Wylie | e-texts based on the ACIP/ALL ![]() ![]() |
སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། རྒྱ་གར་སྐད་དུ། ཨཱ་ཪྱ་ནི་ཤྩ་ཡ་ནཱ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་གདོན་མི་ཟ་བ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བཤ་ལའི་སྤྲེའུ་རྫིང་གི་འགྲམ་གྱི་ཁང་བུ་བརྩེགས་པ་ན་བཞུགས་ཏེ། དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ལྷ་མ་ཡིན་རྣམས་ཀྱིས་རྒོལ་ཞིང་གཙེས་ཏེ། བདག་དང་ལྷ་མ་ཡིན་དུས་ཡུན་རིང་པོར་མི་མཛའ་ཞིང་དགྲར་གྱུར་ན། བཅོམ་ལྡན་འདས་ཀྱིས་བདག་ལ་ཅི་ནས་ཀྱང་ཡུན་རིང་པོར་ཕན་པ་དང་བདེ་བར་འགྱུར་བའི་ཕྱིར་དེ་ལྟ་བུའི་ཆོས་བདག་ལ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་ལྷའི་དབང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེའི་ཕྱིར་ཀོའུ་ཤི་ཀ་ཁྱོད་ཀྱིས་དའི་སྙིང་པོ་གདོན་མི་ཟ་བ་ཞེས་བྱ་བའི་རིག་སྔགས་འདི་ལོངས་ཤིག། ཏདྱ་ཐཱ། ཨུརྦ་པ། ནིརྦི་སིརྦི། ཨུརྦུ་རྦུ་རེ། ཧཱུ་ལེ་ཧཱུཾ་མེ། དི་ཁུ་མེ། པྲ་ཏྱཾ་ག་མ་ཨ་གཙྪ་མ་ཧཱ་མ་ཡུ་རི་ནཱ་མ། བདག་འཇིགས་པ་ཐམས་ཅད་དང་། འཚེ་བ་ཐམས་ཅད་དང་། འཁོར་ཐམས་ཅད་དང་བཅས་པ་ལས་སྲུངས་ཤིག། སྲུངས་ཤིག། སརྦ་ཀཱ་ཡ་མ་ནོ་ཤྩ་རི་ཏེ་སྭཱཧཱ། བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་བཀའ་སྩལ་པ་དང་། བརྒྱ་བྱིན་ལྷའི་དབང་པ་ཨོ་ཡིད་དགའ་སྟེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །འཕགས་པ་གདོན་མི་ཟ་བ་ཞེས་བྱ་པའི་གཟུངས་རྫོགས་སོ།། །།ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བདུན་ལ་ཕྱག་འཚལ་ལོ།
CLOSE WINDOW