set MW30498: volume dbyangs can sgra 'grel - folios 1a1-22a5
Colophon འདིར་ཉེ་བར་མཁོ་བའི་བྱིངས་ཀྱི་རྣམ་གྲངས་ཞིབ་པར་ཆིག་སྟོང་དགུ་བརྒྱ་བཞི་བཅུ་1940ཙམ་ཡོད་པ་འདི་ཉིད། སྔོན་གྱི་རྟག་གཟིགས་རྒྱ་ཞང་བོད་སོགས་ཀྱི་ལོ་པཎ་ཆེན་པོ་ཨ་ནུ་བྷཱ་ཏི་(དབྱངས་ཅན་སྒྲ་མདོ་(མཆན)་)དང་པཱ་ཎི་པ་དང་ཙནྡྲ་གོ་མི། བདེ་སྤྱོད་རྒྱལ་པོ། (ཀ་ལཱ་ས་ཆ་བསག་གི་མདོ་(མཆན)་)ཇོ་བོ་གྲགས་འབྱོར། (ཀ་ལཱ་པའི་འགྲེལ་པ་(མཆན)་)བྱང་ཆུབ་རྩེ་མོ། (བྱིངས་(མཆན)་)གང་བའི་ཟླ་བ། (བྱིངས་(མཆན)་)བགྲོད་དཀའ་སེང་གེ་(བྱིངས་(མཆན)་སོགས་ཀྱིས་བཞེད་གཞུང་རྣམ་དག་དུ་མའི་ལེགས་བཅུད་ཕྱུངས་ཏེ། (བྱིངས་འགའ་ཞིག་ཉིས་ལྡབ་དང་སུམ་ལྡབ་འདུག་ཀྱང་དགོས་པའི་དབང་གིས་གཞུང་དོན་ཁོ་ན་བཞིན་བཀོད་དོ། མཆན་ལྟ་བུའོ།)གཤེན་གྱི་དྲང་སྲོང་འཇིགས་མེད་ནམ་མཁའི་རྡོ་རྗེའམ། སྐད་གཉིས་སྨྲ་བ་སྒྲ་རིག་པ་རྒྱལ་ཀུན་དགྱེས་པའི་བློ་གྲོས་ཞེས་བྱ་བས། མི་མཇེད་ཞིང་མགོན་སྐུར་བལྟམས་ནས་དེང་སྐབས་འབྱུང་ལྡན་སུམ་བརྒྱའི་ནང་ཚན་ཤིང་ཕོ་རྟ་ལོའི་རྒྱལ་ཟླའི་ཚེས་བཅུ་གསུམ་ཉིན་དབུ་མཇུག་ཡོངས་སུ་གྲུབ་པར་བགྱིས་པའི་དགེ་དེས་འགྲོ་ཀུན་སྲིད་པའི་འཆིང་བ་རང་སར་གྲོལ་ཏེ་ཚངས་དབྱངས་དྲུག་ཅུའི་དཔལ་ལ་མངའ་བསྙེམས་ཤིང་མཐའ་བྲལ་དབུ་མའི་གཞི་རུ་བྱང་ཆུབ་པའི་རྒྱུ་རུ་གྱུར་ཅིག། 'dir nye bar mkho ba'i byings kyi rnam grangs zhib par chig stong dgu brgya bzhi bcu 1940tsam yod pa 'di nyid/ sngon gyi rtag gzigs rgya zhang bod sogs kyi lo paN chen po a nu b+hA ti (dbyangs can sgra mdo (mchan) )dang pA Ni pa dang tsan+d+ra go mi/ bde spyod rgyal po/ (ka lA sa cha bsag gi mdo (mchan) )jo bo grags 'byor/ (ka lA pa'i 'grel pa (mchan) )byang chub rtse mo/ (byings (mchan) )gang ba'i zla ba/ (byings (mchan) )bgrod dka' seng ge (byings (mchan) sogs kyis bzhed gzhung rnam dag du ma'i legs bcud phyungs te/ (byings 'ga' zhig nyis ldab dang sum ldab 'dug kyang dgos pa'i dbang gis gzhung don kho na bzhin bkod do/ mchan lta bu'o/)gshen gyi drang srong 'jigs med nam mkha'i rdo rje'am/ skad gnyis smra ba sgra rig pa rgyal kun dgyes pa'i blo gros zhes bya bas/ mi mjed zhing mgon skur bltams nas deng skabs 'byung ldan sum brgya'i nang tshan shing pho rta lo'i rgyal zla'i tshes bcu gsum nyin dbu mjug yongs su grub par bgyis pa'i dge des 'gro kun srid pa'i 'ching ba rang sar grol te tshangs dbyangs drug cu'i dpal la mnga' bsnyems shing mtha' bral dbu ma'i gzhi ru byang chub pa'i rgyu ru gyur cig/