Colophon བདག་འདྲ་རིག་འཛིན་ཀུན་གྲོལ་གསང་བ་རྩལ་ལམ་གཡུང་དྲུང་ཐོགས་མེད་བདག་ལ་རིགས་ལྡན་གྱི་གཟུངས་འཛིན་གཡུང་དྲུང་དཔལ་སྒྲོན་མས་གྲོགས་བགྱིས་ཏེ་མེ་འབྲུག་སྟོན་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་ཐོ་སྐར་དུ། གྱིམ་ཤོད་ཤེལ་ལེ་རྒྱ་སྐར་གྱི་ཤར་ཕྱོགས་སེང་གེ་གཡུ་རལ་རྩེ་བྲག་དོ་དང་པོའི་ལྷོ་ངོས་ཀྱི་གོང་བུ་ཆུང་གི་ཐེམ་པ་གསུམ་གྱི་བར་མ་ཤེལ་བྲག་ལ་བྲག་རྩེ་མེ་རི་མཆེད་པ་འདྲ་བའི་མཐིལ་ནས་རྒྱ་རིམ་པ་གསུམ་བསལ་ཏེ་སྤྱན་དྲངས་ནས། སླར་ལོ་བཅུ་གསུམ་གྱི་གསང་རྒྱ་ཡོལ་ཚེ་ལས་ཅན་དག་པའི་སྐྱེས་བུ་མེ་བཙུན་ཉི་མ་རྒྱལ་མཚན་དང་སྤྱང་བཙུན་ཚེ་དབང་བསྟན་རྒྱལ་སོགས་ཀྱིས་བསྐུལ་བ་ལ་བརྟེན་ནས། མཁས་བཞི་དྲན་པ་ཡབ་ཡུམ་གྱི་ཕྱག་བྲིས་མཁའ་འགྲོ་བརྡ་ཡི་ཡི་གེ་སྒྲབ་སྡེ་ཆ་ཚང་ལ་ལྡེབ་མ་ལྔ་བཅུ་རྩ་བཞི་ཞིང་སོར་མོ་གསུམ་དཀྱུས་སུ་མཐོ་གང*། ཡིག་འཕྲེང་ཁྱོན་བསྡོམ་ལྔ་བཅུ་རྩ་བརྒྱད་ཡོད་པ་ལས་རྒྱུད་ལུང་མན་ངག་གི་གོ་མི་འཁྲུགས་པའི་ཕྱིར་དུ་ཞལ་བཤུས་པ་དང་། དཔེ་མ་ཕེབས་པ་ཐམས་ཅད་རང་ལོ་བཅུ་དྲུག་སྐབས་སུ་གསང་ཆེན་བཀོད་པའི་དུར་ཁྲོད་དམ་ཨོ་རྒྱན་སྤྲིན་ནག་འདུས་པའི་རྫོང་ནས་དུས་ངན་གྱི་དབང་གིས་བདུད་སྲིན་ལོག་པ་མི་རུ་དོངས་(དངོས)་སུ་ཞུས་ཞུགས)་ནས་རྟེན་འབྲེལ་ལ་བར་ཆད་བརྩམ་པའི་ཁ་བརྒྱུད་བཀག་ནས་དབང་དང་བྱིན་རླབས་ཀྱི་ན་བུན་ཡལ་བ་མེད་པའི་ཕྱིས་དུས་གྱེར་སྤུངས་རིན་པོ་ཆེ་དངོས་ཀྱི་བཀའ་བརྒྱུད་དབང་ལུང་མན་ངག་སྙན་དུ་གདམས་པའི་དོན་དང་ཅུང་ཟད་ཙམ་ཡང་མ་འཛོལ་ཞིང་། བཀའ་གཏེར་མ་བུ་ཁ་སྦྱོར་དུ་ས་སྦྲལ་ཟླ་1པོའི་ཚེས་ལྔ་བཟང་པོར་གཏན་ལ་དབབ་ནས། ཡི་གེ་པ་ནི་རིག་འཛིན་ཆེན་པོའི་ཞབས་རྡུལ་སྤྱི་བོར་ལེན་པའི་དྲུང་ཡིག་ཕྲིན་ལས་ལྷུན་གྲུབ་ཀྱིས་བགྱིས་པས་གསང་སེམས་གཡུང་དྲུང་བསྟན་པའི་རྒྱལ་མཚན་མཐོན་པོ་གཉེན་ཞིང་བརྗིད་ལ་མི་ནུབ་སྲིད་མཐའི་བར་དུ་འཛུགས་ནས་ཐིག་ལེ་དབྱིངས་ཆེན་བཀའ་བརྒྱུད་ཀྱི་སྙིང་པོའི་ཏོག་ཆེན་བོན་ཉིད་ནུབ་པ་མེད་པའི་དབྱིངས་སུ་འབར་གྱུར་ཅིག་གི་སྨོན་པ་དང་བཅས་ཏེ་དད་པ་གསུམ་གྱི་སྣང་བས་ཡོངས་སུ་བླངས་ཏེ་བརྩོན་པ་ཆེན་པོས་བསྒྲུབས་པའི་བཀྲ་ཤིས་དགེ་མཚན་འཕྲལ་ཡུན་ཀུན་ཏུ་འབར་བར་གྱུར་ཅིག། bdag 'dra rig 'dzin kun grol gsang ba rtsal lam g.yung drung thogs med bdag la rigs ldan gyi gzungs 'dzin g.yung drung dpal sgron mas grogs bgyis te me 'brug ston zla 'bring po'i tshes bco lnga'i tho skar du/ gyim shod shel le rgya skar gyi shar phyogs seng ge g.yu ral rtse brag do dang po'i lho ngos kyi gong bu chung gi them pa gsum gyi bar ma shel brag la brag rtse me ri mched pa 'dra ba'i mthil nas rgya rim pa gsum bsal te spyan drangs nas/ slar lo bcu gsum gyi gsang rgya yol tshe las can dag pa'i skyes bu me btsun nyi ma rgyal mtshan dang spyang btsun tshe dbang bstan rgyal sogs kyis bskul ba la brten nas/ mkhas bzhi dran pa yab yum gyi phyag bris mkha' 'gro brda yi yi ge sgrab sde cha tshang la ldeb ma lnga bcu rtsa bzhi zhing sor mo gsum dkyus su mtho gang*/ yig 'phreng khyon bsdom lnga bcu rtsa brgyad yod pa las rgyud lung man ngag gi go mi 'khrugs pa'i phyir du zhal bshus pa dang / dpe ma phebs pa thams cad rang lo bcu drug skabs su gsang chen bkod pa'i dur khrod dam o rgyan sprin nag 'dus pa'i rdzong nas dus ngan gyi dbang gis bdud srin log pa mi ru dongs (dngos) su zhus zhugs) nas rten 'brel la bar chad brtsam pa'i kha brgyud bkag nas dbang dang byin rlabs kyi na bun yal ba med pa'i phyis dus gyer spungs rin po che dngos kyi bka' brgyud dbang lung man ngag snyan du gdams pa'i don dang cung zad tsam yang ma 'dzol zhing / bka' gter ma bu kha sbyor du sa sbral zla 1po'i tshes lnga bzang por gtan la dbab nas/ yi ge pa ni rig 'dzin chen po'i zhabs rdul spyi bor len pa'i drung yig phrin las lhun grub kyis bgyis pas gsang sems g.yung drung bstan pa'i rgyal mtshan mthon po gnyen zhing brjid la mi nub srid mtha'i bar du 'dzugs nas thig le dbyings chen bka' brgyud kyi snying po'i tog chen bon nyid nub pa med pa'i dbyings su 'bar gyur cig gi smon pa dang bcas te dad pa gsum gyi snang bas yongs su blangs te brtson pa chen pos bsgrubs pa'i bkra shis dge mtshan 'phral yun kun tu 'bar bar gyur cig/