Colophon རིག་འཛིན་གྱི་སློབ་དཔོན་ཆེན་པོ་ཟུང་གཅིག་དགྱེས་པའི་འབངས། རིག་འཛིན་ཀུན་གྲོལ་གསང་བ་རྩལ་ལམ་མི་འགྱུར་ཚེ་དབང་གསང་སྔགས་གྲགས་པས་མེ་འབྲུག་འབྲས་ལྡན་ཟླ་བའི་དམར་ཕྱོགས་བཟང་པོ་གཉིས་པའི་ཚེས་ལ། གྱིམ་ཤོད་ཤེལ་བྲག་ཚལ་གྱི་སེང་གེ་གཡུ་རལ་རྩེ་ལྕོག་ནས་སྤྱན་དྲངས་ཏེ། སླར་བཀའ་རྒྱ་རིམ་པར་ཡོལ་ནས་ལུང་ཟིན་གྱི་སྐྱེས་བུ་དུ་མས་བསྐུལ་བ་ལ་བརྟེན་ཏེ། ཤར་སྨད་ཤོད་དུ་གཏན་ལ་དབབ་པར་དགེ་ལེགས་འཕེལ་རྒྱས་སུ་གྱུར་ཅིག། rig 'dzin gyi slob dpon chen po zung gcig dgyes pa'i 'bangs/ rig 'dzin kun grol gsang ba rtsal lam mi 'gyur tshe dbang gsang sngags grags pas me 'brug 'bras ldan zla ba'i dmar phyogs bzang po gnyis pa'i tshes la/ gyim shod shel brag tshal gyi seng ge g.yu ral rtse lcog nas spyan drangs te/ slar bka' rgya rim par yol nas lung zin gyi skyes bu du mas bskul ba la brten te/ shar smad shod du gtan la dbab par dge legs 'phel rgyas su gyur cig/