Catalog entry rKTs-B9098
རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན་ལས་མ་འོངས་གཏེར་གྱི་ཤིས་བརྗོད་སྨོན་ལམ་ལེའུ
rnam thar g.yung drung gsang ba'i mdzod chen las ma 'ongs gter gyi shis brjod smon lam le'u




Bkt298.15

རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན་ལས་མ་འོངས་གཏེར་གྱི་ཤིས་བརྗོད་སྨོན་ལམ་ལེའུ
rnam thar g.yung drung gsang ba'i mdzod chen las ma 'ongs gter gyi shis brjod smon lam le'u


Location
set MW30498: volume rgyal kun spyi gzugs dran pa nam mkha' rje'i rnam thar 8 - folios 1a1-14a2

Colophon
བདག་ཉིད་སྤུ་རྒྱལ་གནས་ཀྱི་ལུང་བསྟན་བྱུང་དུས་ཚེ་ལུང་དཔལ་འབར་གདོང་དུ་ཕྱིན་ཞིང་བསང་དང་ཚོགས་མཆོད་རྒྱ་ཆེར་འབུལ(ཕུལ།)སྡེ་བརྒྱད་གསེར་སྐྱེམས་ལྷ་སྲིན་དམ་བསྒྲགས་ནན་ཏན་བྱས། ལས་ལྡན་གྱི་གྲོགས་དབང་གི་སྒྲོལ་མ་དང། སྐྱེས་བུ་དམ་པ་དག་པའི་འཁོར་ཚོགས་དང་བཅས་ཏེ་གནས་ཚེ་བུམ་འདྲ་བ་ལ་ཕྱིན་པས། འཆི་མེད་རྒྱལ་བ་ཡབ་སྲས་ཀྱི་ཞལ་དངོས་སུ་མཐོང་། གཏེར་སྲུང་ཡབ་སྲས་སྡེ་ལྔ་དགྱེས་ཚུལ་གྱིས་སྡོང་གྲོགས་བྱས་ནས། མེ་ཏོག་གི་ཆར་སིལ་མ་བབ་ཅིང་རྟེན་འབྲེལ་ལེགས་ལམ་དུ་གྱུར་ཏེ་བར་ཆད་མེད་པར་ཁོ་བོ་གསང་སྔགས་གླིང་པ་ཡབ་ཡུམ་གྱིས་ཤིང་གླང་སྟོན་ཟླ་འབྲིང་པོའི་ཡར་ཚེས་ཟབ་གཏེར་རིན་ཆེན་བཏོན་སྐུ་གསུང་ཐུགས་ཀྱི་རྟེན་བཅས་སྤྱན་དྲངས་ནས་གསང་རྒྱ་བསྡོམ་ཞིང་སྦས། རབ་བྱུང་བཅུ་དྲུག་བདུན་ཐོག་མར་རབ་བྱུང་ཞེས་པ་མེ་ཡོས་ལོའི་ཧོར་ཟླ་དྲུག་པའི་ཚེས་བཅུ་ལ། ཕྱིས་སུ་ཟབ་གཏེར་རིན་པོ་ཆེ་བཀའ་རྒྱ་བཀྲོལ་བའི་དུས་ལ་བབ་པའི་ཚེ། ཁམས་དབུས་ཀྱི་གྲུབ་བརྙེས་དམ་པ་མཆོག་གྱུར་རྣམ་དག་དང*། བཀའ་བབས་ལས་ཅན་གྱི་སྐྱེས་བུ་དམ་པ་དུ་མ་དང་དད་སློབ་མང་པོས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། སྦས་གནས་ཤང་ལང་བྲག་དཀར་གྱི་ཉེ་འདབ་རང་བསྟན་དབལ་ཁྱུང་བླ་བྲང་གི་གདན་ས་རུ་མཁའ་འགྲོའི་བརྡ་ཡིག་ལྡེབ་ལྔ་བཞུགས་པ་བོད་ཡིག་ཏུ་ཕབ་པས་དབུ་བཟུང་སྟེ། སླར་ཡང་མདོ་ཁམས་ཀྱི་གནས་ཆེན་གཡུང་དྲུང་གསང་བ་དབལ་རོང་དྲག་པོ་གནམ་ལྕགས་ཡང་རྫོང་གི་ཐོག་ཀའི་སའི་ཆ། དབྲ་ཁྱུང་ས་ལེའི་ཡུལ་ལྗོངས་འཆི་མེད་བྱང་ཆུབ་གླིང་གི་སྒྲུབ་སྡེ་ཆེན་པོའི་དབེན་ཁྲོད། རྒྱ་རིགས་ཁོད་སྤུངས་དབོན་སྤྲུལ་བསྟན་འཛིན་གྱིས་བསྟི་གནས་ཟླ་འོད་བདུད་རྩིའི་ཟིལ་པ་སྙིང་ལ་ཅིལ་ཡང་འབབས་པའི་སྤྲོ་ཁང་དུ་རྟེན་འབྲེལ་གྱི་ངོ་མཚར་དུ་མ་དང་བཅས་ཏེ་ལྕགས་རྟ་ལོ་ཡི་ནག་པ་ཟླ་བའི་ཚེས་བཅུའི་མཆོད་པ་དང་འབྲེལ་བར། ཡོངས་སུ་རྫོགས་པར་བོད་ཡིག་ཏུ་གཏན་ལ་ཕབ་པའི་དགེ་བས་རྒྱལ་བསྟན་སྤྱི་དང་ཁྱད་པར་གཤེན་བསྟན་གསང་སེམས་སྙིང་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་སྒོ་ཀུན་ནས་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག་ཐ་ཚན་མུ་ཙུག་སྨར་རོ།།
bdag nyid spu rgyal gnas kyi lung bstan byung dus tshe lung dpal 'bar gdong du phyin zhing bsang dang tshogs mchod rgya cher 'bul(phul/)sde brgyad gser skyems lha srin dam bsgrags nan tan byas/ las ldan gyi grogs dbang gi sgrol ma dang/ skyes bu dam pa dag pa'i 'khor tshogs dang bcas te gnas tshe bum 'dra ba la phyin pas/ 'chi med rgyal ba yab sras kyi zhal dngos su mthong / gter srung yab sras sde lnga dgyes tshul gyis sdong grogs byas nas/ me tog gi char sil ma bab cing rten 'brel legs lam du gyur te bar chad med par kho bo gsang sngags gling pa yab yum gyis shing glang ston zla 'bring po'i yar tshes zab gter rin chen bton sku gsung thugs kyi rten bcas spyan drangs nas gsang rgya bsdom zhing sbas/ rab byung bcu drug bdun thog mar rab byung zhes pa me yos lo'i hor zla drug pa'i tshes bcu la/ phyis su zab gter rin po che bka' rgya bkrol ba'i dus la bab pa'i tshe/ khams dbus kyi grub brnyes dam pa mchog gyur rnam dag dang*/ bka' babs las can gyi skyes bu dam pa du ma dang dad slob mang pos yang yang bskul ba la brten nas/ sbas gnas shang lang brag dkar gyi nye 'dab rang bstan dbal khyung bla brang gi gdan sa ru mkha' 'gro'i brda yig ldeb lnga bzhugs pa bod yig tu phab pas dbu bzung ste/ slar yang mdo khams kyi gnas chen g.yung drung gsang ba dbal rong drag po gnam lcags yang rdzong gi thog ka'i sa'i cha/ dbra khyung sa le'i yul ljongs 'chi med byang chub gling gi sgrub sde chen po'i dben khrod/ rgya rigs khod spungs dbon sprul bstan 'dzin gyis bsti gnas zla 'od bdud rtsi'i zil pa snying la cil yang 'babs pa'i spro khang du rten 'brel gyi ngo mtshar du ma dang bcas te lcags rta lo yi nag pa zla ba'i tshes bcu'i mchod pa dang 'brel bar/ yongs su rdzogs par bod yig tu gtan la phab pa'i dge bas rgyal bstan spyi dang khyad par gshen bstan gsang sems snying po'i bstan pa rin po che phyogs thams cad du sgo kun nas dar zhing rgyas pa'i rgyur gyur cig tha tshan mu tsug smar ro//


Additional miscellaneous Collections

Mongolian Canon


source rKTs &