Colophon དུས་སྙིགས་མའི་སྔགས་འཆང་རིག་འཛིན་ཀུན་གྲོལ་གསང་བ་རྩལ་གྱིས་མེ་འབྲུག་ཟླ་8ཚེས་26གྱི་ནམ་གུང་དུ་གྱིམ་ཤོད་ཤེལ་བྲག་ཚལ་གྱི་ཤར་ཕྱོགས་སེང་ཆེན་འགྱིང་བའི་གཡུ་རལ་རྩེ་ནས་རྒྱ་རིམ་པ་བདུན་བསལ་ནས་ཟབ་མོའི་གཏེར་དུ་སྤྱན་དྲངས་ཤིང་སླར་ལོ་དུས་ཀྱི་བཀའ་རྒྱ་ཡོལ་ནས་ཕྱི་པ་སྡེ་གསུམ་རྐྱེན་གྱིས་བསྐྱལ་བ་ལ་བརྟེན་ཏེ་སངས་རྒྱས་བསྟན་པའི་ཞབས་བརྟན་དུ་དམིགས་ཏེ་བརྡ་དོན་འཕྲོད་པ་གཏན་ལ་དབབ་པ་དགེ་ལེགས་འཕེལ་རྒྱས་སུ་གྱུར་ཅིག། dus snyigs ma'i sngags 'chang rig 'dzin kun grol gsang ba rtsal gyis me 'brug zla 8tshes 26gyi nam gung du gyim shod shel brag tshal gyi shar phyogs seng chen 'gying ba'i g.yu ral rtse nas rgya rim pa bdun bsal nas zab mo'i gter du spyan drangs shing slar lo dus kyi bka' rgya yol nas phyi pa sde gsum rkyen gyis bskyal ba la brten te sangs rgyas bstan pa'i zhabs brtan du dmigs te brda don 'phrod pa gtan la dbab pa dge legs 'phel rgyas su gyur cig/