Catalog entry rKTs-B8665
དབལ་ཆེན་འབྲུག་གསས་ཆེམ་པ་ཚོམ་བུ་ཚོགས་ཀྱི་སྒྲབ་པ་ཆེན་པོའི་བསྙེན་སྒྲབ་ལས་སྦྱོར་གྱི་སྒྲབ་ཁོག་མངོན་དུ་ཕྱུང་བ་ཡང་གསང་བླ་མེད་མེ་རི་འཁྱིལ་པ་རིན་ཆེན་གཏེར་མཛོད་ཀྱི་སྙིང་པོ་བཏོན་པ་གྲུབ་པ་ཡོངས་ཀྱི་མགུལ་རྒྱན
dbal chen 'brug gsas chem pa tshom bu tshogs kyi sgrab pa chen po'i bsnyen sgrab las sbyor gyi sgrab khog mngon du phyung ba yang gsang bla med me ri 'khyil pa rin chen gter mdzod kyi snying po bton pa grub pa yongs kyi mgul rgyan




Bkt280.10

དབལ་ཆེན་འབྲུག་གསས་ཆེམ་པ་ཚོམ་བུ་ཚོགས་ཀྱི་སྒྲབ་པ་ཆེན་པོའི་བསྙེན་སྒྲབ་ལས་སྦྱོར་གྱི་སྒྲབ་ཁོག་མངོན་དུ་ཕྱུང་བ་ཡང་གསང་བླ་མེད་མེ་རི་འཁྱིལ་པ་རིན་ཆེན་གཏེར་མཛོད་ཀྱི་སྙིང་པོ་བཏོན་པ་གྲུབ་པ་ཡོངས་ཀྱི་མགུལ་རྒྱན
dbal chen 'brug gsas chem pa tshom bu tshogs kyi sgrab pa chen po'i bsnyen sgrab las sbyor gyi sgrab khog mngon du phyung ba yang gsang bla med me ri 'khyil pa rin chen gter mdzod kyi snying po bton pa grub pa yongs kyi mgul rgyan


Location
set MW30498: volume bder gshegs spyi spungs gsang ba thugs kyi brnag pa - folios 1a1-78b3

Colophon
ཅེས་པ་འདི་ཡང་དབལ་ཆེན་གསང་བ་འདུས་པ་སྙིགས་དུས་བསྟན་པའི་སྒྲོན་མེར་བསམ་བཞིན་སྲིད་པ་ཉེ་བར་བཟུང་བ། 7་རྗེ་ཉེར་གསུམ་པ་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོ་དང*། མཆོག་ཆེན་པོ་རིག་འཛིན་ཀུན་གྲོལ་གྲགས་པའི་སྐྱེ་བ་བཞི་པ་བསྟན་འཛིན་ཚུལ་ཁྲིམས་གྲགས་པ། སྡོང་སྒོམ་ཆེན་པོ་བསྟན་པ་ལྷུན་གྲུབ་དང་ཨ་མདོ་ཚེ་དབང་རིན་པོ་ཆེ་རྣམས་ཀྱི་ཡང་སྲིད་སོགས་གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་རྣམ་གསུམ་གྱི་སྐྱེས་ཆེན་ཁྱད་པར་འཕགས་པ་རྣམས་དང*། ཁྱད་པར་ཀུ་ས་ཟླ་བ་འོད་ཟེར་གྱི་ཡང་སྤྲུལ་མི་ཤིག་གཡུང་དྲུང་འབྱུང་གནས་རྩལ་ལམ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནས་ཀྱང་སྐུ་གསུང་ཐུགས་ཀྱི་རྟེན་དང་དངོས་པོ་རྒྱུ་ཡི་གནང་སྐྱེལ་གྱ་ནོམ་པས་མཚོན་ཏེ་བཀའ་དགོངས་ཕུར་གསུམ་ཁྲོ་ཕུར་ཞང་གསུམ་སོགས་གཡུང་དྲུང་བོན་གྱི་གསང་སྔགས་སྙིང་པོར་གྱུར་པ་འདི་རྣམས་ལ། བསྒྲུབ་ཆེན་བཤད་ཚོམ་དང་བཅས་པ་རེ་བྱུང་ན་འབྱུང་འགྱུར་གཡུང་དྲུང་བོན་གྱི་བསྟན་པ་ལ་ཕན་ཐོག་རྒྱ་ཆེར་འབྱུང་བའི་ལུང་དང་བཀའ་ནན་གྱི་དུས་ལན་གཅིག་ཙམ་མ་ཡིན་པར་ཡང་དང་ཡང་དུ་བསྔགས་པ་སོགས་འགྲན་ཟླ་དང་བྲལ་བ་རྣམས་ཀྱི་བསྟན་རྙིང་གསོ་ཞིང་གཏེར་གསར་སྤེལ་བའི་བསྟན་པ་སྤྱི་ལ་གཅིག་ཏུ་དགོངས་པའི་སྐུ་གསུང་ཐུགས་རྟེན་དང་འབྲེལ་བའི་ལྷ་རྫས་རིང་མོ་གྱ་ནོམ་གྱིས་མཚམས་སྦྱར་ཡང་ནས་ཡང་དུ་ཆེད་བསྐུལ་གནང་བ་བློ་ལ་བཅག་ཉེ་བར་སྐམ་བླ་མ་ཚེ་དབང་བསྟན་རྒྱལ་དང་། ཉི་དབང་གྲགས་པའི་དཔལ། ཚེ་དབང་རྒྱལ་མཚན་སོགས་སྨིན་ཅིང་མོས་པའི་སྐལ་པ་ཅན་མང་པོའི་(པོས)་ཆེད་དུ་བསྐུལ་བ་ལ། ལ་ཆེན་གཤེན་པོ་ལྔ་ཡི་ཞབས་པད་སྤྱི་བོར་བཀོད་པ། གཡུང་དྲུང་བདུད་འདུལ་ཐོགས་མེད་རྩལ་གྱིས་སྔ་སྲོལ་གྱེར་སྤུངས་ཆེན་པོའི་ཞལ་རྒྱུན་གསར་རྙིང་དང་མཁས་ཤིང་གྲུབ་པ་བརྙེས་པ་རྣམས་ཀྱི་སྲོལ་ལ་ལེགས་པར་གཞིགས་ཤིང་འགྲིགས་ཤིང་འགྲིགས་ཆགས་སུ་བསྒྲིགས་ཏེ་སྒྲུབ་པ་ཆེན་པོ་ཕྱག་ཏུ་བཞེས་ཐབས་འདི་ཡང་། སྤྲུལ་པའི་གནས་ཆེན་བརྒྱད་ཀྱི་ཡ་གྱལ། རིག་བཞིའི་ནང་ཚན་བམ་བྲག་བརྩེགསཾ་པ་རིན་ཆེན་འབར་བའི་མཐིལ། མཚོ་སྟེང་བདེ་ལྡན་གསང་སྔགས་ཁྲོད་ཀྱི་འཆི་མེད་གཡུ་འབྲང་བཀོད་པའི་ཁང་བཟང་དུ་ཆུ་རྟ་སྒྲོན་ཟླའི། སྔ་མའི་ཕྱོགས་བཟང་པོ་གཉིས་པར་གྲུབ་པར་བགྱིས་ཤིང་། ཡི་གེའི་བྱེད་པོ་དད་རྩེ་དྭངས་པའི་རྣམ་དཔྱོད་ཡངས་པའི་དཔལ་གྱུར་སྤྲུལ་སྐུ་ཉི་མའི་དབང་པོ་དང་། ཚེ་དབང་རྒྱལ་མཚན་གཉིས་ནས་བརྩོན་ཅིང་འགྲུས་པས་བསམ་པ་དག་ལ་སྦྱོར་བ་གུས་པས་སྒྲུབ་པའི་དགེ་ཚོགས་བསྟན་པའི་དཔལ་དུ་འབར་བར་གྱུར་ཅིག།
ces pa 'di yang dbal chen gsang ba 'dus pa snyigs dus bstan pa'i sgron mer bsam bzhin srid pa nye bar bzung ba/ 7 rje nyer gsum pa nyi ma bstan 'dzin dbang gi rgyal po dang*/ mchog chen po rig 'dzin kun grol grags pa'i skye ba bzhi pa bstan 'dzin tshul khrims grags pa/ sdong sgom chen po bstan pa lhun grub dang a mdo tshe dbang rin po che rnams kyi yang srid sogs g.yung drung bon gyi gdan sa chen po rnam gsum gyi skyes chen khyad par 'phags pa rnams dang*/ khyad par ku sa zla ba 'od zer gyi yang sprul mi shig g.yung drung 'byung gnas rtsal lam 'jam dbyangs mkhyen brtse'i dbang po nas kyang sku gsung thugs kyi rten dang dngos po rgyu yi gnang skyel gya nom pas mtshon te bka' dgongs phur gsum khro phur zhang gsum sogs g.yung drung bon gyi gsang sngags snying por gyur pa 'di rnams la/ bsgrub chen bshad tshom dang bcas pa re byung na 'byung 'gyur g.yung drung bon gyi bstan pa la phan thog rgya cher 'byung ba'i lung dang bka' nan gyi dus lan gcig tsam ma yin par yang dang yang du bsngags pa sogs 'gran zla dang bral ba rnams kyi bstan rnying gso zhing gter gsar spel ba'i bstan pa spyi la gcig tu dgongs pa'i sku gsung thugs rten dang 'brel ba'i lha rdzas ring mo gya nom gyis mtshams sbyar yang nas yang du ched bskul gnang ba blo la bcag nye bar skam bla ma tshe dbang bstan rgyal dang / nyi dbang grags pa'i dpal/ tshe dbang rgyal mtshan sogs smin cing mos pa'i skal pa can mang po'i (pos) ched du bskul ba la/ la chen gshen po lnga yi zhabs pad spyi bor bkod pa/ g.yung drung bdud 'dul thogs med rtsal gyis snga srol gyer spungs chen po'i zhal rgyun gsar rnying dang mkhas shing grub pa brnyes pa rnams kyi srol la legs par gzhigs shing 'grigs shing 'grigs chags su bsgrigs te sgrub pa chen po phyag tu bzhes thabs 'di yang / sprul pa'i gnas chen brgyad kyi ya gyal/ rig bzhi'i nang tshan bam brag brtsegasaM pa rin chen 'bar ba'i mthil/ mtsho steng bde ldan gsang sngags khrod kyi 'chi med g.yu 'brang bkod pa'i khang bzang du chu rta sgron zla'i/ snga ma'i phyogs bzang po gnyis par grub par bgyis shing / yi ge'i byed po dad rtse dwangs pa'i rnam dpyod yangs pa'i dpal gyur sprul sku nyi ma'i dbang po dang / tshe dbang rgyal mtshan gnyis nas brtson cing 'grus pas bsam pa dag la sbyor ba gus pas sgrub pa'i dge tshogs bstan pa'i dpal du 'bar bar gyur cig/


Additional miscellaneous Collections

Mongolian Canon


source rKTs &