Wylie | e-texts based on the ACIP/ALL ![]() ![]() |
ཁ་ཆེའི་པཎྚི་ཏ་ཆེན་པོ་ཛྙཱ་ན་བཛྲ་དང་། ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་པས་བསྒྱུར་བའོ།། །།དུར་ཁྲོད་དག་དང་བཤན་པ་ཡི། །ཁྱིམ་དང་སྲིན་པོའི་གནས་རྣམས་སུ། །མངོན་སྤྱོད་ཀྱི་ནི་ལས་བྱ་བ། །ཐ་བ་ཁུང་ཐ་མ་བར་མ་མཆོག་།ཕྱེད་དང་གསུམ་མམ་ཁྲུ་གསུམ་མམ། །ཁྲུ་དགུ་པ་ནི་བྱས་པ་ལས། །སྟེགས་བུ་དེ་ཡི་ཚད་བརྩིགས་ཏེ། །གྲུ་གསུམ་པའམ་མདུང་རྩེ་འདྲ། །ལུགས་ཕྱེ་སོལ་ཕྱེ་དུག་གིས་ནི། །བསྐུས་པས་ཐབ་ཁུང་ནག་པོར་བྱ། །དབུས་སུ་རྡོ་རྗེ་རྩེ་དགུ་པ། །ནག་པོ་ཤིན་ཏུ་འབར་བ་བྲི། །མུ་རན་སྟེང་དུ་རྩེ་གསུམ་དང་། །རྒྱ་གྲམ་པ་ཡི་རྡོ་རྗེས་མཚན། །དེ་ཡི་ཕྱི་རོལ་མུ་ཁྱུད་ལ། །དབྱུག་པ་དང་ནི་དགྲ་སྟ་དང་། །རལ་གྲི་ཤིན་ཏུ་འབར་བ་བྲི། །དེ་ཡི་ཕྱི་རོལ་ཀེང་རུས་ཏེ། །བདེ་གཤེགས་ལ་སོགས་ཕྱག་རྒྱས་མཚན། །དུད་སྤྲིན་མདོག་འདྲ་དྲང་སྲོང་མཆོག་།ར་ཡི་སྟེང་བཞུགས་རྩེ་གསུམ་དང་། །གཟར་བུ་ཕྲེང་བ་རིལ་བར་ལྡན། །དེ་ལྟའི་མེ་ལྷ་སྤྱན་དྲངས་ནས། །ལྷོར་བལྟས་ཁྲོས་པའི་སེམས་ཀྱིས་བསྲེག་།ཤིན་ཏུ་གདུག་ཅིང་ཚེར་མར་བཅས། །སྲེག་ཤིང་ཡམ་ཤིང་བྱས་ནས་ཀྱང་། །ཤ་དང་ཁྲག་དང་ལྕགས་ཕྱེ་དང་། །རུས་ཕྱེ་དུག་དང་ཀེ་ཚེ་དང་། །དྲི་ཆེན་དྲི་ཆུ་ལ་སོགས་པའི། །རྫས་རྣམས་ཀུན་ལ་དུག་གིས་ནི། །བསྒོས་པས་ལན་གྲངས་འབུམ་བསྲེགས་ནས། །དེ་ཡི་ལོངས་སྤྱོད་འབྱོར་པ་དང་། །གཉེན་དང་འཁོར་དང་བྲན་རྣམས་དང་། །བུ་དང་ཆུང་མར་བཅས་པ་རྣམས། །སྤངས་ཏེ་སྲོག་དང་བྲལ་ནས་ནི། །སྡུག་བསྔལ་@#། །མི་བཟད་མྱོང་བར་འགྱུར། །མངོན་སྤྱོད་ཀྱི་ལས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱནྟིཾ་གརྦྷ་དང་། ལོ་ཙྪ་བ་བནྡེ་ཛ་ཡ་ར་ཀྵི་ཏས་བསྒྱུར་བའོ། ། །།རྒྱ་གར་སྐད་དུ། ཤྲཱི་པ་ར་མཱ་དི་ནཱ་མ་མཧཱ་ཡཱ་ན་ཀལྤ་རཱ་ཛཱ། བོད་སྐད་དུ། །དཔལ་མཆོག་དང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་རྟོག་པའི་རྒྱལ་པོ།
CLOSE WINDOW