CLOSE WINDOW

H561: འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་ཞེས་བྱ་བ
Wyliee-texts based on the ACIP/ALL Input

། །། རྒྱ་གར་སྐད་དུ། ཨཱཪྱ་པྲ་ཏཱི་ཏྱ་ས་མུཏྤཱ་ད་ཧྲི་ད་ཡ་ནཱ་མ། བོད་སྐད་དུ། འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོ་ཞེས་བྱ་བ། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ཆོས་གང་རྒྱུས་འབྱུང་དེ་དག་གི་།རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དགེ་སྦྱོང་ཆེན་པོ་འདི་སྐད་གསུངས་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ། སྙིང་པོ་འདི་ལན་གཅིག་བརྗོད་པས་སྡིག་པ་ཐམས་ཅད་བྱང་བར་འགྱུར་རོ|་|མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་ཟློག་པར་འགྱུར་རོ། །དངོས་པོ་གང་ལ་དམིགས་ཏེ་བརྗོད་ན། སངས་རྒྱས་ཀྱི་སྐུའམ། མཆོད་རྟེན་དུ་བྱས་པར་འགྱུར། མཆོད་པ་གང་ལ་དམིགས་ཏེ་བརྗོད་ན། འཇིག་རྟེན་གྱི་ཁམས་གང་བ་ཙམ་ཕུལ་བར་འགྱུར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་བོ་རྫོགས་སོ།། །།རྒྱ་གར་སྐད་དུ། ཨཱཪྱ་ཨུཥྞཱི་ཥ་ཛྭ་ལ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ།

CLOSE WINDOW