Colophon ཅེས་བོན་ཆོས་ཀྱི་རྣམ་པར་དབྱེ་བའི་ཚུལ་འདི་ནི་སྙིགས་དུས་ཀྱི་བློ་ཆུང་འོལ་ཚོད་སྨྲ་བ་དུ་མས་བོན་ཆོས་ཀྱི་རིང་ལུགས་ཇི་བཞིན་ཤན་འབྱེད་མི་ནུས་པར་རྒྱལ་བའི་བསྟན་པ་གླང་ཆེན་གྱིས་པད་མཚོ་ལྟར་དཀྲུགས་པ་རྣམས་ཀྱི་ལོག་རྟོག་བཟློག་ཅིང་། སྐལ་དམན་གྱི་གདུལ་བྱ་རི་བོང་ཅལ་གྱིས་འགྲོག་པ་རྣམས་བདེ་བར་དབུགས་འབྱིན་པའི་ཡིད་ཀྱིས་བསྐུལ་ནས་དབུ་བརྩམས་ཤིང་ཉེ་བའི་ཆར་བོན་ཆོས་ཀྱི་སྡེ་སོ་སོ་ནས་གུས་པས་ལྷག་པའི་སློབ་མ་བསྟན་པ་ལ་ལྷག་བསམ་མངའ་བ་གཡུང་དྲུང་ཚུལ་ཁྲིམས་དང་། བློ་གསལ་ཡོན་ཏན་རྒྱམཚོ་སོགས་ཀྱིས་ཆེད་དུ་བསྐུལ་བའི་ངོར་བྱས་ཏེ། རང་གནས་བྱང་ཆུབ་ལྗོན་པའི་སྐྱེད་མོའི་ཚལ་ཟླ་འོད་བདུད་རྩིའི་ཐིགས་པ་ཅིར་ཡང་འཚེར་བའི་དབང་བཟང་དམ་པར་དབྲ་རིགས་ཀྱི་བཙུན་པ་བློ་གསལ་བསྟན་སྐྱོང་ཞེས་མིང་དུ་འབོད་པས་རང་གཞན་གྱི་གཞུང་ལུགས་མཐའ་ཡས་པའི་དགོངས་པ་བླངས་ནས་གཟུ་བོའི་བློས་ལེགས་པར་བརྟག་ཏེ་སྦྱར་བའོ།། ces bon chos kyi rnam par dbye ba'i tshul 'di ni snyigs dus kyi blo chung 'ol tshod smra ba du mas bon chos kyi ring lugs ji bzhin shan 'byed mi nus par rgyal ba'i bstan pa glang chen gyis pad mtsho ltar dkrugs pa rnams kyi log rtog bzlog cing / skal dman gyi gdul bya ri bong cal gyis 'grog pa rnams bde bar dbugs 'byin pa'i yid kyis bskul nas dbu brtsams shing nye ba'i char bon chos kyi sde so so nas gus pas lhag pa'i slob ma bstan pa la lhag bsam mnga' ba g.yung drung tshul khrims dang / blo gsal yon tan rgyamatsho sogs kyis ched du bskul ba'i ngor byas te/ rang gnas byang chub ljon pa'i skyed mo'i tshal zla 'od bdud rtsi'i thigs pa cir yang 'tsher ba'i dbang bzang dam par dbra rigs kyi btsun pa blo gsal bstan skyong zhes ming du 'bod pas rang gzhan gyi gzhung lugs mtha' yas pa'i dgongs pa blangs nas gzu bo'i blos legs par brtag te sbyar ba'o//