མཁའ་འགྲོ་རྒྱ་མཚོའི་རྣམ་ཐར mkha' 'gro rgya mtsho'i rnam thar
མཁའ་འགྲོ་རྒྱ་མཚོའི་རྣམ་ཐར mkha' 'gro rgya mtsho'i rnam thar Bkt
Bkt299.1
མཁའ་འགྲོ་རྒྱ་མཚོའི་རྣམ་ཐར mkha' 'gro rgya mtsho'i rnam thar
Location
set MW30498: volume mkha' 'gro rgya mtsho'i rnam thar - folios 1a1-279a6
Colophon ཅེས་པའི་ཟབ་གསང་མཁའ་འགྲོ་རྒྱ་མཚོའི་སྙིང་ཐིག་རྣམ་ཐར་གསང་བའི་མཛོད་ཆེན་ཉི་མའི་སྙིང་པོ་མུན་སེལ་སྒྲོན་མེ་འདི་ནི་ཉག་ཤོད་ཡུལ་དུ་སྐྱེས་པའི་མཁའ་འགྲོའི་མིང་འཛིན་བདེ་ཆེན་ཆོས་ཀྱི་དབང་མོ་ཞེས་པས་ས་རྟ་ལོར་རྒྱལ་མོ་མུ་རྡོ་གནས་ཆེན་འདུས་པའི་ཕྱིར་དུ། གཏེར་ཆེན་གསང་སྔགས་གླིང་པ་དང་རང་བཅས་གནས་འབྲེལ་དུ་ཕེབས་པ་ལ། མུ་རྟོ་ནོར་བུ་ཕུག་དང་མཐའ་བསྐོར་ལམ་དུ་ཚོགས་དང་མཆོད་པ་རྒྱ་ཆེར་མཛད་ཅིང་། གནས་ཆེན་དེ་ལ་གནས་ཕྲན་དྲུག་ཅུ་རྩ་གཅིག་ཡོད་པ་ལས་བ་ཝམ་བྲག་སྟེང་ས་ཆར་ཡོད་པའི་གཉེན་རྗེ་དཀར་ཏོག་གཡུ་ལུང་དམར་པོའི་རི་ཁྱུང་བྲག་ཇོ་བོ་རྗེ་རྒོ་བདེ་སོགས་ཀྱི་གནས་ལ་ཚོགས་འབྲེལ་གཏེར་ཀ་སྐོར་ལམ་སོགས་བརྟེན་(རྟེན)་འབྲེལ་ལེགས་ལམ་དུ་གྱུར། བྲག་སྟེང་པ་ཝམ་སོགས་ཀྱི་དཔོན་སྡེ་ཐམས་ཅད་ཀྱིས་ཞབས་ཞུས་རྒྱ་ཆེར་བསྒྲུབས་ཅིང་དགེ་བཤེས་སྨད་སྡེར་ཕེབས། སྨད་ཕྱོགས་ཀྱི་དགོན་སྡེ་ཐམས་ཅད་ནས་འབྲེལ་འཇོག་ལེགས་པར་བྱས། ཁྱད་པར་དུ་དད་སྦྱིན་རྒན་པོ་ཁམས་ཐར་ཚེ་རིང་གིས་གཏེར་ཆེན་རང་བཅས་ཁྱིམ་དུ་གདན་དྲངས་པ་ལ། ལམ་ཁར་བཻ་རོའི་རྫུ་འཕྲུལ་གྱིས་བཞེངས་པའི་མཆོད་རྟེན་ཐམས་ཅད་ལ་ཚོགས་འབྲེལ་དང་བརྟན་བཞུགས་མཛད། དད་སྦྱིན་གྱི་ཁྱིམ་དུ་དེ་ནུབ་ཚོགས་འཁོར་རྒྱ་ཆེར་བགྱིས་པའི་ཐོ་རང་འོད་གསལ་ངང་དུ་སྣང་ཁམས་ཐམས་ཅད་འོད་ཟེར་དྲཝ་བ་འཁྲིགས་པའི་ཀློང་དུ་མཁའ་འགྲོ་མ་སེང་གེའི་གདོང་ཅན་གཙོ་འཁོར་གྲངས་ལས་འདས་པ་མེ་དཔུང་འབར་བའི་ཀློང་ན་ཞལ་མངོན་སུམ་དུ་མཇལ་ཞིང་སྐུ་ཚབ་གཏེར་སྒོམ་བཅས་མངོན་སུམ་དུ་རང་ལ་དངོས་གྲུབ་ཏུ་བབ་སྟེ་(བབས་ཏེ)་རྟེན་འབྲེལ་གེགས་མེད་དུ་གྱུར། གཏེར་སྒྲོམ་མར་མེའི་འོད་སྣང་ལ་བལྟས་པས་མཁའ་འགྲོ་རྒྱ་མཚོའི་རྣམ་ཐར་བཞུགས་ཅིང་གསང་རྒྱ་བསྡམས། ཕྱི་ཉིན་མ་རྒྱུད་ཀྱི་གནས་ལ་ཚོགས་དང་མཆོད་པ་རྒྱ་ཆེར་ཕུལ། སྐུ་ཚབ་ཀྱི་དབང་གནང་ཞིང་དད་སྦྱིན་ཚོགས་རྫོགས་པ་དང་ཡུལ་སྡེ་ཐམས་ཅད་ཀྱི་དགེ་སྒྲུབ་སྡིག་སྤང་རྒྱ་ཆེན་པོ་གྲུབ་སོང་། ཕྱིས་སུ་གྲུབ་ཆེན་ཡེ་ཤེས་རྡོ་རྗེ་དང་ཤར་རྫའི་རྟོགས་ལྡན་རིན་པོ་ཆེ་གཉིས་ཀྱིས་སྔར་ནས་རང་ལ་བཀའ་གཏེར་དག་སྣང་སོགས་སྙིང་ཐིག་གི་སྐོར་མ་ལུས་པ་ཕབ་དགོས་ཀྱི་གསུང་ནན་དང་། ཉེ་བར་གཏེར་ཆེན་ཉིད་ལ་སྐུ་གེགས་ཆེ་བར་ཡོད་པ་ལ། ཁྲོ་སྤྲུལ་རིན་པོ་ཆེ་གདན་དྲངས་སོང་བཞིན་དམ་པ་ཉིད་ཕེབ་ཐུབས་ཅིང་སྐུ་རིམ་རྒྱ་ཆེ་རྒྱུན་རིང་བསྒྲབས་པས་སྐུ་གེགས་སེལ། དེ་ཡིཾ་སྐབས་སུ་རང་ལ་སྙིང་ཐིག་གི་སྐོར་མཁའ་འགྲོ་རྒྱ་མཚོའི་རྣམ་ཐར་ཕབ་དགོས་ཞེས་ཁྲོ་སྤྲལ་གཡུང་དྲུང་མཐོང་གྲོལ་དང*། དབལ་སྤྲལ་གཡུང་དྲུང་གཉིས་ཀྱིས་ཡང་ཡང་བཞེད་ངོར་ཟབ་གསང་གཏེར་རྒྱ་ལོ་ངོ་དགུ་ཡི་བཀའ་རྒྱ་གྲོལ་ཏེ་མེ་ཡོས་ཟླ་བ་བཞི་པའི་ཚེས་བཅུའི་ཉིན་པར་དབུ་བཙུག་ནས་ཟླ་བ་ལྔ་པའི་ཚེས་བཅུའི་ཉིན་ཤོག་སེར་བཤུས་གྲུབ་དག་པར་ཕབ་ཅིང་སྤེལ་བས་བསྟན་པའི་ཟབ་གཏེར་རིན་པོ་ཆེ་ཕྱོགས་བརྒྱར་ཁྱབ་ཅིང་འགྲོ་བ་ཡོངས་ཀྱི་དོན་ཆེན་ལྷུན་གྱིས་གྲུབ་པར་ཤོག་ཅིག་གུ།། ces pa'i zab gsang mkha' 'gro rgya mtsho'i snying thig rnam thar gsang ba'i mdzod chen nyi ma'i snying po mun sel sgron me 'di ni nyag shod yul du skyes pa'i mkha' 'gro'i ming 'dzin bde chen chos kyi dbang mo zhes pas sa rta lor rgyal mo mu rdo gnas chen 'dus pa'i phyir du/ gter chen gsang sngags gling pa dang rang bcas gnas 'brel du phebs pa la/ mu rto nor bu phug dang mtha' bskor lam du tshogs dang mchod pa rgya cher mdzad cing / gnas chen de la gnas phran drug cu rtsa gcig yod pa las ba wam brag steng sa char yod pa'i gnyen rje dkar tog g.yu lung dmar po'i ri khyung brag jo bo rje rgo bde sogs kyi gnas la tshogs 'brel gter ka skor lam sogs brten (rten) 'brel legs lam du gyur/ brag steng pa wam sogs kyi dpon sde thams cad kyis zhabs zhus rgya cher bsgrubs cing dge bshes smad sder phebs/ smad phyogs kyi dgon sde thams cad nas 'brel 'jog legs par byas/ khyad par du dad sbyin rgan po khams thar tshe ring gis gter chen rang bcas khyim du gdan drangs pa la/ lam khar bai ro'i rdzu 'phrul gyis bzhengs pa'i mchod rten thams cad la tshogs 'brel dang brtan bzhugs mdzad/ dad sbyin gyi khyim du de nub tshogs 'khor rgya cher bgyis pa'i tho rang 'od gsal ngang du snang khams thams cad 'od zer drwa ba 'khrigs pa'i klong du mkha' 'gro ma seng ge'i gdong can gtso 'khor grangs las 'das pa me dpung 'bar ba'i klong na zhal mngon sum du mjal zhing sku tshab gter sgom bcas mngon sum du rang la dngos grub tu bab ste (babs te) rten 'brel gegs med du gyur/ gter sgrom mar me'i 'od snang la bltas pas mkha' 'gro rgya mtsho'i rnam thar bzhugs cing gsang rgya bsdams/ phyi nyin ma rgyud kyi gnas la tshogs dang mchod pa rgya cher phul/ sku tshab kyi dbang gnang zhing dad sbyin tshogs rdzogs pa dang yul sde thams cad kyi dge sgrub sdig spang rgya chen po grub song / phyis su grub chen ye shes rdo rje dang shar rdza'i rtogs ldan rin po che gnyis kyis sngar nas rang la bka' gter dag snang sogs snying thig gi skor ma lus pa phab dgos kyi gsung nan dang / nye bar gter chen nyid la sku gegs che bar yod pa la/ khro sprul rin po che gdan drangs song bzhin dam pa nyid pheb thubs cing sku rim rgya che rgyun ring bsgrabs pas sku gegs sel/ de yiM skabs su rang la snying thig gi skor mkha' 'gro rgya mtsho'i rnam thar phab dgos zhes khro spral g.yung drung mthong grol dang*/ dbal spral g.yung drung gnyis kyis yang yang bzhed ngor zab gsang gter rgya lo ngo dgu yi bka' rgya grol te me yos zla ba bzhi pa'i tshes bcu'i nyin par dbu btsug nas zla ba lnga pa'i tshes bcu'i nyin shog ser bshus grub dag par phab cing spel bas bstan pa'i zab gter rin po che phyogs brgyar khyab cing 'gro ba yongs kyi don chen lhun gyis grub par shog cig gu//