CLOSE WINDOW

H505: འཕགས་པ་འཇམ་དཔལ་གྱི་ཞལ་ནས་གསུངས་པ་ཞེས་བྱ་བའི་གཟུངས
Wyliee-texts based on the ACIP/ALL Input

།གྲོལ་བའི་ལམ་ནི་སྟོན་པ་པོ། །འཇམ་དཔལ་ཁྱོད་ལ་ཕྱག་འཚལ་ལོ། །བུ་མོ་བརྒྱད་ཀྱིས་བསྟོད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། །ཱཪྱ་མཉྫུ་ཤྲཱི་སྭཱ་ཁྱཱ་ཏོ་ནཱ་མཱ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་ཞལ་ནས་གསུངས་པ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། །ན་མོ་བྷ་ག་བ་ཏེ། དྷརྨ་དྷཱ་ཏུ་ནི་གར་ཛི་ཏ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ན་མོ་མཉྫུ་ཤྲཱི་ཡེ། ཀུ་མཱ་ར་བྷཱུ་ཏཱ་ཡ། ཏདྱ་ཐཱ། ཨོཾ་ཛྙཱ་ནཱ་ལོ་ཀེ། ཏྲི་རཏྣ་བཾ་ཤ་སཾ་དྷཱ་ར་ཎི། བྷ་ག་བ་ཏི། ཨ་བཱ་ཡཾ་དཱ་དི། ཨ་བཱ་ཡཾ་དཏྟེ་མེ་བོ་དྷི་ཙིཏྟ། བཛྲ་པ་རི་པ་ལཱ་ཡ། ས་མནྟ། ཨ་བ་བྷཱ་སེ་ན། ཧ་ན་ཧ་ན། སརྦ་སཏྭ་སཾ་ཏ་ན་པ་ཏི་ཏཾ། ཀླེ་ཤཱ་ནུ་ཙྪེ་དཱ་ཡ། བ་ར་ལ་ཀྵ་ཎ། ཨ་ལཾ་ཀྲི་ཏ་ཤ་རཱི་རེ། བོ་དྷི་ས་ཏྭ་ཤི་ཤཱུ་བ་ཏི་པཱ་ལཱ་ཡ། བུདྡྷ་ན་དེ་ཤཱ་ཡ། དེ་བ། ནཱ་ག་།ཡཀྵ། གནྡྷ་རྦ། ཨ་སུ་ར། ག་རུ་ཌ། ཀིན་ན་ར། མ་ཧོ་ར་ག། བ་ཤེ་སྠ་པཱ་ཡ། ཨ་པ་ཡཾ་དད་ཏི་སྭཱཧཱ། གཟུངས་འདིའི་ཕན་ཡོན་ནི་ལན་གཅིག་བརྗོད་པས་ཀྱང་བསྐལ་པ་སྟོང་དུ་ལས་ཀྱི་སྒྲིབ་པ་བསགས་པ་འབྱང་བར་འགྱུར་རོ། །འཆི་ཁར་ཡང་འཕགས་པ་འཇམ་དཔལ་གྱི་ཞལ་མཐོང་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐོར་ཚུགས་ཀྱིས་དབུ་བརྒྱན་པའི་སྐུ་ཡང་མཐོང་བར་འགྱུར་རོ། །མདོར་ན་གཟུངས་འདིའི་ཕན་ཡོན་ནི་མཐའ་ཡས་སོ། །འཕགས་པ་འཇམ་དཔལ་གྱི་ཞལ་ནས་གསུངས་པ་ཞེས་བྱ་བའི་གཟུངས་རྫོགས་སོ། ། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་། ལོཙྪ་བ་བནྡེ་ཀླུའི་དབང་པོས་བསྒྱུར། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སི་ཧཾ་དང་། ཞུས་ཆེན་གྱི་ལོཙྪ་བ་བནྡེ་དེ་བ་ཙནྡྲས་གཏན་ལ་ཕབ་པ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇམ་པའི་མགོན་ལ་ཕྱག་འཚལ་ལོ།

CLOSE WINDOW