Colophon ཅེས་འཕྲུལ་ངག་གཡུང་དྲུང་བོན་གྱི་དེ་ཉིད་རྣམ་པར་ངེས་པའི་ཚུལ་འདི་ནི་གངས་ཅན་བོད་ཀྱི་ཤར་ཕྱོགས་འབྲི་ཟླ་ཟལ་མོ་སྒང་གི་སའི་ཆར་ལྷ་ལུང་གསེར་ལྡན་གྱི་ཡུལ་ལྗོངས་སུ་ཉེ་བར་བྱུང་ཞིང་། བདེན་པའི་བོན་ལ་ཐོས་པ་དང་བསམ་པ་དང་སྒོ་ནས་ཡུན་རིང་དུ་འདྲིས་པར་བྱས་ནས། གཡུང་དྲུང་གི་བོན་རིན་པོ་ཆེ་སྤྱོད་པ་དང་སྒྲབ་པ་དང་བསྒྲབ་པའི་དོན་ལ་ཚུལ་བཞིན་དུ་ཞུགས་པས་ལེགས་པར་སྨྲ་བ་ལ་གཞན་དྲིང་མི་འཇོག་པའི་སྤོབས་པ་བརྙེས་པ། སྙིགས་མའི་དུས་ཀྱི་རིགས་(རིག)་པར་སྨྲ་བའི་གཤེན་གྱི་བཙུན་པ་ངག་དབང་འཇམ་དབྱངས་དགྱེས་པའི་བློ་གྲོས་ཞེས་མིང་དུ་འབོད་པ་ལ། རང་གི་སློབ་མ་ཆོས་ཀྱི་སྤྱན་ལྡན་གུ་ཎ་སཱ་ག་ར་དང་། དྲུང་མུ་ཤཱི་ལ་སོགས་འདུས་པ་དུ་མས་ནན་ཏན་ཆེན་པོས་ལན་གྲངས་དུ་མར་བསྐུལ་བའི་ངོར། རྒྱལ་བའི་བསྟན་པའི་ཡིན་ལུགས་ལ་མཁས་ཤིང་ཚུལ་བཞིན་མ་ཡིན་པའི་སྒྲོ་སྐུར་གྱི་སྨྲ་ངན་སེལ་བ་དང་། སངས་རྒྱས་ཀྱི་ཕྲིན་ལས་ལ་གུས་པ་འཕེལ་བ་སོགས་ཀྱི་དགོས་པ་དུ་མ་མཐོན་(མཐོང)་ནས་རྣམ་པར་བརྟག་ནས་སྦྱར་ཞིང་སླད་ནས་ཀྱང་དཔྱད་ཞུས་ལེགས་པར་བགྱིས་ཏེ་སྤེལ་བའོ།། ces 'phrul ngag g.yung drung bon gyi de nyid rnam par nges pa'i tshul 'di ni gangs can bod kyi shar phyogs 'bri zla zal mo sgang gi sa'i char lha lung gser ldan gyi yul ljongs su nye bar byung zhing / bden pa'i bon la thos pa dang bsam pa dang sgo nas yun ring du 'dris par byas nas/ g.yung drung gi bon rin po che spyod pa dang sgrab pa dang bsgrab pa'i don la tshul bzhin du zhugs pas legs par smra ba la gzhan dring mi 'jog pa'i spobs pa brnyes pa/ snyigs ma'i dus kyi rigs (rig) par smra ba'i gshen gyi btsun pa ngag dbang 'jam dbyangs dgyes pa'i blo gros zhes ming du 'bod pa la/ rang gi slob ma chos kyi spyan ldan gu Na sA ga ra dang / drung mu shI la sogs 'dus pa du mas nan tan chen pos lan grangs du mar bskul ba'i ngor/ rgyal ba'i bstan pa'i yin lugs la mkhas shing tshul bzhin ma yin pa'i sgro skur gyi smra ngan sel ba dang / sangs rgyas kyi phrin las la gus pa 'phel ba sogs kyi dgos pa du ma mthon (mthong) nas rnam par brtag nas sbyar zhing slad nas kyang dpyad zhus legs par bgyis te spel ba'o//