Colophon དེ་ལྟར་བདག་གི་རྨི་ལམ་འཁྲུལ་སྣང་འདི། དཀར་ཆག་ཡི་གེ་རིས་སུ་བཏབ་པ་འདི། སྐྱོབས་མཛད་ཡི་དམ་ལྷ་ལ་བཟོད་པར་གསོལ། འདི་ལ་འགལ་འཁྲུལ་ཉེས་པ་ཅི་མཆིས་པ། བོན་ཉིད་རོལ་པ་ཆེན་པོའི་ངང་དུ་བཤགས། འདི་བྲིས་དགེ་བ་བསོད་ནམས་མཐུ་དཔལ་གྱིས། བདག་སོགས་ཕྱི་རབས་རྗེས་འབྲེང་གང་ཟག་རྣམས། གསང་སེམས་གཉིས་སུ་མེད་པའི་དོན་རྟོགས་ཤོག་དུས་ངན་སྙིགས་མ་ལྔ་བརྒྱའི་ཐ་མ་འདིར། བསྟན་པ་དར་རྒྱས་བསྟན་པའི་བཀྲ་ཤིས་ཤོག། de ltar bdag gi rmi lam 'khrul snang 'di/ dkar chag yi ge ris su btab pa 'di/ skyobs mdzad yi dam lha la bzod par gsol/ 'di la 'gal 'khrul nyes pa ci mchis pa/ bon nyid rol pa chen po'i ngang du bshags/ 'di bris dge ba bsod nams mthu dpal gyis/ bdag sogs phyi rabs rjes 'breng gang zag rnams/ gsang sems gnyis su med pa'i don rtogs shog dus ngan snyigs ma lnga brgya'i tha ma 'dir/ bstan pa dar rgyas bstan pa'i bkra shis shog/