Catalog entry rKTs-B8943
དུས་སུམ་མི་ནུབ་བསྟན་པའི་རྒྱལ་མཚན་ཀུན་བཟང་ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་བཅའ་གཞིའི་རིམ་པ
dus sum mi nub bstan pa'i rgyal mtshan kun bzang nam mkha'i rgyal po'i dkyil 'khor bca' gzhi'i rim pa




Bkt287.19

དུས་སུམ་མི་ནུབ་བསྟན་པའི་རྒྱལ་མཚན་ཀུན་བཟང་ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་བཅའ་གཞིའི་རིམ་པ
dus sum mi nub bstan pa'i rgyal mtshan kun bzang nam mkha'i rgyal po'i dkyil 'khor bca' gzhi'i rim pa


Location
set MW30498: volume kun bzang nam mkha'i rgyal po'i rgyud gzhung cha lag bcas - folios 26b5-30b7

Colophon
དེ་ལྟར་ལྷ་མི་དང་བ་སྤོ་བའི་རོལ་མོའི་བྱེ་བྲག་མདོ་ཙམ་ཡོངས། ཁོ་བོ་ཅག་རྔམ་ཆེན་ཞེས་པ་ཆུ་ཁྱི་ལོའི་མགོར་དུས་བཟང་ཉིན་དུ་ནམ་མཁའི་དཀྱིལ་འཁོར་ཞལ་ཕྱེས་ནས་ཡོད་སྐབས། དཀྱིལ་འཁོར་ཆེན་པོ་འདི་ལ་རོལ་མོའི་བྱེ་བྲག་གྲུབ་ཆེན་གོང་མ་རྣམས་ཀྱི་མཛད་པ་ཁ་ཡལ་སྣང་ཡང་ཅི་ཞིག་འཐད་དམ་སྙམ་པའི་དེ་མ་ཐག་གི་སྐད་ཅིག་མ་ན། སྣང་བའི་ཁྱོན་ཐམས་ཅད། ཚུར་རོལ་པའི་རྣམ་པ་རྡུལ་ཙམ་ཡང་མེད་ཅིང་། སྟོང་པ་ཡེ་ཤེས་ཀྱི་ཆོ་འཕྲུལ་ཨེ་ཡིན་འདྲ་བའི་འཇའ་འོད་སྣ་ལྔའི་བྱེད་ལམ་ཤིག་ཤིག་དུ་ཐལ་བའི་འོད་དེ་རྣམས་ཀྱི་སྟོབས་ལས་བྱུང་བ་ལྟ་བུའི་བར་སྣང་ལ། ཀུན་བཟང་ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་བཀྲ་ལམ་མེར་ཡོད་པའི་མདུན་དུ་སྟེག་བུ་བང་རིམ་གསུམ་པ་ཞིག་གི་རིམ་པ་ན། སྒྱ་མ་ལྟ་བུའི་མཆོད་པའི་གར་མཁན་གྱི་ལྷ་མོ་དུ་མ་ཞིག་གི་ལག་ན་རོལ་མོའི་བྱེ་བྲག་ཆ་ཤས་སྣང་ཞིང་། གཡས་ཕྱོགས་སུ་ཀུ་སུ་ལུ་པའི་ཆ་བྱད་ཅན་གྱི་རིག་པ་འཛིན་པ་འགའི་(འགས)་ཆོ་གའི་གཞུང་བསྲང་ཞིང་། བར་བར་རོལ་མོའི་རིགས་བྱེད་འདི་ལྟར་བསྒྲགས་ཚེ་དཀྱིལ་འཁོར་མདུན་གྱི་མཆོད་ལྷ་རྣམས་ཀྱིས་ཀྱང་། གར་རོལ་མོ་དེ་ལྟར་དུ་ངོ་མཚར་ཆེ་བ་ཞིག་བྱེད། དེ་ཡི་རོལ་མོའི་བསྐོར་ཕྱར་ལྡེག་བཀྲུག་གི་སྟོང་ར་བཞི་དང་། དལ་དབྱངས་དྲག་བཤུར་བཞིས་བྱེ་བྲག་བཅས། ངོ་བོ་ངེས་ཚིག་ཐམས་ཅད་བརྡ་སྦྱར་བར་མཛད་པའི་ཕྱི་རྒྱུད་རིགས་སྤྱི་དང་། བྱེ་བྲག་ལུང་གི་གྲུབ་པས་འཕྲལ་མར་བཀོད་དེ་ཡི་གེ་པ་ནི་ཀུ་སུ་ལུའི་ཆ་བྱད་ཅན་ནོ།།
de ltar lha mi dang ba spo ba'i rol mo'i bye brag mdo tsam yongs/ kho bo cag rngam chen zhes pa chu khyi lo'i mgor dus bzang nyin du nam mkha'i dkyil 'khor zhal phyes nas yod skabs/ dkyil 'khor chen po 'di la rol mo'i bye brag grub chen gong ma rnams kyi mdzad pa kha yal snang yang ci zhig 'thad dam snyam pa'i de ma thag gi skad cig ma na/ snang ba'i khyon thams cad/ tshur rol pa'i rnam pa rdul tsam yang med cing / stong pa ye shes kyi cho 'phrul e yin 'dra ba'i 'ja' 'od sna lnga'i byed lam shig shig du thal ba'i 'od de rnams kyi stobs las byung ba lta bu'i bar snang la/ kun bzang nam mkha'i rgyal po'i dkyil 'khor bkra lam mer yod pa'i mdun du steg bu bang rim gsum pa zhig gi rim pa na/ sgya ma lta bu'i mchod pa'i gar mkhan gyi lha mo du ma zhig gi lag na rol mo'i bye brag cha shas snang zhing / g.yas phyogs su ku su lu pa'i cha byad can gyi rig pa 'dzin pa 'ga'i ('gas) cho ga'i gzhung bsrang zhing / bar bar rol mo'i rigs byed 'di ltar bsgrags tshe dkyil 'khor mdun gyi mchod lha rnams kyis kyang / gar rol mo de ltar du ngo mtshar che ba zhig byed/ de yi rol mo'i bskor phyar ldeg bkrug gi stong ra bzhi dang / dal dbyangs drag bshur bzhis bye brag bcas/ ngo bo nges tshig thams cad brda sbyar bar mdzad pa'i phyi rgyud rigs spyi dang / bye brag lung gi grub pas 'phral mar bkod de yi ge pa ni ku su lu'i cha byad can no//


Additional miscellaneous Collections

Mongolian Canon


source rKTs &