྱེར་ལ་ཟླ་བའི་དཀྱིལ་འཁོར་བབ་པ་ལྟར། དོ་མོད་བྱང་ཆུབ་སེམས་དཔས་ཟིལ་གྱིས་གནོན་པར་འགྱུར་རོ། ། སྡིག་ཅན་ཁྱེད་ནི་ཕུབ་མ་སྤར་གང་ལ་རླུང་མར་བབ་པ་ལྟར། ད་མད་བྱང་ཆུབ་སེམས་དཔས་གཏོར་བར་འགྱུར་རོ།། སྡིག་ཅན་ཁྱེད་ནི་ཤིང་སཱ་ལ་ཆེན་པོ་རྩ་ནས་ཆང་པ་ལྟར། དོ་མོད་བྱང་ཆུབ་སེམས་དཔས་བསྒྱེལ་བར་འགྱུར་རོ།། སྡིག་ཅན་ཁྱེད་ནི་རི་དགས་ཀྱི་ཚོགས་ལ་སེང་གེ་བབ་པ་ལྟར། ངོ་མོད་བྱང་ཆུབ་སེམས་དཔས་སྤངས་པར་བྱས་པར་འགྱུར་རོ།། སྡིག་ཅན་ཁྱེད་ནི་བརྗེས་ཀྱི་ཆུ་ལ་ཉི་ཚན་བབ་པ་ལྟར། དོ་མོད་བྱང་ཆུབ་སེམས་དཔས་ཡོངས་སུ་ཟད་པར་བྱས་པར་འགྱུར་རོ།། སྡིག་ཅན་ཁྱེད་ནི་མི་མཛའ་བའི་གྲོང་ཁྱེར་ལ་རྒྱལ་པོ་ཆེན་པོ་བབ་པ་ལྟར། དོ་མོད་བྱང་ཆུབ་སེམས་དཔས་བརླག་པར་འགྱུར་རོ།། སྡིག་ཅན་ཁྱེད་ནི་མི་གཡོན་ཅན་དང་གསད་པར་བྱ་བ་ཤར་བ་ལྟར། ངོ་མོད་བྱང་ཆུབ་སེམས་དཔས་འབྲོས་པར་བྱེད་པར་འགྱུར་རོ།། སྡིག་ཅན་ཁྱེད་ནི་ཚོང་པ་ལམ་བརྒྱགས་མང་པོ་མེས་ཚིག་པ་ལྟར། དོ་མོད་བྱང་ཆུབ་སེམས་དཔས་མགོ་འཁོར་བར་བྱེད་པར་འགྱུར་རོ།། སྡིག་ཅན་ཁྱེད་ནི་ཆོས་ཀྱི་རྒྱལ་པོ་རྒྱལ་སྲིད་ཉམས་པ་ལྟར། དོ་མོད་བྱང་ཆུབ་སེམས་དཔས་མྱ་ངན་བྱེད་དུ་བཅུག་པར་འགྱུར་རོ།། སྡིག་ཅན་ཁྱེད་ནི་ཁྲུང་ཁྲུང་རྒན་པོ་འདབ་མ་བྲེགས་པ་ལྟར། དེ་མེད་བྱང་ཆུབ་སེམས་དཔས་སེམས་ཁེངས་སུ་བཅུག་པར་འགྱུར་རོ། ། སྡིག་ཅན་ཁྱེད་ནི་འབྲོག་མགོན་པར་ལམ་བརྒྱད་ཆད་པ་ལྟར། དོ་མོད་བྱང་ཆུབ་སེམས་དཔས་འཕོངས་པར་བྱས་པར་འགྱུར་རོ།། སྡིག་ཅན་ཁྱེད་ནི་རྒྱ་མཚོ་ཆེན་པོ་དབུས་སུ་གྲུ་ཞིག་པ་ལྟར། དོ་མོད་བྱང་ཆུབ་སེམས་དཔས་སྨྲེ་སྔགས་འདོན་དུ་བཅུག་པར་འགྱུར་རོ།། སྡིག་ཅན་ཁྱེད་ནི་སྲེག་པའི་བསྐལ་པས་རྩཝ་དང་ནགས་ཚལ་ལྟར། དོ་མོད་བྱང་ཆུབ་སེམས་དཔས་རྙིས་པར་བྱས་པར་འགྱུར་རོ། ། སྡིག་ཅན་ཁྱེད་ནི་རྡོ་ལེབ་ལ་རྡོ་རྗེ་ཆེན་པོ་བབ་པ་ལྟར། ངོ་མོད་བྱང་ཆུབ་སེམས་དཔས་རྣམ་པར་གཏར་བར་འགྱུར་རོ།། ཞི་བའི་བློ་གྲོས་དེ་ལྟར་བྱང་ཆུབ་ཀྱི་བསྙེན་བཀུར་བའི་ལྷ་རྣམས་ཀྱིས་ཟློག་པ་རྣམ་པ་བཅུ་དྲུག་གིས་བདུད་སྡིག་ཅན་རྣམས་ཟློག་པར་བྱེད་ཀྱང་། བདུད་སྡིག་ཅན་དེ་དག་ཕྱིར་མ་ལོག་གོ། དེ་ནས་བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་སྦྱིན་པ་དང་། དུལ་བ་དང་། ལེགས་པར་སྡོམ་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། ཞི་གནས་དང་། ལྷག་མཐོང་དང་། རིག་པ་དང་རྣམ་པར་གྲོལ་བ་ཡོངས་སུ་སྤང་བ་བྱས་པས་ལག་པ་གཡས་པ་འཇམ་ཞིང་གཞོན་ལ། ཤིན་ཏུ་གཞོན་པ། གསེར་གྱི་ཁ་དོག་ལྟར་འདུག་པ་བརྐྱང་སྟེ། སྙིང་རྗེ་ཆེན་པོས་བསྐོད་པ་དང་སེམས་ཅན་ཐམས་ཅད་རབ་ཏུ་ཐར་པ་བྱ་བའི་ལྷག་པའི་བསམ་པས་སྤྱི་བོ་ནས་བཟུང་སྟེ་ལུས་ཐམས་ཅད་ལ་བྱུགས་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་དུ་བྱས་ཏེ། དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་ས་ཆེན་པོ་ལ་བརྡབས་སོ།། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔས་ས་ཆེན་པོ་ལ་བརྡབས་མ་ཐག་ཏུ། དེ་ནས་དེའི་ཚེས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་སོ། ། རབ་ཏུ་གཡོས་སོ།། ཀུན་ཏུ་རབ་ཏུ་གཡོས་སོ།། འགུལ་ཏོ།། རབ་ཏུ་འགུལ་ཏོ།། ཀུན་ཏུ་རབ་ཏུ་འགུལ་ཏོ།། ལྡེག་གོ།། རབ་ཏུ་ལྡེག་། ཀུན་ཏུ་རབ་ཏུ་ལྡེག་གོ། འཁྲུགས་སོ།། རབ་ཏུ་འཁྲུགས་སོ།། ཀུན་ཏུ་རབ་ཏུ་འཁྲུགས་སོ།། འུར་འུར་རོ།། རབ་ཏུ་འུར་འུར་རོ།། ཀུན་ཏུ་རབ་ཏུ་འུར་འུར་རོ།། ཆེམ་ཚིམ་མེ། རབ་ཏུ་ཆེམ་ཆེམ་མོ།། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ།། ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐའོ།། ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོའོ།། ལྷ་ཕྱོགས་དམའ་ན་བྱང་ཕྱོགས་མཐོའོ། ། བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོའོ།། མཐའ་མཐོ་ན་དབུས་དམའ་འོ།། དབུས་མཐོ་ན་མཐའ་དམའ་འོ།། ཞི་བའི་བློ་གྲོས་དེ་ལྟར་རྣམ་པ་དྲུག་དང་། ལྟས་ཆེན་པོ་བཅོ་བརྒྱད་དུ་ས་གཡོས་པ་ཆེན་པོ་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། ། བདུད་སྡིག་ཅན་རྣམས་ཀྱིས་ཀྱང་འུར་སྒྲ་དང་། ཏུག་ཆོམ་གྱི་སྒྲ་ཆེན་པོ་དང་། ཟུང་ཞིག་པ་དང་རྒྱོབ་ཅིག་པ་དང་། ཆིངས་ཤིག་པ་དང་། སོད་ཅིག་པའི་སྒྲ་ཐོས་སོ།། བདུད་ཀྱི་འཁོར་གྱིས་ནི་བྱང་ཆུབ་སེམས་དཔའི་མཐུས། སྟེང་གི་བར་སྣང་ལ་འདི་ལྟ་བུའི་སྒྲ་འདི་ཐོས་སོ།། དྲང་སྲོང་ནང་ན་དྲང་སྲོང་མཆོག། དེ་ནི་མི་འཇིགས་སྦྱིན་པ་སྟེ།། སྲོག་ཆགས་ཀུན་གྱི་སྐྱབས་ཡིན་གྱིས།། འདི་ལ་སྐྱབས་སུ་འགྲོ་བར་གྱིས།། ཞི་བའི་བློ་གྲོས་བདུད་ཀྱི་འཁོར་གྱིས་སྒྲ་དེ་ཐོས་པ་དང་། གནོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་ཁ་བུབ་ཏུ་ས་ལ་འགྱེལ་ནས། སྐྱེས་བུ་ཆེན་པོ་ཡོངས་སུ་བསྐྱབ་ཏུ་གསོལ་ཡོངས་སུ་བསྐྱབ་ཏུ་གསོལ་ཞེས་ཚིག་དེ་སྨྲས་སོ། ། བདུད་སྡིག་ཅན་ལྷག་མ་རྣམས་ནི་དཔུང་གི་ཚོགས་དང་ལྷན་ཅིག་ཏུ་འབྲོས་པར་འདོད་ན་འབྲོས་མ་ནུས་ནས། དེ་དག་ལ་སྙིང་བརྩེ་བའི་ཕྱིར་བྱང་ཆུབ་སེམས་དཔས་ལུས་ལས་འོད་བྱུང་བ་དང་། འོད་དེས་དེ་དག་འཇིགས་པ་ཐམས་ཅད་དང་བྲལ་ཏེ་རང་རང་གི་གནས་སུ་དོང་ངོ་།། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔས་བདུད་འདུལ་བའི་རྣམ་པར་སྤྲུལ་པ་འདི་བསྟན་པ་ན། བདུད་ཀྱི་འཁོར་དེ་ལས་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ལྷའི་བ་སྔོན་སྦྱང་བ་བྱས་པ་བརྒྱད་ཁྲི་བཞི་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། བདུད་བཏུལ་བའི་ལེའུ་ཞེས་བྱ་སྟེ་བཅུ་གསུམ་པའོ།། །། ཞི་བའི་བློ་གྲོས་དེ་ལྟར་ལྷ་དང་མི་ཁ་ཅིག་གིས་ནི་དེ་ལྟར་བདུད་འདུལ་བ་ཚད་མེད་པ་དང་ལྡན་པར་ཤེས་སོ། ། ཁ་ཅིག་གིས་ནི་བདུད་ཡོངས་ཐམས་ཅད་དུ་མ་འོངས་པར་ཤེས་སོ།། ཁ་ཅིག་གིས་ནི་བྱང་ཆུབ་སེམས་དཔའ་རྩཝ་བཏིང་བ་ལ་འདུག་པར་ཤེས་སོ། ། ཁ་ཅིག་གིས་ནི་བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་པདྨ་བཀོད་པའི་སེང་གེའི་ཁྲི་ལ་འདུག་པར་མཐོང་ངོ་།། ཁ་ཅིག་གིས་ནི་བྱང་ཆུབ་སེམས་དཔའ་ས་ལ་འདུག་པར་མཐོང་ངོ་། ། ཁ་ཅིག་གིས་ནི་བྱང་ཆུབ་སེམས་དཔའནམ་མཁའི་དཀྱིལ་ན་གནས་པའི་སེང་གེའི་ཁྲི་ལ་འདུག་པར་མཐོང་ངོ་།། ཁ་ཅིག་གིས་ནི་བྱང་ཆུབ་ཀྱི་ཤིང་ཤིང་གི་རྒྱལ་པོ་ཨ་ཤྭད་ཐར་མཐོང་ངོ་། ། ཁ་ཅིག་གིས་ནི་བྱང་ཆུབ་ཀྱི་ཤིང་ཡོངས་འདུ་ས་བརྟོལ་དུ་མཐོང་ངོ་།། ཁ་ཅིག་གིས་ནི་བྱང་ཆུབ་ཀྱི་ཤིང་རིན་པོ་ཆེ་ཐམས་ཅད་ཀྱི་རང་བཞིན་ཅན་དུ་མཐོང་ངོ། ། ལྷ་དང་མི་ཁ་ཅིག་གིས་ནི་བྱང་ཆུབ་ཀྱི་ཤིང་ཤིང་ཏ་ལའི་སྲིད་ཙམ་དུ་མཐོང་ཞིང་། སེང་གེའི་ཁྲི་ཤིང་ཏ་ལའི་ཕྱེད་ཙམ་དུ་མཐོང་ངོ་།། ཁ་ཅིག་གིས་ནི་བྱང་ཆུབ་ཀྱི་ཤིང་ཤིང་ཏ་ལ་བདུན་སྲིད་ཙམ་དུ་མཐོང་ཞིང་། སེང་གེའི་ཁྲི་ཤིང་ཏ་ལ་ཕྱེད་དང་གཉིས་སྲིད་ཙམ་དུ་མཐོང་ངོ་།། ཁ་ཅིག་གིས་ནི་བྱང་ཆུབ་ཀྱི་ཤིང་དཔག་ཚད་བརྒྱད་ཁྲི་བཞི་སྟོང་པའི་བར་དུ་མཐོང་ཞིང་། ས་གེའི་ཁྲི་དཔག་ཚད་བཞི་ཁྲི་ཉིས་སྟོང་པར་མཐོང་ངོ་། ། ལྷ་དང་མི་ཁ་ཅིག་གིས་ནི་བྱང་ཆུབ་སེམས་དཔའ་བདུད་འདུལ་བར་མཐོང་ངོ་།། ཁ་ཅིག་གིས་ནི་བདུད་གཅིག་མཐོང་ངོ་།། ཁ་ཅིག་གིས་ནི་བུདད་རྒྱ་ཆེན་པོར་མཐོང་ངོ་། ། ཁ་ཅིག་གིས་ནི་བྱང་ཆུབ་སེམས་དཔའ་བདུད་འཇོམས་པ་ལ་རྩེ་བར་མཐོང་ངོ་།། ཁ་ཅིག་གིས་ནི་བྱང་ཆུབ་སེམས་དཔའ་ནམ་མཁའི་དཀྱིལ་ན་གནས་ཤིང་ནམ་མཁའ་ལ་འདུག་པའི་བྱང་ཆུབ་ཀྱི་ཤིང་དྲུང་ན་སེང་གེའི་ཁྲི་ལ་འདུག་ཅིང་། བྱང་ཆུབ་སེམས་དཔའ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མཐོང་སྟེ། ཞི་བའི་བློ་གྲོས་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་ཡུལ་མཐའ་མེད་པ་ཡིན་ཏེ། བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ན་འཁོད་པ་དེ་དག་གི་ཡོན་ཏན་གྱི་རྒྱུའི་ཁྱད་པར་ནི་ཚད་མེད་པར་སྣང་ངོ་།། ནི་བློ་གྲོས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་འདུག་པ་དང་། སྔོན་མཐུན་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་གྲངས་མེད་དཔག་ཏུ་མེད་པ་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ནས་ལྷགས་ཏེ། མི་འཇིགས་པའི་སྒྲ་རྗོད་ཅིང་ཤིས་པའི་སྒྲ་དང་། བདེ་བའི་སྒྲ་དང་། ཀུན་དགའ་བའི་སྒྲ་དང་མགྱོགས་པའི་སྒྲ་དང་། མྱུར་བའི་སྒྲ་དང་། ལེགས་པའི་སྒྲ་དང་། དོན་ཡོད་པའི་སྒྲ་དང་། དཔའ་བའི་སྒྲ་དང་། སྐྱེས་བུ་དམ་པའི་སྒྲ་དང་། ཕྱིར་མི་ལྡོག་པའི་སྒྲ་དང་། རྒྱས་པའི་སྒྲ་དང་། བཀྲ་ཤིས་པའི་སྒྲ་དང་། མི་གདུང་བའི་སྒྲ་དང་། མ་ཞུམ་པའི་སྒྲ་དང་། སྔོན་གྱི་བསམ་པའི་སྒྲ་དང་། སྤོང་བ་དོན་ཡོད་པའི་སྒྲ་དང་། ཡིད་བདེ་བའི་སྒྲ་དང་། རྡོ་རྗེ་ལྟར་མཁྲེགས་པའི་སྒྲ་དང་། སྐྱེས་བུ་དམ་པ་རྣམ་པར་རྩེན་པའི་སྒྲ་དང་། ཕན་པའི་སྒྲ་དང་། སྐད་ཅིག་གཅིག་དང་ལྡན་པའི་སྒྲ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒྲ་དང་། མངོན་པར་རྫོགས་པར་བྱང་ཆུབ་པའི་སྒྲ་རྗོད་དེ། ཞི་བའི་བློ་གྲོས་དེ་ལྟར་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་འདུག་པའི་བྱང་ཆུབ་སེམས་དཔའ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབུགས་འབྱིན་པ་རྣམ་པ་སྣ་ཚོགས་བརྒྱ་སྟོང་དག་གིས་དབུགས་འབྱིན་ཏོ། ། མཆོད་པ་རྣམ་པ་སྣ་ཚོགས་བྱེད་དོ། ། བསྟོད་པ་རྣམ་པ་སྣ་ཚོགས་བྱེད་དོ།། འདི་ནི་བྱང་ཆུབ་སེམས་དཔའ་སྔོན་ལེགས་པར་སྤྱད་པ་སྟེ། དེས་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་འདུག་པ་ལ་དབུགྲ་འབྱིན་ཅིང་མཆོད་པ་བྱེད་ཀྱང་། བྱང་ཆུབ་སེམས་དཔའ་དེའང་རྗེས་སུ་ཆགས་པ་མེད་ལ། བདུད་ཀྱི་སྡེ་ལའང་ཁོང་ཁྲོ་བ་མེད་དོ། ། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་བས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཤེས་པར་བྱ་བ་དང་།། བལྟ་བར་བྱ་བ་དང་། ཐོབ་པར་བྱ་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བ་གང་ཅིའང་རུང་སྟེ། དེ་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་སོ།། ཞི་བ་བློ་གྲོས་བྱང་ཆུབ་བརྙེས་པའི་དེ་བཞིན་གཤེགས་པ་ལ་ཕྱོགས་བཅུ་ནས་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་དག་གིས་ཕྱག་གཡས་པ་བརྐྱང་སྟེ། སྒྱུ་མ་མཉལ་ཏམ་ཞེས་སྤྱན་གསོལ་ལོ། ། མཉེལ་བ་མི་མངའ་བར་བྱང་ཆུབ་བམ། རང་བྱུང་དུ་མངོན་པར་རྫོགས་པར་བྱང་ཆུབ་བམ། སྒྲིབ་པ་མི་མངའ་བར་མངོན་པར་རྫོགས་པར་བྱང་ཆུབ་བམ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་བམ། ཀུན་ཏུ་ཡེ་ཤེས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་བམ། སྤྱོད་ཡུལ་མ་འདྲེས་པ་དང་ལྡན་ནམ། སྙིང་རྗེ་ཆེན་པོའི་གོ་ཆ་བགོས་སམ། དཀོན་མཆོག་གསུམ་གྱི་རིགས་བསབས་སམ། ཆོས་ཐམས་ཅད་ལ་དབང་སྒྱུར་རམ་ཞེས་ཡོངས་སུ་འདྲིའོ། ། དེ་ལ་སེམས་ཅན་གང་དག་དབང་པོ་ཡོངས་སུ་སྨིན་པ་དེ་དག་གིས་ནི་བྱ་བ་དེ་ཤེས་སོ།། སེམས་ཅན་གང་དག་དབང་པོ་ཡོངས་སུ་མ་སྨིན་པ་དེ་དག་གིས་ནི་བྱ་བ་དེ་མི་ཤེས་སོ། ། ཞི་བའི་བློ་གྲོས་བྱང་ཆུབ་བརྙེས་པའི་དེ་བཞིན་གཤེགས་པ་ཞག་བདུན་གྱི་བར་དུ་སྤྱན་མི་འཛུམ་པར་ཆོས་ཀྱི་དགའ་བའི་བདེ་བ་ཉམས་སུ་བསྟར་ཏེ། སྨན་མི་འཛུམས་པར་བྱང་ཆུབ་ཀྱི་ཤིང་ལའང་གཟིགས་སོ། ། ལྷའི་བུ་སྟོང་ཡང་དེ་ལ་མཆོད་དོ།། བསྟོད་དོ།། ཕྱག་འཚལ་ལོ།། ལྷའི་བུ་མོ་བརྒྱ་སྟོང་དག་ཀྱང་དེ་ལ་མཆོད་པ་བྱེད་དོ།། བསྟོད་དོ།། ཕྱག་འཚལ་ལོ།། དེ་བཞིན་གཤེགས་པའི་སྤྱོད་ལམ་མཐོང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ཀྱང་བསྐྱེད་དོ།། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པས་བྱང་ཆུབ་བརྙེས་པ་དང་། རྒྱལ་པོ་ཆེན་པོ་བཞི་ལྷུང་བཟེད་རྣམས་ཐོགས་ཏེ། དེ་བཞིན་གཤེགས་པའི་གན་དུ་དོང་བར་གྱུར་ཏོ།། བཞི་གང་ཞེ་ན། ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་སྟེ། རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་གོ།། གླིང་བཞི་པ་འདི་ནས་ཇི་ལྟར་དོང་བ་དེ་བཞིན་དུ་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ནས་རྒྱལ་པོ་ཆེན་པོ་བྱེ་བ་ཕྲག་བཞི་བརྒྱ་ལྷུང་བཟེད་རྣམས་ཐོགས་ཏེ། དེ་བཞིན་གཤེགས་པའི་གན་དུ་དོང་ངོ་།། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པས་ལྷུང་བཟེད་བྱེ་བ་ཕྲག་བཞི་བརྒྱ་རྣམས་བཞེས་ཏེ། བཞེས་ནས་ཀྱང་ལྷུང་བཟེད་གཅིག་ཏུ་བྱིན་གྱིས་བརླབས་ནས། རྒྱལ་པོ་ཆེན་པོ་རེ་རེའང་འདི་སྙམ་དུ་དེ་བཞིན་གཤེགས་པས་བདག་གི་ལྷུང་བཟེད་བཞེས་སོ། ། དེ་བཞིན་གཤེགས་པ་བདག་གི་ལྷུང་བཟེད་དུ་གསོལ་ལ་སྙམ་དུ་སེམས་ཏེ། དེ་དག་དགའ་བ་དང་། མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་བླ་ན་མེད་པ་ཡང་རེག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པས་བྱང་ཆུབ་བསྙེས་ནས། ཚོང་པ་ག་གོན་དང་། བཟང་པོ་དང་། གཞན་ཡང་ལྷའི་བུ་དྲུག་ཁྲི་དེ་བཞིན་གཤེགས་པའི་ཐོག་མའི་ཞལ་ཟས་ཐོགས་ནས་དོང་བར་གྱུར་ཏེ། དེ་དག་ནི་སྔན་འདི་སྐད་དུ་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་ཐོག་མར་ཞལ་ཟས་དབུལ་ལོ་ཞེས་སྨོན་ལམ་བཏབ་པར་གྱུར་པ་དག་གོ། ། དེ་དག་གིས་དེ་བཞིན་གཤེགས་པ་ལ་ཐོག་མར་ཞལ་ཟས་ཕུལ་ནས་དགའ་བ་དང་། མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ། ཞི་བའི་བློ་གྲོས་དེ་ལྟར་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་འདུག་སྟེ། ཐམས་ཅད་མཁྱེན་པ་ཐོབ་པ་ལས་བྱང་ཆུབ་བརྙེས་པ་དང་། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་མ་བསྐོར་བའི་བར་དུ་སེམས་ཅན་གྱི་དོན་མཛད་པ་དེ་ནི་རབ་ཏུ་མང་གི། སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོར་སོང་བའི་བར་དུ་ནི་དེ་ལྟ་མ་ཡིན་ནོ།། ཞི་བའི་བློ་གྲོས་ཁྱེད་ཀྱིས་རྣམ་གྲངས་འདིས་ཀྱང་ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་སེམས་ཅན་ཚད་མེད་པའི་དོན་བྱེད་པ་དེ་ལྟར་ཤེས་པར་བྱའོ། ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པས་བྱང་ཆུབ་བརྙེས་ནས་ཚངས་པ་གཙུག་བུད་ཅན་ཞེས་བྱ་བ་ཚངས་རིས་ཀྱི་ལྷའི་བུ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱིས་བསྐོར་ཅིང་མདུན་དུ་བདར་ཏེ། ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བྱིན་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་བདུན་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར། སེམས་ཅན་ཆོས་སྣོད་དུ་གྱུར་པ་དག་མཆིས་ཏེ། དེ་བཞིན་གཤེགས་པའི་ཆོས་བསྟན་པ་འཚལ་བར་འགྱུར་གྱིས། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་དུ་གསོལ། བདེ་བར་གཤེགས་པས་ཆོས་བསྟན་དུ་གསོལ། ཞེས་གསོལ་བ་བཏབ་བོ།། དེ་ནི་སྔོན་གྱི་སྨོན་ལམ་གྱིས་གྱུར་པ་སྟེ། གང་གིས་རྒྱལ་པོ་ཡུལ་འཁོར་སྲུང་གི་བུར་ཁས་བླངས་ནས། བདག་གིས་བསྐལ་པ་བཟང་པོ་པའི་དེ་བཞིན་གཤེགས་པ་བྱང་ཆུབ་བརྙེས་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐལ་ལོ་ཞེས་སྨོན་ལམ་བཏབ་པ་ཡིན་ནོ། ། ཞི་བའི་བློ་གྲོས་ཚངས་པ་གཙུག་པུད་ཅན་ཉིད་ཀྱིས་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་ཀྱི། གཞན་དག་གིས་ནི་མ་ཡིན་ནོ་སྙམ་དུ་ཁྱོད་སེམས་ན་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་ཚངས་པ་གཙུག་བུད་ཅན་གྱིས་གསོལ་བ་བཏབ་པ་དེ་བཞིན་དུ། ཚངས་པ་བྱེ་བ་ཕྲག་བཅུས་ཀྱང་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་པར་གྱུར་ཏོ།། བརྒྱ་བྱིན་བྱེ་བ་ཕྲག་བཅུ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཅུས་ཀྱང་བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པར་གྱུར་ཏོ། ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལེ་བསྐོར་བར་གནང་བ་དེའི་ཚེ། ཚངས་པ་གཙུག་བུད་ཅན་གྱིས་གྲོང་ཁྱེར་ཝཱ་ར་ཎཱ་སིར་དྲང་སྲོང་ལྟུང་བ་རི་དགས་ཀྱི་ནགས་སུ་བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲི་འཕང་དུ་དཔག་ཚད་བཞི་ཁྲི་ཉིས་སྟོང་ཡོད་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། བཀྲ་བ། བལྟ་ན་སྡུག་པ་སའི་སྟེང་ན་འདུག་པ་བཤམས་པར་གྱུར་ཏོ།། ཇི་ལྟར་ཚངས་པ་གཙུག་པུད་ཅན་གྱིས་དེ་བཞིན་གཤེགས་པའི་སེང་གེའི་ཁྲི་བཤམས་པར་གྱུར་པ་དེ་བཞིན་དུ། ཚངས་པ་བྱེ་བ་ཕྲག་བཅུ་དང་། བརྒྱ་བྱིན་བྱེ་བ་ཕྲག་བཅུ་དང་། བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་བྱེ་བ་ཕྲག་བཅུས་ཀྱང་བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲི་བཀྲ་བ། བལྟ་ན་སྡུག་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་བཤམས་པར་གྱུར་ཏོ།། ཞི་བའི་བློ་གྲོས་དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་ཝཱ་ར་ཎཱ་སི་ག་ལ་བ་དང་། དྲང་སྲོང་ལྷུང་བ་རི་དགས་ཀྱི་གནས་ག་ལ་བ་དེར་གཤེགས་ཏེ། བྱོན་ནས་སེང་གེའི་ཁྲི་དེ་དག་ཐམས་ཅད་ལ་བདག་ཉིད་བཞུགས་པར་ཀུན་ཏུ་བསྟན་ཏོ། ། དེ་ན་རེ་རེས་ཀྱང་དེ་བཞིན་གཤེགས་པ་བདག་གི་སེང་གེའི་ཁྲི་ལ་བཞུགས་སོ།། བདག་གི་སེང་གེའི་ཁྲི་ལ་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བར་ཤེས་ཏེ། དེ་དག་དགའ་བ་དང་མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ།། བཅོམ་ལྡན་འདས་སེང་གེའི་ཁྲི་དེ་ལ་བཞུགས་མ་ཐག་ཏུ། དེ་ནས་དེའི་ཚེ་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་རབ་ཏུ་གཡོས་ཏེ། སྣང་བ་ཆེན་པོས་ཁྱབ་པར་གྱུར་དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཡུལ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་གོ། ། བཅོམ་ལྡན་འདས་ཀྱིས་ཡུལ་མཐའ་ཡས་པའི་ཏིང་ངེ་འཛིན་དེ་ལ་མཉམ་པར་གཞག་མ་ཐག་ཏུ། དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐམ་པར་གྱུར་པར་གནས་ཏེ། ལག་མཐིལ་ལྟར་གྱུར་ཏོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་དམྱལ་བ་པ་འམ། དུད་འགྲོའི་སྐྱེ་གནས་པ་འམ། གཤིན་རྗེའི་འཇིག་རྟེན་པ་འམ། མི་འམ། ལྷ་འམ། སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དེའི་ཚེ་བདེ་བ་དང་ལྡན་པར་གྱུར་ཏེ། སེམས་ཅན་གང་ལའང་འདོད་ཆགས་ཀྱིས་གནོད་པ་མེད་ཅིང་། ཞེ་སྡང་གིས་མ་ཡིན། གཏི་མུག་གིས་མ་ཡིན་ཏེ། ཉོན་མོངས་པ་ཐམས་ཅད་ཀྱིས་གནོད་པ་མེད་ཅིང་གཅིག་ལ་གཅིག་པ་མ་ཙམ་དུ་འདུ་ཤེས་ཏེ་བྱམས་པའི་སེམས་དང་ལྡན་པར་གྱུར་ཏེ།། བཅོམ་ལྡན་འདས་ཀྱིས་ཡུལ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་དེ་ལ་མཉམ་པར་གཞག་མ་ཐག་ཏུ་དེའི་ཚེ། བཅོམ་ལྡན་འདས་ལ་ཆོས་ཉན་པའི་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་གྲངས་མེད་དཔག་ཏུ་མེད་པ་དག་ལྷགས་པར་གྱུར་ཏོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་དབང་ཆེ་བར་གྲགས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ལས་ཆོས་མཉན་པའི་ཕྱིར། བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་།། ཞི་བའི་བློ་གྲོས་དེ་ལྟར་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། བཅོམ་ལྡན་འདས་ལ་ཆོས་ཉན་པ་དབང་ཆེ་བ། དབང་ཆེ་བར་གྲགས་པ་དག་གིས་ས་ཕྱོགས་གང་ཁྱབ་པར་མ་གྱུར་པ་དེ་ནི་ཐ་ན་སྐྲའི་རྩེ་མོའི་ཆ་བཞག་པ་ཙམ་ཡང་མེད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ཆེན་པོ་དེ་འདུས་པར་མཁྱེན་ནས་དྲན་པ་དང་ལྡན་ཞིང་མཁྱེན་བཞིན་དུ་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། དེ་བཞིན་གཤེགས་པའི་སྤྱན་ཐུགས་རྗེ་ཆེན་པོས་བསྐྱོད་པས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་ལ་རྣམ་པར་གཟིགས་ནས་དགེ་སྦྱོང་ངམ། བྲམ་ཟེ་འམ། གང་ཡང་རུང་བས་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། ། ཞི་བའི་བླ་གྲོས་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་དེ་ནི་ཅི་ནས་ཀྱང་འཁོར་འདུས་པའི་སེམས་ཅན་རྣམས་རང་རང་གི་རྣམ་པར་རིག་པ་བཞིན་དུ་ཀུན་ཏུ་ཤེས་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་ཚིམ་པར་བྱ་བའི་ཕྱིར་བསྐོར་ཏེ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་ཚེ་ཆོས་མཉན་པའི་ཕྱིར་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་གྲངས་མེད་དཔག་ཏུ་མེད་པ་དག་འདུས་པར་གྱུར་ཏོ། ། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་ཀྱང་འདུས་པར་གྱུར་ཏོ། ། ཞི་བའི་བློ་གྲོས་དེ་ལ་གང་གི་ཚེ། བཅོམ་ལྡན་འདས་ཀྱིས་གསུང་འདི་སྐད་དུ། ཀོའུ་དི་ནྱ་མིག་མི་རྟག་གོ་ཞེས་བཀའ་སྩལ་པ་དེ་ལ་སྡུག་བསྔལ་གྱི་སྒྲས་འདུལ་བ་རྣམས་ཀྱིས་ནི་མིག་སྡུག་བསྔལ་ལོ་ཞེས་ཐོས་སོ། ། བདག་མེད་པས་འདུལ་བ་རྣམས་ཀྱིས་ནི་མིག་བདག་མེད་པའོ་ཞེས་ཐོས་སོ། ། སྟོང་པ་ཉིད་ཀྱིས་འདུལ་བ་རྣམས་ཀྱིས་ནི་མིག་སྟོང་ངོ་ཞེས་ཐོས་སོ།། ཞི་བས་འདུལ་བ་རྣམས་ཀྱིས་ནི་མིག་ཞི་བའོ་ཞེས་ཐོས་སོ།། དབེན་པས་འདུལ་བ་རྣམས་ཀྱིས་ནི་མིག་དབེན་པའོ་ཞེས་ཐོས་སོ། ། མི་རྟག་པས་འདུལ་བ་རྣམས་ཀྱིས་ནི་མིག་མི་རྟག་པའོ་ཞེས་ཐོས་སོ།། གནས་མེད་པས་འདུལ་བ་རྣམས་ཀྱིས་ནི་མིག་གནས་མེད་པའོ་ཞེས་ཐོས་སོ།། སྒྱུ་མ་ལྟ་བུས་འདུལ་བ་རྣམས་ཀྱིས་ནི་མིག་སྒྱུ་མ་ལྟ་བུའོ་ཞེས་ཐོས་སོ།། རྨི་ལམ་ལྟ་བུས་འདུལ་བ་རྣམས་ཀྱིས་ནི་མིག་རྨི་ལམ་ལྟ་བུའོ་ཞེས་ཐོས་སོ།། ཆུ་ཟླ་ལྟ་བུས་འདུལ་བ་རྣམས་ཀྱིས་ནི་མིག་ཆུ་ཟླ་ལྟ་བུའོ་ཞེས་ཐོས་སོ། ། མིག་ཡོར་ལྟ་བུས་འདུལ་བ་རྣམས་ཀྱིས་ནི་མིག་མིག་ཡོར་ལྟ་བུའོ་ཞེས་ཐོས་སོ།། བྲག་ཆ་ལྟ་བུས་འདུལ་བ་རྣམས་ཀྱིས་ནི་མིག་བྲག་ཆ་ལྟ་བུའོ་ཞེས་ཐོས་སོ། ། དེ་བཞིན་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། མ་སྐྱེས་པ་དང་། སྐྱེ་བ་མེད་པས་འདུལ་བ་རྣམས་ཀྱིས་ནི་མིག་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བར་ཟོས་སོ། ། རྟེན་ཅིང་འབྲེལ་པར་འབྱུང་བས་འདུལ་བ་རྣམས་ཀྱིས་ནི་མིག་རྟེན་ཅིང་འབྲེལ་པར་འབྱུང་བའོ་ཞེས་ཐོས་སོ།། མིག་ཇི་ལྟ་བ་བཞིན་དུ་ཡིད་ཀྱི་བར་དུ་རྟེན་ཅིང་འབྲེལ་པར་འབྱུང་ངོ་ཞེས་ཐོས་སོ། ། དེ་བཞིན་དུ་གཟུགས་རྣམས་དང་། སྒྲ་རྣམས་དང་། དྲི་རྣམས་དང་། རོ་རྣམས་དང་། རེག་བྱ་རྣམས་དང་། ཆོས་རྣམས་སྟོང་ངོ་ཞེས་ཐོས་སོ། ། ཁ་ཅིག་གིས་ནི་ཕུང་པོ་མི་རྟག་པ་དང་། ཁ་ཅིག་གིས་ནི་ཁམས་མི་རྟག་པར་ཐོས་སོ།། ཁ་ཅིག་གིས་ནི་སྐྱེ་མཆེད་བདག་མེད་པའོ་ཞེས་ཐོས་སོ།། ཁ་ཅིག་གིས་ནི་ཕུང་པོ་མི་རྟག་པ་ཉིད་དུ་ཐོས་ལ། ཁམས་ལ་མི་རྟག་པ་ཉིད་དུ་མ་ཡིན་ནོ།། ཁ་ཅིག་གིས་ནི་ཁམས་ལ་མི་རྟག་པ་ཉིད་དུ་ཐོས་ལ། ཕུང་པོར་མི་རྟག་པ་ཉིད་དུ་མ་ཡིན་ནོ། ། ཁ་ཅིག་གིས་ནི་སྡུག་བསྔལ་གྱི་སྒྲས་རྣམ་པར་གྲོལ་ལོ།། ཁ་ཅིག་གིས་ནི་ཀུན་འབྱུང་བའི་སྒྲས་རྣམ་པར་གྲོལ་ལོ།། ཁ་ཅིག་གིས་ནི་འགོག་པའི་སྒྲས་རྣམ་པར་གྲོལ་ལོ།། ཁ་ཅིག་གིས་ནི་ལམ་གྱི་སྒྲས་རྣམ་པར་གྲོལ་ལོ།། ཁ་ཅིག་གིས་ནི་དྲན་པ་ཉེ་བར་གཞག་པའི་གཏམ་དུ་ཐོས་སོ།། ཁ་ཅིག་གིས་ནི་ཡང་དག་པར་སྤོང་བའི་གཏམ་དུ་ཐོས་སོ།། ཁ་ཅིག། གིས་ནི་རྫུ་འཕྲུལ་གྱི་རྐང་པའི་གཏམ་དུ་ཐོས་སོ།། ཁ་ཅིག་གིས་ནི་དབང་པོའི་གཏམ་དུ་ཐོས་སོ།། ཁ་ཅིག་གིས་ནི་སྟོབས་ཀྱི་གཏམ་དུ་ཐོས་སོ།། ཁ་ཅིག་གིས་ནི་བྱང་ཆུབ་ཀྱི་ཡན་ལག་གི་གཏམ་དུ་ཐོས་སོ། ། ཁ་ཅིག་གིས་ནི་ལམ་གྱི་གཏམ་དུ་ཐོས་སོ།། ཁ་ཅིག་གིས་ནི་ཞི་གནས་ཀྱི་གཏམ་དུ་ཐོས་སོ།། ཁ་ཅིག་གིས་ནི་ལྷག་མཐོང་གི་གཏམ་དུ་ཐོས་སོ།། ཁ་ཅིག་གཱི་ནི་བརྟེན་པའི་གཏམ་དུ་ཐོས་སོ། ། ཁ་ཅིག་གིས་ནི་ཉན་ཐོས་དང་རབ་ཏུ་ལྡན་པའི་གཏམ་དུ་ཐོས་སོ།། ཁ་ཅིག་གིས་ནི་རང་སངས་རྒྱས་དང་རབ་ཏུ་ལྡན་པའི་གཏམ་དུ་ཐོས་སོ།། ཁ་ཅིག་གིས་ནི་ཐེག་པ་ཆེན་པོ་དང་ལྡན་པའི་གཏམ་དུ་ཐོས་ཏོ། ། ཞི་བའི་བློ་གྲོས་དེ་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱིས་བསམ་པ་ཚིམ་པར་བྱ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། ། ཞི་བའི་བློ་གྲོས་དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སེམས་ཅན་གྱི་དོན་མཛད་པ་གང་ཡིན་པ་དེ། དགེ་སློང་ཤཱ་རིའི་བུས་ཀྱང་སེམས་ཅན་དེ་དག་བགྲང་བའི་རྟོག་པས་ལོ་བརྒྱར་ཡང་རྟོགས་པར་མི་ནུས་ན། སེམས་ཅན་གཞན་དག་གིས་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་ཀྱིས་དཀའ་བ་སྤྱད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། བདུད་འདུལ་བ་དང་། བཀོད་པ་དང་། སེང་གེའི་སྒྲ་དང་། རྣམ་པར་རོལ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་བསྟན་པ་འོད་བཤད་པ་ན། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། སེམས་ཅན་ཚད་མེད་པ་དག་ནི་ཐེག་པ་གསུམ་ལ་ཡོངས་སུ་སྨིན་པར་བྱས་སོ།། ཆོས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་ཞེས་བྱ་སྟེ་བཅུ་བཞི་པའོ། ། ། དེ་ནས་བཅོམ་ལྡན་འདས་ལ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་གིས་དེ་སྐད་བསྟན་པས། དེ་བཞིན་གཤེགས་པ་ལ་སྐུར་པ་འམ། གཅིག་ཏུ་མ་གྱུར་ལགས་སམ། འོན་ཏེ་དེ་བཞིན་གཤེགས་པ་བསྟན་པ་དང་རྗེས་སུ་མཐུན་པ་འམ། ཅིག་ཏུ་ལྟའང་ལགས་སམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བསྟན་པ་ནི་ཟབ་པ་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གསང་བ་ནི་ཟབ་སྟེ། འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཐུགས་ངེས་པར་དགོངས་པ་ནི་ཟབ་ལགས་ཏེ། བཅོམ་ལྡན་འདས་བདག་གིས་གང་བསྟན་པ་དེ་ནི། འདི་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་བདག་གི་ལུས་ལ་གནས་པ་ལགས་ཀྱི་འདི་བདག་གི་རྩལ་གྱིས་ནི་མ་ལགས་པར་འཚལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་དེ་དེ་བཞིན་ནོ།། ཇི་སྐད་དུ་སྨྲས་པ་དེ་བཞིན་ཏེ། གསང་བ་པའི་བདག་པོ་གང་སུ་དག་དེ་བཞིན་གཤེགས་པའི་རྗེས་སུ་འགྲོ་བའི་ཕྱིར། ཆོས་སྨྲ་བ་དེ་དག་ཐམས་ཅད་ཀྱི་ལུས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་གནས་སོ།། དེ་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ་གནས་མ་ཡིན་ཞིང་གོ་སྐབས་མེད་དེ་གང་དེ་བཞིན་གཤེགས་པས་བྱིན་གྱིས་མ་རླབས་པར་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་གསང་བ་སྨྲ་བ་འམ། དེ་བཞིན་གཤེགས་པའི་ཆོས་ཉིད་དང་མཐུན་པ་དེ་ནི་གནས་མ་ཡིན། ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་བྱིན་གྱིས་མ་བརླབས་པ་རྣམས་ཀྱིས། དེ་བཞིན་གཤེགས་པའི་གསང་བ་ཤེས་པར་རམ། མཉན་པར་རམ། བཤད་པར་ནུས་པ་སུ་ཞིག་ཡོད། གསང་བ་པའི་བདག་པོ་དེ་བཞིན་གཤེགས་པའི་ཆོས་ཉིད་ནི་མཆོག་ཏུ་ཡང་དག་པའོ།། དེ་བཞིན་གཤེགས་པའི་ཆོས་ཉིད་ནི་དེ་ཁོ་ནའོ།། དེ་བཞིན་གཤེག་པའི་བཞུགས་པ་ནི་ཡང་དག་པའོ་ཞེས་ཡང་དག་པར་སྨྲ་བས་སྨྲ་བ་ནི་ཆོས་ཀྱི་རྣམ་གྲངས་འདི་ཉིད་ཡང་དག་པར་སྨྲ་བས་སྨྲ་བའོ། ། དེ་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་གང་ཡིན་པ་དེ་ནི།། ཆོས་ཀྱི་རྣམ་གྲངས་འདིར་བསྟན་ཏོ།། བསྙད་དོ།། རབ་ཏུ་བཤད་དོ།། གསང་བ་པའི་བདག་པོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མོས་པ་དང་། ཡིད་ཆེས་པར་འགྱུར་བའི་སེམས་ཅན་དེ་དག་ཀྱང་འཇིག་རྟེན་ཐམས་ཅད་དང་མི་མཐུན་པར་འགྱུར་རོ། ། གསང་བ་པའི་བདག་པོ་རིའི་རྒྱལ་པོ་རི་རབ་ནི། མགོ་བོས་བསྒྱེལ་བ་འམ། ཕྲག་པ་ལ་ཐོགས་པར་ནུས་ཀྱི་དགེ་བའི་རྩ་བ་མ་བསྐྱེད་པའི་སེམས་ཅན་རྣམས་ཀྱིས་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པར་རམ། དད་པར་རམ། ཡིད་ཆེས་པར་ཡང་མི་ནུས་ན་བླང་བར་རམ། ཀུན་ཆུབ་པར་བྱ་བར་རམ། གཟུང་བར་རམ། སྦྱོར་བར་བྱ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ནི་གནས་མ་ཡིན་ནོ།། གསང་བ་པའི་བདག་པོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། མོས་པའི་སེམས་ཅན་དེ་དག་ནི་སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པ་མ་ཡིན་པ་ནས། སངས་རྒྱས་བཅུ་ལ་བསྙེན་བཀུར་བྱས་པ་མ་ཡིན་གྱི།། གསང་བ་པའི་བདག་པོ་སྐྱེས་བུ་དམ་པ་དེ་དག་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ་དང་། བསོད་ནམས་ཀྱི་ཚོགས་ཀྱི་བརྟན་པ་དང་། ཐེག་པ་ཆེན་པོ་འདི་ལ་ངེས་པར་བྱས་པར་རིག་པར་བྱའོ། ། གསང་བ་པའི་བདག་པོ་སྐྱེས་བུ་དམ་པ་དེ་དག་ནི་སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པ་མ་ཡིན། གཉིས་ལ་མ་ཡིན། གསུམ་ལ་མ་ཡིན། བཞི་ལ་མ་ཡིན། ལྔ་ལ་མ་ཡིན། སངས་རྒྱས་བཅུ་ལ་བསྙེན་བཀུར་བྱས་པ་མ་ཡིན་གྱི། གསང་བ་པའི་བདག་པོ་སེམས་ཅན་དེ་དག་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དང་། ཡོངས་སུ་སྦྱང་བ་བྱས་པ་དང་། ཐེག་པ་ཆེན་པོ་འདི་ལ་དགེ་བའི་རྩ་བ་ས་བོན་བཏབ་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཉེ་བར་ཞི་བ་ཉེ་བར་ཞི་བ་ཞེས་བགྱི་བ་ལ། ཉེ་བར་ཞི་བ་ཞེས་བགྱི་བ་འདི་ནི་གང་ལགས་གང་ཉེ་བར་ཞི་བས་ཉེ་བར་ཞི་བ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉེ་བར་ཞི་བ་ཞེས་བྱ་བ་འདི་ནི་ཉོན་མོངས་པ་ཉེ་བར་ཞི་བའི་ཚིག་བླ་དགས་སོ།། ཉོན་མོངས་པ་ཉེ་བར་ཞི་བ་ཞེས་བྱ་བ་འདི་ནི་ཀུན་ཏུ་རྟོགས་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་ཉེ་བར་ཞི་བའི་ཚིག་བླ་དགས་སོ།། ཀུན་ཏུ་རྟོག་པ་དང་།། རྣམ་པ་དང་། ཡོངས་སུ་རྟོག་པ་ཉེ་བར་ཞི་བ་ཞེས་བྱ་བ་འདི་ནི་འདུ་ཤེས་ཡིད་ལ་བྱེད་པ་ཉེ་བར་ཞི་བའི་ཚིག་བླ་དགས་སོ།། འདུ་ཤེས་ཡིད་ལ་བྱེད་པ་ཉེ་བར་ཞི་བ་ཞེས་བྱ་བ་འདི་ནི་བྱིན་ཅི་ལོག་ཉེ་བར་ཞི་བའི་ཚིག་བླ་དགས་སོ། ། ཕྱིན་ཅི་ལོག་ཉེ་བར་ཞི་བ་ཞེས་བྱ་བ་འདི་ནི་རྒྱུ་དང་དམིགས་པ་ཉེ་བར་ཞི་བའི་ཚིག་བླ་དགས་སོ།། རྒྱུ་དང་དམིགས་པ་ཉེ་བར་ཞི་བ་ཞེས་བྱ་བ་འདི་ནི་མ་རིག་པ་དང་སྲིད་པའི་སྲེད་པ་ཉེ་བར་ཞི་བའི་ཚིག་བླ་དགས་སོ། ། མ་རིག་པ་དང་སྲིད་པའི་སྲེད་པ་ཉེ་བར་ཞི་བ་ཞེས་བྱ་བ་འདི་ནི་ངར་འཛིན་པ་དང་ང་ཡིར་འཛིན་པ་ཉེ་བར་ཞི་བའི་ཚིག་བླ་དགས་སོ།། ངར་འཛིན་པ་དང་ང་ཡིར་འཛིན་པ་ཉེ་བར་ཞི་བ་ཞེས་བྱ་བ་འདི་ནི་མིང་དང་གཟུགས་ཉེ་བར་ཞི་བའི་ཚིག་བླ་དགས་སོ།། མིང་དང་གཟུགས་ཉེ་བར་ཞི་བ་ཞེས་བྱ་བ་འང་ནི་ཆད་པ་དང་རྟག་པར་ལྟ་བ་བར་ཞི་བའི་ཚིག་བླ་དགས་སོ། ། ཆད་པ་དང་རྟག་པར་ལྟ་བ་ཉེ་བར་ཞི་བ་ཞེས་བྱ་བ་འདི་ནི་འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་བའི་ཚིག་བླ་དགས་སོ།། ཞི་བའི་རྒྱུ་གྲོས་དེ་ལྟར་ན་དམིགས་པ་དང་། རྒྱུ་དང་། ལྟ་བ་དང་ལྡན་པའི་ཀུན་ནས་ཉོན་མོངས་པ་འབྱུང་བ་གང་ཡིན་པ་དེ་དག་ཐམས་ཅད་འཇིག་ཚོགས་ལ་ལྟ་བ་ལས་འབྱུང་ངོ་།། འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་ན་ལྟ་བ་ཐམས་ཅད་ཉེ་བར་ཞིའོ། ། འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞེ་ན་སྨོན་པ་ཐམས་ཅད་ཉེ་བར་ཞིའོ།། འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་ན་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞིའོ། ། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ཤིང་གི་རྩ་བ་བཅད་ན་ཡལ་ག་དང་། ལོ་མ་དང་། ཡལ་ག་ཕྲེའུ་ཐམས་ཅད་སྐམ་པར་འགྱུར་རོ།། ཞི་བའི་བློ་གྲོས་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་ན་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། ། ཞི་བའི་བློ་གྲོས་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་མི་ཤེས་ན་ཉེ་བར་ལེན་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་འབྱུང་ངོ་། ། འཛག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པར་འགྱུར་ན་ཉེ་བར་ལེན་པ་དང་།། ཉེ་བའི་ཉོན་མོངས་པ་ཐམས་ཅད་མི་འབྱུང་སྟེ། གནོད་པར་མི་འགྱུར་རོ། ། ཞི་བའི་བློ་གྲོས་ཀྱིས་གསོལ་པ། བཅོམ་ལྡན་འདས་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་འཚལ་བ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞི་བའི་བློ་གྲོས་བདག་ཀུན་ནས་མི་སློང་བ་ནི་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པའོ།། སེམས་ཅན་ཀུན་ནས་མི་སློང་བ་དང་། སྲོག་དང་གང་ཟག་ཏུ་ལྟ་བ་དང་ཀུན་ནས་མི་སློང་བ་ནི་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པའོ། ། ཞི་བའི་བློ་གྲོས་ལྟ་བ་དེ་ནི་ནང་ནའང་མི་གནས་ཕྱི་རོལ་ནའང་མི་གནས་སོ།། ལྟ་བ་གནས་པ་མེད་པ་དེ་ལ་མི་གནས་པར་ཤེས་པ་གང་ཡིན་པ་འདི་ནི། ཞི་བའི་བློ་གྲོས་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པའོ།། ཞི་བའི་བློ་གྲོས་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པ་ཞེས་བྱ་བ་འདི་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་ཏེ། སྟོང་པ་ཉིད་ཀྱི་རྗེས་སུ་མཐུན་པའི་བཟོད་པས་ལྟ་བ་དེ་མི་འཛིན་པ་གང་ཡིན་པ་འདིའང་། ཞི་བའི་བློ་གྲོས་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པའོ།། ཞི་བའི་བློ་གྲོས་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། མ་སྐྱེས་པ་དང་། སྐྱེ་བ་མེད་པའི་ལྟ་བས་འཇིག་ཚོགས་ཤེས་བྱ་བའི་ལྟ་བ་དེ་མི་འཛིན་པ་འདིའང་། ཞི་བའི་བློ་གྲོས་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པའོ།། ཞི་བའི་བློ་གྲོས་འཇིག་ཚོགས་ཞེས་བྱ་བ་དེ་ནི་ཚོགས་མ་ཡིན་པ། འབྱུང་བ་མ་ཡིན་པ་རྣམ་པར་འབྱུང་བ་མ་ཡིན་པ་སྟེ། དེ་ནི་གཟོད་མ་ཉིད་ནས་བྱུང་བ་མ་ཡིན་པ་ཀུན་བཏགས་པའོ།། བྱུང་བ་མ་ཡིན་ཞིང་ཀུན་བཏགས་པ་གང་ཡིན་པ་དེ་ནི་ཡོངས་སུ་བརྟོག་པ་མ་ཡིན། རྣམ་པར་བརྟག་པ་མ་ཡིན་ནོ།། ཡོངས་སུ་བརྟག་པ་མ་ཡིན། རྣམ་པར་བརྟག་པ་མ་ཡིན་པ་གང་ཡིན་པ་དེ་ནི་བྱ་བ་མ་ཡིན་པ། རྣམ་པར་བསྒྲུབ་པ་མ་ཡིན། པ། བསླང་བ་མ་ཡིན་པ། ཤེས་པར་བྱ་བ་མ་ཡིན་པའོ།། བྱ་བ་མ་ཡིན་པ་དང་། རྣམ་པར་བསྒྲུབ་པ་མ་ཡིན་པ་དང་། བསླང་བ་མ་ཡིན་པ་དང་། ཤེས་པར་བྱ་བ་མ་ཡིན་པ་གང་ཡིན་པ་དེ་ནི་ཞི་བ་ཞེས་བྱའོ། ། གསོལ་པ། ཉེ་བར་ཞི་བ་དང་ལྡན་པ་ཉེ་བར་ཞི་བ་དང་ལྡན་པ་ཞེས་བགྱི་བ། གང་ཉེ་བར་ཞི་བས་ཉེ་བར་ཞི་བ་དང་ལྡན་པ་ཞེས་བགྱི་བཀའ་སྩལ་པ། དམིགས་པས་སེམས་འབར་བར་བྱེད་དེ། གང་ཕྱིས་དམིགས་པར་མི་བྱེད་པ་དེ་མི་འབར་རོ།། མི་འབར་ན་ཉེ་བར་ཞི་བ་དང་ལྡན་པ་ཞེས་བྱཞི་བ་གྲོས་འདི་ལྟ་སྟེ། དཔེར་ན་མེ་ནི་རྒྱུ་ལས་འབར་གྱི། རྒྱུ་མེད་ན་འཆི་བར་འགྱུར་རོ།། དེ་བཞིན་དུ་དམིགས་པ་ལས་སེམས་འབར་གྱི། མིམས་པ་མ་། བམ་པོ་བདུན་པ།། ཞི་བའི་བློ་གྲོས་དེ་ལ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཤེས་རབ་ཀྱི་རང་བ་ཞི་བ་ཉིད་དུའང་རབ་ཏུ་ཤེས་ལ། དགེ་བའི་རྩ་བ་ལ་དམིགས་པའང་ཞི་བར་མི་བྱེད་དོ།། ཉོན་མོངས་པ་ལ་དམིགས་པའང་མི་སྐྱེད་ལ། རལ་ཏུ་དོ། ། བདུད་དང་ཉེ་བའི་ཉོན་མོངས་པའི་དམིགས་པའང་སྤོང་ལ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ལ་དམིགས་པའང་མི་སྤང་།། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་འདང་། བ་ལ་དམིགས་པའང་མི་ལེན་ལ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ལ་དམིགས་པའང་མི་འདོར་རོ།། སྟོང་པ་ཉིད་དུ་དམིགས་པ་ལའང་རབ་ཏུ་རྟོག་ལ། སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོའི་དམིགས་པར་ཡང་ལྟའོ། ། ཞི་བའི་བློ་གྲོས་དེ་ལྟར་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ནི་དམིགས་པ་ལ་དབ་ཐོབ་སྟེ། མ་སྐྱེས་པའི་དམིགས་པ་ལའང་ངེས་པར་སེམས་ལ། བསམས་བཞིན་དུ་སྐྱེ་བའི་དམིགས་པའང་མི་སྤོང་ངོ་།། མངོན་པར་འདུ་བྱ་བ་མེད་པའི་དམིགས་པ་ལའང་འཇུག་ལ། དགེ་བའི་རྩ་བ་མངོན་པར་འདུ་བྱ་བའི་དམིགས་པའང་ཉམས་འོག་ཏུ་ཆུད་པར་བྱེད་དོ།། མཚན་མ་མེད་པའི་དམིགས་པ་ལའང་དཔྱོད་ལ། བྱང་ཆུབ་ཀྱི་སེམས་ཀྱི་དམི་པའང་ཆུད་མི་གསོན་ཏོ། ། སྨོན་པ་མེད་པའི་དམིགས་པའང་རྣམ་པར་མཐོང་ལ། ཁམས་གསུམ་པའི་དམིགས་པ་ལའང་མི་སྨོད་དོ།། ཤེས་རབ་དང་ཐབས་ལས་ངེས་པར་བྱུང་བ། དེ་ནི་དམིགས་པ་ཐམས་ཅད་ལ་དབང་བྱེད་པར་འགྱུར་ཏེ། དེ་མི་སྡུག་པ་ལ་དམིགས་ནས། དེ་བཞིན་གཤེགས་པའི་སྐ་སྡུག་པ་ལ་སེམས་གནས་སོ།། མི་རེག་པ་ལ་དམིགས་ནས། འཁོར་བ་ལ་སེམས་ཡོངས་སུ་མི་སྐྱོ་བ་ཉིད་དུ་སེམས་གནས་སོ།། སྡུག་བསྔལ་ལ་དམིགས་ནས། སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་བདེ་བ་ལ་བགོད་པར་སེམས་གནས་སོ། ། བདག་མེད་པ་ལ་དམིགས་ནས། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་གནས་སོ།། འདོད་ཆགས་ལ་དམིགས་ནས། སེམས་ཅན་འདོད་ཆགས་ལ་སྤྱོད་པ་རྣམས་ལ་མི་སྡུག་པའི་སྨན་ཆེན་པོ་ཡང་དག་པར་བསྟན་པར་སེམས་གནས་སོ།། ཞེ་སྡང་ལ་དམིགས་ནས། སེམས་ཅན་ཞེ་སྡང་ལ་སྤྱོད་པ་རྣམ་ལ་བྱམ་པ་ཆེན་པོའི་སྨན་ཆེན་པོ་ཡང་དག་པར་བསྟན་པར་སེམས་གནས་སོ། ། གཏི་མུག་ལ་དམིགས་ནས། སེམས་ཅན་གཏི་མུག་ལ་སྤྱོད་པ་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྨན་ཆེན་པོ་ཡང་དག་པར་བསྟན་པར་སེམས་གནས་སོ། ། ཆ་མཉལ་དམིགས་ནས། སེམས་ཅན་ཆ་མཉམ་པ་ལ་སྤྱོད་པ་རྣམས་ལ་མི་རྟག་པའི་འདུ་ཤེས་ཀྱི་སྨན་ཆེན།། པོ་ཡང་དག་པར་བསྟན་པར་སེམས་གནས་སོ།། འདོད་ཆགས་དང་བྲལ་བ་ལ་དམིགས་ནས། ཉན་ཐོས་སུ་འདུལ་བར་སེམས་གནས་སོ།། ཞེ་སྡང་དང་བྲལ་བ་ལ་དམིགས་ནས་རང་སངས་རྒྱས་སུ་འདུལ་བར་སེམས་གནས་སོ། ། གཏི་མུག་དང་བྲལ་བ་ལ་དམིགས་ནས། བྱང་ཆུབ་སེམས་དཔར་འདུལ་བར་སེམས་གནས་སོ།། གཟུགས་ལ་དམིགས་ནས། དེ་བཞིན་གཤེགས་པའི་གཟུགས་ཐོབ་པར་བྱ་བར་སེམས་གནས་སོ།། སྒྲ་ལ་དམིགས་ནས། དེ་བཞིན་གཤེགས་པའི་སྒྲ་དབྱངས་ཐོབ་པར་བྱ་བར་སེམས་གནས་སོ།། དྲི་ལ་དམིགས་ནས། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་དྲི་བསྲུང་ཐོབ་པར་བྱ་བར་སེམས་གནས་སོ།། རོ་ལ་དམིགས་ནས། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་ཐོབ་པར་བྱ་བར་སེམས་གནས་སོ། ། རེག་བྱ་ལ་དམིགས་ནས། དེ་བཞིན་གཤེགས་པའི་ཕྱག་དང་ཞབས་འཇམ་ཞིང་གཞོན་པ་ཐོབ་པར་བྱ་བར་སེམས་གནས་སོ། ། ཆོས་ལ་དམིགས་ནས། དེ་བཞིན་གཤེགས་པའི་སེམས་ངེས་པར་སེམས་པ་ཐོབ་པར་བྱ་བར་སེམས་གནས་སོ།། སྦྱིན་པ་ལ་དམིགས་ནས། མཚན་དང་དཔེ་བྱད་བཟང་པོ་ཐོབ་པར་བྱ་བར་སེམས་གནས་སོ། ། ཚུལ་ཁྲིམས་ལ་དམིགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སེམས་གནས་སོ།། བཟོད་པ་ལ་དམིགས་ནས།། ། ཚངས་པའི་སྒྲ་དབྱངས་དང་གསེར་གྱི་མདོག་ཏུ་འདུག་པའི་པགས་པ་ཐོབ་པར་བྱ་བར་སེམས་གནས་སོ།། བརྩོན་འགྲུས་ལ་དམིགས་ནས། སེམས་ཅན་ཐམས་ཅད་བསྒྲལ་བར་སེམས་གནས་སོ། ། བསམ་གཏན་ལ་དམིགས་ནས། མངོན་པར་ཤེས་པ་བསྐྱེད་པར་སེམས་གནས་སོ།། ཤེས་རབ་ལ་དམིགས་ནས། སེམས་ཅན་ཐམས་ཅད་ཀྱི་ལྟ་བ་དང་། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་རྒྱུན་བཅད་པར་སེམས་གནས་སོ།། བྱམས་པ་ལ་དམིགས་ནས། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་མེད་པར་བྱ་བར་སེམས་གནས་སོ། ། སྙིང་རྗེ་ལ་དམིགས་ནས། དམ་པའི་ཆོས་ཡོངས་སུ་གཟུང་བར་སེམས་གནས་སོ།། དགའ་བ་ལ་དམིགས་ནས། ཆོས་བསྟན་པ་ལ་མཆོག་ཏུ་དགའ་བར་བྱ་བར་སེམས་གནས་སོ།། བཏང་སྙོམས་ལ་དམིགས་ནས། སེམས་ཅན་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤོང་བ་ལ་སྦྱར་བར་སེམས་གནས་སོ། ། བསྡུ་བའི་དངོས་པོ་ལ་དམིགས་ནས། སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་སེམས་གནས་སོ།། སེར་སྣའི་སྐྱོན་ལ་དམིགས་ནས། བདོག་པ་ཐམས་ཅད་ཡོངས་སུ་བཏང་བར་སེམས་གནས་སོ། ། འཆལ་པའི་ཚུལ་ཁྲིམས་ཀྱི་སྐྱོན་ལ་དམིགས་ནས། ཚུལ་ཁྲིམས་རྣམ་པར་དག་པར་བྱ་བར་སེམས་གནས་སོ།། གནོད་སེམས་ཀྱི་སྐྱོན་ལ་དམིགས་ནས་བཟོད་པའི་སྟོབས་དང་ངེས་པ་ལ་སེམས་གནས་སོ། ། ལེ་ལོའི་སྐྱོན་ལ་དམིགས་ནས། དེ་བཞིན་གཤེགས་པའི་སྟོབས་ཡོངས་སུ་བསྒྲུབ་པར་སེམས་གནས་སོ། ། གཡེང་བའི་སྐྱོན་ལ་དམིགས་ནས། དེ་བཞིན་གཤེགས་པའི་བསམ་གཏན་ཐོབ་པར་བྱ་བར་སེམས་གནས་སོ།། འཆལ་པའི་ཤེས་རབ་ཀྱི་སྐྱོན་ལ་དམིགས་ནས། ཆགས་པ་མེད་པའི་ཡེ་ཤེས་རབ་ཏུ་རྫོགས་པར་བྱ་བར་སེམས་གནས་སོ།། ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱས་ནས། ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབ། པར་སེམས་གནས་སོ།། ཡིད་འབྱུང་བ་ཡིད་ལ་བྱས་ནས། སྡིག་པ་ཐམས་ཅད་མི་བྱ་བར་སེམས་གནས་སོ།། ངན་འགྲོ་ངན་སོང་ཡིད་ལ་བྱས་ནས། ངན་འགྲོ་ངན་སོང་དང་མི་ཁོམ་པར་སྐྱེས་པའི་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པར་སེམས་གནས་སོ། ། ལྷ་ཡིད་ལ་བྱས་ནས། འབྱོར་པ་ཐམས་ཅད་མཐར་རྒུད་པར་འགྱུར་བར་སེམས་གནས་སོ། ། མི་ཡིད་ལ་བྱས་ནས། སྙིང་པོ་བླང་བར་སེམས་གནས་སོ།། སངས་རྒྱས་རྗེས་སུ་དྲན་པ་ཡིད་ལ་བྱས་ནས། སངས་རྒྱས་དང་ཕྲད་པར་བྱ་བར་སེམས་གནས་སོ། ། ཆོས་རྗེས་སུ་དྲན་པ་ཡིད་ལ་བྱས་ནས། སློབ་དཔོན་གྱི་ཆོས་ལ་དཔེ་མཁྱུད་མེད་པར་བྱ་བར་སེམས་གནས་སོ།། དགེ་འདུན་རྗེས་སུ་དྲན་པ་ཡིད་ལ་བྱས་ནས། ཕྱིར་མི་ལྡོག་པའི་ཆོས་ཐོབ་པར་བྱ་བར་སེམས་གནས་སོ།། གཏོང་བ་རྗེས་སུ་དྲན་པ་ཡིད་ལ་བྱས་ནས། གཏོང་བ་ཐམས་ཅད་ཡོངས་སུ་གཏོང་བར་སེམས་གནས་སོ། ། ཚུལ་ཁྲིམས་རྗེས་སུ་དྲན་པ་ཡིད་ལ་བྱས་ནས། སྨོན་པ་དང་། བསམ་གཏན་དང་། བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་རྫོགས་པར་བྱ་བར་སེམས་གནས་སོ། ། ལྷ་རྗེས་སུ་དྲན་པ་ཡིད་ལ་བྱས་ནས། ལྷ་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ལ་གནས་པར་བྱ་བར་སེམས། གནས་སོ།། ལུས་ཡིད་ལ་བྱས་ནས། སངས་རྒྱས་ཀྱི་སྐུ་ཐོབ་པར་བྱ་བར་སེམས་གནས་སོ།། ངག་ཡིད་ལ་བྱས་ནས། སངས་རྒྱས་ཀྱི་གསུང་ཟབ་པར་བྱ་བར་སེམས་གནས་སོ། ། སེམས་ཡིད་ལ་བྱས་ནས། སངས་རྒྱས་དང་མཉམ་པའི་སེམས་ཐོབ་པར་བྱ་བར་སེམས་གནས་སོ།། འདུས་བྱས་ལ་དམིགས་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བར་སེམས་གནས་སོ། ། འདུས་མ་བྱས་ལ་དམིགས་ནས། སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བར་སེམས་གནས་ཏེ། ཞི་བའི་བློ་གྲོས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕྱིར་ཡིད་ལ་མི་བྱེད་པའི་དམིགས་པ་དེ་གང་ཡང་མེད་དོ།། བྱང་ཆུབ་སེམས་དཔའ་དེའི་དམིགས་ཐམས་ཅད་ནི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའོ། ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་རྗེས་སུ་སོང་བར་མཐོང་བ་འདིའང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་སྟེའི་བློ་གྲ་འདི་ལྟ་སྟེ། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ས་ལ་སྐྱེ་བ་ནི། སྐྱེ་བ་ཇི་ལྟ་བར་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཡོངས་སུ་སྤང་བར་མི་འགྱུར་བ་གང་ཡང་མེད་དོ། ། ཞི་བའི་བློ་གྲོས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པའི་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་སྤྱད་པ་དང་། བྱང་ཆུབ་ཀྱི་ཕྱིར་ཕན་འདོགས་པར་མི་མཐོང་པའི་དམིགས་པ་གང་ཡང་མེད་དོ། ། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་གཟུགས་གང་ཅིའང་རུང་སྟེ། དེ་ཐམས་ཅད་ནི་འབྱུང་བ་ཆེན་པོ་བཞི་ལས་གྱུར་པའོ།། ཞི་བའི་བློ་གྲོས་དེ་བཞིན་དུ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམིགས་པ་གང་ཅིའང་རུང་སྟེ། དེ་ཐམས་ཅད་ནི་བྱང་ཆུབ་ཀྱི་རྣམ་པ་དང་ཡང་དག་པར་ལྡན་པའོ།། ཞི་བའི་བློ་གྲོས་སེམས་ཅན་གང་དག་འཇུངས་པ་དང་། བྱས་པ་མི་གཟོ་བ་དེ་དག་ལས་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། སེམས་ཅན་གང་དག་ཁྲོ་བ་ལ་སྤྱོད་པ་དང་། ལོ་ལོ་ཅན་དེ་དག་ལས་བྱང་ཆུབ་སེམས་དཔའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། སེམས་ཅན་གང་དག་གླེན་པ་དང་། རྨོངས་པ་དེ་དག་ལས་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ།། སེམས་ཅན་གང་དག་པན་མི་འདོགས་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཁོང་ཁྲོ་བའི་སེམསོ་སུ་མི་འགྱུར་རོ། ། སེམས་ཅན་གང་དག་ཕན་འདོགས་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་རྗེས་སུ་ཆགས་པའི་སེམས་སུ་མི་འགྱུར་རོ།། སེམས་ཅན་གང་དག་བསྔགས་པ་རྗོད་པ་དེ་དག་ལའང་བྱང་ཆུབ་སེམས་དཔའ་ཁེངས་པར་མི་འགྱུར་རོ། ། སེམས་ཅན་གང་དག་བསྔགས་པ་མི་རྗོད་པ་དེ་དག་ལའང་བྱང་ཆུབ་སེམས་དཔའ་རྩོ་བར་མི་འགྱུར་རོ། ། སེམས་ཅན་གང་དག་སྡུག་བསྔལ་བ་དེ་དག་ལ་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་སྐྱེའོ།། སེམས་ཅན་གང་དག་བདེ་བ་དེ་དག་ལ་བྱང་ཆུབ་སེམས་དཔའ་དགའ།། པ་དང་མཆོག་ཏུ་དགའ་བ་སྐྱེའོ།། སེམས་ཅན་གང་དག་གདུལ་དཀའ་བ་དང་། དམུ་རྒོད་དེ་དག་ལ་བྱང་ཆུབ་སེམས་དཔའ་ཞི་གནས་ཀྱི་སེམས་སྐྱེའོ།། སེམས་ཅན་གང་དག་ཅང་ཤེས་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་བྱས་པ་གཟོ་བའི་བློ་སྐྱའོ། ། སེམས་ཅན་གང་དག་རྐྱེན་གྱི་སྟོབས་ཅན་ཡིན་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་རྗེས་སུ་བསྲུང་བའི་བླ་སྐྱེའོ། ། སེམས་ཅན་གང་དག་རྒྱུའི་སྟོབས་ཅན་ཡིན་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཆད་པས་བཅད་པ་དང་། བསྡིགས་པ་དང་། གདམས་པའི་བློ་སྐྱེའོ།། སེམ་ཅན་གང་དག་ཟུར་ཙམ་གྱིས་གོ་བ་དེ་དག་ལ་བྱང་ཆུབ་སེམས་དཔས་ཟབ་མོའི་གཏམ་བརྗོད་པར་བྱའོ། ། སེམས་ཅན་གང་དག་རྣམ་པར་སྤྲོས་པས་གོ་བ་དེ་དག་ལ་བྱང་ཆུབ་སེམས་དཔས་གཏམ་རྒྱས་པར་བརྗོད་པར་བྱའོ། ། སེམས་ཅན་གང་དག་ཀྲི་དགོས་པ་དེ་དག་ལ་བྱང་ཆུབ་སེམས་དཔས་གཏམ་གོ་རིམས་སུ་ཕབ་སྟེ་བརྗོད་པར་བྱའོ།། སེམས་ཅན་གང་དག་ཚིག་ལྷུར་ལེན་པ་དེ་དག་ལ་ཚིག་དང་ཡི་གེ་བསྙུངས་ཏེ་གཏམ་བརྗོད་པར་བྱའོ། ། གང་དག་ཞི་གནས་སྔོན་དུ་འགྲོ་བ་དེ་དག་ལྷག་མཐོང་གི་གཏམ་བརྗོད་པར་བྱའོ།། གང་དག་ལྷག་མཐོང་སྔོན་དུ་འགྲོ་བ་དེ་དག་ལ་ཏིང་ངེ་འཛིན་ལ་འཇུག་པའི་གཏམ་བརྗོད་པར་བྱའོ། ། གང་དག་ཚུལ་ཁྲིམས་ལ་ཆགས་པ་དེ་དག་ལ་མཐར་ཕྱིན་པ་མ་ཡིན་པས་ཡང་སེམས་ཅན་དམྱལ་བའི་གཏམ་བརྗོད་པར་བྱའོ། ། སེམས་ཅན་གང་དག་ཐོས་པ་ལ་ཆགས་པ་དེ་དག་ལ་འབྱུང་བའི་གཏམ་བརྗོད་པར་བྱའོ།། སེམས་ཅན་གང་དག་ཏིང་ངེ་འཛིན་ལ་ཆགས་པ་དེ་དག་ལ་ཤེས་རབ་ལ་འཇུག་པའི་གཏམ་བརྗོད་པར་བྱའོ། ། སེམས་ཅན་གང་དག་དགོན་པའི་གནས་ལ་ཆགས་པ་དེ་དག་ལ་སེམས་དབེན་པར་བྱ་བའི་གཏམ་བརྗོད་པར་བྱའོ།། གང་དག་སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་ལ་ཆགས་པ་དེ་དག་ལ་འཕགས་པའི་ཤེས་རབ་ཀྱི་དབང་བའི་གཏམ་བརྗོད་པར་བྱའོ།། གང་དག་གཏི་མུག་ཆེ་བ་དེ་དག་ལ་ཐོས་པས་སྣང་བའི་གཏམ་བརྗོད་པར་བྱའོ། ། གང་དག་འདོད་ཆགས་ཀྱིས་ནོན་པ་དེ་དག་ལ་མི་སྡུག་པའི་གཏམ་བརྗོད་པར་བྱའོ།། གང་དག་ཞེ་སྡང་གིས་ནན་པ་དེ་དག་ལ་བྱམས་པའི།། གཏམ་བརྗོད་པར་བྱའོ།། གང་དག་གཏི་མུག་གིས་ནོན་པ་དེ་དག་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་གཏམ་བརྗོད་པར་བྱའོ།། སེམས་ཅན་གང་དག་ཆ་མཉ་པ་ལ་སྤྱོད་པ་དེ་དག་ལ་སྐབས་སྐབས་སུ་གཏམ་རྒྱས་པར་བརྗོད་པར་བྱ་སྟེ། འདི་ལྟ་སྟེ། མི་སྡུག་པའི་གཏམ་དང་། བྱམས་པའི་གཏམ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་གཏམ་བརྗོད་པར་བྱའོ། ། སེམས་ཅན་གང་དག་རྗེས་སུ་མཐུན་པའི་གཏམ་གྱིས་འདུལ་བ་དེ་དག་ལ། ལྷག་པའི་ཚུལ་ཁྲིམས་ཀྱི་གཏམ་བརྗོད་པར་བྱ། ལྷག་པའི་སེམས་ཀྱི་གཏམ་བརྗོད་པར་བྱ། ལྷག་པའི་ཤེས་རབ་ཀྱི་གཏམ་བརྗོད་པར་བྱའོ།། གང་དག་སངས་རྒྱས་ཀྱིས་འདུལ་བ་དེ་དག་ལ་བདེན་པའི་གཏམ་གྱི་རྗེས་སུ་མཐུན་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་གཏམ་བརྗོད་པར་བྱའོ། ། སེམས་ཅན་གང་དག་སྨ་དབབ་པས་འདུལ་བ་དེ་དག་ལ་གདོང་བསྒྱུར་ཏེ་ཕྱིས་ཆོས་ཀྱི་གཏམ་བརྗོད་པར་བྱའོ།། གང་དག་རྒྱུན་མི་འཆད་པ་བསྟན་པས་འདུལ་བ་དེ་དག་ལ་རྟག་པར་རྒྱུན་དུ་བསྟན་པ་བསྟན་པར་བྱའོ། ། དབང་པོ་ཡོངས་སུ་མ་སྨིན་པ་རྣམས་ལ་ནི་ཆོས་ཀྱི་གཏམ་བརྗོད་པར་མི་བྱའོ།། གང་དག་སྣ་ཚོགས་ཀྱི་གཏམ་གྱིས་འདུལ་བ་དེ་དག་ལ་རྟོགས་པ་བརྗོད་པ་དང་། གཏན་ལ་བབ་པ་བསྟན་པ་དང་། དཔེ་དགོད་པའི་གཏམ་བརྗོད་པར་བྱའོ།། སེམས་ཅན་གང་དག་ཟབ་མོའི་གཏམ་གྱིས་འདུལ་བ་དེ་དག་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་གཏམ་དང་། སེམས་ཅན་མེད་པའི་གཏམ་དང་། གང་ཟག་མེད་པའི་གཏམ་བརྗོད་པར་བྱའོ།། ལྟ་བར་བྱིང་བ་རྣམས་ལ་སྟོང་པ་ཉིད་ཀྱི་གཏམ་བརྗོད་པར་བྱའོ། ། རྣམ་པར་རྟོག་པ་ལ་སྤྱོད་པ་རྣམས་ལ་མཚན་མ་མེད་པའི་གཏམ་བརྗོད་པར་བྱའོ།། སེམས་ཅན་སྨོན་ལམ་སྤྱོད་པ་རྣམས་ལ་སྨོན་པ་མེད་པའི་གཏམ་བརྗོད་པར་བྱའོ། ། ཕུང་པོ་ལ་གནས་པ་རྣམས་ལ་སྒྱུ་མའི་ཆོས་ཉིད་ཀྱི་གཏམ་བརྗོད་པར་བྱའོ།། ཁམས་ལ་གནས་པ་རྣམས་ལ་རབ་ཏུ་དབེན་པའི་གཏམ་བརྗོད་པར་བྱའོ།། སྐྱེ་མཆེད་ལ་གནས་པ་རྣམས་ལ་རྨི་ལམ་ལྟ་བུའི་གཏམ་བརྗོད་པར་བྱའོ། ། འདོད་པའི་ཁམས་ལ་གནས་པ་རྣམས་ལ་ཀུན་ཏུ་འབར་བའི་གཏམ་བརྗོད་པར་བྱའོ།། གཟུགས་ཀྱི་ཁམས་ལ་གནས་པ་རྣམས་ལ་འདུ་བྱེད་ཐམས་ཅད་སྡུག་བསྔལ་བའི་གཏམ་བརྗོད་པར་བྱའོ། ། གཟུགས་མེད་པའི་ཁམས་ལ་གནས་པ་རྣམས་ལ་འདུ་བྱེད་ཐམས་ཅད་མི་རྟག་པའི་གཏམ་བརྗོད་པར་བྱའོ།། སྡུག་བསྔལ་གྱིས་འདུལ་བ་རྣམས་ལ་འཕགས་པའི་རིགས་ཆོག་ཤེས་པའི་གཏམ་བརྗོད་པར་བྱའོ།། བདེ་བས་འདུལ་བ་རྣམས་ལ་བསམ་གཏན་དང་ཚད་མེད་པའི་གཏམ་བརྗོད་པར་བྱའོ།། ལྷས་འདུལ་བ་རྣམས་ལ་གཅིག་ཏུ་བདེ་བའི་གཏམ་བརྗོད་པར་བྱའོ།། མཚན་མས་འདུལ་བ་རྣམས་ལ་ངའི་བ་མེད་པ་དང་ཡོངས་སུ་འཛིན་པ་མེད་པའི་གཏམ་བརྗོད་པར་བྱའོ།། ཉན་ཐོས་ཀྱིས་འདུལ་བ་རྣམས་ལ་རྗེས་སུ་བསྟན་པ་དང་དེ་བྱ་བའི་གཏམ་བརྗོད་པར་བྱའོ། ། རང་སངས་རྒྱས་ཀྱིས་འདུལ་བ་རྣམས་ལ་དོན་ཉུང་བ་དང་བྱ་བ་ཉུང་བའི་གཏམ་བརྗོད་པར་བྱའོ། ། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལྷག་པའི་བསམ་པ་དང་སྙིང་རྗེ་ཆེན་པོའི་གཏམ་བརྗོད་པར་བྱའོ།། སྤོང་བ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འཁོར་བས་ཡོངས་སུ་མི་སྐྱོ་བའི་གཏམ་བརྗོད་པར་བྱའོ། ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པའི་གཏམ་བརྗོད་པར་བྱའོ། ། སྐྱེ་བ་གཅིག་གིས་ཐོགས་པོའི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་གྱི་གཏམ་བརྗོད་པར་བྱའོ།། སེམས་ཅན་གང་དག་སངས་རྒྱས་ཀྱིས་འདུལ་བ་དེ་དག་ལ་བྱང་ཆུབ་སེམས་དཔས་མ་ཚང་བ་མེད་པ་དང་འབྲས་བུ་ཡོད་པའི་གཏམ་བརྗོད་པར་བྱའོ། ། ཞི་བའི་བློ་གྲོས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཡོངས་སུ་དག་ཅིང་དམིགས་པ་ལ་དབང་ཐོབ་པ་ནི་འབྲས་བུ་ཡོད་པའི་ཆོས་སྟོན་པ་ཡིན། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ་ཡིན་ནོ།། བསྟན་པ་འདི་བཤད་པ་ན་སྲོག་ཆགས་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། ། དམིགས་པའི་ལེའུ་ཞེས་བྱ་སྟེ་བཅོ་ལྔ་པའོ།། །། དེ་ནས་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་འདི་ཇི་སྲིད་ཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། དེའི་སངས་རྒྱས་ཀྱི་ཞིང་ཀི་མིང་དེ་ཙ་ཞེས་བྱ་བར་འགྱུར། དེ་བྱང་ཆུབ་ཐོབ་པའི་མིང་ནི་ཙ་ཞེས་བྱ་བར་འགྱུར། དེའི་བྱང་ཆུབ་སེམས་དཔའི་འཁོར་ནི་ཅི་འདྲ་བ་ཞིག་ཏུ་འགྱུར་སྙམ་མོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱིས་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་དེའི་ཚེ་འཛུམ་པ་མཛད་དོ། ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ། འོད་ཟེར་ཁ་དོག་སྣ་ཚོགས་བྱུང་བས། དེ་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་དང་ལྡན་པ་ཁ་དོག་ཐ་དད་པ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཅོད་ཁ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་བྱུང་ནས། ཟོད་ནས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་བྱབ་པར་བྱས་ཏེ། ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ནས་སླར་ལོགས། བཅོམ་ལྡན་འདས་ལ་ལན་གསུམ་བསྒོ་བྱས་ནས། བཅོམ་ལྡན་འདས་ཀྱི་དབུ་གཙུག་ཏུ་ནུབ་པར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ཀྱིས་ཚིག་སུ་བཅད་པའི་དབྱངས་ཀྱིས། བཅོམ་ལྡན་འདས་ལ་འཛུམ་པ་མཛད་པའི་དོན་ཞུས་པ། འོད་བཟང་དྲི་མ་མི་མངའ་གསེར་དང་འདྲ།། ཟླ་བའི་ཞལ་འདྲ་ཞི་གནས་ལེགས་པར་བཞུགས། ། ཉི་མ་ལྟ་བུ་མུན་པ་འཇོམས་མཛད་པ།། མི་མཆོག་ཅི་ཡི་སླད་དུ་འཛུམ་པ་བསྟན།། མོས་པས་ཞི་གནས་རྫིང་དུ་རབ་ཏུ་བཞུགས།། ཐུགས་རྗེ་ཆུ་བོ་བརྩོན་འགྲུས་སྟོབས་ཀྱི་འཁྲུངས། ། དྲན་པས་ཁ་བྱེ་ཡན་ཏན་དྲི་ཞིམ་ལྡན།། བདེ་གཤེགས་པདྨ་ཙ་སླད་མཛུམ་པ་མཛད།། དྲན་པ་སྣང་བཟང་ཞི་གནས་མར་ལགས་ཏེ།། སྣང་བ་ཐུགས་རྗེ་དྲི་མ་གསུམ་སེལ་མཛད། ། ཤེས་རབ་མར་མེས་མུན་པ་སེལ་མཛད་པ།། བདེ་གཤེགས་མར་མེ་ཅི་སླད་འཛུམ་པ་མཛད།། དཀྱིལ་འཁོར་ཐུགས་རྗེ་ལྷག་མཐོང་འོད་ལྡན་པ། རབ་རིབ་སེལ་བ་སྲིད་པ་སྐམ་མཛད་པ།། འགྲོ་བ་རྒྱས་མཛད་མིག་ནི་སྦྱོང་མཛད་པ།། བདེ་གཤེགས་ཉི་མ་ཅི་སླད་མཛུམ་པ་མཛད།། ཁྱོད་ནི་འགྲོ་བའི་བསམ་པ་རབ་ཏུ་མཁྱེན།། ཁྱོད་ནི་ལྷར་བཅས་འགྲོ་ན་ལྷང་ངེ་བ།། དྲང་སྲོང་ཆེན་པོའི་ཞལ་དུ་འཁོར་རྣམས་ལྟ།། མི་མཆོག་ཅི་སླད་འདི་ནི་འཛུམ་པ་མཛད།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཞི་བའི་བློ་གྲོས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་འདི་ནི་རྡོ་རྗེ་ཐོགས་ནས་བསྐལ་པ་བཟང་པོ་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱེད་པར་འགྱུར། དམ་པའི་ཆོས་ཀྱང་ཡོངས་སུ་འཛིན་པར་འགྱུར། དེ་བཞིན་གཤེགས་པའི་གསང་བའི་ཆོས་ཀྱི་རྣམ་གྲངས་འདིའང་རྒྱས་པར་བྱེད་པར་འགྱུར། སེམས་ཅན་ཚད་མེད་པ་དག་ཀྱང་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། ། དེ་བསྐལ་པ་བཟང་པོ་དེ་འདས་ནས། དེ་བཞིན་གཤེགས་པ་མོས་པའི་བར་གྱི་དམ་པའི་ཆོས་ནུབ་པ་ན། དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་ཏེ། དེ་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེར་སྐྱེས་ནས། དེ་བཞིན་གཤེགས་པ་མི་འཁྲུགས་པ་དེས་ཕྱག་རྒྱ་བརྒྱ་རྩ་བརྒྱད་བྱང་ཆུབ་སེམས་དཔའ་དེ་དག་ལ་བསྟན་པ་དེ་འཛིན་པར་འགྱུར། དོན་གྱི་ཚུལ་ལའང་འཇུག་པར་འགྱུར། དེ་བཞིན་ཉིད་དུའང་སྒྲུབ་པར་འགྱུར་རོ།། དེའི་འོག་ཏུ་དེ་བཞིན་གཤེགས་པ་གྲངས་མེད་དཔག་ཏུ་མེད་པ་མཉེས་པར་བྱེད་པར་འགྱུར། བསྟི་སྟང་དུ་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། རིམ་གྲོ་བྱེད་པར་འགྱུར། མཆོད་པ་བྱེད་པར་འགྱུར། དེ་དག་གི་གན་ན་ཚངས་པར་སྤྱོད་པར་འགྱུར། དམ་པའི་ཆོས་ཀྱང་སྲུང་བར་འགྱུར། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་དག་ཀྱང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། ། དེ་དེའི་འོག་ཏུ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བསྐལ་པ་རྣམ་པར་སྦྱོང་བ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་ཀུན་ནས་ཡོངས་སུ་དག་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེས་རྣམ་པར་གནོན་པ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེས་རྣམ་པར་གནོན་པ་དེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཀུན་ནས་ཡོངས་སུ་དག་པ་དེ་ནི་འབྱོར་པ་དང་། རྒྱས་པ་དང་། ལོ་ལེགས་པ་དང་། ཉམས་དགའ་བ་དང་། ལྷ་དང་མི་མང་པོས་གང་བ་དང་། བྱང་ཆུབ་སེམས་དཔས་གང་བར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་དེ་རིན་པོ་ཆེ་སྣ་བདུན་འདི་ལྟ་སྟེ། གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། ཤེལ་དང་། བྱུ་རུ་དང་། སྡུག་དང་། རྡོར་སྙིང་པོ་དང་། མུ་ཏིག་དམར་པོས་ལེགས་པར་བརྒྱན་པར་འགྱུར་རོ། ། འཇིག་རྟེན་གྱི་ཁམས་དེ་མིག་མངས་རིས་སུ་བྱས་པ། ལག་མཐིལ་ལྟར་མཉམ་པར་གྱུར་པ། ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བ་དར་གྱི་ལྡ་ལྡི་མང་པོས་བྲེས་པ། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བས་ལེགས་པར་བརྒྱན་པ། ལྷའི་མེ་ཏོག་དང་རིན་པོ་ཆེའི་མེ་ཏོག་གིས་ཁེབས་པར་བྱས་པ། སྤོས་ཀྱི་སྙིང་པོ་དམ་པས་གདུགས་པ། སྟེང་གི་བར་སྣང་ལ་ལྷའི་རོལ་མོའི་སྒྲ་ལེན་པ་ཅན་དུ་འགྱུར་རོ།། འཇིག་རྟེན་གྱི་ཁམས་དེ་ངན་སོང་དང་མི་ཁོམ་པ་ཐམས་ཅད་དང་བྲལ་པབར་འགྱུར་རོ། ། འཇིག་རྟེན་གྱི་ཁམས་དེ་དགའ་ལྡན་གྱི་ལྷའི་ཡོངས་སུ་སྤྱད་པ་དང་འདྲ་བ་དང་། ཡིད་ལ་བསམས་པས་ཟས་དང་། སྐོམ་དང་། སྐྱེད་མོས་ཚལ་དང་།། གཞལ་མེད་ཁང་དང་། གོས་དང་། རྒྱན་གྲུབ་ཅིང། ལེགས་པར་བརྒྱན་པར་འགྱུར་རོ།། ལྷ་དང་མི་ཐམས་ཅད་ཀྱང་ཁང་པ་བརྩེགས་པ་ལ་མཚུངས་པར་ཡོངས་སུ་སྤྱོད་པར་འགྱུར་རོ།། ལྷ་དང་མི་དེ་དག་ཐམས་ཅད་ཀྱང་རྒྱ་ཆེན་པོ་ལ་མོས་པར་འགྱུར་ཏེ། འདི་ལྟ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ལ་མོས་པ་ཤ་སྟག་གོ།། འཇིག་རྟེན་གྱི་ཁམས་དེ་ན་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པའང་རུང་སྟེ། ཐེག་པ་གཉིས་ཀྱི་མིང་ཡང་མི་གྲག་པར་འགྱུར་རོ།། བཅོམ་ལྡན་འདས་དེ་ནི་བྱང་ཆུབ་སེམས་དཔའི་གཏམ་འབའ་ཞིག་གསུང་བར་འགྱུར་རོ། ། དེ་བཞིན་གཤེགས་པ་རྡོ་རྗེས་རྣམ་པར་གནོན་པ་དེའི་བྱང་ཆུབ་སེམས་དཔའི་འཁོར་ནི་འབུམ་ཕྲག་མང་པོར་འགྱུར་རོ།། འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་གང་ཡང་ཆོ་ག་ཉམས་པ་འམ། འཚོ་བ་ཉམས་པ་འམ། ཚུལ་ཁྲིམས་ཉམས་པ་འམ། ལྟ་བ་ཉམས་པར་མི་འགྱུར་རོ།། ཞར་བ་འམ། འཐེང་པོ་འམ། སྒུར་པོ་འམ། གཏུམ་པོ་འམ། རིག་པ་འམ། མི་བསྲུན་པ་འམ། ཀླ་ཀློ་ཅན་ནམ། ལྐུག་པ་འམ། གྲུམ་པོ་འམ། དབང་པོ་མ་ཚང་བར་མི་འགྱུར་རོ།། ལྷ་དང་མི་དེ་དག་ཐམས་ཅད་ཀྱང་མཚན་ཉི་ཤུ་རྩ་བརྒྱད་ཀྱིས་བརྒྱན་པར་འགྱུར་རོ།། དེ་བཞིན་གཤེགས་པ་དེའི་ཚེའི་ཚད་ནེ་བར་གྱི་བསྐལ་པ་བརྒྱད་ཐུབ་པར་འགྱུར་རོ།། ལྷ་དང་མི་རྣམས་ཀྱང་གློ་བུར་དུ་འཆི་བར་མི་འགྱུར་རོ། ། ཞི་བའི་བློ་གྲོས་དེ་ལྟར་དེ་བཞིན་གཤེགས་པ་རྡོ་རྗེས་རྣམ་པར་གནོན་པ་དེའི་ཡོན་ཏན་ཚད་མེད་པའི་རྒྱུའི་ཁྱད་པར་ནི་འདི་དག་དང་གཞན་ཡང་མང་དུ་ཡོད་དེ།། ། དེ་བཞིན་གཤེགས་པ་དེ་ནམ་ཆོས་སྟོན་པར་འགྱུར་བ་དེའི་ཚེ། སྐུ་ལས་འོད་ཕྱུང་བ་དང་། དེ་ནས་སེམས་ཅན་དེ་དག་གིས་འོད་དེ་མཐོང་ནས། འདི་སྙམ་དུ་སེམས་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ཆོས་སྟོན་པར་འགྱུར་གྱིས། བདག་བཅོམ་ལྡན་འདས་ལ་ཆོས་ཉན་དུ་འདོང་ངོ་སྙམ་མོ།། དེ་ན་ཁ་ཅིག་ནི་མངོན་པར་ཤེས་པའི་རྫུ་འཕྲུལ་གྱི་སྟོབས་ཀྱིས་འོང་བར་འགྱུར་རོ། ། ཁ་ཅིག་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་འོང་བར་འགྱུར་རོ།། དེར་ལྷ་དང་མི་དེ་དག་འདུས་པ་དང་། དེ་བཞིན་གཤེགས་པ་དེ་སྟེང་གི་བར་སྣང་ལ་ཤིང་ཏ་ལ་འབུམ་སྲིད་དུ་མངོན་པར་འཕགས་ཏེ། གླིང་བཞི་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྐྱིལ་མོ་ཀྲུང་དུ་བཞུགས་ནས། སྐུས་ཁྱབ་པར་མཛད་དེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་ཚིམ་པར་བྱ་བའི་ཕྱིར། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སངས་རྒྱས་ཀྱི་གསུང་དབྱངས་ཀྱིས་གོ་བར་མཛད་དེ། དེ་བཞིན་གཤེགས་པའི་གསུང་གིས་བྱང་ཆུབ་སེམས་དཔའ་དེ་དག་ལ་ཆོས་སྟོན་པར་འགྱུར་རོ། ། དེའི་ནང་ན་གང་དེ་བཞིན་གཤེགས་པའི་ཆོས་བསྟན་པ་དང་འགལ་བར་བྱེད་པ་འམ། ཟློག་པར་བྱེད་པའི་སེམས་ཅན་ནི་གཅིག་ཀྱང་མེད་དོ། ། སེམས་ཅན་དེ་དག་ཐམས་ཅད་ནི་དབང་པོ་རྣ་བ། མགོ་སྨོས་པས་གོ་བར་འགྱུར་བ་ཤ་སྟག་གོ། འཇིག་རྟེན་གྱི་ཁམས་དེ་ན་ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་རྡོ་རྗེས་རྣམ་པར་གནོན་པ་དེ་མ་གཏོགས་པར་རྒྱལ་པོ་གཞན་གང་ཡང་མེད་པར་འགྱུར་རོ། ། འཇིག་རྟེན་གྱི་ཁམས་དེ་ན་ངའི་བ་མེད་ཅིང་ཡོངས་སུ་འཛིན་པར་འགྱུར་རོ།། སེམས་ཅན་དེ་དག་ཐམས་ཅད་ནི་ངའི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པར་འགྱུར་རོ།། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་རྡོ་རྗེས་རྣམ་པར་གནོན་པ་དེ་ལྷའི་བུ་འམ། མིར་གྱུར་པ་གང་ལ་བསོད་སྙོམས་བླང་བར་བཞེད་པར་གྱུར་པའི་ལྷའི་བུ་འམ། མིར་གྱུར་པ་དེའི་མདུན་དུ་དེ་བཞིན་གཤེགས་པའི་གཟུགས་ལྷུང་བཟེད་ཐོགས་པ་ཉེ་བར་གནས་པ་དང་། དེར་ལྷའི་བུ་འམ། མིར་གྱུར་པ་དེས་དེ་བཞིན་གཤེགས་པའི་གཟུགས་མཐོང་ནས། འདི་སྙམ་དུ་སེམས་པར་འགྱུར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེས་རྣམ་པར་གནོན་པ་བདག་ལས་བཤོས་གསོལ་བར་བཞེད་དོ་སྙམ་ནས་ཡིད་ལ་བསམས་པས་འཁོར་གྱི་ཁྱམས་སུ་སྟན་དང་། ཟས་དང་། སྐོམ་དང་། རོ་བརྒྱ་པའི་ཟས་སྦྱར་ནས། བཅོམ་ལྡན་འདས་དེ་ལ་གདུགས་ཚོད་ལ་བབ་ཅེས་གསོལ་པ་དང་། དེར་དེ་བཞིན་གཤེགས་པ་དེ་བཤོས་གསོལ་ལོ།། བཤོས་གསོལ་ནས་སླར་བཞུད་པར་འགྱུར་རོ། ། དེ་བཞིན་གཤེགས་པ་དེ་གང་གི་ཚེ་ནང་དུ་ཡང་དག་འཇོག་ལ་འཇུག་པར་འགྱུར་བ་དེ་ན། བྱང་ཆུབ་སེམས་དཔའ་དེ་དག་ཏིང་ངེ་འཛིན་གྱི་བཀོད་པས་གནས་པར་འགྱུར་རོ། ། འཇིག་རྟེན་གྱི་ཁམས་དེ་ནི་ཡོན་ཏན་གྱི་རྒྱུའི་ཁྱད་པར་འདི་དག་དང་། གཞན་ཡང་ཚད་མེད་པ་དག་དང་ལྡན་པར་འགྱུར་ཏེ། དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཀུན་ནས་ཡོངས་སུ་དག་པ་ཞེས་བྱའོ། ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་ལུང་བསྟན་པ་བཤད་པ་འདི་བསྟན་པ་ན། སྲོག་ཆགས་ཉི་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་ཤོག་ཅིག་ཅེས་སྨོན་ལམ་ཡང་བཏབ་བོ།། དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེས་རྣམ་པར་གནོན་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཀུན་ནས་ཡོངས་སུ་དག་པ་དེར་སྐྱེ་བར་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏོ། ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་རང་གི་ལུང་བསྟན་པ་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། རྡོ་རྗེ་དེ་ནམ་མཁའི་དཀྱིལ་དུ་འཕངས་སོ། ། རྡོ་རྗེ་དེ་འཕངས་མ་ཐག་ཏུ་དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་སོ།། མེ་ཏོག་གི་ཆར་ཡང་བབ་བོ།། རོལ་མོ་སིལ་སྙན་བརྒྱའི་སྒྲརང་བྱུང་ངོ་། ། འཁོར་ཐམས་ཅད་ཀྱི་ལག་པ་གཡས་པར་ཡང་མེ་ཏོག་ཁ་དོག་སྣ་ཚོགས་ཀྱི་འཕྲེང་བ་དག་བྱུང་ངོ་།། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེསབཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྙད་དོ། ། ཆོས་ཀྱི་དབང་ཕྱུག་རྒྱ་ཆེན་མི་པད་ཆོས་ཀྱི་མཛོད།། ཆོས་རྣམས་རབ་ཏུ་འབྱེང་ལ་མཁས་པ་འགྲོ་དོན་བཞེད། ། ཆོས་ལ་ཐུགས་མ་ཞུམ་ཞིང་རྟག་ཏུ་ལྷུག་པར་བཏང་།། ཆོས་ཀྱི་རྗེས་མཐུན་ཆོས་སྒྲུབ་གནས་ལ་ཕྱག་འཚལ་ལོ།། སེམས་ཅན་དག་པ་ཁྱོད་ཀྱི་ཡེ་ཤེས་སྤྱོད་རྣམ་དག། ཡོན་ཏན་རྒྱལ་གྲགས་སྙན་པ་འཇིག་རྟེན་གསུམ་དུ་གྲགས།། ཡེ་ཤེས་རྒྱུན་ནི་དུས་གསུམ་རྟག་ཏུ་བས་མ་འཚལ།། ཆགས་འདས་ཞབས་མཉམ་ལེགས་པ་ཁྱོད་ལ་ཕྱག་འཚལ་ལོ། ། ཟླ་བ་ལས་ལྷག་ཡོངས་དག་ཚུལ་ཁྲིམས་རྣམ་པར་དག། ཉི་མ་ལས་ལྷག་འོད་མཛེས་འོད་མངའ་གཟི་བརྗིད་མཆོག། ཚངས་པ་ལས་ལྷག་གསུང་སྙན་ཚངས་པའི་གསུང་མངའ་བ། ། དཀོན་མཆག་གསུམ་ལྡན་གསེར་འགྲ་ཁྱེད་ལ་ཕྱག་འཚལ་ལོ།། ཁྱེད་ནི་སྐུ་ཡང་སྟོན་ལ་སྐུ་དང་ལྡན་མ་ལགས།། ཁྱོད་ནི་གསུང་ཡང་རྗོད་ལ་སྒྲ་སྐད་མི་མངརའ། ། ཁྱོད་ནི་ཆོས་ཀྱང་གསུང་ལ་ཆོས་ཀྱི་འདུ་ཤེས་བྲལ།། སེམས་ཅན་ཐར་པར་མཛད་ལ་སེམས་ཅན་འདུ་ཤེས་བྲལ།། གང་དག་ཁྱོད་བསྟན་ཐོས་ནས་ཇི་ལྟ་བསྟན་པ་ལྟར། སྒྲུབ་པ་སྙིང་པོར་གནས་པ་དག་ནི་མ་གཏོགས་པ།། འགྲོ་བ་ཐམས་ཅད་རྟག་ཏུ་རབ་ཏུ་བྱུང་ཡང་ནི།། ཁྱོད་ཀྱི་བཀའ་དྲིན་ལན་ལྡོན་ནམ་ཡང་རྔོ་མི་ཐོག་དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེས་ཇི་ལྟར་ཐོགས་ཐོགས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་གི་འཕྲེང་བ་རྣམས་བཅོམ་ལྡན་འདས་ལ་མངོན་པར་ཏོ། ། མེ་ཏོག་གི་འཕྲེང་བ་དེ་དག་གཏོར་མ་ཐག་ཏུ་དེ་ནས་དེའི་ཚེ་འདི་ལྟ་སྟེ། སངས་རྒྱས་ཀྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མེ་ཏོག་སྣ་ཚོགས་ཀྱི་འཕྲེང་བས། ལེགས་པར་བརྒྱན་པར་གྱུར་ཅིང་མིག་མངས་རིས་སུ་གནས་པར་ཀུན་ཏུ་སྣང་ངོ་།། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ལུང་བསྟན་པའི་ལེའུ་ཞེས་བྱ་སྟེ་བཅུ་དྲུག་པའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་ཟས་ཀྱིས། གསང་བ་བའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། གསང་བ་པའི་བདག་པ་ཁྱོད་དེ་བཞིན་གཤེགས་པས་ལུང་བསྟན་མོད། སྨྲས་པ། རིགས་ཀྱི་བུ་རྨི་ལམ་གྱི་རང་བཞིན་ལྟ་བུའི་ལུང་བསྟན་པས་བདག་ལུང་བསྟན་ཏོ།། སྨྲས་པ། ཅི་ཞིག་ཐོབ་པར་བྱ་བའི་ཕྱིར་ཁྱེད་ལུང་བསྟན།། སྨྲས་པ། རིགས་ཀྱི་བུ་ཐོབ་པར་བྱ་བ་མེད་པར་ལུང་བསྟན་པ་ཐོབ་བོ།། སྨྲས་པ། ཅི་ཞིག་ཐོབ་པ་མེད། སྨྲས་པ། སེམས་ཅན་དང་། སྲོག་དང་། གང་ཟག་དང་། གས་བ་དང་། སྐྱེས་བུ་ཐོབ་པ་མེད་དོ།། ཕུང་པོ་རྣམས་དང་། ཁམས་རྣམས་དང་། སྐྱེ་མཆེད་རྣམས་ཐོབ་པ་མེད་དོ།། དགེ་བ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཁོར་བ་དང་། མྱ་ངན་ལས་འདས་པའི་བར་དུ་ཐོབ་པ་མེད་དོ།། སྨྲས་པ། གལ་ཏེ་ཐོབ་པ་མེད་པ་ན་འདིར་ཅི་ཞིག་ལུང་སྟེན། སྨྲས་པ། མི་དམིགས་པ་གང་ཡིན་པ་དེའི་རྗེས་སུ་འགྲོ་བའི་ཡེ་ཤེས་ལུང་སྟོན་ཏོ།། སྨྲས་པ། ཡེ་ཤེས་གང་ལུང་བསྟནྟུ། སྨྲས་པ། གང་གཉིས་ཀྱིས་རབ་ཏུ་ཕྱེ་བའོ།། སྨྲས་པ། གལ་ཏེ་གཉིས་ཀྱིས་རབ་ཏུ་ཕྱེ་བར་གྱུར་ན། ལུང་བསྟན་པ་ཐོབ་པ་མི་འགྱུར་ཏེ། གང་གི་ཕྱིར་ཡེ་ཤེས་གཉིས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་པ་དེའི་ཕྱིར་གཉིས་སུ་མེད་པའི་ལུང་བསྟན་པ་ཉིད་བྱང་ཆུབ་སེམས་དཔའ་ལུང་བསྟན་པའོ། ། སྨྲས་པ། གལ་ཏེ་ཡེ་ཤེས་གཉིས་སུ་མེད་པས་རབ་ཏུ་ཕྱེ་བ་ཡིན་ན།། ལུང་བསྟན་པ་ནི་སུ་ཞིག། ལུང་ནི་སུ་ལ་སྟོན། སྨྲས་པ། ལུང་སྟོན་པ་གང་ཡིན་པ་དང་། སུ་ལ་ལུང་སྟོན་པ་དེ་དག་ནི་མཉམ་པ་ཉིད་དུ་འགྱུར་བའོ།། དེ་དག་ནི་གཉིས་སུ་མེད་པའི་མཐའ་ལ་གནས་པའོ། ། སྨྲས་པ། གསང་བ་པའི་བདག་པོ་གཉིས་སུ་མེད་པའི་མཐའ་གང་ཡིན་པ་དེ་ལ་ལུང་བསྟན་དུ་ཅི་ཡོད། སྨྲས་པ། མཐའ་གང་ཡིན་པ་དེ་ཉིད་གཉིས་སུ་མེད་པའི་མཐའ་སྟེ། མཐའ་དེ་ཉིད་ལུང་བསྟན་པའོ།། སྨྲས་པ། གང་ལ་གནས་ན་ལུང་བསྟན་པ་ཐོབ་པའི་མཐའ་གང་ཡིན། སྨྲས་པ། བདག་གི་མཐའ་ལ་གནས་ན་ལུང་བསྟན་པར་འགྱུར་རོ། ། སེམས་ཅན་གྱི་མཐའ་དང་། སྲོག་དང་། གང་ཟག་གི་མཐའ་ལ་གནས་ན་ལུང་བསྟན་པར་འགྱུར་རོ།། བདག་གི་མཐའི་གནས་གང་གི་གནས་ཡིན། སྨྲས་པ། བདག་གི་མཐའི་གནས་ནི་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་མཐའི་གནས་སོ།། སྨྲས་པ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་མཐའི་གནས་གང་ཡིན་སྨྲས་པ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་མཐའི་གནས་ནི། མ་རིག་པ་དང་སྲིད་པའི་སྲེད་པའི་མཐའི་གནས་སོ།། སྨྲས་པ། མ་རིག་པ་དང་སྲིད་པའི་སྲེད་པའི་མཐའི་གནས་གང་གི་གནས་ཡིན། སྨྲས་པ། ཤིན་ཏུ་མ་སྐྱེས་པ་མ་བྱུང་བའི་མཐའི་གནས་སོ།། སྨྲས་པ། མ་སྐྱེས་པ་དང་མ་བྱུང་བའི་གནས་གང་ཡིན། སྨྲས་པ། རྣམ་པར་རིག་པ་མ་ཡིན་པའི་མཐའི་གནས་སོ།། སྨྲས་པ། རྣམ་པར་རིག་པས་ཅི་ཞིག་རིག་པར་བྱེད། སྨྲས་པ། གལ་ཏེ་རྣམ་པར་རིག་པར་བྱེད་ན། རྣམ་པར་རིག་པ་མ་ཡིན་པར་འགྱུར་རོ། ། སྨྲས་པ། ཅི་ཞིག་རྣམ་པར་རིག་པར་མི་བྱེད། སྨྲས་པ། རྣམ་པར་རིག་པ་ཐམས་ཅད་རྣམ་པར་རིག་པར་མི་བྱེད་དོ།། སྨྲས་པ། གལ་ཏེ་རྣམ་པར་རིག་བར་མི་བྱེད་ན་ཇི་ལྟར་ཀུན་ཤེས་པར་བྱེད། སྨྲས་པ། གལ་ཏེ་ཀུན་ཤེས་པར་བྱེད་ན། རྣམ་པར་རིག་པར་བྱེད་པ་མ་ཡིན་ཏེ། གང་གི་ཕྱིར་རྣམ་པར་རིག་པར་མི་བྱེད་པ་དེའི་ཕྱིར་ཀུན་ཤེས་པར་བྱེད་དོ། ། སྨྲས་པ། ཀུན་ཤེས་པར་བྱེད་པ་ཇི་ལྟ་བུ་ཡིན། སྨྲས་པ། གང་གི་ཚེ་རྣམ་པ་རིག་པ་ཁས་མི་ལེན་པའོ།། སྨྲས་པ། ལྟར་ན་རྣམ་པར་རིག་པ་ཁས་མི་ལེན། སྨྲས་པ། གང་གི་ཚེ་ཚིག་འབྲུའི་རྗེས་སུ་མི་རྒྱུག་པའོ།། སྨྲས་པ། ཇི་ལྟར་ན་ཚིག་འབྲུའི་རྗེས་སུ་མི་རྒྱུག། སྨྲས་པ། གང་གི་ཚེ་དོན་ལ་སྟོན་པའོ། ། སྨྲས་པ། དོན་ལ་སྦྱིན་ལ་ཇི་ལྟ་བུ་ཡིན། སྨྲས་པ། གང་གི་ཚེ་དོན་མི་མཐོང་བའོ།། སྨྲས་པ། དོན་མི་མཐོང་བ་ཇི་ལྟ་བུ་ཡིན། སྨྲས་པ། ག་དོན་དང་དོན་མ་ཡིན་པ་དན་དུ་མི་གཉར་བའོ། ། སྨྲས་པ། གང་གི་ཚོ་ངན་ལ་དོན་མ་ཡིན་པ་དན་དུ་མི་གཉེར་བར་གྱུར་པ་ར་ཞིག་དོན་དུ་གཉེར་བར་འགྱུར། སྤྲུས་པ། @་ཚོ་དོན་དང་དོན་མ་ཡིན་པ་དོན་དུ་མི་གཉེར་བར་གྱུར་པ་དེའི་ཚེ་ཆོས་དོན་དུ་གཉེར་བར་འགྱུར་རོ། ། སྨྲས་པ། གལ་ཏེ་ཆོས་ངན་དུ་གཉེར་བར་གྱུར་ན། བདུན་དུ་གཉིར་བ་ཉིད་མ་ཡིན་། གས་ཀྱི་ནས་དན་དུ་གཏ་པན་ཙའང་དོན་དུ་གར་བས་ཡིན་ན། ཀྱི་བྱ་ན། གདོན་དུ་ན་རྒྱས་མ་ཡིན་ཏེ། ང། ལུས་པ། ས་གང་ཡིན། སྨ་བ། གང་ལ་ཚིས་ཀྱི་སའང་མི་དམིགས་པའོ།། སྨྲས་པ། གང་ལ་ཚས་ཀྱི་ཀཱའང་མི་དམིགས་པ་ལ་ཚལ་གང་ཡིན་པ། རིགས་ཀྱི་བུ་གང་ལ་ཡི་གེ་རྣམས་ཀུན་ཏུ་མི་འབྱུང་བ་དེ་ཉིད་ཆོས་ཡིན་ནོ།། དེ་བས་ན་ཆོས་ཐམས་ཅད་ནི་བརྗོད་དུ་མེད་པ། སྒྲ་མེད་པ། བརྗོད་པ་མེད་པའོ།། རིགས་ཀྱི། བུ་སུ་ཞིག་བདག་སྨྲའོ་ཞེས་སྨྲ་བ་དེ་འཆལ་བར་སྨྲའོ།། གང་འཆལ་བར་སྨྲ་བ་དེ་ལ་ཆོས་མེད་དོ།། འདུལ་བ་མེད་དོ།། སྨྲས་པ། གསང་བ་པའི་བདག་པོ་གང་ཆོས་གསུང་བ་དེ་བཞིན་གཤེགས་པ་འཆལ་པ་གསུང་བར་མི་འགྱུར་རམ། སྨྲས་པ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པས་ཡི་གེ་གཅིག་ཀྱང་མ་གསུངས་སོ།། མ་བརྗོད་དོ་ཞེས་ཁོ་བོས་སྔར་མ་བཤད་དམ། དེ་ལྟ་མོད་ཀྱི་སྨོན་ལམ་གྱི་དབང་གིས་དེ་བཞིན་གཤེགས་པའི་གསུང་སེམས་ཅན་རྣམས་ཀྱིས་དམིགས་སོ།། སྨྲས་པ། སྨྲས་ན་ཉེས་པ་ཅི་ཡོད། སྨྲས་པ། ངག་གི་ལས་ཀྱི་ཉེས་པར་འགྱུར་རོ།། སྨྲས་པ། ངག་གི་ལས་ལས་ཉེས་པ་ཅི་ཞིག་བྱུང་། སྨྲས་པ། ཡི་གེ་ལ་སེམས་པས་ཀླགས་པའི་ཉེས་པར་འགྱུར་རོ།། སྨྲས་པ། ཉེས་པ་མེད་པ་གང་ཡིན། སྨྲས་པ། གང་མི་སྨྲ་མི་རྗོད་པ་དེ་ལ་རྣམ་པར་རིག་པ་གང་ཡང་མེད་དོ།། རྣམ་པར་རིག་པ་མེད་པ་ནི་ཉེས་པ་མེད་པའོ།། གང་བདག་ལ་རྣམ་པར་རིག་པར་མི་བྱེད་པ་དང་། གཞན་ལ་རྣམ་པར་རིག་པར་མི་བྱེད་པ་དེ་ཉེས་པ་མེད་པའོ།། སྨྲས་པ། ཉེས་པའི་རྩ་བ་གང་ཡིན། སྨྲས་པ། ཉེས་པའི་རྩ་བ་ནི་འཛིན་པའོ། ། སྨྲས་པ། འཛིན་པའི་རྩ་བཅི་ཡིན། སྨྲས་པ། མངོན་པར་ཞེན་པ་ནི་རྩ་བའོ།། སྨྲས་པ། མངོན་པར་ཞེན་པའི་རྩ་བ་ཡིན། སྨྲས་པ། ཡང་དག་པ་མ་ཡིན་པ་ཀུན་བཏགས་པ་ནི་རྩ་བའོ།། སྨྲས་པ། ཡང་དག་པ་མ་ཡིན་པ་ཀུན་བཏགས་པའི་རྩ་བ་ནི་ཅི་ཡིན། སྨྲས་པ། ཡང་དག་པ་མ་ཡིན་པ་ཀུན་བཏགས་པའི་རྩ་བ་ནི་ཅི་ཡིན། སྨྲས་པ། ལྷག་པར་དམིགས་པའི་ལྟ་བ་ནི་རྩ་བའོ།། སྨྲས་པ། ཅི་ཞིག་ལ་ལྷག་པར་དམིགས། སྨྲས་པ། གཟུགས་རྣམས་དང་། སྒྲ་རྣམས་དང་། དྲི་རྣམས་དང་། རོ་རྣམས་དང་། རེག་བྱ་རྣམས་དང་། ཆོས་རྣམས་ལ་ལྷག་པར་དམིགས་སོ།། སྨྲས་པ། ལྷག་པར་མི་དམིགས་པ་ཇི་ལྟ་བུ། སྨྲས་པ། གལ་ཏེ་སྲིད་པའི་བག་ལ་ཉལ་ལྷག་པར་མི་དམིགས་པ་སྟེ། ཞི་བའི་ཟླ་གྲོས་དེ་ལྟ་བས་ན་སྲེད་པ་ལ་དམིགས་པ་སྤང་བའི་ཕྱིར། དེ་བཞིན་གཤེགས་པས་ཆོས་བསྟན་ཏོ། ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བསྟན་པ་འདི་བཤད་པ་ན། དགེ་སློང་ལྔ་བརྒྱ་ནི་སེམས་རྣམ་པར་གྲོལ་ལོ།། བྱང་ཆུབ་སེམས་དཔའ་ཉིས་བརྒྱ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། གཉིས་སུ་མེད་པ་བརྗོད་པའི་ལེའུ་ཞེས་བྱ་སྟེ་བཅུ་བདུན་པའོ།། ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་བརྣག་པ་ཡོངས་སུ་རྫོགས་པར་ལུང་བསྟན་པས་དབུགས་ཕྱིན་པ་ཐོབ་སྟེ། ཚིམ་ཞིང་མགུ་ལ་ཡི་རངས་ནས་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བར་དགོངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་དང་ཐབས་ཅིག། ཉན་ཐོས་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་གསང་བ་པ་བདག་གི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་དུ་གཤེགས་ཤིང་དགུང་བདུན་ཞིག་བཞུགས་པར་ཅི་ག་ནང་། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ལྟུང་ལོ་ཅན་གྱི་ཕོ་བྲང་འཁོར་ན་གནོད་སྦྱིན་དང་། གྲུལ་བུམ་དང་། སྲིན་པོ་དང་། ཤ་ཟ་དང་། དྲི་ཟ་དང་། ལྟོ་འཕྱེ་ཆེན་པོ་མང་དུ་མཆིས་ཏེ། སེམས་ཅན་གྱི་རིགས་རྣམ་པ་སྣ་ཚོགས་གནས་པ་དེ་དག་གིས་བཅོམ་ལྡན་འདས་མཐོང་ཞིང་ཆོས་ཀྱང་ཐོས་ན་ཡུན་རིང་པོའི་དོན་དང་། སྨན་པ་དང་། བདེ་བ་དང་། གྲུབ་པ་དང་། བདེ་བར་འགྱུར་ལེགས་སོ། ། དེ་ནས་ཡང་ཁྲོ་བ་དང་སྡང་བའི་སེམས་མ་མཆིས་པར་འགྱུར་ལགས་སོ།། རྒྱལ་པོ་ཆེན་པོ་བཞིའི་གཡོག་འཁོར་གང་ལགས་པ་དེ་དག་གི་ཡུན་རིང་པོའི་དོན་དང་སྨན་པ་དང་། བདེ་བ་དང་། གྲུབ་པ་དང་། བདེ་བར་འགྱུར་ལགས་སོ།། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་ཐུགས་བརྩེ་བ་དང་། སེམས་ཅན་ཚད་མེད་པ་དག་གི་དགེ་བའི་རྩ་བ་རྣམ་པར་སྤེལ་བ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་བསམ་པ་ཡོངས་སུ་བསྐང་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་གསང་བ་པའི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་དུ་གཤེགས་ཏེ། ཞག་བདུན་བཞུགས་པར་གནང་ངོ་།། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་མཛད་པ་རིག་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ནས། ། ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་ག་ལ་བ་དེར་སོང་སྟེ། རང་གི་གནས་སུ་ཕྱིན་ཏོ།། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྙམ་དུ་བསམ་སྟེ། བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་ཕྱིར། ཅི་ནས་འདོད་པ་སྤྱོད་པ་དང་། གཟུགས་ལ་སྤྱོད་པའི་ལྷའི་བུ་ཐམས་ཅད་ངོ་མཚར་དུ་སེམས་པར་འགྱུར་བ་དང་། ཕྱོགས་ནནས་འདུས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དགའ་བ་སྐྱེ་བར་འགྱུར་བ་དང་། བདག་གིས་ཀྱང་དེ་བཞིན་གཤེགས་པ་ལ་མཆོད་པ་རྒྱ་ཆེན་པོ་བྱས་པར་འགྱུར་བ་དེ་ལྟ་བུའི་འཁོར་གྱི་ཁྱམས་བཀོད་པ་བྱའོ་སྙམ་མོ། ། དེའང་འདི་སྙམ་དུ་བསམ་སྟེ། བདག་གིས་མངོན་པར་ཏེ། དུས་གཅིག་ཅིག་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཀོད་པའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་སེམས་དཔའ་ཁྲི་ལུང་བསྟན་པའི་ཕྱིར། བཅོམ་ལྡན་འདས་མཚན་མོ་མཉལ་ཙམ་ན་སྤྱོད་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། འཇིག་རྟེན་གྱི་ཁམས་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་ཏེ། འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ་ཆེ་མཐའ་ཡས་པ་བཀོད་བ་ཞེས་བྱ་བར་གཤེགས་པའི་ཚེ། སངས་རྒྱས་ཀྱི་ཞིང་དེར་བདག་གིས་ལྷའི་དང་། མིའི་བཀོད་པ་བསམ་གྱིས་མི་ཁྱབ་པ་ལས་ཡང་དག་པར་འདས་པའི་བཀོད་པ་མཐོང་གིས། བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར། བདག་གིས་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ་ཆེ་མཐའ་ཡས་པ་བཀོད་པ་དེའི་བཀོད་པ་ཅི་འདྲ་བ་དེ་འདྲ་བའི་འཁོར་གྱི་ཁྱམས་བཀོད་པར་བྱའོ་སྙམ་མོ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས། དེའི་ཚེ་བཀོད་པ་ཆེན་པོའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། གསང་བ་པའི་བདག་པོ་ལ་ཨག་ན་རྡོ་རྗེ་བཀོད་པ་ཆེན་པོའི་རྒྱལ་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་དེའི་ཚེ་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ་མ་མཐའ་ཡས་པ་བཀང་བ་དེའི་བཀོད་པ་ཅི་འདྲ་དེ་འདྲ་བའི་འཁར་གྱི་ཁྱམས་བཀོད་པ་ཞིག་ལུང་ལོ་ཅན་གྱི་བ་ཟང་འབར་གྱི་དབུས་ན་གནས་པར་གནང་ངོ་། ། འཁར་གྱི་ཁྱམས་དེའང་ཡངས་ཤང་དྷ་ཆ་སྟེ། ནུབ་ཏུ་མཆུང་ནི་དཔག་ཚད་དྲུས་ཅུ་རྩ་བནི་སོང་པ། ཝཱ་བྱང་དུ་རྒྱུར་ནི་དཔག་ཚད་བནི་བཅུ་རྩ་གཉིས་ཡོད་ཐཱ། ས་གག་ན་བཻ་རྒྱུཪྻ་སྙན་པའི་རང་བཞིན་དུ་གནས་པ། ཕྱིར་ནི་ཡན་དདེ་རྙིལ་ལས་བྱས་པ། ཟུང་གི་འཐུགས་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ། འཛམ་བུ་ཆུ་བོའི་གསེར་གྱི་པདྨས་བརྒྱན་པ་རྒྱན་འཕྲེང་སྣ་ཚོགས་དུ་མས་སྤྲས་པ། རས་བཅས་བུ་དུ་མ་བཏིང་བ། མུ་ཏིག་གི་རྒྱན་འཕྲེང་དུ་མ་སྤངས་པ། དར་གྱི་ལྔ་ལྡི་དུ་མས་མཛེས་པར་བྱས་པ། མེ་ཏོག་གི་འཕྲེང་བ་དུ་མས་བཀབ་པ། པོག་པོར་དུ་མ་ནས་བདུགས་པ། ལྷའི་མེ་ཏོག་ཁ་དོག་དུ་མ་དང་། ཁ་དོག་སྣ་ཚོགས་བཀྲམ་པ། བཀྲ་བ། བལྟ་ན་སྡུག་པ། ཡིད་དུ་འོང་བ། ལུས་སིམ་པར་བྱེད་པ། སེམས་ལ་དགའ་བ་སྐྱེད་པ། ཡོན་ཏན་གྱི་ཚོགས་མཐའ་ཡས་པ་དང་ལྡན་པ། བསྔགས་པའི་བསྟན་པ་ཚད་མེད་པ་སྟེ། འཁོར་གྱི་ཁྱམས་དེར་སེང་གེའི་ཁྲི་རིན་པོ་ཆེའི་རྩ་བས་བརྒྱན་པ། རིན་པོ་ཆེའི་ཁ་ཁྱེར་གྱིས་བསྐོར་བ། རིན་པོ་ཆེའི་པདྨ་བཀོད་པ་དང་ལྡན་པ། མུ་ཏིག་གི་དྲ་བས་གཡོགས་པ། མིག་མངས་རིས་སུ་བྲེས་པ། ལྷའི་རས་བཅོས་བུ་དུ་མ་བཏིང་བ། སྟེང་དུ་རིན་པོ་ཆེའི་དྲ་བས་བྲེས་པ། བཀོད་པ་སྔན་མ་མཐོང་ས་ཐོས་པ་འཇིག་རྟེན་གྱི་ཁམས་མང་བ་དག་ན་མེད་པ་བརྒྱ་སྟོང་མང་པོ་བྱུང་ངོ་།། གབ་ཟས་རི་ཟླ་བ་བརྒྱས་བསྐོས་པའང་བཤམས་སོ། ། སེང་གེའི་ཁྲི་ས་ལ་མི་བརྟེན་པ་བརྒྱ་སྟོང་ཡང་བཞག་སྟེ། སེང་གེའི་ཁྲི་རེ་རེའི་བར་སྣང་ལའང་རིན་པོ་ཆེའི་གདུགས་རྣམ་པ་སྣ་ཚོགས་ཀྱི་མཆོག་དང་ལྡན་པ་དག་བྲེས་སོ།། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འཁོར་གྱི་ཁྱམས་བཀོད་པ་དང་། སེང་གེའི་ཁྲི་བཀོད་པ་རྣམ་པ་དེ་ལྟ་བུ་བྱས་ནས། དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་ཏིང་ངེ་འཛིན་དེ་ལས་ལངས་ཏེ། དེའི་ནུབ་མོ་ཉིད་དེ་བཞིན་གཤེགས་པ་ལ་མཆོད་པར་འོས་པའི་ཞལ་ཟས་བྱང་ཆུབ་སེམས་དཔའི་བསམ་པས་ཡོངས་སུ་དག་པ། རོ་བྲོ་བ་མང་པ་སྣ་ཚོགས་དང་ལྡན་པ་བསོད་པ་མང་པོའང་བཤམས་ནས། ནམ་ནངས་པ་དང་། རྒྱལ་པོ་ཆེན་པོ་བཞི་ལ་སྨྲས་པ། གྲོགས་པོ་དག་ཤེས་པར་གྱིས་ཤིག། ཁོ་ཟོས་བཅོམ་ལྡན་འདས་བྱང་ཆུབ་སེམ་དཔའ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་གསང་བ་པ་རང་གི་གནས་སུ་སྤྱན་དྲངས་ན། བཅོམ་ལྡན་འདས་ཀྱིས་ཁོ་བོ་ལ་ཐུགས་བརྩེ་བའི་ཕྱིར་གནང་གིས། དེ་ལ་ཁྱེད་དཔུང་དང་བཅས། གཡོག་འཁོར་དང་བཅས་པར་མི་གཡེང་བའི་སེམས་ཀྱིསོ་ཞག་བདུན་གྱི་བར་དུ་ལས་གཞན་མི་བྱེད་པར་དེ་བཞིན་གཤེས། བ་ལ་མཆོད་པ་དང་རིམ་གྲོ་བྱ་བར་སྤྲོ་བར་གྱིས་ཤིག། ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་ན་གནོད་སྦྱིན་དང་། ཟིན་པོ་དང་། ཡི་དགས་དང་། ཤ་བ་དང་། དྲི་ཟ་དང་། གྲུལ་བུམ་དང་། གསང་བ་པ་དང་། ལྟོ་འཕྱེ་ཆེན་པོ་ཇི་སྙེད་འཁོད་པ་དང་། དེ་མ་ཡིན་པའི་སེམས་ཅན་གཞན་དག་འཁོད་པ་དེ་དག་ལའང་གྲོགས་པོ་དག་ཤེས་པར་གྱིས་ཤིག། ཁོ་བོས་བཅོམ་ལྡན་འདས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་འདིར་སྤྱན་དྲངས་ན་གཤེགས་པར་གནང་གིས། དེ་ལ་ཁྱེད་ཀྱིས་ངན་སེམས་མེད་པ་དང་སྡང་བ་མེད་པ་དང་། དགའ་བ་དང་། དད་པ་དང་། མཆོག་ཏུ་དགའ་བ་མང་པོས་བཅོམ་ལྡན་འདས་དེ་ལ་བསྙེན་བཀུར་གྱིས་ཤིག། ཆོས་ཀྱང་ཉན་ཅིག་ཅེས་བསྒོའོ།། ། ། བམ་པོ་བརྒྱད་པ།། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བུ་ཐུ་བོ་རྡོ་རྗེའི་སྡེ་ཞེས་བྱ་བ་ལ་སྨྲས་པ། བཞིན་བཟང་ཁྱོད་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སོང་ལ་ཚངས་རིས་ནས་བཟུང་སྟེ། འོག་མིན་གྱི་བར་གྱི་ལྷ་རྣམས་ལ། བཅོམ་ལྡན་འདས་གསང་བའི་བདག་པོ་ལག་ན་རྡོ་རྗེའི་གནས་ལྕང་ལོ་ཅན་གྱི་ཕ་བྲང་འཁོར་དུ་གདུགས་ཚོད་གསོལ་གྱིས། ཁྱེད་ཀྱི་ནང་ནས་སུ་ལྟ་འདོད་པ་དེ་མྱུར་དུ་ཤོག་ཅིག་ཅེས་སྦྲོན་ཅིག། ཡབ་དེ་ལྟར་བགྱིའོ་ཞེས་ཏེ་ཇི་སྐད་བསྒོ་བ་བཞིན་དུ་གསང་བ་པའི་བུ་དེས་བྱས་སོ། ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བུ་གཉིས་པ་ལག་བབངས་ཞེས་བྱ་བ་ལ་སྨྲས་པ། ཁྱོད་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་སོང་ལས་ཟླ་བའི་ལྷ་རྣམས་ནས་བཟུང་སྟེ། བར་སྣང་དང་། རྒྱལ་ཆེན་བཞིའི་རིས་དང་། སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་རྣམས་ལ། བཅོམ་ལྡན་འདས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་དུ་གདུགས་ཚོད་གསོལ་གྱིས། ཁྱེད་ཀྱི་ནང་ནས་སུ་ལྟ་འདོད་པ་དེ་མྱུར་དུ་ཤོག་ཅིག་ཅེས་སྦྲོན་ཅིག། ཡབ་དེ་ལྟར་བགྱིའོ་ཞེས་ཏེ་ཇི་སྐད་བསྒོ་བ་བཞིན་དུ་གཞོན་ནུ་ལག་བཟངས་ཀྱིས་བྱས་སོ།། དེ་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་བརྒྱ་སྟོང་དག་གིས་དཔག་ཚད་ཁྲི་ཁོར་ཡུག་གི་བར་སྣང་ཁྱབ་པར་གྱུར་ཏོ།། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་མཆོད་པ་ཟོ་ཤམས་ཏེ། ནམ་ནངས་པ་དང་པུས་མ་གཡས་པའི་ལྷ་ང་སི་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལགས་སུ་ཐལ་མ་སྦྱར་བ་བཏུད་ནས། ཚིགས་སུ་བཅད་པའི་དབྱངས་ཀྱིས་བཅོམ་ལྡན་འདས་ལ་གདུགས་ཆོད་བབ་པ་གསོལ་པ། ཐུབ་པ་ཆེན་པོ་དུས་འདི་ལགས།། སྐྱེས་བུནཙོ་བོ་གཤེགས་སུ་གསོལ། སྐྱེས་བུ་དམ་པ་གཤེགས་སུ་གསོལ།། སྐྱེས་བ་ཅང་མཁྱེན་གཤེགས་སུ་གསོལ།། ཟབ་པ་ཆེན་པ་གདུགས་ཚད་པག།། ནང་གཉིས་གསུས་གཤེགས་གསོལ། ། རྐང་གཉིས་དམ་པ་གཤེགས་སུ་གསོལ།། རྐང་གཉིས་ཅང་མཁྱེན་གཤེགས་སུ་གསོལ།། ཚུལ་ཁྲིམས་པདྨའི་རྫིང་ནས་འཁྲུངས།། བརྩོན་འགྲུས་ཆབ་ཀྱིས་རྣམ་པ་འཕེལ།། སློབ་མ་བུང་བ་སྒྲ་འབྱིན་པ།། ཐུབ་པ་པདྨ་གཤེགས་སུ་གསོལ།། འཕགས་པའི་བདེན་པར་གནས་བཅས་ཏེ།། བྱམས་དང་ཐུགས་རྗེའི་སྤྱན་མངའ་ཞིང་།། བདག་མེད་པ་ཡི་སྒྲ་སྒྲོགས་པ། ། རྒྱལ་བ་སེང་གེ་གཤེགས་སུ་གསོལ།། ཁྲིམས་ནི་རྩ་བ་ཆུ་བ་དྲན།། བྱང་ཆུབ་ཡན་ལག་མེ་ཏོག་རྒྱན།། རྣམ་གྲོལ་འབྲས་བུ་ཕུན་སུམ་ཚོགས།། རྒྱལ་བ་སྡོང་པོ་གཤེགས་སུ་གསོལ། ། ཤེས་རབ་རྒྱ་ཆེན་ཟབ་པ་བོ།། ཏིང་འཛིན་ཆབ་ནི་གྲང་ལྡན་ཞིང་།། རྣམ་འབྱོར་པ་ཡི་ཚོང་པས་གཏམས།། ཡོན་ཏན་རྒྱ་མཚོ་གཤེགས་སུ་གསོལ།། ཐུགས་རྗེའི་དཀྱིལ་འཁོར་དཔལ་ལྡན་པ། ། ཤེས་རབ་འོད་ཟེར་ལེགས་པར་བརྒྱན།། སློབ་མ་པདྨ་ཁ་འབྱེད་པ།། ཐུབ་པ་ཉི་མ་གཤེགས་སུ་གསོལ།། ཕས་ཀྱི་རྒལ་བས་མི་བསྐྱོད་ཅིང་། རྣམ་ཐར་ལ་སོགས་སྨན་ཆགས་ཅན།། སློབ་དང་མི་སློབ་རི་དགས་གཏམ།། ཐུབ་པ་རི་བོ་གཤེགས་སུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་གདུགས་ཆོད་བབ་པར་མཁྱེན་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ།། དགེ་སློང་དག་གསང་བ་པའི་བདག་པོས་གདུགས་ཚོང་བབ་ཀྱིས། རློམ་གོས་གྱོན་ལ་ལྷུང་བཟེད་ཐོགས་ཤིང་ཞག་བདུན་བྱིན་གྱིས་བརླབས་པ་བྱིན་གྱིས་རློབས་ལ་གཙུག་ལག་ཁང་སྐྱོང་སྐས་ཤིག། དེ་ན་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་གང་དག་རྫུ་འཕྲུལ་དང་ལྡན་པ་དེ་དག་ནི་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་བར་སྣང་ལས་དོང་ངོ་། ། གང་དག་རྫུ་འཕྲུལ་དང་ལྡན་པ་མ་ཡིན་པ་དེ་དག་ནི་དེ་བཞིན་གཤེགས་པའི་འོད་ཀྱི་དཀྱིལ་འཁོར་གྱི་ཁྲད་དུ་ཞུགས་ནས། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་ནམ་མཁའི་དཀྱིལ་གྱི་ལམ་ནས་དོང་ངོ་།། དེ་ནས་བཅོམ་ལྡན་འདས་བྱ་རྒོད་ཀྱི་ཕུང་པོའི་རི་ལས་མི་སྣང་བར་གྱུར་ནས། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ནི་བསྐོར། ཉན་ཐོས་ཀྱི་ཚོགས་ཀྱིས་ནི་མདུན་དུ་བདར། ལྷའི་ཚོགས་ཀྱིས་ནི་མངོན་པར་བསྟོད། ལྷའི་བུ་མོ་རྣམས་གླུ་དབྱངས་ལེན། འོད་ཟེར་ནི་འགྱེད་མེ་ཏོག་གི་ཆར་ནི་འབེབས། རོལ་མོ་སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ནི་ལེན། ཞིང་རྣམས་ནི་གཡོ་བར་མཛད་ཅིང་། སངས་རྒྱས་ཀྱི་མཐུ་ཆེན་པོ་དང་། སངས་རྒྱས་ཀྱི་རྫུ་འཕྲུལ་ཆེན་པོ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོ་འཕྲུལ་ཆེན་པོ་དང་། སངས་རྒྱས་ཀྱི་དཔལ་ཆེན་པོ་དང་། སངས་རྒྱས་ཀྱི་གཟི་བརྗིད་ཆེན་པོ་དང་། སངས་རྒྱས་ཀྱི་སྤྱོད་ལམ་ཆེན་པོ་དང་། སངས་རྒྱས་ཀྱི་རྣམ་པར་རོལ་པ་ཆེན་པོས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་ག་ལ་བ་དེར་ནམ་མཁའ་དཀྱིལ་གྱི་ལམ་ནས་ངང་པའི་རྒྱལ་པོ་བཞིན་དུ་ཐོགས་པ་མེད་པར་གཤེགས་པ་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་གིས། བཅོམ་ལྡན་འདས་ནམ་མཁའི་དཀྱིལ་གྱི་ལམ་ནས། ངང་པའི་རྒྱལ་པོ་ལྟར་ཐོགས་པ་མི་མངའ། ཉི་མའི་དཀྱིལ་འཁོར་འཆར་བ་ནི་འདྲ། ཟླ་བ་ཉེ་བའི་དཀྱིལ་འཁོར་སྐར་མའི་ཚོགས་ཀྱིས་བསྐོར་བ་དང་ནི་མཚུངས། ལྷའི་དབང་པོ་བརྒྱ་བྱིན་ལྟར་ལྷའི་ཚོགས་ཀྱིས་ནི་བསྐོར། ཚངས་པ་ཆེན་པོ་ལྟར་ཚངས་པའི་ཚོགས་ཀྱིས་བསྐོར་ཅིང་གཤེགས་པར་རྒྱང་རིང་པོ་ནས་མཐོང་ངོ་། ། མཐོང་ནས་ཀྱང་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར། ལྷའི་མེ་ཏོག་ཨུཏྤ་ལ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོ་དང་། མན་ད་ར་བ་དང་། མན་ད་ར་བ་ཆེན་པ་དང་། ཡོངས་སུ་འདུ་དང་། ཡོངས་སུ་འདུ་ཆེན་པོ་དང་། མན་ཛུ་ཤ་ཀ་དང་། མན་ཛུ་ཤ་ཀ་ཆེན་པོ་དང་། སྠ་ལ་དང་། སྦ་ལ་ཆེན་པོ་དང་། མདོག་མཛེས་དང་། མདོག་མཛེས་ཆེན་པོ་དང་། འཁོར་ལོ་དང་། འཁོར་ལོ་ཆེན་དང་། དྲི་ཞིམ་དང་། པདྨ་འདབ་བརྒྱད་དང་། འདབ་སྟོང་དང་། སྐར་འོད་དང་། སྐར་མ་དགའ་དང་། ཀུན་ཏུ་བསྲུང་དང་། བསུང་རྟག་དང་། རྟག་ཏུ་མེ་རྟོ་ཆགས་དང་། མིག་ཏུ་སྡུག་པ་དེ་དག་དང་། མེ་ཏོག་གཞན་དག་གིས་ཀྱང་། བཅོམ་ལྡན་འདས་ལ་མངོན་པར་གཏོར་རོ།། གདུགས་དང་། རྒྱལ་མཚན་དང་། དན་དག་ཀྱང་བསྒྲེང་ངོ་།། རོལ་མོ་སིལ་སྙན་བརྒྱ་སྟོང་ཡང་ལེན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀོད་པ་རྣམ་པ་དེ་ལྟ་བུ་མེ་ཏོག་གི་ཆར་འབེབས་པ་དང་སྤོས་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་གྱི་ཆར་འབེབས་པ་དང་། སིལ་སྙན་དང་གླུ་དབྱངས་དང་། རོལ་མོའི་སྒྲ་དང་། ལྷའི་བུ་མོ་བརྒྱ་སྟོང་གླུ་ལེན་པ་དག་དང་། སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་དུ་བྱོན་ཏེ། བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་འདུན་ཁང་དུ་བཞུགས་སོ།། བཅོམ་ལྡན་འདས་ས་ལ་བཞུགས་མ་ཐག་ཏུ། དེ་ནས་དེའི་ཆོས་ཆེན་པོ་དལ་ཞིང་མི་དྲག་ལ་སེམས་ཅན་ཐམས་ཅད་ལ་མི་གནོད་པར་གཡོས་པར་གྱུར་ཏོ།། དེ་ནས་རྒྱལ་པོ་ཆེན་པོ་བཞིས། བཅོམ་ལྡན་འདས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་དུ་བྱོན་པར་རིག་ནས། མྱུར་བ་མྱུར་བར་ལ་གར་དུ་བཙུན་མོའི་འཁོར་དང་བཅས་གཉེར་གྱི་འཁོར་དང་བཅས་ཏེ་མེ་ཏོག་དང་། སྤོས་དང་། འཕྲེང་བ་དང་། བྱུག་པ་ཐོགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མག་ཟས་ཕྱག་འཚལ་ཏེ། ཇི་ལྟར་ཐོགས་ཐོགས་པའི་མེ་ཏོག་དང་། སྤོས་དང་། འཕྲེང་བ་དང་། བྱུག་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་དོ།། བཙུན་མོའི་འཁོར་དང་། དཔུང་གི་ཚོགས་དང་། འཁོར་འདུས་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས་ཀྱང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་བདུད་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལས་བརྩམས་ཏེ། འབར་དེ་ལྟར་འདུས་པ་དེ་དག་པ། དེ་ཀུ་ཆུའི་གཏས་ཀྱི་སྦྱང་བ་མཛད་པས། ཀླུ་དང་། གནོད་སྦྱིན་དང་། དྲིབ་དང་། ཐུལ་བུས་དང་། ཟིན་པའི་འཁར་དེའི་ནང་ན་ས་ཐོག་ཆགས་ཏས་སྟོང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། རྒྱལ་པོ་ཆེན་པོ་དེ་དག་གི་བཙུན་མོའི་འཁོར་གྱི་ནང་ནས་བུད་མེད་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་བཙུན་མོའི་འཁོར་དང་བཅས། གཉེན་གྱི་གཡོག་འཁོར་དང་བཅས་ཤིང་འཁོར་དང་ཡོན་ཏན་མཐའ་ཡས་བཀོད་པའི་གཡོག་འཁོར་དང་བཅས་ཏེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་རྒྱལ་མཚན་དང་། བ་དན་ཐམས་ཅད་ཐོགས་ཤིང་སིལ་སྙན་དང་། ཕེག་རྡོབ་པ་དང་། རོལ་མོའི་སྒྲ་འབྱིན་པ་རྣམས་དང་ལྷན་ཅིག་ཏུ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་འདུན་ཁང་གཱ་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་བདུན་བསྐོར་བ་བྱས་ནས། ཇི་ལྟར་ཐོགས་ཐོགས་པའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ་སིལ་སྙན་དང་རོལ་མོ་བྱས་ནས། བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། དགེ་སློང་གི་དགེ་འདུན་དང་བཅས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པར་ལྷན་ཅིག་ཏུ་རང་གི་འཁོར་གྱི་ཁྱམས་སུ་སྤྱན་དྲངས་སོ། ། དེ་ནས་བཅོམ་ལྡན་འདས་འཁོར་གྱི་ཁྱམས་དེར་ས་ལ་མི་རྟེན་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཉིད་ཀྱིས་སེང་གེའི་གདན་ཇི་ལྟ་བཤམས་པ་ལ་བཞུགས་སོ། ། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཆེན་པོ་དེ་དག་ཐམས་ཅད་དང་ལྡན་པའི་འཁོར་ཀྱང་སྟན་ཅི་རིགས་པ་དག་ལ་འཁོད་དོ། ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་དང་ལྷའི་འཁོར་ཆེན་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ། ། ཁྱེད་དེ་བཞིན་གཤེགས་པ་ལ་བསུ་བགྱིས་ཤིག། མཆོད་པ་དང་རིམ་གྲོ་གྱིས་ཤིག། དེ་བཞིན་གཤེགས་པས་ཀྱང་། དེ་ལ་གང་དག་ཡི་རངས་དང་།། ཞལ་ཏིར་བྱ་བ་བྱེད་པ་ནི།། དེ་དག་བསོད་ནམས་སྐལ་བ་ཅན།། དེ་དག་ཡན་ཏན་ཆུང་བ་མིན།། ཞེས་བཀའ་སྩལ་གྱིས། དེ་ལ་གྲོགས་པ་དག་ཁྱེད་ཀྱིས་རྗེས་སུ་ཡི་རང་བ་དང་ལྡན་པ་དང་། ཞལ་ཏ་བྱ་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ལོང་ཞིག། དེ་ནས་ལྷའི་བུ་དེ་དག་གིས་འཁོར་གྱི་ཁྱམས་བཀོད་པ་དེ་དང་སེང་གེའི་ཁྲི་བཀོད་པའང་མཐོང་ངོ་། ། དེ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། འདི་དེ་བཞིན་གཤེགས་པའི་མཐུ་འམ། འོན་ཏེ་གསང་བ་པའི་བདག་པོའི་འམ། སུའི་ཡིན་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་དང་། དེ་དག་གིས་བར་སྣང་ལས་འདི་ནི་གསང་བ་པའི་བདག་པོའི་བྱིན་གྱི་རླབས་ཡིན་ཏེ། གྲོགས་པོ་དག་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་པོ་ཆེན་པོ་ཆེ་མཐའ་ཡས་པ་བཀོད་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་བཀོད་པ་ཆེན་པོའི་རྒྱལ་པོ་ཞེས་བྱ་བ་ཆོས་སྟོན་པ་དེར། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བཀོད་པ་རྣམས་འདི་ལྟ་བུ་མཐོང་ནས། གསང་བ་པབའི་བདག་པོས་བཀོད་པ་དེ་ཉིད་འཁོར་གྱི་ཁྱམས་འདིར་བྱིན་གྱིས་བརླབས་སོ་ཞེས་སྒྲ་ཐོས་སོ། ། བཅོམ་ལྡན་འདས་སེང་གེའི་གདན་དེ་ལ་བཞུགས་མ་ཐག་ཏུ། དེ་ནས་དེའི་ཚེ་ལུང་ལོ་ཅན་གྱི་ཕོ་བྲང་འཁོར་ན་གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། དྲི་ཟ་དང་། གསང་བ་པ་དང་། ལྟོ་འཕྱེ་ཆེན་པོ་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྲག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདུད་དོ། ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས། རྒྱལ་པོ་ཆེན་པོ་བཞི་དང་། ཐམས་ཅད་དང་ལྡན་པའི་འཁོར་ལ་སྨྲས་པ། ཁྱེད་ཐམས་ཅད་ལྷན་ཅིག་ཏུ་འདུས་ལ་ལྷན་ཅིག་ཏུ་ཚུར་ཤོག། ཇི་ལྟར་བཤམས་པའི་ཞལ་ཟས་བཅོམ་ལྡན་འདས་ལ་གསོལ་ཅིག། དེ་ནས་གསང་བ་པོའི་བདག་པོ་ལག་ན་རྡོ་རྗེས་བཙུན་མོའི་འཁོར་དང་བཅས། གཉེན་གྱི་འཁོར་དང་བཅས། བུ་དང་བཅས། དཔུང་དང་བཅས། གཡོག་འཁོར་དང་བཅས་ཏེ། རང་གི་ལག་ནས་གུས་པར་བསྟི་སྟང་དུ་བྱས་ཏེ། བཟའ་བ་དང་བཅའ་བ་བསོད་པ་མང་པོ་རོ་བྲོ་བ་མང་པོ་དུ་མ་དང་ལྡན་པ། བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པས་ཡོངས་སུ་དག་པ་དེ་བཞིན་གཤེགས་པ་ལ་མཆོད་པར་འོས་པའི་ཞལ་ཟས་ཀྱིས། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། དགེ་སློང་གི་དགེ་འདུན་དང་བཅས་པ་ལ་བསྟབས་ཏེ་ཚིམ་པར་བྱས་སོ།། བསྟབས་ཏེ་ཚིམ་པར་བྱས་ནས་ལྷུང་བཟེད་བཀྲུས་ཏེ། བཅོམ་ལྡན་འདས་ཕྱག་བཅབས་པར་རིག་ནས། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ།། ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་ན་འཁོད་པའི་གནོད་སྦྱིན་དང་། སྲིན་པོ་གང་ཡིན་པ་དེ་དག་ཀྱང་འདུས་ནས། བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟས་ཏེ། ཐལ་མོ་སྦྱར་ནས་ཕྱག་འཚལ་ཏེ་འཁོད་པར་གྱུར་ཏོ།། ལྕང་ལོ་ཅན་དུ་གཤེགས་ནས་བཤོས་གསོལ་བའི་ལེའུ་ཞེས་བྱ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་གསང་བ་པའི་བདག་པོ་ལོག་ན་རྡོ་རྗེས་ཆོས་མཉན་པའི་ཕྱིར། བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། ཅི་ནས་བྱང་ཆུབ་ཏུ་སེམས་མ་བསྐྱེད་པའི་སེམས་ཅན་རྣམས་བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུར་བ་དང་། ཕྱིར་མི་ལྡོག་པ་ལ་གནས་པར་འགྱུར་བ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཤ་ཟ་དང་། དྲི་ཟ་དང་། གསང་བ་པ་དང་། ལྟོ་འཕྱེ་ཆེན་པོའི་འཁོར་འདིའི་ཡུན་རིང་པོའི་དོན་དང་། སྨན་པ་དང་བདེ་བ་དང་། གྲུབ་པ་དང་། བདེ་བར་འགྱུར་བ་དང་། ཁྱད་པར་གྱི་ཁྱད་པར་དུ་མངོན་པར་དུ་འཕགས་པར་འགྱུར་བ་དང་། ཉམས་པའི་ཆ་ཅན་དུ་མི་འགྱུར་བར་དེ་ལྟར་ཆོས་ཀྱི་ཚུལ་ལ་འཇུག་པ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་ལ་བཀའ་སྩལ་པ། གྲོགས་པོ་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་བཤད་པར་བྱ་སྟེ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་གང་ལ་ཞུགས་ན། ཁྱད་པར་དུ་མངོན་པར་འཕགས་པར་འགྱུར་ཞིང་། ཉམས་པའི་ཆ་ཅན་དུ་མི་འགྱུར་བའི་ཆོས་ཀྱི་ཚུལ་ཁྱེད་ལ་བསྟན་པར་བྱའོ།། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེས། བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང་། བཅོམ་ལྡན་འདས་ཀྱིས། དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། གྲོགས་པོ་དག་འདི་ལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་བསམ་པ་ཐག་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ཁསྐྱེད་དེ་དད་པ་ཡིན། དང་བ་མང་ཞིང་འཕགས་པ་རྣམས་ལ་ལྟ་འདོད་པ་དང་། དམ་པའི་ཆོས་མཉན་པར་འདོད་པ་དང་། སེར་སྣ་མེད་པར་བཏང་བ་གཏོང་བ་དང་། ལག་བརྐྱང་སྟེ་གཏོང་བ་ལ་དགའ་བ་དང་། མཆོད་སྦྱིན་བྱེད་པའི་ངང་ཅན་དང་། གཏོང་བ་ཕུན་སུམ་ཚོགས་པ་དང་། སྦྱིན་པ་འགྱེད་པ་ལ་དགའ་བ་དང་། ཁོང་ཁྲོ་བ་མེད་པའི་སེམས་དང་ལྡན་པ་དང་། རྙོག་པ་མེད་པའི་སེམས་དང་ལྡན་པ་དང་། དེ་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང་། མོས་པ་དང་། རྟོགས་པ་དང་། སོམ་ཉི་མེད་ལ་ཐེ་ཙམ་མི་ཟ་ཞིང་། ཡིད་གཉིས་མི་ཟ་བ་ཡིན། དེ་དཀར་པོ་དང་ནག་པོའི་ལས་རྣམས་ཀྱི་རྣམ་པར་སྨིན་པ་ཆུད་མི་ཟ་བར་རིག་ནས། སྲོག་གི་ཕྱིར་ཡང་མི་བྱ་བ་མི་བྱེད་དོ། དེ་སྲོག་གཅོད་པ་སྤངས་པ་ཡིན། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་རྩུབ་པོ་དང་། ཚིག་བཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྤངས་པ་ཡིན་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་མི་དམིགས་བས་ནོ། ། ད་དང་པར་གྱུར་ནས་དགེ་སྲུང་བ། བྲམ་པ་གང་དག་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་དང་། ཚུལ་ཁྲིམས་དང་ལྡན་པ་དང་ཏན་དང་ལྡན་པ་དང་། ངེས་པ་དང་། དགེ་བའི་ཆོས་ཅན་དང་། མང་དུ་ཐོས་པ་དང་། ཐོས་པ་ལ་མངོན་པར་བརྩོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་རབ་ཏུ་བརྩོན་པ་དང་། ཞི་བ་དང་། དུལ་བ་དང་། ཉེ་བར་ཞི་བ་དང་། ངོ་ཟློགས་ཕོད་པར་སྨྲ་ཞིང་གཙམ་བུར་མི་སྨྲ་བ་དང་། དགེ་བའི་བསམ་པ་ཅན་དང་། མི་དགེ་བའི་ཆོས་ཡོངས་སུ་སྤོང་བ་དང་། མི་རྒོད་པ་དང་། མ་ཁེངས་པ་དང་། མུ་ཅོར་སྨྲ་བ་མ་ཡིན་པ་དང་། ཚིག་མ་འཆལ་བ་དང་། དྲན་པ་ཉེ་བར་གནས་པ་དང་། ཤིན་ཏུ་མཉམ་པར་གཞག་པའི་སེམས་དང་ལྡན་པ་དང་། སྲིད་པའི་ཚུལ་བཅད་པ་དང་། ཟུག་རྔུ་ཕྱུང་བ་དང་། ཁུར་བོར་བ་དང་། སོམ་ཉི་ལས་ངེས་པར་བརྒལ་བ་དང་ཐེ་ཚོམ་ལས་བརྒལ་བ་དང་། ཡང་སྲིད་པ་ལས་བརྒལ་བ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་ཉན་ཐོས་དགེ་སྦྱོང་དང་། བྲམ་ཟེ་རྣམ་པ་དེ་ལྟ་བུ་ལ་དགེ་བའི་བཤེས་གཉེན་དུ་རིག་ནས་བསྟན་ཏོ། ། བསྙེན་ཏེ།། བསྙེན་བཀུར་བྱེད་དོ།། མཉེས་པར་བྱེད་ཅིང་། མི་མཉེས་པར་མི་བྱེད་ལ། དགྱེས་པར་བྱེད་དེ། དེས་དགེ་བའི་བཤེས་གཉེན་དེ་དག་མཉེས་པར་བྱས་པས། ཆོས་ཀྱི་གཏམ་གྱིས་ཡང་དག་པར་སྟོན། ཡང་དག་པར་འཛིན་དུ་འཇུག། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་དེ། སྦྱིན་པས་ནི་ལོངས་སྤྱོད་ཆེན་པོར་འགྱུར་བར་ཡང་དག་པར་སྟོན། ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་སུ་སྐྱེ་བ་དང་། ས་པས་ནི་ཤེས་རབ་ཆེན་པོར་འགྱུར་བ་དང་། སྒོམ་པས་ནི་འབྲལ་བར་འགྱུར་བར་ཡང་དག་པར་སྟོན་ཏོ།། འདི་ནི་སྦྱིན་པའོ།། འདི་ནི་སྦྱིན་པའི་རྣམ་པར་སྨིན་པའོ།། འདི་ནི་སེར་སྣའོ། ། འདི་ནི་སེར་སྣའི་རྣམ་པར་སྨིན་པའོ།། འདི་ནི་ཚུལ་ཁྲིམས་སོ།། འདི་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨོན་པའོ།། དེ་ནི་བཟོད་པའོ།། འདི་ནི་བཟོད་པའི་རྣམ་པར་སྨིན་པའོ། ། འདི་ནི་བརྩོན་འགྲུས་སོ།། འདི་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ།། འདི་ནི་བསམ་གཏན་ནོ།། འདི་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ།། འདི་ནི་ཤེས་རབ་བོ། ། འདི་ནི་ཤེས་རབ་ཀྱི་རྣམ་པར་སྨིན་པའོ།། འདི་ནི་འཆལ་པའི་ཤེས་རབ་བོ།། འདི་ནི་འཆལ་པའི་ཤེས་རབ་ཀྱི་རྣམ་པར་སྨིན་པའོ།། འདི་ནི་ལུས་ཀྱི་ལེགས་པར་སྤྱད་པའོ། ། འདི་ནི་ལུས་ཀྱི་ལེགས་པར་སྤྱད་པའི་རྣམ་པར་སྨིན་པའོ།། འདི་ནི་ལུས་ཀྱི་ཉེས་པར་སྤྱད་པའོ།། འདི་ནི་ལུས་ཀྱི་ཉེས་པར་སྤྱད་པའི་རྣམ་པར་སྨིན་པའོ།། འདི་ནི་ངག་གི་ལེགས་པར་སྤྱད་པའོ།། འོད་ནི་ངག་གི་ལེགས་པར་སྤྱད་པའི་རྣམ་པར་སྨིན་པའོ།། འོད་ནི་ངག་གི་ཉེས་པར་སྤྱད་པའོ།། འདི་ནི་ངག་གི་ཉེས་པར་སྤྱད་པའི་རྣམ་བར་སྨིན་པའོ། ། འདི་ནི་ཡིད་ཀྱི་ལེགས་པར་སྤྱད་པའོ།། འདི་ནི་ཡིད་ཀྱི་ལེགས་པར་སྤྱད་པའི་རྣམ་པར་སྨིན་པའོ།། འདི་ནི་ཡིད་ཀྱི་ཉེས་པར་སྤྱད་པའོ།། འདོན་ཡིད་ཉེས་པར་སྤྱད་པའི་རྣམ་པར་སྨིན་པའོ། ། འདི་ནི་དགེ་བའོ།། འདི་ནི་མི་དགེ་བའོ།། འདི་ནི་བྱ་བའོ།། འདི་ནི་བྱ་བ་མ་ཡིན་པའོ།། འདི་ནི་བྱས་ན་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བ་དང་། གྲུབ་པ་དང་། བདེ་བར་འགྱུར་རོ་ཞེས་དེ་ལྟར་དགེ་བའི་ཤྭེ་གཉེན་དེ་དག་ཆོས་ཀྱི་གཏམ་གྱིས་ཡང་དག་པར་སྟོན། ཡང་དག་པར་འཛིན་དུ་འཇུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་དོ།། དེ་ནས་དེ་དག་སྣོད་དུ་རུང་བ་མཁྱེན་ནས། ཟབ་མོའི་གཏམ་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་གཏམ་དང་། མཚན་མ་མེད་པའི་གཏམ་དང་། སྨོན་པ་མེད་པའི་གཏམ་དང་། མངོན་པར་འདུ་བྱེད་པ་མེད་པའི་གཏམ་དང་། མ་སྐྱེས་པའི་གཏམ་དང་། མ་བྱུང་བའི་གཏམ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པའི་གཏམ་རབ་ཏུ་སྟོན་ཏོ།། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་གཏམ་འདི་ལྟ་སྟེ། འདི་ཡོད་པའི་ཕྱིར་འདི་འབྱུང་། འདི་མེད་པའི་ཕྱིར་འདི་མི་འབྱུང་། འདི་ཡོད་པའི་ཕྱིར་འདི་སྐྱེ། འདི་མེད་པའི་ཕྱིར་འདི་འགག་པ་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་རྣམས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ།། འདི་མེད་པའི་ཕྱིར་འདི་མི་འབྱུང་། འདི་འགག་པས་འདི་འགག་སྟེ། འདི་ལྟར་མ་རིག་པ་འགགས་པས་འདུ་བྱེད་འགག། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག། རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག། མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག། སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག། རེག་པ་འགགས་པས་ཚོར་བ་འགག། ཚོར་བ་འགགས་པས་སྲེད་པ་འགག། སྲེད་པ་འགགས་པས་ལེན་པ་འགག། ལེན་པ་འགགས་པས་སྲིད་པ་འགག། སྲིད་པ་འགགས་པ་སྐྱེ་བ་འགག། སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འགག་པར་འགྱུར་རོ། ། དེ་ལ་དོན་དམ་པར་ན་འབྱུང་བ་འམ། འགག་པའི་ཆོས་གང་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། བདག་པོ་མེད་པ། བྱེད་པ་པོ་མེད་པ། ཚོར་བ་པོ་མེད་པ། རྒྱུ་དང་རྐྱེན་ལས་བྱུང་བའོ།། འདི་ལ་འཇུག་པ་འམ། ལྡོག་པ་འམ། རྗེས་སུ་འཇུག་པའི་ཆོས་གང་ཡང་མེད་དེ། གཞན་དུ་ན་ཡང་དག་པ་མ་ཡིན་པ། ཀུན་ཏུ་གཏི་མུག་པས་ཁམས་གསུམ་པ་འདོགས་པར་འགྱུར་ཏེ། ཉོན་མོངས་པའི་རྗེས་སུ་འཇུག་པ་དང་། ལས་ཀྱི་རྗེས་སུ་འཇུག་པ་དང་། སྡུག་བསྔལ་གྱི་རྗེས་སུ་འཇུག་པའི་འདོགས་པ་འབྱུང་བ་ནི་མ་གཏོགས་སོ།། ཡང་དག་པ་མ་ཡིན་པ་ཀུན་ཏུ་གཏི་མུག་པ་དེའང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་ཆོས་གང་ཡང་ཆོས་གང་གི་བྱེད་པ་པོར་འགྱུར་བ་མེད་དེ། གང་ལ་བྱེད་པ་པོ་མི་དམིགས་པ་དེ་ལ་འཇུག་པ་མེད། ལྡོག་པ་མེད་དོ་ཞེས་བརྗོད་པར་བྱའོ།། དེ་ཆོས་ཟབ་མོའི་གཏམ་དེ་ལྟ་བུ་ཐོས་ནས་སོམ་ཉི་མེད་དོ། ། ཐེ་ཚོམ་མི་ཟའོ།། ཆོས་ཐམས་ཅད་ལ་ཆགས་པ་མེད་པར་འཇུག་སྟེ། དེ་གཟུགས་ལ་མི་ཆགས་སོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་ཆགས་སོ།། དེ་མིང་དང་གཟུགས་དང་། མིག་གི་རྣམ་པར་ཤེས་པ་ལ་མི་ཆགས་སོ།། རྣ་བ་དང་། དང་། ལྕེ་དང་། ལུས་དང་། ཡིད་དང་། ཆོས་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལ་མི་ཆགས་སོ།། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པར་ཡིད་ཆེས་སོ། ། གྲོགས་པོ་དག་དེ་ལྟར་དད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་མཐོང་བ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ།། དམ་པའི་ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱེད་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ།། དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར་སངས་རྒྱས་མཐོང་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱ་བ་དང་བྲལ་བར་མི་འགྱུར་རོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱན་སྔར་སྐྱེ་བར་འགྱུར་རོ།། དེར་སྐྱེས་ནས་ཀྱང་བརྩོན་འགྲུས་བརྩམས་པར་འགྱུར། དགེ་བའི་ཆོས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་པར་འགྱུར་རོ།། དེ་བརྩོན་འགྲུས་བརྩམས་པས་ཁྱིམ་གྱི་གནས་དོན་དུ་གཉེར་བར་མི་འགྱུར་རོ།། ཆུང་མ་དང་མོ་དང་། བྲན་པོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་ཡོངས་སུ་འཛིན་པས་ཡོངས་སུ་སྤྱོད་པ་དོན་དུ་གཉེར་བར་མི་འགྱུར་བ་སྟེ། དེ་ན་ཚད་གཞོན་ནུར་རྣམ་པར་རྩེ་བ་ལ་མི་དགའ་བས། ན་ཚོད་མཛེས་པ་ལ་བབ་པའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་དད་པས་ཁྱིམ་ནས་ཁྱིམ་མེད་པར་མྱུར་དུ་རབ་ཏུ་འབྱུང་།། ངོ་།། དེ་དད་པས་རབ་ཏུ་བྱུང་ནས། དགེ་བའི་བཤེས་གཉེན་རྣམས་དང་། དགེ་བའི་གྲོགས་པོ་དགེ་བ་ཐོབ་པར་བྱེད་པ་རྣམས་དང་། དགེ་བའི་བསམ་པ་ཐོབ་བོ།། དེ་དགེ་བའི་བསམ་པ་དང་ལྡན་པས། དགེ་བའི་ཆོས་རྣམས་ཉན་ཏོ།། སྒྲུབ་པ་སྙིང་པོར་བྱེད་ཀྱི། ཚིག་ལྷུར་ལེན་པའི་བློ་དང་ལྡན་པ་མ་ཡིན་ནོ།། མང་དུ་ཐོས་པ་ཡོངས་སུ་བཙལ་བའི་ཕྱིར་བརྩོན་འགྲུས་བརྩམས་པའང་ཡིན་ཏེ། ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱང་ཟང་ཟིང་མེད་པའི་སེམས་ཀྱིས་ཐོབ་པ་དང་། བཀུར་སྟི་དང་ཚིགས་སུ་བཅད་པ་དག་ལ་མི་རེ་བར་གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་ཏོ། ། བདག་གི་ཚིག་གི་རྗེས་སུ་འབྲང་བར་གཞན་དག་ལ་ཆོས་མི་སྟོན་ཏོ།། ཇི་ལྟར་ཐོས་པ་དང་། ཇི་ལྟར་གནས་པ་དེ་བཞིན་དུ་གཞན་དག་ལ་ཆོས་སྟོན་ཏོ། ། ཆོས་ཉན་པ་རྣམས་ལ་ནི་བྱམས་པ་ཆེན་པོ་འཐོབ་བོ།། སེམས་ཅན་ཐམས་ཅད་ལ་ནི་སྙིང་རྗེ་ཆེན་པོ་སྐྱེད་དོ།། དེ་མང་དུ་ཐོས་པར་གྱུར་པས་ལུས་དང་སྲོག་ལ་མི་ལྟ་བ་ཡིན། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། རབ་ཏུ་དབེན་པ་དང་། མགུ་སླ་བ་དང་། གས་སླ་བ་དང་། དགོན་པ་དང་། བས་མཐར་མངོན་པར་དགའ་བ་ཡིན། ཇི་ལྟར་ཐོས་བའི་ཆོས་རྣམས་ཀྱི་དོན་ལ་ཡོངས་སུ་རྟོག་པ་ཡིན་ནོ། ། དོན་ལ་སྟོན་པ་ཡིན་ཏེ། ཚིག་འབྲུ་ལ་ནི་སྟོན་པ་མ་ཡིན་ནོ།། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་སྟོན་པར་གྱུར་པ་ཡིན། བདག་འབའ་ཞིག་གི་ཕྱིར་བརྩོན་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་བླ་ན་མེད་པའི་ཐེག་པ་ཆེན་པོ་འདི་ལྟ་སྟེ། ས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་ཚོལ་ལོ། ། བག་ཡོད་པ་ལྷུར་ལེན་པའང་ཡིན་ཏེ། དེ་ལ་བག་ཡོད་པ་གང་ཞེ་ན། འདི་ལྟ་སྟེ། དབང་པོ་སྡོམ་པའོ།། དེ་མིག་གིས་གཟུགས་རྣམས་མཐོང་ནས་མཚན་མར་འཛིན་ཅིང་། མངོན་རྟགས་སུ་མི་འཛིན་པ་ཡིན་ནོ།། དེ་གཟུགས་རྣམས་ཀྱི་རོ་མྱང་བ་དང་། ཉེས་དམིགས་དང་། འབྱུང་བའང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། ། དེ་བཞིན་དུ་རྣ་བས་སྒྲ་རྣམས་དང་། སྣས་དྲི་རྣམས་དང་། ལྕེས་རོ་རྣམས་དང་། ལུས་ཀྱིས་རེག་བྱ་རྣམས་དང་། ཡིད་ཀྱིས་ཆོས་རྣམས་ཤེས་ནས་མཚན་མར་མི་འཛིན་ཅིང་། མངོན་རྟགས་སུ་མི་འཛིན་པ་ཡིན་ཏེ། ཆོས་རྣམས་ཀྱི་རོ་མྱང་བ་དང་། ཉེས་དམིགས་དང་། འབྱུང་བའང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདི་བག་ཡོད་པ་ཞེས་བྱའོ། ། གཞན་ཡང་བག་ཡོད་པ་ནི་གང་རང་གི་སེམས་འདུལ་བ་དང་། གཞན་གྱི་སེམས་རྗེས་སུ་སྲུང་བ་དང་། ཉོན་མོངས་པ་ལ་དགའ་བ་སེལ་བ་དང་། ཆོས་ལ་དགའ་བའི་རྗེས་སུ་འཇུག་པ་དང་། འདོད་པ་ལ་རྣམ་པར་རྟོག་པ་དང་། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་རྣམས་ཀྱི་རྒྱུ་བ་མེད་པ་དང་། མི་དགེ་བའི་རྩ་བ་ཆགས་པ་དང་། ཞེ་སྡང་དང་། གཏི་མུག་གི་རྒྱུ་བ་མེད་པ་དང་། ལུས་ཀྱི་ཉེས་པར་སྤྱོད་པའི་རྒྱུ་བ་མེད་པ་དང་། ངག་གི་གཉིས་པར་སྤྱོད་པའི་རྒྱུ་བ་མེད་པ་དང་། ཡིད་ཀྱི་ཉེས་པར་སྤྱོད་པའི་རྒྱུ་བ་མེད་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་བ་མེད་པ་དང་། སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་ཀྱི་རྒྱུ་བ་མེད་པ་སྟེ། འདི་ནི་བག་ཡོད་པ་ཞེས་བྱའོ།། གྲོགས་པོ་དག་དེ་ལྟརན་བག་ཡོད་པར་ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ནི་དད་པ་དང་། བག་ཡོད་པ་དང་ལྡན་པ་ཡིན་ནོ།། གསང་བ་པའི་བདག་པོ་དད་པ་མང་བ་དང་། རྟག་ཏུ་མཐུན་པ་དང་། ཆོས་དོན་དུ་གཉེར་བ་དང་། ཆོས་འདོད་པར་བྱའོ།། གསང་བ་པའི་བདག་པོ་དད་པ་དང་ལྡན་པའི་སྐྱེས་བུ་གང་ཟག་ནི་འཇིག་རྟེན་ཕ་རོལ་ཏུ་ངན་འགྲོའི་འཇིག་པ་མེད་པ་ཡིན་ཏེ། དེའི་སེམས་ཉེས་པར་སྤྱོད་པ་ལ་མི་འགྲོའོ།། འཕགས་པ་རྣམས་ཀྱིས་བསྔགས་པར་འགྱུར་རོ།། གསང་བ་པའི་བདག་པོ་གཞན་ཡང་ཆོས་སྤྱོད་པ་ལ་གརྦྷ་པའི་སྐྱེས་བུ་གང་ཟག་ནི་ཆོས་དང་ལྡན་པར་འགྲོ་བ་ཡིན་ཏེ། སངས་རྒྱས་མཐོང་བ་རྣམས་མཉེས་པར་བྱེད་དོ།། འཕགས་པའི་ལམ་ལ་གནས་སོ།། ཆེ་བ་ཉིད་ཀྱང་འཐོབ་བོ།། གསང་བ་པའི་བདག་པོ་ཆེ་བ་ཉིད་ཐོབ་ནས། ཆེ་བ་ཉིད་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཐོབ་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་ཡོངས་སུ་རྫོགས་པར་བྱའོ། ། གསང་བ་པའི་བདག་པོ་གཞན་ཡང་བདེ་བ་ཐོབ་པར་འདོད་པའི་སྐྱེས་བུ་གང་ཟག་གིས་ཤིན་ཏུ་གྲུབ་པ་དང་། བདེ་བ་ཡོངས་སུ་མྱ་ངན་ལས་འདས་པ་ལ་བརྩོན་པར་བྱའོ། ། གསང་བ་པའི་བདག་པོ་སྔོན་གྱི་དགེ་བའི་རྩ་བ་རྣམས་ཀྱིས་འོངས་པའི་འཁོར་འདི་ཇི་ལྟར་ལྷང་ངེ་བ་ལ་ལྟོས། གསང་བ་པའི་བདག་པོ་དེ་ལ་དགེ་བའི་རྩ་བ་ལས་ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་ཤིན་ཏུ་བརྩོན་པར་བྱའོ། ། གསང་བ་པའི་བདག་པོ་ཇི་ལྟར་དགེ་བའི་རྩ་བ་ལས་ཡོངས་སུ་ཉམས་པར་མི་འགྱུར་ཞེ་ན། གསང་བ་པའི་བདག་པོ་བག་ཡོད་པར་གནས་པའི་ལྷ་དང་མི་རྣམས་ནི་དགེ་བའི་རྩེ་བ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། ། དེ་ལ་བག་ཡོད་པ་ནི་སེམས་རྗེས་སུ་སྲུང་བ་དང་། ཡུལ་འདོར་བ་དང་། འདོད་པ་ལ་དགའ་བ་རྣམ་པར་སྤོང་བ་དང་། ཆོས་ཀྱི་དགའ་བ་ལ་རྟེན་པ་དང་། འདོད་པ་ལ་རྣམ་པར་རྟོག་པ་དང་། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། རྣམ་པར་འཆེ་བའི་རྣམ་པར་རྟོག་པ་རྣམས་ཀྱི་རྒྱུ་བ་མེད་པ་དང་། མི་དགེ་བ་རྣམས་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་རྣམས་ཀྱི་རྒྱུ་བ་མེད་པ་དང་། ཆགས་པ་དང་། ཞེ་སྡང་དང་། གཏི་མུག་རྣམས་ཀྱི་རྒྱུ་བ་མེད་པ་དང་། ལུས་དང་། ངག་དང་། ཡིད་ཀྱི་གནས་ངན་ལེན་རྣམས་ཀྱི་རྒྱུ་བ་མེད་པ་ནས། ཉམས་པའི་ཆ་དང་མཐུན་པར་འགྱུར་བའི་ཆོས་ཐམས་ཅད་ཀྱི་བར་གྱི་རྒྱུ་བ་མེད་པ་སྟེ། འདི་ནི་བག་ཡོད་པ་ཞེས་བྱའོ།། གསང་བ་པའི་བདག་པོ་སུ་དད་པ་དང་ལྡན་ཞིང་བག་ཡོད་པ་དང་ལྡན་པ་དེས། བརྩོན་འགྲུས་གང་གགིས་བག་ཡོད་པར་བྱེད་པ་དང་། དད་པ་བྱེད་པའི་ཆོས་དེ་དག་ཡང་དག་པར་བསྒྲུབ་པར་འགྱུར་བའི་བརྩོན་འགྲུས་དང་ལྡན་པར་བྱའོ།། གསང་བ་པའི་བདག་པོ་སུ་དད་པ་དང་བརྩོན་འགྲུས་དང་ལྡན་པ་དེས་དྲན་པ་དང་ཤེས་བཞིན་ལ་བརྩོན་པར་བྱའོ། ། དྲན་པ་དང་ཤེས་བཞིན་དེས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཆུད་ཟ་བར་མི་འགྱུར་རོ།། གསང་བ་པའི་བདག་པོ་སུ་དད་པ་དང་། བག་ཡོད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཤེས་བཞིན་དང་ལྡན་པ་དེས་ཚུལ་བཞིན་དུ་སྦྱོར་བ་ལ་བརྩོན་པར་བྱའོ།། གསང་བ་པའི་བདག་པོ་ཚུལ་བཞིན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ནི་གང་ཡོད་པ་དེའང་རབ་ཏུ་ཤེས་སོ། ། གང་མེད་པ་དེའང་མེད་པ་རབ་ཏུ་ཤེས་སོ།། དེ་ལ་ཡོད་པ་ནི་གང་མེད་པ་ནི་གང་ཞེ་ན། ཡང་དག་པར་སྦྱོར་བ་དང་ལྡན་པ་ལ་ནི་འཕགས་པའི་རྣམ་པར་གྲོལ་བ་ཡོད་དོ།། འདི་ནི་ཡོད་པ་ཞེས་བྱའོ།། དེ་ལ་མེད་པ་གང་ཞེ་ན། ལོག་པར་སྦྱར་བ་དང་ལྡན་པ་ལན་འཕགས་པ་རྣས་པར་ཐུབ་པ་མ་དང་། ངན་མེང་པ#།། གཞན་ཡང་ལས་དང་ནམ་པ་སྦྱིན་པན་མ་ད།། གང་སྣང་དཱ་རྣམ་པར་། བ་དང་ལྡན་པ་ནི་མེད་དོ།། གཞན་ཡང་ཀུན་རྫོབ་ཏུ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་ཡང་ངོ་།། གང་མིག་ནས་ཡིད་ཀྱི་བར་དང་ལྡན་པ་ནི་མེད་དོ། ། གཞན་ཡང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པ་ལ་ནི་བྱང་ཆུབ་ཡོད་དོ།། ལེ་ལོ་ཅན་ལ་ནི་བྱང་ཆུབ་མེད་དོ།། ཕྱིན་ཅི་ལོག་ལས་བྱུང་བའི་ཕུང་པོ་ལྔ་དག་ནི་ཡོད་དོ། ། རྒྱུ་མེད་པ་ལས་ཆོས་འབྱུང་བ་ནི་མེད་དོ།། གཞན་ཡང་མི་རྟག་པ་དང་། སྡུག་བསྔལ་བ་དང་། འགྱུར་བའི་ཆོས་ཅན་གྱི་གཟུགས་ནི་ཡོད་དོ།། རྟག་པ་དང་། བརྟན་པ་དང་། ཟེར་ཟུག་དང་། མི་འགྱུར་བའི་ཆོས་ཅན་དང་། ཡང་དག་པར་དེ་བཞིན་ཉིད་དུ་གནས་པའི་གཟུགས་དེ་ནི་མེད་དོ།། དེ་བཞིན་དུ་མི་རྟག་པ་དང་། སྡུག་བསྔལ་བ་དང་། འགྱུར་བའི་ཆོས་ཅན་གྱི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཡོད་དོ།། རྟག་པ་དང་། བརྟན་པ་དང་། ཐར་ཟུག་དང་། མི་འགྱུར་བའི་ཆོས་ཅན་དང་། ཡང་དག་པར་དེ་བཞིན་ཉིད་དུ་གནས་པའི་རྣམ་པར་ཤེས་པ་དེ་ནི་མེད་དོ།། གཞན་ཡང་མ་རིག་པའི་རྐྱེན་གྱིས་དུ་བྱེད་ཞེས་བྱ་བ་དེ་དག་ནི་ཡོད་དོ། ། མ་རིག་པ་མེད་ན་འདུ་བྱེད་རྣམས་ཞེས་བྱ་བ་དེ་དག་མེད་དོ།། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་ཡོད་དོ།། འདུ་བྱེད་རྣམས་མེད་ན་རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་མེད་དོ། ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་དེ་ནི་ཡོད་དོ།། རྣམ་པར་ཤེས་པ་མེད་ན་མིང་དང་གཟུགས་ཞེས་བྱ་བ་དེ་ནི་མེད་དོ། ། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱ་བ་དེ་ནི་ཡོད་དོ།། མིང་དང་གཟུགས་མེད་ན་སྐྱེ་མཆེད་དྲུག་ཅེས་བྱ་བ་དེ་ནི་མེད་དོ།། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱ་བ་དེ་ནི་ཡོད་དོ། ། སྐྱེ་མཆེད་དྲུག་མེད་ན་རེག་པ་ཞེས་བྱ་བ་དེ་ནི་མེད་དོ།། རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བ་དེ་ནི་ཡོད་དོ།། རེག་པ་མེད་ན་ཚོར་བ་ཞེས་བྱ་བ་དེ་ནི་མེད་དོ། ། ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་དེ་ནི་ཡོད་དོ།། ཚོར་བ་མེད་ན་སྲེད་པ་ཞེས་བྱ་བ་དེ་ནི་མེད་དོ།། སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱ་བ་དེ་ནི་ཡོད་དོ། ། སྲེད་པ་མེད་ན་ལེན་པ་ཞེས་བྱ་བ་དེ་ནི་མེད་དོ།། ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱ་བ་དེ་ནི་ཡོད་དོ།། ལེན་པ་མེད་ན་སྲིད་པ་ཞེས་བྱ་བ་དེ་ནི་མེད་དོ།། སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་དེ་ནི་ཡོད་དོ། ། སྲིད་པ་མེད་ན་སྐྱེ་བ་ཞེས་བྱ་བ་དེ་ནི་མེད་དོ།། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ནི་ཡོད་དོ།། སྐྱེ་བ་མེད་ན་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་མེད་དོ།། གཞན་ཡང་སྦྱིན་པས་ལོངས་སྤྱོད་ཆེན་པོར་འགྱུར་བ་ནི་ཡོད་དོ།། སྦྱིན་པས་དབུལ་པོར་འགྱུར་ནི་མེད་དོ། ། ཚུལ་ཁྲིམས་ཀྱིས་མཐོ་རིས་སུ་སྐྱེ་བ་ནི་ཡོད་དོ།། ཚུལ་ཁྲིམས་ཀྱིས་ངན་སོང་དུ་སྐྱེ་བ་ནི་མེད་དོ།། ཐོས་པས་ཤེས་རབ་ཆེན་པོར་འགྱུར་བ་ནི་ཡོད་དོ།། རྫས་པས་ཤེས་རབ་འཆལ་པར་འགྱུར་བ་ནི་མེད་དོ། ། བསྒོམ་པས་འབྲལ་བར་འགྱུར་བ་ནི་ཡོད་དོ།། བསྒོམས་པས་འབྲལ་བར་མི་འགྱུར་བ་ནི་མེད་དོ།། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་ན་ཉོན་མོངས་པ་འབྱུང་བ་ནི་ཡོད་དོ། ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་བྲལ་ན་ཉོན་མོངས་པ་འབྱུང་བ་ནི་མེད་དོ།། མངོན་པའི་ང་རྒྱལ་ཅན་ལ་རྣ་ཀུན་ཤེས་པ་བརྡ་སྤྲོད་པ་མེད་དོ། ། མངོན་པའི་ང་རྒྱལ་མེད་པ་ལ་ནི་མྱ་ངན་ལས་འདས་པ་ཡོད་དོ།། གཞན་ཡང་ཐམས་ཅད་ཀྱི་རྗེས་སུ་སོང་བའི་སྟོང་པ་ཉིད་ནི་ཡོད་དོ།། ནང་གི་རྗེས་སུ་སོང་བའི་བདག་ནི་མེང་ངོ་། ། ཡེ་ཤེས་དང་ལྡན་པ་ལ་ནི་ཐར་པ་ཡོད་དོ།། ང་རྒྱལ་དང་ལྡན་པ་ལ་ནི་འབྱུང་བ་མེད་དོ།། བདག་གམ། སེམས་ཅན་ནམ། @་གམ། གང་ཟག་ཅེས་བྱ་བ་གང་ཡིན་པ་དེ་ནི་མེད་དོ།། གསང་བ་པའི་བདག་པོ་དེ་ལྟར་ན་བག་ཡོད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔས་འཇིག་རྟེན་ན་མཁས་པ་རྣམས་ལ་ཡོད་པར་གྲགས་པ་གང་ཡིན་པ་དེ་ནི་ཡོད་པར་རབ་ཏུ་ཤེས་སོ། ། འཇིག་རྟེན་ན་མཁས་པ་རྣམས་ལ་མེད་པར་གྲགས་པ་གང་ཡིན་པ་དེ་ནི་མེད་པར་རབ་ཏུ་ཤེས་སོ། ། དེ་ཡོད་དོ་ཞེས་ཐ་སྙད་འདོགས་པ་ལའང་མི་ཆགས་སོ།། མེད་དོ་ཞེས་ཐ་སྙད་འདོགས་པ་ལའང་མི་ཆགས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་ཡང་དག་པའི་དོན་རྗེས་སུ་རྟོགས་སོ། ། གསང་བ་པའི་བདག་པོ་དེ་ལ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མདོར་བསྡུས་ཏེ། ཆོས་ཀྱི་མདོ་བཞིར་རྣམ་པར་གཞག་གོ། ། བཞི་གང་ཞེ་ན། དགེ་སྦྱོང་དང་། བྲམ་ཟེ་རྟག་པར་སྨྲ་བ་རྣམས་དང་། ལྷ་ཚེ་རིང་པོ་རྟག་པར་འདུ་ཤེས་པ་རྣམས་ཀྱི་གཞོམ་པའི་ཕྱིར་འདུ་བྱེད་ཐམས་ཅད་མི་རྟག་གོ་ཞེས་བྱ་བ་དང་། ལྷ་དང་མི་བདེ་བར་འདུ་ཤེས་པ་རྣམས་ཀྱི་གཞོམ་པའི་ཕྱིར་འདུ་བྱེད་ཐམས་ཅད་སྡུག་བསྔལ་ལོ་ཞེས་བྱ་བ་དང་། མུ་སྟེགས་ཅན་བདག་ཏུ་སྨྲ་བ་རྣམས་ཀྱི་གཞོམ་པའི་ཕྱིར་ཆོས་ཐམས་ཅད་ལ་བདག་མེད་དོ་ཞེས་བྱ་བ་དང་། རྣམ་པར་རྟོག་པ་ལ་དཔྱོད་པ་མངོན་པའི་ང་རྒྱལ་ཅན་རྣམས་ཀྱི་གཞོམ་པའི་ཕྱིར་མྱ་ངན་ལས་འདས་པ་ནི་ང་ཞེས་བྱའོ།། གསང་བ་པའི་བདག་པོ་མི་རྟག་ཅེས་བྱ་བ་དེ་ནི་ཤིན་ཏུ་མི་རྟག་པའི་དོན་གྱི་ཚིག་བླ་དགས་སོ།། སྡུག་བསྔལ་ཞེས་བྱ་བ་དེ་ནི་སྨོན་པ་དང་བྲལ་བའི་ཚིག་བླ་དགས་སོ། ། བདག་མེད་ཅེས་བྱ་བ་དེ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་ཚིག་བླ་དགས་སོ།། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་དེ་ནི་མཚན་མ་མེད་པ་མངོན་དུ་བྱ་བའི་ཚིག་བླ་དགས་སོ།། གསང་བ་པའི་བདག་པོ་དེ་ལྟར་ན་ཆོས་ཐམས་ཅད་ལ་དེ་ལྟར་མོས་ཤིང་ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལས་མི་ཉམས་ཤིང་ཡོངས་སུ་ཉམས་པར་མི་འགྱུར་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་མྱུར་དུ་ཡོངས་སུ་རྫོགས་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ལ་འཇིག་རྟེན་སྐྱོང་བ་རྒྱལ་པོ་བཞིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རྒྱལ་པོ་ཆེན་པོ་བཞི་པོ་བདག་ཅག་འཇིག་རྟེན་སྐྱོང་བ་ཞེས་བགྱི་ན། བཅོམ་ལྡན་འདས་བདག་ཅག་གིས་ཇི་ལྟར་འཇིག་རྟེན་བསྐྱོང་བར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས། འཇིག་རྟེན་སྐྱོང་བ་རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གྲོགས་པོ་དག་ཁྱེད་ཀྱིས་ཆོས་ཀྱི་བྱ་བས་འཇིག་རྟེན་སྐྱོངས་ཤིག། དེ་ལ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ནི་འཇིག་རྟེན་སྐྱོང་བར་བྱེད་པའོ།། བཅུ་གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བ་དང་། རང་གི་ལོངས་སྤྱོད་ཀྱིས་ཆོག་པར་འཛིན་པ་དང་། གཞན་གྱི་ཆུང་མ་དག་ལ་མི་འཕྱོ་བ་དང་། ཆོས་སྤྱོད་པ་རྣམས་ལ་བདེན་པ་ཉིད་དང་། གཞན་གྱི་འཁོར་མི་འབྱེད་བ་དང་། ཟ་བའི་ཚིག་མེད་དེ་ཞེར་མི་འདེབས་པ་དང་། ཚིག་ཙམ་ཇི་ལྟ་བ་བཞིན་ཏེ་གཞན་ལ་མི་སླུ་བ་དང་། གཞན་གྱི་ལོངས་སྤྱོད་ལ་འདོད་པ་མེད་པ་དང་། གནོད་སེམས་ཉེ་བར་ཞི་བ་དང་། ལྟ་བ་ཡོངས་སུ་དག་ཅིང་ཡང་དག་པར་སོང་བ་སྟེ། གྲོགས་པོ་དག་དགེ་བ་བཅུའི་ལས་ཀྱི་ལམ་དེ་དག་ནི་འཇིག་རྟེན་སྐྱོང་བར་བྱེད་པའོ།། གྲོགས་པོ་དག་གཞན་ཡང་འཇིག་རྟེན་སྐྱོང་བར་བྱེད་པའི་ཆོས་བརྒྱད་དེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་དང་། བླ་མ་ལ་གུས་པ་དང་། ཐམས་ཅད་དུ་མཐུན་པར་འཛིན་པ་དང་། དྲང་བ་དང་། མཉེན་པ་དང་། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང་ལྡན་པ་དང་། སྡིག་པ་ཐམས་ཅད་མི་བྱེད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྡུད་པ་སྟེ། གྲོགས་པོ་དག་ཆོས་བརྒྱད་པོ་དེ་དག་ནི་འཇིག་རྟེན་སྐྱོང་བར་བྱེད་པའོ།། གྲོགས་པོ་དག་གཞན་ཡང་ཡང་དག་པར་མགུ་བར་བྱ་བའི་ཆོས་འཇིག་རྟེན་སྐྱོང་བར་བྱེད་པ་དྲུག་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། སྟོན་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་དང་། སེམས་ཅན་ཐམས་ཅད་བྱམས་པའི་ལུས་ཀྱི་ལས་འདི་ནི་ཡང་དག་པར་མགུ་བར་འགྱུར་བའི་ཆོས་དགའ་བར་བྱེད་པ་དང་། བླ་མར་བྱེད་པ་དང་། ཡིད་དུ་འོང་བར་བྱེད་པ་དང་། དགའ་བར་བྱ་བ་དང་། བླ་མར་བྱ་བ་དང་། གུས་པར་བྱ་བ་དང་། བསྒོམ་པ་དང་། བསྡུ་བ་དང་། ཏིང་ངེ་འཛིན་དུ་བྱ་བར་འགྱུར་བ་དང་པོའོ།། དེ་བཞིན་དུ་སྟོན་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་དང་། སེམས་ཅན་ཐམས་ཅད་ལ་བྱམས་པའི་ངག་དང་ཡིད་ཀྱི་ལས་འདི་ནི་ཡང་དག་པར་མགུ་བར་འགྱུར་བའི་ཆོས་དགའ་བར་བྱེད་པ་དང་། བླ་མར་བྱེད་པོ་དང་། ཡིད་དུ་འོང་བར་བྱེད་པ་དང་། དགའ་བར་བྱ་བ་དང་། བླ་མར་བྱ་བ་དང་། གུས་པར་བྱ་བ་དང་། བསྒོམ་པ་དང་། བསྡུ་བ་དང་། ཏིང་ངེ་འཛིན་དུ་བྱ་བར་འགྱུར་བ་གཉིས་པ་དང་གསུམ་པའོ།། རྙེད་པ་གང་དག་ཆོས་དང་མཐུན་པ། ཆོས་ཀྱིས་རྙེད་པ་ཐ་ན་ལྷུང་བཟེད་ཀྱི་ནང་དུ་ཆུད་པ་འམ། ལྷུང་བཟེད་པར་ག་ཏོགས་པ་དེ་ལྟ་བུའི་རྙེད་པ་དག་གིས་ཚངས་པ་མཚུངས་པར་སྤྱད་པ་མཁས་པ་རྣམས་དང་ལྷན་ཅིག་ཏུ་རྙེད་པ་མཐུན་པར་བྱའོ་སྙམ་པ་འདི་ནི་ཡང་དག་པར་མགུ་བར་འགྱུར་བའི་ཆོས་དགའ་བར་བྱེད་པ་དང་། བླ་མར་བྱེད་པ་དང་། ཡིད་དུ་འོང་བར་བྱེད་པ་དང་། དགའ་བར་བྱ་བ་དང་། བླ་མར་བྱ་བ་དང་། གུས་པར་བྱ་བ་དང་། བསྒོམ་པར་བྱ་བ་དང་། བསྡུ་བ་དང་། ཏིང་ངེ་འཛིན་དུ་བྱ་བར་འགྱུར་བ་བཞི་པའོ།། ཚུལ་ཁྲིམས་མ་ཉམས་པ། སྐྱོན་མེད་པ། འདྲེན་མ་མ་ཡིན་པ། སྲ་སྲ་མ་ཡིན་པ། རང་དབང་ཅན། མ་འབགས་པ། མཁས་པས་བསྔགས་པ། ཚངས་པ་མཚུངས་པར་སྤྱོད་པ། མཁས་པ་རྣམས་ཀྱིས་མ་སྨད་པ། གང་དག་ཡིན་པ་དེ་ལྟ་བུའི་ཚུལ་ཁྲིམས་རྣམས་ཀྱིས་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་དང་ལྷན་ཅིག་ཏུ་ཚུལ་ཁྲིམས་མཐུན་པར་བྱའོ་སྙམ་པ་འདི་ནི་ཡང་དག་པར་མགུ་བར་འགྱུར་བའི་ཆོས་དགའ་བར་བྱེད་པ་དང་། མགུ་བར་བྱེད་པ་དང་། བླ་མར་བྱེད་པ་དང་། ཡིད་དུ་འོང་བར་བྱེད་པ་དང་། དགའ་བར་བྱ་བ་དང་། བླ་མར་བྱ་བ་དང་། གུས་པར་བྱ་བ་དང་། བསྒོམ་པ་དང་། བསྡུ་བ་དང་། ཏིང་ངེ་འཛིན་དུ་བྱ་བར་འགྱུར་བ་ལྔ་པའོ། ། ལྟ་བ་གང་འཕགས་པ་ངེས་པར་འབྱུང་བ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བ་དང་། སྡུག་བ་སྔལ་མཐར་འབྱིན་པ་ངེས་པར་འབྱུང་བའི་ལྟ་བ་དེ་ལྟ་བུས་ཚངས་པ་མཚུངས་པར་སྤྱད་པ་རྣམས་དང་ལྷན་ཅིག་ཏུ་ལྟ་བ་མཐུན་པར་བྱའོ་སྙམ་པ་འདི་ནི་ཡང་དག་པར་མགུ་བར་འགྱུར་བའི་ཆོས་དགའ་བར་བྱེད་པ་དང་། བླ་མར་བྱེད་པ་དང་། ཡིད་དུ་འོང་བར་བྱེད་པ་དང་། དགའ་བར་བྱ་བ་དང་། བླ་མར་བྱ་བ་དང་། གུས་པར་བྱ་བ་དང་། བསྒོམ་པ་དང་བསྡུ་བ་དང་། ཏིང་ངེ་འཛིན་དུ་བྱ་བར་འགྱུར་བ་དྲུག་པ་སྟེ། གྲོགས་པོ་དག་ཡང་དག་པར་མགུ་བར་བྱ་བའི་ཆོས་དྲུག་པོ་དེ་དག་ནི་འཇིག་རྟེན་སྐྱོང་བར་བྱེད་པའོ།། གྲོགས་པོ་དག་གཞན་ཡང་འཇིག་རྟེན་སྐྱོང་བར་བྱེད་པའི་ཆོས་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། འདོད་པ་དང་། ཞེ་སྡང་དང་། གཏི་མུག་དང་། འཇིག་པ་སྤངས་པས་འདོད་པས་འགྲོ་བ་མ་ཡིན་པར་མི་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་མ་ཡིན་པར་མི་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་མེ་ཡིན་པར་མི་འགྲོ་བ་དང་། འཇིགས་པས་འདྲ་བ་མ་ཡིན་པར་མི་འགྲོ་བ་སྟེ། གྲོགས་པོ་དག་འགྲོ་བ་མ་ཡིན་པར་འགྲོ་བ་སྤངས་པའི་ཆོས་བཞི་པོ་འདི་དག་ནི་འཇིག་རྟེན་སྐྱོང་བར་བྱེད་པའོ།། གྲོགས་པོ་དག་གཞན་ཡང་འཇིག་རྟེན་སྐྱོང་བར་བྱེད་པའི་ཆོས་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་སྟེ། ཆོས་གཉིས་པོ་དེ་དག་ནི་འཇིག་རྟེན་སྐྱོང་བར་བྱེད་པའོ།། གྲོགས་པོ་དག་གཞན་ཡང་འཇིག་རྟེན་སྐྱོང་བར་བྱེད་པའི་ཆོས་ནི་གཅིག་ཁོ་ན་ཏེ། འདི་ལྟ་སྟེ། བདེན་པ་ནི་འཇིག་རྟེན་སྐྱོང་བར་བྱེད་པ། བཀའ་བློ་བདེ་བ་ནི་འཇིག་རྟེན་སྐྱོང་བར་བྱེད་པ། གྱ་མེད་པ་ནི་འཇིག་རྟེན་སྐྱོང་བར་བྱེད་པ་སྟེ། གྲོགས་པོ་དག་ཆོས་གཅིག་པུ་དེ་ནི་འཇིག་རྟེན་སྐྱོང་བར་བྱེད་པའོ།། གྲོགས་པོ་དག་དེ་ལྟ་བུའི་ཆོས་ལ་བརྩོན་ན་འཇིག་རྟེན་སྦྱང་བར་བྱེད་དེ། གྲོགས་པོ་དག་ཁྱེད་ཀྱིས་ཆོས་དེ་ལྟ་བུ་ལ་བརྩོན་པས་འཇིག་རྟེན་སྐྱོངས་ཤིག། འཇིག་རྟེན་སྐྱོང་བའི་ལེའུ་ཞེས་བྱ་སྟེ་བཅུ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། གསང་སྔགས་ཀྱི་ཚིག་གང་དག་བརྗོད་པས་འཁོར་འདི་ཐམས་ཅད་དགེ་བ་དང་ལྡན་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་བྱང་ཆུབ་འདིའང་ཡུན་རིང་དུ་གནས་པར་འགྱུར་བའི་གསང་སྔགས་ཀྱི་ཚིག་དེ་དག་ངས་འཁོར་འདི་ལ་བརྗོད་པར་བྱའོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ་གསང་བ་པའི་བདག་པོ་ངས་ཀླུའི་རྒྱལ་པོ་སོག་མ་མེད་ཀྱི་གནས་སུ་གསང་སྔགས་ཀྱི་ཚིག་གང་དག་སྨྲས་པ་དེ་དག་དང་། བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་འདུག་ནས་འགྲོ་བ་ལ་ཕན་པ་དང་བདེ་བའི་ཕྱིར། ངས་སེམས་ཀྱི་དྲན་པས་གང་དག་སྨྲས་པ་དེ་དག་ཁྱོད་ཀྱིས་དྲན་ནམ། གསོལ་པ། བཅོམ་ལྡན་འདས་དྲན་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་། གསང་བ་པའི་བདག་པོ་གསང་སྔགས་ཀྱི་ཚིག་དེ་དག་ལ་ཁྱོད་སྤོབས་པར་གྱིས་ཤཱཿ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སྟན་ལས་ལངས་ཏེ། བམ་འདས་ཀྱི་སྤྱན་སྔར་ཙུག་ཅིག་པུར་འདུག་ནས། ལག་པ་གཉིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ། གསང་སྔགས་ཀྱི་ཚིག་འདི་དག་སྨྲས་སོ།། འདི་ལྟ་སྟེ། ཨཱ་རྱལ། ། @##། ན།། ། མསན་སྱཱ་། མ་ག་ཏས་པ་། ད་མ།། ནབིདྡྷ། ཏ་། ཏཱན་། ཊ་ན་། ཏོཧོ། ནཱ་ཀཱ་ནཱ་མ། ཡཀྵ་རཱས། གན་དྷརྦཱ་དྷཱམ། ཀིན་ནཱ་ར་ཎཱམ། མ་སོར་ག་རྣམ། སྭ་སཱིར་བྷ་བ་ཎྜ་ལ་ནཱམ། བཀཽ་རན་དུ་མ་ཧཱ་བར་རྦ་ཏཱ། སམ་བྱ་བ་ཏན་གརྫ་ཏུ་ས་མུ་དྲ་བ་ག་ཨི་ཏི། གསང་སྔགས་ཀྱི་ཚིག་བསྟན་པ་འདི་བཤད་པ་ན་ལྷའི་གནས་ཐམས་ཅད་རབ་ཏུ་གཡོས་ས།། ས་ཐམས་ཅད་ཀྱང་རབ་ཏུ་གཡས་སོ།། རྒྱ་མཚོ་ཆེན་པའང་རབ་ཏུ་འཁྲུག་གོ། དེ་ན་ཐམས་ཅད་དང་ལྡན་པའི་འཁོར་དེའང་འདར་བར་པད་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་བར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་སྟོང་གི་འཇིག་རྟེན་གྱི་ཁམས་དེ་ལ་ཞབས་གཅིག་གིས་རེག་པར་མཛད་དོ། ། དེ་ན་ཐམས་ཅད་དང་ལྡན་པའི་འཁོར་དེ། དེ་བཞིན་གཤེགས་པའི་ཞབས་ལ་མ་རེག་ཙམ་དུ་ཉེ་བར་འདག་སྟེ། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་བསྲུང་དུ་གསོལ། བདེ་བར་གཤེགས་པ་བདག་ཅག་ལ་བསྐྱབ་ཏུ་གསོལ། བདག་ཅག་ལ་གནོད་ལགས་སོ།། བདག་ཅག་ལ་རབ་ཏུ་གནོད་ལགས་སོ། ། བདག་ཅག་འདར་བད་བད་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་མ་འཇིགས་ཤིག། མ་འཇིགས་ཤིག། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་གསང་སྔགས་ཀྱི་ཚིག་འདི་དག་གི་ཡུལ་ནི། འདི་ལྟ་སྟེ། ས་ཆེན་པོ་འདི་རབ་ཏུ་གཡོས་པ་དང་། རྒྱ་མཚོ་ཆེན་པོ་འཁྲུག་པ་དང་། ཁྱེད་ཀྱང་ནམ་མཁའ་ལ་གནས་ནས་རབ་ཏུ་གཡོས་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་འཁོར་གྱི་ཁྱམས་སུ། ཅི་ནས་སྲོག་ཆགས་བརྒྱད་ཁྲིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སེམས་ཅན་ཚད་མེད་པ་དེ་དག་གིས་བསླབ་པའི་གནས་རྣམས་བླངས་པར་གྱུར་པ་དེ་ལྟར་ཆོས་རྒྱ་ཆེར་བསྟན་ཏོ།། ། ། བམ་པོ་དགུ་པ། དེ་ནས་གསང་བ་པའི་བདག་པོའི་བུ་རྡོ་རྗེའི་སྡེས་བཅོམ་ལྡན་འདས་ལ་རིན་པོ་ཆེའི་དྲ་བས་མངོན་པར་བཀབ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཇི་ལྟར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མི་འཁྲུགས་པའི་ཆོས་ཅན་དུ་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེས་བཅུ་དང་ལྡན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་རྒྱུབ་ལ་མི་འཁྲུགས་པའི་ཆོས་ཅན་དུ་འགྱུར་རོ། ། བཅུ་གང་ཞེ་ན། ཁ་ཟབ་མེད་པ་བྱམས་པ་ཆེན་པོ་དང་། ཡོངས་སུ་མ་སྐྱེ་བའི་སྙིང་ཆེན་པོ་དང་བྱ་བ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་བྱེད་པའི་བརྩོན་འགྲུས་དང་། སྟོང་པ་ཉིད་ཀྱི་རྣམ་པར་སྦྱར་བའི་ཏིང་ངེ་འཛིན་དང་། མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་། ཐམས་ཅད་ཀྱི་རྗེས་སུ་སང་བའི་མཁས་པ་དང་། དུས་གསུམ་ཡོངས་སུ་སྦྱང་བའི་ཡེ་ཤེས་དང་། བདོན་པ་མཐོང་བ་སྦྱང་བར་བྱ་བའི་སྒྲིབ་པ་མེད་པ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་ཉིད་དང་། ཇི་ལྟ་བ་བཞིན་གྱིས་ཡོངས་སུ་དག་པའི་ལམ་ལ་འཇུག་པ་སྟེ། གཞོན་ནུ་བྱང་ཆུབ་སེམས་དཔའ་ཆོས་བཅུ་པོ་དེ་དག་དང་ལྡན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མི་འཁྲུགས་པའི་ཆོས་ཅན་དུ་འགྱུར་རོ། ། གསང་བ་པའི་བདག་པོའི་བུ་རྡོ་རྗེའི་སྡེས། བཅོམ་ལྡན་འདས་ལ་ཡང་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཉིད་ཐོས་ན། མི་སྡང་མི་སྐྲག་ཅིང་སྐྲག་པར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་དང་ལྡན་ན། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཉིད་ཐོས་ན། མི་སྡང་མི་སྐྲག་ཅིང་སྐྲག་པར་མི་འགྱུར་ཏེ་བརྒྱད་གང་ཞེ་ན། ཤེས་རབ་ཀྱིས་བརྟན་པ་ཡིན། ཡེ་ཤེས་ཀྱིས་བརྟན་པ་ཡིན། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ཡིན། རྒྱ་ཆེན་པོ་ལ་མོས་པ་ཡིན།། སྒྱུ་མ་དང་མཚུངས་པའི་ཆོས་ལས་ངེས་པར་བྱུང་བ་ཡིན། ཆོས་ལ་མི་རྟག་པར་མོས་པ་ཡིན། སེམས་ནམ་མཁའ་དང་མཚུངས་པ་ཡིན། ཆོས་ཐམས་ཅད་རྣམ་པར་བསྒྲུབ་པར་གནས་པའི་མཚན་ཉིད་དུ་ཤེས་པ་ཡིན་ཏེ། གཞོན་ནུ་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་པ་དེ་དག་དང་ལྡན་ན། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཉིད་ཐོས་ན་མི་སྡང་མི་སྐྲག་ཅིང་སྐྲག་པར་མི་འགྱུར་རོ། ། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན། བགྱི་བ་ཐམས་ཅད་ལ་དབང་དང་ལྡན་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། བྱ་བ་ཐམས་ཅད་ལ་དབང་དང་ལྡན་པར་འགྱུར་ཏེ། བཞི་གང་ཞེ་ན། ལེགས་པར་བསྐམས་ཤིང་ཉམས་པར་མ་གྱུར་པའི་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཡིན། རྣམ་པར་ཐར་པའི་སྒོས་ཡོངས་སུ་བསྒོས་པའི་བསམ་གཏན་བཞི་དང་ལྡན་པ་ཡིན། ཚངས་པའི་བླ་མ་འཇིག་རྟེན་ལས་འདས་པའི་ཚངས་པའི་གནས་པ་བཞི་དང་ལྡན་པ་ཡིན། ཐམས་ཅད་ཀྱི་རྗེས་སུ་རྣམ་པར་རྒྱུ་བའི་ཐབས་དང་ཤེས་རབ་ལས་ངེས་པ་བྱུང་བ་ཡིན་ཏེ། གཞོན་ནུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པ་དེ་དག་དང་ལྡན་ན། བྱ་བ་ཐམས་ཅད་ལ་དབང་དང་ལྡན་པར་འགྱུར་རོ།། གསལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒོ་དུ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞན་ནུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒོ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་གྱི་དབང་པོ་ལ་འཇུག་པ་ཡེ་ཤེས་ཀྱི་སྒོ་དང་། ཚིག་རབ་ཏུ་དབྱེ་བ་བསྟན་པ་ཤེས་རབ་ཀྱི་སྒོ་དང་། སྐད་ཐམས་ཅད་ཀུན་ཏུ་འཛིན་པ་ལ་འཇུག་པ་གཟུང་ཀྱི་སྒོ་དང་། ཆོས་མི་ཟད་པ་བསྟན་པ་སོ་སོ་ཡང་དག་པར་རིག་པའི་སྒོ་སྟེ། གཞོན་ནུ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒོའོ།། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་དུ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གཞོན་ནུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ནི་དགུ་སྟེ། དགུ་གང་ཞེ་ན། སྙིང་རྗེ་བར་བྱ་བའི་ཕྱིར་ངེས་པར་སེམས་དཔའི་སྟོབས་དང་། ཕྱིར་མི་ལྡོག་པར་བྱ་བའི་ཕྱིར་བརྩོན་འགྲུས་ཀྱི་སྟོབས་དང་། ཤེས་རབ་ཆེན་པོར་བྱ་བའི་ཕྱིར་ཐོས་པའི་སྟོབས་དང་། རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རྨོ་པའི་སྟོབས་དང་། འབྲལ་བར་བྱ་བའི་ཕྱིར་བསྒོམས་པའི་སྟོབས་དང་། སེམས་ཅན་བསྲུང་བའི་ཕྱིར་བཟོད་པའི་སྟོབས་དང་བདུད་ཚར་གཅོད་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོའི་སྟོབས་དང་། སྟོབས་བཅུ་ཡོངས་སུ་རྫོགས་པར་བྱ། བའི་ཕྱིར་མི་སྐྱེ་བར་བཟོད་པའི་སྟོབས་ཏེ། གཞོན་ནུ་དགུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་སོ།། བསྟན་པ་འདི་བཤད་པ་ན། གསང་བ་པའི་བདག་པོའི་བུ་དེ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏེ། དེ་དག་བཟོད་པ་ཐོབ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་གསང་བ་པའི་བདག་པོའི་གནས་སུ་ཡུན་རིང་དུ་གནས་ཤིང་སྤྱོད་པར་འགྱུར་བ་དང་། སེམས་ཅན་སྣོད་དུ་གྱུར་པ་དེ་དག་གི་རྣ་ལམ་དུ་གྲགས་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སླད་དུ་ན་འཛམ་བུ་གླིང་དུ་རྒྱས་པར་འགྱུར་ཞིང་། ཅི་ནས་ཀྱང་ནུབ་པར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས། གསང་བ་པའི་བདག་པོའི་བུ་དེ་དག་གིས་གསོལ་བ་བཏབ་པ་མཁྱེན་ནས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པ་འདི་ལྟ་སྟེ། དམ་པའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བྱ་བ་དང་། བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་མཐུན་པས་ཆར་གཅོད་པར་བྱ་བའི་ཕྱིར་ངས་ཁྱོད་ལ་འཕྲུལ་གྱིས། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྣང་བ་མཚས་དམ་པ་ལ་འདུག་པ་འབྱུང་བ་དང་། བདུད་ཀྱི་ས་འོངས་པ་ན་འདུད་ཆར་གཙང་པའི་ཕྱིར་བྱད། ཀྱིས་གསང་སྔགས་ཀྱི་གཞི་གང་དག་པསམས་ཤིང་བརྗོད་པ་དང་། ཁ་ཏོན་བྱ་བ་དེ་དག་ལ་ཁྱད་སྤབས་པར་གྱིས་ཤིག། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱིས་བསྐུལ་བར་རིག་ནས། སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུང་ནས། དེའི་ཚེ་གསང་སྔགས་ཀྱི་གཞི་འདི་དག་སྨྲས་སོ།། ཏདྱ་ཐཱ། ཧུ་ལུ། ཧུ་ལཱ། ཧུ་ལེ། དྷཱ་ར། དྷཱ་རཱ་ཏེ། ཨ་ཀུ་ཤ་ལ་ཀཱ་ཡེ། ཙ་ལེ། ཙ་ལ་བ་ཏི། སཱ་རཾ། ཀཱུ་རེ། ཀྲཱན་ཏི་བ་ལེ། ཀྲཱ་མེ། ཀྲཱན་ཏི་ཀ། ཤ་མེ། ཧུ་ལུ། ཨ་ལི་ཁི། ཁི་རི་ཁ་རེ། ཨཱ་བེ་ཤ་ནི་ས་ར་ཎེ། ཛ་མ་ཛ་ཡ་བ་ཏི། སྠི་རེ། ཨ་བརྟི། བི་བརྟེ། ཨ་བརྟ་ནཾ། མཻ་ཏྲ་བྷཱུ་ཏཱ་ནན་སང་གྲ་ཧེ། ད་མེ། ད་མ་སམ་བན་ནེ། ཏཱིརྞེ་ཏ་ར་ཡ་སེ། སྭ་ཡན། སྭ་སྟི་དེ་བེ་བྷྱོ། ནཱ་གེ་རྒྒ། ཡཝེ་བྷྱོ། གན་དྷརྨ་རཱཀྐ་སེ་བྷྱོ། མ་ནུ་ཥ་ཨ་མ་ནུ་ཥེ་བྷུ་སྭ་སྟིར་བྷ་བ་ཏུམ་དཱ་སུ་ཁམ། གསང་སྔགས་འདི་དག་རབ་བརྗོད་པས།། རི་ཡི་རྒྱལ་པོ་རྣམས་ཀྱང་གཡོས།། ས་ཡང་རབ་ཏུ་གཡོས་པར་གྱུར། ། ཆུ་ཡི་རྒྱལ་པོ་རྣམས་ཀྱང་འཁྲུགས།། གསང་སྔགས་འདི་དག་རབ་བརྗོད་པས།། བས་ཀྱི་རྒོལ་རྣམས་ཚར་ཡང་གཅོད།། ཆོས་སྨྲ་བ་ནི་ཡང་དག་བསྡུས། ཆོས་ཀྱི་མཛོད་ནི་ཀུན་ཏུ་བསྲུངས།། གསང་སྔགས་གཞི་འདི་ཐོས་ནས་ནི།། ལྷ་ཚོགས་ཀུན་ཏུ་དགའ་གྱུར་ནས།། དམ་ཆོས་རིང་དུ་གནས་འགྱུར་ཞེས།། ཕན་ཚུན་དུ་ནི་སྨྲ་བར་བྱེད། ། སྟོང་གསུམ་པོ་ཡང་རབ་ཏུ་གཡོས།། ཁོར་ཡང་རབ་ཏུ་འདར་གྱུར་ནས། མི་ཡི་དབང་པོའི་ཞབས་གཉིས་ལ།། གཏུགས་པ་བྱས་ཏེ་སྐྱབས་སུ་དོང་།། དེ་དག་མི་འཇིགས་དེར་ཕྱིན་ནས། ། སྟོན་པས་འདི་སྐད་བཀའ་སྩལ་ཏེ།། མདོ་འདི་བྱིན་གྱིས་བརླབས་པས་ན།། དམ་ཆོས་རིང་དུ་གནས་པར་འགྱུར།། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་གནས་སུ་ཞག་བདུན་འདས་འདས་སུ་སེམས་ཅན་ཚད་མེད་པ་དག་གི་དོན་མཛད་ནས། ཞག་བདུན་འདས་ཏེ་ལྕང་ལོ་ཅན་གྱི་བྲང་འཁོར་དུ་སེམས་ཅན་གྱི་དོན་མཛད་པ་ཇི་སྙེད་པ་དེ་དག་ཐམས་ཅད་རྒྱས་པར་མཛད་ནས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་གནས་ནས་གཤེགས་ཏེ། ནམ་མཁའི་དཀྱིལ་གྱི་ལམ་དེ་ཉིད་ནས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ནི་བསྐོར། ཉན་ཐོས་ཀྱི་ཚོགས་ཀྱིས་ནི་མདུན་དུ་བདང་། ལྷའི་ཚོགས་ཀྱིས་ནི་ཕྱག་བྱས། ལྷའི་བུ་མོའི་ཚོགས་ཀྱིས་ནི་མངོན་པར་བསྟོད། གནོད་སྦྱིན་དང་། དྲི་བ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དུ་མག་ནི་བསྐྲུར། བརྒྱ་བྱིན་དང་། ཚངས་པ་དང་། འ་རྟེན་སྐྱོང་བ་རྣམས་ཀྱིས་ནི་མངོན་པར་བསྟོད། འོད་ཟེར་གྱི་དྲ་བ་ནི་རབ་ཏུ་འགྱེད། རོལ་མོ་སིལ་སྙན་ནི་ལེན། མེ་ཏོག་གི་ཆར་ནི་འབེབས། ཞིང་རྣམས་ནི་རབ་ཏུ་གཡོ་བར་མཛད་ཅིང་། སངས་རྒྱས་ཀྱི་མཐུ་ཆེན་པོ་དང་། སངས་རྒྱས་ཀྱི་རྫུ་འཕྲུལ་ཆེན་པོ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོ་འཕྲུལ་ཆེན་པོ་བ་སངས་རྒྱས་ཀྱི་དཔལ་ཆེན་པོ་དང་། སངས་རྒྱས་ཀྱི་གཟི་བརྗིད་ཆེན་པོ་དང་། སངས་རྒྱས་ཀྱི་སྤྱོད་ལམ་ཆེན་པོ་དང་། སངས་རྒྱས་ཀྱི་རྣམ་པར་རོལ་པ་ཆེན་པོས་དང་བའི་རྒྱབ་པོ་ལྟར་ཐོགས་པ་མེད་པར་གཤེགས་ཏེ། སླར་བྱ་རྒོད་ཀྱི་རུང་བའི་རིལ་བྱོན་ཏེ།། གསང་བ་པའོ་བདག་པ་ལག་ན་རྡོ་རྗེའང་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་འབྲང་བར་གྱུར་ཏོ།། བཞུད་པ་དང་བྱོན་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་པའོ།། །། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་བྱ་རྒོད་ཀྱི་ཕུང་པོའི་རོ་ལ་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་ཆོས་སྟོན་ཏོ།། དེ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་སྲོག་ཆགས་དྲུག་ཁྲི་དང་། རྒྱལ་པོ་མ་སྐྱེས་དགྲ་འཁོར་དང་བཅས་པས། བཅོམ་ལྡན་འདས་སླར་གཤེགས་པར་རིག་ནས། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་མེ་ཏོག་དང་། སྤོས་དང་། འཕྲེང་བ་དང་། བྱུག་པ་ཐོགས་ཏོ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས། བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་ཀྱང་རྒྱལ་པོ་མ་སྐྱེས་དགྲས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་འདི་ན་འདུན་ཁང་ན་མཆིས་མཆིས་ན། གཞོན་ནུ་འཇིགས་བྱེད་སྦྱིན་མཆིས་ཏེ་འདི་སྐད་ཅེས་མཆིའོ། ། ཡབ་བཅོམ་ལྡན་འདས་ནི་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་དུ་གདུགས་ཚོད་གསོལ་ནས་སླར་གཤེགས་ཤེས་གདའོ་ཞེས་མཆིས་ནས། བཅོམ་ལྡན་འདས་དེ་ལ་བདག་གིས་འདི་སྙམ་དུ་བསམྲ་ཏེ། གང་གི་སླད་དུ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་དུ་བཅོམ་ལྡན་འདས་སྤྱན་དྲངས་ན་ཡང་། སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་སླད་དུ། ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་དུ་གཤེགས་པས། འདི་ལྟར་གང་དེ་བཞིན་གཤེགས་པས་ཡོངས་སུ་བཏང་བའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིགས་ན་གང་ཡང་མ་མཆིས་ཏེ། སེམས་ཅན་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་འཇུག་པ་ནི་ངོ་མཚར་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་རྣམ་པར་ངེས་པ་ལུང་བསྟན་པ་ལུང་བསྟན་པས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དགའ་བར་གྱུར་པའི་བདག་ཉིད་ཆེན་པོ་ངོ་མཚར་ཏོ་སྙམ་དུ་བགྱིད་དོ། ། བཅོམ་ལྡན་འདས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་ལ་དགེ་བའི་རྩ་བ་བསྐྱེད་ན་དེས་འདི་འདྲ་བའི་སྤོབས་པ་དང་ལྡན་པར་གྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྒྱལ་པོ་ཆེན་པོ་སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ཀྱིས་ནི་གནས་འདི་ལ་མོས་པར་དཀའ་སྟེ། འོན་གྱིས་ཀྱང་དགེ་བའི་རྩ་བ་བསྐྱེད་པར་གྱུར་པ་དེ་དག་ནི་མོས་པར་འགྱུར་རོ། ། རྒྱལ་པོ་ཆེན་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ནི་བགྲང་བའི་ཚུལ་གྱིས་མཐའ་རྟོགས་པར་ནུས་ཀྱིས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་ལ་མཆོད་པ་དང་། བསྙེན་བཀུར་བྱས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི་བགྲང་བའི་ཚུལ་གྱིས་མཐའ་རྟོགས་པར་མི་ནུས་ཏེ། དེ་དག་གི་གན་ནས་ཚངས་པར་སྤྱད་པ་སྤྱད་པ་དེས་ན་སྤོབས་པ་འདི་ལྟ་བུ་དང་ལྡན་པར་གྱུར་ཏོ། རྒྱལ་པོ་ཆེན་པ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པའི་ཡང་ཆོས་གྲངས་མེད་པ་རྒྱ་ཆེ་བའི་ཡང་ཆེས་རྒྱ་ཆེ་བ། ཚད་མེད་པ། བསམ་གྱིས་མི་ཁྱབ་པར་གྱུར་པ། དེའི་ཚེ་དེའི་དུས་ན་མ་སྨད་པ་ཞེས་བྱ་བའི་བསྐལ་པ་ལ་འཇིག་རྟེན་གྱི་ཁམས་རྣམ་པར་རྒྱལ་བ་ཅན་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་ཞི་སྤྱོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཞི་སྤྱོད་དེ། རིགས་ཀྱི་བུ་དག་ཁྱེད་ཀྱིས་ཡུས་དང་སྲོག་ཀྱང་བཏང་སྟེ། བརྩོན་འགྲུས་བརྩམས་པར་བྱ་བ་ཞེས་བྱང་ཆུབ་སེམས་དཔའི་གཏམ་འབའ་ཞིག་ཡང་དག་པར་སྟན་ཏོ། ། རྒྱལ་བ་ཆེན་པོ་དེའི་ཚེ་བྱང་ཆུབ་སེམས་དཔའ་དཔའ་སྟོབས་ཞེས་བྱ་བ་འཁོར་དེར་འདུས་པར་གྱུར་ཏེ་འདུག་པ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལུས་སྲོག་ཀྱང་བཏང་སྟེ། བརྩོན་འགྲུས་བརྩམ་པར་བྱའོ་ཞེས་དེ་སྐད་བཀའ་སྩལ་པ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བའི་དོན་བདག་གིས་འཚལ་བ་ལྟར་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་སེམས་པ་དེ་ནི་ལེ་ལོ་ཅན་དུ་གྲགས་པ་ལགས་པ་སྙམ་དུ་བདག་བགྱིད་དོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པ་རྣམས་ནི་འཁོར་བ་ལ་ཡོངས་སུ་སྐྱོ་བའི་བློ་སྐྱེ་བར་མི་འགྱུར་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་འཁོར་བ་ལ་ཕན་ཡོན་དུ་ལྟ་བ་ལགས་ཀྱིས། མྱ་ངན་ལས་འདས་པ་ལ་ནི་དེ་ལྟ་མ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གྱི་དོན་ལ་བརྩོན་པ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ལ་མོས་པ་རྣམས་ལ་འཁོར་བ་ནི་ཆེས་པ་དེའི། མྱ་ངན་ལས་འདས་པ་ནི་དེ་ལྟ་མ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལ་བརྩོན་པ་དེ་དག་ནི་ཇི་ལྟ་ཇི་ལྟར་སེམས་ཅན་རྣམས་ཀྱི་དོན་བགྱིད་པ་དེ་ལྟ་དེ་ལྟར་བདེ་བར་འགྱུར་ཏེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ན་སླད་ཀྱིས་ཅི་ཞིག་བགྱི་བར་འགྱུར། བཅོམ་ལྡན་འདས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་འཁོར་བའི་བདེ་བའི་རོ་མི་མྱང་བར་འཁོར་བ་སྤྱོད་ཡུལ་དུ་བགྱིས་ཏེ། མྱ་ངན་ལས་འདས་པ་སྤྱོད་ཡུལ་དུ་མི་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འཁོར་བའི་བདེ་བའི་རོ་མི་མྱང་བབར་འཁོར་བ་སྤྱོད་ཡུལ་དུ་བགྱོད་ཅིང་སེམས་ཅན་གྱི་དོན་ལ་བརྩོན་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཚད་མ་མཆིས་པ་མཐོང་བར་འགྱུར། ཆོས་ཚད་མ་མཆིས་པ་ཉན་པར་འགྱུར་ཞིང་། སེམས་ཅན་ཚད་མ་མཆིས་པ་ཡོངས་སུ་སྨིན་པར་བགྱིད་དོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འཁོར་བ་སྤྱོད་ཡུལ་དུ་བགྱིད་པ་ནི་སེམས་ཅན་གྱི་སྤྱོད་ཡུལ་གྱི་རྗེས་སུ་འཇུག་གོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་སྤྱོད་ཡུལ་དུ་བགྱིད་པ་ནི་བཏང་སྙོམས་སུ་ལྟུང་ལོགས་སོ།། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་འཁོར་བའི་སྤྱོད་ཡུལ་གྱིས་སྐྲག་ན། སྤྱོད་ཡུལ་མ་ལགས་པར་ལྟུང་སྟེ། སླད་ཀྱིས་སེམས་ཅན་གྱི་དོན་མི་བགྱིད། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་གནས་པར་མི་འགྱུར་ཞིང་། སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚེ་བར་མི་འགྱུར་ལགས་སོ།། དེའི་སྤྱོད་ཡུལ་མ་ལགས་པ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་འཚལ་ཞིང་། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་ལ་གཡེལ་བ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཉན་ཐོས་རྣམས་ཀྱི་སྤྱོད་ཡུལ་གང་ལགས་པ་དེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་འཁོར་བས་སྐྲག་པའི་སྤྱོད་ཡུལ་བ་ལགས་སོ། ། བྱང་ཆུབ་སེམས་དཔའ་རྣམས་ནི་འཁོར་བ་དཔག་ཏུ་མ་མཆིས་པ་ཡོངས་སུ་འཛིན་པ་ལགས་ཏེ། བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་རང་གི་སྤྲད་ཡུལ་ལ་གནས་པར་བགྱིའོ། ། རྒྱལ་པོ་ཆེན་པོས་དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་རྣམ་པར་ཞི་སྤྱོད་ཀྱིས། བྱང་ཆུབ་སེམས་དཔའ་དཔའ་སྟོབས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སྐྱེས་བུ་དམ་པ་ཁྱོད་ཀྱིས་ཚིག་འདི་ལེགས་པར་སྨྲས་པ་ལེགས་སོ་ལེགས་སོ།། བྱང་ཆུབ་སེམས་དཔས་རང་གི་སྤྱོད་ཡུལ་གྱི་བྱ་བ་དག་ལ་གུས་པར་བྱས་ཏེ། རང་གི་སྤྱོད་ཡུལ་ལ་སྤྱད་པར་བྱའི། གཞན་གྱི་སྤྱད་ཡུལ་ལ་སྤྱད་པར་མི་བྱའོ།། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་གི་སྤྱོད་ཡུལ་གང་ལགས་བཀའ་སྩོལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དོ་པའི་རང་གི་སྤྱོད་ཡུལ་ནི། འདི་ལྟ་སྟེ། འཁོར་བ་དཔག་ཏུ་མེད་པ་ཡོངས་སུ་འཛིན་པས་མི་སྐྲག་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་ཕན་ཡོན་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་འདོད་པ་མེད་པ་དང་། ཉིང་མཚམས་སྦྱོར་བ་མེད་པར་ཡང་ཤེས་ལ། ཁམས་གསུམ་དུའང་མཚམས་སྦྱོར་བ་དང་། སེལ་བ་དང་། སྡུད་པ་དང་། དགེ་བའི་རྩ་བ་རྣམས་སྤེལ་བ་དང་། ཚུལ་ལ་མཁས་པ་དང་། བསྡུ་བ་ཤེས་པ་དང་། དགེ་བ་ཐམས་ཅད་སོགས་པ་ལ་མཁས་པོ་དང་། ཟད་པའང་ཤེས་ལ། བསོད་ནམས་ཀྱི་ཚོགས་མི་ཟད་པ་ལའང་མཁས་པ་དང་། སྐྱེ་བ་མེད་པར་ཡང་རབ་ཏུ་རྟོགས་ལ། བསམས་བཞིན་དུ་སྐྱེ་བ་ལའང་མཁས་པ་དང་། སེམས་ཅན་ཡང་མེད་ལ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལའང་མཁས་པ་དང་། ཆོས་ཐམས་ཅད་ལ་དབེན་པར་ཤེས་ལ། དམ་པའི་ཆོས་ཡོངས་སུ་བཟུང་བ་ལའང་མཁས་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ནམ་མཁའི་རང་བཞིན་དུའང་ཤེས་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ལའང་མཁས་པ་དང་། སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུ་ཡིན་པར་ཡང་ཤེས་ལ། མཚན་དང་དཔེ་བྱད་བཟང་པོའི་རྒྱན་རྣམ་པར་བསྒྲུབ་པ་ཡོངས་སུ་ཚོལ་བ་ལའང་མཁས་པ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡང་ཤེས་ལ་དགེ་བའི་རྩ་བ་ཐམས་ཅད་མངོན་པར་དུ་བྱ་བའི་རྒྱུན་མི་གཅོད་པ་ལའང་མཁས་པ་དང་། འདུས་བྱས་ཀྱི་ཆོས་ཀྱང་ཡོངས་སུ་སྦྱང་ལ། དོན་ཉུང་ཞིང་བྱ་བ་ཉུང་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཙི་དྱའོ་ཅོག་ལའང་མཁས་ལ། ལུས་དང་སེམས་དབེན་པར་དགའ་བའང་ཤེས་པ་དང་། ཆོས་བསྟན་པའང་མི་འདོར་ལ། སྨྲ་བ་ལ་སྨྲ་བ་ལའང་མཁས་པ་དང་། བསམ་གཏན་ཡང་སྐྱེད་ལ། བསམ་གཏན་གྱི་རོ་མྱང་བར་ཡང་མི་བྱེད་པ་དང་། ཆོས་ཟབ་མོ་རྟོགས་པའང་ཤེས་ལ། སེམས་ཅན་གྱི་སྤྱད་པ་སྣ་ཚོགས་ཀྱི་རྗེས་སུའང་འཇུག་ཅིང་། གཏམ་ཡང་དག་པར་སྟོན་པ་ལ་མཁས་པ་དང་། འབྱུང་བ་མེད་པར་ཡང་ཤེས་ལ། བསམས་བཞིན་དུ་སྲིང་བའང་ཡོངས་སུ་འཛིན་པ་འོ་ཀཱ་མཐོང་ཡང་ཤེས་ལ། འབྲས་བུ་ཐོབ་པར་མི་བྱེད་པ་ལའང་མཁས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་ཡང་ཡིན་ལ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་འ་དང་པའི་རྒྱན་མི་གཅོད་པ་ལའང་མཁས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་མི་འདོར་བའང་ཤེས་ལ། སངས་རྒྱས་ཀྱི་ཡུལ་ལ་ལྟ་བ་ལའང་མཁས་པ་སྟེ། རིགས་ཀྱི་བུ་འདི་ནི་བར་ཆུབ་སེམས་དཔའ་རྣམས་ཀྱི་རང་གི་སྤྱོད་ཡུལ་ལོ། ། རྒྱལ་པོ་ཆེན་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་དཔའ་སྟོབས་དེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཞི་སྤྱོད་པས། སྤྱོད་ཡུལ་ཡོངས་སུ་དག་པ་བསྟན་པ་འདི་ཐོས་ནས་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་གི་སྤྱོད་ཡུལ་ཡོངས་སུ་དག་པ་བསྟན་པ་འདི་ལེགས་པར་གསུངས་པ་ནི་ངོ་མཚར་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འཚལ་བ་དང་བདག་སེམས་པ་ལྟར་ན་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པའི་རང་གི་སྤྱོད་ཡུལ་ནི་ཆོས་ཐམས་ཅད་ལགས་པ་སྙམ་བགྱིད་དོ། ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་གནས་གང་ལགས་པ་དང་། གཟུགས་སྣང་བ་ཐམས་ཅད་ལ་མི་སྒྲིབ་པ་དང་། ནམ་མཁའི་སྤྱོད་ཡུལ་སྒྲིབ་པ་མཆིས་པས་གཟུགས་སུ་གདའ་བ་ཐམས་ཅད་ནི་ནམ་མཁའི་སྤྱད་ཡུལ་ལགས་སོ།། བཅོམ་ལྡན་འདས་དེ་བཞིན་དུ་མངོན་པར་རྫོགས་པར་འཚང་རྒྱ་བས། བྱང་ཆུབ་སེམས་དཔའ་ཐོབས་ལ་མཁས་པའི་སྤྱོད་ཡུལ་ནི་ཆོས་ཐམས་ཅད་ལགས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་གནོད་པ་མ་མཆིས་པའི་སླད་དུ་གཟུགས་སུ་གདའ་བ་ཐམས་ཅད་ནི་ནམ་མཁའི་སྤྱོད་ཡུལ་ལགས་ཏེ། དུག་གོ་ཤིང་ལྗོན་པ་འམ། སྨན་གྱི་ཤིང་ལྗོན་པ་འམ། ཚེར་མ་ཅན་གྱི་ཞིང་ལྗོན་པ་འམ། མེ་ཏོག་གི་ཤིང་ལྗོན་པ་འམ། འབྲས་བུའི་ཤིང་ལྗོན་པ་འམ། སྤོས་ཀྱི་ཤིང་ལྗོན་པ་གང་ལགས་པ་དེ་དག་ཐམས་ཅད་ནི་ནམ་མཁའ་ལས་རྣམ་པར་འཕེལ་ཡང་། ནམ་མཁའ་ནི་དེ་དག་གིས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར། རྣམ་པར་དག་པར་ཡང་མི་འགྱུར། རྗེས་སུ་འཆགས་པར་ཡང་མི་འགྱུར། ཁོང་ཁྲོ་བར་ཡང་མི་འགྱུར་ལགས་སོ།། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ལ་མཁས་པ། ཤེས་རབ་ལས་ངེས་པར་བྱུང་བའི་རང་གི་སྤྱོད་ཡུལ་ནི་ཆོས་ཐམས་ཅད་ལགས་ཏེ། སོ་སོའི་སྐྱེ་བའི་ཆོས་གང་དག་ལགས་པ་དང་། སློབ་པའི་ཆོས་དང་། མི་སློབ་པའི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་གང་དག་ལགས་པ་དང་། དེ་བཞིན་གཤེགས་པའི་ཆོས་གང་དག་ལགས་པ་རྣམས་སོ། ། དེ་ཅིའི་སླད་དུ་ཞེ་ན། དེ་དག་ཐམས་ཅད་ནི་ངེས་མངོན་པར་རྫོགས་པར་རྫོགས་པར་བགྱི་བ་ལགས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱིན་ཞུགས་ནི་རྩཝ་འམ། ནགས་ཚལ་གང་ཡང་རུང་སྟེ། དེ་ལས་མི་འབྲོས་ཀྱི། དེ་དག་ཐམས་ཅད་ནི་མེ་སྒྲོན་གསལ་བར་འབར་བར་བགྱིད་པས་ཕན་པར་གྱུར་པ་ལགས་སོ།། བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱིས་མེ་སྒྲོན་འབར་བར་བགྱིད་པས། ཆོས་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་རང་གི་སྤྱོད་ཡུལ་ལགས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་མ་ཆེན་པོ་ཆེའི་ལུས་ནི་ཞུགས་ཀྱིས་མི་འཚིག། མཚོན་གྱིས་མི་ཁུམས། དུག་གིས་མི་འགུམ་སྟེ། དེ་ཕ་རོལ་གྱི་གནོད་པས་མི་ཚུགས་སོ།། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་དང་ཡེ་ཤེས་ཀྱང་ཉན་ཐོས་དང་འདྲིས་པར་བགྱིད་པ་དང་། རང་སངས་རྒྱས་དང་འདྲིས་པར་བགྱིད་པ་དང་། ཉོན་མོངས་པ་དང་འདྲིས་པར་བགྱིད་པས་ཞི་བར་བགྱིད་མི་ནུས་ཏེ། དེ་ཇི་ལྟ་ཇི་ལྟར་འདྲིས་པར་བགྱིད་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་བརྩོན་པ་ཤེས་རབ་གསལ་བར་འགྱུར་རོ། ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་ནོར་བུ་རིན་པོ་ཆེ་ཆབ་དང་བར་བགྱིད་པ་ནི་རྙོག་པ་ཐམས་ཅད་དང་བར་བགྱིད་དོ། ། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་རིན་པོ་ཆེའང་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བར་བགྱིད་དོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་སྨན་གྱི་རིགས་འབྲལ་བྱེད་ཅེས་བགྱི་བ་དེ་ནི་དུག་དང་ལྷན་ཅིག་ཏུའང་མི་གནས་ལ། དུག་ཐམས་ཅད་ཀྱང་ཞི་བར་བགྱིད་དོ།། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐབས་དང་ཤེས་རབ་བསྒོམ་པའང་སེམས་ཅན་གྱི་ཉོན་མོངས་པ་འམ། རང་གི་ཉོན་མོངས་པ་རྣམས་དང་ལྷན་ཅིག་ཏུ་མི་གནས་ཤིང་། སེམས་ཅན་རྣམས་ཀྱི་ཉོན་མོངས་པ་ཐམས་ཅད་ཀྱང་ཞི་བར་བགྱིད་དོ། ། བཅོམ་ལྡན་འདས་རྣམ་གྲངས་འདིས་ན། ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའི་རང་གི་སྤྱོད་ཡུལ་ལགས་སོ།། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་དཔའ་སྟོབས་ཀྱིས་དེ་སྐད་བསྟན་པ་ན། སྲོག་ཆགས་བརྒྱད་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བྱང་ཆུབ་སེམས་དཔའ་ཉིས་བརྒྱ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། ། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཞི་སྤྱོད་ཀྱི་གསུང་རབ་ལ་བྱང་ཆུབ་སེམས་དཔའ་དཔའ་སྟོབས་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། དེ་ལྟར་མི་བལྟ་སྟེ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་འདི་ཉིད་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་དཔའ་སྟོབས་ཞེས་བྱ་བར་གྱུར་ཏེ། རྒྱལ་པོ་ཆེན་པོ་སྐྱེས་བུ་དམ་པ་འདི་ནི་བརྩོན་འགྲུས་ཀྱི་གོ་ཆ་བརྟན་པོ་འདི་ལྟ་བུ་བགོས་སོ།། དེ་ལྟར་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་སོ། ། དཔའ་སྟོབས་ཀྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་གཅིག་པའོ།། །། དེ་ནས་རྒྱལ་པོ་མ་སྐྱེས་དགྲ་འདི་སྙམ་དུ་སེམས་ཏེ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལག་པ་གཡས་པ་ན་རྡོ་རྗེ་ཐོགས་པ་དེ་ཅི་ལྕི་བ་ཞིག་གམ། འོན་ཏེ་ཡང་བ་ཞིག། གང་གི་ཕྱིར་ན་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་འདི་སྟོབས་ཀྱི་ཤུགས་ཆེན་པོ་བདོག་པ་ཞེས་བྱསྙམ་མོ།། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་རྒྱལ་པོ་མ་སྐྱེས་དགྲའི་སེམས་ཀྱིས་རྣམ་པར་རྟོག་པ་སེམས་ཀྱིས་ཤེས་ནས། རྒྱལ་པོ་ཆེན་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ།། རྒྱལ་བ་ཆེན་པོ་རྡོ་རྗེ་འདི་ནི་ལྕི་བའང་ཡིན་ལ། ཡང་བའང་ཡིན་ནོ།། སྨྲས་པ། ཅིའི་ཕྱིར་ནི་ལྕི་བ་ཡིན་ལ། ཇི་ལྟར་ན་ཡང་བའང་ཡིན། སྨྲས་པ། རྒྱལ་པོ་ཆེན་པོ་སེམས་ཅན་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པས་སྙེམས་པ་རྣམས་ཡོངས་སུ་གདུལ་བའི་ཕྱིར་ལྕི་བ་ཡིན་ནོ།། སེམས་ཅན་ང་རྒྱལ་མེད་པ་དང་། དྲང་བ་རྣམས་ལ་ནི་ཡང་བ་ཡིན་ནོ།། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ས་ཕྱོགས་དེ་རྡོ་རྗེར་བྱིན་གྱིས་བརླབས་ནས། རྡོ་རྗེ་དེ་སའི་སྟེང་དུ་བཞག་པ་དང་། དེ་བཞག་མ་ཐག་ཏུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། ། དེ་ནས་གསང་བ་བདག་པོ་ལག་ན་རྡོ་རྗེས། རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ།། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་རྡོ་རྗེ་འདི་ས་སྟེང་འདི་ནས་ཐེག་ཅིག། དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ཚན་པོ་ཆེ་ཆེན་པོའི་སྟོབས་ཀྱི་ཤུགས་ཆེན་པོ་དང་ལྡན་པས་རྡོ་རྗེ་དེ་སྟོབས་ཀྱི་ཤུགས་ཐམས་ཅད་ཀྱི་འདེག་པར་བསྐྱོད་ན། སྐྲའི་རྩེ་མོ་ཆ་ཙམ་ཡང་བསྐྱོད་པ་འམ། བསྒྲལ་བར་མ་ནུས་ན། དེ་ངོ་མཚར་དུ་གྱུར་ཏེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ནི་ཆེན་པོ་ཆེ་ཆེན་པོའི་སྟོབས་ཀྱི་ཤུགས་དང་ལྡན་ཏེ། གོ་ཆ་དང་ཡ་ལང་བསྐོན་པའི་གླང་པོ་ཆེའང་ལག་པ་ལ་གཅིག་གིས་གདེག་པའི་རྔོ་ཐོག་ན། བདག་གིས་རྡོ་རྗེ་འདི་ལྟར་ཆུང་བ་འང་བསྐྱོད་པ་འམ། བསྐུལ་བའི་རྡོའང་མ་ཐོག་ན། གདེག་པར་ལྟ་སྨོས་ཀྱང་ཅི་འཚལ་ཏེ། འདི་ལ་རྒྱུ་ཅི་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་རྡོ་རྗེ་འདི་ནི་ལྟོས། འདི་ལ་ཁྱེད་ཡི་མ་འཆད་ཅིགདེ་ནས་རྒྱལ་པོ་མ་སྐྱེས་དགྲས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ།། ཀའུ་ཤི་ཀ་ཁྱོད་རྡོ་རྗེ་འཆང་བ་ཞེས་བྱ་ན། རྡོ་རྗེ་འདི་སའི་སྟེང་འདིན་ཐེག་། ། དེ་ནས་ལའི་དབང་པ་རྒྱ་རྐྱེན་གྱིས་རངག་སྐབས་ཀྱི་ཐུགས་དང་། རྡུ་ཡུལ་གྱི་སྟོབས་དང་། བས་ཀྱི་གྲགས་སེམས་ཅད་བསྟན་། དེ་བསྐྱོད་པ་འམ། བསྐུལ་བར་མ་ནུས་སོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གང་གི་ལྷ་མ་ཡིན་དང་གཡུལ་འགྱེད་པ་དེའི་ཚེ་ལག་པ་གཡས་པས་ལྷ་མ་ཡིན་གྱི་དབང་པོ་ཐག་ཟངས་རིས་ཀྱི་ཤིང་རྟ་དཔག་ཚད་བདུན་བརྒྱ་པ་དྲག་ཏུ་མཆི་བའང་འཛིན་པའི་རྔོ་ཐོག་ན། བདག་གིས་རྡོ་རྗེ་ཆུང་ངུ་འདི་བསྐྱོད་པ་འམ། བསྐུལ་བའི་རྔོ་མ་ཐོག་པ་འདི། བཅོམ་ལྡན་འདས་ཅི་ལགས། སངས་རྒྱས་ཀྱི་བྱིན་གྱི་རླབས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་རྡོ་རྗེ་འདི་ནི་ལྕི་སྟེ། འདི་ལ་ངའི་བྱིན་རླབས་མ་ཡིན་པར་རིག་པར་བྱའོ།། ཀོརུ་ཤི་ཀ་འདི་ཇི་སྙམ་དུ་སེམས། རིའི་རྒྱལ་པོ་རི་རབ་ལྕི་བ་ཡིན་ནམ། གསོལ་བ། བཅོམ་ལྡན་འདས་རིའི་རྒྱལ་པོ་རི་རབ་ཇི་ཙམ་དུ་ལྕི་བ་ནི་དཔེར་བགྱི་བར་ཡང་སླ་བ་མ་ལགས་མ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འུ་ཤི་ཀ་རྡོ་རྗེ་འདི་ནི་ལྕི་སྟེ། ཀོའུ་ཤི་ཀ་གལ་ཏེ་གསང་བ་བའི་བདག་པོ་ལག་ན་རྡོ་རྗེའི་རང་བཞིན་གྱི་ཁོར་ཡུག་གི་རི་ལ་བསྣུན་ན། དེའང་དཔེར་ན་ཕུབ་མ་སྤར་གང་གཏོར་བ་བཞིན་དུ་རྣམ་པར་འཐོར་ཏེ། ཀོའུ་ཤི་ཀ་རྡོ་རྗེ་འདིའི་སྟོབས་ཀྱི་ཤུགས་ནི་དེ་ཙམ་མོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་མོའུ་འགལ་གྱི་བུ་ཆེན་པོ་ཁྱོད་བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་ཀྱི་ནང་ན་རྫུ་འཕྲུལ་དང་ལྡན་པའི་མཆོག་ཏུ་བསྟན་པ་ཡིན་ན། རྡོ་རྗེ་འདི་སའི་སྟེང་འདི་ནས་ཐེག་ཅིག། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་འདི་སྙམ་དུ་བསམས་གལ་ཏེ་བདག་གིས་ལྷ་དང་བཅས་པའི་འཇིག་རྟེན་འདིའི་མདུན་དུ། རྡོ་རྗེ་འདི་གདེག་མ་ནུས་ན་ནི་བདག་ལ་དབང་ཟ་བར་འགྱུར་རོ་སྙམ་ནས། དེས་དེ་འདྲ་བའི་སྟོབས་ཀྱི་ཤུགས་ཀྱིས་རྡོ་རྗེ་དེ་ལ་བཟུང་བ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས་ཏེ། ཆུའང་གནམ་དུ་བརྒལ་ཅིང་། རྒྱ་མཚོ་ཐམས་ཅད་འཁྲུགས་ཀྱང་རྡོ་རྗེ་དེ་བསྐྱོད་པ་འམ། བསྐུལ་བར་མ་ནུས་སོ།། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་ཟོས་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་བདག་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ནང་ན་རྫུ་འཕྲུལ་དང་ལྡན་པའི་མཆོག་ཏུ་བསྟན་པ་ལགས་ཏེ། བཅོམ་ལྡན་འདས་བདག་དེ་ལྟར་རྫུ་འཕྲུལ་ཆེ་ཞིང་། དེ་ལྟར་དབང་ཆེ་བར་གྲགས་ལ། དེ་ལྟར་མཐུ་ཆེ་བ་ལགས་ཏེ། བཅོམ་ལྡན་འདས་བདག་གང་གི་ཚེ་འཚལ་ན། རྒྱ་མཚོ་ཆེན་པོ་བཞིའི་ཆབ་ཀྱི་ཕུང་པོ་ལག་མཐིལ་གཅིག་ཏུ་འཇོག་གོ།། བཅོམ་ལྡན་འ་དས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའང་དཔེར་བགྱི་ན་མི་ལ་ལ་ཞིག་གིས་ཀར་ཤ་པ་ཎ་གཅིག་མཇུག་མོའི་རྩེམས་བསྒོ་བཟློག་པ་དེ་བཞིན་དུ་བདག་གིས་བསྒྲ་བཟློག་གོ། ། བཅོམ་ལྡན་འདས་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་མཆི་བའང་བདག་གིས་ཐོགས་པར་བགྱིད་དོ།། རིའི་རྒྱལ་པོ་རི་རབ་ཀྱང་ལག་པ་ཡ་གཅིག་གིས་བླངས་ཏེ། ཚངས་པའི་འཇིག་རྟེན་གྱི་བར་དུ་འཕེན་ཏོ།། བཅོམ་ལྡན་འདས་བདག་གིས་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་དེ་གཉིས་ཀྱང་བཏུལ་ལོ།། བཅོམ་ལྡན་འདས་བདག་འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་དུ་རང་མཆིས། བདག་གིས་རི་རབ་ཙམ་གྱི་ཁམས་དེ་དག་ཀྱང་འཚལ་འཚལ་ན། བཅོམ་ལྡན་འདས་བདག་གིས་རྡོ་རྗེ་འདི་ལྟར་ཆུང་བ་འདི་བསྐྱོད་པ་འམ། བསྐུལ་བའི་རྡོའང་མ་ཐོག་པ་འདི། བཅོམ་ལྡན་འདས་བདག་རྫུ་འཕྲུལ་གྱི་སྟོབས་དེ་ལས་ཡོངས་སུ་ཉམས་པ་འམ། གཅིག་ཏུ་མ་གྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་འགལ་གྱི་བུ་ཆེན་པོ་ཁྱོད་རྫུ་འཕྲུལ་གྱི་སྟོབས་དེ་ལས་ཡོངས་སུ་ཉམས་པ་ནི་མེད་མོད་ཀྱི། བྱང་ཆུབ་སེམས་དཔའི་སྟོབས་ཀྱི་བྱིན་གྱི་རླབས་འདི། ཉན་ཐོས་དང་རང་སངས་རྒྱས་ཐམ་ཅད་ཀྱིས་ཀྱང་རྣམ་པར་དཀྲུག་པར་མི་ནུས་ན། སེམས་ཅན་གཞན་དག་གིས་ལྟ་སྨོས་ཀྱང་ཅི་དགོས། མོའུ་འགལ་གྱི་བུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་རིའི་རྒྱལ་བ་རབ་ཡོད་པ་རྣམས་ནི་བསྐྱོད་པ་འམ། བསྐུལ་བར་ནུས་ཀྱི། རྡོ་རྗེ་འདི་ན་ས་ཕྱོགས་འདི་ནས་བསྐྱོད་པ་འམ། བསྐུལ་བར་མི་ནུས་སོ།། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་འདི་ལྟར་རྡོ་རྗེ་འདི་འཆང་བས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ནི་སྟོབས་ཆེ་བ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་འགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རི་རབ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རི་གཅིག་ཏུ་གྱུར་ཀྱང་དེ་ནི་གདེག་པར་ནུས་ཀྱི། རྡོ་རྗེ་འདི་ནི་གདེག་པར་མི་ནུས་སོ། ། དེ་ནས་གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོ་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟར་རྡོ་རྗེ་འདི་འཆང་བས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་འདི་ནི་སྟོབས་ཀྱི་ཤུགས་ཆེན་པོ་དང་ལྡན་པ་ལགས་ཏེ་ངོ་མཚར་ཏོ། ། བཅོམ་ལྡན་འདས་ཅི་ལགས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་སྟོབས་དེ་ཕ་མ་ལས་གྱུར་པ་ལགས་སམ། འོན་ཏེ་རྫུ་འཕྲུལ་གྱི་སྟོབས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་འགལ་གྱི་བུ་ཕ་མ་ལས་གྱུར་པའི་སྟོབས་དེ་ནི་གང་ཅིའང་རུང་སྟེ། འཇུག་པ་ཙམ་དུ་མིང་བསྟན་པར་ཟད་དོ།། གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་གྱི་སྟོབས་དེ་མ་ལུས་པར་བསྟན་ན། ལྷ་དང་བཅས་པའི་འཇིག་རྟེན་རྒྱ་རྒྱ་བོར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་གླང་པོ་ཆེའི་ལྷ་སྟངས་ཀྱིས་ཕྱོགས་ཐམས་ཅད་དུ་ཀུན་ཏུ་གཟིགས་ཏེ། གསང་བ་བའི་བདག་པ་ལག་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། གསང་བ་པའི་བདག་པོ་ཁྱོད་ཀྱིས་རྡོ་རྗེ་འདི་སའི་སྟེང་འདི་ནས་ཐོག་ཅིག། དེ་ནས་གསང་བ་པའི་བདག་པོ་ལག་རྡོ་རྗེས་དེའི་ཚེ་སྟོང་གསུ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཡོས་པར་བྱས་ནས། སའི་སྟེང་དེ་ནས་རྡོ་རྗེ་དེ་ལག་པ་གཡོན་པས་བླངས་ཏེ་སྟང་གི་བར་སྣང་དུ་འཕངས་ནས། དེས་དེ་བར་ལྡ་@་བདུན་བསྐོར་ཏེ་ལག་པ་གཡས་པར་བཞག་གོ། ། དེ་ན་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ཏེ་ཐལ་མོ་སྦྱར་ནས། གསང་བ་པའི་བདག་པོ་ལག་ར་རྡོ་རྗེ་ལ་ཕག་འཚལ་ཏེ། འདི་ལྟར་རྡོ་རྗེ་འདི་འཆང་བས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ཇི་ཙམ་དུ་སྟོབས་ཀྱི་ཤུགས་དང་ལྡན་པ་ནི་ངོ་མཚར་ཏོ།། བཅོམ་ལྡན་འདས་སེམས་ཀྱང་འདི་ལྟ་བུའི་སྟོབས་དང་ལྡན་པར་གྱུར་ཅིག་ཅེས་སྨྲས་སོ། ། དེ་ནས་བཅོམ་ལྡན་འདས་ལ། རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འང་བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན་སྟོབས་འདི་ལྟ་བུ་ཐོབ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆོས་བཅུ་པ་བུ་འཐོབ་སྟེ། བཅུ་གང་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལ་བྱང་ཆུབ་སེམས་དཔའ་ལུས་དང་སྲོག་ནི་ཡོངས་སུ་གཏོང་གི། དམ་པའི་ཆོས་ནི་ཡོངས་སུ་མི་གཏང་བ་དང་། སེམས་ཅན་ཐ། ཅད་ལ་འདུད་ཅིང་ང་རྒྱལ་འཕེལ་བར་མི་བྱེད་པ་དང་། སེམས་ཅན་མཐུ་ཆུང་བ་རྣམས་ལ་བཟོད་ཅིང་ཁོང་ཁྲོ་བར་མི་བྱེད་པ་དང་། སེམས་ཅན་བཀྲེས་པ་རྣམས་ལ་ཁ་ཟས་བཟང་པོ་མཆོག་སྦྱིན་པ་དང་། སེམས་ཅན་འཇིགས་པ་རྣམས་ལ་མི་འཇིགས་པ་སྦྱིན་པ་དང་། སེམས་ཅན་ནད་པ་རྣམས་ལ་ཡང་དག་པའི་གསོ་བ་བྱ་བར་སྤྲོ་བ་དང་། སེམས་ཅན་དབུལ་པོ་རྣམ་ལོ་ལོངས་སྤྱོད་དག་གིས་ཚིམ་པར་བྱེད་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྡོ་ཐལ་གྱིས་སྐ་བ་དང་། སེམས་ཅན་རྣམས་ལ་ཀུན་ཏུ་དགའ་བར་འགྱུར་བའི་ཚིག་སྒྲོགས་པ་དང་། སེམས་ཅན་དབུལ་པོ་སྡུག་བསྔལ་བ་ངལ་བ་ཆང་པ་རྣམས་ཀྱི་ཁུར་ཁྱེར་བ་སྟེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆོས་བཅུ་པོ་དེ་དག་དང་ལྡན་ན། སྟོབས་འདི་ལྟ་བུ་འཐོབ་བོ། ། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཅང་ཤེས་པ་ལ་གནས་ཤིང་ཅང་ཤེས་པའི་འགྲོ་བར་འགྲོ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ཕུལ་པ། རྒྱལ་པོ་ཆེན་པ་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་དང་ལྡན་ན་ཅང་ཤེས་པར་འགྱུར་ཞིང་། ཅང་ཤེས་པའི་འགྲོ་བར་འགྲོ་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། བཀའ་། བདེ་བ་དང་། དྲང་བ་དང་། མཉེན་པ་དང་། ངེས་པ་དང་། གཡོ་མེད་པ་དང་། སྒྱུ་མེད་པ་དང་། ཕྲག་དོག་མེད་པ་དང་། སེམས་ལས་སུ་རུང་བ་སྟེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན་ཅང་ཤེས་པར་འགྱུར་ཞིང་། ཅང་ཤེས་པའི་འགྲོ་བར་འགྲོའོ།། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཅང་ཤེས་ཀྱི་འགྲོ་བ་དུ་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཅང་ཤེས་ཀྱི་འགྲོ་བཞི་སྟེ། བཞི་གང་ཞེ་ན། གང་གི་ཚེ་མིའི་འཇིག་རྟེན་དུ་སྐྱེས་པ་དེའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། དེར་ཡང་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དུ་འགྱུར་ཏེ། དེར་ཡང་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང་། མི་མཇེད་ཀྱི་བདག་པོ་ཚངས་པར་འགྱུར་ཏེ། དེར་ཡང་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང་། ཁྱིམ་བདག་ཚོང་དཔོན་དུ་འགྱུར་ཏེ། དེར་ཡང་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་སྟེ། རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཅད་ཤེས་ཀྱི་འགྲོ་བའོ། ། རྒྱལ་པོ་མ་སྐྱེས་དགྲས་གསལ་པ། བཅོམ་ལྡན་འདས་དད་པའི་རྒྱུ་མཐུན་པ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དང་པའོ།། རྒྱུ་མཐུན་པ་ནི་དགེ་བའི་བཤེས་གཉེན་ནོ།། གསོལ་པ། བཅོམ་ལྡན་འདས་སྦྱིན་པའི་རྒྱུ་མཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སྦྱིན་པའི་རྒྱུ་མཐུར་པ་ནི་ལོངས་སྤྱད་དོ། ། གསོལ་པ། བཅོམ་ལྡན་འདས་ཐོས་པའི་རྒྱུ་མཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཐོས་པའི་རྒྱུ་མཐུན་པ་ནི་ཤེས་རབ་བོ།། གསལ་བ། བཅོམ་ལྡན་འདས་ཚུལ་ཁྲིམས་ཀྱི་རྒྱུ་མཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཚུལ་ཁྲིམས་ཀྱི་རྒྱུ་མཐུན་པ་ནི་བདེ་འགྲོ་ཐམས་ཅད་དུ་འགྲོ་བའོ།། གསོལ་པ། བཅོམ་ལྡན་འདས་བཟོད་པའི་རྒྱུ་མཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བཟོད་པའི་རྒྱུ་མཐུན་པ་ནི་སེམས་ཅན་རྗེས་སུ་སྲུང་བའོ།། གསོལ་པ། བཅོམ་ལྡན་འདས་བརྩོན་འགྲུས་ཀྱི་རྒྱུ་མཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བརྩོན་འགྲུས་ཀྱི་རྒྱུ་མཐུན་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ།། གསོལ་པ། བཅོམ་ལྡན་འདས་བསམ་གཏན་གྱི་རྒྱུ་མཐུན་པ་ཙ་ལགས། བཀའ་སྩལ་པ། རྒྱལ་བཆེན་པ་བསམ་གཏན་རྩ་རྒྱུམཐུན་པ་ན་ཉ་བ་པན་པའོ།། གསམ་ཧཱ། བཅམ་ལྡན་འདས་ཤེས་རབ་མཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཤེས་རབ་ཀྱི་རྒྱུ་མཐུན་པ་ནི་ཉོན་མོངས་པ་ཐམས་ཅད་སེལ་བའོ།། གསོལ་པ། བཅོམ་ལྡན་འདས་ཆོས་ཉན་པའི་རྒྱུ་མཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པ་ཆོས་ཉན་པའི་རྒྱུ་མཐུན་པ་ནི་ཐེ་ཚོམ་སྤོང་བའོ།། གསོལ་བ། བཅོམ་ལྡན་འདས་ཆོས་ཡོངས་སུ་འདྲི་བའི་རྒྱུ་མཐུན་པ་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཆོས་ཡོངས་སུ་འདྲི་བའི་རྒྱུ་མཐུན་པ་ནི་སོམ་ཉི་མེད་པའོ།། གསོལ་པ། བཅོམ་ལྡན་འདས་དབེན་པར་གནས་པའི་རྒྱུ་མཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དབེན་པར་གནས་པའི་རྒྱུ་མཐུན་པ་ནི་བསམ་གཏན་དང་མངོན་པར་ཤེས་པ་ཐོབ་པའོ།། གསོལ་པ། བཅོམ་ལྡན་འདས་བསྐམ་པའི་རྒྱུ་མཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བསྒོམ་པའི་རྒྱུ་མཐུན་པ་ནི་འབྲལ་བའོ།། གསོལ་པ། བཅོམ་ལྡན་འདས་མི་རྟག་པ་ཐོས་པའི་རྒྱུ་མཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་མི་རྟག་པ་ཐོས་པའི་རྒྱུ་མཐུན་པ་ནི་ཡོངས་སུ་འཛིན་པ་འདོར་བའོ།། གསོལ་པ། བཅོམ་ལྡན་འདས་སྡུག་བསྔལ་ཐོས་པའི་རྒྱུ་མཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སྡུག་བསྔལ་ཐོས་པའི་རྒྱུ་མཐུན་པ་ནི་ཉེ་བར་ལེན་པ་མེད་པའོ། ། གསོལ་པ། བཅོམ་ལྡན་འདས་བདག་མེད་པ་ཐོས་པའི་རྒྱུ་མཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་བོ་བདག་མེད་པ་ཐོས་པའི་རྒྱུ་མཐུན་པ་ནི་ངར་འཛིན་པ་དང་ང་ཡིར་འཛིན་པ་འགོག་པའོ། ། བཅོམ་ལྡན་འདས་ཞི་བ་ཐོས་པའི་རྒྱུ་མཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཞིབ་ཐོས་པའི་རྒྱུ་མཐུན་པ་ནི་ཉེ་བར་ཞི་བའོ། ། གསོལ་པ། བཅོམ་ལྡན་འདས་ཚུལ་བཞིན་ཡིད་ལ་བགྱིད་པའི་རྒྱུ་མཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཚུལ་བཞིན་ཡིད་ལ་བྱེད་པའི་རྒྱུ་མཐུན་པ་ནི་འཕགས་པའི་ཡང་དག་པའི་ལྟ་བ་སྐྱེ་བའོ། ། གསོལ་པ། བཅོམ་ལྡན་འདས་ལུས་དང་སེམས་དབེན་པའི་རྒྱུ་མཐུན་པ་ཅི་ལགས། བཀའ་སྩལ་བ། རྒྱལ་པོ་ཆེན་པོ་ལུས་དང་སེམས་དབེན་པའི་རྒྱུ་མཐུན་པ་ནི་བསམ་གཏན་དང་མངོན་པར་ཤེས་པ་སྐྱེ་བའོ། ། གསོལ་པ། བཅོམ་ལྡན་འདས་ལམ་གྱི་རྒྱུ་མཐུན་པ་ཅི་ལེགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ལམ་གྱི་རྒྱུ་མཐུན་པ་ནི་འབྲས་བུ་མངོན་པར་རྟོགས་པའོ། ། གསོལ་པ། བཅོམ་ལྡན་འདས་མོས་པའི་རྒྱུ་མཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་མོས་པའི་རྒྱུ་མཐུན་པ་ནི་རྣམ་པར་གྲོལ་བར་ཡོངས་སུ་རྫོགས་པར་བྱེད་པའོ། ། གསོལ་པ། བཅོམ་ལྡན་འདས་སངས་རྒྱས་འབྱུང་བའི་རྒྱུ་མཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ས་རྒྱས་འབྱུང་བའི་རྒྱུ་མཐུན་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་འཐོབ་པའོ། ། གསོལ་པ། བཅོམ་ལྡན་འདས་སངས་རྒྱས་འབྱུང་བ་ཇི་ལྟ་བུ་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཇི་ལྟ་བ་བཞིན་ནོ། ། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཇི་ལྟ་བུ་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སྙིང་རྗེ་ཆེན་པོ་བསྐྱེད་པ་ཇི་ལྟ་བ་བཞིན་ནོ། ། གསོལ་པ། བཅོམ་ལྡན་འདས་སངས་རྒྱས་འབྱུང་བ་སུའི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སུ་དད་པ་སྐྱེད་པའིའོ།། གསོལ་པབ། བཅོམ་ལྡན་འདས་དད་པ་སྐྱེད་པ་སུ་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སུ་བྱང་ཆུབ་ཏུ་སེམས་བསྐྱེད་པའོ།། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་སུ་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སུ་ལྷག་པའི་བསམ་པ་རྣམ་པར་མི་འཁྲུགས་པའོ།། གསོལ་པ། བཅོམ་ལྡན་འདས་སུ་ལྷག་པའི་བསམ་པ་རྣམ་པར་མི་འཁྲུག་པ་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སུ་སྙིང་རྗེ་ཆེན་པོ་བསྐྱེད་པའོ།། གསོལ་པ། བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་སྐྱེད་པ་ཇི་ལྟ་བུ་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཇི་ལྟར་སེམས་ཅན་རྣམས་ལ་ཡོངས་སུ་མི་གཏོང་བ་སྐྱེད་པ་ལྟ་བུའོ། ། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་སེམས་ཅན་རྣམས་ཡོངས་སུ་མི་གཏོང་བ་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་གི་ཚེ་བདག་གི་བདེ་བ་ཡོངས་སུ་གཏང་བའོ།། གསོལ་པ། བཅོམ་ལྡན་འདས་བདག་གི་བདེ་བ་གཏོང་བ་ཇི་ལྟ་བུ་ལགས། བཀའ་སྩལ་པ། རྒྱལ་བ་ཆེན་པོ་སུ་དཀོན་མཆོག་གསུམ་ཡོངས་སུ་མི་གཏོང་བ་ཡིན་ནོ། ། གསོལ་པ། བཅོམ་ལྡན་འདས་དཀན་མཆོག་གསུམ་ཡོངས་སུ་མི་གཏོང་བ་སུ་ལགས། བཀའ་སྩལ་པ། རྒྱལ་ཆེན་པོ་སུ་ཉོན་མོངས་པ་ཐམས་ཅད་ཡོངས་སུ་གཏོང་བ་དེ་དཀོན་མཆོག་གསུམ་ཡོངས་སུ་མི་གཏོང་བ་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་ལ། རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ། ། ཇི་ཙམ་དུ་དེ་བཞིན་གཤེགས་པས་ཆོས་འདུལ་བ་བསྟན་པ་ལེགས་པར་གསུངས་པ་དང་། ཇི་ཙམ་དུ་དེ་བཞིན་གཤེགས་པས་བསླབ་པ་ལེགས་པར་བཅས་པ་དང་། ཇི་ཙམ་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་རྗེས་སུ་མཐུན་པ་དང་། རྒྱུ་དང་འབྲས་བུ་ཆབ་མི་འཚལ་བ་དང་། རྟག་པ་དང་ཆད་པ་མ་མཆིས་པ་དང་། ལས་དང་བྱ་བ་ལ་འཇུག་པ་བསྟན་པ་དང་། དགེ་བ་དང་མི་དགེ་བ་ཆབ་མི་འཚལ་བ་དང་། མི་སླུ་བའི་མཚན་ཉིད་ལེགས་པར་གསུངས་པ་ན། བཅོམ་ལྡན་འདས་ངོ་མཚར་ལགས་སོ།། བདེ་བར་གཤེགས་པ་ངོ་མཚར་ལགས་སོ།། བཅོམ་ལྡན་འདས་དགེ་བའི་རྩ་བ་མ་བསྐྱེད་པ་དང་། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་དག་མ་གཏོགས་པར། འདི་ལྟར་རྒྱ་ཆེ་ཞིང་འདི་ལྟར་གྱ་ནོམ་པའི་བསྟན་པ་འདི་ལ་བརྩོན་པ་རྣམས་ལ་སུ་ཞིག་ཟློག་པར་བགྱིད། གནོད་པར་བགྱིད། སྤང་བར་བགྱིད། བཅོམ་ལྡན་འདས་བདག་གིས་ནི་སྔོན་གྱི་དགེ་བའི་རྩ་བ་རྣམས་ལ་བྱས་པ་མི་གཟོ་བར་མི་བགྱིའོ། ། གང་གི་མཐུས་བདག་ཉིད་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་སྡིག་པ་ཐམས་ཅད་ལས་རྣམ་པར་ལོག་པའི་དེ་བཞིན་གཤེགས་པ་ལ། བདག་གིས་ཤ་དང་ཟག་གིས་ཀྱང་བཀའ་དྲིན་ལན་བླན་པའི་རྔ་མ་ཐོགས་ལགས་སོ། ། བཅོམ་ལྡན་འདས་གང་གི་མཐུས་བདག་གི་བཟང་པོ་མ་ལགས་པའི་འགྱོད་པ་ཆེན་པོ་བསལ་བ་དང་ཆོས་སྣང་བ་ཆེན་པོ་ཐོབ་པར་བགྱིས་པའི་འཇམ་དཔལ་གཞོན་ནུར་གྱུར་པ་ཡུན་རིང་པོའི་དགེ་བའི་བཤེས་གཉེན་ལའང་བདག་གིས་དྲིན་ལན་བླན་པའི་རྔོ་མ་ཐོག་ལགས་སོ། ། ཚངས་པའི་སྤྱོད་བཔ་འདི་མཐའ་དག་ནི། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་ལས་བྱུང་ངོ་ཞེས་བགྱི་བ་ནི། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའོ།། མ་སྐྱེས་དགྲས་ཞུས་པ་ལུང་བསྟན་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་གཉིས་པའོ། ། །། བམ་པོ་བཅུ་པ་སྟེ་ཐ་མའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། ། གསང་བ་པའི་བདག་པོ་གང་གི་ཚེ། བཅོམ་ལྡན་འདས་ཀྱིས་སྤྲུལ་པ་སྤྲུལ་པ་དེའི་ཚེ། ཁྱོད་ཀྱང་སྤྲུལ་པ་སྤྲུལ་ལམ། ལག་ན་རྡོ་རྗེས་སྤྲས་པ། བཅོམ་ལྡན་འདས་མངོན་སུམ་དུ་བཞུགས་པ་འདི་ཁ་ཟའི་དབང་ཡིན་ཏེ། ཞི་བའི་བློ་གྲོས་གལ་ཏེ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག་སྤྲུལ་ན། ཁོ་བ་སྤྲུལ་པ་གཟུགས་ཐ་དད་པ་རྣམ་པར་རྩེན་པ་ཐ་དད་པའང་དེ་སྙེད་དེ་དག་གི་རྗེས་སུ་འབྲང་བ་ཡིན་ཏེ། ཞི་བའི་བློ་གྲོས་འདི་ནི་སྔོན་གྱི་བསམ་པ་ཡོངས་སུ་དག་པའི་རྒྱུ་མཐུན་པའོ།། དེནས་བྱང་ཆུབ་སེམས་དཔའ་ཆེན་བཞི་པའི་བློ་གྲས་ཀྱིས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། གསང་བ་པའི་བདག་པོ་གང་གི་ཕྱིར་ཕྱི་མའི་ཚེ་ལྔ་བརྒྱ་ཐ་མ་ལ། ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པ་དང་། རྒྱས་པར་འགྱུར་བ་དང་། ཆོས་ཀྱི་རྣམ་གྲངས་འདི་དམ་པའི་ཆོས་ཡོངས་སུ་འཛིན་པ་སྐྱེས་བུ་དམ་པ་དེ་དག་གི་ལག་ཏུ་འགྲོ་བར་དེ་བཞིན་གཤེགས་པ་ལ་གསོལ་བ་ཐོབ་ཅིག། གསང་བ་པའི་བདག་པོས་སྨྲས་པ། རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཟིན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཡི་གེ་གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་བསྙད་པའི་ཡི་གེ་དེ་དག་ནི་མ་སྐྱེས་པ། ཟད་པར་མི་འགྱུར་བ། ནུབ་པར་མི་འགྱུར་བའོ།། ཡི་གེ་གང་གིས་དོན་གང་བརྗོད་པའི་དོན་དེའང་ནུབ་པར་བྱ་བར་མི་ནུས་བའོ། ། ཞི་བའི་ཟླ་གྲོས་དེ་བཞིན་གཤེགས་པའི་དམ་པའི་ཆོས་ནི་ནུབ་པར་འགྱུར་བ་མ་ཡིན་པའོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལ་སྐྱེ་བ་ཅིའང་མེད་དོ།། གང་སྐྱེ་བ་མེད་པ་དེ་ནི་འགག་གོ།། བཅོམ་ལྡན་འདས་ཀྱིས་འདི་ལ་དགོངས་ནས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་ཇི་ལྟ་བ་བཞིན་འདི་ནི་འདུག་པ་ཉིད་དོ་ཞེས་གསུངས་ཏེ། དེ་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་དང་མི་འགལ་བ་ཡིན་ནོ།། གང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་མི་འགལ་བ་དེ་དམ་པའི་ཆོས་ཡིན་ནོ། ། དམ་པའི་ཆོས་གང་ཡིན་པ་དེ་རྟག་པར་མི་ནུབ་སྟེ། དེས་ན་དམ་པའི་ཆོས་ཞེས་བྱའོ།། ཞི་བའི་བློ་གྲོས་ཀྱིས་སྨྲས་པ། གསང་བ་པའི་བདག་པོ་གང་དག་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་གོ་ཆ་གྱོན་པ་དེ་དག་གང་དུ་གོ་ཆ་གྱོན། སྨྲས་པ། གང་དག་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་གོ་ཆ་གྱོན་པ་དེ་དག་ནི། ཆོས་ཐམས་ཅད་དང་མི་འགལ་བར་བྱ་བའི་ཕྱིར་གོ་ཆ་གྱོན་ནོ།། དེ་ཅིའི་ཕྱིར་ཞེ་ན། གང་ཆོས་ཐམས་ཅད་དང་མི་འགལ་བ་དེ་ཉིད་དམ་པའི་ཆོས་སོ།། སྨྲས་པ། ཇི་ལྟར་ན་ཆོས་དང་འགལ་བ་གང་ཡིན། སྨྲས་པ། ཡི་གེ་དང་འགལ་ན་ཆོས་དང་འགལ་བ་ཡིན་ཏེ། ཆོས་དང་ནི་ནམ་ཡང་འགལ་བར་མི་འགྱུར་རོ།། དེ་ལ་གང་དག་མི་འགལ་བ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པའོ། ། སྨྲས་པ། གསང་བ་པའི་བདག་པོ་གང་དག་འཇིག་རྟེན་ཐམས་ཅད་དང་འགལ་བ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པའི་རྣམ་གྲངས་ཡོད་དམ། སྨྲས་པ། ཞི་བའི་ཟླ་གྲོས་ཡོད་དེ། དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་འཇིག་རྟེན་ནི་ལྟ་བ་ལ་མངོན་པར་ཞེན་པ་ཡིན་ལ། དེ་ནི་སྟོང་པ་ཉིད་དུ་སྨྲ་བ་ཡིན་ཏེ། དེས་ན་དེ་འཇིག་རྟེན་ཐམས་ཅད་དང་འགལ་ལོ། ། འཇིག་རྟེན་ནི་རྟོག་པ་དང་། བདེ་བ་དང་། བདག་དང་། བདག་གིར་སྨྲ་བ་ཡིན་ལ། དེ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་མི་སྡུག་པ་དང་། བདག་དང་། བདག་གི་མེད་པར་སྨྲ་བ་ཡིན་ཏེ། དེས་ན་དེ་འཇིག་རྟེན་ཐམས་ཅད་དང་འགལ་ལོ།། འཇིག་རྟེན་ནི་རྒྱུན་ཕྱོགས་སུ་འགྲོ་བ་ཡིན་ལ། དེ་ནི་རྒྱུན་ལས་བཟློག་སྟེ་འགྲོ་བ་དེས་ན་དེ་འཇིག་རྟེན་ཐམས་ཅད་དང་འགལ་ལོ། ། འཇིག་རྟེན་ནི་ཚེ་འདི་ལྟར་ལེན་པ་ཡིན་ལ། ད་ནི་ཚེ་རབྲ་འཕོ་བ་ལྷུར་ལེན་པ་ཡིན་ཏེ། དེས་ན་དེ་འཇིག་རྟེན་ཐམས་ཅད་དང་འགལ་ལོ། ། འཇིག་རྟེན་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་མངོན་པར་ཞེན་པ་ཡིན་ལ། དེ་ནི་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ།། དེས་ན་འཇིག་རྟེན་ཐམས་ཅད་དང་འགལ་ལོ།། ཞི་བའི་བློ་གྲོས་རྣམ་གྲངས་འདིས་ནི་གང་དག་འཇིག་རྟེན་ཐམས་ཅད་དང་འགལ་བ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་ཏོ།། སྨྲས་པ།། གསང་བ་པའི་བདག་པོ་ཁྱོད་དམ་པའི་ཆོས་ཡོངས་སུ་འཛིན་ཏམ། སྨྲས་པ། རིགས་ཀྱི་བུ་ཡོངས་སུ་འཛིན་ཏེ། བདག་ཡོངས་སུ་མི་འཛིན་སེམས་ཅན་ཡོངས་སུ་མི་འཛིན། ཆོས་ཡོང་སུ་མི་འཛིན་ཏོ། ། སྨྲས་པ། ཇི་ལྟར་ཡོངས་སུ་མི་འཛིན། སྨྲས་པ། བདག་དབེན་པ་དང་། སེམས་ཅན་དབེན་པ་དང་། ཆོས་དབེན་པ་དང་། བདག་དང་། སེམས་ཅན་དང་ཆོས་དབེན་པ་མ་ཡིན་པ་དང་། འདས་པ་དབེན་པ་དང་། མ་འོངས་པ་དབེན་པ་དང་། ད་ལྟར་བྱུང་བ་དབེན་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་དབེན་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་དབེན་པ་མ་ཡིན་པ་དང་། སངས་རྒྱས་དབེན་པ་དང་། སངས་རྒྱས་དབེན་པ་མ་ཡིན་པ་དང་། ཞིང་དབེན་པ་དང་། ཞིང་དབེན་པ་མ་ཡིན་པ་དང་། ཆོས་དབེན་པ་དང་། ཆོས་དབེན་པ་མ་ཡིན་པར་གང་དེ་ལྟར་ཆོས་རྣམས་རྗེས་སུ་རྟོགས་པ་དེ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ།། འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ། ། གསང་བ་པའི་བདག་པོ་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་གང་ཐམས་ཅད་མི་འཛིན་པ་དང་། མཆོག་ཏུ་འཛིན་པ་མེད་པ་དང་། གང་ཆོས་ཐམས་ཅད་ལ་མཚན་མ་དང་སྤྲོས་པར་མི་འཛིན་པ་དང་། ཀུན་ཏུ་སྤྱོད་པ་མེད་པ་དང་། གང་ཡོངས་སུ་རྟོག་པ་ཐམས་ཅད་ལ་མི་རྟོག་ཅིང་རྣམ་པར་མི་རྟོག་པའོ།། དེའི་ཚེ་ལྷའི་བུ་རྒྱལ་པོ་བཟང་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་པ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཉེ་བར་ཞི་བ་ནི་སངས་རྒྱས་ཀྱི་བཀའ་ལགས་སོ།། བཅོམ་ལྡན་འདས་སངས་རྒྱས་ཀྱི་བཀའ་ན་ཉེ་བར་ཞི་བར་བགྱི་བའི་ཆེད་ལགས་ཏེ། ཉེ་བར་ཞི་བ་གང་ལགས་པ་དེ་སངས་རྒྱས་ཀྱི་བཀའ་འོ།། བཅོམ་ལྡན་འདས་དེ་ལ་གང་དག་དམིགས་པ་ཐམས་ཅད་ཉེ་བར་ཞི་བར་མཐོང་བ་དེ་དག་ཉེ་བར་ཞི་བ་ལགས་ཏེ། དེ་དག་ནི་སླད་ཀྱིས་འབར་བ་མ་ལགས། མཆོད་པ་མ་ལགས། འབར་བར་བགྱིད་པ་མ་ལགས་སོ།། གང་དག་ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བ་དག་ད་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་ཅིང་མི་འདོར་བ་ལགས་ཏེ། ཇི་ལྟར་ཆོས་ཐམས་ཅད་མི་འཛིན་མི་འདོར་བ་དེ་ལྟར་འཛིན་ཏོ།། ལྷའི་བུ་དེས་དེ་སྐད་བསྟན་པས། དགེ་སློང་སྟོ་ནི་སེམས་རྣམ་པར་གྲོལ་ལོ། ། ལྷའི་བུ་སྟོང་ནི་ཆོས་ཀྱི་མིག་རྣམ་པར་དག་གོ།། དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས། ལྷའི་བུ་རྒྱལ་པོ་བཟང་ལ་འདི་སྐད་ཅེས་སྨྲས་སོ། ། ལྷའི་བུ་སྤོབས་པ་འདི་སུའི་ཡིན། སྨྲས་པ། སྤོབས་པ་འདི་སུ་བག་ཆགས་ཐམས་ཅད་སྤངས་པ་དང་། ཚིག་གི་ལམ་ཐམས་ཅད་མེད་པ་དང་། དོན་དམ་པར་བརྗོད་དུ་མེད་པ་དང་མངོན་པར་ཞེན་པ་མེད་པ་དེ་དག་གི་སྤོབས་པ་ཡིན་ནོ། ། སྨྲས་པ། ལྷའི་བུ་སྤོངས་པ་ཇི་ལྟར་སྐྱེ། སྨྲས་པ། སྤོབས་པ་མེད་པ་དང་། སྤོབས་པ་མ་ཡིན་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ན། སྤོབས་པ་མེད་པ་ཞེས་བྱ་བ་དེ་ནི་ཉིང་མཚམས་སྦྱོར་བ་མེད་པའི་ཚིག་གོ།། སྤོབས་པ་མ་ཡིན་པ་ཞེས་བྱ་བ་དེ་ནི་སྤོབ་པ་མེད་པའི་ཚིག་གོ། རིགས་ཀྱི་བུ་འདི་སྐད་དུ་སྤོབས་པ་འདི་སུའི་ཡིན་ཞེས་སྨྲས་པ་ལ། འདི་ནི་སུ་གཞན་གྱི་རྣམ་པར་རིག་པ་ལ་རྣམ་པར་ཤེས་པ་མི་འཇུག་པ་དང་། བདག་གི་རྣམ་པར་རིག་པ་ལ་རྣམ་པར་ཤེས་པ་མི་གནས་པ་དེའི་སྤོབས་པའོ།། འདི་ནི་སུ་དམིགས་པ་ལའང་ཡིད་ཀྱི་རྣམ་པར་རིག་པ་མི་དམིགས་ལ། དམིགས་པ་མེད་པའི་ཆོས་ཉིད་ལའང་མི་གནས་པ་དེའི་སྤོབས་པའོ།། འདི་ནི་སུ་ཆོས་ཐམས་ཅད་ལའང་ཤེས་པ་མི་འཇུག་ལ། དེ་ཤེས་པས་ཆོས་གང་ཡང་རབ་ཏུ་མ་རྟོགས་པ་མེད་པ་དེའི་སྤོབས་པའོ།། འདི་ནི་སུ་གནས་མེད་པ་དང་། ལེན་པ་མེད་པ་དང་། འདོར་བ་མེད་པ་དང་། ཆུ་བོ་ལས་བརྒལ་བ་དེའི་སྤོབས་པའོ།། འདི་ནི་སྐྱེ་བ་མེད་པ་ལས་སྐྱེས་པ་དང་འགོག་པའང་མེད་ལ། མྱ་ངན་ལས་འདའ་བར་འགྱུར་བ་དེའི་སྤོབས་པའོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷའི་བུ་རྒྱལ་པོ་བཟང་འདིའི་སྤོབས་པ་ནི་ངོ་མཚར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞི་བའི་བློ་གྲོས་ལྷའི་བུ་རྒྱལ་པོ་བཟང་འདི་ནི་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་པར་འདོད་ནས། དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ནས་འདིར་འོངས་སོ།། ཞི་བའི་བློ་གྲོས་ལྷའི་བུ་རྒྱལ་པོ་བཟང་འདིས་ཆོས་ཀྱི་རྣམ་པའི་རྗེས་སུ་འཇུག་པ་ཞེས་བྱ་བའི་གཟུངས་ཐོབ་སྟེ། དེ་འདོད་ན་བསྐལ་པ་བརྒྱ་སྟོང་དུ་ཐོགས་པ་མེད་པའི་སྤོབས་པས་བསྟན་ཀྱང་། འདིའི་སྤོབས་པ་ཟད་པར་མི་འགྱུར་རོ།། རྒྱལ་པོ་བཟང་གི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་གསུམ་པའོ།། ། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་པའི་རྗེས་སུ་འཇུག་པ་ཞེས་བགྱི་བའི་གཟུངས་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞི་བའི་བློ་གྲོས་ཆོས་ཀྱི་རྣམ་པའི་རྗེས་སུ་འཇུག་པ་ནི་གང་ཡི་གེ་རྣམས་ལ་ཡི་གེའི་རྗེས་སུ་འཇུག་པ་ཤེས་པ་སྟེ། ཞི་བའི་བློ་གྲོས་ཆོས་ཐམས་ཅད་ནི་ཨ་ཞེས་བྱ་བའི་རྗེས་སུ་འཇུག་པའོ།། ཆོས་ཐམས་ཅད་ནི་ཨ་ཞེས་བྱ་བའི་སྐྲའོ། ། ཨ་ཞེས་བྱ་བ་ལས་བྱུང་བའོ།། ཨ་ཞེས་བྱ་བའི་མཐའའོ།། ཨ་ཞེས་བྱ་བ་ནི་ཚིག་གི་ལས་ཐམས་ཅད་ཀྱི་ལས་བྱེད་དོ།། ཨ་ཞེས་བྱ་བ་ནི་མི་ཤེས་པའོ།། རྣམ་པར་མི་ཤེས་པའོ། ། ཆོས་ཐམས་ཅད་ནི་ཨ་ཞེས་བྱ་བའི་རྗེས་སུ་འཇུག་སྟེ། དེའི་ཕྱིར་རྣམ་པའི་རྗེས་སུ་འཇུག་པ་ཞེས་བྱ་བའི་གཟུངས་ཞེས་བྱའོ།། ཞི་བའི་བློ་གྲོས་རྗེས་སུ་འཇུག་པ་ནི་དེ་ལ་ཆོས་ཕྲ་རབ་ཙམ་ཡང་ཞུགས་པ་མེད་པ་དང་བྱུང་བ་མེད་པའོ། ། ཞི་བའི་བློ་གྲོས་ཡི་གེ་དེ་དག་ནི་ག་ཞིག་ནས་ལྷགས་ནས་ཁོང་པའི་ནང་དུ་འཇུག་པ་མེད་དོ།། ཡི་གེ་དེ་དག་ནི་ཁོང་པའི་ནང་དུ་གནས་པ་མ་ཡིན་ནོ། ། ཡི་གེ་དེ་དག་ནི་བྱུང་ནས་ཕྱོགས་འགའ་ཞིག་ཏུ་འགྲོ་བ་མ་ཡིན་ནོ།། ཡི་གེ་དེ་དག་ནི་ཕན་ཚུན་འབར་བར་བྱེད་པ་མ་ཡིན་ནོ།། ཡི་གེ་དེ་དག་ནི་སྨྲས་ཀྱང་རུང་མ་སྨྲས་ཀྱང་རུང་སྟེ། ཟད་པར་འགྱུར་བ་འམ། འཕེལ་བར་འགྱུར་བ་མ་ཡིན་ནོ།། ཡི་གེ་དེ་དག་ནི་ཆོས་ཞེ་འམ། ཆོས་མ་ཡིན་ཞེས་བྱ་བར་རྣམ་པར་མི་རྟོག་གོ། ། ཡི་གེ་དེ་དག་ནི་སུས་ཀྱང་བསྐྱེད་པ་འམ། བཀག་པ་མེད་དོ།། ཡི་གེ་དེ་དག་ནི་སུས་ཀྱང་བྱས་པ་འམ། ཆུང་གསན་པ་མེད་དོ།། ཞི་བའི་ཟླ་གྲོས་ཡི་གེ་བགྲང་བ་ཇི་ལྟ་བར་སེམས་བགྲང་བའང་དེ་བཞིན་ན། ། སེམས་བགྲང་བ་ཇི་ལྟ་བར་ཆོས་ཐམས་ཅད་བགྲང་བའང་དེ་བཞིན་ནོ།། ཆོས་ཐམས་ཅད་བགྲང་བ་ཇི་ལྟ་བར་བགྲང་བ་མེད་པའང་དེ་བཞིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ནི་བགྲང་བར་ཉེ་བར་འགྲོ་བ་མ་ཡིན་ཏེ། བགྲང་བ་མེད་པ་ནི་ཆོས་བགྲང་བའོ།། ཇི་ལྟར་ཆོས་བགྲང་བར་ཉེ་བར་མི་འགྲོ་བ་བཞིན་དུ། ཨ་ཞེས་བྱ་བའི་རྗེས་སུ་འཇུག་པའང་དེ་ལྟ་བུ་སྟེ། གཟོད་མ་ཉིད་ནས་མ་སྐྱེས་པ་ལ་འཇུག་པ། སྐྱེ་བ་མེད་པ་ལ་འཇུག་པའོ།། མ་སྐྱེས་པ་དང་མ་བྱུང་བ་གང་ཡིན་པ་དེ་ལ་འཇུག་པ་གང་ཡང་མེད་དོ།། དེ་ལྟར་ན་འཇུག་པ་མེད་པ་ནི་རྗེས་སུ་འཇུག་པའོ། ། ཞི་བའི་བློ་གྲོས་སུ་བགྲང་བ་འདི་ལ་ཞུགས་པ་དེའི་སྤོབས་པ་རྒྱུན་བཅད་པར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། རྒྱུན་ཆད་པ་མེད་པས་དེས་ཆོས་ཉིད་རྗེས་སུ་རྟོགས་སོ། ། དེས་ཆོས་ཉིད་མི་ཟད་པར་རྗེས་སུ་རྟགས་སོ།། དེ་ཇི་ལྟ་ཇི་ལྟར་ཆོས་སྟོན་པ་དེ་ལྟ་དེ་ལྟར་ཆོས་དེ་དག་རྗོད་ཅིང་མངོན་དུ་འགྱུར་རོ།། དེ་ཆོས་ཀྱི་རྣམ་པའི་རྗེས་སུ་འཇུག་པ་འདི་ལྟ་བུ་འདིས་སེམས་ཅན་གྱི་རྣམ་པ་ལ་འཇུག་པར་འཇུག་གོ། ། སེམས་ཅན་གྱི་རྣམ་པའི་རྗེས་སུ་འཇུག་པས་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཏོ།། ཞི་བའི་ཟླ་གྲོས་གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཀྱི་དྲི་མ་མེད་པ་ཡིན་ནོ། ། བསམ་པས་རྣམ་པར་དག་པ་ཡིན་ནོ།། སྦྱོར་བས་གཙང་མ་ཡིན་ནོ།། ལྷག་པའི་བསམ་པས་མངོན་དུ་འཕགས་པ་ཡིན་ནོ། ། བསྒྲུབ་པ་ལ་ལེགས་པར་གནས་པ་ཡིན་ནོ།། ཤེས་རབ་ཀྱིས་མངོན་དུ་འཕགས་པ་ཡིན་ནོ།། དམ་བཅས་པ་ཉམས་འོག་ཏུ་ཆུད་པས་བརྟན་པ་ཡིན་ནོ།། བདུད་རྣམས་ཀྱིས་མི་ཤིགས་པ་ཡིན་ནོ། ། ཕ་རོལ་མུ་སྟེགས་བྱེད་རྣམས་ཀྱིས་མི་འདུས་པ་ཡིན་ནོ།། ཉོན་མོངས་པ་རྣམས་ཀྱིས་མི་བརྫི་བ་ཡིན་ནོ།། ཕྱིར་རྒོལ་པ་རྣམས་ཀྱིས་མི་ཐུབ་པ་ཡིན་ན། ལུས་ཀྱིས་སྟོབས་དང་ལྡན་པ་ཡིན་ནོ།། སེམས་ཀྱིས་ཞུམ་པ་མེད་པ་ཡིན་ནོ།། སྤོབས་པས་མི་ཟད་པ་ཡིན་ནོ།། བསྟན་པ་རྣམས་ལ་མཐའ་ཡས་པ་ཡིན་ནོ།། ངེས་པའི་ཚིག་རྣམས་ལ་མུ་མེད་པ་ཡིན་ནོ། ། ཡེ་ཤེས་ཀྱིས་ཆགས་པ་མེད་པ་ཡིན་ནོ།། བློས་གཏིང་དཔག་དཀའ་བ་ཡིན་ནོ།། བདེན་པ་བསྟན་པ་རྣམས་ལ་དོན་ཟབ་པ་ཡིན་ནོ།། ཐོས་པས་རྒྱ་མཚོ་ལྟ་བུ་ཡིན་ནོ། ། ཏིང་ངེ་འཛིན་གྱིས་ལྷུན་པོ་དང་མཚུངས་པ་ཡིན་ནོ།། འཁོར་གྱི་ནང་ན་སེང་གེ་དང་མཚུངས་པ་ཡིན་ནོ།། འཇིག་རྟེན་གྱི་ཆོས་རྣམས་ལ་པདྨ་དང་མཚུངས་པ་ཡིན་ནོ།། སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བས་ས་དང་མཚུངས་པ་ཡིན་ནོ། ། ཉོན་མོངས་པ་དང་སྲེད་པ་འཁྲུ་བས་ཆུ་དང་མཚུངས་པ་ཡིན་ནོ།། སེམས་ཅན་ཐམས་ཅད་ཡངས་སུ་སྨིན་པར་བྱེད་པས་མེ་དང་མཚུངས་པ་ཡིན་ནོ། ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པས་ཟླ་བ་དང་མཚུངས་པ་ཡིན་ནོ།། ཉོན་མོངས་པའི་མུན་པ་སེལ་བས་ཉི་མ་དང་མཚུངས་བ་ཡིན་ནོ། ། ཉོན་མོངས་པའི་དགྲ་འཇོམས་པས་དཔའ་བོ་དང་མཚུངས་པ་ཡིན་ནོ།། སེམས་ཤིན་ཏུ་དུལ་བས་གླང་པོ་དང་མཚུངས་པ་ཡིན་ནོ།། ཆོས་མངོན་དུ་སྒྲོག་པས་འབྲུག་དང་མཚུངས་པ་ཡིན་ནོ། ། ཆོས་ཀྱི་ཆར་འབེབས་པས་ཆར་དང་མཚུངས་པ་ཡིན་ནོ།། སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་ནད་ཞི་བར་བྱེད་པས་སྨན་པ་དང་མཚུངས་པ་ཡིན་ནོ།། ཆོས་ཀྱི་རྒྱལ་སྲིད་བྱེད་པས་རྒྱལ་བ་དང་མཚུངས་པ་ཡིན་ནོ། ། འཇིག་རྟེན་གྱི་ཆོས་སྐྱོང་བས་འཇིག་རྟེན་སྦྱང་བ་དང་མཚུངས་པ་ཡིན་ནོ།། ལྷ་དང་མི་རྣམས་ཀྱི་སྤྱན་དུ་གྱུར་པས་བརྒྱ་བྱིན་དང་མཚུང་པ་ཡིན་ནོ། ། དབང་ཐོབ་སྟེ་རང་གི་སེམས་ལ་དབང་སྒྱུར་བས་ཚངས་པ་དང་མཚུངས་པ་ཡིན་ནོ།། གནས་མེད་པར་རྒྱུ་བས་བྱ་དང་མཚུངས་པ་ཡིན་ནོ།། འདུ་འཇིས་འཇིགས་ཤིང་སྐྲག་པས་རི་དགས་དང་སྤྲེའུ་དང་མཚུངས་པ་ཡིན་ནོ། ། སེམས་ཅན་ཐམས་ཅད་ཀྱིས་ཉེས་པར་བྱས་པ་ཐམས་ཅད་བཟོད་པས་མ་དང་མཚུངས་པ་ཡིན་ནོ།། བཟོ་ཐམས་ཅད་སློབ་པས་ཕ་དང་མཚུངས་པ་ཡིན་ནོ། ། ཆོས་རིམ་པོ་ཆེ་ཐམས་ཅད་སྦྱིན་པས་རྣམ་ཐོས་ཀྱི་བུ་དང་མཚུངས་པ་ཡིན་ནོ།། བསོད་ནམས་དག་གིས་བརྒྱན་པ་ཡིན་ནོ།། མཚན་རྣམས་ཀྱིས་ཀླུབས་པ་ཡིན་ནོ། ། དཔེ་བྱད་བཟང་པོ་རྣམས་ཀྱིས་སྨྲས་པ་ཡིན་ནོ།། འཇིག་རྟེན་གྱིས་བལྟ་བར་བྱ་བ་ཡིན་ནོ།། བལྟ་བའི་གཞི་ཡིན་ནོ།། འཕགས་པའི་ནོར་བདུན་དང་ལྡན་པས་མི་དབུལ་བ་ཡིན་ནོ། ། སངས་རྒྱས་རྣམས་ཀྱིས་ཡོངས་སུ་བཟུང་བ་ཡིན་ནོ།། རིག་པ་རྣམས་ཀྱིས་བསྔགས་པ་ཡིན་ནོ།། མཁས་པ་ཐམས་ཅད་ཀྱིས་སྐུར་པ་མི་གདབ་པ་ཡིན་ནོ།། རྣམས་ཀྱིས་ལེགས་པར་བསྲུངས་པ་ཡིན་ནོ།། ཀླུ་དང་གནོད་སྦྱིན་རྣམས་ཀྱིས་ལེགས་པར་བཟུང་བ་ཡིན་ནོ།། ཆོས་བསྟན་པ་རྣམས་ལ་དབང་ཕྱུག་ཏུ་གྱུར་པ་ཡིན་ནོ།། མངོན་པར་ཤེས་པ་རྣམས་ལ་དབང་སྒྱུར་བ་ཡིན་ནོ། ། སེམས་ཅན་གྱི་བསམ་པ་རྣམས་ལ་རྗེས་སུ་སོང་བ་ཡིན་ནོ།། སེམས་ཅན་གྱི་དབང་པོ་རྣམས་ལ་རྗེས་སུ་ཞུགས་པ་ཡིན་ནོ།། ཆོས་བསྟན་པ་ལ་ཆོག་མི་ཤེས་པ་ཡིན་ནོ། ། རྙེད་པ་དང་བཀུར་སྟི་དོན་དུ་མི་གཉེར་བ་ཡིན་ནོ།། ཆོས་བསྟན་པ་དག་ལ་སེར་སྣ་མེད་པ་ཡིན་ནོ།། ཚུལ་ཁྲིམས་རྣམ་པར་དག་པ་ཉོན་མོངས་པ་མེད་པ་ཡིན་ནོ།། བཟོད་པ་ཡོངས་སུ་དག་པས་གནོད་པ་མེད་པ་ཡིན་ནོ། ། བརྩོན་འགྲུས་ཡོངས་སུ་དག་པས་ལས་ཀྱི་མཐའི་ལེགས་པར་མཐར་ཕྱིན་པ་ཡིན་ནོ།། བསམ་གཏན་ཡོངས་སུ་དག་པས་ཅང་ཤེས་པ་ཡིན་ནོ། ། ཤེས་རབ་ཡོངས་སུ་དག་པས་བློ་ལེགས་པར་དཀར་བ་ཡིན་ནོ།། ཚད་མེད་པ་རྣམས་ལ་ཚངས་པའི་བླ་མ་ཡིན་ནོ།། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ལ་འཇིག་རྟེན་ལས་འདས་པ་ཡིན་ནོ།། བྱང་ཆུབ་ཀྱི་ལམ་གྱིས་བླ་ན་མེད་པ་ཡིན་ནོ།། དབང་བསྐུར་བ་ཐོབ་པས་ཡོན་ཏན་གྱི་རྣམ་པ་ཐམས་ཅད་དང་ལྡན་པ་ཡིན་ནོ། ། ཞི་བའི་བློ་གྲོས་དེ་ལྟར་བྱང་ཆུབ་སེམས་དཔའ་གཟུངས་ཐོབ་པ་ནི་ཡོན་ཏན་གྱི་བསྔགས་པ་ཚད་མེད་པ་དེ་ལྟ་བུ་དང་ལྡན་པ་ཡིན་ཏེ། ཞི་བའི་བློ་གྲོས་གལ་ཏེ་དེ་བཞིན་གཤེས་བས་འཕྲིན་ལས་གཞན་མི་མཛད་པར་ལོ་བརྒྱ་སྟོང་རྒྱུན་དུ་བྱང་ཆུབ་སེམས་དཔའ་གཟུངས་ཐོབ་པའི་བསྔགས་པ་རྗོད་ཀྱང་ཟད་པར་མི་འགྱུར་རོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས། ལྷའི་བུ་རྒྱལ་པོ་བཟང་ལ་འདི་སྐད་ཅེས་སྨྲས་སོ།། གྲོགས་པོ་དེ་བཞིན་གཤེགས་པས་ཁྱོད་ཀྱི་ཡོན་ཏན་གྱི་བསྔགས་པ་མཐའ་ཡས་པ་རྗོད་པ་མཛད་པ་ནི་ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་དོ། ། དེ་སྐད་ཅེས་སྨྲས་པ་དང་། ལྷའི་བུ་རྒྱལ་པོ་བཟང་གིས། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་འདི་ལ་ཡང་དག་པ་དོན་དམ་པར་ན་གང་དེ་ལྟར་བསྔགས་པའི་ཆོས་གང་ཡང་མི་དམིགས་སོ། ། རིགས་ཀྱི་བུ་གང་ལ་ཁ་དོག་མེད་པ་དང་། གཟུགས་མེད་པ་དང་། དབྱིབས་མེད་པ་དེའི་ཡན་ཏན་གྱི་བསྔགས་པ་དང་། གཟུགས་ཀྱི་མཐའ་རྟོགས་པར་མི་ནུས་སོ།། གང་ལ་གཟུགས་དང་། ཁ་དག་དང་། དབྱིབས་འབའ་ཞིག་ཡོད་པ་དེའི་བསྔགས་པ་ནི་རྫང་པར་ནུས་སོ། ། དེ་ནས་བཅོམ་ལྡན་འདས་ལ། ལྷའི་རྒྱལ་པོ་བཟང་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མ་བསྒྲུབས་པ། ངའི་བ་མ་མཆིས་པ་དང་ཡོངས་སུ་འཛིན་པ་མ་མཆིས་པ་གང་གིས་ཀྱང་ཉེ་བར་སྤྲད་པར་བགྱི་བ་མ་ལགས་པ། གང་གིས་ཀྱང་བསལ་བ་མ་ལགས་པ་སྟེ། འདི་ལ་བརྩོན་པ་དང་ཡང་དག་པར་སྦྱོར་བར་བགྱིའོ། ། བཅོམ་ལྡན་འདས་བརྩོན་པ་དང་ཡང་དག་པར་སྦྱར་བར་འགྱུར་བ་རྣམས་ལ་ཆོས་དེ་དག་མངོན་དུ་འགྱུར་ལགས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་ས་ཆེན་པོ་ཆབ་ཀྱི་ཕུང་པོའི་སྟེང་ན་གནས་ཏེ། དེ་ལ་མི་གང་ཞིག་ཁྲོན་པ་འམ། ཁྲོན་པ་ཆེན་པོ་རྐོ་བ་དེ་ཆབ་དང་ལྡན་པར་འགྱུར་ཏེ། གང་མི་རྐོ་བ་དེས་ནི་ཆབ་མི་རྙེད་ལགས་སོ།། བཅོམ་ལྡན་འདས་དེ་བཞིན་དུ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའི་ཡེ་ཤེས་དེ་ལ་སུ་ཞིག་བརྩོན་པར་བགྱིད་པ་དེ་ནི་ཡེ་ཤེས་འཐོ་པར་འགྱུར་ཏེ། སུ་བརྩོན་པར་མི་བགྱིད་པ་དེས་ནི་ཡེ་ཤེས་འཐབ་བར་མི་འགྱུར་ལགས་སོ། ། བཅོམ་ལྡན་འདས་དེ་ལྟ་ལགས་པས་བྱང་ཆུབ་དོན་དུ་གཉེར་བ་རྣམས་ཀྱིས་རྟག་ཏུ་བརྩོན་པ་དང་། བརྩོན་འགྲུས་བརྩམ་པར་བགྱིའོ།། དེ་ལྟར་ན་བརྩོན་པ་དེ་དག་ལ་ཆོས་དེ་དག་མངོན་དུ་འགྱུར་ལགསོ། ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་སྐྱེས་བུ་དམུས་ལོང་གིས་དེ་ལས་སྐྱེས་པའི་གཟུགས་རྣམས་མི་མཐོང་ལགས་སོ། ། བཅོམ་ལྡན་འདས་དེ་བཞིན་དུ་ཉོན་མོངས་པས་ལྡོངས་པའི་སེམས་ཅན་རྣམས་ཀྱང་། དེ་ལས་སྐྱེས་པའི་ཆོས་རྣམས་མི་མཐོང་ལགས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་སྐྱེས་བུ་མིག་དང་ལྡན་ཡང་སྣང་བ་མ་མཆིས་ནའང་མི་མཐོང་ལགས་སོ།། བཅོམ་ལྡན་འདས་དེ་བཞིན་དུ་གང་དག་ལྷའི་མིག་དང་ལྡན་དུ་ལགས་ཀྱང་།། དེ་དག་དགེ་བའི་བཤེས་གཉེན་གྱི་མན་ངག་མ་མཆིས་ན་མོས་པར་མི་འགྱུར། མཐོང་བར་མི་འགྱུར་ལགས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་ལྷའི་མིག་ལ་ནི་སྣང་བས་བགྱི་བ་མ་མཆིས་སོ། ། བཅོམ་ལྡན་འདས་དེ་བཞིན་དུ་ཡོངས་སུ་སྦྱང་བ་བགྱིས་པ་ལའང་རྗེས་སུ་བསྟན་མི་འཚལ་ལོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་མངལ་ན་མཆིས་པའི་སེམས་ཅན་ནི་མི་གདའ་མི་མཐོང་ཡང་སྐྱེ་ལགས་སོ། ། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་ཀྱང་མི་མཐོང་མོད་ཀྱི། སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་ཀྱང་སྐྱེའོ། ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་རིའི་རྒྱལ་པོ་གངས་ཅན་ལ་ཤིང་ལྡན་པ་གང་སྐྱེས་དེ་ནི་བར་མ་དོར་ཆག་པ་འམ། སྐམ་པར་མི་འགྱུར་ལགས་སོ།། བཅོམ་ལྡན་འདས་དེ་བཞིན་དུ་འཕགས་པའི་ཆོས་ལ་སྦྱོར་བར་བརྩོན་པ་གང་གི་ཤེས་པ་སྐྱེས་པ་དེའང་མི་འཇིག་ཅིང་ཡོངས་སུ་ཉམས་པར་མི་འགྱུར་ལགས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱུང་བ་དེའི་ཚེ་རིན་པོ་ཆེ་སྣ་བདུན་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་བློན་པོ་རིན་པོ་ཆེ་འབྱུང་བར་འགྱུར་ལགས་སོ།། བཅོམ་ལྡན་འདས་དེ་བཞིན་དུ་གང་གི་ཚེ། བྱང་ཆུབ་ཀྱི་སེམས་སྐྱེ་བ་དེའི་ཚེ། ཆོས་རིན་པོ་ཆེ་སྣ་བདུན་འདི་ལྟ་སྟེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་འབྱུང་བར་འགྱུར་ལགས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་སུ་རྒྱུ་བ་དེའི་ཚེ། སེམས་ཅན་རྣམས་ལ་དེའི་བྱམས་པ་ཐ་དད་པ་མ་མཆིས་ལགས་སོ།། བཅོམ་ལྡན་འདས་དེ་བཞིན་དུ་གང་གི་ཚེ་བྱང་ཆུབ་སེམས་དཔས་བསྡུ་བའི་དངོས་པོ་བཞི་པོ་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱད་པ་དང་། དོན་མཐུན་པས་སེམས་ཅན་དག་སྡུད་པ་དེའི་ཚེ། སེམས་ཅན་རྣམས་ལ་དེ་ཐ་དད་པ་མ་མཆིས་ལགས་སོ།། དཔེར་བགྱི་ན་གང་གི་ཚེ་འཁོར་ལས་སྒྱུར་བའི་རྒྱལ་པོ་འདུན་ཁང་ན་མཆིས་པ་དེའི་ཚེ་འཐབ་པ་དང་རྩོད་པ་མ་མཆིས་ལགས་སོ། ། བཅོམ་ལྡན་འདས་དེ་བཞིན་དུ་གང་གི་ཚེ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་འབེལ་བའི་གཏམ་གྱི་སླད་དུ་མཆིས་པ་དེའི་ཚེ་འཐབ་པ་འམ། རྩོད་པའི་གཏམ་མ་མཆིས་ལགས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་གང་གི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གནས་པར་འགྱུར་བ་དེའི་ཚེ། ཐོག་མར་རིའི་རྒྱལ་པོ་རི་རབ་དང་རྒྱ་མཚོ་ཆེན་པོ་གནས་པར་འགྱུར་ལགས་སོ།། བཅོམ་ལྡན་འདས་དེ་བཞིན་དུ་གང་གི་ཚེ། བྱང་ཆུབ་སེམས་དཔའ་ཐོག་མར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་ཚེ། ལྷག་པའི་བསམ་པ་དང་སྙིང་རྗེ་ཆེན་པོ་ཐོག་མར་གནས་ལགས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་གང་གི་ཚེ་གདུགས་འཆར་བ་དེའི་ཚེ་རི་གང་མཐོ་བ་དེ་དག་ལ་ཐོག་མར་འོད་ཅེ་བབ་བོ།། བཅོམ་ལྡན་འདས་དེ་བཞིན་དུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་སྣང་བ་ཐོག་མར་འབྱུང་བ་དེའི་ཚེ། སེམས་ཅན་གང་དག་དགེ་བའི་རྩ་བ་སྦྱངས་པ་དེ་དག་གིས་ཡེ་ཤེས་ཀྱི་སྣང་བ་དེ་མྱོང་བར་འགྱུར་ལགས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་ས་བོན་ཐམས་ཅད་དང་། རྩཝ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཚལ་ཐམས་ཅད་ནི་སས་བཟོད་དེ། ཐམས་ཅད་ལས་བཅུད་མཉམ་དུ་གཏོང་ངོ་།། བཅོམ་ལྡན་འདས་དེ་བཞིན་དུ་གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་བསམ་པའི་གཏོང་བས་སེམས་ཆགས་པ་མ་མཆིས་པར་གཏོང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱིས། ལྷའི་བུ་རྒྱལ་པོ་བཟང་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལྷའི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཔེ་དགོད་པ་བསྟན་པ་འདི་ལེགས་པར་སྨྲས་པ་ལེགས་སོ་ལེགས་སོ། ། ལྷའི་བུ་རྩཝ་དང་ནགས་ཚལ་ཇི་སྙེད་པ་དང་། མིང་གི་བརྡ་དང་། ཆོས་ཀྱི་བརྡ་དང་། སྒྲའི་བརྡ་དག་ཇི་སྙེད་པ་དང་། གཟུགས་དང་ཁ་དོག་གི་བརྡ་དག་ཇི་སྙེད་པ་དང་། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ལ་འཇུག་པ་ཇི་སྙེད་པ་དང་། མིང་དང་གཟུགས་རབ་ཏུ་བརྗོད་པ་ཇི་སྙེད་པ་དང་། སེམས་ཅན་རྣམས་ཀྱི་སྤྱོད་པ་ཇི་སྙེད་པ་དང་། སེམས་ཅན་རྣམས་ཀྱི་ཡོངས་སུ་སྤྱད་པ་ཟས་སྐོམ་ཇི་སྙེད་པར། ལྷའི་བུ་བྱང་ཆུབ་སེམས་དཔའ་གཟུངས་ཐོབ་པའི་དཔེ་དགོད་པ་བསྟན་པའང་དེ་སྙེད་དོ།། ལྷོའི་བུ་གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའི་ཚིག་གང་ཅིའང་རུང་སྟེ། སངས་རྒྱས་ཀྱི་བཀའ་མ་ཡིན་པ་མེད་དོ།། གཟུགས་སུ་སྣང་བ་འམ། སྒྲ་འམ། དྲི་འམ། ར་འམ། རེག་བྱ་འམ། ཆོས་སུ་སྣང་བ་གང་ཅིའང་རུང་སྟེ། དེ་ལ་གང་སྣང་བར་མི་འགྱུར་བ་མེད་དོ།། དེ་ལ་གཞན་ལས་ཐོས་པ་ལ་རག་ལས་པའི་སྤོབས་པ་མེད་དོ།། གཞན་གྱི་བལྟ་བ་ལ་རག་ལས་པའི་བསྟན་པ་མེད་དོ། ། དེ་མི་ཟད་པ་དང་། མཐའ་ཡས་པ་དང་། ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དང་། ཐམས་ཅད་ལ་འཇུག་པའི་རྗེས་སུ་སོང་བ་ཡིན་ནོ། ། དེ་ལ་རྒྱུན་ཆད་པ་མེད་དོ།། ཆགས་པ་མེད་དོ།། ལུས་ལྕི་བ་མེད་དོ།། སེམས་ཞུམ་པ་མེད་དོ།། དེ་སངས་རྒྱས་བརྒྱ་སྟོང་གི་སྤྱན་སྔར་སྟོན་ཀྱང་ཞུམ་པར་མི་འགྱུར་ཏེ། འདི་ལྟར་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པའི་བྱང་ཆུབ་སེམས་དཔའ་དེས་གཟུངས་དང་། ཤེས་རབ་དང་། ཡེ་ཤེས་དང་། སྤོབས་པ་ཐོབ་བོ། ། དེ་སྟོན་ཀྱང་ཞུམ་པར་མི་འགྱུར། ཀུན་ཏུ་ཞུམ་པར་མི་འགྱུར་ཞིང་། ཟློག་པར་མི་འགྱུར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ཆགས་པ་མེད་པ་གསུམ་གྱི་རྗེས་སུ་སོང་ཡིན་ནོ། ། གསུམ་གང་ཞེ་ན། བདག་ལ་ཆགས་པ་མེད་པ་དང་། སེམས་ཅན་ལ་ཆགས་པ་མེད་པ་དང་། ཆོས་ལ་ཆགས་པ་མེད་པའོ།། ཡོངས་སུ་དག་པ་གསུམ་གྱི་རྗེས་སུ་སོང་བ་ཡིན་ཏེ། གསུམ་གང་ཞེ་ན། ཆོས་ཀྱི་དབྱིངས་ཡོངས་སུ་དག་པ་དང་། དེ་བཞིན་ཉིད་ཡོངས་སུ་དག་པ་དང་། ཡང་དག་པའི་མཐའ་ཡོངས་སུ་དག་པའོ།། མ་ཟད་པ་གསུམ་གྱི་རྗེས་སུ་སོང་བ་ཡིན་ཏེ། གསུམ་གང་ཞེ་ན། ཆོས་མི་ཟད་པ་དང་། ཡི་གེ་མི་ཟད་པ་དང་། བསྟན་པ་མི་ཟད་པའོ།། བྱིན་གྱི་རླབས་གསུམ་ཐོབ་པ་ཡིན་ཏེ། གསུམ་གང་ཞེ་ན། སྤོབས་པའི་བྱིན་གྱི་རླབས་དང་། ཆོས་ཀྱི་དོན་གྱི་བྱིན་གྱི་རླབས་དང་། ཆོས་ལ་འཇུག་པའི་བྱིན་གྱི་རླབས་སོ།། དགའ་བ་གསུམ་ཐོབ་པ་ཡིན་ཏེ། གསུམ་གང་ཞེ་ན། ཤེས་ཀྱིས་དགའ་བ་དང་། ཤེས་རབ་ཀྱིས་དགའ་བ་དང་། ཐེ་ཚོམ་ཆད་པས་དགའ་བའོ།། མྱུར་བ་གསུམ་ཐོབ་པ་ཡིན་ཏེ། གསུམ་གང་ཞེ་ན། དྲན་པ་མྱུར་བ་དང་། བློ་གྲོས་མྱུར་བ་དང་། རྟོགས་པ་མྱུར་བའོ།། གཟུངས་ཀྱི་ཡོན་ཏན་བསྔགས་པའི་དཔེ་དགོད་པ་མི་ཟད་པ་བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་བརྒྱད་བརྒྱས་གཟུངས་ཐོབ་པར་གྱུར་ཏོ།། གཟུངས་ཀྱི་ཡོན་ཏན་གྱི་བསྔགས་པའི་དཔེ་དགོད་པ་མི་ཟད་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་ལ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སླད་མའི་ཚེ། སླད་མའི་དུས་ལྔ་བརྒྱ་ཐ་མ་ལ་ཅི་ནས་ཆོས་ཀྱི་རྣམ་གྲངས་འདི་འཛམ་བུའི་གླིང་དུ་སྤྱོད་པར་བྱིན་གྱིས་བརླབ་ཏུ་གསལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར། ངས་དེ་བཞིན་གཤེགས་པ་རིན་ཆེན་ཟློ་བ་ལས་ཆོས་སྦ་བ་དང་། བསྲུང་བའི་གསང་སྔགས་ཀྱི་གཞི་གང་དག་ཐོས་པ་དེ་དག་ཁྱོད་ཀྱིས་དྲན་ནམ། གསོལ་པ། བཅོམ་ལྡན་འདས་དྲན་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་གནས་པར་བྱ་བའི་ཆོས་སྦ་བ་དང་། བསྲུང་བའི་གསང་སྔགས་ཀྱི་གཞི་འདི་དག་ཁྱོད་ཀྱིས་འཁོར་འདི་ལ་རྗོད་ཅིག། དེ་ལྟར་ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་གནས་པར་འགྱུར་རོ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ཏེ། གསང་སྔགས་ཀྱི་གཞི་འདི་དག་སྨྲས་སོ།། ཏདྱ་ཐཱ། ཛཱ་ཡེ། ཛཱ་ཡ་མ་ཏེ། ཛཱ་ཡ་ཤ་ཏཱུ། ཨཱ་ལེ་ཨ་མ་ལཾ། ཨ་ལུ་ལི་ཏཾ། མ་མེ། མ་མ་མ་ཏི། ནཱ་མ་སན་ཏི་ཨུད་ཏེ་མེ། ཨུཏྟ་མ་ཏི། ཨུཏྟ་ར་ཎཾ། ཨཱ་རེ། ཨཱ་ར་མ་ཎི། ཨ་རི་ཤ་མ་ནི། ཨ་མུ་འུ་ལི། ཨ་མུ་འུ་ལི། ཨ་བཏྟི་ཏེ། མུ་འུ་ལ་ཨ་ནུ་ག་ཏེ། ཨད་ཊེ། མང་ཊེ། མད་ཊི་ཏེ། ཨཱ་དི། མཱ་ཌི། མཱ་ཌི་ཏེ། ཁུ་རུ་ཁུ་རུ་སན་དྷི། དྷརྨྨ་ཨ་ནུ་ག་ཏེ། དྷརྨཱ་དཀྵེ། དྷརྨྨ་པྲ་ཟེ་ཤེ། ས་རེ་ས་ར། ས་རེ། ཨ་བེ་དྷེ། བེ་དྷ་སན་དྷི། ཨི་ཧི། ཨེ་ཧ་ནི། ཨེ་ཏ་དཱ་ནུ་ག་མེ། བདུད་རྣམས་ཚར་གཅོད་པ། མུ་སྟེགས་ཅན་རྣམས་འཇོམས་པ། ཆོས་ལ་གནོད་པར་སེམས་པ་རྣམས་རྨུགས་པར་བྱེད་པ། ཉོན་མོངས་པ་རྣམས་སེལ་བ། ཆོས་ཀྱི་ཚུལ་རྣམས་འབར་བར་བྱེད་པ། ཆོས་སྨྲ་བ་རྣམས་ཀུན་ཏུ་སྲུང་བ། མྱ་ངན་ལས་འདས་པར་འཛུད་པ། བྱང་ཆུབ་ཡོངས་སུ་སྨིན་པར་བྱེད་པ་རྣམས་ཡོངས་སུ་འཛིན་པ། འཁོར་ཡང་དག་པར་འཇམས་པ། ཆོམཉན་པ་རྣམས་ལ་ལུས་སྦྱིན་པར་བྱེད་པ། ཡང་དག་པར་སོང་བ་རྣམས་ཀྱིས་བསམ་པ། ཡང་དག་པར་ཞུགས་པ་རྣམ་ཀྱིས་བལྟ་བ། གསང་སྔགས་ཀྱི་གཞི་རྣམས་མངོན་དུ་གྱུར་པ། གསང་སྔགས་ཀྱི་མཚམས་འགུགས་པ། བརྗོད་པ་ཤེས་པ། ཕྱད་པ་མི་ཐུལ་པ། བསྟན་པའི་ངོ་བོ་ཉིད་དུ་ཆུད་ཟ་བར་མ་གྱུར་ཅིག། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་གསང་སྔགས་ཀྱི་གཞི་འདི་དག་ཡོངས་སུ་བརྗོད་མ་ཐག་ཏུ། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རབ་ཏུ་གཡོས་སོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་བདུད་གང་དག་འཁོད་པ་དེ་དག་ཐམས་ཅད་དཔུང་དང་བཅས། གཡོག་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་ཀྱི་གན་དུ་ལྷགས་ནས་ལུས་བཏུད་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་ཆོས་སྨྲ་བ་སུའི་ཁའི་སྒོ་ནས་གསང་སྔགས་ཀྱི་གཞི་འདི་དག་འབྱུང་བ་དེ་ལ་རིམ་གྲོ་བགྱིའོ། ། བསྙེན་བཀུར་བགྱིའོ།། བཅོམ་ལྡན་འདས་གསང་སྔགས་ཀྱི་གཞི་འདི་དག་གི་དཔལ་ནི། ལྷ་དང་བཅས་པའི་འཇིག་རྟེན་གྱི་བཟོད་པར་རྔོ་མ་ཐོགས་ལགས་སོ། ། བཅོམ་ལྡན་འདས་བདག་ཅག་ཉིད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་སྦ་བར་བགྱིའོ།། གླགས་ལྟ་བ་གཞན་དག་ཀྱང་ཚརབཅད་པར་@བགྱིའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་གླང་པོ་ཆེའི་ལྟ་སྟངས་ཀྱིས་ཕྱོགས་བཞི་ཀུན་ཏུ་གཟིགས་ཏེ། དེའི་ཚེ་གསང་སྔགས་ཀྱི་གཞི་འདི་དག་བཀའ་སྩལ་ཏོ། ། ཛ་ཡེ། དུར་ཛ་ཡེ། ཛ་ཡ་མ་ཏི། ཤ་མེ་ཤ་ཏུ་ནིརེ་གྷ་ཏ་ནི། ཨ་མུ་འུ་ལེ། མུ་འུ་ལ་བ་རི་ཙྪི་ན་ནེ། མཱ་ར་སེའི་ནྱ་བི་ཏྲ་ས་ནི། མུག་ཏེ་མུག་ཏ་བ་ཏི། ཤུད་དེ། ཨ་བྷེ་དྷི། བྷ་ཡ་མོ་ཙ་ནི། བྷཱ་རོ་ཧ་ར་ཎེ། ཏད་དེ་བི་དྱ་བ་བྱ་བ་རོད་ཏི་མ། ཕ་རོལ་རྒོལ་བ་ཚར་གཅོད་པ།། ཆོས་སྨྲ་བ་དག་ཀུན་སྡུད་པ།། ཆོས་ཀྱི་མཛོད་ནི་ཀུན་སྲུང་བ།། རིག་སྔགས་འདི་ནི་སངས་རྒྱས་གསུངས། ། ཨ་མེ། ཨ་མ་མ་མེ། མ་མ་ཙྪེ་དེ། ཨརྠེ། ཨརྠ་ནི། སྟ་ར་ཎེ། འཇིག་རྟེན་སྐྱོང་བ་བཞི་དགུག་པའི་ཚིག་རྣམས་སྨྲས་པའོ།། དྷཱི་རེ། དྷཱི་ར་བྷ་ཏི། གུ་བ་ཏེ། ཤུ་བྷེ། ཤུ་བྷ་བ་ཏི་ས་མཾ། ལྷའི་དབང་པོ་བརྒྱ་བྱིན་འདིར་དགུག་པར་བྱའོ།། མཻ་ཏྲཱི། སོ་མ་བ་ཏི། ཀྵན་ཏི། ཀྲི་བ་ཀ་རུ། ཎོ་དྷཱ་ཧི་ཏེ། པྲ་ཏི། ཨུ་པཾ་ཀྵ་སཾ་པན་ནེ། ཚངས་པ་ཡང་འདིར་བཀུག་པར་བྱའོ།། ཨ་ར་ཌེ་བི་ར་ཌེ། ཁ་ཁེ། ཨ་མུའུ་ལེ། མུའུ་ལ་ཤོ་དྷ་ནི། བདུད་འདི་ཚར་གཅོད་བྱ་བའི་ཕྱིར།། གསང་སྔགས་གཞི་ནི་འདི་དག་སྨྲས། ། མདོ་སྡེ་ལེགས་པར་བཤད་པ་འདི།། མི་ཡི་དབང་པོས་བྱིན་གྱིས་བརླབས།། གང་ཚེ་ཤེས་པར་འགྱུར་བ་ན།། དེ་ཡི་ཚེ་ན་སྤྱད་པར་འགྱུར།། གསང་སྔག་འདི་དག་རབ་བརྗོད་པས། ། ས་ནི་རབ་ཏུ་གཡོས་པར་འགྱུར།། བདུད་རྣམས་ཐམས་ཅད་ལྷགས་གྱུར་ཏེ།། འདི་སྐད་ཀྱི་ནི་ཚིག་སྨྲས་སོ།། ཕྱི་མའི་དུས་ན་མདོ་སྡེ་འདི།། གང་དག་ལག་ཏུ་མཆི་འགྱུར་བ། ། ཆོས་སྨྲ་མཁས་པ་དེ་དག་ནི།། བདག་ཅག་རྣམས་ཀྱིས་བསྲུང་བར་བགྱི།། དེ་ནས་བཅོམ་ལྡན་འདས་ཀྱིས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པ་ཉིད་ཀྱིས་བྱིན་གྱིས་བརླབས་པར་ཤེས་པར་གྱིས་ཤིག། བྱིན་གྱི་རླབས་འདི་ནི་སུས་ཀྱང་རྣམ་པར་དཀྲུག་པར་མི་ནུས་སོ། ། དེ་ཅིའི་ཕྱིར་ཞེ་ན། གསང་བའི་བདག་པོ་ངས་མངོན་པར་ཤེས་ཏེ། འདས་པའི་དུས་ན་བསྐལ་པ་མ་སྨད་པ་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་མ་སྨད་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ད་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་ཟླ་བ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་།། དེ་བཞིན་གཤེགས་པ་དེའི་གསུང་རབ་ལ། དགེ་སློང་ཆས་སྨྲ་བ། རྫུ་འཕྲུལ་ཆེ་བ། དབང་ཆེ་བར་གྲགས་པ། མཐུ་ཆེ་བ། ཤེས་རབ་འཕགས་ཞེས་བྱ་བ་དང་། བདེན་པས་བྱིན་ཞེས་བྱ་བ་གཉིས་བྱུང་སྟེ། ཆོས་སྨྲ་བ་དེ་གཉིས་ཀྱིས། དེ་བཞིན་གི་ཤེགས་པ་དེ་ལཿ། གསང་སྔགས་ཀྱི་གཞི་འདི་དག་བཟུང་ནས། བཅོམ་ལྡན་འདས་དེས་ཆོས་ཀྱི་འཁོར་ལོ་བསྐོར་བ་བསྐལ་པ་ཕྱེད་ཚང་བར་རྗེས་སུ་བསྐོར་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། བདུད་བྱེ་བ་ཕྲག་བརྒྱ་འཁོད་པ་གང་ཡིན་པ་དེ་དག་ཐམས་ཅད་ཡོངས་སུ་སྨིན་པར་བྱས་ཏེ། བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་གོ། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་ཞི་བའི་ཟླ་གྲོས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་དེ་བཞུགས་སམ། འོན་ཏེ་ཡོངས་སུ་མྱ་ངན་ལས་འདས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་དེ་ནི། ཤར་ཕྱོགས་ལོགས་ཀྱི་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་ཕྲག་བཅུ་པ་ན། འཇིག་རྟེན་གྱི་ཁམས་མ་སྨད་པ་ཞེས་བྱ་བ་ན་བཞུགས་སོ།། དེ་བཞིན་གཤེགས་པ་དེའི་ཚེ་ཚད་ནི་བསྐལ་པ་ཁྲི་ཐུབ་བོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་བདུད་གང་དག་འཁོད་པ་དེ་དག་ཁྲོས་ཤིང་སྡང་བར་གྱུར་པ་དང་། དེ་བཞིན་གཤེགས་པ་དེས་གསང་སྔགས་ཀྱི་གཞི་འདི་དག་གིས་དེ་དག་བཏུལ། ལེགས་པར་ཡོངས་སུ་བཏུལ་ཏེ། དེ་དག་ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ།། རིགས་ཀྱི་བུ་ང་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་གཉིས་ཀྱིས་དེ་བཞིན་གཤེ་པ་རིན་ཆེན་ཟླ་བ་དེའི་གསུང་རབ་ལ་ཚངས་པར་སྤྱོད་པ་སྤྱད་ནས། བྱང་ཆུབ་ཏུ་ངེས་པར་བྱུང་སྟེ། ང་ནི་ཤེས་རབ་འཕགས་ཞེས་བྱ་བར་གྱུར་ཏོ།། གསང་བ་པའི་བདག་པན་བདེན་པས་ཞེས་བྱ་བར་གྱུར་ཏོ། ། ཞི་བའི་བློ་གྲོས་དེ་ལྟར་དོད་གཉིས་ལྷན་ཅིག་ཏུ་མཐུན་པར་བག་ཡོད་པར་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་དག་ལ་བསྟི་སྟང་དུ་བྱས་སོ།། བླ་མར་བྱས་སོ།། རིམ་གྲོ་བྱས་སོ།། མཆོད་པ་བྱས་སོ།། ཞི་བའི་བློ་གྲོས་དེ་ལྟར་ན་གསང་སྔགས་ཀྱི་གཞི་འདི་དག་ནི་བདུད་ཚར་གཅད་པ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་གཅེས་སྤྲས་བྱེད་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་ལ་གཟིགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། གྲོགས་པོ་དག་དེ་བཞིན་གཤེགས་པ་ཡོང་སུ་མྱ་ངན་ལས་འདས་པའི་འོག་ཏུ། བསྐལ་པ་གྲངས་མེད་པར་བསྒྲུབས་པའི་བྱང་ཆུབ་འདི་ནུབ་པར་མི་འགྱུར་བར་བྱ་བའི་ཕྱིར་གཟུང་བ་དང་། ཡོངས་སུ་བསྲུང་བར་ཁྱེད་ཀྱི་ནང་ན་སུ་སྤྲོ། དེ་ནས་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ལངས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། ལུས་དང་སྲོག་ཀྱང་སྤང་བགྱིས་ལ།། རྣམ་པར་སྨིན་ལ་མི་རེ་བར།། འཇིག་རྟེན་མགོན་པོས་གསུངས་པ་ཡི། ། མདོ་སྡེ་འདི་ནི་གཟུང་བར་བགྱི། རྒྱལ་བ་བཟང་ལ་སོགས་པ་ལྷའི་བུ་ལྔ་སྟོང་གིས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པའི་བྱང་ཆུབ་འདི་གཟུང་བར་བགྱིའོ།། དེའི་ཚེ་ཚིགས་སུ་བཅད་པ་འདིའང་སྨྲས་སོ།། སེམས་ཅན་ཀུན་གྱི་དོན་སླད་དུ། ། སྙིང་རྗེ་བརྟན་པར་བསྐྱེད་ནས་ནི།། སངས་རྒྱས་ཀྱིས་གསུངས་ཟབ་པ་ཡི།། མདོ་སྡེ་འདི་ནི་གཟུང་བར་བགྱི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་། ཚངས་པ་གཙུག་པུད་ཅན་དང་། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས། དེའི་ཚེ་ཚིགས་སུ་བཅད་པ་འདི་སྨྲས་སོ།། ནད་ཀུན་ལས་ནི་ཐར་བགྱིད་པ།། སད་འདི་སྨན་དང་འདྲ་བབ་ལགས། ། སྟོན་པ་ལེགས་པར་སེམས་བསྐྱེད་དེ། བདག་ཅག་གིས་ཀྱང་གཟུང་བར་བགྱི། དེ་ནས་བཅོམ་ལྡན་འདས་ལ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་གིས་ཀྱང་དེ་བཞིན་གཤེགས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྐལ་པ་གྲངས་མ་མཆིས་པར་བསྒྲུབས་པ་འདི་གཟུང་བར་བགྱིའོ། ། དེའི་ཚེ་ཚིགས་སུ་བཅད་པ་འདིའང་སྨྲས་སོ།། ཆོས་འདི་ཡི་གེ་མ་མཆིས་ན།། མི་ཡི་དབང་པོས་ཐུགས་རྗེ་ཡིས།། ཡི་གེ་རྣམས་ཀྱིས་རབ་བཤད་པ།། དེ་ནི་བདག་གིས་། གཟུང་བར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས། ཚངས་པ་གཙུག་པུད་ཅན་ལ་བཀའ་སྩལ་པ། ཚངས་པ་གསུམ་པོ་འདི་དག་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱེད་པ་བླ་ན་མེད་པའོ།། མཆོད་པའི་ལས་བླ་ན་མེད་པའོ།། བསོད་ནམས་ཚད་མེད་པ་འབྱུང་བའོ།། གསུམ་གང་ཞེ་ན། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གང་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་འཛིན་པ་དང་། གང་ཇི་ལྟར་ཐོས་པའི་ཆོས་རྣམས་དེ་བཞིན་ཉིད་དུ་བསྒྲུབ་པ་སྟེ། ཚངས་པ་གསུམ་པོ་འདི་ནི་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བ་བླ་ན་མེད་པའོ།། ཚངས་པ་གལ་ཏེ་དེ་བཞིན་གཤེགས་པ་ཚེའི་ཚད་བསྐལ་པར་བཞུགས་པས་མཆོད་པའི་དངོས་པོ་གསུམ་པོ་འདི་དག་གི་བསོད་ནམས་ཀྱི་རྣམ་པར་སྨིན་པ་བསྐལ་པའི་བར་དུ་བསྟན་དུ་ཟིན་ཀྱང་མཐར་ཕྱིན་པར་མི་འགྱུར་རོ། ། ཚངས་པ་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བ་བླ་ན་མེད་པས་མཆོད་པ་བྱེད་འདོད་པས་མཆོད་པའི་དངོས་པོ་གསུམ་པོ་འདི་དག་གིས་མཆོད་པར་བྱའོ། ། ཚངས་པ་དེ་བཞིན་གཤེགས་པ་གཅིག་གི་དམ་པའི་ཆོས་ཀྱི་ཚིག་བཞི་པའི་ཚིགས་སུ་བཅད་པ་ཡོངས་སུ་བཟུང་ན། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཡོངས་སུ་གཟུང་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་ཆོས་ལ་ངེས་པར་བྱུང་བ་ཡིན་པས། དེ་ཆོས་ཀྱིས་མཆོད་པར་བྱའི། ཟང་ཟིང་གིས་ནི་མ་ཡིན་ན།། དམ་པའི་ཆོས་ཀྱིས་མཆོད་པ་ནི་མཆོད་པ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་བཤད་དོ། ། དམ་པར་བཤད་དོ།། ཕུལ་དུ་བཤད་དོ།། ཚངས་པ་ངས་མངོན་པར་ཤེས་ཏེ། འདས་པའི་དུས་ན་ང་རྒྱལ་པོའི་ཕོ་བྲང་ཞིག་ཏུ་སྐྱེས་ཏེ། རྒྱལ་བུ་གཞོན་ནུ་བློ་གྲོས་ལྡན་ཞེས་བྱ་བར་གྱུར་པ་དེ་ནི། ང་ཉིད་ཀྱིས་ལོག་པའི་རྨི་ལམ་ན་ཚིགས་སུ་བཅད་པ་གཉིས་ཐོས་ནས་བཟུང་བ་དང་། ང་སད་ནས་འདི་སྙམ་དུ་བསམས་ཏེ། བདག་གིས་གཏེར་ཆེན་པོ་ཞིག་རྙེད་དོ་སྙམ་ནས། ངས་གཏེར་ཆེན་པོ་རྙེད་དོ་ཞེས་སྐད་ཆེར་ཕྱུང་བ་དང་། ངའི་ཕ་མ་གཉིས་ན་རེ། གཞོན་ནུ་གཏེར་ག་ལ་ཡོད་ཅེས་ཟེར་རོ། ། ངས་པ་མ་གཉིས་ལ་ཚིགས་སུ་བཅད་དེ་སྨྲས་པ། འཇིག་རྟེན་གཏེར་ཆེན་རྣམས་ནི་རྒྱལ་པོ་དང་།། རྐུན་པོ་མི་ཆུ་བསླུས་པས་ཟད་པར་འགྱུར།། དེ་བཞིན་གཤེགས་བ་རྣམས་ཀྱི་ཆོས་གཏེར་ནི། ། བསྐལ་པ་བྱེ་བ་མང་པོར་ཆུད་མི་ཟ།། སེམས་ཅན་དོན་བརྩོན་བྱང་ཆུབ་སེམས་དང་ནི།། ཚུལ་བཞིན་ཉིད་ཀྱིས་དབེན་སེམས་གང་ཡིན་དང་།། རྟག་ཏུ་བག་ཡོད་འཆི་མང་རྒྱུ་ཡིན་ཏེ། ཡོངས་སུ་འཛིན་མེད་བདེ་བ་ཀུན་གྱི་རྒྱུ།། ཚངས་པ་ཚིགས་སུ་བཅད་པ་འདི་གཉིས་ངས་རྨི་ལམ་དུ་ཟོས་ཏེ། ཚངས་པ་ངས་ཚིགས་སུ་བཅད་པ་འདི་གཉིས་ཀྱིས་སེམས་ཅན་བརྒྱད་སྟོང་ནི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། ། སྲོག་ཆགས་བཞི་ཁྲི་ཉིས་སྟང་ནི་བདེ་འགྲོར་འགྲོ་བར་བྱས་སོ།། ཚངས་པ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་ཇི་ལྟར་གང་དག་ཐོས་པ་ལ་བརྩོན་པ་དང་། བརྩོན་ནས་ཡང་དག་པར་སྒྲུབ་པ་དང་། སྒྲུབ་པ་ལ་གནས་ནས་ཀྱང་གཞན་ལ་ཕན་འདོགས་པ་དེ་དག་གིས། གཏེར་ཆེན་པ་ཟབ་པར་དེ་ལྟར་རིག་པར་བྱའོ།། ཚངས་པ་ཐེག་པ་ཆེན་པོ་ལ་གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། གཉིས་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པ་དང་། ཐོས་པ་ཚོལ་བས་ཆོག་མ་ཤེས་པ་སྟེ། གཉིས་པོ་དེ་དག་གོ། ། ཚངས་པ་དེ་ལྟ་བས་ན་ཆོས་ཀྱི་ཚུལ་འདི་རྒྱུན་མ་གཅད་ཅིག། ཚངས་པ་ཁྱོད་ཀྱིས་བསྐལ་པ་བཟང་པོ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་པ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བ་གྱིས་ཤིག། ཚངས་པ་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་བཅོམ་ལྡན་འདས་གཞན་འབྱུང་བར་འགྱུར་བ་དེ་དག་དེ་འདྲ་བར་ཡོངས་སུ་དག་པའི་སེམས་ཅན་དུ་འགྱུར་ནནི། དེར་ཁྱོད་བཏང་སྙོམས་ཅན་དུ་འགྱུར་རོ།། ཚངས་པ་འདི་ལྟར་ཉོན་མོངས་པ་ཅན་གྱི་དུས་འདི་ན། སུ་ཞིག་ཉིན་གཅིག་གམ། མཚན་གཅིག་དམ་པའི་ཆོས་འཛིན་པ་དེ་ནི་ཆེས་མང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་བསྐལ་པ་བརྒྱ་སྟོང་གིས་ནི་དེ་ལྟ་མ་ཡིན་ནོ། ། ཚངས་པ་དེ་ལྟ་བས་ན་ཁྱོད་ཀྱིས་དུས་ངན་པ་འདིར་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བརྩོན་འགྲུས་སུ་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པའི་གས་བབལག་ན་རྡོ་རྗེའི་ལེའུ་ཀླུའི་གཟུངས་ཆེན་པོ་བསྟན་པ་འདི་ལོང་ཞིག། ཟུང་ཞིག། ལྷོགས་ཤིག། གཞན་དག་ལ་རྒྱ་ཆེར་ཡང་དག་པ་སྟོན་ཅིག། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ཁྱད་ལ་ཡོངས་སུ་གཏད་དོ། ། དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་འདི་སྐྱེ་བོ་ཕལ་པ་ལ་མ་བཤད་ཅིག། ཀུན་དགའ་བོ་སེམས་ཅན་དམན་པ་ལ་མོས་པ་རྣམས་ནི་འདི་ལ་མགོ་རྨོངས་པར་འགྱུར་ཏེ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ནི་དེ་ཙམ་དུ་མོས་པར་དཀའ་བ། དེ་ཙམ་དུ་རྟོགས་པར་དཀའ་བའོ།། སེམས་ཅན་གང་དག་ཅང་ཤེས་པ། སྦྱང་བར་ལེགས་པར་བྱས་པ། ཆོས་འདི་དག་གི་སྣོད་དུ་གྱུར་པ་མ་གཏོགས་ཏེ། དེ་དག་ནི་ཆོས་ཀྱི་ཚུལ་གྱི་རྒྱུད་འདི་ཐོས་ན་སྐྲག་པར་མི་འགྱུར་རོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་བ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སངས་རྒྱས་ཀྱི་མཐུས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་བླངས་ལགས་ཏེ། མཐུ་ཅི་མཆིས་པས་རྗེ་རྩ་ཐོག་ཏུ་གཟུང་བར་བགྱིའོ། ། བཤད་པར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་སེམས་ཅན་ཆེན་པོ་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ལངས་པ་འདི་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྤྲུལ་པ། ཀུན་དགའ་བོ་འདི་དག་ཐམས་ཅད་ནི་ཁྱོད་ཆས་ཀྱི་རྣམ་གྲངས་འདི་སྟོན་པ་ན། ཕན་འདོགས་པར་འགྱུར་བ་ཤ་སྟག་གོ། གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ད་ལྟ་བས་ན་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལག་ན་རྡོ་རྗེའི་ལེའུ་ཞེས་བྱ་བར་ཟུང་ཞིག། འདི་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་ལེའུ་ཞེས་བྱ་བར་ཡང་ཟུང་ཞིག། འདི་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཞིག། འདི་བསོད་ནམས་ཚད་མེད་པ་འབྱུང་བ་ཞེས་བྱ་བར་ཡང་ཟུང་ཞིག། ཀུན་དགའ་བོ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་སྐྱེས་བུ་གང་ཟག་གང་ཞིག་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་སངས་རྒྱས་ཀྱི་ཞིང་རྣམས་སའི་སྟེང་ནས་བཟུང་སྟེ། སྲིད་པའི་རྩེ་མོའི་བར་དུ་རིན་པོ་ཆེ་ཐམས་ཅད་ཀྱིས་ཡོངས་སུ་བཀང་ནས་སྦྱིན་པ་བྱིན་ཏེ། དེའི་རྣམ་པར་སྨིན་པ་ལ་རེ་བ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་བཏོན་ཏེ། ཟང་ཟིང་མེད་པའི་སེམས་ཀྱིས་གཞན་དག་ལའང་རྒྱ་ཆེར་ཡང་དག་པར་བཤད་ན། འདི་ནི་དེ་བས་བསོད་ནམས་ཆེས་མང་དུ་བསྐྱེད་དོ།། དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་ལེའུ་དང་། བསོད་ནམས་ཚད་མེད་པར་བྱུང་བ་ཞེས་བྱའོ།། དམ་པའི་ཆོས་ཡོངས་སུ་བཏད་པའི་ལེའུ་འདི་བསྟན་པ་ན། སྲོག་ཆགས་བྱེ་བ་རྒྱ་ཕྲག་བཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། བྱང་ཆུབ་སེམས་དཔའ་དགུ་ཁྲི་དྲུག་སྟོང་ནི་བཟོད་པ་ཐོབ་པར་གྱུར་ཏོ།། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་གོ། དགེ་སློང་སྟོང་དྲུག་བརྒྱ་ནི་སེམས་རྣམ་པར་གྲོལ་ལོ།། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་དག་ནི་རབ་ཏུ་གཡོས་སོ།། ལྷ་བརྒྱ་སྟོང་དག་གིས་ནི་རོལ་མོ་སིལ་སྙན་བླངས་ཤིང་། མེ་ཏོག་གི་ཆར་ཡང་རབ་ཏུ་ཕབ་སྟེ། འདི་སྐད་དུ་ཆོས་ཀྱི་རྣམ་གྲངས་འདི་འཛམ་བུའི་གླིང་དུ་ཤིན་ཏུ་ཡུན་རིང་དུ་གནས་པར་གྱུར་ཅིག་ཅེས་ཀྱང་སྨྲས་སོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། གསང་བ་པའི་བདག་པོ་ལག་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་དང་། ལྷའི་བུ་རྒྱལ་པོ་བཟང་དང་། རྒྱལ་པོ་མ་སྐྱེས་དགྲ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་བར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། དམ་པའི་ཆོས་ཡོངས་སུ་གཏད་པའི་ལེའུ་ཞེས་བྱ་བ་སྟ་ཅི་ཤུ་པའོ། ། ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། འཕགས་པ་དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ། འདུས་པ་གསུམ་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། མུ་ནེ་བར་མ་དང་ཆེན་གྱི་ལོ་ཙ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ།

CLOSE WINDOW