Colophon དེ་ལྟར་རྨི་ལམ་འཁྲུལ་སྣང་འདི། དཀར་ཆག་ཡི་གེར་བཏབ་པ་ཡང་། རིག་འཛིན་རྣམས་ལ་མཐོལ་ལོ་བཤགས། འདི་བྲིས་དགེ་བའི་མཐུ་དཔལ་ཅན། བདག་སོགས་སེམས་ཅན་ཐམས་ཅད་ཀུན། ཐེག་ཆེན་དོན་དམ་མཐར་རྫོགས་ཏེ། བོན་ཉིད་དབུ་མར་ཡེ་རྫོགས་ནས། མཐའ་འཁོབ་བོད་ཀྱི་ས་གནས་འདིར། འཕྲུལ་ངག་བདེན་པ་གཡུང་དྲུང་བོན། ཐེག་ཆེན་སྡོང་པོ་དགུ་འདུས་དོན། མི་ནུབ་རྒྱལ་མཚན་འཛུག་པ་ཡིས། རྨད་དུ་བྱུང་བའི་བཀྲ་ཤིས་ཤོག་ནམ་མཁས་ཁྱབ་པའི་སེམས་ཅན་དང་། ཁམས་གསུམ་སེམས་ཅན་དོན་དུ་བསྔོ། བཀྲ་ཤིས་པར་ཤོག། de ltar rmi lam 'khrul snang 'di/ dkar chag yi ger btab pa yang / rig 'dzin rnams la mthol lo bshags/ 'di bris dge ba'i mthu dpal can/ bdag sogs sems can thams cad kun/ theg chen don dam mthar rdzogs te/ bon nyid dbu mar ye rdzogs nas/ mtha' 'khob bod kyi sa gnas 'dir/ 'phrul ngag bden pa g.yung drung bon/ theg chen sdong po dgu 'dus don/ mi nub rgyal mtshan 'dzug pa yis/ rmad du byung ba'i bkra shis shog nam mkhas khyab pa'i sems can dang / khams gsum sems can don du bsngo/ bkra shis par shog/