Wylie | e-texts based on the Adarsha ![]() ![]() |
དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་དེང་འདིར་རྒྱལ་པོ་གསལ་རྒྱལ་དང་འཐབ་རྩོད་མཚང་བྲུས་ཏེ་བཀྱེ་བར་གྱུར་ན། བཅོམ་ལྡན་འདས་དེ་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་དེའི་ཕྱིར་ཁྱོད་ཀྱིས་བུ་མང་པོ་རྟོན་པ་ཞེས་བྱ་བའི་རིག་སྔགས་འདི་ཟུང་ཤིག་ཆོངས་ཤིག་ལྷོགས་ཤིག་ཀུན་ཆུབ་པར་གྱིས་ཤིག་ཏདྱ་ཐཱ། ད་ཌེ། བ་ད་ཌེ། ཨུ་པ་ད་ཌ་ད་ཌེ། ཨུ་པ་ད་ཌེ་ད་ཌ། གམ་བྷི་རི། ཨ་བརྟ་ནེ། ནི་བརྟ་ནེ། དྷ་ཧཱི་དྷ་ཧཱི། ཨ་བརྟ་ནི། བདག་གི། སརྦེ་ཤཱ་ན་ཀརྨི། ཀཱ་ནན། པྲ་ཏྱཪྠི་ཀ་ནཱན། པྲ་ཏྱ་མོ་ཏྲ་ནན། ཙཀྵུ་མོ་ཧ་ནཱ་ཀ་རོ་མི། ཤྲོ་ཏྲཱ་མོ་ཧ་ན~ཾ་ཀ་རོ་མི། ཛི་ཧྭཱ་གྲ་ན~ཾ་ཀ་རོ་མི། ཛམ་བྷ་ནན། སྟམ་བྷ་ན~ཾ། མོ་ཧ་ན~ཾ། པྲ་མོ་ཧ་ན~ཾ། ཁྱིམ་བདག་གང་ལ་ལ་ཞིག་བུ་མང་པོ་རྟོན་པའི་གཟུངས་འདི་སྐུད་པ་དམར་པོ་ལ་ལན་བདུན་སྔགས་ཏེ། ལག་པ་གཡོན་པའི་སོར་མོ་གཅིག་ལ་བཅིངས་ན་དེའི་ལུས་ལ་དུག་དང་མཚོན་དང་ནད་དང་རིམས་ནད་དང་རིམས་དྲག་པོས་མི་ཚུགས་སོ། །འཐབ་པ་དང་མཚང་འདྲུ་བ་དང་རྩོད་པ་རྣམས་ཀྱི་ལན་ཐེབས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བུ་མང་པོ་རྟོན་པ་ཞེས་བྱ་བའི་གཟུངས། རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་འཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། རྒྱ་གར་སྐད་དུ། ཨཱརྱ་ནིཤྩ་ཡ་ནཱ་མ་དྷ་ར་ཎཱི། བོད་སྐད་དུ། འཕགས་པ་གདོན་མི་ཟ་བ་ཞེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་འཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། རྒྱ་གར་སྐད་དུ། ཨཱརྱ་ནིཤྩ་ཡ་ནཱ་མ་དྷ་ར་ཎཱི། བོད་སྐད་དུ། འཕགས་པ་གདོན་མི་ཟ་བ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་པེ་ཤ་ལིའི་སྤྲེའུ་རྫིང་གི་འགྲམ་གྱི་ཁང་བུ་བརྩེགས་པ་ན་བཞུགས་ཏེ། དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་པེ་ཤ་ལིའི་སྤྲེའུ་རྫིང་གི་འགྲམ་གྱི་ཁང་བུ་བརྩེགས་པ་ན་བཞུགས་ཏེ། དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལྷ་མ་ཡིན་རྣམས་ཀྱིས་རྒོལ་ཞིང་གཙེས་ཏེ། བདག་དང་ལྷ་མ་ཡིན་དུས་ཡུན་རིང་པོར་མི་མཛའ་ཞིང་དགྲར་གྱུར་ན། བཅོམ་ལྡན་འདས་ཀྱིས་བདག་ལ་ཅི་ནས་ཀྱང་ཡུན་རིང་པོར་ཕན་པ་དང་། །བཅོམ་ལྡན་འདས་བདག་ལྷ་མ་ཡིན་རྣམས་ཀྱིས་རྒོལ་ཞིང་གཙེས་ཏེ། བདག་དང་ལྷ་མ་ཡིན་དུས་ཡུན་རིང་པོར་མི་མཛའ་ཞིང་དགྲར་གྱུར་ན། བཅོམ་ལྡན་འདས་ཀྱིས་བདག་ལ་ཅི་ནས་ཀྱང་ཡུན་རིང་པོར་ཕན་པ་དང་། བདེ་བར་འགྱུར་བའི་ཕྱིར་དེ་ལྟ་བུའི་ཆོས་བདག་ལ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་ལྷའི་དབང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེའི་ཕྱིར་ཀཽ་ཤི་ཀ་ཁྱོད་ཀྱིས་ངའི་སྙིང་པོ་གདོན་མི་ཟ་བ་ཞེས་བྱ་བའི་རིག་སྔགས་འདི་ལོང་ཤིག་། བདེ་བར་འགྱུར་བའི་ཕྱིར་དེ་ལྟ་བུའི་ཆོས་བདག་ལ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་ལྷའི་དབང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེའི་ཕྱིར་ཀཽ་ཤི་ཀ་ཁྱོད་ཀྱིས་ངའི་སྙིང་པོ་གདོན་མི་ཟ་བ་ཞེས་བྱ་བའི་རིག་སྔགས་འདི་ལོང་ཤིག་། ཏདྱ་ཐཱ། ཨུཪྦ་པ། ནིཪྦི་སིཪྦི། ཨུཪྦུ་ཪྦུ་རེ། ཧཱུ་ལེ་ཧཱུ་མེ། དི་ཁུ་མེ། པྲ་ཏྱ~ཾ་ག་མ་ཨ་གཙྪ་མ་ཧཱ་མ་ཡཱུ་རི་ནཱ་མ། བདག་འཇིགས་པ་ཐམས་ཅད་དང་། འཚེ་བ་ཐམས་ཅད་དང་འཁོར་ཐམས་ཅད་དང་བཅས་པ་ལ་སྲུངས་ཤིག་སྲུངས་ཤིག་། ཏདྱ་ཐཱ། ཨུཪྦ་པ། ནིཪྦི་སིཪྦི། ཨུཪྦུ་ཪྦུ་རེ། ཧཱུ་ལེ་ཧཱུ་མེ། དི་ཁུ་མེ། པྲ་ཏྱ~ཾ་ག་མ་ཨ་གཙྪ་མ་ཧཱ་མ་ཡཱུ་རི་ནཱ་མ། བདག་འཇིགས་པ་ཐམས་ཅད་དང་། འཚེ་བ་ཐམས་ཅད་དང་འཁོར་ཐམས་ཅད་དང་བཅས་པ་ལ་སྲུངས་ཤིག་སྲུངས་ཤིག་། སརྦ་ཀཱ་ཡ་བག་མ་ནོ་ཤྩ་རི་ཏེ་སྭཱ་ཧཱ། བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་པ་དང་། བརྒྱ་བྱིན་ལྷའི་དབང་པོ་ཡིད་དགའ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་རྗེས་སུ་ཡི་རང་ནས། སརྦ་ཀཱ་ཡ་བག་མ་ནོ་ཤྩ་རི་ཏེ་སྭཱ་ཧཱ། བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་པ་དང་། བརྒྱ་བྱིན་ལྷའི་དབང་པོ་ཡིད་དགའ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་རྗེས་སུ་ཡི་རང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །འཕགས་པ་གདོན་མི་ཟ་བ་ཞེས་བྱ་བའི་གཟུངས། རྫོགས་སོ།། །། @#། །རྒྱ་གར་སྐད་དུ། མ་ཧཱ་བིདྱཱ་ཨ་པ་ར་ཛི་ཏ། བོད་སྐད་དུ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །འཕགས་པ་གདོན་མི་ཟ་བ་ཞེས་བྱ་བའི་གཟུངས། རྫོགས་སོ།། །། @#། །རྒྱ་གར་སྐད་དུ། མ་ཧཱ་བིདྱཱ་ཨ་པ་ར་ཛི་ཏ། བོད་སྐད་དུ། གཞན་གྱིས་མི་ཐུབ་པའི་རིག་པ་ཆེན་མོ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བདུན་ལ་ཕྱག་འཚལ་ལོ། །དགྲ་དང་འཇིགས་པ་ཀུན་ལས་རྒལ། །རྣམ་པར་གཟིགས་ནི་གཟི་བརྗིད་ཆེ། ། རྫུ་འཕྲུལ་ངོ་བོ་གཙུག་ཏོར་ཏེ། །ཐམས་ཅད་སྐྱོབ་པའི་ཤེས་རབ་དང་། །ལོག་དད་སེལ་བའི་སྟོབས་ཉིད་དང་། །གསེར་ཐུབ་ཀྱི་ནི་བསླབ་པ་དང་། །འོད་སྲུང་གི་ནི་ཡོན་ཏན་དང་། །ཤཱཀྱ་ཐུབ་པའི་བརྩོན་འགྲུས་ཀྱིས། །བདག་ནི་རྟག་ཏུ་བདེ་བར་ཤོག་།ཏདྱ་ཐཱ། ཛ་ཡན་ཏི། བི་ཛ་ཡན་ཏི། ཛ་ཡེ་བི་ཛ་ཡེ། ཛི་ཏི་ཛི་ཏི། ཨ་པ་ར་ཛི་ཏི། པ་ར་སཻ་ནྱ་པྲ་མར་དྷ་ནི་ཡེ་སྭཱ་ཧཱ། གཞན་གྱིས་མི་ཐུབ་པའི་རིག་པ་ཆེན་མོ། རྫོགས་སོ།། །། @#། །རྒྱ་གར་སྐད་དུ། ཨཱརྱ་པྲ་ཏཱི་ཏྱ་ས་མུད་པཱ་ད་ཧྲི་ད་ཡ་བི་དྷི་དྷཱ་ར་ཎཱི།
CLOSE WINDOW