Catalog entry rKTs-B9000
བདུད་རྩི་ཡོན་ཏན་ཡོངས་རྫོགས་ཀྱི་སྒྲུབ་ཁོག་ཆེན་པོའི་ཆོག་ཁྲིགས་གསང་ཆེན་མྱུར་ལམ
bdud rtsi yon tan yongs rdzogs kyi sgrub khog chen po'i chog khrigs gsang chen myur lam




Bkt290.26

བདུད་རྩི་ཡོན་ཏན་ཡོངས་རྫོགས་ཀྱི་སྒྲུབ་ཁོག་ཆེན་པོའི་ཆོག་ཁྲིགས་གསང་ཆེན་མྱུར་ལམ
bdud rtsi yon tan yongs rdzogs kyi sgrub khog chen po'i chog khrigs gsang chen myur lam


Location
set MW30498: volume bder gshegs spyi spungs gsang ba thugs kyi brnag pa - folios 1a1-69a6

Colophon
ཅེས་དམ་རྫས་ཐམས་ཅད་ཀྱི་རྩ་བ་བདུད་རྩི་ཡོན་ཏན་ཡོངས་རྫོགས་ཕྱག་ལེན་གསང་ཆེན་མྱུར་ལམ་ཞེས་བྱ་བ་འདིའང་རང་གི་རིགས་སྲས་སློབ་དཔོན་གྱིམ་ཚ་རྨ་ཆུང་གི་སྤྲལ་པ་ཚེ་དབང་བསོད་ནམས་བསྟན་འཛིན་རྒྱལ་པོ་དང་། དགེ་རིགས་ཀྱི་བླ་མ་གྲུབ་པའི་ཁྱུ་མཆོག་ཚེ་དབང་བཀྲ་ཤིས་མཆོག་གཉིས་ནས་སྔ་མོའི་དུས་ནས་ཡང་ཡང་བསྐུལ་ཀྱང་མ་གྲུབ་སྟེ། དམ་པ་དེ་གཉིས་དག་པ་བདེ་བའི་ཞིང་གཞན་དུ་གཤེགས་རྒྱབ། བཤད་སྒྲབ་བོན་གྱི་མདུན་ས་ཆེན་པོ་མཚོ་སྟེང་བདེ་ལྡན་གསང་སྔགས་གླིང་དུ་ས་དབང་ཆོས་རྒྱལ་ཚེ་དབང་བསོད་ནམས་དཔལ་གྱི་རྡོ་རྗེའི་ཡབ་ཡུམ་སྲས་དང་བསྟན་སྲིད་བསྐལ་ཁུག་ཐམས་ཅད་ཀྱི་སྐུ་རིམ་ལོ་བཏར་ཆགས་སུ་འཛུག་རྒྱུ་བཞག་པའི་བཀའ་བརྒྱད་ཚོམ་བུ་ཚོགས་སྒྲུབ་ཆེན་པོའི་འདུས་སྡེ་སོགས་དུ་མ་ལ་ཕན་པའི་བློས། ཞི་བར་གཤེགས་པ་རྣམ་གཉིས་དགོངས་པའི་རྒྱབ་སྐྱོར་དགྱེས་ཞལ་རྟག་པའི་ངོ་བོ་མི་རིང་མྱུར་དུ་སྟོན་པའི་ཆེད་དུ་དགེ་ཚོགས་ཀྱི་མཆོད་སྤྲིན་དུ་བསྔོ་བ་དང་། རྗེས་སུ་ཤག་རིགས་ཀྱི་བླ་མ་རི་ཁྲོད་ཀྱི་འགྲོ་འདུལ་གྲགས་པ། རིགས་སྲས་ཚེ་དབང་འགྱུར་མེད་སོགས་ནས་བསྐུལ་ངོར། རྨིའུ་ཏང་གི་གདུང་རྒྱུད་ལས་གྲོལ་བ་རིག་འཛིན་ཀུན་གྲོལ་གསང་བ་རྩལ་དུ་འབོད་པས་ས་ཕོ་བྱི་བའི་ལོར་གྲོ་བཞིན་ཟླ་བའི་ཚེས་བཟང་པོར་འཆི་མེད་གཡུང་དྲུང་བཀོད་པའི་ཁང་བཟང་དུ། རང་གཏེར་དྲི་མ་བྲལ་བ་བདུད་རྩི་ཡོན་ཏན་ཡོངས་རྫོགས། བདུད་རྩི་སྦྲམ་གྱི་མ་ཡིག་བུ་ཡིག་སོགས་ཕྱོགས་གཅིག་ཏུ་ཁྲིགས་སུ་སྡེབ་སྟེ་(བསྡེབས་ཏེ།)གྱེར་སྤུངས་ཆེན་པོའི་དབང་དགུ་བར་པའི་སྐབས་སུ་མཁའ་སྤྱོད་ཀྱི་ཞིང་ནས་གསང་སྔགས་ལམ་གྱི་རིམ་པ་རྣམས་དངོས་སུ་ཐོབ་པས་གཞིར་བྱས། སྔོན་སྤྲུལ་པའི་གཏེར་ཆེན་ཁུ་ཚ་ཟླ་འོད་ཀྱི་གཡུང་དྲུང་གསང་རྒྱུད་དྲུག་གཏེར་ནས་བྱུང་བའི་རྩ་བ་འགྲེལ་བཅས་ཀྱི་ལེགས་ཆ་བླངས་ཏེ་བསྒྲིགས་པའི་དགེ་ཚོགས་ཀྱི་གསང་ཆེན་བསྟན་འཛིན་སྤྱི་དང་བྱེ་བྲག་གི་སྐུ་ཚེ་དང་འཕྲིན་ལས་རྒྱས་ཤིང*། ཐར་གྲོལ་སྨིན་པའི་གསང་ཆེན་བསྟན་པ་རིན་པོ་ཆེའི་གདུལ་བྱ་རྒྱ་མཚོའི་གོས་ཅན་ཡང་(ཡོངས)་ལ་བརྩོད་(རྩོད)་བྲལ་ཁྱབ་གདལ་དུ་རྒྱས་པའི་རྒྱུ་རུ་གྱུར་ཅིག།
ces dam rdzas thams cad kyi rtsa ba bdud rtsi yon tan yongs rdzogs phyag len gsang chen myur lam zhes bya ba 'di'ang rang gi rigs sras slob dpon gyim tsha rma chung gi spral pa tshe dbang bsod nams bstan 'dzin rgyal po dang / dge rigs kyi bla ma grub pa'i khyu mchog tshe dbang bkra shis mchog gnyis nas snga mo'i dus nas yang yang bskul kyang ma grub ste/ dam pa de gnyis dag pa bde ba'i zhing gzhan du gshegs rgyab/ bshad sgrab bon gyi mdun sa chen po mtsho steng bde ldan gsang sngags gling du sa dbang chos rgyal tshe dbang bsod nams dpal gyi rdo rje'i yab yum sras dang bstan srid bskal khug thams cad kyi sku rim lo btar chags su 'dzug rgyu bzhag pa'i bka' brgyad tshom bu tshogs sgrub chen po'i 'dus sde sogs du ma la phan pa'i blos/ zhi bar gshegs pa rnam gnyis dgongs pa'i rgyab skyor dgyes zhal rtag pa'i ngo bo mi ring myur du ston pa'i ched du dge tshogs kyi mchod sprin du bsngo ba dang / rjes su shag rigs kyi bla ma ri khrod kyi 'gro 'dul grags pa/ rigs sras tshe dbang 'gyur med sogs nas bskul ngor/ rmi'u tang gi gdung rgyud las grol ba rig 'dzin kun grol gsang ba rtsal du 'bod pas sa pho byi ba'i lor gro bzhin zla ba'i tshes bzang por 'chi med g.yung drung bkod pa'i khang bzang du/ rang gter dri ma bral ba bdud rtsi yon tan yongs rdzogs/ bdud rtsi sbram gyi ma yig bu yig sogs phyogs gcig tu khrigs su sdeb ste (bsdebs te/)gyer spungs chen po'i dbang dgu bar pa'i skabs su mkha' spyod kyi zhing nas gsang sngags lam gyi rim pa rnams dngos su thob pas gzhir byas/ sngon sprul pa'i gter chen khu tsha zla 'od kyi g.yung drung gsang rgyud drug gter nas byung ba'i rtsa ba 'grel bcas kyi legs cha blangs te bsgrigs pa'i dge tshogs kyi gsang chen bstan 'dzin spyi dang bye brag gi sku tshe dang 'phrin las rgyas shing*/ thar grol smin pa'i gsang chen bstan pa rin po che'i gdul bya rgya mtsho'i gos can yang (yongs) la brtsod (rtsod) bral khyab gdal du rgyas pa'i rgyu ru gyur cig/


Additional miscellaneous Collections

Mongolian Canon


source rKTs &