Colophon དེ་ལྟར་བདག་གི་རྨི་ལམ་འཁྲུལ་སྣང་འདི། དཀར་ཆག་ཡི་གེར་བཏབ་པ་བཟོད་པར་གསོལ། བཀའ་སྲུང་རྣམས་ཀྱིས་འཕྲག་དོགས་མི་མཛད་ཞུ། འདི་བྲིས་དགེ་བའི་མཐུ་སྟོབས་རྫུ་འཕྲུལ་གྱིས། ནམ་མཁའི་(མཁས)་ཁྱབ་ཚད་བོན་དབྱིངས་བཀྲ་ཤིས་ཤོག་གངས་ཆེན་བོད་དུ་བསྟན་པའི་རྒྱལ་མཚན་བོན། ནུབ་པ་མེད་པར་ཡོངས་སུ་འཛུག་པར་ཤོག་ཨུ་ཡ། གསང་ངོ་། བཀའ་དྲིན་ཅན་གྱི་མཐའ་བཞི་རང་གྲོལ་ལ། ལས་འཕྲོ་ཅན་གྱི་བྱ་བྲལ་བདག་གིས་ཞུས་སོ།། de ltar bdag gi rmi lam 'khrul snang 'di/ dkar chag yi ger btab pa bzod par gsol/ bka' srung rnams kyis 'phrag dogs mi mdzad zhu/ 'di bris dge ba'i mthu stobs rdzu 'phrul gyis/ nam mkha'i (mkhas) khyab tshad bon dbyings bkra shis shog gangs chen bod du bstan pa'i rgyal mtshan bon/ nub pa med par yongs su 'dzug par shog u ya/ gsang ngo / bka' drin can gyi mtha' bzhi rang grol la/ las 'phro can gyi bya bral bdag gis zhus so//