འཕགས་པ་བྱམས་པའི་མདོ་ཞེས་བྱ་བ 'phags pa byams pa'i mdo zhes bya ba A-H-Qབྱམས་པའི་མདོ byams pa'i mdo A-C-Cz-D-Dd-Dk-Dr-Gt-H-J-L-N-Np-Pj-Pz-Q-R-S-Ty-U-V-Z
A383
འཕགས་པ་བྱམས་པའི་མདོ་ཞེས་བྱ་བ 'phags pa byams pa'i mdo zhes bya ba ཨཱརྱ་མཻ་ཏྲཱི་སཱུ་ཏྲཾ་ནཱ་མ Ar+ya mai trI sU traM nA ma
Location
set MW1PD96682: volume mdo sde aH - folios 8481-86525
Colophon འཕགས་པ་བྱམས་པའི་མདོ་རྫོགས་སྷོ།། །།ཐུབ་དབང་མཆོག་དང་རྒྱལ་བ་བྱམས་པ་ཡི། །བསྟན་པ་གསལ་བྱེད་མདོ་སྡེའི་དབང་པོ་འདི། །ཡོན་ཏན་དང་ལྡན་སིང་ག་གླིང་ཡུལ་གྱི། །སྟོང་ཕྲག་མང་པོའི་དགེ་འདུ་ཀུན་གྱི་གཙོ། །མར་མེ་མཛད་སློབ་རྡོ་རྗེ་གདན་བཞུགས་པ། །པཎ་ཆེན་ཨཱ་ནན་ད་ཤྲཱི་ཡོན་ཏན་ཅན། །དགེ་སློང་ཆོས་ཀྱི་སྤྱན་ཅན་སྐད་གཉིས་མཁས། །བསྟན་ལ་ཕན་འདོད་བཟང་པོ་དེ་ཉིད་དང་། །དེའི་ལེགས་གཏུགས་དགེ་སློང་ལུང་རིགས་འཛིན། །སྐད་གཉིས་སྨྲ་བ་མཆོག་གི་རྗེས་འཇུག་པ། །ཀུན་དགའ་རྒྱལ་མཚན་ཐུབ་བསྟན་དཔལ་བཟང་པོས། །སྟོན་པ་འདས་ནས་ལོ་སྟོང་བརྒྱད་བརྒྱ་དང་། །ལྔ་བཅུ་ལྷག་པའི་ཟླ་བ་བཅུ་འདས་དུས། །ཆོས་ཀྱི་རྒྱལ་པོ་ཧ་ཤང་མངའ་གསོལ་ཚེ། །མེ་ལུག་དགུན་ཟླ་ར་བའི་ཡར་ངོ་ལ། །དཔལ་ལྡན་བླ་མ་ཀུན་དགའ་སེང་གེ་ཡི། །སྐུན་དྲིན་ལ་བརྟེན་དཔལ་ལྡན་ས་སྐྱར་ནི། །སྒྲ་དོན་ཇི་བཞིན་ལེགས་པར་བསྒྱུར་བ་ཡིན། །འཕགས་ནོར་རྒྱན་ལྡན་སྐྱེས་བུ་དམ་པ་རྣམས། །དམ་ཆོས་རིན་ཆེན་འདི་ལ་གཙུག་རྒྱན་མཛོད། །ཉོན་མོངས་ནད་ཅན་ཕྲག་དོག་རབ་རིབ་ཅན། །ཆོས་སྨན་འདི་སྟེན་ནད་མེད་མིག་གསལ་འགྱུར། །དགེ་བ་འདི་གཞན་མ་ལུས་ལེགས་བསྡོམས་ཏེ། །བླ་མ་ཐུབ་དབང་བྱམས་པ་མགོན་ལ་སོགས། །སངས་རྒྱས་ཀུན་མཉེས་རྣམ་དག་རྒྱ་ཆེན་ཞིང་།རྣམ་དག་རབ་བསྒྲུབས་བསྟན་པ་མཆོག་བསྒྲུབས་ནས། །ཕྱོགས་བཅུའི་ཞིང་རྡུལ་སྙེད་ཀྱི་སྤྲུལ་པ་ཡིས། །སེམས་ཅན་ཐམས་ཅད་བསྟན་ལ་དད་བྱས་ཤིང་། །སངས་རྒྱས་བསྟན་པ་རབ་ཏུ་རྒྱས་བྱས་ཏེ། །སངས་རྒྱས་སྐུ་གསུམ་ཡེ་ཤེས་མྱུར་ཐོབ་ཤོག །ཤེས་བྱ་མཐའ་ཡས་རབ་ཏུ་ཟབ་ཕྱིར་དང་། །ཤེས་བྱེད་ཚད་ཅན་རབ་ཏུ་རྟོགས་སླའི་ཕྱིར། །འཁྲུལ་པར་གྱུར་ན་རབ་ཏུ་སེམས་དགེ་བའི་ཕྱིར། །སྐྱེ་བོ་མཁས་རྣམས་རབ་ཏུ་བཟོད་མཛད་རིགས། །རྒྱ་དཔེ་དང་ལེགས་པར་བཏུགས་སོ། །ཕྱོགས་དུས་ཐམས་ཅད་དུ་བཀྲ་ཤིས་དང་བདེ་ལེགས་ཀྱིས་ཁྱབ་པར་གྱུར་ཅིག 'phags pa byams pa'i mdo rdzogs s+ho// //thub dbang mchog dang rgyal ba byams pa yi/ /bstan pa gsal byed mdo sde'i dbang po 'di/ /yon tan dang ldan sing ga gling yul gyi/ /stong phrag mang po'i dge 'du kun gyi gtso/ /mar me mdzad slob rdo rje gdan bzhugs pa/ /paN chen A nan da shrI yon tan can/ /dge slong chos kyi spyan can skad gnyis mkhas/ /bstan la phan 'dod bzang po de nyid dang / /de'i legs gtugs dge slong lung rigs 'dzin/ /skad gnyis smra ba mchog gi rjes 'jug pa/ /kun dga' rgyal mtshan thub bstan dpal bzang pos/ /ston pa 'das nas lo stong brgyad brgya dang / /lnga bcu lhag pa'i zla ba bcu 'das dus/ /chos kyi rgyal po ha shang mnga' gsol tshe/ /me lug dgun zla ra ba'i yar ngo la/ /dpal ldan bla ma kun dga' seng ge yi/ /skun drin la brten dpal ldan sa skyar ni/ /sgra don ji bzhin legs par bsgyur ba yin/ /'phags nor rgyan ldan skyes bu dam pa rnams/ /dam chos rin chen 'di la gtsug rgyan mdzod/ /nyon mongs nad can phrag dog rab rib can/ /chos sman 'di sten nad med mig gsal 'gyur/ /dge ba 'di gzhan ma lus legs bsdoms te/ /bla ma thub dbang byams pa mgon la sogs/ /sangs rgyas kun mnyes rnam dag rgya chen zhing /rnam dag rab bsgrubs bstan pa mchog bsgrubs nas/ /phyogs bcu'i zhing rdul snyed kyi sprul pa yis/ /sems can thams cad bstan la dad byas shing / /sangs rgyas bstan pa rab tu rgyas byas te/ /sangs rgyas sku gsum ye shes myur thob shog_/shes bya mtha' yas rab tu zab phyir dang / /shes byed tshad can rab tu rtogs sla'i phyir/ /'khrul par gyur na rab tu sems dge ba'i phyir/ /skye bo mkhas rnams rab tu bzod mdzad rigs/ /rgya dpe dang legs par btugs so/ /phyogs dus thams cad du bkra shis dang bde legs kyis khyab par gyur cig