CLOSE WINDOW

J538(a): འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས
Wyliee-texts based on the Adarsha Input

@#། །རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཨ་པ་རཱ་ཛི་ཏ་མ་ཧཱ་པྲ་ཏྱ~ཾ་གི་ར་པ་ར་མ་སིདྡྷ་ནཱ་མ་དྷ་ར་ཎཱི། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་པ་ཆེན་མོ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གཞན་གྱིས་མི་ཐུབ་པ་གཙུག་ཏོར་རྒྱལ་མོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སུམ་བཅུ་རྩ་གསུམ་པའི་ལྷའི་གནས་ཆོས་བཟངས་ལྷའི་མདུན་ས་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་གདན་བཤམས་པ་ཉིད་ལ་བཞུགས་ནས་གཙུག་ཏོར་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་གྱི་དབུས་ནས་གསང་སྔགས་ཀྱི་ཚིག་འདི་དག་བྱུང་ངོ་། །སངས་རྒྱས་ལ་ཕྱག་འཚལ་ལོ། ། ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་ཉན་ཐོས་ཀྱི་དགེ་འདུན་ལ་ཕྱག་འཚལ་ལོ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལན་གཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། ། ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལྷའི་དྲང་སྲོང་དམོད་པ་འདོར་བ་རྣམས་ལ་ཕྱག་འཚལ་ལོ། །རིག་སྔགས་འཆང་གྲུབ་པའི་དྲང་སྲོང་ཕན་འདོགས་ནུས་པ་རྣམས་ལ་ཕྱག་འཚལ་ལོ། །རིག་སྔགས་འཆང་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །དབང་པོ་ལ་ཕྱག་འཚལ་ལོ། །ལེགས་ལྡན་དྲག་པོ་དཀའ་ཐུབ་ཟློག་པའི་བདག་པོ་དང་བཅས་པ་ལ་ཕྱག་འཚལ་ལོ། །ལེགས་ལྡན་སྲེད་མེད་ཀྱི་བུ་ཕྱག་རྒྱ་ཆེན་པོ་ལྔས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །ལེགས་ལྡན་ནག་པོ་ཆེན་པོ་གྲོང་ཁྱེར་སུམ་བརྩེག་འཇིག་པར་བྱེད་པ་དུར་ཁྲོད་ན་གནས་པ་མོས་པ་མ་མོའི་ཚོགས་ཀྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་པད་མོའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྡོ་རྗེའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ནོར་བུའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གླང་པོའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གཞོན་ནུའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀླུའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་དུ་རྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ས་རྫོགས་པའི་སངས་རྒྱས་ས་ལཱའི་དབང་པོའི་རྒྱལ་པོ་མེ་ཏོག་ཀུན་དུ་རྒྱས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་རྒྱས་པ་ཨུཏྤ་ལའི་དྲིའི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོ་འདི་འབྱུང་པོའི་གདོན་ཐམས་ཅད་ཚར་གཅོད་པར་བྱེད་པ། གཞན་གྱི་རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། དུས་མ་ཡིན་པར་འཆི་བ་ཐམས་ཅད་ཟློག་པ། སེམས་ཅན་གསོད་པ་དང་། བཅིངས་པ་ཐམས་ཅད་ལས་གྲོལ་བར་བྱེད་པ། སྡང་བ་དང་། རྨི་ལམ་ངན་པ་ལྟས་ངན་པ་ཐམས་ཅད་ཟློག་པ། གནོད་སྦྱིན་དང་སྲིན་པོའི་གདོན་ཐམས་ཅད་འཇིག་པར་བྱེད་པ། གདོན་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་འཇིག་པར་བྱེད་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དགའ་བར་བྱེད་པ། གཟའ་ཆེན་པོ་བརྒྱད་འཇིག་པར་བྱེད་པར་དགྲ་ཐམས་ཅད་ཟློག་པར་བྱེད་པ། མ་རུངས་པ་དང་། སྡང་བ་དང་། རྨི་ལམ་ངན་པ་ཐམས་ཅད་འཇིག་པར་བྱེད་པ། དུག་དང་། མཚོན་ཐམས་ཅད་དང་། མེ་དང་ཆུ་ལས་ཟློག་པར་བྱེད་པ། ངན་འགྲོའི་འཇིག་པ་ཐམས་ཅད་ལས་སྒྲོལ་བ་སྟེ། གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །གཏུམ་པ་ཆེན་མོ་སྟོབས་ཆེན་མོ། །འབར་བ་ཆེན་མོ་གཟི་བརྗིད་ཆེ། ། དཀར་ཆེན་འབར་ཕྲེང་གོས་དཀར་མོ། །འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །རྒྱལ་བའི་རྡོ་རྗེ་ཕྲེང་ཞེས་གྲགས། །པད་མའི་མངོན་མཚན་རྡོ་རྗེས་མཚན། །གཞན་གྱིས་མི་ཐུབ་ཕྲེང་བ་ཅན། །རྡོ་རྗེའི་མཆུ་ཅན་རྣམ་སྒེག་མོ། །ཞི་བའི་ལྷ་རྣམས་ཀྱིས་མཆོད་མ། །ཞི་བ་གསེར་གྱི་ཕྲེང་བ་ཅན། །དཀར་ཆེན་འབར་བ་གོས་དཀར་མོ། །འཕགས་མ་སྒྲོལ་མ་སྟོབས་ཆེན་མོ། །རྡོ་རྗེ་ལུ་གུ་རྒྱུད་གཞན་དང་། །རྡོ་རྗེ་གཞོན་ནུ་རིགས་འཛིན་མ། །ལག་ན་རྡོ་རྗེའི་རིགས་གསེར་ཕྲེང་། །ལེ་བརྒན་རྩི་དང་རིན་ཆེན་མ། །སྣང་མཛད་རྡོ་རྗེ་གཙུག་ཏོར་གྲགས། །ཕྱག་རྒྱ་དང་སྔགས་ཀྱི་ཚོགས་དེ་དག་ཐམས་ཅད་ཀྱིས་བདག་འཁོར་དང་བཅས་པ་དང་། སེམས་ཅན་ཐམས་ཅད་བསྲུང་དུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་དྲཱུཾ་ཧྲཱིཿཥྚོཾ། ཛམྦྷ་ནྐ་རཱི་ཧཱུཾ་དྲཱུཾ་ཧྲཱིཿཥྚོཾ། སྟམྦྷ་ན་ཀ་རཱི་ཧཱུ~ཾ་དྲཱུ~ཾ་ཧྲཱིཿཥྚོཾ། ལམྦྷ་ན་ཀ་རཱི་ཧཱུ~ཾ་དྲཱུ~ཾ་ཧྲཱིཿཥྚོཾ། སམ་བྷ་ཀྵ་ན་ཀ་རཱི་ཧཱུ~ཾ་དྲཱུ~ཾ་ཧྲཱིཿཥྚོཾ། བ་ཧ་ན་ཀ་རཱི་ཧཱུ~ཾ་དྲཱུ~ཾ་ཧྲཱིཿཥྚོཾ། པ་ར་བི་ཥ་བྷཀྵ་ཎ་ཀ་རཱི་ཧཱུ~ཾ་དྲཱུ~ཾ་ཧྲཱིཿཥྚོཾ། སརྦ་དུཥྚ་པྲ་དུཥྚ་ཎཱ~ཾ་སྟམ་བྷ་ན་ཀ་རཱི་ཧཱུ~ཾ་དྲཱུ~ཾ་ཧྲཱིཿཥྚོཾ། སརྦ་ཡཀྵ་རཱཀྵ་ས་གྲ་ཧཱ་ཎཱ~ཾ་བི་དྷྭ~ཾ་ས་ན་ཀ་རཱི་ཧཱུ~ཾ་དྲཱུ~ཾ་ཧྲཱིཿཥྚོཾ། སརྦ་པ་ར་བིདྱཱ་ཙྪེ་ད་ན་ཀ་རཱི་ཧཱུཾ་དྲཱུཾ་ཧྲཱིཿཥྚོཾ། ཙ་ཏུ་ར་ཤཱི་ཏཱི་ནཱ~ཾ་གྲ་ཧ་ས་ཧ་སྲཱ་ནཱ~ཾ་བིདྷྭ་ས་ན་ཀ་རཱི་ཧཱུཾ་དྲཱུ་ཧྲཱིཿཥྚོཾ། ཨཥྚ་བཾ་ཤི་ཏཱི་ནཱ~ཾ་ནཀྵ་ཏྲཱ་ཎཱ~ཾ་པྲ་ས་དྷ་ན་ཀ་རཱི་ཧཱུཾ་དྲཱུཾ་ཧྲཱིཿཥྚོཾ། ཨཥྚ་ཎ~ཾ་ནཱ~ཾ་མ་ཧཱ་གྲ་ཧཱ་ཎཱ~ཾ་བི་དྷྭ~ཾ་ས་ན་ཀ་རཱི་ཧཱུ~ཾ་དྲཱུ~ཾ་ཧྲཱིཿཥྚོཾ། རཀྵ་རཀྵ་མཱ~ཾ་སརྦ་སཏྭ~ཾ་ཤྩ། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་མོས་ས་གསུམ་གྱི་དཀྱིལ་འཁོར་དུ་བདག་དང་སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག་།རྣམ་པར་བསྒྱིངས་མའི་རྡོ་རྗེ་དང་། །གསེར་འོད་ལྟ་བུའི་སྤྱན་མངའ་མ། །རྡོ་རྗེ་འགྲོས་དང་དཀར་མོ་དང་། །པད་མའི་སྤྱན་དང་ཟླ་འོད་དང་། །སངས་རྒྱས་དཔལ་དང་དེ་བཞིན་སྤྱན། །རྡོ་རྗེ་ཉི་མའི་འོད་དང་ནི། །དེ་བཞིན་ཟླ་བ་རྡོ་རྗེ་འཛིན། །རིག་པ་དང་ཕྱག་རྒྱ་དང་གསང་སྔགས་ཀྱི་ཚོགས་དེ་དག་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀུན་ནས་བསྲུང་བར་མཛད་དུ་གསོལ། །ོཾ་རྀ་ཥི་ག་ཎཾ་པྲ་ཤསྟྱ་སརྦ་ཏ་ཐཱ་ག་ཏོཥྞི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུ~ཾ་དྲཱ~ཾ། ཛམ་བྷ་ན་ཀ་རཱི་ཧཱུ~ཾ་དྲཱ~ཾ། སྟམ་བྷ་ནི་ཀ་རཱི་ཧཱུ~ཾ་དྲུ~ཾ། པ་ར་བིདྱཱ་སམ་བྷ་ཀྵ་ན་ཀ་རཱི་ཧཱུ~ཾ་དྲཱུ~ཾ། པ་ར་བིདྱ་སམ་ས་བྷ་ཀྵ་ན་ར་ཀ་རཱི་ཧཱུ~ཾ་དྲཱུ~ཾ། སརྦ་དུཥྚ་ཎཱ~ཾ་སྟམ་བྷ་ན་ཀ་རཱི་ཧཱུ~ཾ་དྲཱུ~ཾ། སརྦ་ཡཀྵ་རཀྵ་ས་གྲ་ཧཱ་ཎཱ~ཾ་བི་དྷྭ~ཾ་ས་ན་ཀ་རཱི་ཧཱུ~ཾ་དྲཱུ~ཾ། ཙ་ཏུ་རཱ་ཤི་ཏཱི་ནཱ~ཾ་གྲ་ཧ་ས་ཧ་སྲཱ་ཏཱ~ཾ་བི་དྷྭ~ཾ་ས་ན་ཀ་རཱི་ཧཱུ~ཾ་དྲཱུ~ཾ། ཨཥྚཱ་བི་ཤ་ཏཱི་ནཱ~ཾ་ནཀྵ་ཏྲ་ཎཱ~ཾ་པྲ་ས་དྷ་ན་ཀ་རཱི་ཧཱུ~ཾ་དྲཱུ~ཾ། ཨཥྚཱ་ཎཱ~ཾ་མ་ཧཱ་གྲ་ཧ་ཎཱ~ཾ་བ་དྷྭ~ཾ་ས་ན་ཀ་རཱི་ཧཱུ~ཾ་དྲཱུ~ཾ། ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་རཀྵ་རཀྵ་མཱ~ཾ་སྭཱ་ཧཱ། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ་ཆེན་མོ། མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་མོས་ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་མ་ཀུན་བདག་ལ་བསྲུང་དུ་གསོལ། བདག་དང་སེམས་ཅན་ཐམས་ཅད་རྒྱལ་པོའི་འཇིགས་པ་དང་། རྐུན་པོའི་འཇིགས་པ་དང་། མེའི་འཇིགས་པ་དང་། ཆུའི་འཇིགས་པ་དང་། དུག་གི་འཇིགས་པ་དང་། མཚོན་གྱི་འཇིགས་པ་དང་། ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་དང་། མུ་གེའི་འཇིགས་པ་དང་། དགྲ་ཡི་འཇིགས་པ་དང་། ལྕེ་འབབ་པའི་འཇིགས་པ་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང་། ས་གཡོ་བའི་འཇིགས་པ་དང་། སྐར་མདའ་ལྟུང་བའི་འཇིགས་པ་དང་། རྒྱལ་པོའི་ཆད་པའི་འཇིགས་པ་དང་། ལས་ཀྱི་འཇིགས་པ་དང་། ཀླུའི་འཇིགས་པ་དང་། གློག་གི་འཇིགས་པ་དང་། ནམ་མཁའ་ལྡིང་གི་འཇིགས་པ་དང་། གཅན་ཟན་ཁྲོ་བོའི་འཇིགས་པ་དང་། ལྷའི་གདོན་དང་། ཀླུའི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། རླུང་ལྷའི་གདོན་དང་། ནམ་མཁའ་ལྡིང་གི་གདོན་དང་། དྲི་ཟའི་གདོན་དང་། མི་འམ་ཅིའི་གདོན་དང་། ལྟོ་འཕྱེ་ཆེན་པོའི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། སྲིན་པོའི་གདོན་དང་། ཡི་དགས་ཀྱི་གདོན་དང་། ཤ་ཟའི་གདོན་དང་། འབྱུང་པོའི་གདོན་དང་། གྲུལ་བུམ་གྱི་གདོན་དང་། སྲུལ་པོའི་གདོན་དང་། ལུས་སྲུལ་པོའི་གདོན་དང་། སྐེམ་བྱེད་ཀྱི་གདོན་དང་། རྗེད་བྱེད་ཀྱི་གདོན་དང་། སྨྱོ་བྱེད་ཀྱི་གདོན་དང་། གྲིབ་གནོན་གྱི་གདོན་དང་། གནོན་པོའི་གདོན་དང་། མཁའ་འགྲོ་མའི་གདོན་དང་། ནམ་གྲུའི་གདོན་དང་། གཤིན་རྗེའི་གདོན་དང་། བྱའི་གདོན་དང་། མ་མོ་དགའ་བར་བྱེད་པའི་གདོན་དང་། ཀུན་དུ་འབྲེང་བའི་གདོན་དང་། ཚེར་མ་འདོན་པའི་གདོན་ལས་བདག་བདེ་ལེགས་སུ་གྱུར་ཅིག་།ཟས་སུ་མདངས་ཟ་བ་དང་། ཟས་སུ་མངལ་ཟ་བ་དང་། ཟས་སུ་ཁྲག་ཐུང་བ་དང་། ཟས་སུ་ཞག་ཟ་བ་དང་། ཟས་སུ་ཤ་ཟ་བ་དང་། ཟས་སུ་ཚིལ་ཟ་བ་དང་། ཟས་སུ་རྐང་ཟ་བ་དང་། ཟས་སུ་བཙས་པ་ཟ་བ་དང་། སྲོག་འཕྲོག་པ་དང་། ཟས་སུ་སྐྱུགས་པ་ཟ་བ་དང་། ཟས་སུ་ཕྱི་ས་ཟ་བ་དང་། ཟས་སུ་གཅིན་འཐུང་བ་དང་། ཟས་སུ་གཏོར་ཁུང་ནས་འབབ་པ་འཐུང་བ་དང་། ཟས་སུ་ལྷག་མ་ཟ་བ་དང་། ཟས་སུ་འཆིལ་མ་འཐུང་བ་དང་། ཟས་སུ་སྣབས་ཟ་བ་དང་། ཟས་སུ་ངར་སྣབས་ཟ་བ་དང་། ཟས་སུ་མི་གཙང་བ་ཟ་བ་དང་། ཟས་སུ་གཏོར་མ་ཟ་བ་དང་། ཟས་སུ་ཕྲེང་བ་ཟ་བ་དང་། ཟས་སུ་དྲི་ཟ་བ་དང་། ཟས་སུ་བདུག་པ་ཟ་བ་དང་། སེམས་འཕྲོག་པ་དང་། ཟས་སུ་མེ་ཏོག་ཟ་བ་དང་། ཟས་སུ་འབྲས་བུ་ཟ་བ་དང་། ཟས་སུ་ལོ་ཏོག་ཟ་བ་དང་། ཟས་སུ་སྦྱིན་སྲེག་ཟ་བའི་གདོན་ལས་བདག་ལ་བསྲུང་བ་གྱིས་ཤིག་།གདོན་དེ་དག་ཐམས་ཅད་ཀྱི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ཀུན་དུ་རྒྱུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མཁའ་འགྲོ་དང་མཁའ་འགྲོ་མས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །ཚངས་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དབང་ཕྱུག་ཆེན་པོས་བྱས་པའི་རིག་སྔགས་གཅོད་དོ། །ཕུར་བུས་གདབ་བོ། །སྲེད་མེད་ཀྱི་བུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ནམ་མཁའ་ལྡིང་ཡང་དག་པ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ནག་པོ་ཆེན་པོས་བྱས་པའི་རིག་སྔག་གཅད་དོ། །ཕུར་བུ་གདབ་བོ། །མ་མོའི་ཚོགས་རྣམས་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མིའི་ཐོད་པ་ཅན་གྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུ་གདབ་བོ། །རྒྱལ་བར་བྱེད་པའི་དང་། སྦྲང་རྩིར་བྱེད་པ་དང་། དོན་ཀུན་སྒྲུབས་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །སྲིང་མོ་བཞིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །བྷྲི་གི་རི་ཏི་དང་། དགའ་བྱེད་དབང་ཕྱུག་དང་། ཚོགས་ཀྱི་བདག་པོ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུ་གདབ་བོ། །དགེ་སྦྱོང་གཅེར་བུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དགེ་སྦྱོང་མགོ་རེག་གིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དགྲ་བཅོམ་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །འདོད་ཆགས་དང་བྲལ་བས་བྱས་པའི་སྔགས་གཅད་དོ། །ཕུར་བུས་གདབ་བོ། ། འཇིག་རྟེན་དབང་ཕྱུག་འཁོར་དང་བཅས་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ལག་ན་རྡོ་རྗེ་འཁོར་དང་བཅས་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ཕོ་ཉ་དང་། ཕོ་ཉ་མོ་དང་། བྲན་ཕོ་དང་། བྲན་མོས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དྲང་སྲོང་གི་ཚོགས་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །ལྷའི་ཚོགས་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མི་འཕྲོད་པ་ཟ་བའི་ཚོགས་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །བདག་ལ་བསྲུང་དུ་གསོལ། བསྲུང་དུ་གསོལ། ཨོཾ་ཨ་སི་ཏཱ་ན་ལཱརྐ་པྲ་བྷཱ་སྥུ་ཊ་བི་ཀ་སི་ཏཱ་ཏ་པ་ཏྲེ། ཨོཾ་ཛྭ་ལ་ཛྭ་ལ། ཁཱ་ད་ཁཱ་ད། ཧ་ན་ཧ་ན། ད་ར་ད་ར། བི་ད་ར་བི་ད་ར། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། བན་དྷ་བན་དྷ། ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ། སྙིང་པོའོ། །ཧེ་ཧེ་ཕཊ། ཧོ་ཧོ་ཕཊ། ཨ་མོ་གྷ་ཡ་ཕཊ། ཨ་པྲ་ཏེ་ཧ་ཏཱ་ཡ་ཕཊ། བ་ར་དཱ་ཡ་ཕཊ། བ་ར་པྲ་དཱ་ཡ་ཕཊ། པྲ་ཏྱ~ཾ་གི་རི་ཏཱ་ཡ་ཕཊ། ཨ་སུ་ར་བི་དྲཱ་པ་ཎ་ཀ་རཱ་ཡ་ཕཊ། བ་ར་བི་དྲཱ་པ་ཎ་ཀ་རཱ་ཡ་ཕཊ། སརྦ་དེ་བེ་བྷྱཿཕཊ། སརྦ་ནཱ་གེ་བྷྱཿཕཊ། སརྦ་ཡཀྵེ་བྷྱཿཕཊ། སརྦ་རཱཀྵ་སེ་བྷྱཿཕཊ། སརྦ་བྷཱུ་ཏེ་བྷྱཿཕཊ། སརྦ་པྲེ་ཏེ་བྷྱཿཕཊ། སརྦ་པི་ཤཱ་ཙེ་བྷྱཿཕཊ། སརྦ་ཀུཥྨན་ཊེ་བྷྱཿཕཊ། སརྦ་པཱུ་ཏ་ནེ་བྷྱཿཕཊ། སརྦ་ཀ་ཊ་པཱུན་ཏ་ནེ་བྷྱཿཕཊ། སརྦ་སྐནྡྷེ་བྷྱཿཕཊ། སརྦ་བོནྨ་དེ་བྷྱཿཕཊ། སརྦ་ཙྪ་ཡེ་བྷྱ་ཕཊ། སརྦ་ཨ་པ་སྨཱ་རེ་བྷྱཿཕཊ། སརྦ་སྟ་ར་ཀེ་བྷྱཿཕཊ། སརྦ་ཌཱ་ཀི་ནཱི་བྷྱཿཕཊ། སརྦ་རེ་བ་ཏཱི་བྷྱཿཕཊ། སརྦ་ཡཱ་མ་ཡེ་བྷྱཿཕཊ། སརྦ་ཤ་ཀུ་ནི་བྷྱཿཕཊ། སརྦ་མཱ་ཏྲྀ་ག་ནེ་བྷྱཿཕཊ། སརྦ་ཀམྦུ་ཀཱ་མི་ནཱ་བྷྱཿཕཊ། སརྦ་ཨ་ལམ་བ་ཀེ་བྷྱ་ཕཊ། སརྦ་ཀ་ཊ་ཊ་ནེ་བྷྱཿཕཊ། སརྦ་ཀནྜེ་བྷྱཿཕཊ། སརྦ་གན་དྷ་རྦེ་བྷྱཿཕཊ། སརྦ་ཨ་སུ་རེ་བྷྱཿཕཊ། སརྦ་ཀནྣ་རེ་བྷྱཿཕཊ། སརྦ་ག་རུ་ཌེ་བྷྱཿཕཊ། སརྦ་མ་ཧོ་ར་གེ་བྷྱཿཕཊ། སརྦ་དུར་ལ~ཾ་གྷི་ཏེ་བྷྱཿཕཊ། སརྦ་དུཿཔྲེ་ཀྵི་ཏེ་བྷྱཿཕཊ། སརྦ་ཛྭ་རེ་བྷྱཿཕཊ། སརྦ་བྷ་ཡེ་བྷྱཿཕཊ། སརྦ་པ་དྲ་བེ་བྷྱཿཕཊ། སརྦོ་པ་སརྒེ་བྷྱཿཕཊ། སརྦ་ཀྲྀ་ཏྱ་ཀརྨ་ཎེ་ཀཱ་ཁོར་དེ་བྷྱཿཕཊ། ཀི་ར་ཎེ་བཻ་ད་ཊ་བྷྱཿཕཊ། ཙཙྪ་པྲ་ཤ་ཀ་སརྦ་དུཥྩ་ར་དི་ཏེ་བྷྱཿཕཊ། སརྦ་དུརྦྷུ་ཀྷེ་བྷྱཿཕཊ། སརྦ་ཏཱིརྠི་ཀེ་བྷྱཿཕཊ། སརྦ་ཤྲ་མ་ཎེ་བྷྱཿཕཊ། སརྦ་ཏཱིརྠི་ཀེ་བྷྱཿཕཊ། ས་པཱ་ཏ་ཀེ་བྷྱཿཕཊ། སརྦ་བིདྱཱ་དྷ་རེ་བྷྱཿཕཊ། ཛ་ཡ་ཀ་ར། མ་དྷུ་ཀ་ར། སིད་དྷེ་ཀ་ར་སརྦ་ཨརྠ་སཱ་དྷ་ཀེ་བྷྱོ་བིདྱཱ་ཙརྱེ་བྷྱཿཕཊ། ཙ་ཏུར་བྷྱོ་བ་གི་ནཱི་བྷྱཿཕཊ། བཛྲ་ཀཽ་མཱ་རཱི་ཡེ་བཛྲ་ཀུ་ལ~ཾ་དྷ་རི་བིདྱཱ་ཙརྱེ་བྷྱཿཕཊ། སརྦ་མ་ཧཱ་པྲ་ཏྱ~ཾ་གི་རེ་བྷྱཿཕཊ། བཛྲ་ཤ~ཾ་ཀ་ལཱ་ཡ་པྲ་ཏྱ~ཾ་གི་ར་རཱ་ཛཱ་ཡ་ཕཊ། མ་ཧཱ་ཀཱ་ལཱ་ཡ་མཱ་ཏྲྀ་ག་ཎ་ན་མསྐྲྀ་ཏཱི་ཡེ་ཕཊ། བྲཧྨཱ་ཎཱི་ཡེ་ཕཊ། བི་ཥྞུ་བཱི་ཡེ་ཕཊ། མ་ཧེ་ཤྭ་རཱི་ཡེ་ཕཊ། རཽ་དྲཱི་ཡེ་ཕཊ། མ་ཧཱ་ཀཱ་ལཱི་ཡེ་ཕཊ། ཙཱ་མུཎྜཱི་ཡེ་ཕཊ། ཀཽ་མཱ་རཱི་ཡེ་ཕཊ། བ་རཱ་ཧཱི་ཡེ་ཕཊ། ཨིན་དྲཱ་ཡེ་ཕཊ། ཨ་གྣི་ཡེ་ཕཊ། ཡ་མ་ཡེ་ཕཊ། ནཱི་རི་ཏེ་ཡེ་ཕཊ། བ་རུ་ཎཱ་ཡེ་ཕཊ། མཱ་རུ་ཏཱི་ཡེ་ཕཊ། སོ་མཱ་ཡེ་ཕཊ། ཨཱི་ཤཱ་ནཱི་ཡེ་ཕཊ། ཀཱ་ལཱ་དཎ་ཌཱི་ཡེ་ཕཊ། ཀཱ་ལཱ་རཱ་ཏྲཱི་ཡེ་ཕཊ། ཡ་མ་དཎྜཱི་ཡེ་ཕཊ། རཱ་ཏྲཱི་ཡེ་ཕཊ། ཀཱ་པཱ་ལཱི་ཡེ་ཕཊ། ཨ་དྷི་མུཀྟ་ཤྨ་ཤ་ན་བཱ་སི་ནཱི་ཡེ་སྭ་ཕཊ། ཨོཾ་ཥྚ~ཾ་བན་དྷ་བནྡྷ་རཀྵ་རཀྵ་མཱ~ཾ་སྭཱ་ཧཱ། སེམས་ཅན་གང་སུ་དག་བདག་ལ་གདུག་པ་དང་གདུག་པའི་སེཾས་དང་ལྡན་པ་རྣམས་དང་། དྲག་ཤུལ་དང་དྲག་ཤུལ་གྱི་སེཾ་དང་ལྡན་པ་རྣཾས་དང་སྡིག་པ་དང་སྡིག་པའི་སེཾ་དང་ལྡན་པ་རྣཾས་དང་འཁྲུག་པ་དང་འཁྲུག་པའི་སེཾ་དང་ལྡན་པ་རྣཾས་དང་། སྡང་བ་དང་སྡང་བའི་སེཾས་དང་ལྡན་པ་རྣཾས་བྱམས་པའི་སེཾས་དང་ལྡན་པར་གྱུར་ནས་བདག་དང་སེཾས་ཅན་ཐམས་ཅད་བསྲུང་དུ་གསོལ། ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་གྱུར་ཅིག་།གནོད་སྦྱིན་དང་གདོན་གང་སུ་དག་ཟས་སུ་མདངས་ཟ་བ་རྣཾས་དང་། གཟི་བྱིན་འཕྲོག་པ་རྣམས་དང་། ཟས་སུ་མངལ་ཟ་བ་རྣཾས་དང་། ཟསུ་ཁྲག་འཐུང་བ་རྣ~ཾས་དང་། ཟས་སུ་ཞག་ཟ་བ་རྣ~ཾས་དང་། ཟས་སུ་ཤ་ཟ་བ་རྣ~ཾས་དང་། ཟས་སུ་ཚིལ་ཟ་བ་རྣ~ཾས་དང་། ཟས་སུ་རྐང་ཟ་བ་རྣ~ཾས་དང་། ཟསུ་བཙས་པ་ཟ་བ་རྣ~ཾས་དང་། སྲོག་འཕྲོག་པ་རྣ~ཾས་དང་། ཟསུ་ལྷག་མ་ཟ་བ་རྣ~ཾས་དང་། ཟསུ་གཏོར་མ་ཟ་བ་རྣ~ཾས་དང་། ཟས་སུ་ཕྲེང་བ་ཟ་བ་རྣ~ཾས་དང་། ཟསུ་དྲི་ཟ་བ་རྣ~ཾས་དང་། ཟསུ་བདུག་པ་ཟ་བ་རྣ~ཾས་དང་། ཟསུ་མེ་ཏོག་ཟ་བ་རྣ~ཾས་དང་ཟསུ་འབྲས་བུ་ཟ་བ་རྣ~ཾས་དང་། ཟསུ་ལོ་ཏོག་ཟ་བ་རྣཾས་དང་། ཟསུ་སྦྱིན་སྲེག་ཟ་བ་རྣ~ཾས་དང་། ཟསུ་རྣག་ཟ་བ་རྣ~ཾས་དང་། ཟསུ་ཕྱི་ས་ཟ་བ་རྣ~ཾས་དང་། ཟསུ་གཅིན་འཐུང་བ་རྣཾས་དང་། ཟསུ་འཆིལ་མ་འཐུང་བ་རྣ~ཾས་དང་། ཟསུ་སྐྱུགས་པ་ཟ་བ་རྣཾས་དང་། ཟསུ་སྣབས་ཟ་བ་རྣ~ཾས་དང་། ཟསུ་ངར་སྣབས་ཟ་བ་རྣ~ཾས་དང་། ཟསུ་མི་གཙང་བ་ཟ་བ་རྣཾས་དང་། ཟསུ་གཏོར་ཁུང་ནས་འབབ་པ་འཐུང་བ་རྣཾས་དང་། སྡིག་པའི་སེཾས་དང་ལྡན་པ་རྣ~ཾས་དང་། གདུག་པའི་སེཾས་དང་ལྡན་པ་རྣ~ཾས་དང་། དྲག་ཤུལ་གྱི་སེཾས་དང་ལྡན་པ་རྣཾས་དང་། འཁྲུག་པའི་སེཾས་དང་ལྡན་པ་རྣཾས་དང་སྡང་བའི་སེམས་དང་ལྡན་པ་རྣ~ཾས་དང་། ལྷའི་གདོན་རྣཾས་དང་། ཀླུའི་གདོན་རྣཾས་དང་། ལྷ་མ་ཡིན་གྱི་གདོན་རྣམས་དང་། གནོད་སྦྱིན་གྱི་གདོན་རྣམས་དང་། སྲིན་པོའི་གདོན་རྣ~ཾས་དང་། འབྱུང་པོའི་གདོན་རྣམས་དང་། ཡི་དགས་ཀྱི་གདོན་རྣམས་དང་། ཤ་ཟའི་གདོན་རྣམས་དང་། ཀུམ་བྷཎ་ཌའི་གདོན་རྣམས་དང་། སྲུལ་པོའི་གདོན་རྣམས་དང་། ལུས་སྲུལ་པོའི་གདོན་རྣམས་དང་། སྐེམ་བྱེད་ཀྱི་གདོན་རྣམས་དང་། སྨྱོ་བྱེད་ཀྱི་གདོན་རྣམས་དང་། གྲིབ་གནོད་གྱི་གདོན་རྣམས་དང་། རྗེད་བྱེད་ཀྱི་གདོན་རྣམས་དང་། གནོན་པོའི་གདོན་རྣཾས་དང་། མཁའ་འགྲོ་མའི་གདོན་རྣམས་དང་། ནམ་གྲུའི་གདོན་རྣམས་དང་། གཤིན་རྗེའི་གདོན་རྣམས་དང་། བྱའི་གདོན་རྣམས་དང་། མ་མོ་དགའ་བར་བྱེད་པའི་གདོན་རྣམས་དང་། ཀུན་དུ་འབྲེང་བའི་གདོན་རྣཾས་དང་། རེ་ལྡེ་འདོན་རྣཾས་དང་། ཚེར་མ་འདོན་པའི་གདོན་རྣམས་ལས་བདག་བསྲུང་བར་མཛད་དུ་གསོལ། ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་གྱུར་ཅིག་།རིམས་ཉིན་གཅིག་པ་རྣམས་དང་ཉིན་གཉིས་པ་རྣམས་དང་། ཉིན་གསུམ་པ་རྣམས་དང་། ཉིན་བཞི་པ་རྣམས་དང་། ཉིན་བདུན་པ་རྣ~ཾས་དང་། རྟག་པའི་རིམས་རྣམས་དང་། རིམས་མི་ཟད་པ་རྣམས་དང་། འབྱུང་པོའི་རིམས་རྣམས་དང་། རླུང་ལས་གྱུར་པ་རྣམས་དང་། ཁྲིས་པ་ལས་གྱུར་པ་རྣམས་དང་། བད་ཀན་ལས་གྱུར་པ་རྣམས་དང་། འདུས་པ་ལས་གྱུར་པ་རྣཾས་དང་། རི~ཾས་ནད་ཐམས་ཅད་དང་། ཀླད་པ་ན་བ་བསལ་དུ་གསོལ། གཞོགས་ཕྱེད་ན་བ་དང་། ཡི་ག་འཆུས་པ་དང་། མིག་ནད་དང་། སྣ་ནད་དང་། ཁ་ནད་དང་། མགུལ་ནད་དང་། སྙིང་ནད་དང་། ལྐོག་མའི་ལྷ་གོར་ན་བ་དང་། རྣ་བ་ན་བ་དང་། སོ་ན་བ་དང་། སྙིང་ན་བ་དང་། གནད་ན་བ་དང་། རྩིབ་ལོགས་ན་བ་དང་། རྒྱབ་ན་བ་དང་། ལྟོ་བ་ན་བ་དང་། རྐེད་པ་ན་བ་དང་། ཆུ་སོ་ན་བ་དང་། བརླ་ན་བ་དང་། རྗེ་ངར་ན་བ་དང་། ལག་པ་ན་བ་དང་། རྐང་པ་ན་བ་དང་། ཡན་ལག་ན་བ་དང་། ཉིང་ལག་ན་བ་བསལ་དུ་གསོལ། གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ་འདིས་དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ་འབྱུང་པོ་དང་། རོ་ལངས་དང་། མཁའ་འགྲོ་མ་དང་། གནོད་སྦྱིན་དང་། སྲིན་པོ་དང་། རིམས་ནད་དང་། ཤུ་བ་དང་། གཡན་པ་དང་། འབྲུམ་བུ་ཕྲ་མོ་དང་། མཚན་བར་རྡོལ་བ་དང་། མཛེ་དང་། ཕོལ་མིག་དང་། བས་བལྡགས་དང་། མེ་དབལ་དང་། གཡན་པ་དང་། ལྷོག་པ་དང་། སྐེཾས་པ་དང་། སྐྲག་པ་དང་། ལུད་པ་ལུ་བ་དང་། དབུགས་མི་བདེ་བ་དང་། མི་དྲན་པ་དང་། དབྱིག་དུག་དང་། དུག་སྦྱར་མ་དང་། བྱད་དང་། མེ་དང་ཆུ་དང་། མི་ངས་དང་། བདུད་དང་། འཆིང་བ་དང་། དགྲ་དང་། དགོན་པ་དང་། དུས་མ་ཡིན་པར་འཆི་བ་དང་། སྦྲང་བུ་ཏྲྱ~ཾ་བུ་ཀ་དང་། ཏྲཻ་ལ་ཏཱ་ཀ་དང་། སྡིག་པ་དང་། སྦྲུལ་དང་། སྲེ་མོ་དང་། སེང་གེ་དང་། སྟག་དང་། དོམ་དང་། དྲེད་དང་། གཡག་རྒོད་དང་། ཆུ་སྲིན་ལ་སོགས་པའི་སྲོག་ཆགས་རྣཾས་བསལ་དུ་གསོལ། དེ་དག་ཐཾད་ཀྱི་རིགས་སྔགས་བཅིང་བར་བྱའོ། །གཟི་བརྗིད་བཅིང་བར་བྱའོ། ། གཞན་ཐཾད་ཀྱི་རིག་སྔགས་བཅིང་བར་བྱའོ། །འཚཾས་བཅིང་བར་བགྱིའོ། །ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཱི་ར་བཱི་ར། སཽ་མྱེ་སཽ་མྱེ། ཤཱནྟེ་ཤཱནྟེ། དཱནྟེ་དཱནྟེ། བི་ཥ་དེ་བི་ཥ་དེ། བཻ་རེ་བཻ་རེ། དེ་བི་བཛྲ་དྷཱ་རི་བནྡྷ་བནྡྷ་ནི་བཛྲ་པཱ་ཎི་ཕཊ། ཨོཾ་ཧཱུ~ཾ་དྲཱུ~ཾ་ཧྲཱིཿཥྚོ~ཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་པཱ་ཎི་བནྡྷ་བནྡྷ་བཛྲ་པཱ་ཤེ་ན་མ་མ་སརྦ་དུཥྚ་བི་ནཱ་ཡ་ཀཱ~ཾ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །སུས་དེ་བཞིན་གཤེགས་པ་ཐཾད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱི་མི་ཐུབ་པ་ཕྱིར་བཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་གྲོ་ག་འམ། རས་སམ་ཤིང་ཤུ་ནཱ་ལས་བྲིས་ཏེ། ལུས་སམ་མགུལ་དུ་ཐོགས་སཾ་ཀློག་པར་བྱེད་ན་དེ་ལ་ཇི་སྲིད་འཚོ་བའི་བར་དུ་དུག་གི་མི་ཚུགས། མཚོན་གྱིས་མི་ཚུགས། མེའི་མི་ཚུགས། ཆུས་མི་ཚུགས། དབྱིག་དུག་གིས་མི་ཚུགས། དུག་སྦྱར་མས་མི་ཚུགས། བྱད་ཀྱིས་མི་ཚུགས། དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུརོ། །གདོན་ཐཾད་དང་། བགེགས་དང་། ལོག་འདྲེན་ཐཾད་ཀྱང་དགའ་བར་འགྱུརོ། །རྡོ་རྗེའི་རིགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་རྣཾས་དང་གྲུབ་པའི་ལྷ་མོ་རྣཾས་ཀྱིས་ཀྱང་དེ་ལ་རྟག་ཏུ་འཐུན་པར་བསྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བྱེད་དོ། །དེ་རྣཾས་ཀྱི་ཡིད་དུ་འོང་བ་དང་དགའ་བར་ཡང་འགྱུརོ། །བསྐལ་པ་ཆེན་པོ་སྟོང་ཕྲག་བརྒྱད་བཅུ་རྩ་བཞིར་སྐྱེ་བ་དྲན་པར་འགྱུརོ། །རྡོ་རྗེའི་ཕོ་ཉ་མོ་དྲུག་བཅུ་རྩ་བཞི་ཡང་རྟག་པར་ཡོངསུ་སྐྱོང་བར་འགྱུརོ། །ནམ་དུ་ཡང་གནོད་སྦྱིན་དང་སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་པོ་ཉིད་དུ་མི་འགྱུརོ། །མི་དབུལ་པོར་མི་འགྱུརོ། །སངས་རྒྱས་བཅྡོཾས་གྲངས་མེད་དཔག་ཏུ་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསོད་ནཾས་ཀྱི་ཕུང་པོ་དང་ལྡན་པར་འགྱུརོ། །སངས་རྒྱས་བཅྡོཾས་དང་། བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྲུང་བ་དང་། བསྐྱབ་པ་དང་། སྦེད་པར་མཛད་ཅིང་། དེ་དག་གི་ཐུགསུ་བྱོན་པ་དང་དགྱེས་པར་ཡང་འགྱུརོ། །དེ་བཞིན་གཤེགས་པ་ཐཾད་ཀྱི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་ཕྱིར་བཟློགས་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་འཆང་ན་ཚངས་པར་མི་སྤྱོད་པ་ཡང་ཚངས་པར་སྤྱོད་པར་འགྱུརོ། །ཐུབ་པར་མ་བྱས་པ་ཡང་ཐུབ་པར་འགྱུརོ། །མི་གཙང་བ་ཡང་གཙང་བར་འགྱུརོ། །བསྲུང་བ་མ་བྱས་པ་ཡང་བསྲུང་བ་བྱས་པར་འགྱུརོ། ། མཚམས་མེད་པ་ལྔ་བྱས་པ་ཡང་འབྱང་བར་འགྱུརོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཡང་མ་ལུས་ཟད་པར་འགྱུརོ། །རིགས་ཀྱིས་བུ་འམ། རིགས་ཀྱི་བུ་མོ་བུ་འདོད་པ་གང་ལ་ལས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་མོ་ཅན་ཕྱིར་བཟློག་མ་ཆེན་མོ་རིག་སྔགས་ཀྱི་རྒྱལ་མོ་འདི་འཆང་ངམ་ཀློག་ན་བུ་འདོད་པ་དེས་བུ་རྙེད་དེ། ཚེ་དང་། བསོད་ནཾས་དང་། སྟོབས་ཀྱང་རབ་ཏུ་རྙེད་དོ། །འདི་ནས་ཤི་ཕོས་ནས་ཀྱང་འཇིག་རྟེན་གྱི་ཁཾས་བདེ་བ་ཅན་དུ་སྐྱེ་བར་འགྱུརོ། ། མི་ནད་དང་། ཕྱུག་ནད་དང་། ཡཾས་ཀྱི་ནད་དང་། འཚེ་བ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་ཐཾད་དང་། ཕ་རོལ་གྱི་དམག་ཚོགས་འོང་བ་ཐཾད་ལ། དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་མོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་མ་ཕྱིར་བཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་རིམ་འགྲོ་ཆེར་བྱས་ཏེ་མཆོད་པ་ཆེན་པོ་བྱས་ལ་གྲོང་ཁྱེར་ཐཾད་ཀྱི་སྒོ་འཾ། གྲོང་ངཾ་། གྲོང་ཁྱེར་རཾ། གྲོང་རྡལ་ལཾ། ལྗོངས་སཾ། དགོན་པའི་གནསུ་གཟུགས་སོ། །འཕགས་པ་གཞན་གྱིས་མི་ཐུབ་པ་ཕྱིར་བཟློག་མ་ཆེན་མོ་རིག་སྔགས་ཀྱི་རྒྱལ་མོ་འདི་རིམ་གྲོ་ཆེར་བྱས་ཏེ་བཙུགས་མ་ཐག་ཏུ་གཡུལ་ཞི་བར་བྱས་པར་འགྱུརོ། །ཡཾས་ཀྱི་ནད་དང་། འཚེ་བ་དང་། གནོད་པ་དང་། ནད་འགོ་བ་དང་། ཕ་རོལ་གྱི་དམག་ཚོགས་ཐཾད་རབ་ཏུ་ཞི་བར་འགྱུརོ། །ཏདྱ་ཐཱ། ཨོཾ་ཥྚོ~ཾ་བནྡྷ་བནྡྷ་མ་མ་རཀྵ་རཀྵ་སྭཱ་ཧཱ། ཨོཾ་ཥྚོ~ཾ་བནྡྷ་བནྡྷ་བཛྲ་མ་མ་རཀྵ་རཀྵ་བཛྲ་པ་ཎི་ཧཱུ~ཾ་ཕཊ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཨ་ན་ལེ་ཨ་བ་ལོ་ཀི་ཏེ་ཙུརྞ་ཏེ་ཛྭ་རཱ་ཤི། །ོཾ་ཛྭ་ལ་ཛྭ་ལ། དྷ་ཀ་དྷ་ཀ་དྷ་ར་དྷ་ར། བི་ད་ར་བི་ད་ར། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཧཱུ~ཾ་ཕཊ་སྭཱ་ཧཱ། ཏདྱ་ཐཱ། ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་རེ་བཻ་རེ། སཽ་མེ་སཽ། སརྦ་བུདྡྷ་ཨ་དྷེཥྛཱ་ན་ཨ་དྷེཥྛ་ཏེ། སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུ~ཾ་ཕཊ། ཧཱུ~ཾ་མ་མ་ཧཱུ~ཾ་ནི་ཧཱུ~ཾ་སྭཱ་ཧཱ། ཀླུའི་རྒྱལ་པོ་མཐའ་ཡས་དང་། ཀླུའི་རྒྱལ་པོ་དུང་སྐྱོང་དང་། ཀླུའི་རྒྱལ་པོ་ནག་པོ་ཆེན་པོ་རྣམས་ཀྱིས་དུས་དུས་སུ་ཆར་འབེབས་སོ། །དུས་དུས་སུ་སྤྲིན་བསྡུདོ། །དུས་དུསུ་འབྲུག་གི་སྒྲ་སྒྲོགས་པར་འགྱུརོ། །ཉེ་བར་འཚེ་བ་ཐམས་ཅད་ལ་སངས་རྒྱས་རྣལ་འབྱོར་དུ་བྱས་ལ་ལན་གསུམ་བཟླས་པར་བྱའོ། །སངྱས་དང་། བྱང་ཆུབ་སེཾས་དཔའ་རྣཾས་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རང་ཏེ། བཅོམ་ལྡན་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་ཆེན་མོ་ཕྱིར་མི་བཟློགས་པ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ། ། །།པཎྜི་ཏ་པ་ར་ཧི་ཏ་བྷ་དྲ་དང་། ལོ་ཙྪ་བ་ཟུ་དགའ་རྡོར་གྱིས་ཁ་ཆེའི་བདུད་རྩི་འབྱུང་གནས་ཀྱི་གཙུག་ལག་ཁ~ཾ་དཔེ་རྙིང་ལ་གཏུགས་ནས་གཏན་ལ་ཕབ་པའོ། ། @#། །རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏོ་ཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཨ་པ་རཱ་ཛཱི་ཏ་ནཱ་མ་དྷཱ་ར་ཎི།

CLOSE WINDOW