Catalog entry rKTs-B8945
བྱམས་མ་ཡང་གསང་རྒྱུན་མཆོད་མན་ངག་འཇིགས་པ་ཀུན་སེལ་གྱི་ཚོགས་བསགས་མཎྜལ་ཆོ་གའི་ཆ་ལག་གཏེར་གྱི་བང་མཛོད
byams ma yang gsang rgyun mchod man ngag 'jigs pa kun sel gyi tshogs bsags maN+Dal cho ga'i cha lag gter gyi bang mdzod




Bkt289.1

བྱམས་མ་ཡང་གསང་རྒྱུན་མཆོད་མན་ངག་འཇིགས་པ་ཀུན་སེལ་གྱི་ཚོགས་བསགས་མཎྜལ་ཆོ་གའི་ཆ་ལག་གཏེར་གྱི་བོང་མཛོད
byams ma yang gsang rgyun mchod man ngag 'jigs pa kun sel gyi tshogs bsags maN+Dal cho ga'i cha lag gter gyi bong mdzod


Location
set MW30498: volume byams ma yang gsang rgyun mchod man ngag 'jigs pa - folios 1a1-10b6

Colophon
དེ་ལྟར་གྱི་བརྩོན་པ་བདག་འདྲར་སྔོན་སྦྱང་གི་དམིགས་བུས་མ་ཟིན་ཤིང་། ཐོས་བསམ་གྱི་སྒྱིད་པ་མ་རང་སྟེ་ཤེས་བྱའི་འཁར་བ་བྲལ་བའི་དཔྱོད་ལྡན་པའི་རྗེས་སུ་སྙེགས་པ། བྱེ་མ་སླེབས་(ཕྱེ་མ་ལེབ)་ཀྱིས་མཁའ་ལྡིང་གི་རྗེས་སུ་བདས་པ་ལྟ་བུ་ལས་མ་མཆིས་ཤིང་བཞད་གད་(བགད)་ཀྱི་རྟེན་ལས་ཅི་ཞིག་སྟེ། ཁྱབ་བདག་འཁོར་ལོའི་མགོན་པོ་བསྟན་འཛིན་ཚུལ་ཁྲིམས་གྲགས་པས་བཀའ་ཡི་ཞལ་ཆེམ་ཕེབས་པ་སྤྱི་བོར་མཆོད་ཅིང་། འགྲན་བྲལ་གྲུབ་པའི་དབང་ཕྱུག་བླ་ཁྲི་རྒྱལ་བ་གཡུང་དྲུང་གིས་ཞལ་གྱི་བདུད་རྩི་ཚར་དུ་དངར་བའི་གནང་སྐྱེས་དང་། ལྷག་པར་སྟག་སྤྲུལ་སྤུངས་ཝེར་ཤེལ་བཞིན་གྱིས་གཞན་སྡེ་ཆོས་ལུགས་སོགས་ལ་མཎྜལ་བཞི་ཆོག་མཆིས་མོད་རང་སྒོ་ལའང་འདི་ལྟ་བུ་དགོས་པའི་ནན་ཏན་དུ་གསུང་གི་དབྱུག་གིས་བརྡུང་བ་ལ། ཡིད་ཀྱི་རྔ་ཆུང་གིས་རང་སྒྲ་མི་གྲགས་ཀ་མེད་དུ་བྱུང་བ་དང་། མ་ཚད་མགྲོན་གཉེར་ལྷ་རྒྱལ་བཀྲ་ཤིས། ཉེ་གནས་གཡུང་དྲུང་རྒྱལ་མཚན་སོགས་ཀྱིས་སྦུབ་སིལ་དུས་མཉམ་པས་བསྐུལ་བར་བརྟེན་པ་འདིས་འགལ་བ་བཤགས་ཤིང་དགེ་ཚོགས་བསྔོ་བའི་གཏན་ཚིགས་དང་བཅས་ཏེ་རབ་མྱོས་ཞེས་པ་ལྕགས་རྟ་འབྲས་ལྡན་ཟླ་ཚེས་བཟང་པོར། རིགས་བཞིའི་ནང་ཚན་རིན་ཆེན་རིགས་ཀྱི་གནས། བམ་བྲག་བརྩེགས་པ་རིན་ཆེན་འབར་བའི་མཐིལ། མཚོ་སྟེང་བདེ་ལྡན་གཡུང་དྲུང་གསང་སྔགས་ཁྲོད་དུ་ཤེས་རབ་འཇིགས་མེད་གཡུང་དྲུང་དོན་ལྡན་གྱིས་བསྒྲིགས་ཏེ་ཡི་གེ་པ་ནི་དྲིན་ཆེན་དམ་པའི་ཞལ་(ཞབས)་རྡུལ་སྤྱིར་བོར་ཕོག་པའི་དྲུང་ཡིག་ཕྲིན་ལས་ལྷུན་གྲུབ་དཔལ་བཟང་བདག་གིས་གཏེར་ཆེན་དམ་པའི་ཞལ་སྔ་ནས་ཕེབས་འཕྲལ་རབ་དགའ་གཡུང་དྲུང་སེམས་དཔའི་མཐོང་ལམ་གྱི་དགའ་བ་ཐོབ་པ་ལྟ་བུའི་ལྷག་བསམ་རྣམ་པར་དག་པས་བསྐྲུན་པའོ།།
de ltar gyi brtson pa bdag 'drar sngon sbyang gi dmigs bus ma zin shing / thos bsam gyi sgyid pa ma rang ste shes bya'i 'khar ba bral ba'i dpyod ldan pa'i rjes su snyegs pa/ bye ma slebs (phye ma leb) kyis mkha' lding gi rjes su bdas pa lta bu las ma mchis shing bzhad gad (bgad) kyi rten las ci zhig ste/ khyab bdag 'khor lo'i mgon po bstan 'dzin tshul khrims grags pas bka' yi zhal chem phebs pa spyi bor mchod cing / 'gran bral grub pa'i dbang phyug bla khri rgyal ba g.yung drung gis zhal gyi bdud rtsi tshar du dngar ba'i gnang skyes dang / lhag par stag sprul spungs wer shel bzhin gyis gzhan sde chos lugs sogs la maN+Dal bzhi chog mchis mod rang sgo la'ang 'di lta bu dgos pa'i nan tan du gsung gi dbyug gis brdung ba la/ yid kyi rnga chung gis rang sgra mi grags ka med du byung ba dang / ma tshad mgron gnyer lha rgyal bkra shis/ nye gnas g.yung drung rgyal mtshan sogs kyis sbub sil dus mnyam pas bskul bar brten pa 'dis 'gal ba bshags shing dge tshogs bsngo ba'i gtan tshigs dang bcas te rab myos zhes pa lcags rta 'bras ldan zla tshes bzang por/ rigs bzhi'i nang tshan rin chen rigs kyi gnas/ bam brag brtsegs pa rin chen 'bar ba'i mthil/ mtsho steng bde ldan g.yung drung gsang sngags khrod du shes rab 'jigs med g.yung drung don ldan gyis bsgrigs te yi ge pa ni drin chen dam pa'i zhal (zhabs) rdul spyir bor phog pa'i drung yig phrin las lhun grub dpal bzang bdag gis gter chen dam pa'i zhal snga nas phebs 'phral rab dga' g.yung drung sems dpa'i mthong lam gyi dga' ba thob pa lta bu'i lhag bsam rnam par dag pas bskrun pa'o//


Additional miscellaneous Collections

Mongolian Canon


source rKTs &