Colophon དེ་ལྟར་རྨི་ལམ་འཁྲུལ་སྣང་འདི། དཀར་ཆག་ཡི་གེ་རིས་སུ་བྲིས་པ་འདི། བཀའ་སྲུང་འཕྲག་དོགས་མི་མཛད་ཞུ། འདི་བྲིས་དགེ་བའི་བསོད་ནམས་ཀྱིས། བདག་གི་ཕ་མ་ཉེ་འབྲེལ་དང་། བདག་དང་བདག་ལ་འབྲེལ་བ་ཡི། བདག་གི་གྲོགས་མཆོག་གྱུར་པ་རྣམས། སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས། ཕྱི་མ་ཨོ་རྒྱན་མཁའ་སྤྱོད་དང་། པད་མ་དབང་གི་བདེ་ཆེན་དུ། རིག་འཛིན་གནས་མཆོག་ས་ཐོབ་ཤོག་པད་མ་མཁའ་འགྲོའི་འོ་རྒྱལ་གྱི་ཞུས་ལན། དགེ་སྡིག་རང་མཁས་སྐྱོན་ཡོན་ཤན་འབྱེད། འཕྲུལ་གྱི་ལྡེ་མིག་ཞེས་བྱ་བ། བཀྲ་ཤིས་བདེ་ལེགས་ཁྱབ་རྒྱས་ཤོག་ཨུ་ཡ་སི་ཏི་ས་མ་ཡ། རྒྱ་རྒྱ་རྒྱ། གབ་རྒྱ།། de ltar rmi lam 'khrul snang 'di/ dkar chag yi ge ris su bris pa 'di/ bka' srung 'phrag dogs mi mdzad zhu/ 'di bris dge ba'i bsod nams kyis/ bdag gi pha ma nye 'brel dang / bdag dang bdag la 'brel ba yi/ bdag gi grogs mchog gyur pa rnams/ sgrib gnyis byang zhing tshogs gnyis rdzogs/ phyi ma o rgyan mkha' spyod dang / pad ma dbang gi bde chen du/ rig 'dzin gnas mchog sa thob shog pad ma mkha' 'gro'i 'o rgyal gyi zhus lan/ dge sdig rang mkhas skyon yon shan 'byed/ 'phrul gyi lde mig zhes bya ba/ bkra shis bde legs khyab rgyas shog u ya si ti sa ma ya/ rgya rgya rgya/ gab rgya//