CLOSE WINDOW

J562(a): ཤ་ལོ་ཀ་བརྒྱ་ལོབས་པ
Wyliee-texts based on the Adarsha Input

@#། །རྒྱ་གར་སྐད་དུ། པྲཛྙཱ་བ་ར་དྷ་ནི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། ཤེས་རབ་སྐྱེད་པ་ཞེས་བྱ་བའི་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨ་བི་བ་བི་བ། པྲཛྙཱ་བར་དྷ་ནི། ཛ་ར་ཛ་ར། མི་དྷཱ་བར་དྷ་ནི། དྷི་རི་དྷི་རི། བུད་དྷི་བར་དྷ་ནི་སྭཱ་ཧཱ། རིག་སྔགས་འདིའི་ཆོ་ག་ནི་འདི་ཡིན་ཏེ། ནང་རེ་ཞིང་རྩབ་མོ་ཁྱོར་གང་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། ཟླ་བ་གཅིག་གི་བར་དུ་འཐུངས་ན་ཐོས་པ་འཛིན་པར་འགྱུར་རོ། །ཤེས་རབ་སྐྱེད་པ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་། ལོ་ཙྪ་བ་བན་དེ་ཀླུའི་དབང་པོས་བསྒྱུར། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སི~ཾ་ཧ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དཱ+ེ་བ་ཙན་དྲས་ཞུས་ཏེ་གཏན་ལ་ཕབ་པ། ། @། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། ། @། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨ་བ་ལོ་ཀི་ནི། བ་ལི་ཀི་ནི། པྲ་བྷ་ལོ་ཀི་ནི། ཛི་བ་ཧ་པ་རི་ཤོ་དྷ་ནི། དྷི་ད་ནི་ཡ་ག་མེ། ཨ་ཤ་པ་རི་ཤོ་དྷ་ནི། སརྦ་ས་ཏྭཱ་མ་ནོ་ར་ཐེ། ཀ་ཡ་སིད་དྷེ་ཤྲུ་ཏི་དྷཱ་ར་ཎཱི་སྨྲི་ཏི་དྷཱ་ར་ཎཱི་སྭཱ་ཧཱ། ཆོ་ག་ཞག་བདུན་གྱི་བར་དུ་ཤིང་ཨ་བ་མ་རྒའི་སོ་ཤིང་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་ནང་རེ་ཞིང་ཟོས་ན་ཉིན་ཅིག་ལ་ཤུ་ལོ་ཀ་བརྒྱ་བརྒྱ་ལོབས་སོ། །ཏདྱ་ཐཱ། ཨ་བ་ལོ་ཀི་ནི། བ་ལི་ཀི་ནི། པྲ་བྷ་ལོ་ཀི་ནི། ཛི་བ་ཧ་པ་རི་ཤོ་དྷ་ནི། དྷི་ད་ནི་ཡ་ག་མེ། ཨ་ཤ་པ་རི་ཤོ་དྷ་ནི། སརྦ་ས་ཏྭཱ་མ་ནོ་ར་ཐེ། ཀ་ཡ་སིད་དྷེ་ཤྲུ་ཏི་དྷཱ་ར་ཎཱི་སྨྲི་ཏི་དྷཱ་ར་ཎཱི་སྭཱ་ཧཱ། ཆོ་ག་ཞག་བདུན་གྱི་བར་དུ་ཤིང་ཨ་བ་མ་རྒའི་སོ་ཤིང་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་ནང་རེ་ཞིང་ཟོས་ན་ཉིན་ཅིག་ལ་ཤུ་ལོ་ཀ་བརྒྱ་བརྒྱ་ལོབས་སོ། །ཟླ་བ་དྲུག་གི་བར་དུ་བྱས་ན་ཐོས་པ་འཛིན་པར་འགྱུར་རོ། །ཤུ་ལོ་ཀ་བརྒྱ་ལོབས་པ། རྫོགས་སྷོ།། །། །ཟླ་བ་དྲུག་གི་བར་དུ་བྱས་ན་ཐོས་པ་འཛིན་པར་འགྱུར་རོ། །ཤུ་ལོ་ཀ་བརྒྱ་ལོབས་པ། རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཁ་ལི་ཁ་ལི་བ་ལི་ཏེ་སྭཱ་ཧཱ། གདོང་འཁྲུ་བའི་ཚེ་ཆུ་ཁྱོར་གང་ལ་སྔགས་འདི་བདུན་བཟླས་ཏེ་འཐུངས་ན་ཉིན་གཅིག་ཀྱང་ཡི་གེ་ཤུ་ལོ་ཀ་བརྒྱ་ལོབས་པར་འགྱུར་ཏེ། སྔོན་ལོབས་པ་རྣམས་ཀྱང་བརྗེད་པར་མི་འགྱུར་རོ། །ཤུ་ལོ་ཀ་བརྒྱ་ལོབས་པ། རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བཱི་རེ་བཱ+ེ་རེ། མ་ཧི་ཏེ་ཛེ། ཏེ་ཛ་མ་ཏི་དྷཱ་ར་ཎཱི། ཤྲུ་ཏ་དྷཱ་ར་ཎཱི། ཛ་ཡན་ཏི་བི་ཛ་ཡན་ཏི་མ་ཏི་དྷཱ་ར་ཎཱི་སྭཱ་ཧཱ། །སྨན་བྲམ་ཧི་ཞོ་གཉིས་ཞིབ་ཏུ་བཏགས་ཏེ། འོ་མའི་ནང་དུ་བསྐོལ་ལ་སྔགས་འདི་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། ཞག་བདུན་གྱི་བར་དུ་འཐུངས་ན་གདོན་མི་ཟ་བར་ཐོས་པ་འཛིན་པར་འགྱུར་རོ། །སངས་རྒྱས་ཀྱིས་གསུངས་པ་འམ། བསྟན་བཅོས་ཀྱང་རུང་སྟེ། ཐོས་ན་ཉིན་ཞག་གཅིག་ལ་ཤུ་ལོ་ཀ་སྟོང་ལོབས་པར་འགྱུར་རོ། ། ཤུ་ལོ་ཀ་སྟོང་ལོབས་པའི་གཟུངས། རྫོགས་སྷོ།། །། @། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཏྲི་ཤཱ་ཏྲི་ཤུ་ལ་ཤཱ་ཁི། ཨཱརྱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཨཛྙཱ་པ་ཡ་ཏི། བ་རེ་ན་བུ་ཧ་ལ། མྲིད་དྷཱ་ཏུ་སྭཱ་ཧཱ། ཆོ་ག་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་དྲུང་དུ་དཀྱིལ་འཁོར་བྱས་ཏེ། ཅི་འབྱོར་པས་མཆོད་པ་བྱས་ལ་ཆུ་ལ་སྔགས་ཀྱིས་བཏབ་སྟེ་བཞག་ནས། ནང་པར་ཆུ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་དྲོ་ཁར་ཁ་ཟས་འོ་མ་དང་སྤགས་ཏེ་ཟོས་ན་ཞག་བདུན་ལོན་ན་ཉིན་གཅིག་ཀྱང་ཤུ་ལོ་ཀ་སྟོང་ལོབས་པར་འགྱུར་རོ། །ཡིད་ཆེས་པའི་རྟགས་ཡོད་དོ། །ཤུ་ལོ་ཀ་སྟོང་ལོབས་པའི། གཟུངས། རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ནས་ཐོགས་མེད་སྟོན་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཀ་བ་ཙ་ཀརྣ་ལ་ལ་ཏེ་སྭཱ་ཧཱ། ཆུ་ལ་ལན་བདུན་བཟླས་ཏེ་གདོང་བཀྲུས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།

CLOSE WINDOW