དབྱངས་ཅན་སྒྲ་མདོའི་འགྲེལ་པ་རྒྱལ་ཡུམ་བཟང་བཟའ་རིང་བཙུན་གྱི་དགོངས་བཅུད་དཔྱོད་ལྡན་བྱེ་བའི་མགུལ་རྒྱན་སྲིད་གསུམ་དགའ་བའི་སྙིང་ནོར dbyangs can sgra mdo'i 'grel pa rgyal yum bzang bza' ring btsun gyi dgongs bcud dpyod ldan bye ba'i mgul rgyan srid gsum dga' ba'i snying nor
དབྱངས་ཅན་སྒྲ་མདོའི་འགྲེལ་པ་རྒྱལ་ཡུམ་བཟང་བཟའ་རིང་བཙུན་གྱི་དགོངས་བཅུད་དཔྱོད་ལྡན་བྱེ་བའི་མགུལ་རྒྱན་སྲིད་གསུམ་དགའ་བའི་སྙིང་ནོར dbyangs can sgra mdo'i 'grel pa rgyal yum bzang bza' ring btsun gyi dgongs bcud dpyod ldan bye ba'i mgul rgyan srid gsum dga' ba'i snying nor Bkt
Bkt275.1
དབྱངས་ཅན་སྒྲ་མདོའི་འགྲེལ་པ་རྒྱལ་ཡུམ་བཟང་བཟའ་རིང་བཙུན་གྱི་དགོངས་བཅུད་དཔྱོད་ལྡན་བྱེ་བའི་མགུལ་རྒྱན་སྲིད་གསུམ་དགའ་བའི་སྙིང་ནོར dbyangs can sgra mdo'i 'grel pa rgyal yum bzang bza' ring btsun gyi dgongs bcud dpyod ldan bye ba'i mgul rgyan srid gsum dga' ba'i snying nor
Location
set MW30498: volume dbyangs can sgra 'grel - folios 1a1-417a6
Colophon འཇིགས་མེད་ནམ་མཁའ་(ཁྱུང་སྤྲུལ་གཡུང་དྲུང་རྒྱལ་མཚན)་
དེང་སྐབས་གནས་དུས་བློ་དང་མཚམས་པར་སྒྲ་མདོ་ཀུན་གྱི་སྙིང་པོ་གནད་འདུས་གོ་སླ་བ་ཞིག་བགྱིས་ན་ལེགས་ཞེས། སྨོན་རྒྱལ་ནམ་མཁའ་གྲགས་པ་དང་། སྤ་ཚང་ཉི་འབུམ་སྤྲུལ་སྐུ་རིན་པོ་ཆེ་དང་། དོན་སྒོམ་མཁན་བརྩོན་འགྲུས་རྒྱལ་མཚན་རིན་པོ་ཆེ་དང་། དགེ་སློང་བསྟན་འཛིན་དབང་གྲགས་སོགས་ཚད་གསུམ་ཟུང་ལྡན་གྱི་བླ་མ་དུ་མ་དང་། རང་སློབ་བོན་ཆོས་ཀྱི་གྲཝ་སློབ་མང་པོས་བསྐུལ་ཕྱིར། སྒྲ་མདོ་ཀུན་གྱི་དོན་འདུས་པ་དབྱངས་ཅན་མའི་རྩ་བ་ལ། འགྲེལ་སྲིད་གསུམ་དགའ་བའི་སྙིང་ནོར་ཞེས་བྱ་བ་འདི་དང་། དེའི་གནད་བསྡུས་རྩ་བའི་རེའུ་མིག་ཐོགས་མེད་ནམ་མཁའི་གྲུ་གཟིངས་དང་། བྱིངས་སྒྲུབ་ནོར་བུའི་མགུལ་རྒྱན་བཅས་ལེའུ་ཚད་མེད་བཞི་ཡི་གྲངས་ལྡན་པོད་གཅིག་སྦྲམ་པ་འདི་ཉིད། སྙིགས་དུས་ཀྱི་ཁོ་བོ་རྒྱ་བོད་སྐད་གཉིས་སྨྲ་བ་གཤེན་གྱི་བཙུན་པ་འཇིགས་མེད་ནམ་མཁའི་རྡོ་རྗེའམ་རྒྱལ་ཀུན་དགྱེས་པའི་བློ་གྲོས་ཞེས་བྱ་བས། མི་འཇེད་ཞིང་མགོན་སྟོན་མཆོག་གཤེན་རབ་ཆེན་པོ་གཟུགས་སྐུའི་སྣང་བརྙན་བཞད་ནས། འབྱུང་ལྡན་སུམ་བརྒྱའི་ནང་ཚན་ཤིང་ཕོ་རྟ་ལོའི་སྨིན་དྲུག་ཟླ་བའི་དྲལ་ཚེས་བཅོ་ལྔར་དབུ་འཛུག་སྟེ། དེ་ལོའི་རྒྱལ་ཟླའི་བཅོ་ལྔར་མཇུག་ཡོངས་སུ་གྲུབ་པར་བགྱིས་པས། དགེ་ལེགས་གང་དེས་བརྡ་སྤྲོད་རྒྱ་མཚོའི་བསྟན་པ་མེ་ལྟར་འབར་ཞིང་། མཐར་ཐུག་འགྲོ་ཀུན་ཚངས་དབྱངས་དྲུག་ཅུའི་དཔལ་ལ་མངའ་བརྙེས་ཏེ་དག་ཆེན་གདོད་མའི་གཞི་རུ་བྱང་ཆུབ་པའི་རྒྱུ་རུ་གྱུར་ཅིག། 'jigs med nam mkha' (khyung sprul g.yung drung rgyal mtshan)
deng skabs gnas dus blo dang mtshams par sgra mdo kun gyi snying po gnad 'dus go sla ba zhig bgyis na legs zhes/ smon rgyal nam mkha' grags pa dang / spa tshang nyi 'bum sprul sku rin po che dang / don sgom mkhan brtson 'grus rgyal mtshan rin po che dang / dge slong bstan 'dzin dbang grags sogs tshad gsum zung ldan gyi bla ma du ma dang / rang slob bon chos kyi grwa slob mang pos bskul phyir/ sgra mdo kun gyi don 'dus pa dbyangs can ma'i rtsa ba la/ 'grel srid gsum dga' ba'i snying nor zhes bya ba 'di dang / de'i gnad bsdus rtsa ba'i re'u mig thogs med nam mkha'i gru gzings dang / byings sgrub nor bu'i mgul rgyan bcas le'u tshad med bzhi yi grangs ldan pod gcig sbram pa 'di nyid/ snyigs dus kyi kho bo rgya bod skad gnyis smra ba gshen gyi btsun pa 'jigs med nam mkha'i rdo rje'am rgyal kun dgyes pa'i blo gros zhes bya bas/ mi 'jed zhing mgon ston mchog gshen rab chen po gzugs sku'i snang brnyan bzhad nas/ 'byung ldan sum brgya'i nang tshan shing pho rta lo'i smin drug zla ba'i dral tshes bco lngar dbu 'dzug ste/ de lo'i rgyal zla'i bco lngar mjug yongs su grub par bgyis pas/ dge legs gang des brda sprod rgya mtsho'i bstan pa me ltar 'bar zhing / mthar thug 'gro kun tshangs dbyangs drug cu'i dpal la mnga' brnyes te dag chen gdod ma'i gzhi ru byang chub pa'i rgyu ru gyur cig/