Catalog entry rKTs-B8654
སྤྱི་སྤུངས་གསང་བ་ཐུགས་ཀྱི་བརྣག་པ་གསས་མཁར་རིན་པོ་ཆེ་བཀའ་བརྒྱད་གསང་བ་འདུས་པའི་ཚོམ་བུ་ཚོགས་ཀྱི་སྒྲུབ་པའི་གསང་སྔགས་ཡན་ལག་སོ་དྲུག་གི་སྟོང་ཐུན་སེང་འཇོམས་རྐང་པ་བརྒྱད་པའི་གད་མོ
spyi spungs gsang ba thugs kyi brnag pa gsas mkhar rin po che bka' brgyad gsang ba 'dus pa'i tshom bu tshogs kyi sgrub pa'i gsang sngags yan lag so drug gi stong thun seng 'joms rkang pa brgyad pa'i gad mo




Bkt279.7

སྤྱི་སྤུངས་གསང་བ་ཐུགས་ཀྱི་བརྣག་པ་གསས་མཁར་རིན་པོ་ཆེ་བཀའ་བརྒྱད་གསང་བ་འདུས་པའི་ཚོམ་བུ་ཚོགས་ཀྱི་སྒྲུབ་པའི་གསང་སྔགས་ཡན་ལག་སོ་དྲུག་གི་སྟོང་ཐུན་སེང་འཇོམས་རྐང་པ་བརྒྱད་པའི་གད་མོ
spyi spungs gsang ba thugs kyi brnag pa gsas mkhar rin po che bka' brgyad gsang ba 'dus pa'i tshom bu tshogs kyi sgrub pa'i gsang sngags yan lag so drug gi stong thun seng 'joms rkang pa brgyad pa'i gad mo


Location
set MW30498: volume - folios 1a1-33a4

Colophon
གསང་བ་སྔགས་ཀྱི་བཤད་ཚུལ་འདི་ལྟར་སྤྱིར་གཡུང་དྲུང་བོན་གྱི་བསྟན་པའི་བདག་པོ་སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་དང་། མཆོག་ཆེན་ཀུན་གྲོལ་གྲག་པའི་(གྲགས་པ)་བཞི་པ་བསྟན་འཛིན་ཚུལ་ཁྲིམས་གྲགས་པ་སོགས་སྐྱེས་ཆེན་དུ་མས་ཡང་ནས་ཡང་དུ་གསུང་གསང་སྤྱི་བོར་རེག་ཅིང*། ལྷག་པར་སྙིགས་དུས་རྒྱལ་བ་གཉིས་པ་རང་གཞན་གྲུབ་པའི་མཐའ་རྒྱ་མཚོ་ཕ་རོལ་དུ་སོན་པའི་རིས་བྲལ་བསྟན་པའི་བདག་པོ་འཛམ་གླིང་བྱེ་བ་ཕྲག་བརྒྱ་ན་སྤྲུལ་སྐུའི་བྱེ་བ་ཕྲག་བརྒྱའི་ཁྱུ་མཆོག་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་མི་ཤིག་གཡུང་དྲུང་འབྱུང་གནས་རྩལ་ཡོངས་སུ་གྲགས་པས་ཕྱོགས་ཀྱི་མུ་ཁྱུད་ཁྱབ་པའི་བདག་ཉིད་ཆེན་པོ་དེ་ཡི་ཞལ་སྔ་ནས། ཁྱེད་རང་བོན་ལུགས་འདི་ལ་རང་རྐང་ཚུགས་པའི་ཐེག་རིམ་ཚིག་དོན་དྭངས་ཤིང་སྟོབས་ཆེ་བ་རྒྱ་ཆེར་མཆིས་མོད་ཀྱང་། མཁས་གྲུབ་གོང་མ་རྣམས་གཤེགས་སྔ། བར་དུ་ཕེབས་པ་རྣམས་ཀྱིས་ཞིབ་དཔྱོད་མ་ཐུབ་པའི་སྐྱོན་ཁོ་ནས། ཕྱག་ལེན་ཧྲོབ་ཧྲོབ་ཏུ་སོང་གཤིས། ཁྱོད་ཀྱིས་དེ་ལྟ་བུའི་ཚུལ་མ་ཡིན་པར་བོན་རྙིང་ལུགས་བྲུ་ཡི་ཕྱག་ལེན་བཞིན། གྱེར་སྤུངས་ཆེན་པོའི་བཀའ་སྲོལ་འདིའང་འགྲིགས་ཕྱོགས་ཆེ་ཤོས་ལགས་ན། དེ་ལྟ་བུའི་གསང་སྔགས་བཤད་སྒྲུབ་ཀྱི་ཕྱག་ལེན་ཁུངས་བཙུན་པའི་རྒྱུན་ཞིག་ཚུགས་ན། ཕྱི་འབྱུང་གཡུང་དྲུང་བསྟན་པའི་ཞབས་འདེགས་རྒྱ་ཆེར་འགྱུར་བའི་རྟེན་འབྲེལ་བཟང་པོའི་བཙས་སུ་འགྱུར་བའང་སྲིད་པས། དེ་ལྟ་བུར་བྱུང་ན་དུས་ཀྱི་སྨིན་ཡོན་བསམ་ལས་འདས་ཤིང་། དེ་ལ་སྙོམ་ལས་དང་ལེ་ལོ་དང་གཞན་དབང་མ་ཤོར་བར་འགྲུབ་པར་གྱིས་ཤིག་གི་བཀའ་རྩལ་བསླབ་སྟོན་གཟེངས་བསྟོད་ཀྱིས་མཚམས་སྦྱར། བསླུ་མེད་གསུང་གི་བྱིན་གྱིས་བརླབས་ཤིང་བཀའརྗེས་སུ་གནང་བ་ལ་གཞོལ་བ་དང*། ཉེ་བར་ཤྭཀ་རིགས་འགྲོ་འདུལ་གྲགས་པས་ཡང་ནས་ཡང་དུ་བསྐུལ་བར་བརྟེན་ཏེ། རིག་འཛིན་ཀུན་གྲོལ་གསང་བ་རྩལ་གྱིས་འཆི་མེད་གཡུང་དྲུང་བཀོད་པའི་ཁང་བཟང་དུ་བརྩམས་པར། ཡི་གེ་དང་པོའི་རི་མོ་མཁན་ཕྲིན་ལས་ལྷུན་གྲུབ་ཤེས་རབ་དཔལ་བཟང་པོའི་(པོས)་བགྱིས་པ་དགེ་ལེགས་སུ་གྱུར་ཅིག།
gsang ba sngags kyi bshad tshul 'di ltar spyir g.yung drung bon gyi bstan pa'i bdag po sman ri'i mkhan chen nyi ma bstan 'dzin dang / mchog chen kun grol grag pa'i (grags pa) bzhi pa bstan 'dzin tshul khrims grags pa sogs skyes chen du mas yang nas yang du gsung gsang spyi bor reg cing*/ lhag par snyigs dus rgyal ba gnyis pa rang gzhan grub pa'i mtha' rgya mtsho pha rol du son pa'i ris bral bstan pa'i bdag po 'dzam gling bye ba phrag brgya na sprul sku'i bye ba phrag brgya'i khyu mchog 'jam dbyangs mkhyen brtse'i dbang po'i mi shig g.yung drung 'byung gnas rtsal yongs su grags pas phyogs kyi mu khyud khyab pa'i bdag nyid chen po de yi zhal snga nas/ khyed rang bon lugs 'di la rang rkang tshugs pa'i theg rim tshig don dwangs shing stobs che ba rgya cher mchis mod kyang / mkhas grub gong ma rnams gshegs snga/ bar du phebs pa rnams kyis zhib dpyod ma thub pa'i skyon kho nas/ phyag len hrob hrob tu song gshis/ khyod kyis de lta bu'i tshul ma yin par bon rnying lugs bru yi phyag len bzhin/ gyer spungs chen po'i bka' srol 'di'ang 'grigs phyogs che shos lags na/ de lta bu'i gsang sngags bshad sgrub kyi phyag len khungs btsun pa'i rgyun zhig tshugs na/ phyi 'byung g.yung drung bstan pa'i zhabs 'degs rgya cher 'gyur ba'i rten 'brel bzang po'i btsas su 'gyur ba'ang srid pas/ de lta bur byung na dus kyi smin yon bsam las 'das shing / de la snyom las dang le lo dang gzhan dbang ma shor bar 'grub par gyis shig gi bka' rtsal bslab ston gzengs bstod kyis mtshams sbyar/ bslu med gsung gi byin gyis brlabs shing bka'arjes su gnang ba la gzhol ba dang*/ nye bar shwaka rigs 'gro 'dul grags pas yang nas yang du bskul bar brten te/ rig 'dzin kun grol gsang ba rtsal gyis 'chi med g.yung drung bkod pa'i khang bzang du brtsams par/ yi ge dang po'i ri mo mkhan phrin las lhun grub shes rab dpal bzang po'i (pos) bgyis pa dge legs su gyur cig/


Additional miscellaneous Collections

Mongolian Canon


source rKTs &