Catalog entry rKTs-B8558
རྗེ་བཙུན་ཆེན་པོ་གར་དབང་བློ་གྲོས་ཐོགས་མེད་རྗེས་སུ་དྲན་པའི་ངག་གི་ཕྲེང་བ་ཁུ་བྱུག་རྣམ་པར་རྩེན་པའི་གླུ་སྙན
rje btsun chen po gar dbang blo gros thogs med rjes su dran pa'i ngag gi phreng ba khu byug rnam par rtsen pa'i glu snyan




Bkt276.12

རྗེ་བཙུན་ཆེན་པོ་གར་དབང་བློ་གྲོས་ཐོགས་མེད་རྗེས་སུ་དྲན་པའི་ངག་གི་ཕྲེང་བ་ཁུ་བྱུག་རྣམ་པར་རྩེན་པའི་གླུ་སྙན
rje btsun chen po gar dbang blo gros thogs med rjes su dran pa'i ngag gi phreng ba khu byug rnam par rtsen pa'i glu snyan


Location
set MW30498: volume khod spungs mdo rgyud grags pa'i rnam thar skor - folios 6b2-13a3

Colophon
འདི་ལྟར་ཀི་ལ་ཤའི་ཕྲེང་བས་བཅིངས་པའི་ཡུལ་གྱི་བྱེ་བྲག་བོད་ཆེན་པོའི་ལྗོངས་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་འདྲེན་པ། དཔལ་གཏེར་ཆེན་གྲུབ་པའི་དབང་པོ་གར་དབང་བློ་གྲོས་ཐོགས་མེད་འགྲོ་འདུལ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཞེས་མཚན་སྙན་གྱི་བ་དན་སྲིད་ན་མངོན་པར་གཡོ་བ་དེ་ཉིད་ཀྱི་སྐུ་ཆེ་བའི་རྣམ་པར་ཐར་པ་རྒྱ་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་བ་ལས། གང་གི་ཡོན་ཏན་ལ་ཤེས་ནས་ཐོབ་པའི་དད་པའི་སྒྲ་བཅས། གསོལ་འདེབས་བསྟོད་སྨོན་དང་འབྲེལ་བའི་ཡོན་ཏན་གྱི་རྣམ་པ་ཆུ་ཐིག་ཙམ་བླངས་ཏེ། གཏེར་ཆེན་བླ་མ་དགྱེས་པའི་མཆོད་ཡོན་དུ་དམིགས་ནས་བློ་གྲོས་ཀྱི་བུམ་པ་བཟང་པོའི་མགྲིན་པ་ཀྱོག་ནས་སྤྲིང་བ་སྟེ། ངེས་བརྗོད་ཀྱི་ཆ་ཤས་འདི་ཙམ་མྱོང་བས་ཀྱང་ཟབ་ཅིང་རྒྱ་ཆེ་བའི་ཡོན་ཏན་གྱི་རྒྱ་མཚོ་ཆེན་པོའི་རོ་བཅུད་མ་ལུས་པ་མྱོང་བར་ནུས་པའི་ཚུལ་འདི་ཡང་། དབྲ་གཏེར་ཁོད་སྤུངས་པ་ཆེན་པོ་གང་གི་རིགས་ཀྱི་རྒྱུད་དུ་དལ་རྟེན་རྙེད་པའི་སྐལ་པ་ཐོབ་ཅིང་། ལུང་རིགས་སྨྲ་བའི་གཤེན་བཙུན་དབྲ་སྟོན་ངག་དབང་བསྐལ་(སྐལ)་བཟང་བསྟན་པའི་རྒྱལ་མཚན་ཞེས་འབོད་པ་དེས། རྗེ་བཙུན་ཆེན་པོ་དེ་ཉིད་ཀྱི་ཞབས་ཀྱིས་བཅགས་ཤིང་སྒྲུབ་པའི་གནས་སུ་གྱུར་པ། གནས་ཆེན་གཡུང་དྲུང་གསལ་བ་དབལ་རི་དྲག་པོ་གནམ་ལྕགས་ཡང་རྫོང་གི་དབེན་གནས་ཉམས་དགའ་བའི་ནགས་མཐོང་མེ་ཏོག་དང་ལྗོན་ཤིང་གི་རིགས་ཐ་དད་པ་དུ་མས་ཆེད་དུ་བརྒྱན་པའི་བསམ་གཏན་གྱི་སྐྱིལ་ཆུང་ངུ་ལེགས་པར་སྦྱར་བ་སྟེ། འདི་ནས་ཚེ་རབས་ཐམས་ཅད་དུ་རྗེ་བཙུན་ཆེན་པོའི་ཕྲིན་ལས་ཀྱི་འབངས་སུ་གྱུར་ནས་རང་གཞན་གྱི་དོན་གཉིས་མཐར་ཕྱིན་པའི་རྒྱུ་རུ་གྱུར་ཅིག།
'di ltar ki la sha'i phreng bas bcings pa'i yul gyi bye brag bod chen po'i ljongs nyi zla ltar yongs su grags pa'i 'dren pa/ dpal gter chen grub pa'i dbang po gar dbang blo gros thogs med 'gro 'dul phrin las kun khyab dpal bzang po zhes mtshan snyan gyi ba dan srid na mngon par g.yo ba de nyid kyi sku che ba'i rnam par thar pa rgya mtsho ltar zab cing rgya che ba las/ gang gi yon tan la shes nas thob pa'i dad pa'i sgra bcas/ gsol 'debs bstod smon dang 'brel ba'i yon tan gyi rnam pa chu thig tsam blangs te/ gter chen bla ma dgyes pa'i mchod yon du dmigs nas blo gros kyi bum pa bzang po'i mgrin pa kyog nas spring ba ste/ nges brjod kyi cha shas 'di tsam myong bas kyang zab cing rgya che ba'i yon tan gyi rgya mtsho chen po'i ro bcud ma lus pa myong bar nus pa'i tshul 'di yang / dbra gter khod spungs pa chen po gang gi rigs kyi rgyud du dal rten rnyed pa'i skal pa thob cing / lung rigs smra ba'i gshen btsun dbra ston ngag dbang bskal (skal) bzang bstan pa'i rgyal mtshan zhes 'bod pa des/ rje btsun chen po de nyid kyi zhabs kyis bcags shing sgrub pa'i gnas su gyur pa/ gnas chen g.yung drung gsal ba dbal ri drag po gnam lcags yang rdzong gi dben gnas nyams dga' ba'i nags mthong me tog dang ljon shing gi rigs tha dad pa du mas ched du brgyan pa'i bsam gtan gyi skyil chung ngu legs par sbyar ba ste/ 'di nas tshe rabs thams cad du rje btsun chen po'i phrin las kyi 'bangs su gyur nas rang gzhan gyi don gnyis mthar phyin pa'i rgyu ru gyur cig/


Additional miscellaneous Collections

Mongolian Canon


source rKTs &