CLOSE WINDOW

D1105: དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཚིགས་སུ་བཅད་པ
Wyliee-texts based on the Esukhia Input

།ུ་དུམ་བཱ་རའི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག་།སྐྱོབ་པ་འོད་སྲུང་རྒྱལ་རིགས་བླ་མེད་ཡོན་ཏན་ཅན། །ཚེ་ལོ་ཉི་ཁྲིའི་དུས་ན་བཱ་རཱ་ཎ་སཱི་རུ། །ནྱ་གྲོ་དྷ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག་།འགྲོ་མགོན་ཤཱཀྱ་ཐུབ་པ་རྒྱལ་རིགས་བརྩོན་འགྲུས་ཅན། །ཚེ་ལོ་བརྒྱ་བའི་དུས་ན་སེར་སྐྱའི་གྲོང་ཁྱེར་དུ། ། ཤྦཏྠ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག་།སངས་རྒྱས་རབས་བདུན་བཀྲ་ཤིས་ཕུན་སུམ་ཚོགས་པ་གང་། །ཕྱོགས་དུས་ཀུན་གྱི་བདེ་གཤེགས་བྱིན་བརླབས་རྨད་བྱུང་བ། །ཆོས་དབྱིངས་རྣམ་དག་རྟེན་འབྲེལ་སྟོབས་ལྡན་མི་འགྱུར་བ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག་།སངས་རྒྱས་རབས་བདུན་གྱི་བཀྲ་ཤིས་ཚིགས་སུ་བཅད་པ་རྫོགས་། ། @#། །རྒྱ་གར་སྐད་དུ། པཉྩ་ཏ་ཐཱ་ག་ཏ་མཾ་ག་ལ་གཱ་ཐཱ། བོད་སྐད་དུ། དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། ། @#། །རྒྱ་གར་སྐད་དུ། པཉྩ་ཏ་ཐཱ་ག་ཏ་མཾ་ག་ལ་གཱ་ཐཱ། བོད་སྐད་དུ། དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། ། ཟླ་བ་ཉ་འདྲའི་སྐུ་མངའ་སྲིད་པའི་མཐར་ཕྱིན་པ། །དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོང་བ། །མགོན་པོ་ཡོན་ཏན་ཐམས་ཅད་རྫོགས་པས་བཀྲ་ཤིས་པ། ཟླ་བ་ཉ་འདྲའི་སྐུ་མངའ་སྲིད་པའི་མཐར་ཕྱིན་པ། །དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོང་བ། །མགོན་པོ་ཡོན་ཏན་ཐམས་ཅད་རྫོགས་པས་བཀྲ་ཤིས་པ། །དགེ་མཉམ་བསམ་སེམས་ལྡན་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།སངས་རྒྱས་ཡོན་ཏན་ཀུན་གྱི་རྒྱན་གྱིས་བརྒྱན་མཛད་ཅིང་། །ཡང་དག་བདེན་པའི་འབྱོར་བ་སྦྱིན་མཛད་མི་སླུ་བ། །དགེ་མཉམ་བསམ་སེམས་ལྡན་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།སངས་རྒྱས་ཡོན་ཏན་ཀུན་གྱི་རྒྱན་གྱིས་བརྒྱན་མཛད་ཅིང་། །ཡང་དག་བདེན་པའི་འབྱོར་བ་སྦྱིན་མཛད་མི་སླུ་བ། །རིན་ཆེན་འབྱུང་ལྡན་ཞེས་བྱའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།བསམ་གཏན་ཏིང་འཛིན་ཡེ་ཤེས་དམ་པ་ཕ་རོལ་ཕྱིན་པའི་གནས། །ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་ཞིང་། །རིན་ཆེན་འབྱུང་ལྡན་ཞེས་བྱའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།བསམ་གཏན་ཏིང་འཛིན་ཡེ་ཤེས་དམ་པ་ཕ་རོལ་ཕྱིན་པའི་གནས། །ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་ཞིང་། །ཚེ་གྲངས་མེད་པར་བྱིན་གྱིས་རློབ་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།སེམས་ཅན་དོན་གྱི་ལས་ལ་ཐུགས་ནི་སྦྱོར་མཛད་ཅིང་། །འགྲོ་བ་ཀུན་གྱི་འཆིང་བས་བཅིངས་ལས་གྲོལ་མཛད་པ། །ཚེ་གྲངས་མེད་པར་བྱིན་གྱིས་རློབ་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།སེམས་ཅན་དོན་གྱི་ལས་ལ་ཐུགས་ནི་སྦྱོར་མཛད་ཅིང་། །འགྲོ་བ་ཀུན་གྱི་འཆིང་བས་བཅིངས་ལས་གྲོལ་མཛད་པ། །ཐུབ་མཆོག་དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཚིགས་སུ་བཅད་པ་རྫོགས་།། །ཐུབ་མཆོག་དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཚིགས་སུ་བཅད་པ་རྫོགས་།། @##། །རྒྱ་གར་སྐད་དུ། ཏྲི་ཀུ་ལ་མཾ་ག་ལ། བོད་སྐད་དུ། རིགས་གསུམ་གྱི་བཀྲ་ཤིས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་གསེར་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་འཇམ་དཔལ་གཞོན་ནུའི་སྐུ། །བདེ་གཤེགས་སྐུ་ཡི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་དེང་འདིར་བདེ་ལེགས་ཤོག་།བཅོམ་ལྡན་དུང་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་སྤྱན་རས་གཟིགས་ཀྱི་དབང་། །བདེ་གཤེགས་གསུང་གི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་དེང་འདིར་བདེ་ལེགས་ཤོག་།བཅོམ་ལྡན་ལྗང་སེར་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་ཕྱག་ན་རྡོ་རྗེ་སྟེ། །བདེ་གཤེགས་ཐུགས་ཀྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་དེང་འདིར་བདེ་ལེགས་ཤོག་།དཔལ་རིགས་གསུམ་གྱི་བཀྲ་ཤིས་རྫོགས་། །@#། །ཤིས་པར་བརྗོད་པའི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།

CLOSE WINDOW