ཀུན་མཁྱེན་བླ་མ་མཉམ་མེད་ཆེན་པོ་རྗེས་སུ་དྲན་པའི་ངག་གི་ཕྲེང་བ་བུང་བ་རྣམ་པར་རྩེན་པའི་དབྱངས་སྙན kun mkhyen bla ma mnyam med chen po rjes su dran pa'i ngag gi phreng ba bung ba rnam par rtsen pa'i dbyangs snyan
ཀུན་མཁྱེན་བླ་མ་མཉམ་མེད་ཆེན་པོ་རྗེས་སུ་དྲན་པའི་ངག་གི་ཕྲེང་བ་བུང་བ་རྣམ་པར་རྩེན་པའི་དབྱངས་སྙན kun mkhyen bla ma mnyam med chen po rjes su dran pa'i ngag gi phreng ba bung ba rnam par rtsen pa'i dbyangs snyan Bkt
Bkt276.11
ཀུན་མཁྱེན་བླ་མ་མཉམ་མེད་ཆེན་པོ་རྗེས་སུ་དྲན་པའི་ངག་གི་ཕྲེང་བ་བུང་བ་རྣམ་པར་རྩེན་པའི་དབྱངས་སྙན kun mkhyen bla ma mnyam med chen po rjes su dran pa'i ngag gi phreng ba bung ba rnam par rtsen pa'i dbyangs snyan
Location
set MW30498: volume khod spungs mdo rgyud grags pa'i rnam thar skor - folios 1a1-6b2
Colophon དེ་ལྟར་ཁམས་གསུམ་པ་མཐའ་དག་གི་གཙུག་གི་ནོར་བུ། བོད་གངས་ཅན་པ་རྣམས་ཀྱི་འདྲེན་པ་གཅིག་པུར་གྱུར་དང་རྗེ་རྒྱལ་བ་གཉིས་པ་མཉམ་མེད་པ་ཆེན་པོ་ཞེས་བདག་ཉིད་ཆེན་པོ་གང་གི་ཟབ་པ་དང་རྒྱ་ཆེ་བའི་རྣམ་པར་ཐར་པའི་ཚུལ་རྣམས་ཅུང་ཟད་མཐོང་ཀིང་ཐོས་པའི་སྐལ་བ་ཅན་དུ་གྱུར་པ་ན། ཨེ་མ་སྙིགས་མའི་དུས་འདིར་ཡང་འདི་ལྟ་བུའི་འདྲེན་པ་མཆོག་ཏུ་གྱུར་པ་བྱུང་བ་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་འདྲ་བ་གྱུར་ཏོ་སྙམ་དུ་འདུན་པ་དང་། མོས་པ་དང་། དད་པ་ཐུན་མོང་མ་ཡིན་པས་ཡིད་ཅིར་ཡང་གཡོས་པ་ན། གང་གི་ཟབ་པ་དང་རྒྱ་ཆེ་བའི་ཡོན་ཏན་གྱི་རིན་པོ་ཆེའི་ཚོགས་དུ་མ་གཅལ་དུ་བཀྲམ་པ་ལས། རང་ཉིད་ཀྱི་བློ་ངོར་ཇི་ལྟར་འཆར་བའི་མོས་སྣང་དང་སྦྱར་ཏེ། དོན་ལ་གནས་པའི་ཡོན་ཏན་གྱི་ཆ་ཤས་ཙམ་གཅེས་པར་བཏུས་ཏེ། སྙན་ཚིག་གི་སྲེད་བུར་སྤེལ་ལེགས་སུ་སྦྲེལ་ནས་བློ་གསལ་དགྱེས་པའི་རྒྱན་ཕྲེང་དུ་ཀྲུན་(བསྐྲན)་པ་པོ་ནི། རྗེ་སྨན་རི་བའི་བསྟན་པ་ལ་རྒྱུ་མཚན་ཤེས་ནས་དད་པ་ཐོབ་པའི་སྐལ་བ་ཅན། དབྲ་རིགས་ཁོད་སྤུངས་ཀྱི་རྒྱུད་དུ་སྐྱེས་ཤིང་སྙིགས་དུས་ཀྱི་ལུང་རིགས་སྨྲ་བའི་གཤེན་བཙུན་ངག་དབང་སྐལ་བཟང་བསྟན་པའི་རྒྱལ་མཚན་ཞེས་འབོད་པ་དེ+ིས་སུག་ལས་སུ་སྦྱར་བ་སྟེ། སྐྱེ་བ་ཐམས་ཅད་དུ་རྗེ་རྒྱལ་བ་གཉིས་པའི་བསྟན་པ་དང་མི་འབྲལ་བར་ཚུལ་བཞིན་སྤྱོད་ཅིང་སྤེལ་བའི་སྐལ་བ་དང་ལྡན་པའི་རྒྱུ་རུ་གྱུར་ཅིག། de ltar khams gsum pa mtha' dag gi gtsug gi nor bu/ bod gangs can pa rnams kyi 'dren pa gcig pur gyur dang rje rgyal ba gnyis pa mnyam med pa chen po zhes bdag nyid chen po gang gi zab pa dang rgya che ba'i rnam par thar pa'i tshul rnams cung zad mthong king thos pa'i skal ba can du gyur pa na/ e ma snyigs ma'i dus 'dir yang 'di lta bu'i 'dren pa mchog tu gyur pa byung ba ni sangs rgyas 'jig rten du byon pa dang 'dra ba gyur to snyam du 'dun pa dang / mos pa dang / dad pa thun mong ma yin pas yid cir yang g.yos pa na/ gang gi zab pa dang rgya che ba'i yon tan gyi rin po che'i tshogs du ma gcal du bkram pa las/ rang nyid kyi blo ngor ji ltar 'char ba'i mos snang dang sbyar te/ don la gnas pa'i yon tan gyi cha shas tsam gces par btus te/ snyan tshig gi sred bur spel legs su sbrel nas blo gsal dgyes pa'i rgyan phreng du krun (bskran) pa po ni/ rje sman ri ba'i bstan pa la rgyu mtshan shes nas dad pa thob pa'i skal ba can/ dbra rigs khod spungs kyi rgyud du skyes shing snyigs dus kyi lung rigs smra ba'i gshen btsun ngag dbang skal bzang bstan pa'i rgyal mtshan zhes 'bod pa de+is sug las su sbyar ba ste/ skye ba thams cad du rje rgyal ba gnyis pa'i bstan pa dang mi 'bral bar tshul bzhin spyod cing spel ba'i skal ba dang ldan pa'i rgyu ru gyur cig/