Catalog entry rKTs-B8546
དབྱངས་ཅན་སྒྲ་མདོ་རྩ་བའི་རེའུ་མིག་རླབས་བསྐྱོད་ནམ་མཁའི་གྲུ་གཟིངས
dbyangs can sgra mdo rtsa ba'i re'u mig rlabs bskyod nam mkha'i gru gzings




Bkt275.3

དབྱངས་ཅན་སྒྲ་མདོ་རྩ་བའི་རེའུ་མིག་རླབས་བསྐྱོད་ནམ་མཁའི་གྲུ་གཟིངས
dbyangs can sgra mdo rtsa ba'i re'u mig rlabs bskyod nam mkha'i gru gzings


Location
set MW30498: volume dbyangs can sgra 'grel - folios 1a1-23b2

Colophon
དེ་ལྟར་སྒྲ་མདོའི་གཞུང་ནང་དཔེར་བརྗོད་ཀྱི། རྩ་བའི་བྱིངས་རྣམས་ཕལ་ཆེར་ཕྱོགས་གཅིག་ཏུ། བསྡུས་ཏེ་རེའུ་མིག་ནམ་མཁའི་གྲུ་གཟིངས་འདིའི། དྲཝ་བར་བཀོད་དེ་མཐོང་ཆོག་ཨེ་མ་མཚར། དེ་ལྟར་འཕགས་ཡུལ་གཤེན་པོ་བྲམ་ཟེ་ཨཱ་རུ་བྷཱ་ཏི་ལྷ་མོ་དབྱངས་ཅན་མའམ་མཚོ་བྱུང་བཟང་བཟའ་རིང་བཙུན་མས་བརྩལ་བའི་གཞུང་དང་དེའི་འགྲེལ་སྲིད་གསུམ་དགའ་བའི་སྙིང་ནོར་དང་བྱིངས་མདོའི་ལེའུ་རེའུ་མིག་བཅས་ལེའུ་ཚན་བཞི་ལ་ལྡེབ་གྲངས་780ཡོད་པའི་པོད་ཆེན་འདི་ཉིད་ཇི་གྷིར་ཧོར་ཡུལ་དུ་སྐྱེས་པའི་འཇིགས་མེད་ནམ་མཁའི་རྡོ་རྗེས་གཏན་ལ་ཕབས་ཏེ་སྤ་ཚ་འདྲི་(རྩ་འབྲི)་བ་པོ་མཁས་དབང་དཔལ་ཚུལ་དང་སྔགས་འཆང་དར་པོ་ཟུང་གིས་བགྱིས་ཤིང་། བྱེད་པོ་རང་གིས་དངོས་རྫས་གྱ་ནོམ་འགྲོ་སོང་བྱས་ཏེ་རྒྱ་གར་གྲོང་ཁྱེར་ཆེན་པོ་དྷི་ལིར་ཚར་གྲངས་ཉིས་བརྒྱ་ལྷག་ཐལ་འཕྲུལ་སྤར་བཏབས་ཟིན་མཚམས་འཛམ་གླིང་ཡངས་པའི་ཁྱོན་དུ་རིས་མེད་ཆོས་སྦྱིན་འགྱེད་པས་དགེ་དེས་ཕྱོགས་དུས་རྒྱལ་བསྟན་སྲིད་རྩེར་སྒྲེང་ཞིང་འགྲོ་ཀུན་སྒྲ་སྐད་གང་ཡང་ཐོགས་མེད་དུ་སྨྲ་བའི་སྤོབས་པ་བསྐྱེད་དེ་མཐར་ཐུག་གསུང་དབྱངས་ཡན་ལག་དྲུག་ཅུའི་དཔལ་ལ་མངའ་བརྙེས་པའི་རྒྱུ་རུ་གྱུར་ཅིག།
de ltar sgra mdo'i gzhung nang dper brjod kyi/ rtsa ba'i byings rnams phal cher phyogs gcig tu/ bsdus te re'u mig nam mkha'i gru gzings 'di'i/ drwa bar bkod de mthong chog e ma mtshar/ de ltar 'phags yul gshen po bram ze A ru b+hA ti lha mo dbyangs can ma'am mtsho byung bzang bza' ring btsun mas brtsal ba'i gzhung dang de'i 'grel srid gsum dga' ba'i snying nor dang byings mdo'i le'u re'u mig bcas le'u tshan bzhi la ldeb grangs 780yod pa'i pod chen 'di nyid ji g+hir hor yul du skyes pa'i 'jigs med nam mkha'i rdo rjes gtan la phabs te spa tsha 'dri (rtsa 'bri) ba po mkhas dbang dpal tshul dang sngags 'chang dar po zung gis bgyis shing / byed po rang gis dngos rdzas gya nom 'gro song byas te rgya gar grong khyer chen po d+hi lir tshar grangs nyis brgya lhag thal 'phrul spar btabs zin mtshams 'dzam gling yangs pa'i khyon du ris med chos sbyin 'gyed pas dge des phyogs dus rgyal bstan srid rtser sgreng zhing 'gro kun sgra skad gang yang thogs med du smra ba'i spobs pa bskyed de mthar thug gsung dbyangs yan lag drug cu'i dpal la mnga' brnyes pa'i rgyu ru gyur cig/


Additional miscellaneous Collections

Mongolian Canon


source rKTs &