CLOSE WINDOW

J504: འཕགས་པ་འཇམ་དཔལ་གྱི་ཞལ་ནས་གསུངས་པ་ཞེས་བྱ་བའི་གཟུངས
Wyliee-texts based on the Adarsha Input

ཨུ0fད3ུ0fད4། །ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཞིང་། །འཇིག་རྟེན་གཏི་མུག་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཟླ་བ་རྒྱས་པ་ཟིལ་གནོན་ཞིང་། །མ་རིག་རྣམ་པར་བསལ་གྱུར་པ། །འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །མ་བགྱིས་ཟུར་ཕུད་གསལ་བ་ལ། །ནོར་བུ་འབར་བའི་སྐུ་མངའ་ཞིང་། །ཉིད་ནི་ཀུན་དུ་དགའ་བའི་སྐུ། ། འཇམ་དཔལ་ཁྱོད་ལ་ཕྱག་འཚལ་ལོ། །བདུད་རྩི་འདྲ་ཞིང་འཇམ་ལ་ཟབ། །ཡིད་འོང་གསུང་གི་སྒྲ་སྒྲོགས་པ། །དམ་པ་ཆོས་ཀྱི་རིན་ཆེན་མཛོད། །འཇམ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད། །ག~ཾ་གཱའི་ཆུ་ཐིགས་ལྟར་གྲངས་མེད། །འཇིག་རྟེན་ཁམས་ཀུན་མ་ལུས་པར། །ཉོན་མོངས་དྲི་མ་མ་ལུས་པ། །འཇམ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད། ། མཆེ་བ་གཙིགས་ཤིང་བསྒྲིམས་པ་ཡི། །འཇིགས་པའི་སྐུ་ཡི་ཚུལ་གྱིས་ནི། །གཤིན་རྗེའི་དྲེགས་པ་འཇོམས་མཛད་པ། །འཇམ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད། ། རང་གི་སྤྱན་དང་མདངས་འདྲ་བའི། །ུཏྤལ་སྔོན་པོས་རབ་མཛེས་པ། །ལྷུང་བཟེད་ཕྱག་ན་བསྣམས་པ་ཡི། །འཇམ་དཔལ་ཁྱོད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ལ། །རྒྱ་ཆེར་མཆོད་དང་བསྟོད་པ་ཡིས། །གྲོལ་བའི་ལམ་ནི་སྟོན་པ་པོ། །འཇམ་དཔལ་ཁྱོད་ལ་ཕྱག་འཚལ་ལོ། ། བུ་མོ་བརྒྱད་ཀྱིས་བསྟོད་པ་རྫོགས་སྷོ།། །།ལན་ཅིག་ཞུས་ཏེ་དག་གོ། །སྐར་ཞུས།། །། @##། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་སྭཱ་ཁྱཱ་ཏོ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་ཞལ་ནས་གསུངས་པ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། @##། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་སྭཱ་ཁྱཱ་ཏོ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་ཞལ་ནས་གསུངས་པ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མོ་བྷ་ག་བཱ་ཏེ། དྷརྨ་དྷཱ་ཏུ་ནི་གར་ཛི་ཏ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ཏེ་སམྱག་ས~ཾ་བྷུད་དྷ་ཡ། ན་མོ་མཉྫུ་ཤྲི་ཡེ། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མོ་བྷ་ག་བཱ་ཏེ། དྷརྨ་དྷཱ་ཏུ་ནི་གར་ཛི་ཏ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ཏེ་སམྱག་ས~ཾ་བྷུད་དྷ་ཡ། ན་མོ་མཉྫུ་ཤྲི་ཡེ། ཀུ་མཱ་ར་བྷཱུ་ཏཱ་ཡ། ཏདྱཱ་ཐཱ། ཨོཾ་ཛྙཱ་ནཱ་ལོ་ཀེ། ཏྲི་རཏྣ་བ~ཾ་ཤ་ས~ཾ་དྷཱ་ར་ཎི། བྷ་ག་བ་ཏི། ཨ་བཱ་ཡ~ཾ་དྷཱ་དྷི། ཨ་བཱ་ཡ~ཾ་ད་ད་མེ་བོ་དྷི་ཙིཏྟ། བཛྲ་པ་རི་པཱ་ལ་ཡ། ས་མནྟ་ཨ་བ་བྷཱ་སེ་ན། ཧ་ན་ཧ་ན་སརྦ་སཏྭ་ས~ཾ་ཏ་ན་པ་ཏི་ཏ~ཾ། ཀླེ་ཤཱ་ནུ་དེ་ཚ་ཤཱ་ཡ། ཀུ་མཱ་ར་བྷཱུ་ཏཱ་ཡ། ཏདྱཱ་ཐཱ། ཨོཾ་ཛྙཱ་ནཱ་ལོ་ཀེ། ཏྲི་རཏྣ་བ~ཾ་ཤ་ས~ཾ་དྷཱ་ར་ཎི། བྷ་ག་བ་ཏི། ཨ་བཱ་ཡ~ཾ་དྷཱ་དྷི། ཨ་བཱ་ཡ~ཾ་ད་ད་མེ་བོ་དྷི་ཙིཏྟ། བཛྲ་པ་རི་པཱ་ལ་ཡ། ས་མནྟ་ཨ་བ་བྷཱ་སེ་ན། ཧ་ན་ཧ་ན་སརྦ་སཏྭ་ས~ཾ་ཏ་ན་པ་ཏི་ཏ~ཾ། ཀླེ་ཤཱ་ནུ་དེ་ཚ་ཤཱ་ཡ། བ་ར་ལཀྵ་ཎ་ཨ་ལ~ཾ་ཀྲྀ་ཏ་ཤ་རཱི་རེ། བོ་དྷི་སཏྭ་ཤི་ཤཱུ~ཾ་པ་ཏི་པཱ་ལཱ་ཡ། བུད་དྷཱན་དེ་ཤཱ་ཡ། དེ་བ་ནཱ་ག་།ཡཀྵ། གནྡྷརྦྦ། ཨ་སུ་ར། ག་རུ་ཊ། ཀིན་ན་ར། མ་ཧོ་ར་ག་།བ་ཤེསྠ་པ། ཨ་པ་ཡ~ཾ་ད་ད་ཏི་སྭཱ་ཧཱ། བ་ར་ལཀྵ་ཎ་ཨ་ལ~ཾ་ཀྲྀ་ཏ་ཤ་རཱི་རེ། བོ་དྷི་སཏྭ་ཤི་ཤཱུ~ཾ་པ་ཏི་པཱ་ལཱ་ཡ། བུད་དྷཱན་དེ་ཤཱ་ཡ། དེ་བ་ནཱ་ག་།ཡཀྵ། གནྡྷརྦྦ། ཨ་སུ་ར། ག་རུ་ཊ། ཀིན་ན་ར། མ་ཧོ་ར་ག་།བ་ཤེསྠ་པ། ཨ་པ་ཡ~ཾ་ད་ད་ཏི་སྭཱ་ཧཱ། གཟུངས་འདིའི་ཕན་ཡོན་ནི་ལན་གཅིག་བརྗོད་པས་ཀྱང་བསྐལ་པ་སྟོང་དུ་ལས་ཀྱི་སྒྲིབ་པ་བསགས་པ་འབྱང་བར་འགྱུར་རོ། །འཆི་ཀར་ཡང་འཕགས་པ་འཇམ་དཔལ་མཐོང་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐོར་ཚུགས་ཀྱིས་དབུ་བརྒྱན་པའི་སྐུ་ཡང་མཐོང་བར་འགྱུར་རོ། གཟུངས་འདིའི་ཕན་ཡོན་ནི་ལན་གཅིག་བརྗོད་པས་ཀྱང་བསྐལ་པ་སྟོང་དུ་ལས་ཀྱི་སྒྲིབ་པ་བསགས་པ་འབྱང་བར་འགྱུར་རོ། །འཆི་ཀར་ཡང་འཕགས་པ་འཇམ་དཔལ་མཐོང་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐོར་ཚུགས་ཀྱིས་དབུ་བརྒྱན་པའི་སྐུ་ཡང་མཐོང་བར་འགྱུར་རོ། །མདོར་ན་གཟུངས་འདིའི་ཕན་ཡོན་ནི་མཐའ་ཡས་སོ། །འཕགས་པ་འཇམ་དཔལ་གྱི་ཞལ་ནས་གསུངས་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ། །མདོར་ན་གཟུངས་འདིའི་ཕན་ཡོན་ནི་མཐའ་ཡས་སོ། །འཕགས་པ་འཇམ་དཔལ་གྱི་ཞལ་ནས་གསུངས་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ། ། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦ་བྷ་དང་། ལོ་ཙྪ་བ་བན་དེ་ཀླུའི་དབང་པོས་བསྒྱུར། རྒྱ་གར་གྱི་མཁན་པོ་བི་ཤུད་དྷ་སིཾ་ཧ་དང་། ཞུ་ཆེན་གྱིས་ལོ་ཙྪ་བ་བན་དེ་དེ་བ་ཙན་དྲས་གཏན་ལ་ཕབ་པ། ། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦ་བྷ་དང་། ལོ་ཙྪ་བ་བན་དེ་ཀླུའི་དབང་པོས་བསྒྱུར། རྒྱ་གར་གྱི་མཁན་པོ་བི་ཤུད་དྷ་སིཾ་ཧ་དང་། ཞུ་ཆེན་གྱིས་ལོ་ཙྪ་བ་བན་དེ་དེ་བ་ཙན་དྲས་གཏན་ལ་ཕབ་པ། ། @#། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇམ་པའི་མགོན་ལ་ཕྱག་འཚལ་ལོ། །དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས། ། @#། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇམ་པའི་མགོན་ལ་ཕྱག་འཚལ་ལོ། །དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས།

CLOSE WINDOW